CLOSE WINDOW

L294: dpal bde mchog nam mkha' dang mnyam pa'i rgyud kyi rgyal po zhes bya ba
Wyliee-texts produced with BDRC’s OCR application

། རྒྱ་ག་སྐད་དུ། ཤྲཱི་སཾ་བར་ཁ་ས་མ་ཏནྡ་རཱ་ཛ་ནཱ་མ། བིད་སྐད་དུ། དཔལ་བདེ་མཆོག་ན་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། འཇམ་དཔལ་ཡིས་སེམས་དཔའ་ལ་ཕྱག་འཚའོ།། ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གདེ། གས་པ་ཐཾད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བདུན་མོའི་བྷ་ག་ཅྀ་བཞུག་སོ།། དེ་ནས་དེ་བཞིན་གཤེགས་པཟོད་ཀྱི་བྱིན་གྱིས ་བརླབས་ཀྱིས་རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་གསང་བ་བས་ཀྱང་ཆེས་གསང་བ། གསང་བ་ཆེན་པོ་དེ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག། སྲོག་དང ་ལྔ་པ་དེ་བཞིན་ཏེ།། ལམ་དང་འབྲས་བུ་ཉིད་ཡིན་ནོ།། རྡོ་རྗེ་སྙིང་པོས་གསོལ་པ།། བཅོམ་ལྡན་འདས་སྲོག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲོག་ནི་འཛིན་པར་བྱེད་པ་སྟེ།། སྔགས་དང་རླུང་དང་རྟེན ་ཉིད་དོ།། རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ལྔ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་ལྔ་དང་འབྱུང་བ་ལྔ། ལྔ་པ་ཡང་ནི་གཅིག་ཉིད་དོ།། རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན ་འདས་ལམ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྙིང་རྗེ་ཆེན་པོ་ལ་སྐྱེས་པ།། དགའ་བའི་ཤུགས་ལས་རྣམ་པར་གྲུབ།། ཐབས་དང་ཤེས་རབ་གཉིས་མེད་མཆོག། བདེ་བ་ཆེན་པོ་ལམ་ཡི་ནོ།། རྡོ་རྗེ་སྙིང་པོས ་གསོལ་པ། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་ནི་གང་། དགའ་བ་ནི་གང་། ཐབས་ནི་གང་། གཉི་སུ་མེད་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམིགས་པ་མེད་པ་སྙིང་རྗེའི་མཆོག། དགའ་བ་གཉིས ་མེད་བདེ་བ་ཆེ།། ཐབས་ནི་ཧེ་རུ་ཀ་དཔའ་ཉིད།། ཤེས་རབ་རྡོ་རྗེ་རྣལ་འབྱོར་མ།། གཉི་སུ་མེད་བཟུང་འཇུག་མཆོག། རྡོ་རྗེ་སྙིང་པོས་གསོལ་པ།། བཅོམ་ལྡན་འདས་ཧེ་རུ་ཀ་ནི་གང་ལགས། རྣལ་འབྱོར་མ་ནི་གང་ལགས། བཅྡོཾས ་ཀྱིས་བཀའ་སྩལ་པ། ཧེ་རུ་ཀ་ནི་ཕུང་པོ་ཉིད།། ཕུང་པོ་ཡང་ནི་ཧེ་རུ་ཀ་ཁམས་ནི་རྡོ་རྗེ་མ་དཔལ་ཏེ། རྡོ་རྗེ་མ་དཔལ་ཁམས་ཉིད་དོ།། སྐྱེ་མཆེད་དེ། ཡང་དེ་བཞིན་དུ།། ལྷ་ཡི་ངོ་བོར་ཤེས་པར་བྱ།། རྡོ་རྗེ་སྙིང་པོས ་གསོལ་པ། བཅོམ་ལྡན་འདས་ཕུང་པོའི་ཧེ་རུ་ཀ་གང་ལགས། ཁམས་ཀྱི་རྡོ་རྗེ་རྣལ་འབྱོར་མ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧེ་རུཀ་དཔལ་བདག་ཉིད་དངོས།། དྲི་མ་མེད་པོའི་ཁ་དོག་ཅན། ་རྡོ་རྗེ་དྲིལ་བུ་འཛིན་པ་སྟེ།། དྲུག་གིས་རྒྱན་ཅིང་དགུ་དང་ལྡན།། ཟླ་ཆེས་སྣ་ཚོགས་རྡོ་རྗེ་དང་།། རིགས་ཀྱི་བདག་པོས་རྣར་རྒྱན།། སྤྱན་གསུམ་དག་གིས་མཛེས་པ་སྟེ།། ཆགས་པ་མེད་པའི་ཤམ་ཐབས་ཅན།། ཤེས་རབ་རང་བཞིན ་རྣལ་འབྱོར་མ།། བནྡུ་རཱ་ཀའི་ཁ་དོག་ཅན།། གཅེར་བུ་ཕྱག་རྒྱ་ལྔས་རྒྱན་ཅིང་།། དག་པ་ལྔ་བཅུའི་ཕྲེང་བས་མཛེས།། རྡོ་རྗེ་པདྨའི་སྣོད་བསྣམས་པ།། ཡབ་ལ་འཁྲུད་ཅིང་བརྐྱང་བསྐུམ་བཞུགས།། གཉིས་མེད་བདེ་བ་ལ་དགྱེས ་པ། ཆུས་སྐྱེས་ཉི་མའི་དབུས་ན་འགྱིང་།། ཁམས་ཉིད་ཀྱང་ནི་ལྷ་ཉིད་དོ།། དཔལ་བདེ་མཆོག་ན་མཁའ་དང་མཉམ་པའི་རྒྱུད་ལས་བསྐྱོད་པའི་རིམ་པའི་དུམ་བུ་སྟེ་ལེའུ་དང་པོའོ།། ། རྡོ་རྗེ་སྙིང་པོས་གསོལ་པ། ་བཅོམ་ལྡན་འདས་རང་བཞིན་གྱིས་རྣམ་པར་དག་པ་གང་ལགས། ངོ་བོ་ཉིད་ཀྱིས་འོད་གསལ་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྟན་དང་གཡོ་བ་ཐེད་ཀུན།། ཤེས་རབ་ར ་བཞིན་མ་ཉིད་དེ།། ལྔ་པའི་ངོ་བོ་འདགསལ་ཉིད།། མ་སྐྱེས་རྟོག་པ་བྲལ་བའི་སྐུ།། བརྗོད་དུ་མེད་ཅིང་བསམ་མི་ཁྱབ། བརྟག་ཏུ་མེད་པ་ན་མཁའི་དབུས།། གཉིས་མེད་བདེ་བའི་རྣམ་པ་ཅན།། གསལ་བའི་རང་བཞིན་གཡོ་བ་མེད། ་གཉིསུ་མེད་པ་བདེ་བའི་མཆོག། འབྲས་བུ་ལམ་གྱི་རྣམ་པའོ།། དཔལ་བདེ་མཆོག་ན་མཁའ་དང་མཉམ་པའི་རྒྱུད་ལས་རྫོགས་པའི་རིམ་པའི་དུམ་བུ་སྟེ་ལེའུ་གཉིས་པའོ།། །། རྡོ་རྗེ་སྙིང་པོས་གསོལ་པ།། བཅྡོཾམ ་ནོར་རྟོག་པ་རྣམ་པར་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀ། འསྩལ་པ། སྔགས་དང་སྦྱིན་སྲེག་གཏོར་མ་དང་། དབང་གི་རྣམ་པ། ར་དག་པ་དང་།། མཎྜལ་དང་ནི་དེ་བཞིན་དུ།། བུམ་པའི་ངོ ་ལྷལྟར་ཤེས་པ།། སྔགས་ཀྱི་དེ་བཞིན་གནས་པའོ།། རྡོ་རྗེ་སྙིང་པོས་གསོལ་པ།། བཅོམ་ལྡན་འདས་སྔགས་ནི་གང་། སྦྱིན་སྲེག་ནི་གང་། གཏོར་མེ་ནི་གང་། དབང་ནི་གང་། མཎྜལ་ནི་གང་། བུམ་པ་ནི་གང་། སྔགས ་ཀྱི་དེ་བཞིན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔགས་ནི་གསང་སྔགས་རྒྱལ་པོ་སྟེ།། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨོཾ་ཧྲིཿཧ་ཧ་ཧུཾ་ཧུཾ་ཕཊ། ཨོཾ་སརྦྦ་བུདྡྷ ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྡྷ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ།། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ།། གསང་སྔགས་རྒྱལ་པོ་འདི་དག་གིས།། བསྐལ་པ་སྟོང་ལ་སོགས་པ་ཡི།། སྡིག་པ་མ་ལུས་དག་བྱེད་ཆུ།། གྲུ་བཞི་པ་ལ་སྒོ་བཞིག། ་འཁོར་ལོ་དག་གིས་རྣམ་པར་མཛེས།། ཨ་ཤྭཏྠ་དང་ནྱ་གྲོ་དང་།། དུར་བ་ལ་སོགས་དེ་བཞིན་དུ།། བཞི་པའི་ངོ་བོར་ཡང་དག་ཤེས།། ཤ་ལྔ་དང་ནི་བདུད་རྩི་ལྔ།། གྱེན་དུ་ཕེཾ་གྱི་སྒྲ་བསྒྲགས་པས།། དཔའ་བོ་རྣལ་འབྱོར། ་། མཀུན་དགྱེས། དབང་ནི་ཐ་མའི་ལམ་ཉིད་དོ།། བདུད་རྩི་ཆུ་ཡིས་ལེགས་བྱུགས་ནས།། མེ་ཏོག་དམར་པོས་མཆོད་པའོ།། རིན་ཆེན་སྣོད་བཟང་བྲུ་གྱིས་མཛེས།། དཔའ་བོ་བདུད་རྩི་དག་བྱེད་ཆུ།། ཞལ་བཞི་སྔགས་ཀྱི་འོད ་ཟེར་གྱིས།། བདུག་པ་མ་ལུས་ཀུན་འདུལ་ཞིང་། སྤྲོ་དང་བསྡུ་བའི་རྣམ་པ་ཅན།། རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་སྐྱེ་མཆེད་ཀྱི་མཁ་འགྲོ་མ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅར ་བུ་ཐལ་བའི་མདོག་ཅན་ཏེ།། ཉི་ཤུ་རྩ་བཞིའི་ཡུལ་རྣམས་འགྲིམ།། ལྔ་པ་དང་ནི་དྲུག་པའོ།། རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་སྔགས་ནི་གང་། གཏོར་མ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་གྲ.ོཾ་ཛྭ་ལ་མུ་ཁཻ་ཊ་ཀི་ཏཱི་ཀཾ་ཀ་ནི་ཧཱུཾ་ཕཊ། ཨོཾ་པ་རི་ནཱ་ཡ་ནི་ཙཱ་ཀི་ནྟི་ཧཱུ~ཾ་ཕཊ། ཨོཾ་མནྟ་ཀི་ནཱ~ཾ་ཧཱུ~ཾ་ཊ། ཨོཾ་བ་ར་མུ་ཁི་ཊཱ་ཀི་ནཱི་ཧཱུ~ཾ་ཕཊ། ཨོཾ་ཨུ་ཉྩ་ཀྲ་ཏི་ནཱི་ཧཱུཾ་ཕཊ། ཨོཾ་ཨ་ར་ཎ་མ་ཌཱ་ཀི་ནཱི་ཧཱུཾ་ཕཊ། ཆུ་སྐྱེས་དག ་གིས་རྣམ་རྒྱན་ཅིང་།། བདུད་རྩི་ལྔ་ཡིས་རྣམ་པར་མཛེས།། དཔའ་མོ་དྲུ་ག་ནི་མཉེས་པར་འགྱུར།། རྡོ་རྗེ་སྙིང་པོས་གསལ་བ། བཅོམ་ལྔ། ན་འདས་སྨིན་པའི་ལམ་ནི་གང་ལགས་། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། བཞི་པའི་རང་བཞིན་ངོ་བོ་སྟེ།། དེ་ཡི་རྣམ་པ་དེ་ལ་གནས།། རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རྣམ་པའི་ངོ་བོ་ནི་གང་། སྤྲུལ་པའི་ངོ་བོ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ ་སྤྲུལ་པ། རྣམ་པའི་ངོ་བོ་ལྷ་ཉིད་དེ།། སྤྲུལ་པ་ཚོགས་ཀྱི་བདག་པོར་བཤད།། རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ཚོགས་ཀྱི་བདག་པོ་ནི་གང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབང་གི་ཁ་དོག་དམར ་པོ་སྟེ།། ཞལ་གཅིག་པ་ལ་ཕྱག་བཞི་པ།། སྤྲུལ་པ་འཁོར་ལོའི་རྩིངས་ལ་གནས།། བརྐྱང་བསྐུམ་ཚུལ་གྱིས་མནན་པའོ།། རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་བསྙེན་པར་བྱ་བ་གང་ལགས། བཅྡོཾས ་ཀྱིས་བཀའ་སྩལ་པ། བསྙེན་པར་བྱ་བ་སྔགས་ཉིད་དེ། ཨོཾ་ག་ཎ་པ་ཏ་ཡེ་སྭཱ་ཧཱ།། ནག་པོ་འབྲུ་ཡི་རིལ་བུ་ལ།། བསྙེན་དང་སྒྲུབ་པའི་ལྷར་གནས་པ།། སྔགས་ཀྱི་ངོ་བོར་ཤེས་པར་བྱ།། དཔལ་བདེ་མཆོག ་ནམ་མཁའ་དང་མཉམ་པའི་རྒྱུད་ལས་ལས་སྣ་ཚོགས་ཀྱི་དུམ་བུ་སྟེ་ལེའུ་གསུམ་པའོ།། །། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་། བྱང་ཆུབ་སེམས་དཔའ ་རྡོ་རྗེ་གནོད་གནས་ལ་སོགས་པ་དང་། རྣལ་འབྱོར་མ་དཔག་ཏུ་མེད་པའི་འཁོར་དེ་དག་རྗེ་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། ཁ་ཆེའི་མཁན་པོ་ཛྙཱ་ན་བཛྲ་ས་རང་འགྱུར་རུ་འཛད་པརྫོག་གོ།། ་རྒྱ་གར་སྐད་དུ། ཤྲཱི་བཛྲ་མ་ཧཱཀྵ་ལ་ཀྲཱ་དྷཱཿ། ཧུ་སྱ་སིདྡྷི་བྷ་བ་ཏནཱ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུང།། དཔལ་ཧེ་རུ། ་