| Wylie | e-texts produced with BDRC’s OCR application |
མཁན་པོ་ག་ཡངྒ་ར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡིས་ཀྱིས་བསྒྱུར་བའོ།། @#།། རྒྱ་གར་སྐད་དུ། ཤྲཱི་བཛྲ་སིདྡྷ་ཛྭ་ལ་སཾ་བ་ར་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་རྡོརྗེ་གྲུབ་པའི་དྲ་བའི་སྡོན་པའི ་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་མཁ་འགྲོ་ལ་ཕྱག་འཚའོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དགའ་ལྡན་གྱི་གནས་ན། རིན་པོ་ཆེ་ཁང་བཟང་གི་ནང་ན། བྱང་ཆུབ་སེམས་དཔའ་བྱམས་པ་དང་། དག་འབོད ་དྲི་མ་མེད་པའི་འོད་ལ་སོགས་པ་དཔའ་བོ་དང་རྣལ་འབྱོར་མའི་འཁོར་དཔག་ཏུ་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བཙུན་མོའི་བྷ་ག་ལ་བཞུགས་པའི་དུསུ།། རིགས་རྒྱུ་མའི་དབང་དུ་མཛད་དེ། ཐམས་ཅད ་ཀྱིས་ལྷའི་པི་ནང་གི་གསང་བ་བླ་ན་མེད་པའི་མཆོད་པས་མཆོད་པ་དེའི་དུས་སུ། བྱང་ཆུབ་སེམས་དཔའ་བྱམས་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ཏེ་གསོལ་པ། མངོན ་པོ་ཐུགས་རྗེ་ཆ་ལྡན་པ།། དེ་ཉིད་དོན་དམ་གང་ཡིན་པ།། དཔལ་དང་རྡོ་རྗེའི་དོན་དང་ནི།། དྲི་བ་སྡོམ་པ་རྒྱུད་ཀྱི་དོན།། ངེས་བསྟན་སྡོམ་པ་ག། ང་ཡིན་པ།། དེ་ཉིད་བདག་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། བྱམས་པ་ལ་སོགས་འཁོར་རྣམས་ཀུན།། ཕྱི་རོལ་དོན་ལ་ཡེངས་པའི་སེམས།། ནང་དུ་བསྡུས་ལ་རྩ་གཅིག་ཉོན།། དང་ལྡན་ཡིས་གཉིས་མེད་དེ།། དེ་ཉིད་མཆོད་པའི་ལས་ཡིན་ལ།། གཉིས་མེད ་བདེ་བས་མཆོད་པར་བྱ།། རྡོ་རྗེ་ཞེས་བྱ་ཡིས་ལྔ།། གཟུང་འཛིན་རྟོགས་པས་མི་ཕྱེད་ཕྱིར།། རྡོ་རྗེ་ཞེས་ནི་བསྟན་པ་ཡིན།། དེ་ཉིད་དོན་ལ་རྩེ་གཅིག་པས།། ཆོས་སྐུ་རྡོ་རྗེ་འཆང་ཆེན་པོའི།། ས་ནི་ངེས་པར་ཐོབ་པའོ།། དྲ་བ ་ཞེས་པ་མང་བའི་དོན།། ཀུན་རྫོབ་གཞན་རིག་དུ་བསྟན་པས།། གྲངས་མང་རྒྱ་ཚོར་བསྟན་པ་ནི།། ན་མཁའ་དང་མཚུངས་སྡོམ་པའི་དོན།། ན་མཁའ་དང་མཚུངས་རང་རིག་ནི།། སེམས་ཀྱི་དེ་ཉིད་སྟོང་པའོ།། སྐད་ཅིག ་དེ་ཉིད་རྒྱུད་ཉིད་ལ།། རྒྱུད་ཞེས་བྱ་བར་བསྟན་པ་ཡིན།། དཔལ་རྡོ་རྗེ་དྲ་བའི་སྡོམ་པའི་རྒྱུད་ལས།། མཚན་གྱི་རྒྱུད་བསྟན་པའི་ལེའུ་སྟེ་དང་པོའོ།། ། དེ་ལས་གཞན་ནིང་ཡིས་བཤད།། ཡིས་སྐྱེ་བའི་རྒྱུ་དང ་གནས།། རྐྱེན་དང་དེ་བཞིན་དམིགས་པའི་ཡུལ།། བྱེ་བྲག་མིང་གི་རྣམ་གྲངས་དང་།། དོན་གྱི་རྣམ་གྲངས་གང་ཡིན་དང་།། ཕན་ཡོན་དང་ནི་འབྲས་བུ་དང་། དོན་དམ་དེ་ཉིད་ཆོས་ཀྱི་དབྱིངས།། དེ་ཉིད་འདིར་ནི་བཤད་པར་བྱ།། ་རྒྱུ་ནི་རང་རིག་ཡེ་ཤེས་ཏེ།། རྒྱུ་མེད་རྒྱུ་ཡི་རང་བཞིན་ཅན།། རང་རིག་རྒྱ་མར་བྱུང་བ་ནི།། བདེ་ཆེན་འཁོར་ལོ་ནས་བརྩམས་ཏེ།། འཁོར་ལོ་བཞི་འམ་བརྒྱད་གཉིས་བཤད།། དེ་བཞིན་ཉི་ཤུ་རྩ་བཞི་སྟེ།། ཡིས་སྐྱེ་བའི ་རྟེན་ཡིན་ལ།། གནས་ནི་དེ་དང་མཉམ་པའི་རྩ།། གྲོགས་ནི་ཡིས་རླུང་ཡིན་ཏེ།། ཡེས་རླུང་གི་བཞོན་པ་ལ།། ཞོན་ནས་དེ་ཉིད་འབྱུང་བ། ཡིན།། གྲངས་ནི་སྔ་མ་ལྟར་དུ་ཤེས།། ངོ་བོ་ཐིག་ལེ་ཉིད་ཡིན་ཏེ།། ཐག ་ལ་ཉང་ཡན་ཏ།། ཐིག་ལེ་མདུད་པའི་གྲངསུ་ཤེས།། དེ་ཡི་ཕ་ན་ཡོན་གང་ཡིན་པ།། གཟུང་འཛིན་རྣམ་པར་རྟོག་པ་ཡིས།། ཕྱིན་ཅི་ལོག་ཏུ་བརྟགས་པ་ཡི།། རྣམ་པར་རྟོག་པ་སྤོང་བ་ཡིན།། འབྲས་བུ ་འཆང་ཆེན་པོའི།། ས་ནི་ངེས་པར་ཐོབ་པའོ།། དཔལ་རྡོ་རྗེ་དྲ་བའི་སྡོམ་པའི་རྒྱུད་ལས་ཡིས་ཀྱི་རྒྱུ་དང་གནས་ལ་སོགས་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། འཁོར་ལོ་རྣམས ་ཀྱི་དབྱེ་བ་ནི།། བདེ་ཆེན་འཁོར་ལོའི་མངབ་མ་ནི།། སུམ་ཅུ་རྩ་གཉིས་གྲངས་ཡིན་ནོ།། དེ་ནས་ལངས་སྤྱོད་འཁོར་ལོ་ནི།། མངང་མ་བཅུ་དྲུག་དག་ཏུ་བསྟན།། ཆོས་ཀྱི་འཁོར་ལོ་མདབ་མ་བརྒྱད།། སྤྲུལ་པའི་འཁོར ་ལོའི་མདབ་མ་ནི།། དྲུག་ཅུ་རྩ་བཞི་དག་ཡིན་ནོ།། བདེ་ཆེན་འཁོར་ལོ་སོར་བཞི་སྟེ། ལོངས་སྤྱོད་འཁོར་ལོ་སོར་བཅུ་དྲུག། ཆོས་ཀྱི་འཁོར་ལོ་སོར་བཅུ་གཉིས།། སྤྲུལ་པའི་འཁོར་ལོ་སོར་བཅུ་དྲུག། བདེ་ཆེན་འཁོར ་ལོར་ལྟེ་བ་རུ།། ཧཾ་ནི་དཀར་པོ་ཐུར་བལྟས་བསམ།། ལོངས་སྤྱོད་འཁོར་ལོའི་ལྟེ་དབུསུ།། ཨོཾ་ནི་དམར་པོ་གྱེན་བལྟས་བསམ།། ཆོས་ཀྱི་འཁོར་ལོའི་ལྟེ་དབུ་སུ།། ཧཱུཾ་ནི་སྔོན་པོ་ཐུར་བལྟས་ང་སམ། སྤྲུས ་བའི་འཁོར་ལོའི་ལྟེ་དབུ་སུ། ཨཱཿནི་དམར་པོ་གྱེན་བལྟས་བསམ།། དང་ངོའི་འཁོར་ལོའི་མདང་མ་ལ། དབྱངས་ཀྱི་ཡི་གེ་བཅུ་དྲུག་ནི།། ལུགས་འཐུང་ལུགས་མིན་དགོད་པར་བྱ།། ལོངས་སྤྱོད་འཁོར་ལོའི་མངབ་མ་ལ།། དབྱངས ་ཡིག་བཅུ་དྲུག་རིམ་བཞིན་དགོད།། ཆོས་ཀྱི་འཁོར་ལོའི་མདབ་མ་ལ། ལཱཾ་མཱཾ་པཾ་ཏཱཾ། ཡི་གེ་འདི་རྣམས་གཡོན་ནས་དགོད།། ཨོཾ་ཏྲཾ་ཧྲི་ཨ། མཚམས་ནས་གཡསུ་དགོད་པར་བྱ།། སྤྲུལ་པའི་མདབ་མ་བཞི་རྩིབས་ལ།། གས ་བྱེད་ཡི་གེ་གསུམ་ཅུ་གཉིས།། ལུགས་འབྱུང་ལུགས་ལས་བཟློག་ཆུ་ལ་དགོད།། སྐུ་གསུང་ཐུགས་ཀྱི་རྩ་གསུམ་ནི།། དབུས་ནས་དྲང་པོར་གནས་པ་སྟེ།། ཧཱུ~ཾ་ནི་དཀར་པོ་ཐུར་བལྟས་པ།། མར་གྱི་རྩེ་ལ་ཐུབ ་བར་དགོད།། གཡས་ན་ཐབས་ཀྱི་རྩ་གནས་ཏེ།། ཀ་ལི་སུམ་ཅུ་རྩ་གཉི་ས་ནི།། ཐབས་ལ་ལན་གསུམ་བསྐོར་བྱས་ནས།། ལུགས་འབྱུང་འོག་ཏུ་ཁ་བལྟས་དགོད།། གཡོན་ན་ཤེས་རབ་རྩ་གནས་ལ། ་མ་མོ་དབྱངས་ཡིག་བཅུ་དྲུག་ནི།། གྱེན་ལ་བལྟས་པ་དགོད་པར་བྱ།། སྐལ་ཚིགས་ལ་གནས་སྲོག་ལ་རྟེན།། རྩ་གསུམ་འདུས་པའི་གནས་དེར་ནི།། རིན་ཆེན་དང་འདྲ་མདུང་པ་ནི།། དགུ་པོར་གནས་པ་བྱ་གདོང་ཚུལ།། ཆོས ་ཀྱི་དབྱིངས་ཀྱི་དབང་ཕྱུག་མ། བདེ་བ་རེག་སྟེར་མ་ནི་བཞུགས།། གཞན་ཡང་རྐྱེན་གྱི་འཁོར་ལོ་གཉིས། གྲུ་གསུམ་གན་སུ་ཡི་གེར།། དེནི་ཡོ་སུ་གྱུར་པ་ལས།། མོ་ཡི་འཁོར་ལོ་གྲུ་གསུམ་པོ།། ཆངད་ནི་སེར་གསུམ ་ཉིད་ཡིན་ཏེ། ལྟེ་བར་རོན་དམར་པོ་བསམ།། མདབ་མ་གསུམ་ལ་ཨོཾ་ཨཱཿཧཱུཾ། གྲུ་གསུམ་ཟུར་ལ་དག་དབྱ་བ།། རྡོ་རྗེ་རྩེ་གསུམ་བ་སིམ་པར་བྱ།། རླུང་གི་གན་སུ་ཡི་གེ་ཡཾ། དེ་ཉིད་མེང་སུ་གྱུར་པ་ལས། མདོག་པན། ་བཞུ་ཡི་དབྱིངས་འདྲ་ལ།། ཚད་ནི་སོར་བཞི་ཉིད་ཡིན་ནོ།། དབུ་སུ་མདང་མ་ལྔ་ཡིན་ཏེ།། ལྟེ་བར་ཡང་ནི་ནག་པོ་བསམ།། མདབ་མ་ལྔ་ལ་དྷ་ལྔ་དགོད།། བ་དན་ལྔ་ཡིས་མཚན་པའོ།། རླུང་གི་དམ་ཚིག་མེ་སྦར་བས།། དམ ་ཚིག་མེ་ཡིས་གཏུ་མོ་བསྐུལ།། ཡེ་ཤེས་མེས་ནི་གཏུ་མོ་བསྐུལ།། འཁོར་ལོ་གསུམ་བསྲེགས་རྙེད་པ་ཙམ།། ཡི་གེ་ཧྲི་ནི་བསྲོས་པ་ཡིས།། ཧཾ་བཞུ་བདུད་རྩིའི་ཆར་ཡང་དང་།། ལྟེ་བའི་གན་སུ་ཐིག་ལེར་གྱུར།། རྒྱུན་ཏུ ་འབར་བར་གྱུར་པ་ཡིས།། རིན་ཆེན་དབྱིབས་འདྲའི་ནང་སླེབས་ནས།། རང་བཞིན་དགའ་བ་ཉམས་མྱོང་བས།། རང་རིག་སེམས་ཀྱི་སྙིང་པོའི་རོ།། བཞི་པའི་དཔལ་ལྡན་ཧེ་རུ་ཀ། དེ་ཉིད་རྟོགས་པར་གྱུར་པ་ཡིས།། ཆོས་སྐུ་རྡོ་རྗེ ་འཆང་ཆེན་པོའི།། ས་ནི་ངེས་པར་ཐོབ་པའོ།། དཔལ་རྡོ་རྗེ་གྲུབ་པ་དྲ་བ་འི་སྡོམ་པའི་རྒྱུད་ལས་འཁོར་ལོ་བཞི་བསྟན་པའི་ལེའུ་སྟེ་ག་སུམ་པའོ།། ། དེ་ནས་གཞན་ཡང་བཤད་བྱ་བ།། ཡིད ་བཞིན་ནོར་བུ་དང་མཚུངས་པའི།། ངེས་དོན་དུ་ནི་ང་ཡིས་གསུངས།། དེ་ཡི་དོན་ལ་ཁྱེད་རྣམས་ཀྱིས།། རྩེ་གཅིག་སེམས་ཀྱིས་ཡིད་ལ་ཟུ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ་བྱམས་པ་དང་། དགའ་བའི་འོད་དང་། དྲི་མ་མེད་པའི་འོད་ལ་སོགས་པ་དཔའ་བོ་དང་། རྣལ་འབྱོར་མའི་འཁོར་དངག་ཏུ་མེད་པ་ཐཾད་དགའ་ཞིང་མགུ་ནས་རྗེ་སུ་ཡི་རང་ནས་ལྷའི་མཆོད་པ་རྣམ་པ་དུ་མས་མཆོད་པ་ནི ་མཁའ་ལ་རིན་པོ་ཆེའི་ཆར་དང་། སྒེག་པ་དང་། དགོད་པ་དང་། དགའ་བའི་མཆོད་པའི་རྣམ་པ་དང་། པ་ཏ་ཧི་ལ་སོགས་པའི་མཆོད་པ་དང་། གཞན་ཡང་ལྷའི་མེ་ཏོག་དང་། སྤོས་དང་། མར་མེ་དང་། ཞལ་ཟས་ཀྱི ་མཆོད་པ་རོ་བརྒྱ་པ་དང་། གཏུམ་པའི་མཆོད་པས་མཆོད་དེ།། གཞན་ཡང་ནང་དང་། གསང་བ་དང་། གསང་བའི་གསང་བ་བླ་ན་མེད་པའི་མཆོད་པ་ཆེན་པོ་མང་དུ་བྱུང་བས་མཆོད་ནས་ལན་གསུམ་བསྐོར་བ་བྱས ་ཏེ། སོ་སོར་རྫུ་འཕྲུལ་གྱིས་མི་སྣང་བར་འགྱུར་ཏོ།། དཔལ་རྔོན་གྲུབ་པ་དྲ་བསྡོམ་པའི་རྒྱུད་ཀྱི་རྒྱལ་པོ་རྫོགསོ།། རྒྱ་གར་གྱི་མཁན་པོ་གྷ་ཡ་ངྒ་ར་དང་། ལོ་རླུང་དགེ་སློང་ཤཱཀྱ་རྗེས་ཀྱིས ་བསྒྱུར་ཅིང་ཞུས་པའོ།། @#།། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཙིཏྟ་གརྦྷ་ཨརྠ་ཏནྟ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐཾད་ཀྱི་ཐུགས་ཀྱི་སྙིང་པོ་དོན་གྱི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕག་འམ ་