CLOSE WINDOW

L289: dpal stobs chen ye shes rgyal po'i rgyud kyi rgyal po
Wyliee-texts produced with BDRC’s OCR application

དྷ་ར་དང་། ལོ་ཙཱ་བ་ཤཱཀྱ་ཡིས་ཀྱིས་བསྒྱུར་བའོ།། @#།། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་བ་ལ་ཛྙཱ་ན་རཱ་ཛ་ནྟྲ་རཱ་ཛ། བོད་སྐད་དུ།། དཔལ་སྟོབས་ཆེན་ཡིས་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ།། དཔལ། ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚའོ།། འདི་སྐད་བདག་གིས་ཐོས་འདུས་གཅིག་ན། བཅོམ་ལྡན་འདས་དེ་ཁོ་ན་ཉིད་བཙུན་མོའི་ཐག་ལ་འཁོར་དཔའ་བོ་རྡོ་རྗེ་ལ་སོགས་པམའ་འགྲོ་མ་དང་། མ་མོའི་ཚིགས་ཀྱིས་བསྐོར ་བཞུགས་པའི་དུསུ།། དཔའ་བོ་རྡོ་རྗེ་མཁའགྲོ་ལ་སོགས་པས་གཡོན་ཕྱོགསུ་བསྐོར་བ་ལན་གསུམ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། དཔའ་བོ་རྡོ་རྗེས་བཅོམ་ལྡན་འདས་ལ་སྤྱི་བོས་གཏུགས་ཏེ། ཧ་ཧ་ཞེས་པ་གསུམ་བརྗོད ་ནས། བཅོམ་ལྡན་འདས་ལ་གསོལ་པ། ཊ་ནི་གང་ལགས་རླུང་གང་ལག། ས། ཐིག་ལེ་གང་ལགས་གྲངས་ནི་དུ།། དེ་ལ་སེམས་གཟུང་ཇི་ལྟ། ར་ལགས།། འཁར་ལ་ཇི་ལྟར་འགས།། འཁོར་ལོ་ཇི་ལྟར་ལགས ་པ་དང་།། དེ་ཡི་གྲངས་ནི་དུ་ཞིག་མཆིས།། རྩ་རྣམས་རང་བཞིན་ཇི་ལྟར་ལེགས།། ཡི་གེ་དགོད་ཐབས་ཇི་ལྟར་ལགས།། དེ་རྣམས་དབུས་ཀྱི་ལྟེ་བར་ནི།། ཡི་གེ་དགོད་པ་གང་དང་གང་།། གཏུམ་མོ་སྦྱར་བ་ཇི་ལྟར་ལགས། ཟླ་བ་ཉི ་མཇི་ལྟར་ལགས།། གནས་ནི་གང་དུ་གཟུང་བར་བགྱི།། རྐྱེན་གཉིས་འཁོར་ལོ་ཇི་ལྟར་ལགས།། གོ་བཟློག་ཚུལ་ནི་ཇི་ལྟར་ལགས།། གསང་བའི་འཁོར་ལོ་བཞི་གང་ལགས།། དེ་རྣམས་ཀྱི་ནི་དགོངས་པ་དང་།། དེ་ལ་དགའ་སོན ་ཇི་ལྟར་འབྱུང་།། སྟོང་པ་བཅུ་དྲུག་ཇི་ལྟར་ལགས།། ས་ཡི་རིམ་པ་ཇི་ལྟར་ལགས།། དེ་རྣམས་ཀྱི་ནི་དགོངས་པ་དང་།། དགོངས་པའི་དགོངས་པ་ཇི་ལྟར་ལགས།། བཅྡོཾས་ཀྱིས་བཀའ་སྩལ་པ། ཉོན་ཅིག་དཔའ་བོ་རྡོ་རྗེ་ཁྱོད།། ་ཁྱོད་ལ་བཤད་ཀྱིས་ལེགས་པར་ཟུང་།། རྩ་རྣམས་ཀྱི་ནི་རང་བཞིན་ནི།། ན་མཁའ་གཉིས་མེད་ཐམས་ཅད་བསྐྱེད།། དེར་གནས་རླུང་གི་རང་བཞིན་ནི།། གཡོ་བ་རྣམ་ཤེས་གཡོ་བ་ཡིན།། ཐིག་ལེ་སྟོང་ཉིད་ངོ་བོ་སྟེ།། སྟོང ་ཉིད་བསམ་དུ་མེད་པའོ།། ཐིག་ལེ་གྲངས་ནི་བཅུ་དྲུག་སྟེ། རྩ་དང་རླུང་ཡང་དེ་བཞིན་ནོ།། དེ་ནས་སེམས་གཟུང་བསྟན་པ་ནི། རྩ་དང་རླུང་ནི་ཐིག་ལེ་ལ།། གཉིས་མེད་རྩེ་གཅིག་སེམས་དང་པོ།། འཁོར་ལོའི་གྲངས་ནི་བཞི་ཡིན། ་ཏེ།། བདེ་ཆེན་འཁོར་ལོ་ལོངས་སྤྱོད་ཆོས།། དེ་འོག་སྤྲུལ་པའི་འཁོར་ལོ་སྟེ།། དེ་རེ་ལ་ཡང་བཞི་བཞི་སྟེ།། བཅུ་དྲུག་གྲངསུ་ཤེས་པར་བྱ།། མེ་རླུང་གཉིས་ནི་རྐྱེན་ཡིན་ཏེ།། རོ་མའི་འཁོར་ལོ་ཉིད་དང་ནི།། སྤྱི་གཙུག་འཁོར ་ལོ་དབང་བསྐུར་གནས།། གསང་བའི་འཁོར་ལོ་བཞི་ཡིན་ཏེ།། བདེ་སྐྱོང་འཁོར་ལོ་དང་པོ་སྟེ།། རྟ་མགྲིན་ལོངས་སྤྱོད་འཁོར་ལོ་ཡིན།། རིག་པའི་འཁོར་ལོ་གསུམ་པའོ།། གསང་བའི་འཁོར་ལོ་བཞིན་ཡིན་ནོ།། ཉི་ཤུ་རྩ ་བཞི་གྲངསུ་བསྟན།། རྩ་རྣམས་རང་བཞིན་ང་ཡིས་བཤད།། རྩ་ནི་ས་ཡི་རང་བཞིན་ཏེ།། རླུང་དང་ཐིག་ལེའི་རང་བཞིན་ནོ།། དེ་ནས་ཡི་གེ་དགོད་པ་ནི།། བདེ་ཆེན་འཁོར་ལོ་སུམ་ཅུ་གཉིས།། གསལ་བྱེད་སུམ་ཅུ་རྩ ་གཉིས་ནི།། གཡས་ནས་བསྐོར་ཏེ་དགོད་པར་བྱ།། ལོངས་སྤྱོད་འཁོ་རོ་ལོའི་རྩིབས་བཅུ་དྲུག། དབྱངས་ཡིག་བཅུ་དྲུག་གཡོན་ནས་དག། ང་།། ཆོས་ཀྱི་འཁོར་ལོ་མདང་མ་བརྒྱད།། ཡུམ་བཞིའི་ས་བོན ་གཡོན་ནས་བསྐོར།། ཐབས་ནི་མཚམས་ཏེ་གཡས་ནས་བསྐོར།། སྤྲུལ་པའི་འཁོར་ལོའི་མདབ་མ་ནི།། དྲུག་ཅུ་རྩ་བཞི་གང་ཡིན་ལ།། གསལ་བྱེད་གཡས་བསྐོར་དགོད་པར་བྱ།། དབྱངས་ཡིག་གཉིས་ལྡན ་གཡོན་ནས་བསྐོར།། བདེ་ཆེན་འཁོར་ལོའི་ལྟེ་དབུས།། སཾ་ནི་དཀར་བརྡུར་བལྟས་བསམ།། ལོངས་སྤྱོད་འཁོར་ལོའི་ལྟེང་དབུསུ།། ཨོཾ་ནི་དཀར་པོ་གྱེན་བལྟས་བསམ།། ཆོས་ཀྱི་འཁོར་ལོའི་ལྟེ་དབུསུ།། ཙྪིན ་སྔོན་པོ་ཐུར་བལྟས་བསམ།། སྤྲུལ་པའི་འཁོར་ལོའི་ལྟེ་དབུ་སུ།། ཨཱཿནི་དམར་པོ་གྱེན་བལྟས་བསམ། རྐྱེན་གྱི་འཁོར་ལོ་གཉིས་ཡིན་ཏེ།། དང་པོའི་གན་སུ་ཡི་གེ་ཡཾ། གཏུམ་མོ་འབར་བའི་ཡཾ་ཡིན་ཏེ།། ནག ་པོ་ཡོངསུ་གྱུར་པ་ལས།། རླུང་འཁོར་མདོག་གནག་གཞུ་ཡི་དབྱིངས།། དབུ་སུ་དྷ་ལྔ་དགོད་བྱས་ནས།། བ་དན་ལྔ་ནི་མཛེས་པའོ།། གྲུ་གསུམ་གནསུ་ཡི་གེ་རཾ། མེ་ཡི་འཁོར་ལོ་གྲུ་གསུམ་དམར།། དབུསུ་། ་ཨཱཿཧཱུཾ་ནི་དགོད།། ཟུར་ལ་རྡོ་རྗེ་གསུམ་གྱིས་མཚན།། རྐྱེན་གྱི་འཁོར་ལོ་དེ་ལྟར་ཡིན།། རླུང་གིས་བསྐྱོད་པས་དམ་ཚིག་མེས།། ཡེས་མེ་ནི་བསྐུལ་བ་མཁས།། འཁོར་ལོ་བཞི་འམ་བརྒྱད་གཉིས་བཤད།། བདེ་ཆེན་མ་རྟོགས་གཉིས ་ཙམ་བསྲེགས།། བདེ་ཆེན་ཧཾ་ནི་བསྲོས་བྱས་ནས།། ཞུ་བ་འཆི་མེད་བདུད་རྩི་ནི།། ཟླ་བ་ཞུ་བའི་བདུད་རྩི་ཡིས།། སྲོག་གི་རྩ་ཡི་ནང་ནས་འབབ།། རྒྱུན་ཏུ་འབབ་པར་གྱུར་པ་ཡིས།། འཆི་མེད་ཐིགས་པ་གཉིས་ཡིན་ཏེ།། གཟུང་བ་མདུད་པའི ་ནང་དུ་གཟུང་།། གོ་བཟློག་ལུག་སུ་བཟློག་པ་སྟེ།། མཐར་ཐུག་གན་སུ་གཟུང་བའོ།། གསང་བའི་འཁོ་རོལོ་བཞི་པ་ནི།། གསང་བ་བའི་སྐྱོང་འཁོར། ལོ་སྟེ།། ཧཱུཾ་ནི་ལྟེ་བར་དགོད་བྱས་ནས།། མདབ་མ་ལྔ་བཅུ་བརྒྱད་ཀྱི ་གྲངས།། གསལ་བྱེད་ལུགས་བཞིན་དགོད་པར་བྱ།། དབྱངས་ཡིག་རིམ་པ་ཉིས་དག་བཀོད་ནས།། ཐ་མ་བཟུང་སྟེ་སྤངས་པའོ།། སྡིག་པ་སྤོང་ཕྱིར་བདེ་སྐྱོང་སྟེ།། དེ་ཕྱིར་བདེ་སྐྱོང་ཞེས་ནི་བཤད།། རྣ་མགྲིན་འཁོར་ལོལ ་འདབ་བཟུང་ལ། དབྱངས་ཡིག་ལུགས་དང་ལུགས་མིན་དགོད།། ལྟེ་བར་ཨུ་ནི་དགོད་པར་བྱ།། བདེ་བའི་ལོངས་སྤྱོད་མྱོང་བའི་ཕྱིར།། རྟ་མགྲིན་འཁོར་ལོ་རུ་ནི་བཤད་།། རིག་པའི་འཁོར་ལོ་མདབ་མ་ལྔ།། ལྟེ་བར་ཧ་ནི་དགོད་བྱས་ནས ་མདབ་མ་ལྔ་ལ་ཨོཾ་ཧཱུཾ་ཏྲཾ་ཨ།། གཡས་ནས་རིམས་ཀྱིས་དགོད་པར་བྱ།། བཞི་པའི་དོན་ནི་རིག་པའི་ཕྱིར།། རིགས་པའི་འཁོར་ལོ་ཞེས་ནི་བཤད།། གསང་བའི་འཁོར་ལོ་རིམ་པ་དྲུག། ལྟེ་བ་མདབ་བཞི་མདབ་མ་བརྒྱད།། བཅུ་དྲུག ་སུམ་ཅུ་རྩ་གཉིས་ཏེ།། དྲུག་ཅུ་རྩ་བནི་བཤད་པ་ཡིན།། ལྟེ་བར་ཨོཾ་ནི་དགོད་པ་སྟེ།། ཨེ་བཾ་མ་ཡིད་རྣམས་ནི།། མདབ་མ་བཞི་ལ་གཡོན་ནས་དགོད།། མདབ་མ་བརྒྱད་ལ་དགོད་བྱ་བ།། སྡེ་བརྒྱད་ཀྱི་ནི་དང་པོ་བརྒྱད།། གཡོན་གྱིའོམ ་པས་དགོད་པར་བྱ།། མངབུ་མ་བཅུ་དྲུག་གང་ཡིན་ལ།། མ་མོ་བཅུ་དྲུག་གཡོན་ནས་དགོད།། མདབ་མ་སུམ་ཅུ་གཉིས་སོགས་ལ།། དབྱངས་ཡིག་ཡི་གེ་བཅུ་དྲུག་ནི།། གཡས་དང་གཡོན་གྱི་རིམ་པས་དགོད།། མདབ་མ་དྲུག་ཅུ་རྩ ་བཞི་ལ།། གཡས་ནས། ཀ་ལི་ལུགས་བཞིན་དགོད།། ཨཱ་ལི་རིམ་གཉིས་གཡོན་ནས་དགོད།། གསང་བའི་དབང་བསྐུར་བ་ཡི་ཕྱིར།། གསང་བའི་འཁོར་ལོ་ཞེས་ནི་བཤད།། དེ་ནས་རོ་མའི་འཁོར་ལོ་ནི།། མདབ་མ་གཉིས་ལ་ལྟེ ་བར་བཅས།། མ་ནིང་བཞི་ཡི་མདབ་གཉིས་ལ།། ལྟེ་བར་དེ་ཉིད་ཐུར་ལ་དགོད།། རིན་ཆེན་རྩེ་མོ་བསམ་བྱ་བ།། བྷྱ་ནི་གྱེན་ལ་དགོད་པར་བྱ།། ཡི་གེ་གཉིས་ཀྱི་དབུས་ནི། བྱང་ཆུབ་སེམས་ཀྱི་བདེ་བའི་རོ།། ཉམ་སུ་མྱོང་བར་བྱ་བའི་ཕྱིར། ་ཉམས་མྱོང་རོ་མའི་འཁོར་ལོར་བཤད།། དེ་ནས་དབང་བསྐུར་འཁོར་ལོ། ནི།། སྟེང་གི་ཚངས་སྒོའི་མདབ་མ་བརྒྱད།། ལྟེ་བར་ཨོཾ་ནི་དགོད་པ་སྟེ།། དཾ་ལཾ་ཁ~ཾ་རུ།། གཡོན་ནས་བརྩམས་ཏེ་ཕྱོགས་བཞིར་དགོད།། ཧཱུཾ་ཏྲཾ་ཧྲི ་ཨ། གཡས་ནས་མཚམ་སུ་རིམ་པར་དགོད།། བྱང་ཆུབ་སེམས་ཀྱི་ཆུ། རྒྱུན་གྱིས།། ལུས་ངག་ཡིད་གསུམ་སྒྲིབ་པ་དག། འཁྲུད་པའི་ཕྱིར་ན་དབང་བསྐུར་ཏེ།། དེ་ཕྱིར་དབང་བསྐུར་འཁོར་ལོར་བཤད།། དེ་ན ་ཡང་ནི་བཤད་བྱ་བ།། མདོར་བསྡུས་སྒོམ་པ་བཤད་པར་བྱ།། གོང་དུ་བསྟེན་པ་གང་ཡིན་པ། སྒྱུ་མ་ཙམ་དུ་ཤེས་པར་བྱ།། རང་རིག་སེམས་ལས་གཞན་མིན་ཏེ།། རང་གི་སེམས་ཀྱི་སྟོང་པ་ཉིད།། འོད་གསལ་བ་ཡི་རང་བཞིན ་དུ་ཅི་ཡང་མི་རྟོག་ཤེས་གྱུར་ན།། མ་བསྒོམས་ན་ཡང་སྒོམ་པ་ཉིད།། དེ་ལྟར་སེམས་ལ་ལེགས་པར་ཟུང་།། བཅྡོཾས་ཀྱིས་དེ་སྐད་ཅེས་བཀའ་སྩལ་བ་དང་།། དཔའ་བོ་རྡོ་རྗེ་ལ་སོགས་པའི།། དཔའ་བོ་མཁ་འགྲོ་མ་དང་། མ་མོ ་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་རྗེ་སུ་ཡི་རང་བར་གྱུར་ཏེ།། ཕྱི་ནང་གསང་བའི་མཆོད་པས་མཆོད་ནས་མི་སྣང་བར་གྱུར་ཏོ།། དཔལ་སྟོབས་ཆེན་ཡེས་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་རྨད་ངདུ་ཟུང་བ་རྫོག་སོ།། ། རྒྱ་གར་གྱི ་མཁན་པོ་ག་ཡངྒ་ར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡིས་ཀྱིས་བསྒྱུར་བའོ།། @#།། རྒྱ་གར་སྐད་དུ། ཤྲཱི་བཛྲ་སིདྡྷ་ཛྭ་ལ་སཾ་བ་ར་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་རྡོརྗེ་གྲུབ་པའི་དྲ་བའི་སྡོན་པའི ་