CLOSE WINDOW

L288: dpal rdo rje 'jigs byed rnam par 'joms pa'i rgyud kyi rgyal po
Wyliee-texts produced with BDRC’s OCR application

བསྒྱུར་བའོ།། @། རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་བ་བི་དཱ་ར་ཎ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་ཀྱི་རྒྱལ་པོ།། དཔལ་ཧེ་རུ་ཀ་ལ་ཕྱག་འཚའོ།། འདི ་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཁོར་དཔག་ཏུ་མེད་པ་དང་། རི་རབ་ཀྱི་སྟེང་དུ་བཞུགས་པའི་དུས་བྱང་དུ། བ་སེམས་དཔའ་རྡོ་རྗེ་སྙིང་པོས། བཅོམ་ལྡན་འདས་ལ་ལན་གསུམ་དུ ་བསྐོར་བ་བྱས་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། ཐུགས་རྗེ་ཆེ་ལྡན་བཅོམ་ལྡན་འདས།། རྡོ་རྗེ་གང་ལགས་འཇིགས་བྱེད་པ། ང་། འཇོམས་པ་གང་ལགས་རྒྱུད་གང་ལགས།། རྒྱལ་པོ་གང་ལགས ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་རྣམ་པ་གསུམ་ཡིན་ཏེ།། ཉོན་མོངས་བདུད་སོགས་འཇོམས་པར་བྱེད།། ཉོན་མོངས་དགྲ་སོགས་རྣམ་པར་འཇོམས།། རྒྱུ་ཡི་རྒྱུ་དང་ཕྲང་བུའི་རྒྱུ། ཡ་དུས་རྒྱ ་ནི་གང་ཡིན་ལ། རྒྱལ་པོ་ཞེས་ནི་བསྟན་པ་ཡིན།། རྡོ་རྗེ་སྙིང་པོས་ཡང་གསོལ་པ།། རེ་རེའི་བྱེ་བྲག་མ་འཚལ་བས།། དེ་ཡི་དབྱེ་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་རྣམ་པ་གསུམ་ཡིན ་ཏེ། དོན་གྱི་རྡོ་རྗེ་དེ་ནས་རྟགས།། རྫས་ཀྱི་རྡོ་རྗེ་དང་ནི་གསུམ།། དེ་ནས་དོན་གྱི་རྡོ་རྗེ་བཤད།། གཟུང་འཛིན་རྟོག་པས་མི་ཕྱེད་ཕྱིར།། དོན་གྱི་རྡོ་རྗེར་བཤད་པའོ།། དབང་བཞི་རྡོ་རྗེ་རེ་རེ་སྟེ། རྡོ་རྗེ་བནི་རུ་བཤད་པ་ཡིན། ་རྟགས་ཀྱི་རྡོ་རྗེ་གསུམ་ཡིན་ཏེ།། རྩེ་གསུམ་རྩེ་ལྔ་རྩེ་དགུ་ལ།། རྗེ་གསུམ་སྐུ་གསུང་ཐུགས་ཀྱི་རྟགས།། རྗེ་ལྔ་ཡེ་ལྔ་ཡི་རྟགས།། རྩེ་དགུ་ཁམས་གསུམས་དགུའི་རྟགས། རྫས་ཀྱི་རྡོ་རྗེ་བཞི་ནོ།། བུམ་པའི་དབང་དང་འབྲེལ ་བ་ཡི།། སྐུ་མདོག་ཕྱག་མཚན་ལ་སོགས་ལྷ།། གཟུང་དང་འཛིན་པའི་རྣམ་རྟོག་ནི།། འཇིག་སྣང་འཇོམས་པས་རྡོ་རྗེའོ།། གསང་བའི་དབང་དང་འབྲེལ་བ་ཡི།། རྩ་དེང་རླུང་དང་ཐིག་ལེ་ལ།། གཟུང་འཛིན་གཉིསུ་གང་རྟོགས་པ། ་འཇིག་ཅིང་འཇོམས་པས་རྡོ་རྗེའོ།། ཤེས་རབ་ཡིས་དང་འབྲེལ་བའི།། ལྷན་ཅིག་སྐྱེས་དགའ་ལམ་སོགས་པའི།། གཟུང་དང་འཛིན་པ་གང་རྟོགས་པ།། འཇིག་ཅིང་འཇོམས་པས་རྡོ་རྗེ་ཡིན།། བཞི་པའི་དབང་དང་འབྲེལ་བ་ཡི།། ་རང་རིག་སེམས་ཉིད་སྤོང་ཉིད་ལ།། གཟུང་འཛིན་གཉིསུ་གང་རྟོག་པ།། འཇིག་ཅིང་འཇོམས་པས་རྡོ་རྗེའོ།། དེ་ནས་རྟགས་ཀྱི་རྡོ་རྗེ་ནི།། རྩེ་གསུམ་སྐུ་གསུང་ཐུགསུ་བཤད།། འདོད་ཆགས་ཞེ་སྡང་གཏི་མུག ་གསུམ། འཇིག་ཅིང་འཇོམས་པས་རྡོ་རྗེ་སྟེ། རྩེ་ལྔ་ཡིས་ལྔ་ཡི་རྟགས།། ང་རྒྱལ་ལ་སོགས་རྣམ་པ་ལྔ།། འཇིག་ཅིང་འཇོམས་པས་རྡོ་རྗེའོ།། དེ་ནས་རྫས་ཀྱི་རྡོ་རྗེ་ནི།། རྣམ་པ་བཞི་རུ་བསྟན་པནི།། ཟུར་གསུམ་རྣལ ་འབིགས་པ་དང་། གྲུ་བཞི་དག་ཅིང་གསལ་བར་བྱེད།། ཟླུམ་པོས་རྫས་རྣམས་འཇོམས་པར་བྱེད།། ཟུར་ལྔས་འདོད་སྒྲུབ་སྲས་རྡོ་རྗེ།། རྒྱུད་ཀྱི་དོན་ནི་རྣམ་པ་བཞི།། རྒྱུ་དང་འབྲས་བུ་གཉིས་ཀའི་རྒྱུད།། མཐར་ཐུག་རྒྱུད་ཀྱི ་རྒྱལ་པོ་སྟེ།། དེ་རྣམས་ཀུན་ལ་དབང་བྱེད་པ།། ལོག་ལྟའི་རྒྱུད་སོགས་སྤོང་བར་བྱེད།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་རྣམས་དགའ་ཞིང་མགུ ་ནས་རྗེ་སུ་ཡི་རངས་ཏེ། གཡས་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ཏེ། སོ་སོའི་རྫུ་འཕྲུལ་གྱིས་མི་སྣང་བར་གྱུར་ཏོ།། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་ཀྱི་རྒྱལ་པོ་རྫོགས།། ། བླ་མ་ག ་དྷ་ར་དང་། ལོ་ཙཱ་བ་ཤཱཀྱ་ཡིས་ཀྱིས་བསྒྱུར་བའོ།། @#།། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་བ་ལ་ཛྙཱ་ན་རཱ་ཛ་ནྟྲ་རཱ་ཛ། བོད་སྐད་དུ།། དཔལ་སྟོབས་ཆེན་ཡིས་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ།། དཔལ། ་