CLOSE WINDOW

L281: dpal dur khrod rgyan gyi rgyud kyi rgyal po
Wyliee-texts produced with BDRC’s OCR application

ཟགས་འོ་ལོ་པ་ཀྱི་སོ།། 9་དསུ་ཐ་མ་གདུས་པོད་རྒྱན་གྱི་རྒྱུད་ཀྱི་རྒྱལ་པོ།། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚོལོ།། འཇིགས་བྱེད་ཆེ་ལ་ཕྱག་འཚལ་ཏེ།། ཞབས་ལ་སྤྱི་བོས་ལེགས ་བཏུད་ནས།། དུར་ཁྲོད་གང་ལགས་རྒྱན་གང་ལགས།། རྒྱུད་ནི་གང་ལགས་རྒྱལ་པོ་གང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགསོ་རྡོ་རྗེ་སྙིང་པོ་ལེགས།། ལེགས་པར་ཉོན་ལ་ལེགས་པར ་ཟུང་།། དང་པོར་དུང་ཀློང་བཤད་བྱ་སྟེ། དུར་ཁྲོད་སྤྱིང་བྱེ་བྲ། གནས།། གནལ་ཡས་ཁང་གི་ཕྱི་རོལ་ཏེ། རྡོ་རྗེར་བའི་ནང་རོལ།། ། འཇིགས་པ་ཆེན་པོ་སྤྱི་ཡི་གནས། བྱེ་བྲག་ཤར་ལ་སོགས་པ་སྟེ། ་སྣོད་ཀྱི་ཞེན་པ་བཟློག་པ་ཡང་།། ལྕགས་རིནག་པོ་ཆུན་ཆད་དེ།། རྡོ་རྗེ་ར་བས་དེ་ཉིད་དོ།། ཆེན་པོ་ཁྲུ་ནི་ཉི་ཤུ་སྟེ།། ཆུང་བ་ཁྲུ་གང་ཚུན་ཚད་།། དེ་ལས་གཞན་པའི་དཀྱིལ་འཁོར་གྱི།། ཚོང་ལས་ངེས་པར་འདས་པའོ།། ་རྣམ་ཤེས་ཚོགས་བརྒྱད་རྣམ་རྟོག་བརྒྱད།། མི་མངའི་རྟག་སུ་དུར་ཁྲོད་བརྒྱད།། ཕྱོགས་དང་ཕྱོགས་བྲལ་དག་ཏུ་དགོད།། ཚོ་གས་བརྒྱད་ཡོན་ཏན་བརྒྱད་ལྡན་པའི།། རྟགསུ་ཤིང་བརྒྱད་རིམ་པས་དགོད།། དེ་བཞིན ་གདུག་པ་བརྒྱད་བཅོམ་པའི།། རྟག་སུ་གྲུ་བརྒྱད་རིམ་པས་དགོད།། ཚོགས་བརྒྱད་མི་དགེ་བཅུ་བཅོམ་པའི།། རྟག་སུ་ཕྱོགས་སྐྱོང་རིམ་པས་དགོད།། ལུས་ངག་གཉིས་ཀྱི་སེམས་ཅན་གྱི།། དོན་མཛད་ཕྱིར་ནི་ཆར་སྦྱིན ་དགོད། ཉིད་དུར་ཁྲོད་འཇིགས་པ་ཆེ། ཐབས་དང་ཤེས་རབ་གཉིས་མེད་རྒྱུད།། མ་ཏོག་ཟིལ་གནོན་བརྒྱད་པོར་བཤད། མཛེས་པའི་ཕྱིར་ན་རྒྱན་ཡིན།། དེ་ཉིད་གསལ་བར་བྱ་བའི་ཕྱིར། དང་པོར་དུ ་ཁྲོད་བཤད་པར་བྱ།། ཤར་དུ་གཏུམ་དྲག་ནག་པོ་ཆེ།། ལྷོ་རུ་ཧ་ཧར་དགོད་སེར་ཆེ།། ནུབ་ཏུ་མི་བཟད་དམར་པོ་ཆེ།། བྱང་དུ་ཆང་ཚིང་ལྗང་གུ་ཆེ།། མེ་རུ་ག་ཡེར་ཀ་ཅན་ཡིན་ཏེ།། བདེན་བྲལ་མཚམ་སུ་འབར་བ་འཛིན།། ་རླུང་མཚམས་དམལ་སོགས་གནས་པ་སྟེ།། དབང་ལྡན་དུ་ནི་དབྱིབས་ཅནོ།། བྷུ་ཙ་རི་ཁི་ཙི་ཤ་ནི།། ས་སྟེངས་ཤར་གྱི་ཕྱི་རུ་དགོད།། པ་ཏ་ལི་དང་བཱ་ས་ནི།། ས་འོག་ནུབ་ཀྱི་ཕྱི་རུ་དགོད།། དུར་ཁྲོད་འདི་རྣམས་གཟུགས་རྣམ ་ཀྱང་།། འབར་བ་ཚིག་དང་མཆིག་སོགས།། ཀེང་རུས་ཐོད་པ་ལ་སོགས་དང་།། རོ་ལངས་འབྱུང་པོའི་ཚོགས་དང་བཅས།། ལྷོ་སྤྱང་སྒྲ་ཡིས་འཇིགས་པའི་གཟུགས།། ཤར་དུ་ཤི་རི་ཤ་ཡི་ཤིང་།། ལྷོརུ ་ཨ་ཤྭད་ཐ་ཡི་ཤིང་།། ནུབ་ཏུ་ཝང་གེ་ལིང་གི་ཤིང་།། བྱང་དུ་ཙུ་ཏི་ཤིང་དུ་ངེས།། གོང་དང་མཚུངས་པནྱ་གྲོང།། པརྐ་ཏི་ལྕུག་པཱ་ཐཱ་ངག། མེ་ནས་དབང་ལྡན་མཚམ་སུ་དགོད།། ཇི་ལྟར་གྲགས ་པའི་གཟུགསུ་འདོད།། ཤར་དུ་དབང་པོ་གནས་པ་སྟེ།། ལྷོ་རུ་ག་ཤིན་རྗེ་གནས་པའོ།། ནུབ་ཏུ་ཀླུ་དབང་གནས་པ་སྟེ། བྱང་དུ་གནོད་སྦྱིན་ཡང་དགེ་གནས།། ཤར་ལྷོར་མེ་ནི་གནས་པའོ།། ལྷོ་ནུབ་མཚམ་སུ་སྲིན་པོ ་གནས།། ནུབ་བྱང་མཚམ་སུ་རླུང་དགོད་དེ། བྱང་ཤར་མཚམ་སུ་དབང་ལྡན་དགོད།། ཉི་ཟླ་ཤར་ལས་བདག་ནུབ། ཇི་ལྟར་གྲགས་པའི་གཟུགསུ་དགོད།། ཤར་དུ་ནོར་རྒྱས་གནས་པ་སྟེ། འཇོག་པོ་ལྷོ་སྟེ་སྟོབས་རྒྱ ་ནུབ།། པདྨ་བྱང་ལ་པང་ཆེན་མེ།། ཧུ་ལུ་ཧུ་ལུ་སྲིན་པོར་དགོད།། རིགས་ལྡན་རླུང་མཚམས་དགོད་པ་སྟེ།། དུང་སྐྱོང་དབང་ལྡན་མཚམསུ་ནི།། གདུག་པ་སྦྲུལ་གྱི་གཟུགསུ་དགོད།། ཁ་དོག་རིགས་ཀྱི་དབྱེ་བས་དབྱེ།། ་ཤར་དུ་ཆར་སྨིན་དཀར་པོར་དགོད།། ལྷོ་རུ་བུ་མི་ཏི་དགོད་དོ།། ནུབ་ཏུ་འཇིགས་པ་རྣམ་པར་གནས། བྱང་དུ་ཨབ་ཡང་དག་གནས། སྔོཉ་ལ་མེར་ནི་ཡང་དག་གནས།། གྷས་སྲིན་པོའི་མཚམ་སུ་དགོད།། རླུང་གི་མཚམ་སུ་པ ་ཤ་ན།། གཏུམ་པོ་འདི་བརྒྱད་ཆར་སྤྲིན་བརྒྱད།། ཅོད་ཀྱི་མདོག་འདྲ་གུར་གུམ་མདོག། ནམཁའི་མདོག་འདྲ་དུ་བའི་མདོག། སྤྲིན་གྱི་མདོག་འདྲ་སྤྲིན་གྱི་གཟུགས།། ཤར་ལ་སོགས་པ་བཞི་བཞི་སྟེ།། འདི་དག་ནང་རྟགས་ཕྱི་རུ ་འབྱུང་།། དང་པོར་སྤངས་པ་ཕུན་སུམ་ཚོགས།། དེ་ནས་ཡིས་ཕུན་སུམ་ཚོགས།། རང་རིག་དོན་ནི་ཕུན་སུམ་ཚོགས།། གཞན་དོན་ཕུན་སུམ་ཚོགས་པ་ཡི།། རྟག་སུ་འཇིགས་པ་འདི་དག་གནས།། དེ་ནས་ནང་གི་དུར་ཁྲོད་སོགས། ་ལྤགས་པ་རྡོ་རྗེ་རབ་སྟེ།། རུས་པ་རྡོ་རྗེ་གུར་དུ་ངེས། དཔུང་པ་ཉེ་བའི་དཔུང་སྟེ། བརླ་དང་དེ་བཞིན་ཉེ་བའི་བརླ། བརྒྱད་ནི་དུར་ཁྲོད་བརྒྱད་དུ་དངོས།། རྗེ་ང་རེ་ཉེ་བའི་རྗེང་ར་བ་ཞི།། ལག་ངར་ཉེ་བའི་ལག་པར ་བཞི།། བརྒྱད་ནི་ནང་གི་ཤིང་བརྒྱད་དོ།། ཚོགས་དང་དེ་བཞིན་ཉེ་དརྗེ། ཚིགས།། དེ་བཞིན་ཉ་དའ་ཆགས། སྟེང་དང་འོག་ཏུ་བཞི་པ་ནི་སྟེ། ནང་གི་ཕྱོགས་སྐྱོང་ཡིན་པར་འདོད།། མཐིལ་དང་དེ་བཞིན་ཏེ ་བའི་མཐིལ།། སྟེང་འོག་དེ་བཞིན་ཀླུ་བརྒྱ་དོ།། རྩེ་དང་དེ་བཞིན་ཉེ་བའི་རྩེ།། བརྒྱད་ནི་ཆར་སྤྲིན་བརྒྱད་ཡིན་ཏེ།། བསྐྱེད་རིམས་རྣམ་རྟོག་མི་མངའི་རྟགས།། དུར་ཁྲོད་བརྒྱད་ནི་ནང་ན་གནས། རྩ་རླུང་ངོ་བོ་ཤེས་པ་བརྒྱས། ་དེ་ཕྱིར་ནང་གི་ཤིང་བརྒྱད་གནས།། རགས་པའི་གདུག་པ་འདུལ་བའི་ཕྱིར།། ནང་ན་ཀླུ་བརྒྱད་ཡང་དག་གནས། བདག་སྤྱོད་གཞན་ཡང་སྤྱོད་པའི་ཕྱིར།། ཆར་སྤྲིན་བརྒྱད་ནི་ནང་དུ་གནས།། དེ་ནས་གསང་བའི་དུང ་ཁྲོད་ཀྱང་། སྣ་རྩེ་རྩ་བརྒྱད་དུར་ཁྲོད་བརྒྱད།། ལྟེ་བར་རྩ་བརྒྱད་ཤིང་བརྒྱདདོ།། སྙིང་ཀར་རྩ་བརྒྱད་ཕྱོགས་སྐྱོང་བརྒྱད།། མགྲིན་པར་རྩ་བརྒྱད་ཀླུ་བརྒྱད་དེ།། སྤྱི་བོར་རྩ་བརྒྱད་ཆར་སྤྲིན་བརྒྱད། གསང་བར་རྣམ ་རྟོག་མི་མངའི་རྟགས།། དུར་ཁྲོད་བརྒྱད་ནི་གསང་བས་གནས།། ཐཾད་བདེ་བར་སྣང་བའི་ཕྱིར།། གསང་བར་ཤིང་བརྒྱད་ཡང་དག་གནས། ཕྲ་བའི་མཚན་མའི་རྣམ་རྟོག་གི།། བདུག་པ་འཇོམས་ཕྱིར་ཀླུ་བརྒྱད ་དགོད། བདེ་བས་བདག་སྤྱོད་གཞན་སྦྱོར་བས།། དེ་ཡི་ཕྱིར་ན་ཆར་སྤྲིན་དགོད།། དེ་ནས་བཞི་པའི་དུར་ཁྲོད་ཀྱང་།། རྣམ་ཤེས་བརྒྱད་ནི་དེ་ཉིད་བརྒྱད།། དུར་ཁྲོད་བརྒྱད་དུ་ངེས་པའོ།། དུར་ཁྲོད་སོགས་བརྒྱད་དེ་ཉིད་ཤིང་།། ལྷག་མ ་གསུམ་དང་ཚེར་སོགས་ལྔ།། བརྒྱད་ནི་ཕྱོགས་སྐྱོང་བརྒྱད་དུ་ངེས།། ཉོན་མོངས་དྲུག་དང་དེ་ཡི་གཉིས།། བརྒྱད་པོ་དག་ནི་ཀླུ་བརྒྱད་དོ།། ལྔ་དང་བཞི་དག་གསུམ་དག་ནི།། དེ་ནི་བཞི་པའི་ཆར་སྤྲིན་བརྒྱད།། གཟུང་འཛིན་རྣམ ་རྟོག་མི་མངའི་རྟགས།། བཞི་པ་ཡི་ནི་དུར་ཁྲོད་བརྒྱད།། སྟོབས་སོགས་མཁྱེན་པའི་སྟོན་ན་རྒྱས།། རྟགསུ་ཤིང་བརྒྱད་ངེས་པའོ།། རྣམག་གདུག་པ་འདུལ་བ་ཡི།། རྟགསུ་ཀླུ་བརྒྱད་ངེས་པའོ།། གཟུགས ་སྐུ་གཉིས་ཀྱིས་སེཾན་གྱི།། དོན་མཛད་རྟག་སུ་ཆར་སྤྲིན་བརྒྱད།། ཕྱོགསྐྱོང་བླ་མའི་ཞལ་ནས་ཤེས།། དེ་དག་ཀུན་གྱི་བྱེ་བྲག་ཀྱང་།། བླ་མའི་ཞལ་ནས་ཤེས་པར་བྱ།། རྒྱུན་ཆགས་ཕྱི་ནང་རྒྱུད་ཅེས་བྱ།། རྒྱལ ་ཁྱད་པར་འཕགས་པའོ།། གཞན་ཡང་ང་ཡིས་གསུངས་པའི་བཀའ།། གསུང་གཅིག་ཉིད་དུ་གསུངས་གྱུར་ཀྱང་།། དུ་མ་ཉིད་དུ་སོ་སོར་སྣང་།། ཆོས་ཚུལ་དུ་མའི་བྱེ་བྲག་དང་།། མོས་པ་དུ་མའི་བྱེ་བྲག་དང་།། འདུ་ཤེས་དུ ་མོའི་བྱེ་བྲག་གིས།། ཐེག་པའི་མཐའ་ལ་ཐུག་པ་མེད།། སེམས་གཟུང་ཡན་ལག་བསམ་མི་ཁྱབ།། ང་ཡིས་རྗེ་སུ་འབྲངས་པ་ཡི།། བླ་མས་རབ་ནོན་པ་དང་།། དེ་ཉིད་བཅུ་ལྡན་མངོན་ཤེས་སྐྱེས།། དེ་གསུང་བཅུ་དྲུག་མཐའ་ཡི་བ་པ། ་རིག་པའི་གནས་ལྔ་མཁས་པས་སྦྱངས།། མཁའགྲོ་མ་ཡིས་ལུང་བསྟན་པས།། བརྩམས་ལ་བཞི་ཡི་མཐའ་ཡས་ངེས།། དེ་ལྟའི་མན་ངག་མ་ཐོབ་པར།། སྔགས་ཀྱི་ལྷ་སྤྱོད་གང་སྤྱོད་པ།། རང་ཡང་ཕུང་ལ་གཞན་ཡང ་ཕུང་།། མཐོང་བའི་ཆོས་ལ་དམྱལ་སོགས་འཚེད།། དེ་བས་དངོས་གྲུབ་འདོད་པ་ཡིས།། བླ་མདམ་པ་མཉེས་བྱས་ཏེ།། མན་ངག་དམ་པ་བླང་བར་བྱ།། ངེས་པའི་ལྷ་སྤྱོད་མ་རྙེད་པར།། གསང་བའི་ལྷ་དང་སྤྱོད་པ་དང་། མོས་པའི་རྗེ ་གང་བྱེད་དང་།། ཉོན་མོངས་ཟིལ་ནོན་ལ་སོགས་དག། གསང་སྔགས་ལྟ་བུར་སྤྱད་པ་སྤྱོད།། འདི་དག་རྐུན་པོ་མ་རུངས་པ།། མཐོང་བའི་ཆོས་ལ་དམྱལ་བར་སྐྱེ།། དང་པོ་སྲིད་པ་སྐྱེ་བ་ཡང་།། ཡར་ངོ་མར་ངོ་མཚམས་དང ་གསུམ།། སཧླའི་དང་པོ་ཐ་མ་དང་།། འབྲས་བུ་སྲེད་པ་སྐྱེ་བ་ཡི།། དུས་དེང་ཀུན་ཏུ་རུ་བྱེད་ན།། འབྱུང་བའི་རླུང་གི་ནང་ཞུགས་ན།། ནད་གཞི་བསྡུསོ་ཤིང་ན་དོག་ནི་སྐྱེད།། སྲོག་དང་ཚངས་པར་སྤྱོད་པ་འབྱུང་།། དེ་ལ་འདོད ་བའི་མཚོན་ཆས་ནི།། གཡེང་བ་མེད་དང་གཏར་ཀ་བྱ།། ཕྱི་ནས་རིག་ས་ཀྱི་བདག་པོ་སོ།། སྲིད་པར་སྐྱེ་བའི་དུས་ཆོད་ཀྱང་།། རྒྱུན་ཆད་ཞག་གསུམ་ཞག་ལྔ་དང་།། བདུན་དང་དགུ་ཡི་དུས་རྣམས་སྤང་།། ་དེ་ལྟར་རྒྱུད་མཆོག་རྒྱལ་པོའི་དོན།། ཁྱོད་ལ་གཏད་ཀྱིས་ལེགས་པ་ར་ཟུང་།། དེ་ནས་འཁོར་ཐད་དགའ་ཞིང་མགུ་སྟེ་རྗེ་སུ་ཡི་རང་བར་གྱུར་ཏོ།། དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་ཀྱི་རྒྱལ་པོ་རྫོག་སོ།། ་པཎྜི་ཏ་ག~ཾ་ཡ་དྷ་ར་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་ལས་ཀྱིས་བསྒྱུར་བའོ།། @#།། རྒྱ་གར་སྐད་དུ། ཤྲཱི་བཛྲ་རཱ་ཛ་མ་ཧཱ་ཏནྟྲ། བོད་སྐད་དུ། དཔལ་རྡོ་རྗེ་རྒྱལ་པོ་ཆེན་པོའི་རྒྱུད། དཔལ་སྡོམ་པའི ་