| Wylie | e-texts produced with BDRC’s OCR application |
བའི་རྒྱུད་ཀྱི་རྒྱལ་པོ་རྫོག་སོ།། རྒྱ་གར་གྱི་མཁན་པོ་ག་ལངྒ་ར་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། @།། རྒྱ་གར་སྐད་དུ། ཤྲཱི་ཛྭ་ལ་ཨགྣི་གུ་ཧྱ་ཏནྣ་རཱ་ཛ། བོད་སྐད་དུ ་དཔལ་གསང་བ་མེ་འབར་བའི་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་བདེ་བ་ཆེན་པོ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངེད་ཀྱི་སྐུ་དང་གསུང་དང་ཐུགས ་རྡོ་རྗེ་བཙུན་མོའི་བྷ་ག་ལ་སྙོམས་པར་ཞུག་སོ།། དེའི་ཚེ་འཁོར་འདུས་པའི་ནང་ན་རྡོ་རྗེ་ཕག་མོས་གསོལ་པ།། རྣལ་འབྱོར་གང་ལགས་འཕོ་བ་གང་།། འཆི་བ་གང་ལགས་ཤིང་གང་།། རོ་ན་གང་ལགསར་ཆེན་གང་།། དེ་བཞིན་ཤི་བ ་ཆེན་པོ་གང་།། ཐལ་བ་གང་ལགས་ཐའ་ཆེན་གང་།། ཚ་ཆ་གང་ལགས་ཆ་ཆ་ཡི། ཆེན་པོ་གང་ལགས་གནས་ནི་གང་།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཐབས་དང་ཤེས་རབ་སྙོམས་འཇུག་ལ།། རྣལ་འབྱོར་ཞེས་ནི་གསུ་ངས་པ་ཡིན།། དུས་མིན་ལྷ་ནི་གསོད་པ་སྟེ།། དང་པོར་འཕོ་བའི་གས་དང་ཡང་།། དུས་ཚོད་ངེས་པར་ཤེས་བྱ་སྟེ། བར་ཆད་མེད་པའི་ཏིང ་འཛིར་གྱིས།། འཁྲུལ་འཁོར་བཅས་ཏེ་ཁྱད་པར་བགྱི།། འབྲས་བུ་འབྱུང་བར་འཕོ་བར་ངེས།། ཁམས་དང་འབྱུང་བ་སོ་སོར་ཐིམ།། སྲོག་ཀྱང་རྩོལ་བ་ལ་ཐིམ་སྟེ།། རྩོལ་བ་རྣམ་ཤེས་ལ་ཐིམ་པའི།། སྐད་ཅིག་དང་པོ་འཆི་བ་སྟེ། ་རྡོ་རྗེ་ཅན་སོགས་རིགས་བཞི་དང་།། རྣམ་སྣང་ཐ་དད་བྲལ་བ་ཡི།། སྐད་ཅིག་དང་པོ་ཤི་བ་སྟེ།། དེ་ནས་ཞག་བདུན་པར་དུ་བཞག། ལུས་ཀྱི་མཁའ་གྲོ་མྱ་ངན་འདས།། དེ་ནི་ཤི་བ་ཆེན་པོར་གྲགས། ལུས་ནི་ཏ་ལའི་མགོ་བོ་འདྲ། ་འདི་ཉིད་རོ་ཞེས་གསུངས་པ་སྟེ།། ཡེ་ཤེས་དབབ་དང་ཡེ་ཤེས་བསྟན།། མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད།། སྤྱི་བོ་མགྲིན་པ་སྙིང་ཀ་རུ།། དྲི་ཡི་ཐིག་ལེ་གསུམ་བྱས་ཏེ།། སྐུ་གསུང་ཐུག་སུ་བྱིན་གྱིས་བརླག། ཐོག་མར་དྲི་ཞིམ ་སྣ་ཚོགས་ཀྱིས།། ཁྲུས་བྱས་གནས་ནི་བཅུ་གཉིསུ།། དྲི་ཡི་ཐིག་ལེ་བཅུ་གཉིས་བྱ།། དངའ་བོ་མཁས་འགྲོས་བྱིན་གྱིས་བརླབ།། གཞན་ཡང་རྒྱན་ལ་སོགས་པ་ཀུན། དངོསུ་གནས་པས་རག་ཏུ་ངེས། ་རི་མོར་བྲིས་པ་འབྲིང་པོ་སྟེ།། དྲི་ཡི་ཐིག་ལེ་ཐ་མར་ངེས། གཡས་བརྐྱང་ལ་སོགས་འདུག་སྟངས་ཀྱིས།། ཧེ་རུ་ཀར་གྲགས་ཆེན་པོར་བཞེངས།། དེ་ལ་དུས་དྲུག་མཆོད་པས་མཆོད།། འདི་དག་རོ་ནི་ཆེན་པོ་སྟེ།། འཆི་བ་ཞེས་ནི ་རྣམ་རྟོག་སྟེ།། མཁའ་སྤྱོད་གན་སུ་ཁྲིད་པར་བྱེད།། རང་བཞིན་བསྲེགས་པ་ཐལ་བ་སྟེ། རྩ་བའི་དཀྱིལ་འཁོར་ལ་བརྟེན་ནས།། ཆོས་སྐུ་གཟུགས་བརྙན་རིམ་བཞིན་རྩིག། ཡང་ན་བུམ་པ་ལྟ་བུ་ཡི།། གཞལ་ཡས་ཁང་པ་རྩེག་མར ་བརྩིག། མི་འཆི་བཅུ་ཕྱེད་སྙིང་པོ་དང་།། ཙན་དན་གུར་གུམ་ལ་སོགས་ངའི།། དྲི་ཡིས་བྱུགས་ཤིང་བསྒོ་བར་བྱ།། ཙན་དན་དམར་པོ་ལས། གས་པའི།། དྲི་ཞིམ་ལྡན་པའི་ཤིང་བུ་འམ།། ཡང་ན་འབྲས་བུ་ཡོད ་པ་ཡི།། བུད་ཤིང་ཆད་དང་ལྡན་པ་ཡིས།། ཐག་ཁུང་ཆེན་པོར་རྫོགས་བར་བརྩིག། བླ་མ་དམ་པ་མཉེས་བྱས་ལ།། ཞལ་ནས་ཡང་དགཤེས་པར་བྱ།། ཟུར་བཞི་རྒྱལ་པོ་ཆེན་པོ་བཞི།། ཕྱོགས་བཞི་མི ་འཇིག་སེང་གེ་བརྒྱད།། ཀ་བ་བཞི་དང་གདུང་བཞིར་ལྡན།། ཆོག་ཡོངསུ་རྫོགས་པ་དང་།། རིག་པའི་དཀྱིལ་འཁོར་གཞུག་པ་དང་།། སྔར་གྱི་དབང་ཐོབ་རྫོགས་པར་བསྐུར།། དེ་ནས་རྒྱུན་བཞག་མེ་སྦར་ཏེ།། མེ་ལྷ་ལ ་སོགས་གཞན་དང་འདྲ།། དེ་ནས་རིག་པ་དེ་ཉིད་ཀྱང་།། མེ་ཡི་ཁང་པ་མཛེས་པ་རུ།། རང་བཞིན་སྤྱན་དྲངས་བཞུགསུ་གསོལ།། མེ་མཆོད་སྡིག་པ་སྲེག་པའོ།། སྔགས་དང་རྫས་སོགས་གཞན་དང་འདྲ།། མེ་དང་དུ་བརླུང ་སོགས་ཀྱི།། མཚན་མ་མཁས་པས་བརྟག་བྱེ་སྟེ། བཀྲ་ཤིས་རྟགས་རྣམས་བྱུང་ན་ལེགས།། མེད་ན་སྡིག་པ་བསྲེག་པར་བྱ།། གདུང་ལ་སོགས་པ་བྱུང་ན་རབ།། མ་བྱུང་ན་ཡང་ཆོ་ག་རྣམས།། རྫོགས་པ་ལས་བྱུང་རུས་པ ་རྣམས། འདི་ནི་ཐལ་བ་ཆེན་པོ་སྟེ།། དེ་ལས་གཞན་པ་ཐལ་བར་གསུངས།། དེ་ནས་རུས་པ་ཞག་གསུམ་ནི།། གུར་གུམ་ལ་སོགས་དྲིས་གཏོར་ཏེ།། རུས་པའི་མཚན་མ་བརྟག་བྱ་སྟེ།། ཁ་དོག་དབྱིབས་དང་དྲི་དྲང་ངོ་།། བླ་མའི་ཞལ ་ནས་ཤེས་པར་བྱ།། གདོན་བསལ་ཁྲུས་བྱ་རུས་པ་བརྡུང་།། མ་ཉམས་དུམ་བུ་གཅིག་པ་ལ།། དྲི་སོགས་བསྒོས་པའི་ནང་དུ་སྟེ།། དཀྱིལ་འཁོར་ཡོངསུ་རྫོགས་པ་ཡི།། སྟེང་དུ་སེང་གེའི་ཁྲི་དག་ལ།། སེང་གེ་རྒྱལ་ཆེན་འོམ ་གི་རྒྱན།། སྟེང་ནས་གདུགས་དང་རྒྱལ་མཚན་ཏེ།། གནས་དེར་རུས་པ་བཞག་བྱས་ལ།། མེ་ཏོག་བྱས་ན་ཞག་ལྔ་རུ།། བསྙེན་པ་བྱས་ཏེ་དྲུག་པ་ལ།། གདུང་བྱུང་སྟ་གོམ་བདུན་པ་ལ།། ཆ་ཚ་རབ་ཏུ་གནས་པར་བྱ།། དང ་བོར་ར་སྲེག་དུསུ་ཡང་། ཤི་བ་དང་པོ་ནས་བཟུང་སྟེ།། ཞག་ལྔཡི་བསྙེན་པ་སྟེ། དྲུག་པ་རི་ཡི་སྟ་གན་ནོ།། བདུན་པ་དུར་ཁྲོད་རབ་ཏུབ། ནས།། དང་པོར་སྣང་བ་གཉིས་པའོ།། གསུམ་པ་རུས་པ་མྱ་ངན་འདས། ་མྱ་ངན་འདས་པ་རྣམ་པ་གསུམ།། གཞན་ལ་མེད་ཅིང་རང་ལ་མེད།། དམན་ལ་མེད་ཅིང་དེ་རྗེས་མེད།། ཐབ་སུ་མ་གསུངས་ཤེས། རབ་ཀྱི།། ཆུ་རྒྱུད་བཤད་རྒྱུད་ཕྱི་མ་དང་།། ཕྱི་མའི་ཕྱི་མར་མ ་གསུངས་པའོ།། མྱ་ངན་འདས་པ་རྣམ་པ་གསུམ།། བདུད་རྩི་སྒྲོན་མར་ལི་ཡི།། རྒྱུད་དུ་ཁྱོད་ལ་ང་ཡིས་བཤད།། དེ་ནས་ས་ཚའི་རིམ་པ་ཡང་།། སྣང་བ་རྒྱལ་པོ་ལ་སོགས་ལ།། འཐུན་པའི་གཏམ་གྱིས་ས་སོགས ་བླང་།། མི་སྣང་ས་བདག་ལ་སོགས་པ།། གཏོར་མ་མེ་ཡིས་སོ་སོགས་བླང་།། དེ་ནས་སྐུད་པ་རྣམ་པ་ལྔ་ཡང་།། ཕན་པ་རྡོ་རྗེ་ཅན་དང་ཡང་།། གཟི་བརྗིད་གོར་དང་རྡོ་རྗེ་རྒྱལ།། སྲང་བུས་ས་གཟུངས་སྦྱར་སོགས།། ་ཆོ་ག་གཞན་དང་འཐུན་པར་བྱ།། དུར་ཁྲོད་གན་སུ་རྩ་བ་ཡི།། དཀྱིལ་འཁོར་ཆེན་པོ་བཞེངས་པར་བྱ།། ལྷ་གྲངས་དུ་ཡོད་གཏོར་མར་བཏང་།། སྦྱིན་སྲེག་དག་གིས་ནི་བྱས་ཏེ།། གཅིག་གམ་ལྔ་འམ་བདུན ་ནམ་ནི།། ཉི་ཤུ་རྩ་གཅིག་བརྒྱ་རྩ་བརྒྱད།། ཅི་ནུས་པར་ནི་གང་བ་པར་བྱ།། དུས་ནི་མཚན་མོ་ཞེས་པ་སྟེ།། དང་པོ་ལ་ནི་དཀྱིལ་འཁོར་གྱི།། ཕྱག་རྒྱ་ཆེན་པོ་རྫོགས་པ་སྟེ།། གསུམ་པ་བཞི# ་ཆོས་ཀྱི་སྐུ་ཡི་གཟུགས་བརྙན་གདབ།། བུམ་དབང་ས་ལ་གདབ་པ་སྟེ།། གསང་དབང་ས་དང་ཆུ་ལ་གདབ།། གསུམ་པ་མེ་དང་རླུང་ལ་གདབ།། བཞི་པ་ན་མཁའ་གསུངས་པའོ།། དང་པོ་འཕོ་བས་མ་ལྷང་ལ།། གཉིས ་པ་རོ་བསྲེད་མ་ལྟུང་བའོ།། གསུམ་པ་ཆ་ཚས་མ་ལྟུང་ན། འཆི་བ་སླུ་བའི་དམ་པ་སྟེ།། སྲིད་པའི་འཆིང་བ་ལས་གྲོལ་ངེས།། དམན་པའི་འཕོ་བ་ལ་སོགས་པས།། ལྟུང་ཞིང་འཆི་བ་ཁོ་ནར་ངེས།། དེ་བས་སྲིང་ལས ་གྲོལ་འདོད་པས།། བླ་མ་དམ་པརབ་མཉེས་ཏེ།། འཕོ་བ་ལ་སོགས་གདམ་ངག་བླང་།། རྒྱུད་འདི་གཏད་ཀྱིས་ལེགས་པར་བཟུང་།། དེའི་ཚེ་འཇིག་རྟེན་གྱི་ཁམས་ཀྱིས་ཆེན་པོ་ཡང་གཡོས་པར་གྱུར་ཏོ།། མཆོད་པ ་སྣ་ཚོགས་པའི་ཆར་ཡང་བབ་པོ།། དཔའ་བོ་དང་མཁའགྲོ་མ་དང་དུར་ཁྲོད་ན་གནས་པའི་རོ་ལངས་ཆེན་པོ་ཐང་རྒྱུད་ཀྱི་དོན་ལ་རྗེ་སུ་ཡི་རང་བར་གྱུར་ཏོ།། དཔལ་གསང་བ་མེ་འབར་བའི་རྒྱུད་ཀྱི་རྒྱལ་པོ ་རྫོག་སོ།། ། པཎྜི་ཏག་ཡ་དྷ་ར་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། @#།། རྒྱ་གར་སྐད་དུ། ཤྲཱི་ཨ་མྲྀ་ཏ་གུ་ཧྱ་ཏནྡ་རཱ་ཛ། བོད་སྐད་དུ། དཔལ་གསང་བ་བདུད་རྩིའི ་