CLOSE WINDOW

L275: dpal rin chen 'bar ba'i rgyud kyi rgyal po zhes bya ba
Wyliee-texts produced with BDRC’s OCR application

བའོ།། @##།། རྒྱ་གར་སྐད་དུ། ཤྲཱི་རཏྣ་ཛྭ་ལ་ཏནྟ་རཱ་ཛ་ན་མ་བོད་སྐད་དུ། དཔལ་རིན་ཆེན་འབར་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ།། ཧེ་ཧེ་རྡོ་རྗེ་སྙིང་པོ་དང་། ་མཁའགྲོ་མ་ལ་སོགས་པ་དག། སྒོ་གསུམ་ལེགས་པར་བསྡུས་ནས་ནི།། ར་ལི་ཆེན་པོའོ་དབྱེ་བ་ཉོན།། ལ་ལས་བྱུང་བ་ཐབས་ཀྱི་རྒྱུད།། ར་ལས་བྱུང་བ་ཤེས་རབ་རྒྱུད།། ཨོཾ་ཕྱིས་ཨ་ལས་གཉིས་མེད་རྒྱུ།། ཐབས ་ནི་སྐུ་སྟེ་ཤེས་རབ་གསུང། གཉིས་མེད་ཐུག་སུ་ཤེས་པར་བྱ།། སྐུ་གསུང་ཐུགས་ཀྱི་རང་བཞིན་ལས།། ཉི་ཤུ་རྩ་བའི་བྱུང་བའོ།། ཨ་ལ་ལ་ཧོ་ཨེ་མའོ།། ཐབས་ནི་ལ་ལས་ཇི་ལྟར་བྱུང་།། ར་ལས་ཤེས་རབ་ཇི ་ལྟར་བྱུང་།། ཨ་ལས་གཉིས་རེད་ཇི་ལྟར་བྱུང་།། སྐུ་གསུང་ཐུགསུ་ཇི་ལྟར་འགྱུར།། ཉི་ཤུ་རྩ་བཞིར་ཇི་ལྟར་དབྱེ།། ཨ་མ་ཧོ་མགོན་པོས་བཤང་དུ་གསོལ།། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ།། ཨ་ལས་ཨ་བ་དྷུ་ཏི་སྡེ།། འདི་ཉིད ་ལས་ནི་གཉིས་མེད་རྒྱུད།། འབྱུང་བའི་གནས་དང་རྒྱུ་རུ་བརྟག། ལ་ལས་ལ་ལཱ་ནཱ་ཡི་རྩ།། དེ་ལས་ཐབས་ཀྱི་རྒྱུད་བྱུང་བའི།། རྒྱུ་དང་གནས་དང་ངོ་བོར་བརྟག་ཥ་ལ་ས་ར་སརྦྦ་ཡི་རྩ།། འདི་ཉིད་ལས་ནི་ཤེས་རབ་ཀྱི།། ར་ལི་འབྱུང་བའི་རྒྱུད ་དང་གནས།། ར་ནི་ཆགས་ཕྱིར་ཤེས་རབ་སྟེ། ཤེས་རབ་ཡི་གེ་བཅུ་དྲུག་བརྡ་མིཛ་རྗེ་བ་ཡིན་ཏེ། ཐབས་ཀྱི་ཡི་གེ་བཅུ་བཞིའི་བཛྲ།། ཐོག་མ་མེད་ནས་མ་སྐྱེས་པ།། ཨེ་ནི་གཉིས་མེད་རང་བཞིན་ཏེ།། གཉིས་མེད་བློ་ཡི་སྤྱད ་ཡུལ་མིན།། བློ་དང་སྒྲ་ནི་ཀུན་རྫོབ་ཕྱིར།། གཡས་ནི་ཐབས་ཡིན་ལ་ལ་ནཱ་གཡོན་པ་ཤེས་རབ་ར་ས་ནཱ།། ཨ་བདྷཱུ་ཏི་གཉི་སུ་མེད།། ཐབས་དང་ཤེས་རབ་གཉིས་མེད་ཀྱི།། ར་ལིའི་ངོ་བོ་ཤེས་པར་བྱ།། འདོད ་ཆགས་རྡུལ་ལ་ལུས་ནི་ཐབས།། ལ་ལ་ནཱ་ནི་སྐུ་ཡིན་ཏེ།། གཏི་མུག་མུན་པ་ངག་དང་ཡང་།། ཤེས་རབ་ར་ས་ནཱ་ནི་གསང་།། ཞེ་སྡང་སྙིང་སྟོབས་ཡིད་ཡིན་ཏེ།། སྐུ་གསུང་ཐུགས་ཀྱི་འགྱུར་བའོ།། སྐུ་ལ་བརྒྱད་དེ་གསུང་ལ་བརྒྱད། ་ཐུགས་ལ་བརྒྱད་དེ་ཉི་ཤུ་བཞི།། ར་ལི་ཉི་ཤུ་བཞི་རུ་ངེས།། གནས་ན་ཉ་ཤུ་རྩ་བན་རུ་ངས།། གནས་ནི་ཉི་ཤུ་རྩ་བཞི་དང་།། ཙཎྜ་ལི་དང་ཕག་དག་དང་།། མཁའ་གྲོ་འབྱུང་པོ་ཉི་ཤུ་བཞི།། དེ་ཉིད་བརྡ་རུ་ངེས་པ་སྟེ།། སྐུ་གསུང་ཐུགས ་ཀྱི་དཔེ་བསོ།། གནས་དང་མཁ་འགྲོ་ར་ལི་དབྱེ།། སྐུ་གསུམ་དུ་ནི་དེ་ཉིད་བསྡུ།། དང་པོར་རྒྱུད་ཀྱི་ངེས་པ་དང་།། རྒྱུ་ཡི་གནས་དང་གནོས་ངས་པ།། གཏད་ས་ངེས་དང་གེ་རིམས་ངེས། གྲངས་ངེས་རིགས་ངེས་བཅོ་ལྔར་ངེས།། ་མདོ་སྡེ་འདུལ་བ་མངོན་པ་ཡི།། དམན་པའི་རིམ་པ་དང་པོར་གསུངས།། དམན་པ་རྣམས་ལ་བྱ་བའི་རྒྱུད།། དེ་རྗེས་རྣལ་འབྱོར་ཉིད་ཡིན་ཏེ།། སྐྱེས་པ་འདུལ་ཕྱིར་རྣལ་འབྱོར་རྒྱུད།། ཕྱི་ནས་རྣལ་འབྱོར་མ་རྒྱུད་ནི།། བུད་མེད་ཡོངསུ ་གཟུང་ཕྱིར་རོ།། དང་པོ་རྩ་བའི་རྒྱུད་གསུངས་ཏེ།། དེ་ནས་བཤད་པའི་རྒྱུད་ཉིད།། དེ་ནས་རྒྱུད་ནི་ཕྱི་མའོ།། དེ་རྗེས་ཕྱི་མའི་ཕྱི་མ་སྟེ། རིམ་པ་བཅུ་ནི་བསྐོར་བ་སྟེ། སྣོད་ངན་དམན་པའི་རིམ་པས་གསུངས།། མེ་ཏོག་སྙིང་པོའི ་བནུད་བཞིན་དུ།། ཕྱི་ཡི་ཕྱི་ནས་བདུད་རྩི་ཡི།། ར་ལིའི་སྙིང་པོ་སྙིང་པོ་རྒྱུད།། དང་པོ་རལ་ལས་སྐུ་ཡི་རྒྱུད།། དཔའ་བོ་མཁའགྲོ་མས་ཞུས་ནས།། སྐུ་ཡི་མཁའ་གྲོ་བརྒྱད་ལ་གཏད།། དེ་རྗེས་ར་ལས་གསུང་གི་རྒྱུད།། གསུང ་གི་མཁའགྲོ་བརྒྱད་ལ་གཏང་།། ཕྱི་ནས་ཨ་ལས་ཐུགས་ཀྱི་རྒྱུད།། དཐུགས་ཀྱི་མའི་འགྲོ་བརྒྱད་ལ་གཏང་།། གཉིས་མེད་ཡིས་བདུད་དརྩིའི་རོ།། ལུས་ལས་ལུས་གསལ་མིག་གི་ལུས།། གསལ་བ ་ཕྱིར་ནི་སྒྲོན་མ་སྟེ།། སེང་གེའི་གཟུགས་འདྲ་བདུད་རྩིའི་རོ།། ཉི་མའི་འོད་དྲ་ཟླ་བའི་ཟེར།། འབྲུག་གི་སྒྲ་འདྲ་རྒྱ་མཚོའི་གཏིང་། ཆུ་བོའི་རྒྱུན་འདྲ་རི་རབ་ལྷུན།། ཨུ་དུམ་པར་འདྲའི་ཞིང་གི་རྡུལ། འདི་ལ་འདོད ་འདོད་ཚོལ་བ་དང་།། རྟོག་གེ་པ་ཡིས་དཔྱད་དུ་མེད།། གལ་ཏེ་རང་འདོད་དཔྱད་གྱུར་ན།། དཔའ་བོ་མཁའ་གྲོ་ཁྲོས་གྱུར་ཏེ།། མགོ་ལུས་ཚལ་པ་བརྒྱ་རུ་འགས།། དེ་བས་རང་གི་ཆུང་མ་དང་།། བུ་དང་ཡུལ་འཁར་ལུས་ངག་གིས། ་བླ་མ་དམ་པ་མཉེས་བྱ་སྟེ།། ཆུ་ངོའི་རྒྱུན་འདྲའི་མན་ངག་བླང་།། ཀྱེ་མའོ་མིགོན་པོ་སྙིང་རྗེ་ཅན།། ར་ལིའི་དབྱེ་བ་དེ་ལྟར་ན།། དེའི་ཆེན་པོ་ཇི་ལྟར་ལགས།། ནང་དུ་ཉི་ཤུ་རྩ་བཞི་ཡི།། ངེས་པ་སླར་ཡང་བདག་ལ་གསུངས། རྡོ ་རྗེ་ཅན་གྱིས་བཀའ་སྩལ་པ།། མ་སྤངས་ཉི་ཤུ་རྩ་བརྒྱད་ཀྱིས།། ར་ལ་འདི་ནི་ཆེན་པོར་ངེས།། རེ་རེ་ལ་ཡང་ཆེན་པོ་བདུན།། གང་ཞིག་འབྲས་བུ་འདོད་པ་ལ།། རྒྱུ་ཉིད་གཙོ་བོར་གྱུར་པ་སྟེ།། ས་ལུ་ལས་ནི་མྱུ་གུ་བཞིན། ་དེ་ཕྱིར་དང་པོ་རྒྱུ་མི་སྣང་། ལྷན་ཅིག་སྐྱེས་གཉིས་རྒྱུ་ཡིན་ཏེ། རང་བཞིན་ལྡན་ཅིག་སྐྱེས་པ་དང་། ལྷན་ཅིག་ལྷན་ཅིག་སྐྱེས་པའོ།། ཐུན་མོང་དང་ནི་ཐུན་མོང་མིན།། བླ་མའི་ཞལ་ནས་ཤེས་བྱའི་ཕྱིར། ་དཔའ་བོ་མ་ཁ་འགྲོའི་ཞ་ལ་ཡིན་ཏེ།། དེ་ཉིད་སྟོན་པའི་བཀའ་ལས་འདས།། དེ་ལས་འཁྲུལ་པ་སྙིང་རེ་རྗེ། ཕུང་སོགས་རྩ་དང་ཤུ་ཀྲ་ནི།། ལྷན་ཅིག་སྐྱེས་པའི་རྒྱུ་ཡིན་ཏེ།། ལོག་ཏོག་འཁྲུལ་པ་རྒྱུར་འདོད་དང་།། ངོ་བོམ་གྲུབ་རྒྱར ་འདོད་དང་། ཀུན་རྫོབ་བྱང་སེམས་རྒྱུར་འདོད་པ། འདི་ནི་རྨོངས་པ་མ་རུངས་པ། ཕུང་པོ་འབྱུང་བ་དབང་པོ་དང་། ཕྱི་ཡི་སྐྱེ་མཆེད་དམན་པའི་རྒྱུ། བརྟགས་པ་རྒྱུར་འདོད་སྙིང་རེ་རྗེ། ནམཁྭའི་མེ་ཏོག་གི་དྲི་གང་། རང་བཞིན་གནས་པའི ་རྩ་རླུང་སོགས།། ཁྱད་པར་ལམ་གྱི་རྒྱུ་ཡིན་ཏེ།། རང་བཞིན་གནས་པ་མ་ཤེས་པར།། ལོག་པར་རྟོགས་པ་སྙིང་རྗེ་ཉམས།། དོན་དམ་བྱང་ཆུབ་སེམས་ཀྱིས་ནི།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུ།། བླ་མ་མ་བརྟེན་དེ་ལས ་འཁྲུལ།། ཀུན་རྫོབ་ཤུཀྲ་རྒྱུར་འདོད་པ། རྒྱུ་དང་འབྲས་བུ་འཁྲུལ་པའོ།། རྐྱེན་མེད་རྒྱུ་ཡིས་འབྲས་མི་བྱིན།། དེ་ཕྱིར་རྐྱེན་ནི་སྲང་མོ་བྱ།། ཡེ་ཤེས་རླུང་དང་ཡེ་ཤེས་མེ།། ལྷན་སྐྱེས་གཉིས་མེད་རྐྱེན་ཡིན་ཏེ།། ་ཉིད་སྤང་བར་མི་བྱ་ཞིང་།། ལས་ཀྱི་རླུང་དང་མེད་ཉིད་དང་།། གཞན་དུའང་དེ་ཉིད་སྦྱར་བྱ་དང་།། སྲིད་པ་ལེན་དང་བདེ་བ་ལེན།། ལས་མི་སྤང་ཞིང་བདེ་བ་ཡང་།། མི་སྤང་བ་ནི་བཞི་པའོ།། ལུས་དང་ལུས་ཀྱི་སྙིང་པོ་རྩ། གནས་དཔལ ་མི་སྤང་བ།། ལྔ་པ་དྲུག་པ་ཡིན་པར་འདོད།། དེ་ཉིད་ཕྱི་དང་ནང་དུ་ཤེས། ཕྱི་ནི་དབྱེ་བ་མ་སྤངས་པའོ།། སྣང་བ་དང་ནི་མུན་པའི་ཆ།། གང་བ་དང་ནི་སྟོང་པའི་ཆ།། འཕོ་བ་མ་སྤངས་བརྒྱད་པའོ།། རྒྱུ་ཡི་གནས་དང་འབྲས་བུའི་གནས། ་དེ་ཉིད་མི་སྤང་ཤེས་པར་བྱ།། རིན་པོ་ཆེ་ཡི་ཕོ་བྲང་དུ།། རྟེ་ནི་མི་སྤང་ཤུ་ཀྲ་གཟུང་།། གལ་ཏེ་དེ་རུ་མ་ཟིན་ན། ཤོར་བ་མི་སྤང་རོ་མར་བསྟིམ།། གཉེན་པོ་མི་སྤང་གཟུགས་སྐུ་གཉིས། མ་སྤངས་པ་ནི་བཅུ་གཉིས་པའོ།། ནོར་བུའི ་རྟེན་ལས་སྐྱེས་པ་ཡི།། བདེ་བ་ལ་རྟེན་དབང་པོ་ཡི།། སྒོ་བསྡུ་ངོ་བོ་མ་སྤངས་པའོ།། གོང་འོག་ཁྱད་པར་ཤེས་བྱས་ནས།། སྒྱུ་མས་གཉེན་པོ་མ་སྤངས་པའོ།། དགའ་བ་མཆོག་དགའ་ཤེས་བྱས་ཏེ།། སྔོན་དུ་འགྲོ་བ་མ་སྤངས་པའོ།། ་འཁོར་བ་ལུགས་ལས་བཟློག་བྱ་སྟེ། གནས་ནས་གནསུ་བཟློག་བྱེད་པ།། གནས་ཀྱི་ཁྱད་པར་མ་སྤངས་པའོ།། དེ་ཉིད་རིམ་པར་འཕོ་བྱེད་པ། བླ་མའི་བླ་མ་ལས་བརྒྱུད་ཤེས། འཁོར་བའི་འཇིག་ལྡོག་བྱེ་བྲག་ནི།། འཕོ་བ་མ ་སྤངས་རྣམ་པ་གཉིས།། ཡེ་ཤེས་མེ་ནི་ཆེར་འབར་བས།། ཕུང་པོ་འབྱུང་པོ་དབང་པོ་སོགས།། ཐད་བདུད་བརྩིར་གྱུར་པ་ནི།། རྐྱེན་གྱི་ཁྱད་པར་མ་སྤངས་པའོ།། ལུས་ཀྱི་བི་སྤུའི་བུ་ག་དང་།། བརྟན་དང་གཡོན་པའི་དངོས་པོ་ཀུན། ་བདེ་བའི་ངོ་བོར་གང་སྣང་བ།། ངོ་བོའི་ཁྱད་པར་མ་སྤངས་པའོ།། དེ་ཉིད་སྒྱུ་མའི་རང་བཞིན་མེད།། གཉེན་པོའི་ཁྱད་པར་མ་སྤངས་པའོ།། བཞིན་མཛེས་མིག་ཡངས་པག་རྒྱ་ནི།། ལྡན་པ་ཕྱག་རྒྱ་མ་སྤངས་པའོ།། ་དམ་ཚིག་ཆོས་ཀྱི་ཕྱག་རྒྱ་དང་།། དེ་ནས་ཡེ་ཤེས་ཕྱག་རྒྱ་ཆེ།། ཕྱག་རྒྱ། འི་ཁྱང་པར་མ་སྤངས་པའོ།། ཆགས་པའི་ཕྱག་རྒྱ་ལས་ཡིན། ཏེ།། དམ་ཚིག་ཆོས་ནི་མ་ནིང་གི། ཕྱག་རྒྱ་གཉིསུ་ཤེས་པར་བྱ།། ཡིས ་ཕྱག་རྒྱ་ཆེན་པོ་གཉིས།། གྲོལ་བའི་ཕྱག་རྒྱ་ཡིན་པར་འདོད།། ཕྱག་རྒྱའི་དབྱེ་བ་མ་སྤངས་པའོ།། དང་པོར་གསང་བའི་འཁོར་ལོར་ཏེ།། ཕྱི་ནས་རང་བཞིན་འཁོར་ལོར་ཡིན།། འཁོར་ལོའི་དབྱེ་བ་མ་སྤངས་པའོ།། དང་པོར ་གསང་བའི་གཏུ་མོ་སྟེ།། གཉིས་པར་རང་བཞིན་གཏུམ་མོ་ནི།། གཏུམ་མོའི་དབྱེ་བ་མ་སྤངས་པའོ།། ལས་ཀྱི་རླུང་དང་མེ་གཉིས་ནི།། ཀུན་རྫོབ་འཁོར་བའི་རྐྱེན་ཡིན་ཏེ།། ཡེ་ཤེས་རླུང་དང་མེ་གཉིས་ནི།། དོན་དམ་གཉིས་མེད ་ཡིན་ཏེ། རྐྱེན་གྱི་དདྲུབ་འམ་སྤངས་པའོ།། སྲིད་པ་བསྐྱེད་ཅིང་འཛག་པ་བདེ།། ཀུན་རྫོབ་ཤུ་ཀྲའི་ལས་ཡིན་ནོ།། སྲིད་པ་མི་ལེན་རང་རིག་སྐྱེས།། དོན་དམ་བྱང་སེམས་ལས་ཡིན་ནོ།། ལས་ཀྱི་དབྱེ་བ་མ་སྤངས་པའོ།། སྦྱོར་ཐབས ་རྩ་ནི་རྒྱས་པ་དང་།། ཁ་འབྱེད་པ་ཡི་ལས་ཡིན་ཏེ།། སྦྱོར་ཐབས་བཞི་ལ་མརྨོངས་པ།། འདི་ནི་མ་སྤངས་ཉི་ཤུ་བརྒྱད།། སྤྱི་ཐུན་ལས་ལས་གྲུབ་པ་ཡི།། མི་དྲུག་ལ་སོགས་གྲངས་ཀྱིས་བསྟེན།། རང་རིག་ཡིས ་གང་འདོད་པས།། བླ་མའི་དུས་ཐབས་ལེགས་བསྟེན་ཏེ།། མི་སྤང་ངེས་པའི་གདམ་ངག་བླང་།། འདི་ནི་རྡོ་རྗེ་འཆང་གི་རྒྱུ།། དེ་ལས་བྱུང་བ་ཁྱད་པར་འབྲས།། དང་པོར་མ་སྟེ་ཐིག་ལེ་དང་།། ཚུལ་དང་ཚུལ་ཅན་མཆོག་གཞན་མཆོག། འདི ་ཉིད་དེ་ཉིད་དྲུག་ཡིན་ཏེ།། དེ་ཉིད་དྲུག་ནི་ཙཎྜ་ལི། རེ་རེ་ལ་ཡང་བཞི་བཞི་སྟེ། ཙཎྜ་ལི་ནི་ཉི་ཤུ་བ་ནི། ར་ལི་ཉི་ཤུ་རྩ་བཞིར་ངེས།། ཕྱི་རུ་གནས་ནི་ཉི་ཤུ་བཞི།། སྤྱན་དང་ཕྱག་རྒྱའི་ཤུ་བ་ནི། ཙཎྜ་ལི་དང་ར་ལི་ཡི། ཕྱི་དང་ནང་དུ ་གྲངསུ་ངེས། ཧེ་ཧེ་དཔའ་བོ་རྡོ་རྗེ་འཆང་།། ར་ལའི་འཐུང་བའི་རྒྱུ་གང་ལེགས།། ར་ལིའི་ངོ་བོ་གང་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐུ་དང་ཕྱག་མཚན་རིགས་པ་ཀུན། ར་ལིའི་ངོ་བོ་དམན་པའི ་ལམ།། མཁའ་སྤྱོད་ས་སྤྱོདས་འོག་སྤྱོད།། སྒོ་གསུམ་ལ་གནས་ཁྱད་པར་གྱི།། ར་ལིའི་ངོ་བོར་གསུངས་པ་ཡིན།། དགའ་བ་བཅུ་དྲུག་རྟེན་དང་བཅས། ཟབ་པའི་ར་ལིའི་དི་བོར་བརྟག། རང་རིག་སྟོང ་པ་ཐབས་དང་བཅས།། མཐར་ཐུགས་ར་ཡིར་ཤེས་པར་བྱ།། ཨ་ནི་ཐོག་མར་མ་སྐྱེས་པ།། ལ་ནི་ནུབ་དང་སྤྱོད་བསྐྱེ།། ར་ནི་ཆགས་དང་རིན་པོ་མ།། རཱ་ལས་འདོད་ཆགས་ཁྲག་ཡིན་ཏེ།། ལ་ལས་ནེ་སྡང་ཁུ་བའོ།། ཨ་ལས ་གཏི་མུག་ཁུ་བ་སྟེ།། སེམས་ཅན་ར་ལིའི་རང་བཞིན་ཏེ།། ཡེ་ཤེས་ལྔ་དང་ས་བཅུ་སོགས།། ཀུན་ལ་ལྡན་པས་རོ་ལོར་གནས།། སྐུ་ཡི་ར་ལི་སྤྱི་བོ་ཡི།། གཙུག་ཏོར་དག་ལས་བྱུང་བའོ།། གསུང་ནི་ལྗགས་ཀྱི་དབང་པོ་ལས།། ་ཐུགས་ཀྱི་རའི་ཐུགས་ཀ་ནས།། བྱུང་བ་རྣམ་པར་ངེས་པའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། སྤྱན་རྣམས་ལ་ནི་རང་བཞིན་བྱུང་།། སྐུ་གསུང་ཐུགས་ཀྱི་གནས་ལ་སྟེ།། སྤྱི་བོ་ལ་སོགས་དག་ལས་བྱུང་།། ཕྱག་གི་མཐའི་ནས་རིམ ་བས་བྱུང་།། བླ་མའི་ཞལ་ནས་བླང་བར་བྱ།། བྱེ་བྲག་འབྱུང་བའི་སྒོ་ཡིན་ཏེ། ཧེ་ཧེ་སེམས་ཅན་སངས་རྒྱས་ཀྱི།། རང་བཞིན་ས་དང་ལམ་ལྡན་སྟེ།། ཟླ་བ་བཅུ་སོགས་ས་སོགས་ནི།། བརྫུས་སྐྱེས་ལ་སོགས་ཇི་ལྟར་ལགས།། འོན་ཏེ ་སངས་རྒྱས་མིན་ནམ་ཅི།། སེམས་ཅན་ཐམས་ཅད་གདོད་མ་ནས། སངས་རྒྱས་ཡིན་པར་གསུངས་པ་སྟེ།། བརྫུས་སྐྱེས་སྒོང་སྐྱེས་དྲོད་གཤེར་སོགས།། སེམས་ཀྱི་གནས་བཅུ་ས་བཅུ་སྟེ།། རྣམ་ཤེས་བརྒྱད་ནི་བྱང་ཆུབ་ལྔ། ་མཁན་པོ་སེམས་ཀྱི་རྒྱལ་པོ་སྟེ།། རང་བཞིན་དག་པ་ཆོས་གོས་ཡིན།། རང་བཞིན་གནས་པ་ཁ་སྤུ་བྲེགས།། ཨོཾ་དང་ཧཾ་གཉིས་སྔགས་ཀྱི་དོན།། ཐད་སེམས་ལ་གནས་པ་སྟེ།། སེམས་མེད་སངས་རྒྱས་མ་ཡིན་ཏེ།། ངམ་གྲོག ་ལ་སོགས་བེམས་པོ་ཡི། སེམས་ཉིད་སངས་རྒྱས་ཡིན་པའི་ཕྱིར། སེམས་ཅན་སངས་རྒྱས་རང་བཞིན་ནོ།། རྒྱུ་དང་འབྲེས་བུའི་ཚུལདང་ཡང་།། བག་ལ་ཉལ་དང་ཀུན་ཏུ་རྒྱུ། ནུས་པའི་ཚུལ་དང་མངོན ་སུམ་ཚུལ།། གཟུགས་ཅན་གཟུགས་མེད་མཁས་པས་བརྟག། ས་ངས་རྒྱས་སེམས་ཅན་དེ་བཞིན་ནོ།། དེ་ལྟར་སེམས་ཅན་སངས་རྒྱས་པས།། ར་ལི་སེམས་ཅན་རང་བཞིན་ཕྱིར།། ལུས་ལ་སྐུ་ཡི་ཕྱག་རྒྱས ་གདང། ངག་ལ་གསུང་གི་ཕྱག་རྒྱས་གདབ།། སེམས་ལ་ཐུགས་ཀྱི་ཕྱག་རྒྱས་གདབ།། སྐུ་གསུང་ཐུགས་ཀྱི་རང་བཞིན་དུ།། དངོས་པོ་རོ་མཉམ་གྱུར་པ་ལས།། སངས་རྒྱས་སེམས་ཅན་ག་ལ་ཡོད།། དམན་དང་གྱོ་ནོམ་གལ ་ཡོད།། འཁོར་བ་ཡོངསུ་ཤེས་པ་ལ།། མྱ་ངན་འདས་ཞེས་དེ་ལ་བརྗོད།། ཐམས་ཅད་འཇིགས་དང་རྣམ་རྟོག་སྤོང་།། འདི་ལ་ཐམས་ཅད་ངོ་མཚར་གྱིས།། ལེགས་པར་གཏད་ཀྱིས་དམ་དུ་སྤོས།། དེའི་ཚེ་འཁོར་འདུས་པ་ཐད ་ངོ་མཚར་དུ་གྱུར་ཏེ་མི་སྣང་བར་གྱུར་ཏོ།། དཔལ་རིན་ཆེན་འབར་བའི་རྒྱུད་ཀྱི་རྒྱལ་པོ་རྫོག་སོ།། ། རྣལ་འབྱོར་མ་ཟླ་བའི་ཕྲེང་བ་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་