CLOSE WINDOW

L274: dpal zla ba'i phreng ba'i rgyud kyi rgyal po
Wyliee-texts produced with BDRC’s OCR application

གསང་བ་རྨད་དུ་བྱུང་བ་རྫོག་སོ།། །། སིང་ག་གླིང་གི་རྣལ་འབྱོར་མ་ཙནྡྲ་མཱ་ལེ་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། @#།། རྒྱ་གར་སྐད་དུ། ཤྲཱི་ཙནྡྲ་མཱ་ལ་ཏནྟྲ་རཱཿ ་བོད་སྐད་དུ། དཔོལ་ཟླ་བའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། ཀྱེ་ཧོ་མགོན་པོ་རྡོ་རྗེ་ཅན།། སྒྲོལ་མ་ཉི་ཤུ་རྩ་བཞི་ཡི།། ངེས་པ་གང་ལགས་ཚད་གང་ལེགས།། རང་བཞིན ་གྲུབ་པ་ཇི་ལྟར་ལགས།། མགོན་པོས་བདག་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་བཞིན་གྲུབ་པ་སྒྲུབ་འདོད་པ།། བླ་མའི་བཀའ་དྲིན་ལེགས་མནོས་ཏེ། དུར་ཁྱོད་ལ་སོགས་སུ ་ཕྱོགསུ།། བར་ཆད་གསུམ་མེད་ཡོན་ཏན་ལྡན།། བརྟགས་པ་ལས་དང་པོ་ཡི་གནས།། གང་ཟག་མཆོག་ལ་བརྟག་ཏུ་མེད།། ཡོན་ཏན་ལྡན་པའི་སར་འཇུག་སྟེ།། བླ་མེད་སེམས་གཟུང་རྣལ་འབྱོར་པས།། སྒོ ་གསུམ་ངལ་བའི་ཚད་བརྟག་སྟེ།། བཅིང་བ་གསུམ་ནི་ངེས་བསྒོམས་པས།། སྐྱེ་བ་གཅིག་གིས་འགྲུབ་པར་ངེས།། དབུགས་བཅིང་ཀུན་རྫོབ་སྣ་རྗེ་ཡིན།། ཡིད་བཅིང་སོར་བཞིན་ན་མཁའི་ཁམས།། སེམས ་བཅིང་རང་རིག་བསམ་མི་ཁྱབ།། རྒྱུ་རྐྱེན་ལས་ནི་སྣ་ཚོགས་ལ། ས།། སེན་མོས་པ་སྣ་ཚོགས་འབྱུང་།། དེ་དག་བཅིང་གསུམ་དག་ད་བ་ཡིས། སོན་བཅིངས་ལས་ངེས་པར་གྲོལ།། བླ་མའི་ཞལ་ནས ་ཤེས་པར་བྱ།། འདུ་ཤེས་གསུམ་གྱི་ཆ་ལས་གྲོལ།། ཐིག་ལེ་ཆ་གསུམ་ཕྲ་མོ་ནི།། ཡན་ལག་ལྔ་ལྡན་འབྱུང་བའི་རིམ།། སྒྲ་དང་རང་རིག་རེ་རེར་སྣང་།། སྟོང་ཉིད་ཐབས་དང་ཤེས་རབ་ཚུལ།། ་ས་དང་ལམ་སོགས་རིམ་པ་ཀུན།། རང་བཞིན་གྱིས་གནས་མཁས་པས་སྦྱར།། དེ་ནས་སྒྲོལ་མའི་ཚད་བསྟན་ཏེ།། ཚད་ནི་སྤྱི་དང་བྱེ་བྲག་སྟེ།། བརྒྱ་ཕྲག་གཉིས་དང་བཅུ་གཉིས་དང་།། ཡི་གེ་གསུམ་ལས་ངེས ་འབྱུང་བ། གསང་བ་གཅོད་པའི་རྒྱུད་ཀྱི་ཚད།། བརྒྱ་ཕྲག་གཅིག་དང་སུམ་ཅུ་ལྔ།། ཡི་གེ་བཅུ་དགུ་ལས་བྱུང་བ།། རིན་ཆེན་ཕྲེང་བའི་ངེས་པའི་ཚངད་།། བརྒྱ་ཕྲག་གཅིག་དང་སུམ་ཅུ་བཞི།། མི་འགྱུར ་བཅུ་གསུམ་ལས་བྱུང་བ། སྐུ་གསུང་ཐུགས་ཀྱི་སྒྲོན་མའོ།། བརྒྱད་ཅུ་རྩ་ལྡིའི་ཡི་གེ་བཞིས།། མཚང་བ་ལས་གང་འགྱུར་བ།། གསང་བ་བསམ་གྱིས་མི་ཁྱབ་པའོ།། བརྒྱད་ཅུ་རྩ་གཉིས་ཡི་གེ་གཅིག ་། རིན་ཆེན་འབར་བའི་ལྗང་ཚང་ངོ་།། སུམ་ཅུ་རྩ་གཅིག་ཡི་གེ་ནི།། ཉི་ཤུ་རྩ་གཉིས་ལས་བྱུང་བ། ན་མཁའ་མཉམ་པའི་ཚད་ཡིནོ།། དྲུག་ཅུ་རྩ་དྲུག་ཡི་གེ་དྲུག་དམ་ཚིག་ཆེན་པོའི་རྒྱུད་ཀྱི་དང་།། དྲུག་ཅུ ་ཡི་གེ་ཉི་ཤུ་གཅིག། གསང་བ་རྡོ་རྗེར་རབ་ཏུ་གྲགས།། དྲུག་ཅུ་རྩ་གཉིས་མི་འགྱུར་བ།། བཅུ་དྲུག་སྟོབས་པོ་ཆེ་ཡི་ཚད།། བཞི་བཅུ་རུ་གཅིག་ཡི་གེ་ལྔ།། ན་མཁའ་ཆེན་པོའི་ཚད་ཡི་ནོ།། དྲུག་ཅུ་རྩ་དྲུག་ཡི་གེ་དྲུག། ཡ ་ཤེས་འབར་བའི་ལྗང་ཚ་དོ།། སུམ་ཅུ་རྩ་དྲུག་ཡི་གེ་དགུ། ཡེ་ཤེས་ཕྲེང་བའི་ཚད་ཡིན།། སུམ་ཅུ་རྩ་བཞི་ཉི་ཤུ་བ་ནི།། མཁའགྲོ་གསང་བའི་ཚད་ཡིནོ།། སུམ་ཅུ་རྩ་བཞི་བཅུ་བཞི་དག། མེ་ཡི་ཕྲེང་བའི་ཚད་ཡིན།། ཉི་ཤུ ་རྩ་གཉིས་བཅོ་བརྒྱད་དག། ཡེ་ཤེས་རྒྱལ་པོའི་ལྡང་ཆད་དོ།། བདུན་ཅུ་རྩ་བརྒྱད་རྐང་པ་བྱེད།། ཆགས་པའི་རྒྱལ་པོའི་ཚད་ཡིན་ནོ།། ཚིག་སུ་བཅང་པ་ཉི་ཤུ་ལྔ།། ཡེས་བསམ་པའི་ལྡང་ཚ།། དགུ་ཅུ་གོ་བརྒྱད ་ལས་བྱུང་བ།། ཡིས་གསང་བའི་ཚད་ཡིན་ནོ།། ཉི་ཤུ་ཐམ་པ་ག་ང་ཡིན་པ།། གསང་བ་རྡོ་རྗེ་རྒྱལ་པོའི་ཚད།། བརྒྱ་དང་ཉི་ཤུ་རྩ་གཉིས་ནི།། རྡོ་རྗེ་རྒྱལ་པོར་ལིའི་ཚད།། ལྔ་བཅུ་རྩ་གསུམ་ཡི་གེ ་བཅུ།། དུར་ཁྲོད་བརྒྱན་གྱི་ལྡང་ཚད།། སུམ་ཅུ་རྩ་གསུམ་ཡི་གེ་ནི།། བཅུ་དྲུག་མཁ་འགྲོ་མ་སྡོམ་ཆད།། ལྔ་བཅུ་ཡི་གེ་བཅོ་ལྔ་ལས།། བྱུང་བ་གསང་བ་བདུད་རྩིའི་རྒྱལ།། བཞི་བཅུ་ཡི་གེ་ཉི་ཤུ་བཞི།། ཉི་མའི ་འཁོར་ལོའི་གཞུང་ཚད་དོ།། སུམ་ཅུ་ཡི་གེ་བཅུ་དྲུག་ལས།། བྱུང་བ་ཟླ་བའི་ཕྲེང་ཚ།། དེ་ནས་ངེས་པར་བཤད་བྱ་སྟེ།། གསང་བའི་འཁོར་ལོ་གང་སྟོན་པ།། གསང་བའི་རྡོ་རྗེའི་དམ་ཚིག་དག། སྙན་པ་དམ་ཆག ་དག། སྟོན་པ་དམ་ཚིག་ཆེན་པོ་རངས།། དགྲ་དྲུག་སྟོན་པ་སྟོབས་པོ་ཆེ།། དབང་བཞི་དགག་སྒྲུབ་གསང་བ་གཅད།། རང་རིག་དེ་སྟོན་བསམ་མི་ཁྱབ།། ཡི་གེ་གསུམ་སྟོན་རིན་ཆེན་འབར།། སྒོ་གསུམ་ལམ་སྟོན། ་ནམཁའ་མཉམ། བཅོམ་ལྡན་ལ་སོགས་ཐེ་ཙོམ་མེད།། སྟོན་པ་ན་མཁའ་ཆེན་པོ་སྟེ།། དབང་བཞིའི་དེ་ཉིད་གང་སྟོན་པ།། ཡེ་ཤེས་གསང་བའི་རྒྱུད་དུ་ངེས།། ལྷ་སྤྱོད་རྨད་དུ་གང་བྱུང་བ།། སྟོན་པ་ཡེ་ཤེས་ཕྲེང ་བར་ངེས།། གླེང་བསླབ་རྣམ་པ་ལྔ་ཡི་དེན།། སྟོན་པ་མཁའ་གྲོ་གསང་བའི་རྒྱུད།། ཧེ་རུ་ཀ་དཔལ་གང་སྟོན་པ།། མེ་ཡི་ཕྲེང་བའི་རྒྱུད་དུ་གྲགས།། དབང་གསུམ་དོན་ནི་གང་སྟོན་པ།། སྐུ་གསུང་ཐུགས་ཀྱི་རལ ་ངེས།། སྣང་བཅུད་རིན་ཆེན་སྟོན་བྱེད་པ།། རིན་ཆེན་ཕྲེང་བའི་ར་ལི་ར་ངེས། ལྷན་ཅིག་སྐྱེས་སྟོན་ཡེ་ཤེས་བསམ།། རྡོ་རྗེ་རྙོག་པ་མེད་པའོ།། ལྷ་ཡི་དེ་ཉིད་གང་སྟོན་པ།། ཆགས་པའི་རྒྱལ་པོ་ར་ལིར་ངེས།། ངེས་པ་ལྔ་སྟོན་རྡོ་རྗེ ་རྒྱལ།། རི་གི་ཨ་ར་ལི་ཞེས་གྲགས།། དུར་ཁྲོད་བརྒྱད་སྟོན་དུར་ཚྭ། བྱེད་རྒྱན། དམ་ཚིག་སྡོམ་པ་མཁ་འགྲོ་གསུམ།། སྟོན་པ་མཁའ་གྲོ་སྡོམ་པའོ།། དཀྱིལ་འཁོར་ལ་སོགས་དྲུག་སྟོན་པ།། གསང་བ ་བདུད་བརྩིའི་རྒྱལ་པོའོ།། འཁྲུལ་པ་འཁྲུལ་བཞི་དེ་བསད་པ།། གསུམ་སྟོན་ཡེ་ཤེས་རྒྱལ་བའི་རྒྱུད། མ་སྤངས་དེས་སྟོན་ཉི་འཁོར་ལོ།། ཆད་དེ་ས་སྒྲུབ་གསུམ་སྟོན་ཟླ་ཕྲེང་།། རྒྱུད་སོགས་ལྔ་སྟོན་ཡིས་འདྲ ་དེ་ནས་འཁོར་ཐང་དགའ་ནས་རྒྱུད་ཐ~ཾད་ཀྱི་དོན་ལ་ཡི་རང་བར་གྱུར་ཏོ།། དཔལ་ཟླ་བའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ་རྫོག་སོ།། །། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར ་བའོ།། @##།། རྒྱ་གར་སྐད་དུ། ཤྲཱི་རཏྣ་ཛྭ་ལ་ཏནྟ་རཱ་ཛ་ན་མ་བོད་སྐད་དུ། དཔལ་རིན་ཆེན་འབར་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ།། ཧེ་ཧེ་རྡོ་རྗེ་སྙིང་པོ་དང་། ་