| Wylie | e-texts produced with BDRC’s OCR application |
མང་འགྲོ་མ་དྲ་བའི་སྡོམ་བསྐུ་གསུང་ཐུགས་ཀྱི་རྒྱུད་ཀྱི་རྒྱལ་པོ་རྫོག་སོ།། པཎྜི་ཏ་ག་ཡ་དྷ་ར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། @#།། རྒྱ་གར་སྐད་དུ། ཤྲཱི་རཏྣ་མཱ་ལོ་ཏནྡ་རཱ་ཛ། བོད་སྐད་དུ། ་དཔལ་རིན་ཆེན་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ།། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལོ།། ལྷ་མོས་གསོལ་པ་རྡོ་རྗེ་འཛིན།། དཔལ་ལྡན་འཁོར་ལོ་སྡོམ་པ་རུ།། རིན་ཆེན་ཕྲེང་བའི་དོན་མ་རྟོགས།། ཁྱེད་ཀྱིས་བདག་ལ་བཤད་དུ་གསོལ།། བཅྡོཾས ་ཀྱིས་བཀའ་སྩལ་པ། ཉོན་ཅིག་ལྷ་མོ་སྤྱན་བཟང་རིང་།། དཔལ་ལྡན་འཁོར་ལོ་སྡོམ་པ་རུ། མ་གསུངས་ང་ཡིས་ཁྱོད་ལ་བེ་ཤད། རིན་པོ་ཆེ་ནི་རྣམ་པ་གསུམ།། དེ་ཡི་ཕྲེང་བའང་རྣམ་པ་གསུམ། དང་པོ་སྣོད་ཀྱི་རིན་པོ་ཆེ།། ་གཉིས་པ་བཅུད་ཀྱི་རིན་པོ་ཆེ། སྣོད་བཅུད་གཉིས་དང་རང་བཞིན་བྲལ།། ། དེ་ནི་རིན་ཆེན་གསུམ་པ་ཡིན།། ལྷ་མོས་གསོལ་པ་བཅོམ་ལྡན་འདས། རྣམ་པ་གསུམ་དུ་གསུངས་པ་ལས།། དེ་རྣམས་རིན་ཆེན་ཇི་ལྟར ་ལགས།། དེ་ཡི་ཕྲེང་བ་ཇི་ལྟར་ལགས།། དེ་རྣམ་སུ་ཡི་སྤྱོད་ཡུལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་པོ་སྣོད་ཀྱི་རིན་པོ་ཆེ།། རྣམ་པ་ལྔ་རུ་ཤེས་པར་བྱ། ཀ་ཀ་རུ་ནི་དཀར་ངོ་ཆེ། མི་བསྐྱོད་པ་ཡིས་བྱིན་རླབས་ཏེ། ་དབྱིབས་ནི་ཟླ་གམ་ལྟ་བུ་ལ།། རབ་ནི་ངང་བའི་སྒོ་བཙམ།། འདི་ནི་རིན་ཆེན་འབར་བ་སྟེ། བ་དཀར་ར་དཀར་ལུག་དཀར་མོའི།། འོ་ས་སྐུ་ཞིང་སྤངས་པ་དང་།། མི་བསྐྱོད་པ་ལ་མཆོད་པར་བྱ།། དེ་ནས་སྤྱི་བོར་གདགས་པའོ།། མཆོད་པའི ་བྲག་ཀུན་ལ་བྱ།། ཤར་གྱི་གདོན་རྣམས་ཐུབ་པ་དང་། གང་ལ་ཡོད་པ་དེ་ལ་སྐྱོབ། འབྲིང་ནི་གཞན་སྐྱེས་སྦོམ་པོ་ཅས། འདི་ནི་རིན་ཆེན་དགེ་བ་སྟེ། དངུལ་སྐུ་རྣམ་པ་གཉིས་བླུགས་ལ། བྱིན་གྱིས་རྫས་རྣམས་ཚང་བ་དང་། ཥ ་། ཡི་ནང་དུ་གཞུག་པ་སྟེ།། རོ་མི་འཁོར་ལོ་ལྕེས་མནན་ལ།། དེ་ནས་དལ་གྱིས་བསྐྱོད་པ་དང་།། གསང་བའི་རྡོ་རྗེ་སྣ་རྩེ་རུ།། བདེ་བ་ཆེན་པོ་སྐྱེས་ཙམ་ན།། རོ་མའི་འཁོར་ལོར་དོག་པ་མནན།། དཔེར་ན་སྤྲུལ ་གྱི་ཤ་ཟོས་པ། མགོ་བོ་མནན་པས་ཕྱི་རུ་འཐུང་།། དེ་བཞིན་མནན་པས་བྱང་ཆུབ་སེམས།། སྣ་རྩེ་ལས་ཀྱང་གྱེན་ལ་ལྡོག། ཏིལ་དང་ཏིལ་མར་བཞིན་དུ་གནས། ཁྱད་པར་བདེ་བ་གྱེན་ལ་སྐྱེ།། བདེ་བ་སྟེར་ཕྱིར ་རིན་པོ་ཆེ།། དེ་ཡི་ཕྲེང་བ་དུ་མ་རབཤད།། ཐ་མ་སྐྱེས་པའི་ཁྲོ་མོ་ཙམ།། ཨེ་རན་ལ་སོགས་སྨན་ལྔ་དང་།། སྤྱི་བོའི་གཙུག་ཏུ་བཏགས་གྱུར་ན། ལུས་ཀྱི་གཉེར་མ་ཟད་པར་བྱེད།། དེ་ནས་ཡང་དག་གཉིས་པ་ཡོང་།། ་རླུཪྻ་ནི་སྔོན་པོ་སྟེ།། རིན་ཆེན་འབྱུང་ལྡན་བྱིན་རླབས་ཏེ།། དབྱིབས་ནི་སོགས་ཀ་ལྟ་བུ་སྟེ། རབ་ཀྱི་ཚད་ནི་གླང་པོའི་མིག།། འདི་ནི་རིན་ཆེན་མྱུར་གུ་སྟེ།། ངང་བའི་སྒོ་ང་ལྡོང་རོས་དང་།། སྤང་ཤ་མ་དང་གསུམ ་སྦྱར་ནས། དེ་གདུགས་རྣ་བ་གཡསུ་གདགས། ལྷོ་ཡི་གདོན་ན། མས་ཐུབ་པར་གསུངས།། གང་ལ་ཡོད་པ་དེ་ལ་སྐྱོབ།། འབྲིང་ནི་ངང་པའི་སྒོང་ཙམ།། འདི་ནི་རིན་ཆེན་ཨེ་རན་ད།། ག་པུར་རཀྟ ་དངུལ་ཞུག་སུམ།། དེ་ཡི་ནང་ཐུགས་ལྕེ་ནག་ཏུ།། གྱེན་ནུར་གཉིས་ནི་སྣ་དང་འཇུག། དེ་མོས་བྱང་ཆུབ་སེམས་བཟུང་སྟེ།། འགལ་མའི་འཁོར་ལོ་བཞིན་དུ་གནས། ཐ་མ་བྱེའུ་སྒོང་ཆད་ཙམ། ཨ་རུངང་སྒྱུ་རུ། ་བ་རུར་དང་ལྡོང་རོས་རྣམས། བསྲེས་ཏེ་ལུས་ལ་ཐུག་བསྐུས་ཏེ།། འདི་ནི་དྷན་དྷ་ཀས་པུ་ར།། ལུས་ཀྱི་སྲིན་བུ་ཁྱེར་བར་བྱེད།། དེ་ནས་ཡང་དག་གསུམ་པ་ཡང་།། པདྨ་ར།། དམར་པོ་སྟེ།། དབྱིབས་ནི་ཟླུམ་པོ་ལྟ་བུལ། ་འོདོད་དཔག་མེད་ཀྱི་བྱིན་རླབས་ཏེ། རབ་ནི་ཀར་ཤ་པ་ནི་སྟོང་།། གུར་གུམ་ག་པུར་ལྔ་སྦྱར་ལ།། དེ་ལ་བསྐུ་ནིང་ཐུག་བྱའོ།། ལྟེ་བའི་དབུསུ་བཞག་ལ་བཅིང་།། འདི་ནི་རཏུ་ཀེ་རུ་ར།། ནུབ་ཀྱི་གདོན་རྣམས་ཐུབ་པར། ་བསུངམ། འབྲིང་ནི་ཀར་ཤ་པ་ནི་སྟེ། འདི་ནི་ཧྭཱ་ཀ་ར་སྟེ། མར་དང་ས་ལེ་སྦྲམ་དང་ལྡན། འོནོ་རུ་བྱས་པའི་བསུ་མུ་རྣམས།། དེ་ཡི་ན་ཐུགས་ལྟེ་བར་མནན།། འདི་ཡིས་བྱང་ཆུབ་སེམས་གཟུང་སྟེ།། ཆུལ་ཆུབ་ནས ་ཇི་བཞིན་ནོ།། ཐ་མ་ཀར་ཤ་པ་ནི་སྟེ།། འབྲས་བུ་གསུམ་དང་རུ་རྟ་དང་།། མར་གྱི་སྙིང་པོ་ང་སྒྱུར་ཏེ།། སྤྱི་བོའི་གཙུག་ཏུ་སྒྲུ་བ་དང་།། འདི་ནི་རཏྣ་བདེ་བསར།། སྐྲ་དཀར་མེད་པར་བྱེད་པའོ།། དེ་ནས་ཡང་དག་བཞི་པ་ཡང་། ་དེ་ནི་མ་རྒད་སྡང་ཀུ་སྟེ།། དབྱིབས་ནི་གྲུ་བཞི་ལྟ་བུ་སྟེ།། དོན་ཡོད་གྲུབ་པར་བྱིན་རླབས་ཏེ།། རབ་ནི་བཙོན་དུ་བྱུག་པ་ཙམ།། འདི་ནི་རཏྣ་ག་ག་ནི།། རྩ་བ་ལྔ་དང་ཡན་ལག་བཅས།། བསྐུས་ལ་རྣ་བ་གཡོན་དུ་གདགས།། འདི་ཡིས ་བྱང་གི་གདོན་རྣམས་ཐུའོ།། བྲིང་ན་བྱ་མོ་སྒོང་ཅམ། མ་ཧཱ་ག་ཨུ་མ་།། གཉིས་ཀྱིག་པུར་ར་མས།། ཐུགས་ལ་ལྟེ་བའི་ནང་དུག་ཏུ་དེ།། ག་པུར་སི་སྒྲ་གཉིས་ཀ་འཛིན།། ཐ་མ་གཞན་སྐྱེས་སྒྲ་ང་ཅམ། ་ལྡོང་རོས་སེར་པོ་གསེར་དང་གསུམ།། མན་ཆ་གཅིག་ནི་བྱིན་ནས་ནི།། འདི་ནི་ཨེ་རུ་ན་སྟེ། སྲིན་བུ་མི་སྐྱེ་བ་དེ་དང་ལྡན།། འདི་ནིར་ས་ན་ད་ཧ།། དེ་ནས་ཡང་དག་ལྔ་པ་ཡང་།། ཁ་དོག་དབྱིབས་ནི་དུ་མ ་སྣང་།། རྣར་སྣང་མཛད་བྱིན་རླབས་ཏེ།། དོན་རྣམས་སོ་སོ་དུ་མ་བྱེད།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། མ་འོང་སོ་སོ་སྐྱེ་བོ་ཡིས།། རིན་ཆེན་གནས་རྣམས་གང་ནས་བཙལ།། རིན་ཆེན་མི་འཚལ་ཇི་ལྟར་ལགས།། རིན ་ཇོ་ཆེ་ནི་ཇི་ལྟར་བརྟག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱ་མཚོ་ཆེན་པོའི་ཕྱི་རོལ་ན།། རིན་པོ་ཆེ་ཡི་གླིང་ཡོད་དོ།། དེ་ཡི་གནས་ནས་བཅལ་བར་བྱ།། གཞན་ཡང་རིན་ཆེན་གནས་རྣམས་ནི།། གསེར་དངུལལ ་སོགས་རྡོ་རྣམས་ཀྱི།། གནས་ནི་ཀུན་ན་ཡོད་པར་གསུངས།། རིན་ཆེན་ཤེས་པ་རྣམ་པ་ལྔ།། དང་པོར་རྒྱུད་རྣམས་ཐཾད་ལ།། རྨོངས་པ་མེད་པས་ཤེས་པ་དང་། བླ་མའི་མཁག་ཤེས་པས་ཐོབ།། གཉིས་པ་རྣལ་འབྱོར ་། བཅས་པས་ཤེས།། གསུམ་པ་རྒྱུད་ཀྱི་མན་ངག་ལ། ཞུགས་པའི་ཚོང་དཔོན་ཆེན་པོས་ཤེས།། བཞི་པ་ཡོན་ཏན་ཀུན་ལྡན་པའི།། རྒྱལ་པོ་ཆེན་པོ་དེས་ཤེསོ།། ལྔང་རྣལ་འབྱོར་མཁས་པ་དང་།། རྒྱལ་པོ་དང་ནི་འབྲེལ་པ་ཡིས། ་གསེར་མགར་མ་ཁྲ་པཱ་རྟོགས་པར་འགྱུར།། ལྷམས་གསོལ་པ་བཅོམ་ལྡན་འདས།། དང་པོའི་མན་ངག་ཇི་ལྟར་ཡིན།། གཉིས་པ་རྣལ་འབྱོར་ཇི་ལྟར་ལགས།། གསུམ་བརྒྱུད་ནི་ཇི་ལྟར་ལགས།། བཞི་པའི་ཡོན་ཏན་ཇི་ལྟར་ལགས། ལྔ ་པ་འབྲེལ་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་པོ་མན་ངག་ཤེས་པ་ཡང་།། རིན་ཆེན་ངོ་བོ་གཅིག་ཉིད་ལ། ཡོན་ཏན་དུ་མར་ཤེས་པ་སྟེ། དཔེར་ན་རྫས་ཀྱི་པ་ལམ་བཞིན།། ཆུ་ལ་མི་འབྱིང་འཇིགས་ལ་སོགས ་དུ་མ་ཤེས་པ་མན་ངག་ཡིན།། རྣལ་འབྱོར་ཤེས་བརྩེ་གཅིག་སྟེ།། དེ་ཡིས་ཐམས་ཅད་ཤེས་པ་ཡིན།། རྒྱུད་ཀྱི་དོན་ནི་ཤེས་པ་ཡི།། ཚོང་དཔོན་དེ་ཡི་སྲ་ཤེས་པ་ཡིན།། སྔགས་དང་རྒྱུད་ལ་སོགས་པ་ཡི།། ཡོན་ཀུན་ལྡན་རྒྱལ་པོ ་ཤེས།། རྒྱལ་པོ་རྣལ་འབྱོར་དང་འབྲེལ་བའི།། ས་འོག་གསེར་གྱི་བླངས་པས་ཤེས།། གསེར་མགར་དེ་ཡིས་ཤེས་པའོ།། བརྟག་པ་རྣམ། པ་གཉིས་ཡིན་ཏེ།། མངོན་སུམ་དང་ནི་མཚན་མ་སྟེ།། རྡོ་རྗེ་པལམ་ལ ་སོགས་དང་།། ཨེ་རན་དྷ་ལ་སོགས་པ་ཡི།། མངོན་སུམ་གཏན་ལ་ཕབ་པ་ཡིན།། མ་ཧཱ་ནི་ལ་ལ་སོགས་པ། གདོན་རྣམས་ཐུབ་ཅིང་ལྷ་རྣམས་སྐྱོབ།། དམ་ཚིག་ཉམས་པ་གསོ་བ་དང་།། ཚེ་རྣམས་རིང་བ་ལ་སོགསོ།། དང་པོར་གདོན་གྱི ་མཚན་མ་ནི།། མཁས་པས་བརྟག་ཅིང་ཤེས་པར་བྱ།། དེ་ནས་རྟེན་གྱི་མཚན་མ་ལ།། དེ་ཉིད་ཆོ་ག་ཚུལ་བཞིན་བྱ།། དེ་ནས་ཆུ་མིག་གཙང་མ་རུ།། གཏོར་མ་བཏང་ལ་ཆུ་གཙང་བླང་།། གསེར་དངུལ་སྣོད་དུ་ཆུ་བླུགས་ལ།། ལྷ་འམ ་ཀླུ་འམ་གནོད་སྦྱིན་སོགས།། མཚན་མ་གཉིས་ཀྱི་མཎྜ་ལ། རྣལ་འབྱོར་པ་ཡིས་བཞག་པར་བྱ།། གོམ་པ་གསུམ་གྱིས་བཅད་པར་བྱ།། གཡོན་གྱི་མཎྜལ་ཐོབ་ཏུ་ནི།། ཆུ་ཡི་ནང་དུ་མེ་ལོང་བཞག། བྱི་རུ་གི་ཏེར་མ་ཆག་ཅིག་བཞན ་ནང་དུ་སོལ་བ་དག་ངོས་བཅད།། དེ་རུ་ཚོགས་དང་བཀྲ་ཤིས་བནག། རྣལ་འབྱོར་ཡན་ལག་ཁྲུས་བྱས་ལ། ལྷ་ཡིནལ་འབྱོར་རྫོགས་པ་དང་། ཁྲོ་བོས་དྲག་ཏུ་མཚམས་བཅད་ལ། སྦོམ་པོ་ཁྲོ་མོ་ལྷར་སྒོམ།། དེ་ཡིས་རིན་ཆེན་དང་པོ་གཟུང་། ་དེ་ནས་སོར་བ་ནི་འཕྱང་དུ་བཞུག། ཐུབ་པ་མ་མི་ཐུབ་ལ་སོགས་པ། མཁས་པས་བརྟགས་ཤིང་ཤེས་པར་བྱ།། དབྱིངས་དང་ཁ་དོག་རིན་པོ་ཆེ།། ཡོན་ཏན་མེད་པག་ལ་སྲིད།། དཔེར་ན་བུ་གཅིག་སྐྱེས་གྱུར་ན།། པ་མེད་པ་ཡང་ག ་ལ་སྲིད།། དེ་བས་མཁས་པས་བརྟག་པར་བྱ།། ལྷ་མོས་གསོལ་བ་བཅོམ་ལྡན་འདས།། གསེར་དངུལ་ལ་སོགས་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསེར་ནི་རྣམ་པ་གཉིས་ཡིན་ཏེ།། རང་བཞིན་དང་ནི་གཟོར ་བྱས་ཡིན།། རང་བཞིན་གྱིས་ནི་འཆི་བ་སླུ།། བཟོ་བྱས་པ་ནི་རྣམ་པ་གཉི་ས། གསེར་འགྱུར་གསེར་གྱི་རྒྱན་ཡིན་ཏེ།། བརྡར་བའི་ལམ་ནི་སྲིད་ལམ་འགེགས།། ལོ་དང་ཟླ་བ་ཟླ་བ་བྱེད།། མཁས་པས་བརྟགས་ཤིང ་ཤེས་རབ་བྱ།། དངུལ་ལ་སོགས་པའངང་བཞིན་ཏེ།། མདོར་ན་སྣང་ནི། ང་སྲིད་པའི་རྫས།། ཐམས་ཅད་རིན་པོ་ཆེ་ཡིན་ཏེ།། མན་ངག་ཅན་གྱིས་ཤེས་པར་འགྱུར།། དེ་ནས་བཅུད་ཀྱི་རིན་པོ་ཆེ།། ལུས་ཀྱི་རི་རབ ་ལྷུན་པོ་ལོ།། རིན་ཆེན་གསེར་གྱི་དབྱེ་བ་ཡང་།། ཐབས་དང་ཤེས་རབ་རིན་པོ་ཆེ།། ཤེས་རབ་རྩ་ཡི་རང་བཞིན་ཏེ།། ཐབས་ནི་བྱང་ཆུབ་སེམས་ཡིན་ནོ།། དམར་དང་དང་བ་ཤེས་རབ་སྟེ།། དཀར་དང་དང་བ་ཐབ་སུ་གསུངས། ཨ་བ་དྷཱ ་ཏི་རིན་ཆེན་ལས།། ཐིག་ལེ་དུམ་ཕྲེང་བ་ཡིན།། ལྷ་མོས་གསོལ་བ་བཅོམ་ལྡན་འདས།། ཨ་བ་དྷཱ་ཏི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨ་བ་དྷཱུ་ཏིའི་རང་བཞིན་ལས།། སྟེང་དུ་སྒོ་ལྔ་ཡང་དག་གནས། ་བར་དང་འོག་ཏུའང་དེ་བཞིན་ཏེ།། བསྐྱེད་དང་རྫོགས་དང་རང་བཞིན་ལས།། ཡོན་ཏན་སྐྱོན་གྱི་མཚན་ཉིད་དོ།། བདེ་ཆེན་ཐིག་ལེ་ཧ་ཡིན་ནོ།། ཨོཾ་དང་ཨཱཿཧཱུཾ་ཧ་དང་བེ་ཞི།། བདེ་བ་ཆེན་པོའི་འཁོར་ལོ་རུ།། སྐུ་གསུང་ཐུགས ་དང་བདེ་བ་ཆེ།། འབར་བ་བཞི་རུ་ཡང་དག་བཤད།། སྐུ་གསུང་ཐུགས་དང་བདེ་བ་ཆེ།། མགྲིན་པ་རུ་ནི་འཇུག་པ་བཞི།། སྙིང་ཁར་ཡང་ནི་འཛག་པ་བཞི།། སྤྲུལ་པ་རུ་ཡང་དེ་བཞིན་ཏེ།། ཆོས་ཀྱི་སྐུ་ནི་རིན་ཆེན་ལ། ་སྟོང་པ་བཅུ་དྲུག་ཕྲེང་བར་བཤད།། དེ་ནས་ཤིན་ཏུ་གསང་བའི་དོན།། པདྨ་རྡོ་རྗེ་གཉིས་པ་ལ། ཨ་བ་དྷཱུ་ཏི་རིན་པོ་ཆེ།། ཨ་ཕཊ་ཨེ་དང་བཾ་དང་བཞི།། གསང་བའི་ཐེག་ལེ་བཞི་རུབ་ཤད།། ཨ་ནི་མེ་ལོང་ལྟ་བུ་སྟེ།། ཕཊ་ནི་བྱ་བ་ནན ་ཏན་ཡིན།། ཨེ་ནི་སོ་སོར་རྟོག་པ་སྟེ། བ་ནི་མཉམ་ཉིད་ཡེ་ཤེསོ།། རིན་ཆེན་ཆོས་དབྱིངས་ཡེ་ཤེས་ཏེ།། རྣམ་པར་ཐར་དང་སྟོང་པ་དང་།། མཚན་དང་དེ་བཞིན་དཔེ་བྱད་རྣམས།། ཨ་ནི་འཁོར་ལོ་འབྱུང་བ་བ་ནི།། ཕཊ་ཀྱི་གན་སུ་ཡེས ་ལྔ། ཨེ་ཡཾ་གནསུ་སྙོམས་འཇུག་དགུ། བཾ་གི་གནསུ་ལྔ་བཅུ་བརྒྱ་དྲ།། དེ་ཁོ་ན་རུ་ཤེས་པར་བྱ།། ཀཱ་ཨེ་ཨེ་ཏ་ས་བོན་བཞི།། ཡོན་ཏན་སྐྱོན་གྱི་མཚན་ཉིད་ཀྱིས།། ཀུན་ལ་ཁྱབ་ཅིང་ཤེས་པར་བྱ།། ལྷ་མོས ་གསོལ་པ་བཅོམ་ལྡན་འདས།། འདི་ཡིས་གདོན་རྣམས་ཇི་ལྟར་ཐུག། བྱང་སེམས་དགག་པ་ཇི་ལྟར་ལགས། སྐྲ་དཀར་བ་ཉེར་མ་ཇི་ལྟར་ནི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ན་རྟོག། ་པ་གདོན་ཡིན་ཏོ།། མཚན་དང་དཔེ་བྱད་སྤོང་བ་དང་།། ཕུང་པོ་ལྔ་ནི་བདུད་རྩི་ལྔ།། སྐྱེ་མཆེད་དེ་ནི་ལྔ་རུ་འགྱུར།། ཁམས་རྣམས་རྟེན་གྱི་ངོ་བོ་སྟེ།། དེ་རྣམས་རྟེན་རྩིའི་ངོ་བོ་སྟེ།། རྣམ་རྟོག་སྤོང་ཕྱིར་རིན་པོ་ཆེ།། བྱང་ཆུབ་སེམས ་དགག་རིམ་པ་ཡང་།། གཡས་བརྐྱང་བས་ནི་ཐབས་ཀྱིས་ཏེ།། གཡོན་གྱིས་ཤེས་རབ་རྩ་མདུད་དགག། སགས་ན་མཁའ་དགག་པར་བྱ།། ཟླུམ་པོས་གསང་བའི་སྣ་རྩེར་དགག། ལ་ལ་ནཱ་དང་རས་ནྟ། ཨ་བ་དྷཱུ་ཏིའི་ན ་གུད་ག། དོན་ནན་པར་ཟླུམ་པོ་།། དཔེར་ན་སྦྲུལ་གྱི་ལྕེ་གཉིས་ལ། དུག་དང་ལྡན་ནི་ཡོད་པ་ནན།། གཞན་ཡང་འདུག་སྟངས་བྱེ་བྲག་གིས། དགག་པའི་བྱེ་བྲག་ཤིས་པར་བྱ།། དགག་བ་སྲོག་དང་རྒྱལ་བའི་ན། 9 ་དབུ་སུ་གནས་པ་དང་། རིམ་ནས་རིམ་པར་གྱེན་ལ་དྲང་། སྐད་ཅིག་ནས་བཟུང་ལོ་ཡི་བར། སྐྲ་དཀར་གཉེར་མའི་རང་བཞིན་འགག། གང་ལ་རྟེན་པ་དེ་ཡི་ཚད།། ལྷ་མོས་གསོལ་པ་བཅོམ་ལྡན་འདས། དབུསུ་གནས་པ་ཇི་ལྟར ་ལགས།། རིམ་ནས་རིམ་དུ་ཇི་ལྟར་དྲང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཐབས་ཞེས་བྱ་བ་རྟག་པའི་མཐའ།། ཤེས་རབ་ཞེས་པ་ཆད་པའི་མཐའ།། སྙོམས་པར་ཞུགས་པ་དབུ་མའི་དོན།། གཡས་ཀྱི་སྲོག་ནི ་རྟག་པའི་མཐའ།། གཡོན་གྱི་རྩོལ་བ་ཆད་པའི་མཐའ།། དེ་གཉིས་གནས་པ་དབུ་མའི་དོན།། རོ་མ་རྟག་པའི་བྱང་ཆུབ་སེམས།། རྐྱང་མ་ཁྲག་ནི་ཆད་པའོ།། ཀུན་དྷར་མ་རུང་གང་གནས་པ།། དེ་ནི་དབུ་མར་ཤེས་པར་བྱ།། མཆོག ་གི་དགའ་བ་རྟག་པའི་མཐའ།། བྲལ་བའི་དགའ་བ་ཆད་པའི་མཐའ།། ། ལྷན་ཅིག་དགའ་བ་དབུ་མར་བཤད།། ཨོཾ་དང་ཧཱུཾ་ནི་མཐའ་གཉིས་ཏཾ། ཨཱཿཡི་རྣམ་པ་དབུ་མར་གནས། ཨཱ་ལི་ཀཱ་ལི་མཐའ་གཉིས་ཏེ། ་མ་ནི་ཡི་གེ་དབུ་མ་ཡིན།། སྐྱེས་པ་བུད་མེད་མཐའ་གཉིས་ཏེ། མ་ནི། ང་གཉི་སུ་མེད་པར་གསུངས།། འདི་ནི་སྒོམ་བཟུང་དུ་འཇུག། དེ་ནི་གནས་པ་དབུ་མའི་དོན། ཤེས་རབ་ཕ་རོལ་ཕྱིན་པ་རུ།། འབྲལ ་བཟུང་དུ་འཇུག་པར་གསུངས།། བྱ་བའི་རྒྱུད་དང་རྣལ་འབྱོར་རྒྱུད།། སྣང་བཟུ་འཇུག་པར་གསུངས།། དཔལ་ལྡན་གསང་བ་འདུས་པ་རུ།། སྟེང་སྒོ་དབུགས་ལ་ཟུང་དུ་འཇུག། ཤེས་རང་རྣལ་འབྱོར་བླ་མ་རུ།། སི་ཧླག ་བུར་ཟུང་དུ་འཇུག། རིམ་ནས་རིམ་དུ་དྲང་བ་ཡང་།། གསང་བའི་འཁོར་ལོ་ཨ་ལ་ནི།། བདེ་བ་རྫོགས་པའི་ཚད་བསྟན་པ།། པདྨ་རྡོ་རྗེ་འགས་པ་སྙམ།། དོན་ཡོངསུ་རྫོགས་པའི་ཚངད།། དེ་ནས་གསང་བའི་འཁོར་ལོ་ནས།། ་བདེ་ཆེན་འཁོར་ལོའི་བར་དུ་དྲང་།། དང་པོར་དེ་ལྟར་ཤེས་པར་བྱ།། དེ་ལྟར་སེམས་ནི་བརྟན་འགྱུར་ན།། བདེ་བ་ཆེན་པོ་རི་འཁོར་ལོ་ནས།། གསང་བའི་སྣ་རྩེའི་བར་དུ་དྲང་།། ལྷ་མོས་གསོལ་བ་བཅོམ་ལྡན་འདས།། བཅུད ་། ཀྱི་རིན་ཆེན་གང་ན་གནས།། དེ་ནི་ཤེས་པསུ་ཡིས་ཤེས།། དེ་ཡི་བརྟག་པ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱི་བོ་ཚངས་པའི་བུ་གནས།། གསང་བའི་འཁོར་ལོ་ཡན་ཆད་དུ། ་ཨ་བ་དྷཱུ་ཏིའི་ཙན་དན་གནས།། ལ་ལ་ར་སྭ་སྦྲུལ་ལྟར་གནས།། གཞན་རྣམས་པ་ཐག་ཁུག་པར་གནས།། འདི་རྣམས་རང་བཞིན་ཀུན་ལ་གནས།། རྩ་དང་འཁོར་ལོ་འདི་རྣམས་ནི།། དེ་བཞིན་གཤེགས་པའི་སྙིང་པོར ་གསུངས། ཕྱི་ཡི་རྩ་དང་ནང་གི་རྩ།། གསང་བ་དེ་བཞིན་མཐར་ཐུག་ནི།། མན་ངག་ཡོད་པས་ཤེས་པར་གསུངས།། བརྟག་པ་རྣམ་པ་གཉི་སུ་བརྟན།། དང་པོ་ལུས་ཀྱི་བརྟག་པ་སྟེ།། གཉིས་པ་དག་ཏུ་ཤེས་པར་བྱ།། ལུས་ལ་སྤྱི་དང ་བྱེ་བྲག་གཉིས།། སྙུན་རླུང་གི་རང་བཞིན་ཏེ།། ཡན་ལག་ཐུང་ན་ཆུ་ཡི་ཁམས།། ། ཡན་ལག་རྒྱས་པ་ས་ཡི་ཁམས།། སྨད་ཞེང་ཆེན་མེ་ཡི་ཁམས།། སྣ་ཚོགས་དུམན་མཁའི་ཁམས།། སྤྱི་རུ་དཀར་བ་ཆུ་ཡི་ཁམས ་དམར་བ་མེ་རུ་ཤེས་པར་བྱ།། སེར་ན་དེ་བཞིན་ས་ཡི་ཁམས།། སྔན་རླུང་དུ་ཤེས་པར་བྱ།། ཡང་ན་རླུང་གི་ཁམས་ཡིན།། དྲོད་རྣམས་ཆེན་མེ་ཡི་ཁམས།། བརྟན་པས་ཡི་ཁམ་སུ་གསུངས།། ཆུ་ཁམས ་ཆེན་ཆུ་ཡི་ཁམས།། དེ་རྣམས་ཀུན་ལྡན་ན་མཁའི་ཁམས།། འཇུག་པ་བདེ་ཆེན་ས་ཡིན་ཏེ།། ལྡོག་པ་སྤྲུལ་པ་ཆུ་རུ་གསུངས།། རྣལ་འབྱོར་རྒྱུད་ནི་བྱེ་བྲག་གིས།། སེམས་ཀྱི་གནས་པ་ཤེས་པར་བྱ།། ཤུ་ཀྲ་རླུང་ལ ་སི་ཧླ་མ། སྦྲུལ་དང་ཆོས་སྦྱར་བ་ཡིན།། གཞན་ཡང་མཁས་པས་ཤེས་པར་བྱ།། དེ་ནས་བྱེ་བྲག་གསུངས་པ་ཡིན། དབྱིབས་དང་ཁོ་དོག་མཚན་མ་གསུངས།། ཀུན་ལ་མཁས་པར་ཤེས་པར་བྱ།། དང་པོར་དབྱིབས ་ཀྱི་བརྟག་པ་ཡང་།། དཔྲལ་བའི་དབྱིབས་ལ་རྣམ་པ་བཞི།། གྲུ་བཞི་ཟླུམ་པོ་ཟླ་གམ་དང་།། གླུ་གསུམ་དུ་ཡང་ཤེས་པར་བྱ།། དཀར་པོ་ལ་སོགས་དེ་དང་འདྲ།། རྣ་བ་ནས་བཟུང་རྐང་པའི་བར།། ཀུན་ལ་བརྟག་ཅིང ་ཤེས་པར་བྱ།། སྐད་ནི་ཕྲ་དང་སྒོམ་པ་དང་།། རིང་དུ་འདོན་དང་ཐུང་བ་དང་།། འདར་བ་ལ་སོགས་བྱེ་བྲག་རྣམས།། མཁས་པས་བརྟག་ཅིང་ཤེས་པར་བྱ།། རྟགས་དེ་བརྟག་པའི་མཚན་མ་ནི།། རྣམ་པ་གསུམ་དུ་ཤེས་པར་བྱ།། འདོད ་ཆགས་སྐུ་དང་ཞེ་སྡང་ཐུགས།། མུན་པ་གསུང་དུ་ཤེས་པར་བྱ།། དང་པོ་འདོད་ཆགས་དབྱེ་བ་ཡང་།། ཡར་ངོ་མར་ངོ་མཚམས་དང་གསུམ།། དབྱིབས་དང་ཁ་དོག་སྐད་གསུམ་ལ།། མཁས་པ་འདོད་པ་སྐྱེ་བ་བརྟག། ཉིན ་པར་བཞི་དང་མཚན་པར་བ་ནི།། དེ་བཞིན་སྐད་ཅིག་ཐང་ཅིག་རྣམས།། མཁས་པས་བརྟག་ཅིང་ཤེས་པར་བྱ།། མིག་འཛུམ་པ་སྤུ་ལྡང་ལ་སོགས།། དབྱིབས་ཀྱི་འདོད་པ་སྐྱེ་བ་དང་།། འདོད་པའི་གཟུགས་ལྡན་སུ་ཞིག་དམར། སྣ ་བུག་དཀར་ལ་སོགས་པ་དང་།། སྐད་འདར་ཁ་ནི་སྐམ་ལ་སོགས།། འདོད་པ་སྐྱེས་པའི་རྟག་སུ་བཤད།། གཞན་ཡང་འདོད་པ་སྐྱེས་པའི་རྟགས།། ཁ་དོག་དབྱིབས་ལ་བརྟག་པར་བྱ།། སྲ་ཕྱིར་འདོད་པ་ས་ཡི ་རྟགས།། ཆུ་ལ་སོགས་པ་དེ་བཞིན་ནོ།། གསུང་དང་ཐུགས་ལའང་ཤེས་པ་ར་བྱ།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། འདོད་ཆགས་ཞེས་པ་ཇི་ལྟར་ལགས།། དེ་ཡི་ཆེན་པོ་ཇི་ལྟར་ལགས།། ད་ཡ ་ཞེ་སྡང་ལ་སོགས་ཇི་ལྟར་ལགས།། སྐུ་གསུང་ཐུགས་ནི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ཆགས་ཉོན་མོངས་འཁོར་བ་སྟེ།། གབ་པའི་གསང་བ་མ་རྟོགས་པར།། སྦས་པའི་གསང་བ ་ལ་ཞེས་ནས། སྲིད་པའི་ས་བོན་མི་ཟད་པས།། དཔེར་ན་རྒྱུད་ཀྱི་མངའ་བཞིན་དུ།། འབྲས་བུ་མནར་མེད་དམྱལ་བར་སྐྱེ།། ཆེན་པོ་མི་རྟོག་རང་བཞིན་ཏེ།། འབྲས་བུ་གཉིས་མེད་ཡིས་བསྐྱེད།། འདོད་ཆགས་ཞེས་པ་སྤང་བ ་སྟེ། དེ་ཡིས་ཆེན་པོ་གཉེན་པོར་གསུངས།། འདོད་ཆགས་ཞེས་པ་མེ་ཏོག་སྟེ།། དེ་ཡི་ཆེན་པོ་དྲི་དང་འདྲ།། གཞན་ཡང་བྱེ་བྲག་ཤེས་པར་བྱ།། ཞེ་སྡང་ལ་སོགས་གོང་དང་འདྲ།། ཐེ་རྟེན་བསྐུ་རུ་བསྟན།། བརྗོད་པ་དང ་བྲལ་གསུང་དུ་བསྟན།། རྣམ་རྟོག་བྲལ་བ་ཐུག་སུ་ཤེས།། རྣམ་རྟོག་ཆུང་ཞིང་གཏོང་པོད་ཆེ།། བླ་མ་ལ་གུས་སྙིང་རྗེ་ཆེ།། གཞན་ཡང་བྱེ་བྲག་ཀུན་ཤེས་པ།། འདི་ལ་བསྟན་གྱི་ཀུན་ལ་གསང་།། བླ་མ་ཡོན་ཏན ་ཀུན་ལྡན་ཞིང་།། དབང་དང་མན་ངག་འབྲེལ་ཤེས་དང་།། གསང་བའི་དོན་ལམ་རྨོངས་ཤིང་།། ཐུགས་རྗེ་ཆེན་པོ་དང་ལྡན་པས།། ཆོས་ལ་སེར་སྣ་མེད་པ་དང་།། གསལ་ལ་གསུང་པོར་སྨྲ་བ་དང་།། རིགས་བཅས་ཀུན་གྱིས་བཀུར་བ ་དང་།། ལས་ཀྱི་ཕག་རྒྱ་འཆང་བ་དང་།། དམ་ཚིག་དང་ལྡན་བླ་མ་སྟེ།། འདི་ལ་བཀུར་གྱི་ཐད་ལ།། བསྙེན་ཅིང་བཀུར་བར་བྱ་བ་མིན།། དེ་ནས་རིན་ཆེན་གསུམ་པ་ནི།། གཉིས་མེད་ལྷན་ཅིག་སྐྱེས་པ་སྟེ།། རྟོག་བྲལ་སྤྲོས་པ་མེད་པ ་ཡིན། དེ་རྟོགས་རིན་ཆེན་ཕྲེང་བའོ།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། གབ་པ་ཞེས་པ་ཇི་ལྟར་ལགས།། དེ་ཡི་འབྲས་བུ་ཇི་ལྟར་སྨིན།། སྦས་པ་ཞེས་པ་ཇི་ལྟར་ལགས།། དེ་ཡི་འབྲས་བུ་ཇི་ལྟར་ལགས།། བཅྡོཾས་ཀྱིས ་བཀའ་སྩལ་པ། གབ་པ་ཞེས་པ་ཡེ་ཤེས་ཏེ།། སུམ་ཅུ་རྩ་བདུན་སྐུ་གསུམ་ཐུགས།། ཆོས་དང་ལོངས་སྤྱོད་སྤྲུལ་སྐུ་གསུང་།། དགའ་བ་བ་ནི་རུ་མདོར་བསྡུས་པ།། དམིགས་པའི་རྐྱེན་ནི་གསང་བའོ།། བདུན ་དང་ལྡན་ཕྱིར་ཆེན་པོའོ།། སུམ་དུཅུ་རྩ་བདུན་ལ་སོགས་པའི།། གཉེན་པོ་སྟོབས་ཀྱིས་མ་ཞུགས་པར།། སྦས་པ་པདྨ་རྡོ་རྗེ་གཉིས།། སྙོམས་པར་ཞུགས་ན་འདོད་པ་སྐྱེ།། འདི་ནི་རྐུན་མོ་མ་རུངས་པ།། དཔེར་ན་ལྗོན ་ཤིང་རྩ་བ་ལས།། ཡལ་ག་མེ་ཏོག་ཐད་སྐྱེས།། ཉོན་མོངས་རྩ་བ་འདོད་ཆགས་ལ།། དུས་གསུམ་ལ་སོགས་ཐད་དོ།། སྦས་པའི་གསང་བའི་འཁོར་བ་སྟེ།། གབ་པ་མྱ་ངན་འདས་པར་གསུངས།། འཁོར་བ་མནར་མེད ་དམྱལ་བ་དང་།། དུར་ཁྲོད་བརྒྱད་པོ་དྲེགས་པ་ཅན། སྙིང་རྗེ་མེད་ཅིང་ཤ་ཁྲག་ཟ། ཤིང་རྟའི་འཁོར་ལོ་བཞིན་དུ་གནས། མྱ་ངན་འདས་པསྐུ་གསུམ་སྟེ། སྐྱོབ་པ་མྱ་ངན་འདས་གྱུར་ཀྱང་།། འཁོར་ལོ་འཁོར་བའི་ཚུལ་དུ་ནི ་ཚོགས་ཀྱི་ཤུགས་ཀྱི་མཐུ་ཡི་སུ།། སེམས་ཅན་དོན་ལ་ཡང་དག་འཇུག། ཆོས་སྐུ་སྤྲོས་བྲལ་ན་མཁའ་བཞིན།། སྐུ་གཉིས་སྤྲིན་དང་ཆར་ལྟ་བུ།། སྐུ་གཉིས་སེམས་ཅན་དོན་མཛད་པ།། སེམས་ཅན་ལས་དང་སྨོན་ལམ ་སྟོབས།། དེ་ཡི་སྟོབས་ཀྱིས་སྣང་བ་ལས།། ཡང་དག་ཉིད་ལ་སྣང་རྒྱུ་མེད།། སྐུ་གསུང་དེ་ཉིད་བཞི་བཅུའི་དོན།། དུར་ཁྲོད་ལ་སོགས་བརྡ་རུ་ཤེས། སུམ་ཅུ་རྩ་གཉིས་ཆོས་སྐུའི་བརྡ།། རྒྱན་ནི་གཟུགས་སྐུ་གཉིས་ཀྱི ་གབརྡ། གཞན་ཡང་བརྡ་ཡི་བྱེ་བྲག་ནི།། སྦོམ་པོ་གསང་བའི་རྡོ་རྗེའི་བརྡ།། ཁྲོ་མོ་གསང་བའི་པདྨའི་བཛྲ།། སྐུ་དང་དྲང་བ་ཡོན་ཏན་སྐྱོན།། མཛུབ་མོ་ལ་རྟེན་མཐེའུ་ཆུང་ནི།། ང་ཡཽ་གན་དུ་ཆུར་ཤོག་ཡིན།། མཐེ་བོ ་ལ་བརྟེན་མཛུབ་མོ་བར།། ཁྱོད་ཀྱི་གན་དུ་འོང་གིས་ཡིན། མཐེ་བོང་མཛུབ་གཉིས་ཟུར་གསུམ་ནི།། བྷ་ག་རྒྱས་སམ་དྲི་བ་ཡིན།། བྷ་ག་རྒྱས་པ་ཟླུམ་པོར་སྟོན།། བདེ་བའི་གན་སུ་འདུ་བ་ཡང་།། སྲོང་དམ ་ནམ་གུང་པོ་རངས་གསུམ།། མཛུབ་ཚིགས་དང་པོ་ནས་བཟུང་ནས། ཐམ་འབར་དུ་བརྡ་ཡིན་ནོ།། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས།། ལ་ན་གསུམ་བར་དུ་ནན་ཏན་གནང་།། གཞན་ཡང་བརྡ་ཡི་བྱེ་བྲག ་རྣམས།། རྒྱུད་རྣམས་ཀུན་ཏུ་མ་གསུངས་པ།། གནས་ནི་ཐབས་ཀྱི་འདུག་སྟང་སོ།། ཉེ་གནས་ཤེས་རབ་འདུག་པར་གསུངས།། ཞིང་ནི་ཐབས་ཀྱི་བཟའ་བའི་ཚོགས།། དེ་བཞིན་ཤེས་རབ་ཉེ་བའི་ཞིང་།། འདུ་བ་ཐབས་ནི་འོ། ་སྟེ། ཤེས་རབ་འོང་བ་ཉེ་འདུ་ཡིན།། ཙཱནྡོ་ཐབས་ཀྱི་བསྟན་དང་རྒྱན།། ཤེས་རབ་དེ་བཞིན་ཉི་ཙཱནྡོ།། དུར་ཁྲོད་ཐབས་ཀྱི་རྣམ་རྟོག་བྲལ།། དེ་བཞིན་ཤེས་རབ་ཉེ་དུར་ཁྲོད།། གཞན་ཡང་བརྡ་ཡི་བྱེ་བྲག་རྣམས།། ཁ་དོག་དེ ་བཞིན་དབྱིབས་དང་ཡང་།། ཡན་ལག་ཚུལ་ལས་ཤེས་པར་བྱ།། དེ་ནས་ལྷ་མོ་ལ་སོགས་པས་མཆོད་པ་སྣ་ཚོགས་པས་མཆོད་ནས་མི་སྣང་བར་འགྱུར་ཏོ།། དཔལ་རིན་ཆེན་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་གསང ་།། པ་ཡང་གསང་བ་སྟེ་རང་བཞིན་གྱིས་གསང་བརྫོག་སོ།། རྒྱ་གར་གྱི་མཁན་པོ་རིན་ཆེན་རྡོ་རྗེ་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡིས་ཀྱིས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།། སྨད་ཀྱིས་ཀྱང ་དཔེ་ཕྱི་མོ་ལ་གཏུགས་ནས་བཅོས་པའོ།། @#།། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ས་མ་ཡ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་དམ་ཚིག་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ ་