| Wylie | e-texts produced with BDRC’s OCR application |
དགེ་སློང་ཤཱཀྱ་ཡིས་དེ་ཉིད་ཀྱིས་གཏུགས་ནས་བཅོས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་བཛྙཱ་ཏནྡ་རཱ་ཛ། བོད་སྐད་དུ། དཔལ་གསང་བརྡོ་རྗེ་རྒྱུད་ཀྱི་རྒྱལ་པོ ་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལོ།། དཔལ་ལྡན་འཁོར་ལོ་སྡོམ་པ་རུ།། ། གསང་བའི་འཁོར་ལོ་མི་གསུངས་པ།། བདག་གིས་ཟབ་མོའི་དོན་མ་རྟོགས།། དེ་ཕྱིར་ཁྱེད་ཀྱིས་བདག་ལ་གསུངས།། བཅྡོཾས་ཀྱིས ་བཀའ་སྩལ་པ། ཉོན་ཅིག་ལྷོ་མོ་སྤྱན་བཟང་རིང་།། གསང་བའི་འཁོར་ལོ་ཤིན་ཏུ་ཟབ།། རྒྱུད་རྣམས་ཀུན་ཏུ་མ་གསུངས་པ།། ཁྱོད་ཀྱི་ངོར་མཛད་ང་ཡིས་བཤད།། གསོང་བ་དེ་རྒྱུད་ཀྱི་རྒྱལ་པོ་ལས་གླེང་བསླང་བའི ་ལེའུ་སྟེ་དང་པོའོ།། །། ལྷ་མོས་གསོལ་བ་བཅོས།། གསང་བ་ཞེས་བྱ་ཇི་ལྟར་ལགས།། དེ་ལི་འཁོར་ལོ་ཛ་ལྟར་ལགས།། དེ་ཡི་རྡོ་རྗེ་ཇི་ལྟར་ལགས།། དེ་ཡི་པདྨ་ཇི་ལྟར་ལགས།། བཅྡོཾས་ཀྱིས་བཀའ་སྩལ ་པ། གསང་བ་ཞེས་པ་རྣམ་པ་བཞི།། གསང་བའི་ཕོ་བྲང་དང་པོ་སྟེ།། དེ་ནས་གསང་བའི་དབང་བསྐུར་ཕྱིར།། གཉིས་པ་རིག་པའི་ཕོ་བྲང་སྟེ། བཞི་པའི་དོན་ནི་རིག་པའི་ཕྱིར།། གསུམ་པ་རྟ་མགྲིན་འཁོར་ལོ་སྟེ།། དེ་ཡི ་མགྲིན་པར་གནས་པའི་ཕྱིར།། བཞི་པ་གསང་བ་བདེ་སྐྱོང་སྟེ།། སྡིག་པ་སྤོང་ཕྱིར་བདེ་སྐྱོང་ཡིན།། དེ་རྣམས་དོན་ནི་གསང་བ་སྟེ། བརྟུལ་ཞུགས་བྱེད་ཅིང་གཏོང་པོདོ་ཆེ།། ཨེ་བ~ཾ་ཟབ་ཅིང་ཆགས་ལ་དགའ།། ཁུ་བ་འཛག་ཅིང་རཀྟ ་འབབ། འདི་ལ་སྟོན་གྱི་གཞན་ལ་གསང་།། རྡོ་རྗེ་པདྨ་ཞེས་བྱ་བ།། བཞི་པོ་གནས་པའི་རྟེན་ཡིན་ཏེ། དཔེར་ན་ཁང་རྟེན་ཀ་བ་བཞིན།། རྒྱུད་ཀྱི་དོན་ནི་རྒྱུན་ཡིན་ནོ།། གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ལས་རྟོག་པ་སེལ་བའི ་ལེའུ་སྟེ་གཉིས་པའོ།། ལྷ་མོས་གསོལ་བ་བཅྡོཾས། རེ་རེའི་དབྱེ་བ་ས་མ་འཚལ་བས།། འཇིག་རྟེན་ཀུན་རྫོབ་ཉིད་དུ་ལྟུང་།། འཁྲིག་པའི་ཟུག་རྔུ་མི་བཟད་པས།། བདག་ནི་འདི་ཉིད་དུ་ནི་འགུམ།། བཅྡོཾས ་ཀྱིས་བཀའ་སྩལ་པ།། གསང་བའི་ཕོ་བྲང་རིམ་པ་དྲུག། འདབ་མའི་གྲངས་ནི་གཉིས་འགྱུར་རོ།། རྟ་མགྲིན་གྲངས་ནི་དགུ་རུ་ཤེས། གསང་བ་བདེ་སྐྱོང་རིམ་པ་གཉིས།། བརྒྱད་དང་ལྔ་བཅུའི་གྲངས ་ཡིན།། རིགས་པའི་ཕོ་བྲང་འདབ་མ་ལྔ།། རིགས་ནི་མེ་ཏོག་ལྟ་བུའོ།། བྷ་ག་རབ་འབྲིང་གསུམ་ཡིན་ཏེ།། རྣལ་འབྱོར་མཁས་པས་བཙལ་བར་བྱ།། སྨན་དང་སྣུམ་གྱི་རིལ་བུ་ཡིས།། རྣལ་འབྱོར་སོར་མོ་ལ་བསྐུལ་ལ། ་གཞན་ཁ་ནས་ནི་ཕྱེ་མས་བདུག། གསང་བ་ནས་ཀྱང་སྣུམ་གྱིས་བདུག། དེ་ནས་རྣལ་འབྱོར་པོའམ་མོས།། རྩ་ང་སོ་མོས་ལེགས་པར་བཙལོ།། རིང་ཐུང་ཚད་ནི་སོར་གཉིས་ནས།། སོར་བརྒྱད་པར་ནི་གར་གནས་པ།། ་ཤེས་རབ་བྷ་ག་ཆེ་ཆུང་དང་།། དེ་བཞིན་བྷ་ག་གྲང་དྲོ་དང་།། མུ་རྣམས་ཆེཚེ་ཞིང་བདེ་བ་ཆུང་།། དེ་ལ་རྣལ་འབྱོར་མཁས་པ་ཡིས།། བྷ་ག་ཆེན་བདེ་བ་ཆུང་།། བྷ་ག་ཆེན་ཆུང་དུ་བྱ། ཆུང་ན་དེ་བཞིན་བསྐྱེད་པར་གསུངས། ་གྲང་ན་དེ་བཞིན་བསྲོ་བར་བྱ། མུ་རྣམས་ཆེན་ཆུང་བར་བྱ།། འདི་འདྲའི་བྷ་ག་གང་ལ་ཡོད། བུད་མེད་འདི་ལ་བྷ་ག་མངའ།། དེ་ཕྱིར་བུད་མེད་བཅོས། ཐབས་ཀྱི་རྡོ་རྗེ་ཕྲ་སྡོམ་དང་། རིང་བ་དང་ནི་ཐུང་བ་སྟེ།། ཤེས ་རབ་ཇི་བཞིན་ཐབས་ལའོ།། དེ་ཡི་གན་སུ་བཟུང་བོར་བྱ།། གསང་བ་རྡོ་རྗེ་རྒྱུད་ཀྱི་རྒྱལ་པོ་ལས་གསང་བ་རྟོགས་པའི་ལེ་རུ་སྟེ་གསུམ་པའོ།། ། ལྷ་མོས་གསོལ་པ་བཅྡོཾས། ཨེ་བཾ་རྣམ་པའི་དབུས་གང་དུ།། བདེ་བའི་ཁྱད་པར ་ཚོལ་བ་ལ།། འདི་ལས་ཁྱད་པར་མེད་དམ་ཅི།། བཅྡོཾས་ཀྱིས་བཀའ་སྩལ་པ།། ཤིན་ཏུ་དབེན་པའི་གནས་བཙལ་ལ། བཟའ་བ་བཅུད་ཅན་སྣ་ཚོགས་དང་།། བཏུང་བ་ཞིམ་པོ་མང་པོ་དང་།། གུར་གུམ་ལ་སོགས་དྲི་ཞིམ་དང་། ཤིན་ཏུ་འཇམ ་པའི་སྟན་བཏིང་ལ།། རྣལ་འབྱོར་མ་ཡི་གནས་བཅུ་རུ།། དྲི་ཞིམ་ཐིག་ལེ་རེ་རེ་བྱ།། ། རྣལ་འབྱོར་པ་ཡི་གནས་ལྔ་རུ།། དེ་བཞིན་ཐིག་ལེ་ལྔ་ཡང་བྱ། དེ་ནས་མཁའ་གསང་བྱིན་གྱིས་བརླབ།། ཨེ་ལས་གྲུ་གསུམ་བཏིང་རིང ་བསམ།། དེ་ཡི་ནང་དུ་པཾ་ལས་ནི།། པདྨ་འདབ་མ་བརྒྱད་དུ་བསམ།། དེ་ཡིད་དུ་སུ་འཁོར་ལོ་བསམ།། འཁོར་ལོའི་དབུསུ་རེག་མི་བཟོད།། དེ་ནས་ཐབས་ཀྱི་རྡོ་རྗེ་ཡང་། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་བསམ། ཨོཾ་ལས་རྡོ ་མགོ་བོར་བསམ།། ཕཊ་ལས་རྡོ་རྗེ་བྷ་ག་བསམ།། དེ་ནས་བདེ་བའི་སྟན་ཐོག་ཏུ།། སྦྱོར་བ་རྣམ་པ་གསུམ་བྱ་སྟེ།། ཡན་ལག་ཐབས་དང་སྦྱོར་བ་དངོས།། འཁོར་ལོ་ཉི་ཤུ་རྩ་དགུ་འམ། ཆགས་པ་སྐྱེ་བའི་དྲི་ཡིས་བྱུག། བདེ་བསྐྱེ་བའི ་ཟས་ཟོས་ནས།། བདེ་བའི་སྟན་ལ་འདུག་ནས་ནི།། ཐབས་ཀྱིས་གནས་དགུ་རའོ་ཡང་བྱ། ཤེས་རབ་ཀྱིས་ཀྱང་གནས་ལྔར་བྱ།། ཐབས་ཀྱིས་ཤེས་རབ་པདྨ་ལ།། འོ་བྱས་པདྨ་རྒྱ་སུ་གཞུགས། ཤེས་རབ་ཀྱིས་ཀྱང་དེ་བཞིན་ནོ།། ་ཆགས་པ་སྐྱེ་བའི་རྟགས་འབྱུང་སྟེ། དེ་ནས་གཅིག་གིས་གཅིག་འཁྱུད་ནས། ཧེ་རུ་ཀ་དང་ཕག་མོར་བསམ། ཤེས་རབ་རྐང་པ་གཉིས་བརྐྱང་ནས། ཐབས་ནི་ཐབས་ལྡན་གྱིས་བསྐྱེད་ནས།། ནང་རྟགས་ཕྱི་རུ་བསྟན་པའི་ཕྱིར ་ཤེས་རང་མ་ལ་རྟགས་གསུམ་འབྱུང་།། ལུས་འདར་འཕར་བསྐུ་ཡི་རྟགས། མི་བཟོད་སྐད་འདོན་དག་གི་རྟགས།། ཤེས་པ་བརྒྱལ་བ་ཐུགས་ཀྱི་རྟགས། དེ་ལ་ངོ་བོར་བཤད་པའི་ཕྱིར། འདི་ནི་གསང་བའི་དཀྱིལ་འཁོར་ཏེ། ་འདི་ཡིས་སྐྲ་དཀར་གཉེར་མ་སྤོང་།། ནད་ཀྱི་ཟུག་རྔུཐུད་འཇོམས། འདི་ནི་གསང་བའི་བཅུད་ཀྱིས་ལེན། ཕྱི་ཡི་དཀྱིལ་འཁོར་སྦོམ་བུ་མིན།། གསང་བའི་དཀྱིལ་འཁོར་ཉིད་ལ་གནས།། སྦྱིན་བསྲེགས་ལ་སོགས་བྱ་བ་མིན། ་གསང་བའི་རྡོ་རྗེ་རྒྱུད་འདི་ནི།། ཀུན་གྱིས་ཐོས་པར་མི་འགྱུར་ཏེ། གླེགས་བམ་སོར་ནི་བཅུ་གཉིས་བྱ།། གླེགས་བམ་གསང་བའི་གནསུ་སྔ། ཡོང་སུ་སྨིན་པའི་རྣལ་འབྱོར་མ།། འགའ་ཡིས་མཐོང་གི་གཞན་ལ་ས།། གས ་བ་སྟོན་པའི་བླ་མ་ནི།། སངས་རྒྱས་ཉིད་པས་བཙུན་པ་ཡིན།། གཞན་ཡང་འདོད་པའི་སྟན་ཐོག་ཏུ། གསུངས་པའི་སྦྱོར་ཐབས་ཀུན་བྱས་ན་ས། ལྔ་བཅུ་ནས་བཟང་སྟོང་གི་བར།། རྣལ་འབྱོར་མ་ཀུན་བདེ་མེད་ཀྱང་།། ་སྦྱོར་ཐབས་མཁས་པས་བསྐྱོང་བྱས་ནས།། བཅུ་གཉིས་མ་དང་བདེ་བ་མ་ཉམ།། སྦྱོར་ཐབས་མི་ཤེས་རྣལ་འབྱོར་པས།། རླུང་མཁྲིས་པང་ཀན་ཀུན་ནས་སྐྱེ།། ཤེས་རབ་ཀྱིས་ཀྱང་ཐབས་ལ་སྟེ།། སྦྱོར་ཐབས་མཐ ་པའི་ཤེས་རབ་མ།། ཐབས་ཀྱིས་རྟོག་ཏུ་བརྟེན་པར་བྱ།། སྦྱོར་ཐབས་མཁས་པའི་རྣལ་འབྱོར་པས།། རྣལ་འབྱོར་མ་ནི་གསང་ལ་བསྟེན།། ལྷ་མོས་གསོལ་པ། གསང་བ་བསྟན་པ་ཇི་ལྟར་ལགས།། བཅྡོཾས་ཀྱིས་བཀའ་སྩལ་པ། ་མི་སྲིད་ཚུལ་ལམ་རྗེ་འབབས་ཚུལ།། པ་སྤང་ཚུལ་ལམ་མཁན་སློབ་ཚུལ།། གཞན་གྱིས་མི་རིག་ངོ་ཚ་སྲུང་།། དབེན་པའི་གན་སུ་སྦྱོར་བ་བྱ།། གལ་ཏེ་མ་བསྟེན་དམ་ཚིག་ཉམས། ཚེ་འདི་ཉིད་ལ་དམྱལ་བར་ལྟུང་།། ལྷ་མོས་གསོལ ་པ་བཅྡོཾས།། ཐབས་མེད་རྣལ་འབྱོར་ཇི་ལྟར་ལགས།། བདེ་བ་ཁྱབ་མེད་ཇི་ལྟར་ལགས། ཕྱག་རྒྱ་མ་བསྙེན་ཇི་ལྟར་ལགས། བཅྡོཾས་ཀྱིས་བཀའ་སྩལ་པ།། བདེ་བ་ལ་གནས་གསང་པའི་དོ་ན།། ཁྱོད་ཀྱི་དེར་མཛ་དང་ཡིས་བཅཝ ་སྦྱོར་ངས་མི་ཤེས་རྣལ་འབྱོར་དང་། སྟན་ཡང་གཅིག་ལ་མི་འདུག་སྟེ།། འདོད་ཆགས་བསམ་པ་ཡང་མི་བྱ།། གལ་ཏེ་དེ་འདྲ་སྟེན་གྱུར་ན།། འཇིག་རྟེན་པལ་བའི་འདོད་ཆགས་ཏེ། ཤི་ནས་མན་མེད་དུསལ་བར ་སྐྱེ།། འདོད་ཆགས་སྤྱོད་པ་ཤལ་མ་རིག། ལྕགས་ཀྱི་སོར་ནི་བཅུ་དྲུག་པ།། ཡར་ལ་འཇིག་ཅིང་མར་ལ་འབབ།། ཐབས་མེད་རྣལ་འབྱོར་འདྲ་བ་འབོད།། དེ་ཕྱིར་སྦྱོར་ཐབས་མཁས་པས་བསྟེན།། སྦྱོར་བབས་ལས་ནི་བདེ་བ་སྐྱེ།། དེ་ཕྱིར་བདེ ་བ་ཁྱད་པར་འཕགས།། བདེ་བ་ཐབས་མེད་ལུས་ཟུངས་ཉམས།། རླུང་མཁྲིས་བད་ཀན་ཀུན་ནས་སྐྱེས།། ལས་ཀྱི་ཕྱག་རྒྱ་རྟག་ཏུ་བསྟེན།། ཕྱག་རྒྱ་མ་བསྟེན་དམ་ཚིག་ཉམས།། ཕྱག་རྒྱ་བསྟེན་པའི་དུསུ་ཡང་།། རྣལ་འབྱོར་མི ་སྲིང་བརྡ་ཡིས་མཚོན།། གང་ཞིག་འཛུབ་མོ་སྟོན་པ་ན།། འོངས་སམ་ཞེས་ནི་འདྲི་བ་ཡིན།། སོར་མོ་གཉིས་ནི་སྟོན་པ་དང་།། མཐེ་བོང་དྲང་པོར་སྟོན་པ་དང་།། དེ་བཞིན་སྲིན་ལག་དྲང་པོར་སྟོན།། རྡོ་རྗེ་བོ་ལ་ཞེས་བྱ་སྟེ། ་པདྨ་ཀཀྐོ་ལ་ཞེས་བྱ།། དེ་ལྟར་མ་བྱས་དམ་ཚིག་ཉམས།། བརྡ་ཡི་བྱེ་བྲག་མ་ལུས་པ། སཾ་པུ་ཊ་རུ་ཤེས་པར་བྱ།། ལྷ་མོས་གསོལ་པ་བ་ཅོས།། རྡོ་རྗེ་པདྨ་དགའ་བའི་གནས།། དེ་རུ་བཟུང་བ་ཇི་ལྟར་ལོགས།། ་བཅྡོཾས་ཀྱིས་བཀའ་སྩལ་པ། དེ་རུ་བཟུང་བ་རྣམ་པ་གཉིས།། རབ་ཀྱིས་དབུགས་དང་ཤེས་པས་བཟུང་།། དང་པོ་བཙན་ཐོབས་སྦྱོར་བས་བཟུང་།། སྦྱོར་བ་རྣམ་པ་བཅུ་རུ་བཟུང་།། གཅིག་ནི་སྦོམ་པོ་ཁྲོ་མོས་བཟུང་།། བཟུང་བའི་རྟེན་ནི ་རྣམ་པ་བཞི།། མན་ངག་ཅན་གྱིས་ཤེས་པར་བྱ།། གལ་ཏེ་དེ་རུ་མ་ཟིན་ན།། འཁོར་བར་ལྟུང་བས་རང་གི་སུ།། ཏིང་འཛིན་གྱིས་ཧཱུཾ་ལ་བསྡུ།། ལྕེ་ཡིས་བྱང་ཆུབ་སེམས་བླངས་ལ།། རོ་མའི་འཁོར་ལོ་རུ་ནི་བསྟིམ།། དེ་ལྟར་མ་བྱས ་དམ་ཚིག་ཉམས།། ལྷ་མོས་གསོལ་པ་བཅྡོཾས། ཤེས་རབ་སྦྱོར་ཐབས་འབའ་ཤིག་གས།། ཐབས་ཀྱིས་བསྐྱོད་པ་འབའ་ཞིག་གམ།། རྣལ་འབྱོར་པ་དང་རྣལ་འབྱོར་མ།། བདེ་བ་ཁྱད་པར་མེད་དམ་ཅི།། བདེ་བའི་ངོ་བོ་ཇི་ལྟར་ལགྲག། ་བཅྡོཾས་ཀྱིས་བཀའ་སྩལ་པ། བསྐྱོད་པ་བུད་མེད་ཀྱིས་ཀྱང་བསྐྱོད།། སྦྱོར་ཐབས་ཀྱང་ནི་ཐབས་ཀྱིས་ཀྱང་།། དེ་ལས་བདེ་བ་ཁྱད་པར་འཕགས།། དཔེར་ན་དར་དང་སྣལ་མ་བཞིན།། ཐབས་ཀྱིས་སྣལ་མའི་ཆ་ཙམ་མྱོང་།། ཤེས་རབ ་དར་གྱི་ཤམ་བུ་ཙམ།། དེ་ཕྱིར་རྣལ་འབྱོར་མ་ཡིན་རྒྱུད།། རྣལ་འབྱོར་མ་ཡིས་འགྲུབ་པར་གསུངས།། རྒྱུད་ཀྱི་ནང་ན་མཆོག་ཡིན་པས།། རབ་གནས་སྦྱིན་སྲེག་དབང་བསྐུར་དང་།། མཆོད་དང་བཟླས་དང་གཏོར་མ་དང་།། ཁྲུས ་དང་སྲུང་བ་ལ་སོགས་པ།། གསང་བ་འདི་ལས་གཞན་ན་མེད།། འབྲས་བུའི་ནང་ན་འདི་མཆོག་སྟེ།། ཡིས་ལྔ་ཡི་སྤྲོས་དང་བྲལ།། དེ་ནས་ལྷ་མོས་འཁོར་དཔག་ཏུ་མེད་པ་དང་།། མཁའགྲོ་མ་རྣམས་འདོད་ཆགས་ཀྱི་ཐེ་ཙོམ་ཡོངས ་ཟད་ནས། བཅྡོཾས་ལ་ཀུན་གྱིས་འཁྱུད་ནས་གསང་བའི་མཆོད་པས་བ་དེ་བ་ཆེན་པོའི་རས་གང་བར་མཆོད་ནས་མི་སྣང་བར་གྱུར་ཏོ།། གསང་བའི་ཡང་གསང་བ་གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་སྡོམ་པའི ་རྟོག་པ་རྒྱུ་དང་འབྲས་བུའི་དེ་ཁོ་ན་བསྟན་པའི་ལེའུ་སྟེ་བཞི་པའོ།། །། གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་རྫོག་སོ།། ། པཎྜི་ཏ་རཏྣ་བཛྲ་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡིས་ཀྱིས་བསྒྱུར་ཏེ ་གཏན་ལ་བབ་པའོ།། །། ། རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་སརྦ་ཙྪིནྡ་ཏནྡ་རཱ་ཛ། བོད་སྐད་དུ། དཔལ་གསང་བ་ཐད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ།། དཔལ་རྡོ་རྗེ་སདའ་ལ་ཕྱག་འཚའོ།། འདི་སྐད་བདག་གིས་ཐོས ་