| Wylie | e-texts produced with BDRC’s OCR application |
པར་བརྗོད་པ་རྫོགས་སྷོ།། །། རྒྱ་བར་གྱི་མཁན་པོ་དགེ་སློངས་ཛི་ཏ་ཤཱི་ར་བྷཱུ་ཏཱ་དང་།། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར།། རླུ་ད ་སྐད་དུ།། རཱ་ཛ་ཀཱཉྫ་པྣ་ཧུ་དཱི་པ་སྱ་པྲ་ཀྲི་སྭ་པྲ་ཎི་དྷ་སཱུ་ཏྲ། བོད་སྐད་དུ། རྒྱལ་པོ་གསེར་གྱི་ལག་པའི་མར་མེའི་ལོ་རྒྱུས་དང་སྨོན་ལམ་གྱི་མདོ།། དཀོན་མཆོག ་གསུམ་ལ་ཕྱག་འཚལོ།། སྔོན་སངས་རྒྱས་མར་མི་མཛད་ཀྱིས་སྟོན་པ་མཛད་པའི་དུས་ན། རྒྱལ་པོ་གསེར་གྱི་ལག་པ་ཞེས་བྱ་བས། བཅོམ་ལྡན་འདས་མར ་མེ་མཛད་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་ཁྱོད་སྔོན་གྱི་དུས་ན་དགེ་བའི་རྩ་བ་ཅི་ཞིག་སྤྱད་ན།། ད་ལྟར་མཚན་དང་དཔེ་བྱང་བྱུང་དུ་ལྡན་ཏེ། སྐུ་ལས་འོང ་ཟེར་མཐའ་ཡས་པ་འབྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལེགས། བཅོམ་ལྡན་འདས་ཀྱིས་བཀའོ་སྩལ་པ། རྒྱལ་པོ་ཆེན་པོ་ཉོན་ཅིག། ངས་སོ་སོའི་སྐྱེ་བོའི་དུས ་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ལུས་ལ་རས་བལ་གྱི་ཡེའུ་ཏིལ་མར་གྱི་ནང་དུ་བཅོས་པ་སྟོང་གཅུགས་ཏེ། ཕྱོགས་བཅུ་དུས ་གསུམ་གྱི་སངས་རྒྱས་ཐམས་ཅད་ལ། གཏན་པ་མེད་པའི་མཆོད་པར་དུལ་བས། ད་ལྟར་ང་ཞིང་སངས་རྒྱས་པར་མེ་མཛད་ཅེས་བྱ་བར་གྱུར་པ་ཡིན་ནོ།། ཞེས་གསུངས་པའང་། ་དེ་ལ་རྒྱལ་པོ་ཆེན་པོ་ཤིན་ཏུ་ཡི་རང་སྟེ། དེ་ནས་རྒྱལ་པོ་དེས་རང་གི་ལག་པ་གཡས་པ་རས་བལ་མར་གྱིས་བཅོས་པས་དཀྲིས་ཏེ་མེ་བཏང་ནས། ལག་པ་གསོན་པ་བར་སྣང་ལ ་རྐྱང་སྟེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། བདག་གི་སྟོན་པ་བཅོམ་ལྡན་འདས་མར་མེ་མཛད་དགོངསུ་གསོལ།། འགྱོད་པ་མེད་པའི་སེམས་ཀྱིས།། ཕྱོགས་བཅུའི ་སངས་རྒྱས་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ་དམིགས་ཏེ། གཏན་པ་མེད་པའི་མེད་པའི་མཆོད་པར་བསྔོས་ནས། སྨོན་ལམ་འདེབས་ཏེ། འདི་སྐད།། མར་མོཆི་སྣོད་ནི་སྟོ ་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཙམ་དུ་གྱུར་ཅིག། སྙིང་པོ་ནི་རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་གཅིག། འོད་ཀྱིས་ནི་སྲིད་པའི་རྩེ་མོ་མན་ཅད་ནས ་མནར་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད་ནསགཞན་ཡང་ལྕགས་རི་རིན་པོའི་ཕྱི་རྒྱང་ན།། སེམས་ཅན་རང་གི་ལས་ཀྱི་སྒྲིབ་པས་བསྒྲིབས་པའི་མུན ་ནག་ཆེན་པོའི་ནང་ན། རང་གྱི་ལག་པ་བརྐྱང་བསྐུམ་ཡང་མི་མཐོང་བའི་གནས་ཆུན་ཅད་སྣང་ཞིང་གསལ་བར་གྱུར་ཅིག། ཡུན་ནི་དུས་གསུམ་གྱི་སངས་རྒྱས ་ཇི་སྲོང་བཞུགས་པ་དེ་སྲིང་དུ་གནས་པར་གྱུར་ཅིག། གྲངས་ནི་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན། བཞུགས་པའི་སངས་རྒྱས་གྲགས་མེད་པ་རེ་རེའི་སྤྱ ་ལམ་དུ་གསལ་བར་གྱུར་ཅིག། མར་མེ་འདི་གཟུགས་མེད་པའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག། དེ་ལྟར་གསལ་བའི་མོད་ལ།། གཟུགས་མེད་པའི་ལྷ་རྣམས་མར ་མེའི་འོད་ཀྱིས་བསྐུལ་མ་ཐག་ཏུ། མཚན་དང་དཔེ་བྱད་དུ་ལྡན་ནས། སྙོམས་པར་འཇུག་པའི་སྐྱེ་མཆེད་བཞི་ལ་གྲེལ་ཏེ།། དེ་བཞིན་གཤེགས་པའི་བསམ་གཏན་ལ་སོགས་པ ་སྒོམས་པར་འཇུག་པའི་སྐལ་པ་དང་ལྡན་པར་གྱུར་ཅིག། མར་མེ་འདི་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་གནསུ་གསལ་བར་གྱུར་ཅིག། གཟུག ་ན་སྤྱོད་པའི་ལྷ་རྣམས་ཏིང་འཛིན་གྱི་དགའ་བདེ་རྩེ་གཅིག་པ་ཉམ་སུ་མྱོང་ནས། ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཅིག། མར་མེ་འདི་འདོད་ཁམས་ཀྱི་ལྷ་རྣམས ་ཀྱི་གན་སུ་སྣང་ཞིང་གསལ་བར་གྱུར་ཅིག། འདོད་ཁམས་ཀྱི་ལྷ་རྣམས་ཀྱང་། ལྦུའི་འདོད་པའོ་ལོངས་སྤྱོད་ལ་སེམས་མ་ཆགས་ཤིང་།། རང་གི་སེམས་ལ་ལྟ་ཞིང ་བསམ་གཏན་བཞི་རིམས་ཀྱིས་སྙོམས་པར་འཇུག་པའི་སྐལ་པ་དང་ལྡན་པར་གྱུར་ཅིག། མར་མེ་འདི་ལྷ་མོ་ཡིན་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག ་ལྷ་མ་ཡིན་གྱི་ང་རྒྱལ་དང་། ཁྲོ་གཏུམ་དང་སེམས་ཀྱེ་གདུག་པ་ཞེ་ནས།། ཆད་མེད་པ་བཞི་དང་ལྡན་ནས།། ཞི་གནས་ཀྱི་སེམས་ཡིད་ལ་བྱེད་པ་དང ་ལྡན་པར་གྱུར་ཅིག། མར་མེ་འདི་གླིང་བཞིའི་མི་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག། གླིང་བཞི་མི་རྣམས་ཀྱང་སྡུག་བསྔལ་བརྒྱད་ལས ་ཐར་ནས།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་གྱུར་ཅིག། མར་མེའི་བྱོལ་སོང་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག། བྱེལ ་སྟོང་དེ་དག་གཅིག་ལ་གཅིག་ཟ་བ་དང་། བདག་བརྡུང་དང་གསད་པ་དང་། བཀོལ་བའི་སྡུག་བསྔལ་དང་། བླན་རྨོངས་ལས་ཐར་ནས། ཤེས་རབ་རྣམ་པ་གསུམ ་དང་ལྡན་པར་གྱུར་ཅིག། མར་མེ་འང་ག་ཤིན་རྗེའི་འཇིག་རྟེན་དུ་སྣང་ཞིང་གསལ་བར་གྱུར་ཅིག། གཤིན་རྗེ་རྣམས་བསོད་གནོད་བྱེད་པ་དང་འརྡེག་བརྡུང་གི་ལས ་ལས་ཐར་ནས། དེ་བཞིན་གཤེགས་པ་ཐམས་ཅད་གྲོས་ཕ་རོལ་ཏུ་ཕྱིན་ཕྲ་བསྒྲགས་པས། སེམས་ཅན་ཐམས་ཅད་གཏོང་བའི་སེམས་འབྱུང་བར་གྱུར་ཅིག། མར ་མེ་འདི་པྲེ་ཏཱའི་གན་སུ་གསལ་བར་གྱུར་ཅིག། པྲེ་ཏ་རྣམས་ཀྱང་བཀྲེས་བསྒོམ་གྱི་སྡུག་བསྔལ་ལས་ཐར་ནས། བྱང་ཆུབ་སེམས་དཔའ་ནམ་ཀ་མཛོད་ཀྱི ་ཐུགས་རྗེ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་ཟས་དང་སྐོམ་གྱི་འཕོངས་པའི་ལོངས་སྤྱོའི་ཟད་མི་ཤེས་པ་དྲང་ལྡན་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དབང་དང ་ལྡན་པར་གྱུར་ཅིག། མར་མེ་འདི་ན་རག་རྣམས་ཀྱི་གན་སུ་གསལ་བར་གྱུར་ཅིག། ན་རག་ནི་སྔོན་གྱི་ལས་ངན་པའི་རྣམས་པར་སྨིན་པས་ཆ་གྲང་གི་སྡུག ་བསྔལ་འཟོད་པར་དཀའ་བ་ཉམས་སུ་མྱོང་བ་ལས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིཟུགས་རྗེའི་བྱིན་གྱིས་རླབས་ཀྱིས། དམྱལ་བའི་སྡུག་བསྔལ་ཆད་མེང་པ་ལ ་ཟར་ནས། བཟོད་ངའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་གྱུར་ཅིག། མར་མི་འདིས་འཛམ་བུ་གླིང་གི་ཕྱི་རོལ་ན་མུན་ནག་གི་ནང་ན་འཇོམས་པའི་སེམས་ཅན་རང་གི་ལག་པ་བརྐྱང་བ་ཡང ་མི་མཐོང་བའི་གནས་སུ་གསལ་བར་གྱུར་ཅིག། དེ་དག་སྔོན་གྱི་ལས་ངན་པའི་རྣམ་པར་སྨིན་པས་ཟས་དང་སྐོམ་འདོད་པ་ལས།། ནམ་ཀ་ལ་རང་གི་ལྕགས་ཀྱི་སེན་མེ་ཡོད་པས་བརྟགས ་པས་ཟས་དང་སྐེམ་མ་རྙེད་ནས། རང་གི་ལུས་ཟིན་པ་ད་ཤ་བཅད་དེ་ཟ་བ་དེ་དག་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཐུགས་རྗེའི་བྱིན་གྱིས་རླབས ་ཀྱིས་མུན་ནག་ཆེན་པོ་འཐོམས་པ་ལས་ཐར་ནས།། བདེ་བ་ཅར་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག། གཞན་ཡང་མར་མེ་འདི་ཀླུའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག། ་དེ་རྣམས་གཏི་མུག་དང་། སེར་སྣའི་མདུད་པ་དཀྲོལ་ཏེ་གཏོང་བའི་བློ་དང་ལྡན་ཞིང་།། ན་མ~ཾ་ཀ་ལྡིང་གིས་འཇིགས་པ་དང་། མེ་ཚན་བྱེ་ཆེན་ལ་སོགས་ཏེ་འཇིགས་པ་ཆེན་པོ་བརྒྱད་ལས ་ཐར་ནས། སངས་རྒྱས་དང་། ཆེས་དང་དགེ་འདུན་ལ་སྐབས་སུ་འགྲོ་ཞིང་།། སྲོག་འཚེ་བའོ་ཞི་གནས་ཀྱི་ཆུའི་ཐེག་ལེ་སྙིང་ལ་གནས་ནས་ཀླུ་རྣམས་འདོང་བའི་ཡིན ་ཏན་དང་ལྡན་པར་གྱུར་ཅིག། མར་མེ་འདི་ལྟོ་འཕྱེ་ཆེན་པོའི་གནས་སུ་སྣང་ཞིང་གསལ་བར་གྱུར། ཅིག། དེས་ལྕེ་འཕྱེ་ཆེན་པོའི་སྡུག་བསྔལ་ཞི་ནས་དགའ ་བ་རྒྱ་མཚོ་རྣམ་པར་འཕྲུལ་པའི་ཤུགས་དང་ལྡན་པར་གྱུར་ཅིག། མར་མེ་འདིས་མཛམ་བུ་གླིང་གི་སྤྱིར་གནས་པའི་ས་བདག་དང་ལྷ་དང་ཀླུ་དང་། ས་བདག་གི་རྒྱལ ་པོ་པ་ཏི་ལི་དང་། སའི་རྒྱལ་མོ་ཆེན་མོ་དང་། རྒྱ་མཚོ་ཆེན་པོ་དང་། མཚོ་བྲན་དང་། རྫིང་དང་ཁྲོན་པོ་ལ་གནས་པ་དང་། ཀླུང་ཆེན་པོ་དང་ཀླུང་ཕྲ་མོ་དང་ཆུ་མིག་དང ་ལུ་མ་ལ་གནས་པ་དང་། གངས་རི་མཐོན་པོའི་རྒྱུད་ལ་གནས་པ་དང་། རི་ནག་པོ་དང་། གཡའ་དང་ཤ་སྲང་དང་། སྤང་རི་དང་ནགས་ཆེན་པོ་དང་། ཤིང་གཅིག་པ་དང ་གཙུག་ལབ་ཁང་དང་། མཆོད་རྟེན་དང་གྲོང་ཁྱེར་དང་། ལྗོངས་ན་གནས་པའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག། དེ་དག་སོ་སོའི་འཁྲུལ་པའི ་རྡེག་པ་ཐམས་ཅད་བྱེང་ནས། དཀོན་མཆོག་གསུམ་ལ་མི་བྱེད་པའི་ངང་པ་དང་ལྡན་ཏེ།། བྱང་ཆུབ་ཀྱི་སེམས་དང་ལྡན་ནས་ཐར་པ་ཐོབ་པའི་རྒྱུ་རུ་གྱུར ་ཅིག། དེ་ལྟར་དེང་མར་མེ་འདིའི་ཡོན་བདག་གིས་ཀྱང་།། གཏན་པ་མེད་པའི་མཆོད་པ་འདི་ཕུལ་བས། བདག་དང་མཐའ་ཡས་པའི་སེམས་ཅན་རྣམས ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི། ཞབས་དྲུང་དུ་སྐྱེས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཀྱི་དཔལ ་འགོར་དུ་གྱུར་ཅིག། རྒྱལ་པོ་གསེར་གྱི་ལག་པའི་མར་མེའི་སྤེན་ལ་པ~ཾ་གྱི་མདོ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨཱརྱ་བྷུད་ཙརྱ་པྲ་ནི་དྷ་ན་རཱ་ཛ། བོད་སྐད ་