CLOSE WINDOW

L235: 'phags pa dga' ba'i bshes gnyen gyi rtogs pa brjod pa zhes bya ba
Wyliee-texts produced with BDRC’s OCR application

ཆོས་བྱུང་སྟེ་འརྩིས་ནས། ཁྱིའི་ལོའི་ཤོས་དབར་བའི་སྟོན་ཟླ་ཐ་ཆུང་ཡན་ཅད། དགུང་ལ་སྟོང་ཉི་ས་བརྒྱ་ལྔ་བཅུ་རྩ་དྲུག་ཙམ་པ་ལགས།། རྒྱ་གར་སྐདུ ་ཨཱརྱ་ནན་མི་ཏཱ་ཨ་བ་དྷཱ་ར་ཎ་མ་ནཱ་མ། བོད་སྐད་དུ། འཕགས་པ་དགའ་བའི་འཤེས་གཉེན་གྱི་རྟོགས་པ་བརྗོད་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེ ་དཔའ་ཐམས་ཅད་ལ་ཕྱག་འཚལོ།། འདི་སྐད་བདག་ཅག་གིས་ཐོས་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱད་བརྒྱ་ལོན་པར་གྱུར་པ་ན།། དེའི་ཚེ་དེའི་དུས་ན། ཡུལ་ཤི་བག ་ཞེས་བྱ་བ་ན། གྲོང་ཁྱེར་བྱིན་གྱིས་རླབས་པ་ཞེས་བྱ་བ་ཡོད།། དེན་རྒྱལ་པོ་རིགས་པའི་སྡེ་ནས་བྱ་བ་གནསོ།། དེའི་ཚེ་རྒྱལ་པོ་རིགས་པའི་སྡེའི་ཡུལ་ན། དགེ་སློང་དགའ་བའི་བཤེས་གཆེན ་ཞེས་བྱ་བ་རྣམ་པར་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་དང་། མངོན་པར་ཤེས་པ་དྲུག་དང་ལྡན་པ། རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ། དཔག་ཚད་བརྒྱ་སྟོང་ཕྲག་དུམ་པ་སེམས་ཅན ་རྣམས་ལས་ཐ་ན་གྲོག་མ་དང་། ཀུ་ཏ་ཡི་ཡང་སེམས་ཅན་སྤྱོད་པ་ཤེས་པ་ཞིག་གནས་ཏེ། དེ་ཡོངས་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ། དགེ་སློང་གི་དགེ་འདུན་འདུས་པ་ལས ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་བཤད་དེ། འདི་ལྟར་དགེ་སློང་རྣམས་ཐེ་ཙམ་སྐྱེས་ནས་དྲིས་པ། གནས་བརྟན་ཡུན་ཇི་སྙེད་ཅིག་གི་བར་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ ་བའི་ཆོས་གནས་པར་འགྱུར། དེས་སྨྲས་པ། བཞིན་བཟངས་དག་དོགས་པ་མེད་ཀྱིས་མྱ་ངན་དང་སྨྲེ་སྔགས་མ་འདོན་ཅིག། ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདས་པའི ་དུས་ཀྱི་ཚེ།། གནས་བརྟན་ཆེན་པོ་བཅུ་དྲུག་གི་ལག་ཏུ་དམ་པའི་ཆོས་གཏད་པར་གྱུར་ཏེ། སྦྱིན་བདག་དང་སྦྱིན་པ་པོའི་སྦྱིན་པ་ཡོངསུ་དག་པར་བྱ་བའི་ཕྱིར་རོ།། དེ་སྐད་ཅེས་སྨྲས་པ་དང་། ་གནས་བརྟན་དགའ་བའི་བཤེས་གཉེན་ལ་ད་གེ་སློང་དག་གིས་འདི་སྐད་ཅེས་སྨོས།། གནས་བརྟན་པ་དག་ཅག་གིས་གནས་བརྟན་དེ་དག་གི་མཚན་ཡང་མི་འཚལོ།། ་གནས་བརྟན་གྱིས་སྨྲས་པ། ཚེ་དང་ལྡན་བདག་གནས་བརྟན་དང་པོའི་མཚན་ནི་བ་ར་དྭ་ཙི་བསོད་སྙོམས་ལེན་ཞེས་བྱའོ།། གནས་བརྟན་གཉིས་པའི་མཚན་ནི་གསེར་བུ་ཞེས་བྱ ་གནས་བརྟན་གསུམ་པའི་མཚན་ནི་བེ་ར་དཱ་ཙ་ཞེས་བྱའོ།། གནས་བརྟན་བཞི་པའི་མཚན་ནི་མི་ཕྱེད་པ་ཞེས་བྱའོ།། གནས་བརྟན་ལྔ་པའི་མཚན་ནི་ཤིང་ཤུན་ཅན་ཞེས་བྱལ། ་གནས་བརྟན་དྲུག་པའི་མཚན་ནི་བཟང་པོ་ཞེས་བྱའོ།། གནས་བརྟན་བདུན་པའི་མཚན་ནི་ནག་པོ་ཞེས་བྱའོ།། གནས་བརྟན་བརྒྱད་པའི་མཚན་ནི་བད་སའི་བུ་ཞེས་བྱའོ།། ་གནས་བརྟན་དགུ་པའི་མཚན་ནི་བ་ལང་སྐྱོང་ཞེས་བྱའོ།། གནས་བརྟན་བཅུ་པའི་མཚན་ནི་ལམ་པ་ཞེས་བྱའོ།། གནས་བརྟན་བཅུ་གཅིག་པའི་མཚན་ནི་སྒྲ་ཅན ་འཛིན་ཞེས་བྱའོ།། གནས་བརྟན་བཅུ་གཉིས་ཀྱི་མཚན་ནི་ཀླུ་སྡེ་ཞེས་བྱའོ།། གནས་བརྟན་བཅུ་གསུམ་པའི་མཚན་ནི་ཟུར་གྱིས་ཤེས་ཞེས་བྱའོ།། གནས་བརྟན་བཅུ་བཞི་པའི་མཚན་ནི་ནགས ་ན་གནས་པ་ཞེས་བྱའོ།། གནས་བརྟན་བཅོ་ལྔ་པའི་མཚན་ནི་མི་ཕམ་པ་ཞེས་བྱའོ།། གནས་བརྟན་བཅུ་དྲུག་པའི་མཚན་ནི་གཙུག་གི་ལམ་ཞེས་བྱའོ།། གནས་བརྟན་དེ་དག་ནི་རིག་པ་གསུམ ་དང་ལྡན་པ། སྡེ་སྣོད་གསུམ་པ། ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ། རྫུ་འཕྲུལ་གྱི་སྟེངས་ཀྱིས་ཚེ་བྱིན་གྱིས་བརླབས་ཏེ་བསྲུངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་གནས ་བ་ཡིན།། སྦྱིན་པ་པོ་དང་། སྦྱིན་བདག་རྣམས་ཀྱི་སྦྱིན་པ། ཡོངསུ་དག་པར་བྱེད།། དེ་སྐད་ཅེས་སྨྲས་པ་དང་།། དགེ་སློང་རྣམས་ཀྱིས་གནས་བརྟན་དགའ་བའི་བཤེས་གཉེན་ལ ་འདི་སྐད་ཅེས་སྨྲ་སོ།། གནས་བརྟན་བདག་ཅག་གིས་གང་ན་བཞུགས་པའང་མི་འཚལོ།། གནས་བརྟན་གྱིས་སྨྲས་པ། ཚེ་དང་ལྡན་པ་གནས་བརྟན་དང་པོ་བ་ར་དྭ་ཙ་བསོད་སྙོམས་ལེན་ཞེས ་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་དང་ལྷན་ཅིག་ཏུ་བ་གླང་སྤྱོད་ཀྱི་གླིང་ན་གན་སོ།། གནས་བརྟན་གསེར་བུར་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་ལྔ་སྟོང་དང་ལྷན་ཅིག་བྱུང་ཕྱོགས་ཀྱི་ཁ་ཆེ ་ཡུལ་ན་གནསོ།། གནས་བརྟན་པ་ར་ཙ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་དྲུག་སྟོང་དང་ལྷན་ཅིག་ཤར་གྱི་ལུས་འཕགས་ཀྱི་གླིང་ན་གན་སོ།། གནས་བརྟན་མི་ཕྱེད་པ་ཞེས་བྱ་བ་ནི ་འཁོར་དགྲ་བཅོམ་པ་བདུན་སྟོང་དང་ལྷན་ཅིག། འཛམ་བུའི་གླིང་ན་གནསོ།། གནས་བརྟན་ཤིང་ཤུན་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་དྲུག་སྟོང་དང་ལྷན་ཅིག་བྱང་གི་སྒྲ་མི་སྙན་གྱི ་གླིང་ན་གན་སོ།། གནས་བརྟན་བཟང་པོ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་དགུ་སྟོང་དང་། ལྷན་ཅིག་ཟངས་གླིང་ན་གནསོ།། གནས་བརྟན་ནག་པོ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ ་བསྟོང་དང་ལྷན་ཅིག་སིང་གའི་གླིང་ན་གནསོ།། གནས་བརྟན་པད་སའི་བུ་ནི་འཁོར་དགྲ་བཅོམ་པ་ཁྲི་ཅོག་སྟོང་དང་ལྷན་ཅིག་པ་ནི་སའི་གླིང་ན་གནས།། གནས་བརྟན་པ་ལང་སྐྱོང ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་བརྒྱད་སྟོང་དང་། ལྷན་ཅིག་རི་བོ་སྤོས་ཀྱི་ངང་ལྡན་ན་གན་སོ།། གནས་བརྟན་ལམ་པ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་ཕྲག་བཅུ ་གསུམ་དང་ལྷན་ཅིག་ལྷ་རྣམས་ཀྱི་གནས་སུམ་ཅུ་རྩ་གསུམ་ན་གནས།། གནས་བརྟན་སྒྲ་གཅན་ལ་ཛིན་ཅེས་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་དང་ལྷན་ཅིག་ཏུ་བྲི ་ཡཾ་ཀའི་གླིང་ན་གནསོ།། གནས་བརྟན་ཀླུའི་སྡེ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་ཕྲག་བཅུ་གཉིས་དང་ལྷན་ཅིག་རི་སྐྱ་བོ་ན་གནསོ།། གནས་བརྟན་ཟུར་གྱིས་ཤེས་ཞེས་བྱ་བ་ནི། ་འཁོར་དགྲ་བཅོམ་པ་སྟོང་ཕྲག་བཅུ་གསུམ་དང་ལྷན་ཅིག་རི་བོ་ངོས་ཡངས་ན་གན་སོ།། གནས་བརྟན་ནགས་གནས་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་ཕྲག་བཅུ་བཞི་དང ་ལྷན་ཅིག་ལུས་འཕགས་ཀྱི་རི་ལགནས།། གནས་བརྟན་མི་ཕམ་པ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་ཕྲག་བཅོ་ལྔ་དང་ལྷན་ཅིག་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རོལ ་གནསོ།། གནས་བརྟན་གཙུག་གི་ལམ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་ཕྲག་བཅུ་དྲུག་དང་ལྷན་ཅིག་རི་བོ་གཉལ་ཤིང་འཛིན་ན་གན་སོ།། གནས ་