CLOSE WINDOW

L234: li'i yul lung bstan pa / li yul gyi lo rgyus
Wyliee-texts produced with BDRC’s OCR application

རྒྱལ་པོའི་ཁབ་ན་རིང་བསྲིལ་གྱི་མཆོད་རྟེན་པོ་གཅིག། ལི་ཡུལ་གྱི་ལོ་རྒྱུས་དང་། གཙུག་ལག་ཁང་དང་། དགེ་འདུན་སྡེ་གཉིས་ཀྱི་གྲངས། གནར་ཐོསས ་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱུང་བའི་ཚེ་ལི་ཡུལ་ཡང་དེ་ཙམ་ན་ཡུལ་དུ་གྱུར་ཏེ།། དེ་ན་གནས་པའི་མི་རྣམས་ཀྱང་ཆོས་བགྱིདསླད་ཀྱིས་སངས་རྒྱས་འོད ་སྲུང་གི་ཆོས་སྟོན་པ་གཞག་པ་ནུབ་པའི་ཚེ། ལི་ཡུལ་གྱི་ཆོས་ཀྱང་ཞིག་ནས་དྲང་སྲོང་ཁ་ར་ཤཱ་དང་། ཁ་རེའུ་སྐྲ་ཞེས་བགྱི་བ་ལ་སོགས་ཏེ། དྲང་སྲོང་མང་པོ་ཡུན་རིང ་མོ་ཞིག་ཏུ་ལི་ཡུལ་ཕྱོགས་ཀྱི་རྔ་རྩ་དག་ན་གནས་ཏེ།། དེ་ན་དགེ་བའི་གཤེ་ས་གཉེན་བགྱིད་དེགྱིང་པ་ལས། སླད་ཀྱིས་དྲང་སྲོང་དེ་རྣམས་ལ་མི་ངན་ཁ་ཅིག་གིས་གཙེས ་ནས། མངོན་ཅན་བགྱིད།། བཀུར་བསྟི་དང་། རིམ་གྲོ་མ་བགྱིས་པ་ས་དྲང་སྲོང་དེ་རྣམོས་ཀྱང་མི་དགའ་ནས་ལི་ཡུལ་སྤངས་ཏེ། ནམ་མཁར་ལ་ལྡོངས་ནས་ཡུལ་གཞན ་དུ་མཆིས།། དེ་ནས་ནི་ལི་ཡུལ་གྱི་མི་རྣམས་ཀྱང་ཆོས་ལ་མ་དད་དེ། ལྟ་བ་ལོག་པར་གྱུར་ཏེ། ཀླུ་རྣམས་མི་དགའ་སྟེ་ཆབ་ཕྱུང་ནས།། ལི་ཡུལ ་ཡང་མཚོར་གྱུར་ཏོ།། ཡུན་རིང་མོ་ཞིག་ཏུ་མཚོར་མཆིས་ཆིས་པ་ལས། སླར་ཀྱི་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་རྒྱ་གར་ཡུལ་དུ་བྱུང་སྟེ། སེམས་ཅན་གྱི་དོན་མཛད ་ཅིང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ། སངས་རྒྱས་ཀྱི་འཕྲིན་ལ་སུ་མཛད་པ་རྣམས་ལགས་ན། མྱ་ངན་ལས་འདའ་བར་བསྟན་པ་ཉེ་བ་ཞིག་དུས་ན ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རིལ་བཞུགས་ཏེ། མདོ་སྡེ་ཟླ་བའི་སྙིང་པོ་གསུངས་པའི་ཆེ། ཡུལ་ཁམ ་སོ་སའི་མགོན་པོ་དག་ལྷ་ཀླུ་ལ་སོགས་པ་བསྡུ་ས་མ་རྣམས་ལ་གཏང་བའི་དུས་ན། ལི་ཡུལ་ཡང་ལུང་བསྟན་ཏེ། རྣམ་ཐོས་ཀྱི་སྲས་དང་། གནད་ན ་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང་། རྒྱལ་པོ་མ་སྐྱེས་དགྲའི་བུ་མོ་དྲི་མ་མེད་པའི་འོད་དང་། གཞོན་ནུ་རྡོ་རྗེའི་སྡེ་དང་། ལྷའི་བུ་བློ་གྲོས་རབ་བརྟན་དང་། ལྷ་མོ་འཕྲོག་མ ་ལ་སོགས་པ་འཁོར་དང་བཅས་པ་ལ་གཏན་ནས། བཅོམ་ལྡན་འདས་ཉིད་ཀྱང་འཁོར་རྣམ་བཞི་འབུམ་ཕྲག་དུ་མ་དང་། ན་མཁའ་ལེ་ལྡིངས་ནས་ལི་ཡུལ་དུ་གཤེགས་ཏེ། ་དེ་ལྟར་འགུམ་ཏིར་གྱི་མཆོད་རྟེན་ཆེན་པོ་བཞུགས་དྲའི་ཐེད་ཀར་མཚོའི་སྟེང་ཏ་ལ་བདུན་སྲིད་ཙམ་གྱི་གནམ་འང་དྲ་གི་ནམཁར་ལ་པདྨའི་གདན་ལ་བཞུགས་ནས། ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སོ་སོ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་ལི་ཡུལ་བྱིན་གྱིས་བརླབ་པའི་སླད་དུ། བསྐུལ་བའི་འོད་ཟེར་ཕྱོགས ་སུ་ཁྱབ་པར་བཏང་།། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ལྀ་ཡུལ་བྱིན་གྱིས་རླབས་པའི་སླད་དུ། སངས་རྒྱས་ཀྱིས་ཞི་ང་སོ་སོ ་ནས་སོས་རྒྱས་ཤཱཀྱ་ཐུབ་པ་མཚང་བ་དགྱིང་བའི་བྱང་ཆུབ་སེམས་དཔའི་འཁོར་དང་། ཡུལ་སྲུང་ཞིང་བྱིན་གྱིས་བརླབས་པའི་སྔགས་ཀྱི་སྙིང་པོ་དང་། འོད་གཟིར་བ ་ནས་དུས་གཅིག་ཏུ་སངས་རྒྱས་ཤཱཀྱ་ཐུབ་པར་སྤྱི་ག་དྲུག་ཏུ་འདུས་པར་བྱིན་གྱིས་སླབ་ནས།། དགེའོ་ཞེས་བྱ་བའི་སྒྲ་ཆེན་པོ་བྱུང་ངོ་།། དེ་ནས་བཅོམ་ལྡན་འདས། ་ཀྱ་ཐུབ་པས་ཀྱང་ལི་ཡུལ་མཚོར་གྱུར་པ་འོད་ཟེར་གྱིས་ཁྱབ་པར་མཛད་ནས། བྱིན་གྱིས་བརླབས་ནས་འོད་ཟེར་དེ་དག་ལས་ཆུའི་ཁར་པདྨ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་བྱུང་། ་པདྨོ་རེ་རེའི་ཁར་ཡང་མེ་མར་ཁ་རེར་བྱུང་།། དེ་ནས་འོད་ཟེར་དེ་དག་གཅིག་ཏུ་འདུས་ནས་ཆབ་ཀྱི་སྟེང་གཡས་ཕྱོགས་སུ་ལན་གསུམ་བསྐོར་རྣམས་ཆུའི་དཀྱིལ ་དུ་རུ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་ཤཱ་རིའི་བུ་དང་། རྣམ་ཐོས་ཀྱི་སྲས་ལ་བཀའ་སྩལ་པ། ཁྱོད་ཀྱིས་རང་ས་བ་ར་ན་པ་དེ་ཏེ་ཞེས་བྱ ་བའིརི་སྣག་གི་ཁ་དོག་འདྲ་བ།། མཚོ་འདི་དྲོལ་ཅིག་ཅེས་བཀའ་སྩལ་ནས། འཕགས་པ་ཤཱ་རིའི་བུའི་སག་ཤང་གཽ་སྲུབ་དང་། རྣམ་ཐོས་སྲས་ཀྱི་མདུང ་རྩེས་ཤིང་ཤན་དུ་མཚེ་དྲལ་ནས།། བཅོམ་ལྡན་འ་ས་ཀྱང་གླང་མགོའི་རིའི་སྟེང་ན། སྐུ་གཟུགས་ཆེན་པོ་བཞུགས་པའི་གཡོན་ལོགས་ཀྱི་ལྷ་ཁང་གི་མ ་ན། དེ་ལྟར་མཆོད་རྟེན་ཆུང་ངུ་ཞིག་བཞུགས་པའི་སར་སེམས་ཅན་གྱི་དོན་མཛད་པའི་སླད་དུ།། དགུང་བདུན་དེ་ན་བཞུག་སོ།། དེ་ནས་འཕགས་པ་ཀུན་དགའ་བོས།། བཅོམ ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འོད་ཟེར་དང་། པདྨོ་དང་། མ་མར་འདི་དག་སྣང་བར་གྱུར། ཅིའི་རྒྱུ་ཅིའི་རྐྱེན་གྱིས་འོད་ཟེར་འདི་རྣམས་གཅིག ་འདུས་ནས་གཡས་ལོགསུ་ལན་གསུམ་འཁོར་ཏེ། ཆབ་ཀྱི་དཀྱིལ་དུ་ནུབ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། འཕགས་པ་ཤཱ་རིའི་བུ་སག་ཤིང་གི་རྩ་བ་དང་། ་།། རྣམ་ཐོས་སྨྲས་ཀྱི་མདུང་ཅེས་མཚོ་དྲལ་བས་ཕྱིས་མཚོ་སྐམས་ནས། ང་མྱ་ངན་ལས་འདྲས་པའི་འོག་ཏུ་ཡུལ་ལི་ཡུལ་ཞེས་བྱ་བ་འདི་འབྱུང་སྟེ། འོད་ཟེར་ལན་གསུམ་འཁོར་བའི་སར་ནི་ཁོར ་ཁོར་ཡུག་ཏུ་ཕྱིས་འཁྱེན་གྱི་མཁར་དང་ལྡན་གྱི་གླེང་ཁྱེར་ཚོན་པོ་རྩིག་པར་འགྱུར། ཆུའི་དཀྱིལ་དུ་འོད་ཟེར་ནུབ་པའི་སར་ན། ཡུལ་བྱིན་གྱིས་རློབ་ཅིང་སྲུང་བ་ར་འཛག་མའི་སངས་རྒྱས་ཀྱི་སྐུ་གཟུག ་ངས་ཙནྡ་གྱི་ནང་དུ་སྐུའི་གྲིབ་མ་ནུབ་པར་བྱིན་གྱིས་བརླབས་ཏེ་བྱས་པ་ཞིག་རྒྱ་གར་ཡུལ་ནས་ན་མཁའ་ལ་གཤེགས་ཏེ་བཞུགས་པར་འགྱུརརོ།། ཆུའི་ནང་ན་པདྨོ་དང་མེ་མར་བྱུང་བའི་སར་ནི་ཕྱིས་ཐེག་པ ་ཆེན་པོ་སྤྱོད་པའི་དགེ་སློང་པོ་མི་གནས་པའི་གཙུག་ལག་ཁང་ཆེན་པོ་སུམ་བརྒྱ་དདྲུག་ཅུ་རྩ་གསུམ། རྒྱལ་པོ་ལ་སོགས་པའི་ཡོན་པ། དག་དད་པ་ཅན་རྣམས་ཀྱིས་བརྩིགས་ནས། དེ་བཞིན་ག ་བའི་སྐུ་གདུང་ལ་མཆོད་པའི་བྱང་ཆུབ་སེམས་དཔའ་དགེ་སློང་པོ་མོའི་ཚུལ་དུ་གནས་པ་ཉིས་བརྒྱ་ལྔ་བཅུ། ཁྱིམ་པ་སྐྱ་བོ་ར་ཚུལ་དུ་གནས་པ་ཉིས་བརྒྱ་ལྔ་བཅུ་སྟེ། ལྔ་བརྒྱ་རྟག་ཏུ ་གནསོ།། གཞན་ཡང་ཕྱིར་མི་ལྡོག་པོ་རིས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཆོས་རྒྱས་པར་སྤྱོད་པོ་ཕལ་ཆེར་གནས་ཏེ། འདི་ནི་དུས་གསུམ་དུ་གཤེགས་པའི་སངས ་རྒྱས་ཀྱི་ཞིང་ཁུད་པ་ཡིན་ནོ་ཞེས། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་སོགས་པ། བྱང་ཆུབ་སེམས་དཔར་བརྒྱད་དང་། རྣམ་ཐོས་ཀྱི་སྲས་དང་། གནོད ་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས་པ། རིགས་ཀྱི་བུ་མོ་དྲི་མ་མེད་པའི་འོད་དང་། གཞོན་ནུ་རྡོ་རྗེའི་སྡེ་ལྕམ་དྲལ་དང་། ལྷ་ཀླུ་ལ་སོགས་པ་ལ་དུས་ཐམས་ཅད་དུ་སྲུང་ཤིག་པར་དེ་བཞིན་གཤ ་པས་གཏ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། བྱམས་པ་དང་། སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་དང་། སའི་སྙིང་པོ་དང ་ཀུན་ཏུ་བཟང་པོ་དང་། མཐུ་ཆེན་དང་། སྨོན་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དང་། རྣམ་ཐོས་ཀྱི་སྲས་གནོད་སྦྱིན་འཁོར་སུམ་སྟེང་དང་། གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས ་འཁོརལོ་ཁྲི་ཕྲག་བཅུ་དང་། ལྷ་གཞན་གྱིས་མི་ཐུབ་པ་འཁོར་སྟོང་དང་། ན་མཁའི་སྤྱན་འཁོར་བརྒྱད་སྟོང་དང་། ལྷའི་བུ་གསེར་འཕྲེང་འཁོར་ལྔ་བརྒྱ་དང་། ཀླུའི་རྒྱལ་པོ ་གནས་དྲོས་པོ་འཁོར་སྟོང་དང་། ལྷ་མོ་ལྕགས་ཀྱུ་ཅན་འཁོར་སྟོང་ཕྲག་བཅུ་དང་། ལྷ་མོ་གནས་ལྡན་མ་འཁོར་ལྔ་སྟོང་དྲང་། རིགས་ཀྱི་བུ་མོ་དྲི་མ་མེད་པའི་འོད་དང་། གཞོན ་ནུ་རྡོ་རྗེའི་སྡེ་དང་། ལྷའི་བུ་བློ་གྲོས་རབ་བརྟན་དང་། ལྷ་མོ། འཕྲོག་མ་འཁོར་དང་བཅས་པ་ལ་སོགས་པས། བཅོཾ་མ་ལྡན་འདས་ཀྱི་སྤྱན་སྔར་དམ་ཚིགས་བཅས ་ནས། ལི་ཡུལ་བསྲུང་བར་ཞལ་གྱིས་བཞེས་ཏེ། དེང་སང་གི་བར་དུ་ཡང་འཕགས་པ་བྱང་ཆུབ་སེམས་དཔའ་འདི་བརྒྱད་དང་རྣམ་ཐོས་ཀྱི་སྲས་མགོན་པོ་དང་། ལྷ་དང་། ཀྵ་དང་། ་ལྷ་མོ་རྣམས་ཐོག་མ་སངས་རྒྱས་འགེའའུ་ཏོ་ཤན་ཏུ་གཤེགས་ཏེ། འཁོར་མང་པོས་བསྐོར་ནས་བཞུགས་པའི་ཚེ། བྱང་ཆུབ་སེམས་དཔའ་འདི་རྣམས་དང་། མགོན་པོ་དང་། ལྷ་ཀླུ་རྣམས་ག་ལ ་བཞགས་བཞུགས་པའི་གནས་དང་། དམ་ཚིག་བླངས་པའི་སར་ད་དུང་ཡང་ཡུལ་བསྲུང་ཞིང་བྱིན་གྱིས་རློབ། མངོན་རྟགས་དང་མཚན་མ་དག་ཀྱང་འབྱུང་། དེ་ནས་སངས་རྒྱས་མྱ་ངན་འདས་ནས། ་དགུང་ལོ་ཉིས་བརྒྱ་སུམ་ཅུ་རྩ་བཞི་ལོན་པའི་འོག་ཏུ། རྒྱ་གར་གྱི་རྒྱལ་པོ་དང་མ་མ་ཤོ་ཀ་ཞེས་བགྱི་བ་ཞིག་གིས་སྔོན་སེམས་ཅན་མང་པོ་ཞིག་བཀུམ་པ་ལས་སླང ་ཀྱིས་འངགས་པ་དགྲ་བཅོམ་པ་ཡ་ཤ་ནས་འགྱི་བ་ཞིག་གིས། དགེ་བའི་བཤེས་གཉེན་བགྱེས་ནས། སྔར་སྡིག་པ་མི་དགེ་བའི་ལས་ཅི་འགྱིས་པ་མཐོལ་ཞིང་གཤེགས། སླད་ཀྱིས་མི ་བགྱི་བར་ཡང་ཡི་དཔ་བཅས། འཇམ་བུའི་གླིང་ན་སངས་རྒྱས་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་པའི་གཙུག་ལག་ཁང་དང་། མཆོད་རྟེན་བཞུགས་པ་རྣམསུ་མ་ཚང་བ་འགྱིད ་ཅིང་དོགས་ས་བྱིན་ཅན་གཉེན་པོ་བྱིན་གྱིས་བརླབས་པ་མཆིས་འཚལ་དུ་གཙུག་ལག་ཁང་དང་། མཆོད་རྟེན་བརྒྱད་ཁྲི་བ་ནི་སྟོང་རྩིག་ཏུ་མཆིས་པ་འས། མཚོ་སྐམས་ནས ་ལི་ཡུལ་ཡང་ཡུལ་སྟོང་མཆིས་པའི་ཚེ། ད་ལྟར་འུ་ཐེན་གྱི་སྐུ་མཁར་འཆིས་པའི་དོག་སརཔ་ཀུས་པོ་ཡིན་དུ་ཤུལ་བྱུང་ནས། དྲོ་དགོངས་ཅིག་བཏབ་པའི་ནུ ་མོ་རྒྱལ་པོའི་བཙུན་མོ་དམ་པ་ལས་ཁྱེའུ་མཚན་དང་ལྡན་པ་བཟང་པོ་གཅིག་བཙས་ནས། སྔོན་རྒྱལ་བའི་བཙུན་མོ་ཀུན་དག་ར་བའི་བོ་སྐྱེང་མོས་ཚལ་དུ་མཆིས་པ་ལས། ་རྫིང་བུའི་ནང་དུ་ཁྲུས་འགྱིད་ཅིང་མཚོས་པའི་དུས་ན། རྣམ་ཐོས་ཀྱི་སྲས་འཁོར་དང་བཅས་པ་ན་མཁའ་ལགཤེགས་པས་ཀྱང་ཡང་གཟིགས། རྒྱལ་པོའི་བཙུན་མོས་ཀྱང ་རྣམ་ཐོས་ཀྱི་སྲས་བྱང་བཞིན་བཟང་པོ་མཐོང་བས། སེམས་ཀྱིས་བུར་ཆགས་པ། ཀུས་པོ་ཡིན་དུ་བཙས་ནས། རྒྱལ་པོ་དར་མ་ཨ་ཤོ་ཀས་ལྟས་མཁན་རྣམས་བཀུག་སྟེ ་བུ་འདི་ཚེ་རིང་ངམ་ཐུང་། མཚན་མ་བཟང་ངན་དང་། དབང་ཐང་ཅི་ཡོད་ཅེས་བརྟགས་ན། ལྟས་མཁན་རྣམས་ཀྱི་མཆིང་ནས། བུ་འདི་མཚན་མ་ཡང་བཟང་། དབང་ཐང་ཡང་རབ་ཏུ་ཆེ་སྟེ། ་མི་ཐ་མལ་བ་མ་ལགས་པས། རྒྱལ་པོ་ཡང་སྐུ་ཚེམ་འཕོས་པར་རྒྱལ་པོ་གྱིད་པར་འགྱུར་རོ།། ཞེས་བགྱིས་པ་དང་། རྒྱལ་པོ་དར་མ་ཨ་ཤོ་ཀ་ཡང་ཕྲག་དོག་སྐྱེས་ཏེ། ཁྲོས་ནས། ་ཁོ་བོ་དེ་ལྟར་དབང་ཐུང་ཆེ་ན། ཁོ་བདག་འཚོ་ཞིང་སྲིད་འཛིན་གྲང་། འདིང་ལ་མི་དགོས་ཀྱིས་བོར་ཅིག་ཅེས་མཆི་ནས། མས་ཀྱང་བུ་དེ་མི་བོར་དུ་ནི། རྒྱལ་པོ་ཁྲོ་ཞིང་དྲག་ཤུལ་དག ་ཆེ་བས་བུ་བཀུམ་སྟེ་དོགས་ནས། མས་བུ་དེ་བོར་བ་ལས་སླད་ཀྱི་ས་ས་ལས་ནུ་མ་བྱུང་ནས། དེ་འཚལ་བ་ལས་མ་གུམ་ནས་མིང་ཡང་བྱིས་ས་ནུར་བཏགསོ།། དེའི ་རྗེས་ན་རྒྱ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ་བུ་སྟོང་དབང་བཞིག་བྱུང་སྟེ། བུ་དགུ་བརྒྱ་དགུ་བཅུརྩ་དགུ་ནི་མཆིས་ན། སྟོང་དུ་བུ་གཅིག་མ་ཚང་བ་རྣམ་ཐོས་ཀྱི ་སྲས་ལ་གསོལ་བ་བཏབ་སྟེ། བསླངས་ནས་རྣམ་ཐོས་ཀྱི་སྲས་ཀྱིས་བལྟས་ན། ཁྱེའུ་སཾ་ན་བསོད་ནམས་ཅན་བོར་བ་མཐོང་ནས་བླངས་ཏེ། རྒྱུ་རྗེའུ་བུ་སྐལ་དུ་སྩ་ལ། དེ་ནས ་རྨྱ་རྗེའུ་དེ་གསོས་ནས་སླད་ཀྱིས་ཁྱེའུ་ཆེན་པོར་སྐྱེས་ནས། རྒྱ་རྗེའུ་བུ་སྤུན་དང་བྱིས་པ་རྩེ་རྩི་བ་ལས་འཐབས་ནས། ཁྱོད་རྒྱུ་རྗེའི་བུ་མ་ཡིན་ཞེས་འགྱེས་པ་དང་། ཁྱེའུ་དེག ་བམ་དགའ་ནས་མི་གཞན་དག་ལ་ཡང་ལོ་རྒྱུས་རྨས་ནི་ཡང་། དེ་ལྟར་གྱུར་ནས་རྒྱ་རྗེལ་བདག་ཐོག་མ་སྐྱེས་པའི་ཡུལ་ཚལ་དུ་མཆིས་པར་ཅི་གནང་ཞེས་གསོལ་པ་ལས། རྒྱ་རྗེའི ་ཞལ་ནས་ཁྱོད་ངའི་བུ་ཡིན་ཏེ། ཡུལ་ས་ཡང་འདི་ཡིན་ན། མིང་གར་མ་བྱེད་ཅིག་ཅེས་ལེན་དུ་མ་བསྒོ་བ་ལ་མཉན་ནས། རྒྱ་རྗེ་རྒྱལ་བུ་ས་ནུ་རྒྱལ་པོའི་ཐབས་སྩལ་ཏེ། ་དམག་སྟོང་ཕྲག་བཅུ་དང་བསྒྲོགས་ཏེ། ནུབ་ཕྱོགསུ་ཡུལ་ཚོལ་ས་ཚོལ་དུ་བཏང་བ་ལས། ལེ་ཡུལ་གྱི་མེ་སྐར་དུ་ཕྱིན་ཏེ། དེ་ན་མཆིས་པ་ལས་རྒྱ་གར་ཡུལ་ནས་ཀྱང་རྒྱལ་པོ་དར ་མ་ཨ་ཤོ་ཀའི་བློན་པོ་ཡ་ཤ་ཞེས་བགྱི་བ་ལ་དགུ་དར་ནས། རྒྱལ་པོ་ཡ་ཤ་སྤང་སྤུན་རྗེ་ཁོལ་འཁོར་ཡན་ཆད། རྒྱལ་པོ་ལ་མི་དགའ་བ་བདུན་སྟོང་ཡུལ་ནས་ཕྱུང་སྟེ། ནུབ་ཕྱོག ་ནས་ཤར་ཕྱོགསུ་ཡུལ་ཚོལ་ས་ཚོལ་དུ་མཆི་མཆི་བ་ལས། འུ་ཐེན་གྱི་ཤེལ་ཆབ་གང་མཱི་ཡུལ་ཕྱོགསུ་མཆིས་པ་དང་། རྒྱལ་བུ་ས་ནུའི་འཁོར་གྱིས་ཆིང་པ་ཤེར་འགྱི་བ་དང ་ཟང་བགྱི་བ་གཉིས་ལ་བ་སྐུམ་ཐུན་མོང་གཅིག་མཆིས་པ་ལས། པ་བུ་ནང་ལངས་ནས་མེ་སྐར་ནས་ཞུགས་དམ་ཐཾད་ཀར་རྟོལ་ཏེ། ཏོ་ལར་བྲོས་པ་ལས་མི་དེ ་གཉིས་ཀྱིས་རྗེས་བཞིན་དུ་བདས་པ་ལས། ཏོ་ལར་སླེབས་ཏེ་བ་བེའུ་འབྲངས་པ་ལས་ཡུལ་དེའི་མང་ཡང་བེའུ་འབྲངས་པའི་ས་འབྲུ་སོ་ལོ་ཉ་ཞེས་བཏགས། ཏོ་ལའི་ཞགས ་ངམ་གྱི་མང་ཡང་འདི་སྐད་དུ་ཤེར་བང་ཞེས་བཏགས། དེ་ནས་མི་གཉིས་ཀྱིས་བལྟས་ན། ཡུལ་གཞོངས་སྟོང་པ་བཟང་པོ་ཞིག་གངར་ནས། འདི་བདག་ཅག་གི་རྒྱལ་བུ་ས་ནུའི ་ཡུལ་སར་རུང་ཞེས་མཆིང་གྲེ་སུ་འཚལ་ནས། ཡུལ་ས་དེ་ལྟ་ཡང་མཆི་མཆི་བ་དང་། འུ་ཐུན་གྱི་ཤེལ་ཆབ་གོང་མར་མཆིས་པ་དང་། བློན་པོ་ཡ་ཤའི་འཁོར་དང་མཇལ་ནས། ་ཁྱེང་སུའི་མི་ག་ལས་མཆིས་ཤེས་སྨྲས་པ་དང་། མིང་གཉིས་ཀྱིས་ཀྱང་རྒྱལ་བུ་ས་ནུའི་ལོ་རྒྱུས་ཞིག་ཏུ་བཤད་པ་དང་། ཡ་ཤས་ཀྱང་རྒྱལ་བུ་ས་ནུ་མེས་སྐར་མཆིས་པའི་སྟེང ་དུང་པོ་ཉས་འདྲིན་པ་ལས་ཁྱོད་ནི་རྒྱལ་རིགས། བདག་ནི་བློན་པོའི་རིགས་ན། ཆུ་སྲིད་གཅིག་ཏུ་འཐམ་སྟེ། ཁྱོད་ནི་རྒྱལ་པོ་བྱས་ལ་བདག་གིས་བློན་པོ་བྱས་ཏེ། འུ་ཐེན་གྱི་གནོངས ་འདིར་ཡུལ་སར་བཙུགས་ན་རུ་ཞེས་མཆིས་ནས། དེ་ནས་རྒྱལ་བུ་ས་ནུ་ཡང་འཁོར་དང་བཅས་ཏེ། འུ་ཐེན་གྱི་ཤེལ་ཆུ་གོང་མར་མཆིས་ནས། ཚར་འབན་འདི་ཀོ་ཉའི་མགོ་ཡུལ ་ཧང་གུ་རྗེ་ཞེས་བགྱི་བར་མཇལ་ཏེ། རྒྱལ་བུ་དང་བློན་པོ་ཡ་ཤ་གཉི་ས་ཡུལ་ས་ལ་མ་དུམ་སྟེ། དཔག་བཀྱེ་སྟེ་འཐབ་ས་པ་ལས། ནམ་མཁའ་ལས་རྣམ་ཐོས་ཀྱི་སྲས་དང ་དཔལ་གྱི་ལྷ་མོ་བྱུང་ནས་བཞུགས་ཏེ། འཐབ་ཏུ་མ་སྩལ་ནས། དོག་ས་ས་དེ་ཉིད་དུ་རྣམ་ཐོས་ཀྱི་སྲས་དང་། དཔལ་གྱི་ལྷ་མོ་བཞུགས་པའི་རྟེན་ཁང་རེ་རེ་ཞིག་བརྩིགས ་པ་ཡང་དེང་སང་གི་བར་དུ་མཆིས་ཏེ། ཡུལ་སྲུངས་མར་གཙོ་བོར་རྣམ་ཐོས་ཀྱི་སྲས་དང་། དཔལ་གྱི་ལྷ་མོ་མཆོད་པ་ཡང་ལགས། དེ་ནས་རྒྱལ་བུ་ས་ནུ་དང་། བློན་པོ་ཡ་ཤ ་དུས་ནས། ས་ནུ་ནི་རྒྱལ་པོ་བགྱིས། ཡ་ཤས་ནི་བློན་པོ་བགྱིས་ནས། རྒྱལ་བུ་ས་ནུའི་འཁོར་རྒྱ་རྣམས་ནི་འུ་ཐེན་གྱི་ཤེལ་ཆུ་འོག་མ་མན་ཆད་མདོ་ལོ་མས་ཀར་དང་། ཀམ་ཤེད ་ཡན་ཆད་དུ་བཀོང་། བློན་པོ་ཡ་ཤིའི་འཁོར་རྒྱ་གར་རྣམས་ནི་ཤལ་ཆུ་གོས་མ་ཡན་ཆད་དུ་རྒྱ་དང་ཀོང་ཤང་ཕན་ཆད་དུ་བཀོད། ཤེལ་ཆུ་དབུས་ནི་རྒྱ་གར་དང་། རྒྱའི་བློན་པ ་། དང་འབངས་སྟོང་རིམས་འདྲེས་པར་བཀོད་ནས། ཡུལ་གཙུགས་མཁར་བརྩིགས་ཏེ། རྒྱ་གར་དང་རྒྱ་ཕྲང་བའི་བུ་ནི་ལི་ལགས་ཏེ། སྐད་ནི་རྒྱ་གར་དང་མི་མཐུན། ་ཡི་གེ་རྒྱ་གར་དང་བགས་ཀྱིས་འཐུན། འཇིག་རྟེན་པའི་ལུགས་ནི་རྒྱ་དང་ཕལ་ཆེར་འཐུན། ཆོས་ཀྱི་ལུགས་དང་ཆོས་སྐད་ནི་རྒྱ་གར་དང་བལ་ཆེར་འཐུན་ལིའི་འབྲལ་སྐང་ནི་ཐག ་མ་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཉན་ཐོས་ཀྱི་དགེ་སློང་གི་ཚུལ་དུ་སྤྲུལ་ཏེ། མཚན་བ་རོ་ཙ་ན་ཞེས་བགྱི་བས་བྱིས་པ་ཕྱུགས་རྫི་ཁྱིའུ་འཇོས་ནས། མུ་ལ་འཛི་ཞེས ་གྱི་བ་གཉིས་ལ་སོགས་པ་ལ། ཡུལ་ཙར་མ་བགྱི་བར་ལི་སྐད་བྱུང་སྟེ། ཀུན་ལ་བསླབས་ནས། ཁྱེའུ་དེ་གཉིས་ཀྱང་གར་མཆིས་པའི་ཆ་སུ་ལ་ཡང་མ་མཆིས་ཏེ། ་སྐད་ཀྱང་ཐོག་མ་འཕགས་པ་རྣམས་ཀྱིས་བསྟན་ཅིང་བརླབས་པ་ལགས།། །། ཐོག་མ་ལི་ཡུལ་བྱ། ང་ནས་དགུང་ལོ་དུ་ལོན་པ། འགེའུ་ཏོ་ཤན ་བྱི་མཁན་པོ་མོ་ཆུ་བདེ་ཤི་ལ་སོགས་པས། མཁན་པོ་བགྲེས་རིམས་ཀྱིས་མཁན་པོ་སྔ་རབས་ལ་བཀའ་མཚང་ཐོས་པ་དང་། འཕགས་པ་རྣམས་ཀྱིས་ལུང་བསྟན་པ ་བ་དང་། ལི་རྗེའི་རྒྱལ་རབས་ཀྱི་ཡིག་དང་ཞིབ་ཏུ་གཏུགས་ན་གནའ་ཐོག་མ་རྒྱ་གར་ཡུལ་ཏེ། རྒྱལ་པོ་མ་སྐྱེས་དགྲས་རྒྱལ་པོ་བགྱིས་པ་ནས་བརྩིས་ན། རྒྱལ་པོ་མ་སྐྱེས ་དགྲས་སྤྱིར་དགུང་ལོ་སུམ་ཅུ་རྩ་གཉིས་རྒྱལ་པོ་བགྱིས་པ་ལས། རྒྱལ་སྲིད་བཟུང་སྟེ་དགུང་ལོ་ལྔ་ལགས་པ་ལས། སངས་རྒྱས་མྱ་ངན་ལས་འདས་དེ་ཚུན་ཆད་དགུང ་ཉི་ཤུ་རྩ་བདུན་རྒྱལ་པོ་བགྱིས་ཏེ། རྒྱལ་པོ་མ་སྐྱེས་དགྲ་ནས་རྒྱལ་པོ་དང་མ་ཨ་ཤོ་ཀའི་བའི་བར་བུ་རྒྱ་གར་གྱི་རྒྱལ་པོ་རབས་བནུས་རྒྱལ་སྲིད་བཟུང་སྟེ། དར་མ་ཨ་ཤོ་ཀས ་སྤྱིར་རྒྱལ་པོ་དགུང་ལོ་ལྔ་བཅུ་རྩ་ལྔ་བགྱིས་པ་ལས། རྒྱལ་པོར་ཞུགས་ནས་དགུང་ལོ་སུམ་ཅུ་ལགས་པའི་འོག་ཏུ་རྒྱལ་པོ་ས་ནུ་བཙས་ཏེ། ས་ནུ་དགུང་ལོ་བཅུ་གཉིས་ལོན ་ངའི་ཚེ། རྒྱ་རྗེས་རྒྱལ་ཐབས་སུ་ནས། ཐོག་མ་རེ་ཡུལ་ཚོལ་ས་ཚོལ་དུ་མཆིས་པ་ལས། རྒྱལ་བུས་ནུ་དགུང་ལོ་བཅུ་དགུ་ལེན་པའི་ཚེ། ཡུལི་ལི་ཡུལ་བཙུགས་ཏེ། ཐོག ་མར་ལི་རྗེར་ཞུགས་པ་ཡན་ཆད་ཞིག་ཏུ་བརྩིས་ན། སངས་རྒྱས་མྱ་ངན་ལས་འདས་ནས་དགུང་ལོ་ཉིས་བརྒྱ་སུམ་ཅུ་རྩ་བཞི་ལགས་ནས། ལི་ཡུལ་ཡང་གདོང་བྱུང ་བར་གྱུར། རྒྱལ་བུ་ས་ནུས་ཐོག་མར་ལི་རྗེར་ཞུགས་ནས། རྒྱལ་སྲིད་བཟུང་ཚུན་ཆད་དང་། ལི་རྗེ་བཙན་བཟང་བ་ཙན་ལ་བརྟན། ཐོག་མར་ལི་རྫར་བསྐོས་ནས ་ལི་རྗེ་རབས་ལྔ་བཅུ་རྩ་དྲུག་དང་། ཆག་ཚ་བ་གཅིག་བྱུང་།། །། གནའ་དང་པོ་མཚ་སྐམས་ནས་རྒྱལ་བུས་ནུ་དང་། བློན་པོ་ཡ་ཤ་ལ་སོགས་པས། ཐོག་མ་ཞིག་བཟུང་སྟེ ་ཡུལ་བརྩེགས་ནས། རྒྱལ་བུས་ནུའི་བུ་རྒྱལ་པོ་ཡིའུ་ལ་ཞེས་བགྱི་བས། འུ་ཟིན་གྱི་དངང་ལྡན་གྱི་གྲོང་ཁྱེར་བརྩིགས་ཏེ། ལི་ཡུལ་བྱུང་ནས་དགུང་ལོ་བརྒྱ་དྲུག་ཅུ་རྩ་ལྔ ་འདས་པའི་འོག་ཏུ། རྒྱལ་པོ་ཡེའུ་ལའི་བུ་རྒྱལ་པོ་བི་ཛ་ཡ་སམ་བྷ་བ་ཞེས་བགྱི་བས། རྒྱལ་པོར་ཞུགས་ནས། དགུང་ལོ་ལྔ་ལགས་ནས་ལི་ཡུལ་དུ་ཐོག་མ་ཆོས་བྱུང་སྟེ། ་འཇམ་དཔལ་དང་བྱམས་པ་གཉིས་ཀྱིས་ལི་ཡུལ་འདི་། དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཁུང་པ་ལགས་པར་ཐུག་སུ་ཆུད་ནས། བྱམས་པ་ནི་མིར་སྐྱེ་བ་བླངས ་ཏེང་རྒྱལ་པོ་བི་ཛ་ཡ་སམ་བྷ་བ་ཞེས་སྤྲུལ། འཇམ་དཔལ་ནི་དགེ་སློང་འཕགས་པ་བེ་རོ་ཙ་ནཱའི་གཟུགསུ་སྤྲུལ་ནས། ལས་དང་ཉོན་མོངས་པའི་མཐར་ཕྱིན་པའི་གནས། ཡུལ ་ཙར་མ་བཅུ་ལེའི་ཚལ་དུ་གཤེགས་ཏེ། ལི་ཡུལ་ན་མཆིས་པའི་སེམས་ཅན་རྣམས་ཀྱི་དགེ་བའི་བཤེས་གཉེན་མཛད་ཅིང་། ལིའི་སྐད་ཀྱང་བྱིས་པ་ཕྲུགས་རྫི་རྣམས་ལ ་བཅོས་ཤིང་བསྟན། ལིའི་ཡི་གེ་ཡང་བསླབས་ནས། དེའི་འོག་ཏུ་ཆོས་བྱུང་།། དེ་ནས་རྒྱལ་པོ་ཡེའུ་ལའི་བུ་རྒྱལ་པོ་བི་ཛ་ཡ་སམ་བྷ་བས། ཡོན་བདག་བགྱིས་ནས ་དགེ་བའི་བཤེས་གཉེན་འཕགས་པ་བེ་རོ་ཙ་ནིའི་སླད་དུ། ཐོབ། མར་ལི་ཡུལ་ཏུ་ཙར་མི་གཙུག་ལག་ཁང་པ་བ། རྩིགས་པར་བགྱིས་པ་ལས་ལི་རྗེ་བི་ཛ་ཡ ་སམ་བྷའི་བློན་པོ་དང་། འབངས་འཁོར་དང་བཅས་པ་ཀུན་གྱིས་ཀྱང་། ཙར་མར་གཙུག་ལག་ཁང་རེ་རེ་བརྩིག་པར་གསོལ་ནས་བརྩིགས་ན་མང་པོ་ཙམ་ཞིག་བྱུང་བ་ལས་རྒྱལ ་བོས་བསམས་པ་གཙུག་ལག་ཁང་རྩིག་ཏུ་མ་སྩལ་ན་ནི། བདག་ལ་དངོས་སྡིག་ཏུ་འགྱུར། དེ་སྙེད་ཅིག་བརྩིགས་ན་ནི། སླད་ཀྱིས་ཞིག་རལ་དུ་གྱུར་ན་ཡང་མི་སློངས་སུ་ཀློ ་འཆུང་བས། དགེ་བའི་བཤེས་གཉེན་འཕགས་པ་བཻ་རོ་ཙ་ན་ལ་ཞུས་ན་དེ་བཞིན་གཤེགས་པའི་སྐུ་གདུང་ཤ་རི་རམ་སུ་ལ་བཞུགས་པ་རྣམས་ཀྱིས་གཙུག་ལག་ཁང་དང་། ་མཆོད་རྟེན་རྩིགས་ཤིག་ཅེས་བསྒོ་ན། སྡིག་ཏུ་མི་འགྱུར་ཞེས་བྱུང་ནས། རྒྱལ་པོས་ཀྱང་བློན་པོ་དང་འབངས་རྣམས་ལ་དེ་བཞིན་དུ་བསྒོ་ནས། ཙར་མའི་གཙུག་ལག་ཁང་ཆེན་པོ་རྒྱལ ་བོ་བི་ཛ་ཡ་སམ་བྲུ་བས་བརྩིགས་པའི་ཚེ། རྒྱལ་པོའི་འཁོར་དང་། བློན་པོ་དང་། འབངས་རྣམས་ཀྱིས་ཙར་མར་གཙུག་ལག་ཁང་ཆུང་ངུ་དང་། མཆོད་རྟེན་བརྩིགས་སོ་འཚལ་གྱི ་ནང་ན་ཤ་རི་རམ་མ་སྩལ་པ་གཅིག་ཀྱང་མ་མཆིས་ཏེ། གཙུག་ལག་ཁང་བརྩིགས་ལགས་ནས། འཕགས་པ་བ་རོ་ཙ་ནས་རྒྱལ་པོ་བི་ཛ་ཡ་སམ་བྷ་བ་ལ་རྒྱལ་པོས་འགྲན ་དེ་རྡུངས་ལ། འཕགས་པ་རྣམས་སྤྱན་དྲོངས་ཤིག་ཅེས་འགྱིས་པ་དང་། རྒྱལ་པོའི་མཆིད་ནས། དེ་བཞིན་གཤེགས་པ་མངོན་སུམ་དུ་འདིར་གཤེགས་ཏེ། བདག་གི ་ལག་ཏུ་འགན་དེ་མ་སྩལ་གྱི་བར་དུ་བདག་འགན་དེ་མི་རྡུ་ངོ་ཞེས་སྨོན་ལམ་བཏབ་པ་དང་། དེ་མ་ཐག་ཏུ་འཇམ་དང་ལ་གྱི་སྤྲུལ་པ། དགེ་སློང་བེ་ཅོ་ཙ་ན་ན་མཁའ ་ལས་དེ་བཞིན་གཤེགས་པར་སྤྲུལ་ཏེ། ཉན་ཐོས་ཆེན་པོ་བཅུ་དྲུག་དང་ཐབས་གཅིག་ཏུ་ཙར་མར་དེ་བཞིན་གཤེགས་པའི་ཚུལ་བསྟན་ནས། རྒྱལ་པོ་བི་ཛ་ཡ་སམ་བྷའི ་ལག་ཏུ་འགན་དེ་སྩལ་ནས། རྒྱལ་པོས་འགན་དེ་བརྡུངས་པ་དང་། དགུང་བདུན་གྱི་བར་དུ་འགན་དེའི་སྒྲ་མ་ཆད་པར་བྱུང་སྟེ། དེ་བཞིན་གཤེགས་པའི་སྤྲུལ་པ་མངོན ་སུམ་དུ་གཤེགས་པའི་ན་རྟག་སུ་གོང་མ་ལ་ཞགས་ཀྱིས་བཅགས་པའི་རྗེས་ད་དུང་གི་བར་དུ་ཙར་མ་ན་མཆིས། འཕགས་པ་ཉན་ཐོས་ཆེན་པོ་བཅུ་དྲུག་ལ་མཆོད་པའི། ་རིན་པོ་ཆེ་སྣ་ཚོགས་ལས་བགྱིས་པའི་བ་ཤོས་ཆ་བཅུ་དྲུག་རྒྱལ་པོས་ཕུལ་བ་ཡང་། ཙར་མའི་གཙུག་ལག་ཁང་གི་ནང་དུ་འཕགས་པ་རྣམས་ཀྱིས་གཏེར་དུ་སྩལ་ཏེ ་ཕྱིས་དུས་དམུས་ཤིང་དགེ་འདུན་ལ་ཡོན་བདག་མཆིས་ཏེ། འཚེ་བ་མི་འབྱེད་པའི་དུས་ན་རིན་པོ་ཆེའི་བཤོས་ཆ་འདི་རྣམས་དེའི་ཚེ། སིར་འོག་ནས་འབྱུང་ཞེས་འཕགས་པའི ་ལུང་བསྟན་པ་དག་ལས་ཀྱང་བྱུང་། དགེ་སློང་འཕགས་པ་བ་རོ་ཙ་ནའི་མཆོད་པའི་རྐྱེན་ཏུ་ཀླུའི་རྒྱལ་པོ་ཧུ་ལོར་ཞེས་བགྱི་བས། ཁ་ཆེ་ཡུལ་ནས་དེ་བཞིན་གཤེགས་པ་བདུན ་གྱི་སྐུ་གདུང་བཞུགས་པའི་མཆོད་རྟེན་གཅིག་སྤྱན་དྲངས་ནས། ན་མཁའ་ལས་གཤེགས་ཏེ་ད་ལྟར་ཙར་མ་ན་བཞུགས་ཏེ། མཆོད་རྟེན་འདི་དྲི་གཙང་ཁང་གི་ནང་ན ་བཞུགས་ཏེ། གྲིབ་མ་སླད་རོལ་དུ་གསལ་བར་འབྱུང་། རྒྱལ་པོའི། ཛ་ཡ་སིང་ཧ་ཞེས་བགྱི་བ་ཅར་མའི་གཙུག་ལ་ག་ཁང་དུ་མཆོད་པ་འགྱིད་དུ་མཆིས་པ་ལས ་སྐུ་གཟུགས་འདེར་སོང་བགྱིས་པའི་གཅིག་འཆག་ཅིང་གཤེགས་པར་མཐོང་ནས། མཚམས་མེད་པ་ལྔ་བྱིང་ཞེས་མཆིས་པ་ཡང་ད་ལྟར་བཞུགས། གཙུག་ལག་ཁང ་དེའི་སྲུངས་མ་ཞལ་གྱིས་བཞེས་པ་ཡང་ལྷ་ན་མཁའི་སྤྱན་དང་། ནོར་བུ་བཟང་པོ་ཞེས་བགྱི་བ་ལགས་ཏེ། དེང་སང་གི་བར་དུ་མངོན་རྟགས་དང་། མཚན་མ་དག་ཀྱང་འབྱུང ་འཕགས་པའི་ལུང་བསྟན་པ་དག་དང་སྦྱར་ན་ཡང་། ཐོག་མ་གཙུག་ལག་ཁང་འདི་རྣམས་རྩིག་པ་ཡང་དགེ་བའི་བཤེས་གཉེན་དང་། ཡོན་བདག་འབགས་པ་ཤ་དག་གིས ་མཛད་ལ་གཙུག་ལག་ཁང་དང་། མཆོད་རྟེན་བཞུག་སོ་འཚལ་གྱི་ནང་ན་ཡང་། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་དང་། བྱང་ཆུབ་སེམས་དདའ་དང་། ཉན་ཐོས་དང་། རང་སངས ་རྒྱས་ཀྱི་སྐུ་གདུང་བཞུགས་པས། གཉེན་ཞིང་བྱིན་ཆ་རབ་སྟེ། ཐོག་མ་ལི་ཡུལ་དུ་གཙུག་ལག་ཁང་བྱུང་བ་ཡང་འདི་ལས་སྔ་བ་མ་མཆིས།། ། ད་ནས་ཙར་མར་འཇམ་དཔལ་གྱི ་སྤྲུལ་པ། དགེ་སློང་འཕགས་པ་བེ་རོ་ཙ་ནས་ཆོས་ཕྱུང་།། ། རྒྱལ་པོ་བེ་ཛ་ཡ་ས་མ་བྷ་བས་གཙུག་ལག་ཁང་བརྩིགས་ཚུན་ཅང་རྒྱལ་པོ་འི་རྗེ་རབས་བདུན་གྱི་བར་དུ་གཙུག ་ལག་ཁང་གཞན་མ་བརྩིགས།། ། དེ་ནས་དེའི་འོག་ཏུ་རྒྱ་གར་ཡུལ་ནས། འཕགས་པ་དགྲ་བཅོམ་པ་བུད་འདུ་ད་ཏ་དང་། ཁ་འགའ་སྟ་དང་ཁ་ག་རོ་ཡང་དང ་ཁ་ག་དྲོད་དང་བ་ནི་བྱུང་སྟེ། འགེའུ་ཏོ་ཤན་གྱི་ཨརྱཱ་སྟན་རོ་བཞུགས།། དེའི་ཚེ་བྱང་ཆུབ་སེམས་དཔའ་བྱམས་པ་ཡང་ལི་རྗེ་བི་ཛ་བིརྱ་བྱ་བར་གྱུར་ཏེ། རྒྱལ་པོ་དེས ་སྲོག་མཁར་གྱི་སྟེང་ནས་བལྟས་ན། མཁར་གྱི་ཕྱི་རོལ་ཏུ་གསེར་དང་དངུལ་ལྟ་བུར་སྣང་བ་ཞིག་མཐོང་ནས་བསྙགས་པ་དང་། ད་ལྟར་འགུམ་ཏིར་གྱི་མཆོད་རྟེན་ཆེན་པོ ་པོ་བཞུགས་པ་སླེབས་ནས་བལྟས་ནས། ཤ་བ་ནི་གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤསུ་གྱུར་ཏེ། རྒྱལ་པོ་ལ་སྨྲས་པ། ཀྱེ་རྒྱལ་པོ་ཁྱོད་སངས་རྒྱས་ཀྱི་ལུང་བསྟན་པ ་བཞིན། འདིར་གཙུག་ལག་ཁང་གཅིག་བརྩིགས་པའི་རིགས་བགྱིས་པ་དང་། སུའི་ཕྱིར་བརྩེག་ཅེས་རྒྱལ་པོས་ཞུས་པ་དང་། སངས་རྒྱས་ཀྱི་ཕོ་ཉ་ཞེས་བགྱི་བ། འངགས ་། བ་དགྲ་བཅོམ་པ་འདུད་འ་ཏྱཱ་ལ་སོགས་པ་བ་ནི། ཁྱོད་ཀྱི་དགེ་བའི་བཤེས་གཉེན་དུ་འོངས་པ་འདི་དག་གི་ཕྱིར་རྩིགས་ཤིག་ཅེས་བསྒོ་བ་དང་། འཕགས་པ ་དགྲ་བཅོམ་པ་དེ་དག་ཀྱང་རྒྱལ་པོ་བི་ཛ་ཡ་བཻརྱའི་དྲུང་དུ་བྱོན་ནས་ཆོས་བཤད་པས། རྒྱལ་པོ་ཡང་ཚེ་སྔ་མའི་སྨོན་ལམ་དྲན་ནས། དེ་མ་ཐག་ཏུ་ངོགས་བརྟགས་པའི་ཕུར་བུ ་དེར་བཏབ་སྟེ། གཙུག་ལག་ཁང་འགུམ་ཏིར་བརྩིག་སོ།། དེ་ནས་རྒྱལ་པོ་བི་ཛ་ཡ་བིརྱ་འགུམ་ཏིར་གྱི་གཙུག་ལག་ཁང་དུ་མཆོད་པ་བགྱིད་དུ་མཆིས་པའི་ཚེ། བུ་ཆུང་ངུ་ཞིག ་སྟོར་ནས་རྗེས་བཅད་དེ་བཙལ་ན། འགུའི་ངོ་ཤན་གྱི་ལུང་བུའི་ནང་ན། དྲ་ལྟར་སུ་མི་ར་ཞེས་བགྱི་བ་གཙུག་ལག་ཁང་གི་ནང་ན། སངས་རྒྱས་འོད་སྲུང་གི་སྐུ་གདུང་བཞུགས ་བའི་མཆོད་རྟེན་གྱི་དྲུང་དུ་བུ་རྙེད། དེ་ནས་རྒྱལ་པོས་མཆོད་རྟེན་འདི་གང་གི་དུས་ན། སུས་བརྩེགས་ཤེས་སྨྲ་ས་པ་དང་། དགེ་བའི་གཉེན་འཕགས་པ ་ངག་གི་ཞལ་ནས། མཆོད་རྟེན་སངས་རྒྱས་འོད་སྲུང་མྱ་ངན་ལས་འདས་པའི་ཆེ་བརྩིགས་ཏེ། སངས་རྒྱས་འོད་སྲུང་གི་སྐུ་གདུང་བཞུགསོ།། ལི་ཡུལ་སྔོན་མཚོར་གྱུར ་བའི་དུས་ན། མཆོད་རྟེན་འདི་རིས་གཡོགས་ཏེ་ཆུས་མ་ཞིག། ཕྱིས་ཀྱང་ཡུལ་འདི་མཚོར་འགྱུར་ཏེ། ཡང་མཆོད་རྟེན་འདི་རིས་ཡོག་ནས་ཆུས་མི་འཇིག་སྟེ། སངས་རྒྱས ་བྱམས་པ་འབྱུང་བའི་ཚེ་ཡང་མཚོ་སྐམས་ནས། ཡུལ་དུ་གྱུར་པའི་དུས་ན་མཆོད་རྟེན་འདི་འབྱུང་སྟེ། གནས་འདི་ན་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ། ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཁུང་པའི་ནང་ན་ཡང་། གེ་རུ་ཏོ་ཤན་འདི་ཕོ་བྲངས་གཅིག་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང་ཀུན་འདིར་གཤེགས་ཤིང་ལུང་སྟོན ་སེམས་ཅན་གྱི་དོན་མཛད།། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞའི་སོ་སོ་ནས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་ཉི་ཤུ་ཡང་དུས་གསུམ་དུ།། གླང་མགོ་རི་འདི་ལ་མཆོད་པ་མཛདདུ ་བྱོན་ནས། སླར་གཤེགས་ཞེས་བསྟན། དེ་ནས་རྒྱལ་པོ་བི་ཛ་ཡ་བིརྱ་དད་པའི་ཤུགས་ཆེན་པོས། གླང་མགོ་རིའི་སྟེང་དུ་འགེའུ་ཏོ་ཤིན་གྱི་གཙུག་ལག་ཁང་བརྩིགས་ནས་བུ་ཆུང ་དྲི་དེ་ཡང་ཐར་པར་བཏང་སྟེ། ཕྱིས་དགྲ་བཅོམ་པའི་འབྲས་བུ་རྫོབ་ན་ས། ལྀ་ཡུལ་དུ་དགྲ་བཅོམ་པར་འགྱུར་བ་འདི་ལས་སྔ་བ་མ་བྱུང་བས། འདི་ནི་ལམ་སྟོན་པའོ་ཞེས ་མེ་རྒུ་བདེ་ཤི་བྱ་བར་བཏགས་ཏེ། ཐོག་མ་མོ་རྐུ་བདེ་ཤའི་མིང་ནི་དེ་ནས་བྱུང་སྟེ། དིང་སང་གི་བར་དུ་ཡང་ཐུབ་ལྡན་དང་། དཀའ་ཐུབ་ཀྱང་མཆོག་ལས་བཏུས་ཏེ། ་མོ་རྐུ་བདེ་ཤིར་བསྒོ་བ་ལགས། འགེའུ་ཏོ་ཤན་དང་། འགུམ་ཏིར་གྱི་གཙུག་ལག་ཁང་འདི་གཉིས་བཞུགས་པའི་ངོགས་ཡང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་རིམས་ཀྱིས ་འབྱུང་འཚལ་གྱིས་ཞབས་ཀྱིས་བཅགས་བྱིན་གྱིས་རློབ་པ་རི་སྟེང་དུ། འཕགས་པའི་ལུང་བསྟན་པ་དང་སྦྱར་ན་ཡང་ཐོག་མ་གཙུག་ལག་ཁང་འདི་རྣམས་རྩིག་པ་ཡང་དགེ་བའི ་བཤེས་གཉེན་དང་། ཡོན་བདག་འཕགས་པ་ཤ་དག་གིས་མཛད་ལ། གཙུག་ལག་ཁང་དང་མཆོད་རྟེན་བཞུགསོ་འཚལ་གྱི་ནང་ན། དེ་བཞིན་གཤེགས་པའི་སྐུ་གདུང་དང་། ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྐུ་གདུང་བཞུགས་པས་གཉེན་ཅིང་བྱིན་ཆེ་རབ་སྟེ། གཙུག་ལག་ཁང་གི་སྲུངས་མར་ཞལ་གྱིས ་བཞེས་པ་ཡང་རྣམས་ཐོས་ཀྱི་སྒྲས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས་དང་། ཀླུའི་རྒྱལ་པོ་གནས་དྲོས་པ་ལགས་ཏེ། དང་སེང་གི་བར་དུ་ཡང་མངོན་རྟགས་དང་། ་མཚན་མ་དག་ཀྱང་འབྱུང་བའི་བྱི་བ་ལི་ཡུལ་གྱི་གཙུག་ལེག་ཁང་བཞུག་སོ་འཚལ་གྱི་ནང་ན་གཙོ་བོར་འགྱི་བ་ལགས་རྒྱལ་པོ་བི་ཛ་ཡ་བི་རུས་འགུམ་ཏིར་གྱི་གཙུག་ལས ་ཁང་བརྩིགས་ཚུན་ཅད་རྒྱལ་པོ་རབས་གཉིས་ཀྱི་ང་བུ་གཙུག་ལེག་ཁང་གནན་པ་བརྩིགས། དེ་ནས་དེའི་ཚེ་འོག་ཏུ་རྒྱལ་པོའི་ཛ་ཡ་ཛ་ཡ་ནིས ་བྲས་རྒྱ་རྗེའི་བུ་མོ་འུ་ཉེ་ཤུ་ར་ཞེས་འགྱི་བས། རྒྱུ་རྗེའི་བུ་མོ་འུ་ཉི་ཤྭ་ར་ཞེས་བགྱི་བ་མཆིས་དྲང་དུ་བླངས་ན། ས། རྒྱ་རྗེའི་བུ་མོ་ངེས་ལི་ཡུལ་དུ་སྲིན་བུའི་ས་བོན་ནི ་འཆབ་ཏེ་མཆིས་ནས། ཡུལ་མ་ན་འགྱི་བར་སྲིན་བུ་གསོས་པ་དང་། སྨིན་བུ་མ་ཚར་བའི་སྐབ་སུ་བློན་པོ་རྒྱུས་མ་འཚལ་བ་ཁ་ཅིག་གིས། རྒྱལ་བཻ་བཻ་ཛྲ་ཡ་ཛ་ཡ་དྷྱ ་པོའི་བཙུན་མོ་བགྱིད་པ་དེས་སྦྲུལ་གདུག་པ་མང་པོ་མ་ནར་གསོ་ནང་མཆིས་ཏེ་ཆེན་པོར་མྱུར་བ་དང་། ཡུལ་ཕྱོག་སུ་གནོད་པར་གློ་བ་ཆུང་ནས་ཇི་ལྟར་བགྱི་ཞེས་བློན་བདན ་གིས་ཞུས་པ་དང་། སྦྲུལ་གསོ་བོའི་ཁང་པར་མེས་ཟོང་ལ་ཀུན་སྲེགས་ཤིག་ཅེས་བསྒོ་བ་དང་། རྒྱལ་མོས་དེ་ཐོས་ནས་འབྲལ་དུ་ནི་རྒྱལ་བ་ལ་རྒྱུས་ཀྱིས་བཤད་པའི་ཛ ་ཐོགས་ནས། སྲིན་བུ་ཤས་ཤིག་བརྐུས་ཏེ། གསང་ཐབ་སུ་གསོས་ཏེ། སླད་ཀྱིས་ཁ་ཅེར་ངར་དང་། སྲིན་ངལ་ཕྱུང་ནས། དར་དང་མེན་ཏྲི་བཏགས་ཏེ་རྒྱལ་པོ་ལ་བསྟན་ནས། རྒྱུས ་ཀྱིས་ཞིག་ཏུ་བཤད་པ་དང་། རྒྱལ་པོ་ཡང་འགྱོད་པ་སྐྱེས་ཏེ། རྒྱ་གར་ཡུལ་ནས་དགེ་སློང་འཕགས་པ་སེང་ག་གཽ་ཤ་ཞེས་བགྱི་བ་ལི་ཡུལ་དུ་བྱོན་ནས། དགེ་བའི་བཤེས་གཉེན ་དུ་སྤྱན་དྲངས་ཏེ། སྲིན་བུ་ཕལ་མོ་ཆེ་བཀུམ་པའི་དངོས་སྡིག་བཤེགས་སྦྱངས་བགྱིས་ནས། བོ་སྟཨཱརྱ་དང་། མ་ཞིའི་མཆོད་རྟེན་དང་། གཙུག་ལག་ཁང་ཆེན་པོ་བརྩིགས་ཏེ། ་བཞིན་གཤེགས་པའི་སྐུ་གདུང་ཤ་རི་རམ་མང་པོ་ཙམ་ཞིག་སྩལ་ཏེ། དེའི་སློང་དུ་དཔྱིད་ཟླ་ར་བའི་ངོ་ཐོག་ཐག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་གཟུགས་བརྙན་མ་ཞོ་བོ ་སྟ་རྱ་ཞེས་བགྱེ་བའི་གཙུག་ལག་ཁང་ན་བཞུགས་སོ། ཞེས་འཕགས་པ་དག་གོས་ལུང་བསྟན་པས། དེང་སང་གི་བར་དུ་ཡང་ལ་ཡུལ་གྱི་དགེ་འདུན་སྡེ་གཉིས་དང་། ་རྒྱལ་པོ་དང་། བློན་པོ་མན་ཅད་འབངས་ཡན་ཅིང་། ལོ་རེ་ཞིང་དཔྱིད་ཟླ་ར་བའི་ངོ་ལ་མཆོད་པ་བགྱིད་ཅིང་། རིལ་གྱིས་པ་སྟ་རྱའི་གཙུག་ལག་ཁང་དུ་མཆིས་ཏེ། གཙུག་ལག ་ཁང་འདི་ཡང་གཏན་ཞིང་བྱིན་ཆེ་རབ་ཏེ། ལྷ་རང་ན་བ་ལ་དང་། རང་ན་ཤུར་གཉིས་སྲུངས་མར་ཞལ་གྱིས་གཞེས་པ་ལགས་ཏེ། དང་སང་གི་བར་དུ་ཡང་མངོན་རྟགས་དང་མཚན ་མ་དག་དང་འབྱུང་། དེ་ནས་རྒྱལ་པོ་བི་ཛ་ཡ་ཛ་ཡ་ཞེས་བགྱི་བ་ལ་བུ་སྤུན་གསུམ་མཆིས་ཏེ། བུ་པོ་རང་དོན་འདས་ཤེས་བགྱི་བ་ནི། རྒྱལ་སྲིད་མི་འཚལ་ཏེ། བསོད་ནམས ་ཅིང་རྒྱག་པ་ཡུས་དུ་ཚིག་དེ་ནུ་བོ་པ་ས་ཡང་རྒྱལ་སྲིངས་འཚལ་ནས། ན་ནུགས་གང་ང་ཡང་དང་པ་དན་ཤེས་བདགས་ནས། རྒྱ་གང་སུལ་དུ ་སློབ་ཏུ་མཆིས། ནུབ་ཐ་ཆུང་རྒྱལ་ས་ཞུགས་ཏེ། རིང་བི་ཛ་ཡ་དང་མར་བཏགས། རྒྱལ་པོ་བི་ཛ་ཡ་དང་མ་དེ་དཔའ་ཞིང་རྩལ་ཆེ་བས་གསོད་སྦྱིན་དག་ལ་དགའ་ནས་ཕུ་བོ་ངན ་དེ་དང་མ་མན་ད་རྒྱ་གར་ཡུལ་ན་མཆིས་པ། ཆོས་མཉན་བསླབས་བསྒོམས་པས། འཕགས་པ་དགྲ་བཅོམ་པར་གྱུར་ཏེ། འཕགས་པ་དར་མ་ནན་ངོས་རྒྱ་གར་ཡུལ་ནས་བལྟས་ན།། ་ནུ་བོ་རྒྱལ་པོ་བི་ཛ་ཡ་དར་མ་གསོད་སྦྱིན་བགྱིད་ཅིང་། སྡིག་པ་མི་དགེ་བའི་ཆོས་ལ་ཞེན་པར་མཐོང་ནས། གློ་བ་རྗེ་སྟེ། དགེ་བའི་བཤེས་གཉེན་བགྱི་བའི་སླད་དུ་རྒྱ་གར་ཡུལ་ནས ་ལི་ཡུལ་དུ་མཆིས་ཏེ། ཉོན་འགྱིར་གྱི་རི་རྩ་ཤེལ་ཆབ་འོག་མ། ཤེལ་ཆབ་དང་ཉེ་བ་ཞིག་ཏུ་སྤྱིའི་བུ་དགྱིས་ཏེ། དེ་ན་སྒོམ་ཞིང་བཞུགས་པ་ལས། ཉན་ཅིག་འའག ་བ་དེ་ཤ་བ་གསེར་གྱི་ཁ་དོག་འདྲ་བ་ཅིག་ཏུ་སྤྲུལ་ཏེ། འུ་ཐེན་གྱི་སྐུ་མཁར་གྱི་སླང་རོལ་ཤར་ཕྱོགས་ལོགས་ན། འགུས་ནོ་ཞེས་བགྱི་བའི་སྒང་བུ་ཞིག་མཆིས ་བའི་ཁར་བྱུང་བ་དང་། རྒྱལ་པོ་བི་ཛ་ཡད་ར་མས། སྲོག་མཁར་གྱི་སྟེང་ན་ས་མཐོང་ནས། མངའ་གཅིག་འཕངས་པ་དང་། ཤ་བའི་བརླར་པོ་གནས་ཤ་བ་ནི་བྲིས། རྒྱལ་པོས ་ནི་སླད་བཞིན་དུ་བསྙེགས་པ་དང་། ཤ་བ་དེ་འཕགས་པ་དང་མདར་མ་ནན་སྤྱིལ་བུའི་ནང་དུ་མཆིས་པ་རྒྱལ་པོ་སླད་བཞིན་དུ་མཆིས་པས་བལྟས་ན། སྤྱིལ་བུའི་ནང་ན་ཤ་པ ་ནི་ཅང་མ་མཆིས། དགེ་སློང་གཅིག་བརླལ་མདང་པོག་པ་འབྱིན་ཅིང་མཆིས་པ་མཐོང་ནས། ཁུ་བོ་ལགས་པར་ནི་ངོམ་འཆལ་བུ་བོ་དགེ་སློང་དར་མ་ནནངས་བྱིན་གྱིས་བརླངས་ནས་བུ་འོ ་ལགས་པར་གདོང་ངོ་འཚལ་ཏེ། རྒྱལ་པོས་བཙུན་པ་ཅི་ནོངས་ཤེས་བགྱིས་པ་དང་། ཁྱོད་ཀྱིས་བདག་ལ་མངས་འཕངས་ཏེ་ཅི་བྱ་ཞེས་བགྱིས་པ་དང་། རྒྱལ་ངོས་ཀྱང་ཤ་བ་མ་ལགས་པར ་ཚེར་ནས། བདག་གིས་ནོངས་ན་ཁྲི་ལན་ཅེས་བགྱིས་པ་དང་། དགེ་སློང་དེའི་མཆིས་ནས། གཅིག་ཏུ་ན་ང་ཁྱོད་ཀྱི་ཕུ་བོ་ཡིན། གཉིསུ་ནང་འཕགས་པ་དགྲ་བཅོམ་པར་གྱུར་པས། རྒྱལ་པོ ་ཁྱོད་ཀྱི་མཚར་གྱི་སྡིག་པཐོབ་སྟེ། མཚམས་མེད་པ་དང་འདྲ་བའི་ལས་བྱས་པར་གྱུར་ཏེ། བཤགས་སྦྱངས་དང་བསོད་ནམས་ཆེར་མ་བྱས་ནི་མི་རུང་ཞེས་བགྱིས་པ་དང་། ་རྒྱལ་པོ་དེ་ཡང་འགྱོད་པ་སྐྱེས་ཏེ་རབ་ཏུ་མི་དགའ་ནས། འཕགས་བ་དགྲ་བཅོམ་པ་དེའི་ཞབས་ལ་འཇུས་ཏེ་བཟོད་པ་གསོལ། བཤགས་སྦྱངས་བགྱིས་ནས་བདག་གི ་སྡིག་པ་འདི་ཇི་ལྟར་བྱང་ཞེས་ཞུས་པ་དང་། འཕགས་པ་དར་མ་ནན་ངའི་ནལ་ནས། ད་འཕྲལ་དུ་གཞན་བྱར་མེད་ཀྱིས། ཡུལ་འདྲོ་ཏིར་ཞེས་བྱ་བའི་གཞོངས་པ་བི་ན། སྔོན་སངས་རྒྱས ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། རྒྱལ་པོ་ཟླ་འོད་བགྱིད་པའི་དུས་ན། བྲམ་ཟེར་མགོས་བསླངས་ཏེ། རྒྱལ་པོ་ཉིད་ཀྱིས་མགོ་བཅད ་ནས་བྲམ་ཟེ་ལ་སྩལ་པའི་འཕྲིན་ལས་དགའ་བ་རྣམས་གཅིག་མཛད་པའི་ས་འདི་ཡིན། གཉི་སུན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོ་ནས། ལི་ཡུ ་།། བྱིན་གྱིས་རློབ་ཅིང་། འགེའུ་དོ་ཤན་ཏུ་གཤེགས་པའི་ཚེ། བྱང་ཆུབ་སེམས་དཔའི་འཁོར་མང་པོས་བསྐོར་བ་ནས། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། རིཀྵ་ཏ། ་ཤ་ཞེས་བྱ་བ་འདི་བྱིན་གྱིས་བརླབས་ཏེ་འདི་ན་བཞུགས་བཞུགས། དེང་སང་གི་བར་དུ་ཡང་གཟུགས་བརླན་འདི་ན་བཞུགས། རྣམ་གསུམ་དུ་ན་འབོད་བྷ་ལོང་ཞེས་བྱ་བའི་ཚལ་ཆུང ་ཕེཾ་བི་ན་ཡོང་། བཅོམ་ལྡན་འདས་ཀྱི་ཞབས་ཀྱིས་བཅགས་ནས། ཕྱིས་འབགས་པ་འབྱུང་བ་རྣམས་ཀྱི་སྒོ་སར་བྱིན་གྱིས་བརླབས་ཏེ། གནས་འདི་རྣམས་སྲུང་བོར་ལྷ་འཛིན་རེ ་ཤ་བ་དང་། ལྷ་མོ་ཨ་ཤོ་ཀ་དང་། ཀླུའི་རྒྱལ་པོ་ཏག་ཤ་ཀ་དང་། གསུམ་གྱིས་དམ་ཚིག་བླངས་ཏེ། དེང་སང་གི་བར་དུ་ཡང་གནས་འདི་སྲུང་ནིང་རྒྱལ་པོ་འདིར་གཙུག ་ལག་ཁང་གཅིག་བརྩིགས་ན། སྔ་ཕྱིའི་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་བྱའོ་ཞེས་བགྱིས་བ་དང་། རྒྱལ་པོ་བི་ཛ་ཡ་དར་མ་ཡང་དད་པ་སྐྱེས་ནས། སླན ་ཅད་གསོད་སྦྱིན་མི་འགྱིད་པར་དམ་བཅོས། རྒྱལ་པོ་ཟླ་འོད་ཀྱིས་བྲམ་ཟེ་ལ་མགོ་སྦྱིན་གཏང་དུ་བགྱིས་པའི་སར་དེ་མ་ཐག་ཏུ་དོག་ས་བརྟགས་པའི་ཕུར་བུ་བཏབ་ནས། དགེ་བའི ་བཤེས་གཉེན་འཕགས་དར་མ་ནན་དའི་སླད་དུ་འདྲོ་ཏིར་གྱི་མཆོད་རྟེན་དང་། གཙུག་ལག་ཁང་ཆེན་པོ་བརྩིགས་སྐུ་མཁར་གྱི་ནང་དུ་ཡང་ལྔ་སྒོ་རི་སྒེའུ་ཆུང་མཆིས་པའི་ནང ་ལོགས་ན། ཀླུའི་རྒྱལ་པོ་ཆེན་པོ་བ་རུ་ནའི་གནས་ཀྱི་སྟང་ན། པ་རི་ཐ་ཞེས་བགྱི་བའི་མཆོད་རྟེན་གཞན་པོ་བཞུགས་པའི་དྲུང་ན་ནང་གི་གཙུག་ལག་ཁང་གཅིག་དང་། མཆོད་རྟེན ་ཆེན་པོ་བཟིགས་ཏེ། མཆོད་རྟེན་གྱི་ནང་དུ་དེ་བཞིན་གཤེགས་པ་འདུན་གྱི་སྐུ་གདུང་སཱ་ལ། སངས་རྒྱས་རིན་ཆེན་མང་གི་ཐོག་མའི་སྐུ་གདུང་མ་ཞིག་པ་ཞིག་སྤྱན་དྲངས་ཏེ། ད་ལྟར་གཙུ ་ལག་ཁང་འདིའི་ནང་ན་བཞུགས། འགྲོ་ཏིར་གྱི་གཙུག་ལག་ཁང་འང་ཡང་གཞན་ནང་བྱིན་ཆེ་རབ་སྟེ། དེང་སང་གི་བར་དུ་ཡང་མངོན་རྟགས་དང་མཚན་མ་བྱུང་། ལི་ཡུལ་ཐོག་མ། མ་ཧཱ་ཤཱ ་སི་ཀའི་སྡེ་ཡང་དགེ་སློང་འཕགས་པ་དར་མ་ནན་ད་ལས་བྱུང་ནས། འུ་ཐེན་ན་འདྲོ་ཏིར་གཏོགས་པར་གཙུག་ལག་ཁང་བརྒྱད་དང་། ཀམ་ཤེས་གཙུག་ལག་ཁང་བརྒྱད་ཀྱི་དགེ་འདུན ་ཡང་མ་ཧི་ཤྭ་སི་ཀའི་སྔར་གཏོགས།། ། དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་ཛ་ཡའི་བུ་ཆེན་པོ་རྒྱལ་བུ་འདོན་འདྲེས། སང་ཏིར་གྱི་གཙུག་ལག་ཁང་རྩིག་པར་དག ་ས་འཇལ་ཏེ་བརྩམས་པ་ལས། ཡོ་བྱད་རྒྱུ་རྒྱ་ན་གྱིས་མཚལ་ནས། རྒྱལ་བུ་འདོན་འདས་ཀྱིས་བས་མས་པ། གཞན་ནས་མ་ཕྲོགས་པ་མ་བརྐུས་པ། དཀོན་མཆོད ་གསུམ་གྱི་དཀོར་ལ་མ་འབགས་པ་གཙང་མ་བདག་ཉིད་ཀྱིས་རྐང་གིས་བརྡུགས་ཏེ་བཙལ་ལ། གཙུག་ལག་ཁང་བརྩིག་གོ་སྙམ་ནས། ཐོག་མ་རྒྱ་གར་ཡུལ་དུ་མཆིས་ཏེ། ་མཁན་པོ་འཕགས་པས་མན་ཏ་སི་འདི་མཁན་པོར་སྤྱན་དྲངས། སྟོང་ཕྱོགས་ཐག་ཐག་ཏུ་ཡང་མཆིས་ནས། ནོར་གཙར་མ་བཙལ། དེ་ནས་སླར་ལོག་ནས་རྒྱ་ཡུལ་དུ་ན་ཆས ་པ་དང་། རྒྱ་རྗེའི་བློན་པོ་གཅིག་ཁྱོད་ལ་ཆགས་ཏེ་དབུམ་པར་བགྱེས་པ་ལས། འངན་འདས་ཀྱིས་རྒྱ་རྗེ་ལ་བློན་པོ་འདིའི་སྦྱིན་པར་བདག་དགུམ་པར་ཅི་གནང་ཞེས་གསོལ་པ ་།། ལས། རྒྱ་རྗེས་ཀྱང་གནང་སྟེ། གཤེད་མིས་རྒྱལ་བུ་ལ་རལ་གྱིས་བཏབ་ན། བཅད་འགྲོ་ནས་འོ་མ་བྱུང་སྟེ་མ་གུབ་ནས་རྒྱ་རྗེ་ལ་སོགས་པས་ངོ་མཚར་རྨད་དུ་གྱུར ་མཆོད་པ་བགྱིས་ཡོན་ཡང་མང་མོ་ཙམ་ཞིག་ཕུལ། བློན་པོ་དེས་ཀྱང་སྲོག་རིན་གྱི་ཡོན་ཕལ་ཚར་བུལ་བླངས་ནས། སླར་ལི་ཡུལ་གྱི་འདབ་ཉེ་བ་ཞིག་ཏུ་འཁོར་མང་པོ་དང་ལྷན་ཅིག ་ཏུ་མཆིས་པ་དང་། རྒྱལ་བུ་འདོན་འདྲོས་ཀྱི་ནུ་བོ་རྒྱལ་པོ་བི་ཛ་ཡ་དར་མ་རྒྱལ་སྲིད་འཛིན་ཅིང་མཆིས་པ་ལས། བློན་པོ་ཁ་ཅིག་གི་མཆིས་ནས། རྒྱལ་བུའི་གཅེན་རྒྱལ་བུ ་འདོན་འདྲེས་རྒྱ་རྗེས་ལི་ཡུལ་གྱི་རྒྱལ་པོར་བ་སྐོས་ཏེ། རྒྱལ་པོའི་རྒྱལ་སྲིང་འཕྲོག་ཏུ་འོ་སོ་ཞེས་པ་གྱིས་པ་དང་། རྒྱལ་པོ་བི་ཛ་ཡ་དར་མ་ཡང་ཕུ་བོ་འདོན་འདུས ་ལ་མི་དགའ་ནས། སྐུ་མཁར་གྱི་ནང་དུ། ཡང་མ་བཏུང་། དྲང་དུ་ཡང་མ་བཏུབ་ནས། སང་ཏི་གཙུག་ལལ་ཁང་འརྩིགས་པའི་ས་གཞིར་མཆི་ཤིག་ཅེས ་བསྒོ་ནས། ཕུ་བོ་རྒྱལ་བུ་འདོན་འདྲོས་ཀྱང་། སོང་ཏིར་དུ་མཆིས་ཏེ་ནུ་བོས་ཀྱང་ཆུ་དང་རྩ་ཤིང་ལ་ཡང་དབང་སྐུར་ཏེ། ཁོ་བདག་གི་རིན་གྱིས་འཇལ་ཏེ་ཡོ་བྱད་སྦྱོར་ཞིང་། ་མིཆིས་པ་ལས། ཐོག་མ་རྒྱ་གར་ཡུལ་དུ་མཁན་པོ་འཕགས་པས་མན་ཏ་སི་འདི་དགེ་བའི་བཤེས་གཉེན་གྱི་ཕྱོགསུ་བལྟས་ནས། ཕྱག་འཚལ་ཏེ་མཚང་བ ་ནས་སྨོན་ལམ་བཏང་སྤྱན་དྲངས་པ་དང་། མཁན་པོ་ཡང་རྒྱ་གར་ཡུལ་ནས་ནམ་ལྟར་ལས་ལྡིངས་ཏེ། ལི་ཡུལ་དུ་རྒྱལ་པོ་འདོན་འདྲེས་ཀྱི་དྲང་དུ་གཤེགས་ནས། གཙུག་ལག ་ཁང་ཇི་ལྟར་བརྩིགས་པའི་བཤེས་གཉེན་ཡང་བགྱིས། རྒྱལ་པོ་སྤུན་གཉིས་རབ་ཏུ་མ་མཇལ་བའི་སྡུམས་བགྱི་བའི་སླད་དུ། སུམ་ཅུ་རྩ་གསུམ་གནམ་དུ་གཤེགས་ནས། ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ལུས་ཀྱི་ཡན་ལག་དང་། བུ་སྣད་ལ་སོགས་པ་སྦྱིན་གཏོར་བགྱིས་ཤིང་། འཕྲིན་ལས་དཀའ ་བ་ཇི་ལྟར་མཛད་པ་བཞིན་དུ། ནོ་ལོ་ཞེས་བགྱི་བ་དང་། ཟློས་ཆོས་ལི་ཡུལ་དུ་མི་རུང་ཞེས་ལྷ་རྣམས་ལ་གསོལ་ནས། སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་དང་། རྒྱལ་ཆེན་རིས་བཞིའི་ལྦ ་རྣམས་ལི་ཡུལ་སང་ཏིར་འགྱི་བར་གཤེགས་ཏེ། སངས་རྒྱས་བཅོམ་ལྡན་འདས་སྟོན་འཛིན་ལས་པའ་བ་ཇི་ལྟར་མཛད་པ་བཞིན་དུ། ལྷ་རྣམས་ཟློས་ཆོས་བགྱིས་པི ་རྒྱལ་པོ་བི་ཛ་དར་མས་བློན་པོ་དང་འབངས་རྣམས་ལ་གཅིག་ཀྱང་། དེར་མཆིར་མི་གནངངོ་ཞེས་པ་གྱིས་པ་ལས། ལྷའི་རོལ་མོ་བཟང་པོ་སྔ་ན་མ་བྱུང་བ་དེ་ཐོས་ནས ་མི་གཅིག་གིས་གཅིག་སྦྲན་ཏེ་མ་བཟོད་ནས་དེར་མཆིས། སླད་ཀྱིས་རྒྱལ་པོའི་འཁོར་ཀུན་གར་མཆིས། རྒྱལ་པོས་སྨྲས་པ་དང་། བློན་པོ་དག་གིས་རྒྱུས་ཀྱིས་ཞིབ་ཏུ་བཤད་པ་དང ་རྒྱལ་པོ་བི་ཛ་ཡ་དར་མ་ཡང་མ་བཟོད་དེ། སང་ཏིར་གྱི་གཙུག་ལག་ཁང་གི་མདབ་ཏུ་མཆིས་པ་དང་། ཕུ་བོ་རྒྱལ་བུ་འདོན་དྲོས་ཀྱིས་བསུས་ནས། སྤུན་དེར་མཇལ་པ་དང་། ནུ་བོ་རྒྱལ ་པོ་བི་ཛ་ཡ་དར་མས་བུ་བོ་ལ་ཕྱག་བགྱིས་ནས། པུས་མོ་བརྩིགས་ཐལ་མོ་སྦྱར་ཏེ། འཕགས་པ་བདག་གིས་ཁྱོད་ཀྱི་མཐུ་སྟོབས་མ་རིག་ནས། ང་རྒྱལ་གྱི་དབང་དུ་གྱུར་ནས ་།། བདག་གིས་རབ་ཏུ་ནོངས་ཏེ་བཟོད་པ་གསོལ་ཞིང་མཆིས་ན། བདག་ལ་དངོས་སྡིག་ཏུ་མི་འགྱུར་བར་བཟོད་པ་བཞེས་པར་ཅི་གནང་ཞེས་བགྱིས་པ་དང་། ཕུ་བོས་ཀྱང ་བཟོད་པ་བླངས་པ་དང་། དེ་སླར་ནུ་བོ་ལ་བཟོད་པ་གསོལ་ནས། ལག་སྦྲེལ་ཏེ་གཙུག་ལག་ཁང་དུ་མཆིས་ནས་མཆོད་པ་བགྱིས། ལྷ་ཀླ་ས་ནོ་ལེ་བགྱིས་པ་དང་། གཙུག་ལག་ཁང ་བརྩིགས་པ་ལས་རྗེ་སུ་ཡི་རང་ནས། ཡོན་ཕུལ་གཙུག་ལག་ཁང་བརྩིགས་པའི་ངན་གྲོགས་བགྱིས་ཏེ། རྐྱེན་རིས་བཀུམ་སྟེ་ཕུལ། ཐིག་མ་སྤུན་མཇལ་ཏེ་བཟོད་པ་གསོལ ་བའི་སར་འཇའ་མོ་ཀ་ཀ་རོང་ཞེས་བགྱི་བའི་གཙུག་ལག་ཁང་ལྷ་ཁང་གཅིག་བརྩིགས་ནས། ཐོག་དམ་ལི་ཡུལ་དུ་སརྦ་སྟི་ཕཊ་ཀྱི་སྡེ་ཐེག་པ་ཆུང་ངུ་པ་ཡང་། ་མཁན་པོ་འཕགས་པས་མན་ད་སི་འདི་ལ་ས་བྱུང་། གཙུག་ལག་ཁང་གི་སྲུངས་མ་ཡང་ལྷཀ། བྱི་ལ་ཞེས་བགྱི་བས་ཞལ་གྱིས་བཞེས་ཏེ་སྲུང་། དེང་སང་གི ་བར་དུ་ལོ་གཅིག་ཅིང་ཡང་། རྟག་ཏུ་སྟོན་ཟླ་ར་བ་ཚེས་བདུན་དང་བརྒྱད་ཀྱི་གདུགས་ལ་དེ་བཞིན་གཤེགས་པས་འཕྲིན་ལས་དཀའ་བ་མཛད་པའི་ཟློས་ཆོས་ནོ་ལེ་བགྱིད་དེ ་ཡུལ་མོ་རིལ་གྱིས་ཆོས་ཉན་ཅིང་དར་མཆིས་ཏེ། གཙུག་ལག་ཁང་འདི་ཡང་གཉེན་ཞིང་བྱིན་ཆེ་བར་བགྱི། དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་དར་མའི་བུ་རྒྱལ་པོ་བི་ཛ་ལ ་སང་རྒས། རྒྱལ་པོ་བགྱིད་པའི་ཚེ། ག་འཛག་གི་རྒྱལ་པོས་ལི་ཡུལ་དུ་དཔག་མང་བ་དྲངས་ཏེ། རྒྱལ་པོ་བི་ཛ་ཡ་སིང་ཧ་དང་འཐབས་པ་ལས། ག་འཛག་གི་དམག་འདན ་སྟེང་ག་འཛག་གི་རྒྱལ་པོ་ཡང་ལི་རྗེ་སུ་ཞགས་པས་ཟིན་ནས་དགུམ་པར་བགྱིས་པ་ལས། ཐར་བར་གསོལ་ནས་རྒྱལ་པོ་བི་ཛ་ཡ་སིང་ཧའི་མཆིང་ནས། རྒྱལ་པོ་ཁྱོད་བདག་གིས ་མི་དགུམ་པར་ཐར་པར་གཏང་གིས། ནམ་ཁྱོད་དགྲ་ཚོས་པའི་དུས་ན། བདག་གི་དགེ་བའི་བཤེས་གཉེན་མཛད་ཅིང་། སླར་སྦྲོན་ཅིག་ཅེས་བགྱིས་ནས་ཐར་བར་སྩོལ་ཏེ་མིང་ཡཱ ་ཨ་ནན་ད་སེ་ནར་བཏགས་ཏེ། སླར་ཤུ་རིག་ཏུ་བཏང་། དེ་ནས་དགེ་སློང་ཨ་ནནད་སེ་ན་དང་། སླད་ཀྱིས་དགྲ་ཆོམས་ནས་ཐོག་མ་ལ་རྗེ་དང་དམ་བཅས་པ་བཞིན། ན་མཁའ་ལ ་ལྡིངས་ཏེ་ལི་ཡུལ་དུ་གཤེགས་ནས། རྒྱལ་བོ་བི་ཛ་ཡ་སིང་ཧའི་དགེ་བའི་བཤེས་གཉེན་བགྱི་བའི་སླད་དུ། ལི་རྗེ་ཡང་དད་པ་སྐྱེས་ནས་འཕགས་པ་དགྲ་བཅོམ ་པེ་ཨ་ནན་ད་ས་ནའི་སླད་དུ། སོམ་ཉི་གི་ཙུག་ལག་ཁང་དང་། མཆོད་རྟེན་བརྩིགས་ཏེ། གཙུ་ག་ལག་གི་སྲུངས་པ་མ་ནི་རྣམ་ཐོས་ཀྱི་སྲས་དང་། ལྷ་ཀ་བྱི་རྒུ ་ཏེ་གཙུག་ལག་ཁང་འདི་ཡང་གཉན་ཞིང་བྱིན་ཚ་བར་བགྱི། དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་ཀིར་ཏིས་འཕག་ས་པ་འཇམ་དཔལ་གྱི་སྤྲུལ་པ། ཀམ་ཤེང་དུ་ཆོས་སྦལ་བའི་དག ་བཅོམ་པ་སྱ་བྲི་ཞེས་བགྱི་བས་དགེ་བའི་བཤེས་གཉེན་བགྱིས་ནས། དད་པ་སྐྱེས་པའི་སླད་དུ་བྲུ་ཀོའི་གཙུག་ལག་ཁང་བརྩིགས་ཏེ། ཐོག་མ་ཀ་ནེ་སྐའི་རྒྱལ་པོ་དང་། གུ་ཟན ་གྱི་རྒྱལ་པོ་དང་ལི་རྗེའི་རྒྱལ་པོ་བི་ཛ་ཡ་ཀིར་ཏི་ལ་སོགས་པས་རྒྱ་གར་ཡུལ་དུ་དཔག་དྲངས་ནས། སེ་གད་ཅེས་བགྱི་བའི་གྲོང་ཁྱེར་ཕབ་པའི་ཚེ། རྒྱལ་པོ་བི་ཛ་ཡ་ཀར ་། ཏིས་ཤ་རི་རམ་མང་མོ་ཞིག་རྙེད་པ་ཡང་བུ་ཉེའི་མཆོད་རྟེན་དེའི་ན་དུསུ་ཁ་ཐོག་མ་དོགས་རྟོག་པའི་དུང་བུ་འདེབས་པའི་ཚེ། རྒྱལ་པོ་བི་ཛ་ཡ་ཀིར་ཏི་དགེ་པར ་བཤེས་གཉེན་འཕགས་པས་སུ་དྲིའི་ནལ་ནས། ཕུང་བུ་འདི་ལ་རྒྱལ་པོས་འག་བསམས་ཡང་ལན་ལྔ་བྱངས་ན། མངོན་རྟགས་འབྱུང་ཤེས་བགྱིས་པ་དང་། རྒྱལ་བས་ཀྱང་ངོགས་པ ་བའི་ཤུགས་པ་རྫུ་ཚུལ་ལགས་ངས་ལན་རྫ་བས་པ་དང་། དུ་བུ་དེལ་ཤུགས་པ་ལལ་ག་ཁྲུ་གང་བལྔ་དེ་འཆག་ཏུ་དེ་བཞིན་པར་སྐྱེས་ནས། སླང་ཀྱིས་ཤུག་འ་དོར་དྲུང ་བན་དེ་དག་གིས་ངར་མ་བླགས་པ་དང་། ཤུག་པ་དེ་ལས་ཆོས་བཤད་པའི་སྒྲ་དག་བྱུང་ནས། སླད་ཀྱིས་བན་དེ་གཞོན་ནུ་དང་མ་ཐོགས་ཏེ་ཆོས་ཉན་དུ་མཆིས་ན་ཡང་དེ་བཞིན་དུ ་ཆོས་འཆད་པའི་སྒྲ་དག་བྱུང་བ་ལས། སླད་ཀྱིས་བན་དེ་གཅིག་གིས་དར་མ་ལོག་པར་བླགས་ན་ནས། འདི་ལྟར་མ་ཡིནོ་ཞེས་ལྷས་བསྒོ་བ་དང་མཉན་ནས། དེ་ཚུན་ཅད ་ཆོས་བཤང་བའི་སྒྲ་ཡང་མ་བྱུང་། སླད་ཀྱིས་གཙུག་ལག་ཁང་འདིའི་ཆབ་དཀའ་ཆབ་ཀྱིས་འཚལ་ཏེ། ཆ་མ་ཕྱིན་ནས། གཙུག་ལག་ཁང་ཞིག་ཏུ་ཉེ་བ་ལས། དགེ་སློང་བཙུན ་བ་སུམ་པོནི་ཞེས་བགྱི་ག་དག་ཚིམ་སུ་ཉེ་བ་ནིག་གིས་གཙུག་ལག་ཁང་དེ་མི་ཞིག་པར་བགྱི་བའི་སླད་དུ། དགྲ་བཅོམ་པར་འགྲུབ་པའི་དགེ་བའི་རྩ་བདས། ཀླུར་སྐྱེ་བར་སྨིན་ལ ་བཏབ་ནས། དེ་མ་ཐག་ཏུ་ལུས་ལས་ཆབ་ཕྱུང་ནས། མིའི་ལུས་མ་བོས་པར་ཤེས་ཆུ་ཆུང་ངུའི་ཀླུར་གྱུར་ཏེ། དོག་སའི་འོག་ཏུ་ནུབ་ནས། དེང་སང་གི་བར་དུ་གཙུག་ལག ་ལཀ་ཁང་དེའི་ཆག་ཤེལ་ཆབ་ཆུང་ངུ་ལས་དྲངས། གཙུག་ལག་ཁང་འདི་ཡང་དང་སང་གི་བར་དུ་མ་ཞིག་སྟེ། གཉེན་ཞིང་བྱིན་ཆེ་བར་བགྱི། སྲུངས་མ་ཡང་ལྷ་སུ་འཛའ་ཡ་དང ་ཕྱག་བརྙན་སིང་ཧ་མུ་ཀ་དང་། ཤེལ་ཆབ་ཆུང་ངུ་ཀྵ་སུམ་བོན་གྱིས་སྲུངས། དེའི་ཚེ་དེ་ནས་དེའི་འོག་ཏུ་རྒྱལ་ངོ་བི་ཛ་ཡ~ཾ་ཀ་རི་ཏིའི་བུ། རྒྱལ་པོ་བི་ཛ་ཡ་ས་དགྲ་མ་ཞེས་བགྱིང ་དཔའ་ཞིང་རྩལ་ཆེ་བ་ཞིག་བྱུང་ནས། ཕྱི་དགྲ་མང་པོ་ཞིག་ལ་བསྔོས་ནས། སེམས་ཅན་བལ་ཆེར་བཀུམ། དེའི་འོག་ཏུ་སེང་གེ་མི་ལ་རྒོལ་བྱུང་སྟེ། དམག་གིས་བཏབ་ན་ཡང ་མ་ཁུམས་སྟེ། རྒྱལ་པོ་གཅིག་པུས་སོང་གེ་ལ་བརྒལ་ཏེ་ཟིན་ནས་བཀུམ། དེ་ནས་རྒྱལ་པོ་དེ་འི་མིང་ཡང་སེང་གེར་བཏགས། རྒྱལ་པོ་དེ་ཡང་རི་དྭགས་ཤོར ་དུ་མཆིས་པ་ལས། ཤེལ་ཆབ་ཆུང་ངུའི་འ་བྲམ་ཚལ་ཞིག་ཏུ་དགོངས་བཏབ་པ་ལས། དེའི་ནུབ་མ་ཚལ་དེའི་ནང་ན་ཞུགས་མར་འདྲ་བ་ཞིག་རྒྱང་ནས་གདའ་ནས། ་སླད་དེ་ནང་པར་བལྟས་ན། དགེ་སློང་འཕགས་པ་དགྲ་བཅོམ་པ་གཉའ་ན་ཡ་ཤྭ་དེ་ན་བཞུགས་པ་ལས། འོད་བྱུང་བ་མཐོང་ནས་དད་པ་སྐྱེས་ཏེ་མཆོད་པ་འགྱིས་ནས། ་འཕགས་པ་འདི་ན་ཅི་མཛད་ཅེས་ཞུས་པ་དང་། དགྲ་བཅོམ་པ་གཉའ་ན་ཡ་ཤའི་ཞལ་ནས། ས་འདི་ཡང་སྔོན་གྱི་དེ་བཞིན་གཤེགས་པོས་བྱིན་གྱིས་བརླབས་པ་ལག ་ཏེ་རྒྱལ་པོས་འདིར་གཙུག་ལག་ཁང་གཅིག་བརྩེགས་པའི་རིག་སོ་ཞེས་བགྱིས་པ་དང་། རྒྱལ་པོས་ཀྱང་འཕགས་པ་དེ་ལ་དད་པ་སྐྱེས་པའི་སླད་དུ་བསྒོ་བ་བཞིན་དུ ་མཉན་ནས་སྡིག་པ་ཤགས། གཙུག་ལག་ཁང་གི་ངོགས་བརྟགས་པའི་ཕུར་བུ་བཏབ་ནས། གསེར་གྱིས་གནོང་བ་གཅིག་སྤྱི་བོ་ལ་བཟུང་སྟེ། ང་བདག་གིས ་ཐེག་པའི་གཙུག་ལག་ཁང་འདི་ཡུན་དུ་ཚུགས་ཤིང་བརྟན་པར་འགྱུར་ན། ཕྱོགས་བཙུན་བཞུགས་པའི་འཕགས་པ་རྣམས་ཀྱིས་བྱིན་གྱིས་བརླབ་ཅིང་། དེ་བཞིན་གཤེས ་བའི་སྐུ་གདུང་བདག་གི་གི་གནོང་བ་འདིའི་ནང་དུ་སྩལ་བར་ཅི་གནང་ཞེས་སྨོན་ལམ་བཏབ་པ་དང་། ན་མཁའ་ལས་ཤ་རི་རམ་མང་པོ་ཙམ་ཞིག་གནོད་པའི་ནང་དུག ་ནས་ང་རྒྱལ་པོ་སྔར་བས་ལྷག་པར་དད་པ་སྐྱེས་ཏེ། དགེ་བའི་བཤེས་གཉེན་ཡ་ཤའི་སླ་། དར་མ་ཏིར་གྱི་གཙུག་ལག་ཁང་མཆོད་རྟེན་ཆེན་པོ་བརྩིགས་སྟེ། ་ནང་དུ་ཤ་རི་རམ་མང་པོ་ཙམ་ཞིག་སྤྲུལ་ཁས། གཙུག་ལག་ཁང་འདི་ཡང་གཉེན་ཞིང་བྱིན།། ཚ་བས། སྲུངས་མ་རྣམ་ཐོས་ཀྱི་སྲས་དང་། ལཱུ་ཀ་བྱི་ལས ་སྲུངས།། ། དེ་ནས་རྒྱལ་པོ་བི་ཛ་ཡ་དརམས་རྒྱལ་སྲིང་བཟུང་བ་མནཿདེབི་ཛ་ཡ་ཀིར་ཏོས་རྒྱལ་པོ་འགྱིས་པ་ཡིན་ཅད། རྒྱལ་པོ་རབས་བཅུ་བཞི་བར་དུ། རེས ་འགའ་ནི་ཡུལ་དུ་ཕྱི་དགྲ་གཞན་གྱིས་དམག་དྲངས་ཏེ་གཅེས། རེས་འགྲའ་ནི་ལི་རྗེ་དག་གིས་ཡུལ་གཞན་དུ་དམག་དྲངས་ནས་འབངས་ཀྱི་ཚོགསུ་གྱུར། དེའི་འོག་ཏུ་དྲུག་གུ་ཨ ་མན་ཤོད་ཀྱིས། ལྀ་ཡུལ་དུ་དཔག་དྲངས་ནས་འགེ་རུ་ཏོ་ཤན་ཕན་ཅད་ཀྱི་གཙུག་ལག་ཁང་པལ་ཆེར་མེས་བསྲེགས་ཏེ། ཡུལ་དམས། འབངས་འགྲིབས་ནས་གཙུག་ལག། ཥ ་ས་རབ་རྩིག་པའི་རྔོ་མ་ཐོག། དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཀིར་ཏིའི་བུ། རྒྱལ་པོ་བི་ཛ་ཡ་སང་འགྲམ་ཞེས་བགྱི་བས། དགུང་ལོ་འདུན་ལོན་པ་ཞིག་རྒྱལ་པོར་ཞུགས་ནས། ་སླད་ཀྱིས་མི་མཐར་སོན་པ་དང་། ཡུལ་འདི་སུས་བ་ཤིག། ཅིའི་སླདདུ་དམས་ཤེས་དགེ་འདུན་རྒན་རབས་དང་། བློན་པོ་དག་ལ་སྨྲས་པ་ལས། དགེ་འདུན་དང་བློན་པོ་རྣམས་ཀྱང་། ་དྲུ་གུ་ཨ་མ་ནོ་ཤོད་ལ་སོགས་པས། སྔོན་ཡུལ་ཇི་ལྟར་བཤིག་པའི་ལོ་སྒྱུས་ཞིག་ཏུ་བཤད་པ་དང་། རྒྱལ་པོ་བི་ཛ་ཡེ་སང་འགྲམས་བློན་པོ་དག་ལ་དམག་ཚོགས་ཅི་མཆིས ་པ་སྡུས་ཤིག་ཅེས་བསྒོ་ནས། སྔོན་གཙེས་ཤི་ང་ཡུལ་བཤིག་པའི་རྒྱལ་པོ་རྣམས་ཀྱི་ཡུལ་དུ་དམ། ག་དྲངས་ཏེ་ལན་བླུན་ནས། ཡུལ་བཤིག་ས་ནི་ཕལ་ཆེར་བཀུ ་དེ་ནས་སླར་ལོག་ནས། ཤིལ་ཆ་བེ་འོག་མའི་འགྲམ་དུ་མཆིས་པ་དང་། དགེ་སློང་བདུན་ཞིག་ཚ་བ་ཀྱི་ནང་དུ་ཁྲུས་བགྱིད་ཅིང་རྩེད་མོ་སྣ་ཚོགས་བགྱིད་པར་མཐོང ་ནས། དགེ་སློང་གི་ཚུལ་མ་ཡིན་པ་བྱེད་ཅེས་བྱས་པ་དང་། དགེ་སློང་དེ་བདུན་ཡང་དེ་མ་ཐག་ཏུ་ནམ་མཁའ་ལས་ལྡིངས་ནས། རྒྱལ་པོ་དེ་ལ་རྫུ་འཕྲུལ་རྣམ་པ་བཅུ་དྲུག་བསྟན ་པ་དང་། རྒྱལ་པོ་དེའི་ཡིད་ལ་བདག་གིས་སྔར་ཡང་། སེམས་ཅན་མང་མོ་ཞིག་སྲོག་བཅད་བཀུན། ད་ཡང་འཕགས་པ་དེ་རྣམས་ལ་ངན་སེམས་བསྐྱེད་པ་རབ་ཏུ་ཉེསོ་སྙམ ་པའི་འགྱོད་པ་ཆེར་སྐྱེས། འཕགས་པ་དེ་དག་གི་རྫུ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་པ་མཐོང་ནས། དད་པ་ཡང་ཆེས་སྐྱེས་ཏེ། འཕགས་པ་དེ་དག་ག་ལོ་བཞུགས་པའི་དྲུང་དུ ་། བསྙེན་ནས། མཆོད་པ་དང་བཤགས་སྦྱང་བགྱིས།། འདོད་པ་གསོལ་ནས། འཕགས་པ་དགྲ་བཅོམ་པ་པོ་གཉན་རེ་སྟ་ལ་སོགས་པ། འཕགས་པ་འདུན་གྱི་ཕྱིར་འགུ ་ཞན་གྱི་གཙུག་ལག་ཁང་བརྩིགས་སྟེ། འཕགས་པ་དགྲ་བཅོམ་པ་བདུན་གྱིས་ཀྱང་དག་ས་བྱིན་གྱིས་བརླབས་ནས། ཞི་བིའི་ས་དགུ་ཞན་ཏེ་ཞེས་བགྱི་བར་གཙུག་ལོག་ཁོང་གི ་མཚན་ཡང་བཏགས་ཏེ། གཙུག་ལག་ཁང་འདི་ཡང་འདི་ཡང་གཉེན་ཞིང་བྱིན་ཆེ་རབ་སྟེ། ལྷ་འཛིན་རི་ཤི་བ་དང་ནོར་བུ་བཟང་པོ་གཉིས་ཀྱིས་སྲུང་།། ། དེ་ནས་དེའི་འོག་ཏུ་རྒྱལ ་པོ་བི་ཛ་ཡ་སང་གྲ་མའི་བུ། རྒྱལ་པོ་བི་ཛྲ་དཡ་སིང་ཧ་ཞེས་བགྱི་བས། རྒྱལ་པོར་ཞུགས་ནས་དགེ་བིའི་བཤེས་གཉེན་འཕགས་པ་དགྲ་བཅོམ་པ་དར་མ་པ་ལ། ་འཕགས་པ་ཁྱོད་རྫུ་འཕྲུལ་ཅི་མངའ་བ་བང་ག་ལ་བསྟན་པར་ཅི་གནང་ཞེས་གསོལ་བས། འཕགས་བདེས་རྫུ་འཕྲུལ་གྱིས་རྒྱལ་པོ་བི་ཛ་ཡ་སིང་ཧ་དགའ་ལྡན་དུ ་ཁྲིད་དེ། འཕགས་པ་བྱམས་པ་བཞུགས་པའི་གནས་དང་། ཞལ་བསྟན་ནས་སླར་མཆིས་པ་དང་། རྒྱལ་པོ་བི་ཛ་ཡ་སིང་ཧ་ས་བཞའ་སེར་མའི་གཙུག་ལག་ཁང་བརྩིགས་ཏེ། ་དགའ་ལྡན་བྱམས་པའི་འཁོར་དང་བཅས་པ་ཇི་ལྟར་བཞུགས་པའི་སྐུ་གཟུགས་བགྱིས། སླད་ཀྱིས་བྱམས་པ་ལ་མཆོད་པའི་སླད་དུ། མགོན་པོ་དང་། ལྷ་ཀླུ་གཤེགས་པ ་རྣམས་ཀྱི་ཚུལ་ཅི་འདྲབ། མགོན་པའི་རྟེན་ཁང་གཅིག་བརྩིགས་ནས། མགོན་པ་དང་ལྷ་ཀླུའི་གཟུགས་བགྱེས་པ་ད་དུང་བཞུགས་ཏེ། གཙུག་ལག་ཁང་འདི་ཡང་གཉེན་ནིང ་བྱིན་ཆེ་བར་བགྱི། ལྷ་གངས་ཅན་དང་། འབྲོག་གནས་ཞེས་བགྱི་བས་སྲུང་། དེང་སང་གི་བར་དུ་མངོན་བརྟགས་དང་། མཚན་མ་དག་ཀྱང་འབྱུང་།། དེ་ནས་དེའི་འོག་ཏུ་ཡང་རྒྱལ་པོ ་ཛ་ཡ་བ་ལ་མན་ཅང་རྒྱལ་པོ་རབས་དྲུག་གི་བར་དུ་གཙུག་ལག་ཁང་གཞན་མ་བརྩིགས། དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་བ་ལ་ཞེས་བྱ་བའི་བུ། རྒྱལ་པོ་བི་ཛ་ཡ་སང་གྲ་མ ་ཞེས་བགྱི་བ་རྒྱལ་པོ་བགྱིད་པའི་ཚེ། ཙུ་གུ་པན་ནས་ཆེའུ་བ་ནའི་སྐུ་གཟུགས་ནམ་མཁའ་ལས་ལྡིངས་ཏེ། ལི་ཡུལ་དུ་གཤེགས་པ་རྒྱལ་པོས་མཐོང་ནས་དྲང་པའི་ཤུགས ་ཀྱིས་སངས་རྒྱས་དེ་བཞུགས་པའི་དྲིག་ཅིང་ཁང་བཟུགས། དེ་ནས་སླད་ཀྱིས་རྒྱལ་པོ་དེ། འུ་ཐེན་གྱི་སྐུ་མཁར་གྱི་སྟེང་གི་བྱང་སྒོའི་སྒོ་ཁང་ན་མཆིས་པ་ཞིག་གི་ཆེན། ་ལྟས་ན་སྐུ་མཁར་གྱི་སླང་རོལ་ན་དགེ་སློང་ག་ཅིག་ཁྱིམ་པ་སྐྱེ་བོ་ལ་ཕྱག་འཚལ་ཏེ། བཀའ་མཆི་ད་མཆི་བ་མཐོང་ནས་ངོ་མཚར་དུ་བཟུང་སྟེ། རྒྱལ་པོ་ངེས ་བློན་པོ་གཅིག་མངགས་ནས། ཞིབ་ཏུ་རྟོགས་ཏུ་བཏང་བ་ལས་བློན་པོ་དེས་དགེ་སློང་དང་སྐྱེ་བོ་སོ་སོར་ཟས་ན། དགེ་སློང་དེའི་མཆད་ནས་ཁྱིམ་པ་སྐྱ་བོ་འདི་ནི་འཕགས་པ ་འཇམ་དཔལ་གྱི་སྤྲུལ་པ་ལགས་ཤེས་མཆི། ཁྱིམ་པ་སྐྱ་བོ་དེའི་མཆིད་ནས་དགེ་སློང་འདི་འཕགས་པ་སའི་སྙིང་པོའི་སྤྲུལ་པ་ལགས་ཤོས་མཚོ་བ་དང་། བློན་པོ་དེས་ཀྱང ་རྒྱལ་པོ་ལ་དེ་བཞིན་དུ་སླར་གསོལ་པ་དང་། རྒྱལ་པོ་བ~ཾ་ཛ་ཡ་སང་གྲམ་ཡང་དེ་མ་ཐག་པར་འཕགས་པ་དེ་དག་གི་དྲུང་དུ་བསྙེན་ནས། ཕྱག་འཚལ་མཆོད་པ་བགྱིས ་ནས་འཕགས་པ་དག་ག་ལས་གཤེགས་ཤེས་ཞུས་པ་དང་། འཕགས་པ་གནས་པ་གཉིས་ཀྱི་ཞལ་ནས། བདག་ཅག་གཉིས་ཀྱང་ཤར་ཕྱོགས་ནས་དེ ་བཞིན་གཤེགས་པ་མི་འཇུགས་པའི་སངས་རྒྱས་ཀྱི་ཞིང་ནས། སེམས་ཅན་གྱི་དོན་ལ་འདྲིར་འོངསོ་ཞེས་འབྱུང་བ་དང་། དེ་ནས་རྒྱལ་པོ་བཱི་ཛཱ་ཡ་སང་གྲོ་མའི་མ ་ནས། འཕགས་པ་ཐུགས་རྗེ་དང་ལྡན་པ་གཉིས་ཀྱིས། རྫུ་འཕྲུལ་གྱི་མཐུ་སྟོབས་ཀྱིས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་བདག་ལ་བསྟན་པར ་ཅིག་ནང་ཞེས་གསོལ་བ་དང་། དེ་བཞིན་དུ་གནང་ནས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་དནལ་ཛིང་། སངས་རྒྱས་ཀྱི་ཞིང་ཡང་བསྟན་པ་དང་། རྒྱལ ་དེས་དེས་དེ་བཞིན་གཤེགས་པའི་སྐུ་ད་། སངས་རྒྱས་ཀྱི་ཞིང་ཡང་མཐོང་། ནམ་ལ་ལམ་ནི། ངདྷའི་ནང་ནས་སངས་རྒྱས་མང་མ་ཞིག་གཤེགས ་ནས། དེ་དག་གིས་འོད་ཟེར་བཏང་བ་རྒྱལ་པོའི་སྤྱི་བོར་རེག་པར་མཐོང་སྟེ། དད་པའི་ཤུགས་ཀྱིས་སངས་རྒྱས་ཀྱི་གཟུགས་ཇི་ལྟར་མཐོང་བཞིན་དུ། གཟུགསུ་ཡང ་བགྱིས་ཏེ། ཤིང་རྟའི་ནང་དུ་བྱང་སྲང་དུ་ཡང་དྲོངས་ནས། མཆོད་པ་ཆེན་པོ་བཻགྱིས་ཏེ། དེང་སང་གི་བར་དུ་ཡང་དབྱར་ཟླ་རབ་ཡར་གྱི་ངོ་ལ་བྱང་སྲང་དུ་སྐུ་གཟུགས ་ཆེན་པོ་འདྲེན་པ་དང་། དགེ་འདུན་སྡེ་གཉིས་སྤྱན་དྲངས་ནས། བྱང་ཆུབ་འབྱུང་གནས་བཀྲ་ཤིས་བསིལ་བའི་ཚལ་དུ་མཆོད་སྟོན་གསོལ་ཞིང་། མི་ཕྱི་རོའི་མཆོག ་འི་འོངས་མ་ནག་ས་ང་ཤེས་ས་ཞུགས་འ་ཛུ་སོ་སུ་ཛིན་མཔ་འཛང་གི་སུང་དུ། ཁན་ས་གྲེ ་གཙུག་ལག་ཁང་བརྩིགས་ཏེ། རྣམ་ཐོས་ཀྱི་སྲས་དང་ཡང་དག་ཤེས་བགྱི་བ་ཡང་སྲུང་།། དེ་ནས་རྒྱལ་པོ་བི་ཛ་ཡ་ཤ་སྟ་མན་ཅད། རྒྱལ་པོ་རབས་བཞིའི་བར་དུ ་གཙུག་ལག་ཁང་གསར་བ་གནན་མ་བརྩིགས། དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་ཀི་རི་ཏི་ཞེས་བགྱི་ག་མགུམ་ཏིང་དུ་མཆིས་པ་ལས་ད་ལྟར་བྷ་བ་ཀའི་གཙུག ་འགེ་ཁང་བཞུགས་པའི་སར་མཆིས་པ་དང་། ཀླུའི་རྒྱལ་པོ་ནིན་དེར་བྱུང་ནས། རྒྱུ་ཥྱ་ཛ་ཡ་ཀིར་ཏི་ལ་སྨྲས་པ། སྔོན་སངས་རྒྱས་འདི་སྲུང་གི་ཆདོན་ས ་འདི་བྱིན་གྱིས་བརླབས་ནས། གཙུག་ལག་། ཁང་བརྩིགས་པའི་སོ་འདི་ཡིན་ཏེ། ད་ཡང་རྒྱལ་བ~ཾ་ཁྱོད་ཀྱིས་གཙུག་ལག་ཁང་གཅིག་རྩག་པའི་རིགས ་སོ་ཞེས་བགྱིས་པ་དང་། རྒྱལ་པོས་སྨོན་ལམ་བཏབ་པ་ད་ལྟར་འཛམ་བུའི་གླིང་ན་འཕགས་པ་དག་གིས་བྱིན་གྱིས་བརླབས་ཏེ། འདིར་གཤེགས་པར་གནང་ན། ་བདག་གིས་གཙུག་ལག་ཁང་གཅིག་བརྩིག་པར་འཚལོ་ཞེས་སྨོན་ལམ་བཏབ་པ་དང་། དེ་མ་ཐག་ཏུ་ན་མཁའ་ལས་འཕགས་པ་དགྲ་བཅོམ་པ་བཅུ་བདུན་ག ་ནས་ང་རྒྱལ་པོའི་སྭ་ཀི་ར་ཏི་ཡང་དད་པའི་ཤུགས་ཆེན་པོར་སྐྱེས་ཏེ། རྒྱལ་པོ་དང་བཙུན་མོ་ལག་དར་ཏེ། བྷ་བ་ཉའི་སྒོམས་དང་། གཙུག་ལག་ཁང་བརྩིགས་ཏེ ་གཙུག་ལག་ཁང་འདི་ཡང་བྱིན་ཆེ་ཞིང་མཉན་པར་བགྱི། ལྷ་གཞན་གྱིས་མི་ཐུབ་པ་དང་། ནོར་བུ་བཟང་པོ་སྲུང་། གཙུག་ལག་ཁང་འདི་ཡང་གནའ་འོད ་ཀྱི་མངའ་རི་སུ་གཏོགས་པའི་ཚེ། མགར་བློན་བཙན་གཉེན་གུད་རྟེན་ལི་ཡུལ་གྱི་དབང་པོ་བགྱིད་པའི་ཚེ། བརྩིགས་པ་ལགས་དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་སང ་གྲ་མ་དང་། བུ་རྒྱལ་པོ་བཾ་ཛ་ཡ་གྲཱ་མ་སྤང་། རྒྱ་ཡུལ་དུ་མཆིས་ནས། སླར་ལི་ཡུལ་དུ་མཆི་བའི་བར་དུ་དྲུ་གུའི་དམག་གིས་ཤུལ་ཁུམས་པ་ལས། བ་ནི་རྒྱུ ་ཡུལ་དུ་གུམ། བུ་ཆུང་སྟེ་སླར་མཆི་བའི་རྔོ་མ་ཐོག་པའི་སྐབས་ལི་བློན་པོ་ཨ་མ་ཙ་ཁེ་མེག་ཅེས་བགྱི་བས་དགུང་ལོ་བཅུ་གཉིས་བར་དུ་རྒྱལ་ཚབ ་བགྱིས་ནས། རྒྱལ་སྲོད་བཟུང་བའི་དགེ་བར་འནས་གཉེན་དགེ་སློང་འཕགས་པ་རུ་ནཿ་ཞེས་འགྱི་བའི་སྤང་བུས་མ་ན་འདིའི་མཆོད་རྟེན་དང་། གཙུག་ལག་ཁོང་རྩིགས ་དེ་བཞིན་གཤེགས་པའི་སྐུ་གདུང་ཤ་རི་རམ་མང་དུ་སྩལ་ཏེ། དལྟར་གཙུག་ལག་ཁང་འདི་ལྷ་ན་མཁའི་སྤྱན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས་བགྱི་བས་སྲུང་།། ་དེ་ནས་རྒྱལ་པོ་བི་ཛ་ཡ་སང་གྲ་མའི་བུ་རྒྱལ་པོ་བི་ཛ་ཡ་བིའི་གྲ་མ་ཞེས་བགྱིབས། སླར་ལི་ཡུལ་མཆིས་ནོས། དགེ་བའི་བཤེས་གཉེན་འཕགས་པ་དགྲ་བཅོམ་པ་བདེ་བ་ན་འང ་ཚིང་གི་སླད། གཙུག་ལག་ཁང་བྱིན་གྲེ་རྨ་བརྩིགས་ཏེ། ད་ལྟར་ལྷ་གཞན་གྱིས་མི་ཐུབ་པ་དང་། ནོར་བུ་བཟང་པོ་སྲུང་། དེ་ནས་དེའི་འོག་ཏུ་རྒྱའི་བློན་པོ་སེར་ཐེ་ཤི་དང་། རྒྱལ་བ ་རྫ་ལ་དང་མ་གཉིས་ཀྱིས་དགེ་བའི་བཤེས་གཉེན་འགུམ་ཏིར་གྱི་བར་མོག་འཛིན་སེ་ན་ཞེས་བགྱི་བའི་སླང་དུ། བོང་མཁར་གྱི་བྱམས་པ་མེད་ཏོའི་གཙུག་ལག་ཁང་བརྩིགས ་ཏི་ད་ལྟར་གཙུག་ལག་ཁང་འདི་རྣམ་ཐོས་ཀྱི་སྲས་ཀྱིས་སྲུང་། དེ་ནས་དེའི་འོག་ཏུ་རྒྱུའི་བློན་པོ་ཀ་ཊ་གཱི་དང་། རྒྱལ་པོ་བོ་ཡ་སམ་བྷ་བ་ཞེས་བགྱི་བ་གཉིས་ཀྱིས་དགེ ་བའི་བཤེས་གཉེན་ཨུ་དེན་འདྲ་དྲང་ཅི་དང་། ང་རམ་ནནད་གཉིས་ཀྱི་སླད་དུ།། ཁེ་རྒན་ཙོའི་གཙུག་ཁང་འཇིགས་ཏེ་ལྟར་གཙུག་ལག་ཁང་འདི་རྣམ་ཐོས་ཀྱི་སྲས་ཀྱི ་ཀྱིས་སྲུང་། ཐོག་མ་དགེ་སློང་འཕགས་པ་བེ་རོ་ཙ་ན་ཙ་ར་མའི་ཚུལ་དུ་གཤེགས་པ། ཕྱག་རྫི་ལ་སོགས་པ། མི་འོག་མ་དག་གིས་མཐོང་ནས། རྒྱལ་པོ་བི་ཛ་ཡ་སམ་བྷ ་ལ་བདག་ཅག་གིས་སྔ་ན་མཐོང་བའི་མི་འདི་ལྟ་བུ་ཞིག། ཙར་མའི་ཚལ་ན་མཚོས་ཞེས་གསོལ་པ་དང་། རྒྱལ་པོ་བི་ཛ་ཡ་སམ་བྷཱ་བ་ཡང་དེ་མ་ཐག་ཏུ་ཚར ་མར་མཆིས་ནས། འཕགས་པ་བཻ་རོ་ཙ་ན་མཐོ་ང་བ་དང་། དད་པ་སྐྱེས་ནས་ཕྱག་འཚལ་མཆོད་པ་བགྱིས་ནས། འཕགས་པ་དེས་ཀྱང་རྒྱལ་པོ་བཻ་ཛ་ཡ་སམ་བྷ་དེའི་དགེ ་བའི་བཤེས་གཉེན་བགྱིས་ནས་ལེགས་ཉེས་གཉིས་ཀྱི་འབྲས་བུ་སྟོན་ཏོ།། ཆོས་བཤད་གཤེགས་སྤྱད་བགྱིད་དུ་སྩལ་པ་དང་། རྒྱལ་པོ་དེ་ཡང་ཆོས་ཀྱི་མིག་བྱེ་ནས ་ལྷག་པར་ཡང་དང་བ་སྐྱེས་ནས། རྒྱལ་པོ་སླར་སྐུ་མཁར་དུ་མཆིས་ནས། ཐོག་མ་འཕགས་པ་བཻ་རོ་ཅན་གཤེགས་ནས་བཀའ་མཆིང་སྙན་པ་ཐོས་པའི་སར་མཆོད་རྟེན ་ཆེན་པོ་གཅིག་བཙིགས་ཏེ། མིང་ཡང་སུ་སྟོ་ཉར་བཏགས། སླད་ཀྱིས་མཆོད་རྟེན་དེ་ཡང་ཡུན་རིངས་པས་ཞིག་ནས། དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་བོ་ཧན་ཆེན་པོ་དང་། ་རྒྱ་ཡུལ་ནས་མཆིས་པའི་དགེ་སློང་འབའ་ལ་ཤི་ཞེས་བགྱི་བ་མཆིས་པས། ཙར་མཱི་དགེ་བའི་བཤེས་གཉེན་དུ་སྤྱན་དྲངས་ནས། སུ་སྟོ་ཉའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་རྣམ ་ཐོས་ཀྱི་སྲས་ཀྱིས་སྲུང་།། ། དགེ་སློང་མའི་གཙུག་ལག་ཁང་རྣམས་ཀྱི་གཏན་ཚིགས་དང་། སྔ་ཕྱིའི་གོ་རིམས་ལ། རྒྱལ་པོ་བི་ཛ་ཡ་སིང་ག་ཞེས་བགྱི་བ་ཞིག་ཆུང་ངུ་ནས་རྒྱལ་པོར ་ཞུགས་ཏེ། ཆུངས་པའི་སྐབསུ་བློན་པོ་ཁ་ཅིག་གིས་མངན་ཅན་བགྱིས་ཏེ། རྒྱལ་མོ་དང་། མཆིས་དྲོང་སྲས་དང་། ནང་ཀོར་མ་རྣམས་ངག་དང་མི་རིག་པ་བགྱིས་ནས། སླད་ཀྱིས ་རྒྱལ་པོ་དེ་ཆེན་པོར་གྱུར་ཏེ། སྔར་བློན་པོ་དེ་དག་གིས་ངང་ཅན་བགྱིས་ཤིང་། བརྙས་པ་དེ་དྲན་ནས་ཁོན་པར་གྱུར་ཏེ། སྨད་ཀྱིས་རྒྱལ་པོ་དེས་བློན་པོ་རྣམས་རི་དག ་ཤོར་བལྟར་ཐབས་ཀྱིས་བྲིང་ནས། འུ་ཐེན་གྱི་ཤེལ་ཆབ་གོང་མའི་ཡུལ་བ་རོ་བྱ་ཞེས་བགྱི་བར་བློན་པོ་བདུན་ཅུ་རྩ་ལྔ་བཀུན་ནས། སླད་ཀྱིས་དེར་གཙུག་ལེག་ཁང་གཅིག ་ཀྱང་བརྩིགས། དེ་ནས་སྐུ་མཁར་ཏུ་མཆིས་ནས། རྒྱལ་པོ་མཆིས་པའི་གནས་ན། རྒྱལ་མོ་དང་། སྲས་དང་། ནང་ཀོར་མེ་མཆིས་པའི་ཁང་པ་ཕྱི་སྒོ་བཀུམ་ནས་འདུལ་བཅང ་དེ་བཞིན་དུ་དགུམ་པར་བགྱིས་པ་ལས། རྒྱལ་པོ་དེའི་བཙུན་མོ་འཁོར་དང་བཅས་པ་ཕོངས་ཏེ། ཉམ་ཐག་ནས་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་མཚན ་ནས་བརྗོད་མཆོད་པ་བགྱིས་ཏེ། ལྷ་ཁང་བསྐོར་ངར་མ་བླགས། བསོད་ནམས་ཆེར་བགྱིས་པའི་མཐུས་རྒྱ་གར་ཡུལ་ནས། འཕགས་པ་དགྲ་བཅོམ་མ་ཡ་ཤ་དྲ་ཛྙཱ་དང་། སྥ་ཤུ ་ཏ་དང་། སོང་ཧན་ཏ་ལ་སོགས་ནམས་ལས་ལྡིངས་ཏེ། རྒྱལ་མེ་མོག་ཤ་ཀོ་ཤ་དང་། ས་ལུ་ཙ་ལ་སོགས་པ་འཁོར་མཆིས་པའི་དྲུང་དུ་གཤེགས་ནས། རྒྱལ་མོ་དེ་དག་ལ་ཆོས ་བཤད་དེ་རབ་ཏུ་བྱུང་བ་ལས། དད་པའི་ཤུགས་ཀྱིས་དེ་མོ་ཐག་ཏུ་རྒྱལ་མོ་དེ་དག་གི་འཁོར་ལས་བརྒྱ་རྩ་བཅུ་གཉིས་དགྲ་ཚོམས་པར་གྱུར་ནས། ནམ་མཁའ་ལས་ལྡིངས་ཏེ། ་བསོད་སྙོམས་ལན་ཏུ་གཤེགས་ནས་རྒྱལ་པོ་བི་ཛ་ཡ་སང་ཧས་མཐོང་ནས། དེ་མ་ཐག་ཏུ་གནས་དེར་མཆིས་ཏེ། བལྟས་ན། རྒྱལ་མོ་མོག་ཤ་ཀོ་ཤ་དང་ས་ལུ་ཙ་ལ་སོགས ་བིར་འཁར་རིལ་རབ་ཏུ་བྱུང་སྟེ། ཕལ་ཆེར་དགྲ་ཆོམ་ས་པར་གྱུར་ཏེ། རྫུ་འཕྲུལ་སྣ་ཚོགས་བསྟན་པ་མཐོ་ང་ནས། རྒྱལ་པོ་ཡང་རབ་ཏུ་དགའ་ནས། དང་པའི ་ཤུགས་ཀྱིས་གནས་དེ་ཉིད་དུགཉིད་དུ་གཙུག་ལག་ཁང་བརྩིགས་ཏེ་བྲན་ནིང་དང་། ནོར་ཕྱུགས་ལ་སོགས་པ་མ་ཚོང་པའི་ཡེ་བྱད་མང་པོ་ཙམ་ཞིག་ཕུལ་ནས། གཙུག ་ལག་ཁང་དེའི་མིང་ཡང་ནུའོ་ཉེ་ཞེས་བཏགས་ཏེ། གཙུག་ལག་ཁང་འདི་ཡང་མཉན་ཞིང་བྱིན་ཆེ་བར་བགྱི། ད་ལྟར་ལྷ་བུར་བའི་ལག་པ་ཞེས་བགྱི་བས་སྲུང་།། དེ་ནས ་དེའི་འོག་ཏུ་རྒྱལ་པོ་དོན་འདས་ཀྱི་བཙུན་མོ།། རྒྱ་རྗེའི་སྲས་མོ་ཤོ་རྱ་ཞེས་བགྱི་བའི་ཡུ་མོ།། དགེ་སློང་མ་ཤོའི་འཇའ་ཡ་ཞེས་བགྱི་བས་ངག་ཆོམས་ནས། ནུ་མོ་ཤོ་རྱའི་དགེ ་། བའི་བཤེས་གཉེན་བགྱི་བའི་སླད་དུ། རྒྱལ་ཡུལ་ནས་འུ་ཐེན་དུ་མཆི་བའི་ཕྱིར། ནུ་མོ་རྒྱལ་མོ་ཤོས་རྒྱས་ཡོ་བོ་འཛེའི་གཙུག་ལག་ཁང་བརྩིགས་ཏེ། དེ་ལྟར ་ཀླུའི་རྒྱལ་པོ་ང་ཅི་དང་། ངར་ཅི་གཉིས་སྲུང་།། ། དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་ཤ་སྟའི་ནུ་བེ་ཨ་མ་ཙ་ཟ་རོའི་མཆིས་བྲང་བུ་སུ་ཧ་ཆེ་ཧ་ཞེས་བགྱི་བ།། ཁྱིམ་ཐབ་གུམ ་པ་དང་། བུད་མེད་དེ་ལ་རྒྱལ་པོའི་མཆིད་ནས། བདག་དང་མི་ཕྲད་དུ་མི་རུང་ཞེས་བགྱིས་པ་དང་། བུད་མེད་དེའི་མཆིང་ནས། བདག་དགུང་བདུན་ཞིག་ཁྱིམ་ཐབ་ཀྱི་མདུན་བགྱིད ་ཅིང་སླང་རོལ་དུ་མི་མཆིབར་ཅི་གནང་ཞེས་གསོལ་བ་དང་། རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ནས་ང་མ་ཐག་ཏུ་བུང་མེད་དེ་ཡང་གསོང་སྟེ་རབ་ཏུ་བྱུང་ནས། དགུང་བདུན་པ་སྐྱེ ་བར་དུ་སེམས་རྩེ་གཅིག་སངས་རྒྱས་རྗེསུ་དྲན་པའི་ཏིང་འཛིན་བསྒོམས་ནས། དེ་བཞིན་གཤེ།། གས་པའི་ཞལ་ཡང་མངོན་སུམ་དུ་མཐོང་ནས། དགྲ་ཚེམས་ཏེ ་མིང་ཡང་བུ་ཏ་ནན་ཏར་བཏགས། དེ་ནས་དགུང་འདུན་ལགས་པ་དང་། རྒྱལ་པོས་བུད་མེད་དེ་འགུགས་པ་ཞིག་བཏང་བ་དེའི་མཆིད་ནས། མ་རབ་ཏུ་བྱུང་ཏོ།། འཕགས ་མ་དག་ཚེམས་མར་གྱུར་ནས། ད་ལྟར་འོན་ཀྱང་འབྱུང་ཞིང་མཆི་སོ་ཞེས་བགྱིས་པ་དང་། རྒྱལ་པོ་དེར་མཆིས་ན་འཕགས་མ་དེ་ལ་འོད་ཀྱང་འབྱུང་། རྫུ་འཕྲུལ་སྣ་ཚོགས་བསྟན་པ ་ཡང་མཐོང་ནས། དད་པ་སྐྱེས་ནས་འཕགས་མ་འབུད་ནན་དའི་སླདདུ། ཨེ་རོ་འཛིའི་གཙུག་ལག་ཁང་བརྩིགས་སྟེ། གཞན་ཞིང་བྱིན་ཆེར་བགྱི་ད་ལྟར་ལྷ་དགར་པོའི་དང་ཕྱུག་ཅེས་བྱ་བ་སྲུང་། ་དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡན་ནང་ནས་བགྱི་བ་ཅེག་ནན་གྱི་རྒྱལ་པོ་དུ་མར་བྱ་བའི་མཆིས་དྲང་དང་འཇལ་བའི་བུ་མོ་གཅིག་ཅིག་མཆིས་པ་རབ་ཏུ་བྱུང་ནས། དགྲ་བཅོམ་པར ་གྱུར་པས་བལྟས་ན། བདག་ནི་ལི་རྗེ་བི་ཛ་ཡ་མ་ཏའི་བུ་མེ་ལགས་པར་ཐུགསུ་ཆུད་ནས། འཕགས་མ་འབལ་ལ་དེ་དང་། དགེ་སློང་མ་འཕགས་མ་ཉི་ཤུ་ཤུ་ལེགས་ནས་ན་མཁའ་ལ ་ལྡོངས་ཏེ། ལི་ཡུལ་དུ་གཤེགས་ནས་རྒྱལ་པོ་ཡབ་ལ་ཐོགས་མའི་ལོ་རྒྱུས་ཀྱང་བཤད། རྫུ་འཕྲུལ་རྣམ་པ་སྣ་ཚོགས་ཀྱང་བསྟན་པས། རྒྱལ་པོ་ཡང་དད་པ་སྐྱེས་ནས་བུ་མོ་འབགྲ ་མ་དགྲ་ཚོམས་མ་དར་མ་འབལ་ལའི་སླད་དུ། པོ་ཡིན་དོའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་རྣམ་ཐོ་ས་ཀྱི་སྲས་དང་། ཀླུའི་རྒྱལ་པོ་ཧུ་ལོར་བགྱི་བ་སྲུང་།། ་དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་སང་གྲ་མ་སེང་གེ་ཞེས་བགྱི་བའི་མ། རྒྱལ་མོ་དང་མ་ཞེས་བགྱི་བ་རབ་ཏུ་བྱུང་ནས། བླ་ཙམ་མའི་འབྲས་བུ་ཐོབ་ནས། སྦྲུལ་བུའི་ནང ་དུ་སྒོམ་ཞིང་མཆིས་པ་ལས། ནུབ་མོ་འོད་བྱུང་སྟེ། རྒྱལ་པོས་མཚན་མ་གཟུགས་པའི་ཕྱིར། མངའ་ཅིག་འཕགས་པ་ནང་པར་མངའ་ཚོལ་ཏུ་བཏང་བའི་ས་དེ་ན་རྒྱལ་པོའི་མདང ་མ་ད་ན་བཞུགས་པ་མཐོང་ནས། རྒྱལ་པོ་ཡང་དད་པ་སྐྱེས་ཏེ། མ་འཕགས་མ་དགྲ་བཅོམ་པ་དར་མ་ཞེས་བགྱི་བའི་སླདདུ། རྒྱལ་པོས་འདྲོ་མེ་འཛའ་ཞེས་བགྱི་བའི་གཙུག་ལག་ཁ ་བརྩིགས་ཏེ། ད་ལྟར་ལྷ་སེར་སྐྱས་སྲུང་།། ། དེ་ནས་རྒྱལ་པོ་བི་ཛ་ཡ་སང་གྲ་མའི་ནུ་བོ་བ་སྱ་སཱ་ལག་ཅེས་འགྱི་བ་ཞིག་གིས། རྒྱལ་མོ་དྲུ་གུ་མོ་ཞིག་རབ་ཏུ་བྱུང་ནས་མིང ་།། ཡང་ཨ་ནུ་ཀ་སུམ་ཞེས་བགྱི་བར་བཏགས་ཏེ། དགྲ་ཚོམས་པའི་སླད་དུ་དད་པ་སྐྱེས་ནས། ཧཱ་ཀེ་འཇོ་ཞེས་བགྱི་བའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་གནོད་སྦྱི ་གྱི་སྡེ་དཔོན་ཡང་དག་ཤེས་ཀྱིས་སྲུང་།། །། དེ་ནས་གཙུག་ལག་ཁང་འགུ་ཞན་བརྩིགས་པའི་རྒྱལ་པོ་བི་ཛ་ཡ་སང་གྲ་མའི་མཆིས་དྲང་། རྒྱལ་པོ་ཕྲོམ་ཀེ་སར་གྱི་བུ ་མོའུ་རོང་ཀ་ཞེས་དགྱི་བའི་བུ་མོ་གཉིས་རབ་ཏུ་བྱུང་ན། དགྲ་ཚམས་ཏེ། འཕགས་མ་དེ་གཅིག་གི་མཚན་ནི། ཤི་ལམ་ཏེ་ཞེས་དགྱི། གཅིག་གི་མཚན་ནི་གེའུ་ཤར་ཞེས་བགྱི་སྟེ། ་འཕགས་མ་དེ་གཉིས་ཁ་ཆེ་ཡུལ་ནས། ན་མཁའ་ལྔ་ལྡངས་ཏེ། ནུ་མོ་རྒྱལ་མོའུ་རོང་ཀའི་དགེ་བའི་བཤེས་གཉེན་དུ་གཤེགས་ཏེ། འཕགས་མ་དེ་གཉིས་ཀྱི་སླད་དུ། རྒྱལ་པོ ་ཧོ་ཏྲོན་འཛེའི་གཙུག་ལག་ཁང་བརྩིགས་ཏེ།། དེ་ལྟར་ཀླུའི་རྒྱལ་པོ་ཧུ་ལོར་བགྱི་བ་དང་། གསེར་གྱི་སྐུ་ཞེས་བགྱི་བ་གཉིས་སྲུང་།། ། དེ་ནས་རྒྱལ་པོ་བི་ཛ་ཡ་ཀིར ་ཏིའི་བུ་མོ་བཞི་འཇའ་ཡས། བུ་མོ་འཕགས་པ་དགྲ་བཅོམ་མ་བྱི་ཏ་ཤེ་ཙའི་སླད། བོ་ལོང་འཇོའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས་སྲུང་། ་དེ་ནས་རྒྱལ་པོ་བི་ཛ་ཡ་ཛ་ཡའི་བུ་མོ་གུ་ཟན་གྱི་རྒྱལ་པོའི་མཆིས་བྲང་བགྱིད་པ། བྱི་ནཱ་བྲ་བ་ཞེས་བགྱི་བས། ཕུ་མོ་དགེ་སློང་མ་འཕགས་མ་དགྲ་བཅོམ་པ་བི་ཞ་འཛའ་ཡིའི་སླད་དུ། ་ཨེར་མེ་ནོའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་ལྷ་སེར་སྐྱས་སྲུང་།། ། དེ་ནས་རྒྱལ་པོ་བི་ཛ་ཡ་བལ་ཞེས་བགྱི་བས། སྔ་སླད་དུ་སེན་མང་མོ་ཞིག་བཀུམ་ནས། ་བ་སྐྱེས་ཏེ་བསོད་ནམས་ཕལ་ཆེར་བགྱིས། མཆིས་བྲང་ཡང་ཐར་པར་བཏང་ནས། འཕགས་མ་བཅོམ་མར་གྱུར་པའི་སླད་དང་བ་སྐྱེས་ནས། ཁོ་བོ་ནོ་ནོའི་གཙུག་ལག་ཁང་བརྩིགས་ཏེ། ་ད་ལྟར་རྣམས་ཐོས་ཀྱི་སྲས་ཀྱིས་སྲུང་།། ། དེ་ནས་ལི་རྗེའི་བློན་པོ་ཨ་མ་ཙ་ཁེ་མེག་ཅེས་བགྱི་བ་ཕུ་བོ་སྤུན་གསུམ་གདུགས་གཅིག་ཏུ་བཀུམ་ནས། མ་ཡང་ཐར་པར་ཞུགས་ནས། ་དེ་ཉིད་དུ་ཨ་མ་ཙ་ཁེ་མེག་གིས་གུས་སྡེ་རམའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་ལྷ་ན་མཁའི་སྤྱན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས་ཀྱིས་སྲུང་།། ། དེ་ནས་རྒྱལ་པོ ་ཡ་འཛའ་ཡ་ཞེས་བགྱིབས། ཨོཾ་སྐུའི་རྒྱལ་པོའི་བུ་མོ་མཆིས་བྲང་དུ་བླངས་ཏེ། རྒྱལ་མོ་དེས་དགེ་བའི་བཤེས་གཉེན་འཕགས་མ་དགྲ་བཅོམ་མ་གཞི་མའི་སླད་དུ། ཨོ་སྐེ་ནོའི ་ལག་ཁང་བརྩིགས་ཏེ། ད་ལྟར་ལྷ་ཆེམ་ཞེས་བརྒྱ་བས་སྲུང་།། ། དེ་ནས་རྒྱལ་པོ་བི་ཛ་ཡ་གྲམས་ཀུས་བྱི་ཨོར་ཉོང་ནག་གི་གཙུག་ལག་ཁང་བརྩིགས་ཏེ། ནང་ཀཾ ་མ་མང་ཞིག་ཐར་པར་བཀྱེ་ནས། ད་ལྟར་རྒྱལ་པོ་ཀུན་སྲུང་མ་ལྷ་མོ་གསེར་གྱི་མེ་ཏོག་དང་། ལྷ་མོ་དུང་ཅན་གཉིས་སྲུང་།། །། དེ་ནས་རྒྱལ་པོ་བི་ཛ་ཡ་བ་ལས་ནུ་གུམ་པན་གྱི་རྒྱལ་པོའི ་བུ་མོ་ཤུ་ཏོཀ་ཞེས་བགྱི་ཟླ་མཆིས་དྲང་དུ་བླངས་པོའི་བུ་མོ་དགེ་སློང་མ་དགྲ་བཅོམ་མ་ཨ་ཤོ་ཀོ་ཤི་ལིའི་སྤུ་བེ་ཙེའུ་ནོའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་ལྷོ་ཨ་བ་ལ་དང་། ལྒ ་འཇམ་པ་ཀའི་ཏ་ནས་བགྱི་བ་གཉིས་སྲུང་།། དེ་ནས་རྒྱལ་པོ་བི་ཛ་ཡ་སང་ཧའི་མཆིས་བྲང་ག་འཛག་གོ་རྒྱལ་མོ་ཨ་ལྕོང་འཇར་ཞེས་བགྱི་བའི་བཤེས་གཉེན་དུ་ཤུ་ལིག་ནས། ་། དགེ་སློང་མ་འཕགས་མ་དགྲ་བཅོམ་པ་བདུན་གཤེགས་པའི་སྤང། རྒྱལ་པོའི་ཛ་ཡ་སིང་ཧས་ཁྱེའུ་ཤོ་ནེའི་གདུག་ལག་ཁང་བརྩིགས་ཏེ། ད་ལྟར་ལྷ་སེར་སྨྲས ་སྲུང་།། ། རྒྱལ་པོ་བི་ཛ་ཡ་སང་གྲ་མ། རྒྱལ་མོ་བགྱིད་པའི་ཚེ་ཁ་ཅེ་ཡུལ་ནས། དགེ་སློང་མ་འཕགས་མ་དགྲ་བཅོམ་མ་ཤི་ལ་ཏ་དང་། འགིའུ་ཤུ་རྱ་ཤེས་བགྱི་བ་གཉིས ་ནམ་མཁའ་ལས་ལྡིངས་ཏེ། གཤེགས་ནས། སླད་ཀྱིས་ཁྱིམ་བདག་ན་མོ་བོང་བགྱི་བའི་ཁྱིམི་དྲུང་དུ་ཞུགས་ནས། རྒྱལ་པོ་བཱི་ཡ་སང་གྲཱ་མ་ལ་སྨྲས་པ། རྒྱལ་པོ་ཆེན་པོ ་དོག་ས་འདི་ནི་སྔོན་སངས་རྒྱས་ཤཱཀྱ་ཐུག་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་སྲ་ཤིང་ཞེས་བགྱི་བར་གྱུར་པ་ན། བྲམ་ཟེ་ལ་བུ་མིང ་སྲིང་གཉིས་ཡིན་དུ་ཕུལ་ཏེ། འཕྲིན་ལས་ད། འ་བ་རྣམས་ཅིག་མཛད་པའི་ས་འདི་ལགས་པས།། འདིར་གཙུག་ལག་ཁང་ཅིག་བརྩེགས་པའི་རིག་སོ་ཞེས ་བགྱིས་པ་དང་། ཁྱིམ་བདག་ན་མེ་བོད་ཅེས་བགྱི་བ་དེ་ཡང་། དད་པ་སྐྱེས་ནས་ཁང་ཁྱིམ་དང་སེ་དེ་ཡང་ཡུལ་ནས། རྒྱལ་པོས་ཀྱང་གཙུག་ལག་ཁང་གཅིག་བརྩིགས། ཡོན ་བདག་ལས་ཀྱང་མིང་དྲངས་ནས། གཙུག་ལག་ཁང་གི་མཚན་ཡང་ན་མོང་འབུ་འདོང་ཞེས་བྱ་བར་བཏགས། དེ་ལྟར་ཀླུའི་རྒྱལ་པོ་ཧུ་ལོར་དང་། ལྷ་གསེར་གྱི་སྐྲ་ཞེས་བགྱི་བ་སྲུང་།། ་དེ་ནས་ལི་རྗེའི་བློན་པོ་འདར་ནོ་ཞེས་བགྱི་བ་ཞིག་གིས་ཚོང་འདུས་པར་མར་སྐུ་གཟུགས་ཆེན་པོ་བགྱིས་པ་ལས། སླད་ཀྱིས་ཡང་ལི་བློན་པོ་ཨ་མ་ཙི་བྱ་ནད་ཀྱིས། སྐུ་གཟུག ་ཆེན་པོའི་ལྷ་ཞིག་རལ་དུ་གྱུར་པ་ཡང་གསོས། ཀོང་ཤིང་གི་དགེ་སློང་མའི་སླང་དུ་འངའ་ནོ་ཡོ་ནོའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་རྣམ་ཐོས་ཀྱི་སྲས་ཀྱིས་སྲུང་།། ་འུ་ཐེད་ན་དགེ་འདུན་སྡེ་གཉིས་བཞུགས་པའི་གཙུག་ལག་ཁང་ཆེན་པོར་བརྩེ་བ། སྐུ་མཁར་གྱི་ནང་དང་སླང་རོལ་ན་དྲུག་ཅུ་རྩ་བརྒྱད་བཞུགས། གཙུག་ལག་ཁང་འབྲིང་དུ་འགྱི་ནི ་དགུ་བཅུ་རྩ་ལྔ་ལགས། གཙུག་ལག་ཁང་ཆུང་ངུར་བགྱི་བ་ནི། རྒྱ་བཞི་བཅུ་རྩ་བརྒྱད་བཞུག། སྒོ་སྒོའི་མཆོད་པའི་ལྷ་གང་ཆུང་ངུ་དང་། ཡོན་བདག་མ་མཆིས་པའི་ལྷ་གང་དང་། མཆོད ་རྟེན་ནི་སྐུ་མཁར་གྱི་ནང་དང་། སླང་རོལ་གྱི་ཆར་ཡན་ཅད་ན། སུམ་སྟོང་དྲུག་བརྒྱ་བརྒྱད་ཅུ་རྩ་བརྒྱད་བཅུ་གས། འདྲེན་ན་དགེ་འདུན་སྒོས་འཚོ་ཡན་ཅད་བྱི་ལོ་ལ་བརྩིས ་ན་ཁྲི་ཙམ་ཞིག་བཞུགས། མདོ་ལེ་དང་། མེས་ཀར་ཕྱོགས་ན་གཙུག་ལག་ཁང་ཆེན་པོ་ནི་བཞི་ཞིག་བཞུགས། སྒོ་སྒོའི་ལྷ་གང་དང་། ཡོན་བདག་མ་མཆིས་པའི་ལྷ་གང་ཆུང་ངུ་ནི ་བརྒྱ་ལྷག་ཙམ་བཞུགས། དགེ་འདུན་ཉི་ཤུ་ཙམ་ཞིག་བཞུགས། ཀམ་ཤིང་དང་། ཕ་ཉ་དང་བེ་རྒ་འདྲ་དང་། ཨོཾ་སྐུ་ཡན་ཅད་ཅི་ལ་མན་ཅད། སྐུ་མཁར་གྱི་ནང་དང་། སླང་རོལ་གྱི ་ཚར་ཡན་ཅད་ན་གཙུག་ལག་ཁྲང་ཆེན་པོ་ནི་ཉི་ཤུ་རྩ་གསུམ་བཞུགས། གཙུག་ཁང་འབྲིང་ཉི་ཤུ་རྩ་གཅིག་བཞུགས། གཙུག་ལག་ཁང་ཆུང་ངུ་ནི་ཉི་ཤུ་རྩ་གསུམ་ཙམ ་བཞུགས། སྒྲ་སྐར་མཆོང་བའི་ལྷ་གང་ཆུང་དང་། མཆོད་རྟེན་ཆུ་དྲོ་སྤྱིར་བརྒྱད་སུམ་ཅུ་རྩེ་དགུ་བཞུགས། དགེ་འདུན་སྡེ་གཉིས་ལས་རྐྱེན་པ་དང་། སྤོས་འཚེ་ཡན་ཅང་སྤྱིང ་བཞི་བརྒྱ་སུམ་ཅུ་རྩ་བརྒྱད་བཞུགས།། ཀྱིལ་ཀྱང་མན་ཅང་ཀོ་ཤིང་དང་། དཱུརྱ་ཡན་ཅད་སྐུ་མཁར་གྱི་ནང་དང་། སླད་རོལ་གྱི་ཚར་ཡན་ཅད་ན། གཙུག ་ལག་ཁང་ཆེན་པོ་བཅོ་ལྔ་ཙམ་བཞུགས། སྒོ་སྒོའི་ལྷ་གང་ཆུང་དང་། ཡོན་བདག་མ་མཆིས་པའི་ལྷ་གང་ཆུང་དང་། མཆོད་རྟེན་ཡན་ཅད་བཞུགས། དགེ་འདུན་སྡེ་གཉིས ་ལ་རྐྱེན་པས། སྒོས་འཚོ་ཡན་ཅད་སྤྱིར་དགུ་བརྒྱ་དྲུག་ཅུ་རྩ་གསུམ་བཞུགས། རྒྱལ་ནོ་ས་ནུའི་ཆ་བོ་རྒྱལ་པོ་བི་ཛ་ཡ་སམ་བྷ་ཞེས་བགྱི་བའི་ཚེ། ཐོག་མ་ལི་ཡུལ་དུ ་ཆོས་བྱུང་སྟེ་འརྩིས་ནས། ཁྱིའི་ལོའི་ཤོས་དབར་བའི་སྟོན་ཟླ་ཐ་ཆུང་ཡན་ཅད། དགུང་ལ་སྟོང་ཉི་ས་བརྒྱ་ལྔ་བཅུ་རྩ་དྲུག་ཙམ་པ་ལགས།། རྒྱ་གར་སྐདུ ་