CLOSE WINDOW

L227: dpe'i phreng ba
Wyliee-texts produced with BDRC’s OCR application

རྒྱལ་པོ་མྱ་ངན་མེད་ཤིན་ཏུ་ཁྲོས་པས་རྒྱལ་སྲུངས་མ་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ་བསྲེག་སོ།། རྡོ་འཇོག་པའི་གྲོང་ཁྱེར་བ་རྣམས་ཀྱང་རབ་ཏུ་བཅོ་མོ།། རྒྱ་གར་སྐད་དུ ་དྲི་ཤྩ་ཏ་མཱ་ལ། བོད་སྐད་དུ། དཔེའི་འཕྲེང་བ། འཇམ་དཔལ་གནོན་ནུར་གྱུར་པ་ལ་ཕྱག་འཚའོ།། དང་པོར་སྨྲ་བ་རྣམས་ཀྱི་རབ་མཆོག་སྟོན་པ་དང་། སྲིད་པ་གསུམ་གྱི་འདོད ་ཆགས་རྣམས་འཇོམས་ཆོས་དང་ནི།། ཐམས་ཅད་མཁྱེན་པའི་བ་སྙན་པ་བདུད་རྩིའི་སྣོད་གྱུར་པ། གང་ཟག་མ་ཆོ་ག་བརྒྱད་ཀྱིས་བརྒྱན་དགེ་འདུན་རབ་བཏུང་ཅིང ་འསམ་རྫོགས་རྩིབ་ལོགས་འཚེར་ལ་སོགས་པ་དེ་དང་དེ།། ཐམས་ཅད་ཡོང་སྒྲའི་ཁྱུ་མཆོག་དང་པས་མཆོད་བྱས་ཏེ།། དཔེའི་འཕྲེང་བ་འདི་ནི་བདག་གིས་བཤད་པར་བྱ ་རབ་བློའི་ལེགས་སྦྱར་མ་སྦས་འདི་ན་དེ་བསྟན་གྱིས། ཡོན་ཏན་དང་སྐྱོན་གྱི་མཚན་ཉིད་ཁོང་དུ་ཆུད་པ་ལས།། མཆོད་པར་བྱ་བ་དང་། མཆོད་པར་བྱ་བ་མ་ཡིན་པ་རྟོགས་པར་འགྱུར་རོ།། ་ཡོན་ཏན་དང་སྐྱོན་གྱི་མཚན་ཉིད་ཁོང་དུ་ཆུད་པ་ལ་རབ་ཏུ་འབད་པར་བྱའོ།། དེ་ཡང་འདི་ལྟར་རྗེ་སུ་ཐོས་ཏེ། ཡུལ་གན་དར་ནས་ཚོང་བ་ཁ་ཅིག་ཡུལ་བཅོམ་བརླག་དུ་སོང་བ་དང ་དེ་དེ་ན་མཆོད་རྟེན་རྣམས་ལ་ཡང་དང་ཡང་དུ་ཕྱག་འཚལ་ཞིང་།། དགེ་སྦྱོང་རྣམས་ལ་ཡང་བསྙེན་བཀུར་དང་བཅས་པས་ཕྱག་བྱེད་པར་གྱུར་པ་དང་། དེ་ལ་འདི་ནི་དགེ་བསྙེན་ཡིན། ་སྙམ་དུ་ཤེས་ནས།། བྲམ་ཟེ་རྣམས་ཀྱིས་བཞང་གང་བྱས་པར་གྱུར་ཏོ་ཞེས་གྲགོ།། དེ་ནས་རེ་ཤིག་ཅིག་སོ་གའི་དུས་ཀྱི་ཕྱི་དྲོའི་ཚེ།། བྲམ་ཟེ་ཞིག་ལམ་སྲང་ན་འདུག།། དེར་ཡང་བྲམ་ཟེ ་ཁ་ཅིག་ཁྲུས་བྱས་ཤིང་དྲིས་བྱུགས་པ་དང་། ཟས་ལ་སྤྱད་པས་དབང་པོ་ཚིམ་པ་དང་། གང་གའི་ཕྱོགས་ན་ལག་ན་རྔ་ཡབ་ཐོགས་ཤིང་།། མཆོད་ཕྱིར་དཀར་པོ་ཐོགས་ལ། གཅིག ་ཏུ་ཤས་ཆེར་རྒོད་གཏམ་ལ་རྗེསུ་ཆགས་ཤིང་དགར་བས་ཀུན་ཏུ་འཁོད་པར་གྱུར་པ་དང་། དེ་རྣམས་ཀྱིས་དགེ་བསྙེན་དེ་ལ། བལྟས་ཏེ་རབ་ཏུ་བརྒ་དོ།། བྲམ་ཟེ་གཞན་ཞིག་གིས་ཀྱང ་སྨྲས་པ།། སངས་རྒྱས་ཀྱི་དགེ་བསྙེན་ཁྱོད་ཚུར་ཤོག། སྟན་ཡོདཔ་རེ་འདུག་ཤིག། དེ་དེར་འདུག་པ་དང་བྲམ་ཟེ་ཞིག་གིས་དྲིས་པ། གང་ལྷ་ཆེན་པོ་དང་ཁྱབ་འཇུག་ལ ་སོགས་པའི་ལྷ་རྣམས་སྤངས་ནས། སངས་རྒྱས་ལ་མཆོད་པ་གན་དྷ་བ་རྣམས་ཀྱི་རང་བཞིན་འདི་ཅི་ཞིག་ཡིན།། དེས་བརྒད་སྨྲས་པ། བདག་ཅག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱོགས ་གཅིག་ཤེས་ཀྱི་ལྷ་ཆེན་པོ་ལ་སོགས་པའི་ལྷ་རྣམས་ཀྱི་ཡོན་ཏན་ནི་མི་ཤེས་ཏེ་རྒྱུ་དེས་ན་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་ཡིན། དེས་དེའི་ཚིག་ཐོས་པ་དང་། བྲམ་ཟེ ་ཁ་ཅིག་གིས་སྨྲས་པ། ལེགས་ལྡན་ལྷ་ཆེན་པོའི་ཡོན་ཏན་མི་ཤེས་པ་འདི་ནི་ཁྱོད་གླེན་པ་ཡིན་ཏེ། གང་གི་ཕྱིར་འདི་ནི་ལྷ་མིན་གྲོང་ཁྱེར་མཁའ་ལ་སྒྱུ།། སྐྱེས་པ་བུད་མེད་རྒན་དང་གཞོན ་བཅས་པས།། གཞུ་ཆེན་བླངས་ནས་འབར་བ་མངའ་ཡིས་ནི།། མེ་ཡིས་རྩཝ་བཞིན་སྐད་ཅིག་དག་གིས་བསྲེགས་དགེ་བསྙེན་གྱིས་སྨྲས་པ།། གང་རང་བཞིན་གྱི་འཆི་བའི་ཆོས ་ཅན་གྱི་སྲོག་ཆགས་རྣམས་ལ་གསོད་པའི་ཕྱིར་འབད་པ་དང་། ལྡན་པའི་སེམས་ཅན་གྱི་ཁྱད་པར་འདྲ་བ་ལ་ནི་ཐེ་བོམ་དགའོ།། སུ་ཞིག་ཟིལ་པའི་ཐིགས་པ་ནི།། རྩཝའི་རྩེ་ལ་ཆགས་པ་དག། ངང་གི ་འཇིག་པའི་ཆོས་ཅན་ལ།། གཞིག་པའི་ཕྱིར་ནི་འབད་པར་བྱེད། རེ་ཤིག་གཞན་ཐམས་ཅད་ལྟ་ཞོག། ཅི་ཁྱེད་རྣམས་ཕ་རོལ་ལ། གནོད་པ་བྱེད་པ་ཡོན་ཏན་ཡིན་པར་ཤེས་མ། དེ་ནས་བྲམ་ཟེ ་དག་ཐམས་ཅད་ཀྱིས་དུས་གཅིག་ཏུ་སྨྲས་པ། ལྷ་མ་ཡིན་གསོད་པ་ནི་ཡོན་ཏེ་ན་ཡིན་པར་རབ་ཏུ་ཤེསོ།། དགེ་བསྙེན་གྱིས་དབུགས་ཕྱུང་སྟེ་སྨྲས་པ་ལས་གང་ལ་ནི་དམ་པ་རྣམས།། ངོ་མཚ ་གྱུར་པ་དེ་ཉིད་ལ།། དམ་པ་མིན་པ་དྲེགས་གྱུར་པ། ཀྱེ་མ་འཇིག་རྟེན་ངོ་མཚར་ཆེ་ཞེས་བྱ་བ་ནི། འཇིག་རྟེན་པ་ལེགས་པར་སྨྲས་ཁ་ཡིན།། མདོར་ན་ཡོན་ཏན་སྐྱོན་སོགས་བརྟགས ་ལ་བྱ་བ་དང་། ལྷ་མིན་བསད་པས་རྒྱས་པའི་ཡོན་ཏན་ནི།། རྒྱ་ཆེན་རྗེས་ལ་ཡོན་ཏན་ངེས་དགའ་རྣམས། མཆོད་པའི་འབྲས་བུ་འདོད་པ་ལརྒྱ་ཆེན་ཡིན།། སྐྱོན་རྣམས་ལ་ནི་ཡོན་ཏན་དུ་ཤེས་ཤིང ་སྐྱོན་དང་ལྡན་ལ་དམ་པར་ཤེས་པས་མཆོད།། འབྲས་བུ་རྒྱ་ཆེན་འཐོབ་པར་མི་འགྱུར་གྱི།། ལྟ་བ་ངན་པ་དག་ཀྱང་འཕེལ་བར་འགྱུར།། ཚིག་དེ་བྲམ་ཟེ་རྒད་པོ་ཁ་ཅིག་གིས་ཐོས་པ་དང་།། ཁྲོ་བས ་འབར་བའི་མིག་གིས་དགེ་བ་སྙེན་དེ་ལ་བལྟས་བཞིན་བརྙས་པ་དང་བཅས་པས་ལག་པ་གཡོན་པས་སྟོན་ཅིང་སྨྲས་པ།། གན་དྷ་བ་རྨོངས་པ་རྣམས་དེ་སྐད་མ་སྨྲ་ཤིག། གལ་ཏེ་ལྷ་མ ་ཡིན་བསོད་པ་ལ་དགའ་བའི་ལྷ་ཆེན་པོ་ལ་སོགས་པའི་ལྷ་རྣམས་མཆོད་པར་བྱ་བ་མ་ཡིན་ན།། མཆོད་པར་བྱ་བར་སུ་ཞིག་འགྱུར།། དགེ་བསྙེན་གྱིས་སྨྲས་པ། གང་ཡོན་ཏན་ཡང་དག ་པ་དང་ལྡན་པར་གྱུར་པ་སྟེ།། བྲམ་ཟེ་ཆེན་པོ་ལྟོས་ཤིག། གང་ཞིག་སྟོབས་ལྡན་འཚེ་བ་རྣམས།། གལ་ཏེ་མཆོད་བྱར་དེ་འགྱུར་ན།། དྲེད་དང་གཟིག་དང་སྟག་ལ་ཡང་།། འགྲོ་བ་རྟག་ཏུ ་མཆོད་པར་འགྱུར།། ཡོན་ཏན་སྐྱོན་མཁས་དམ་པ་ནི།། སུ་ཡང་འདི་འདོད་མི་བྱེད་དེ།། དྲེད་ལ་སོགས་པའི་གདུག་པ་རྣམས།། ཡོན་ཏན་མེད་ལ་མཆོད་མི་བྱེད།། མི་འཚེ་ལ་སོགས་ཡོན་ཏན ་ཡིན་དཔའ་ཚེ་སོགས་སྐྱོན་དུ་ཤེས་པར་བྱ།། ཡོན་ཏན་སྐྱོན་རྣམས་མི་ཤེས་པས།། སྐྱོན་ནི་ཡོན་ཏན་དག་ཏུ་ཤེས།། གང་གི་ཤིན་ཏུ་དྲག་པོའི་ལས།། འཇིག་རྟེན་བྱིས་པས་མཐོང་ན་སུ ་མཆོད་པའི་རྒྱལ་མི་མཁས་པས།། དེ་ཉིད་ལ་ནི་མཆོད་བྱར་ཤེས།། གན་དྷ་ར་བ་ནི་ངེས་པར་ཡང་།། སྐྱོན་དང་ཡོན།། ཏན་རྟོག་དང་ལྡན།། དེ་ན་སངས་རྒྱས་བཅོམ ་ལྡན་ལ།། དད་ཀྱི་ལྷ་ཆེན་སོགས་ལ་མིན།། བྲམ་ཟེས་སྨྲས་པས།། ཀྱེ་གན་དཱ་ར་བ་རེ་ཤིག་སངས་རྒྱས་ཞེས་བྱ་བ་འདི་སུ་ཞིག་ཡིན།། དགེ་བསྙེན་གྱིས་སྨྲས་པ། ཤཱཀྱའི་རིགསུ ་ལེགས་འཁྲུངས་པ།། ཀུན་མཁྱེན་ཉེས་པ་ཀུན་ལས་རྒྱལ།། སེམས་ཅན་ཀུན་ལ་ཕན་བཞེད་པ།། དྲང་སྲོང་ཆེན་པོ་སངས་རྒྱས་ཡིན།། བྲམ་ཟེས་སྨྲས་པ། གལ་ཏེ་སངས་རྒྱས་དང ་སྲོང་ཆེན་པོ་ཡིན་པར་ཤེས་མ། གཞན་ལ་གནོད་པ་བྱེད་པ་དེ་མཆོད་པ་བྱ་བ་མ་ཡིན་པར་སྨྲ་བ་འམ། འདི་ན་འཕོ་བ་དང་། མེ་འབར་བ་དང་། རྒྱས་པ་དང་། གནས་འཇོག་དང་། རྒྱུན་ཤེས ་དང་ཕུར་བུ་གསུམ་པ། རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་དམོད་པ་འདེབས་སོ་ཞེས་འཇིག་རྟེན་ན་གྲག་སོ།། གལ་ཏེ་སངས་རྒྱས་དེ ་དྲང་སྲོང་ཆེན་པོར་གྱུར་ན།། ངེས་པར་ངེས་ཀྱང་དམོད་པ་འདེབས་པར་བྱེད་པར་འགྱུར་རོ།། དགེ་བསྙེན་གྱིས་རྣ་བ་བཀག་ནས་སྨྲས་པ། སྡིག་པར་མ་གྱུར་ཅིག། སངས་རྒྱས་བཅོམ ་ལྡན་འདས་ནི་དམོད་པ་འདེབས་པར་མི་མཛད་དོ།། བྲམ་ཟེས་སྨྲས་པ། སྡིག་པ་ཞི་བར་གྱུར་ཅིག་ཅེས་འདིར་ཅིའི་ཕྱིར་སྨྲ།། གལ་ཏེ་སངས་རྒྱས་དམོད་པ་འདེབས་པར་མཛད་ན་ནི།། དེ ་ཡང་དག་པར་འཚེ་བ་ཅན་དུ་འགྱུརརོ།། འོན་ཏེ་སུ་ལ་ཡ་ང་དམོད་པ་མི་འདེབས་ན། སངས་རྒྱས་འདི་ལ་མཐུ་ཅི་ཡང་མེདོ།། དེ་ནས་བྲམ་ཟེ་དེ་རྣམས་ཀྱིས། གཉི་ག་ལྟར་འགལ ་བའི་ཚིག་གན་དྷ་ར་བ་ཁྱད་དུ་བསད་ནས། གསང་མཐོན་པོས་རྒྱད་པར་བརྩམ་སོ།། དགེ་བསྙེན་དང་། མ་ལ་ཐུལ་པ་ཉིད་དང་། སྨྲས་པ། སངས་རྒྱས་བཅོམ་ལྡན ་འདས་མཐུ་ཆེན་པོ་ནི་མངའ་བ་ཡིན་མོད་ཀྱི།། འོན་ཀྱང་དམོད་པའི་རྒྱུ་དང་བྲལ་བས་གང་ལ་ཡང་དམོད་པ་མི་མཛད།། བྲམ་ཟེ་ཆེན་པོ་ལྟོས་ཤིག། ཆགས་ཅན་གང་ལ་ཀུན་ཏུ་ཆགས ་དེ་དང་བྲལ་ན་དེ་ཁྲོས་ཏེ། བྱ་དང་བྱ་མིན་རྣམས་རྨོངས་པས།། ཕྱི་ནས་དམོད་པ་གཏོང་བར་འགྱུར།། དེ་བཞིན་གཤེགས་པ་འདོད་ཆགས་བྲལ།། རྨོངས་པ་དང་བྲལ་ཁྲོ་ལས ་རྒྱ་ཁདང་སེམས་ཅན་ཐམས་ཅད་ཕན་མཛད་ན།། དེ་ནི་དམོད་པ་ཅི་ལྟར་མཛད།། དེ་ནས་བྲམ་ཟེ་དེ་ཡིད་ལ་བཟུང་བའི་རྒྱུ་རྣམས་ཀྱིས་རྗེ་སུ་དཔོག་ཅིང་།། དགེ་བསྙེན་དེ་ལ ་སྨྲས་པ། ཀྱེ་གན་དྷ་ར་ཀ་གལ་ཏེ་སངས་རྒྱས་དམོད་པ་མི་བྱེད་ན། ངེས་པར་ཕན་འདོགས་པར་ཡང་མི་བྱེད།། དམོད་པ་དང་། ཕན་འདོགས་པའི་ནུས་པ་དང་བྲལ་བ་མི་དྲང་སྲོང་ཆེན ་ཟེར་ཡང་མི་འགྱུར་རོ།། དགེ་བསྙེན་གྱིས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་དམོད་པའི་ནུས་པ་མི་མངའ་བ་འདི་ནི་དེ་ལྟར་བདེན་མོད་ཀྱི་འོན་ཀྱང་ཕན་འདོགས་པར་ནི་སྤྱོད ་པ་ཉིད་ཡིན་ཏེ། ཁྱེད་རྣམས་ཡང་ལྟོས་ཤིག། གཞན་གྱི་སྡུག་བསྔལ་ལ་སྔར་བས།། དེ་ནི་དམོད་པ་མི་མཛད་ཀྱིས།། འཇིག་རྟེན་ཕན་འདོགས་བརྩོན་པས་ན།། ཕན་པར་ཡང་ནི་མཛད་པ ་ཡིན་དརྒ་ན་འཆི་བའི་སྡུག་བསྔལ་གྱིས།། རང་གིས་འཇིག་རྟེན་སྡུག་བསྔལ་ན།། རྨ་ལ་ལན་ཚ་ཇི་བཞི་ན་དུ།། མཁས་པ་སུ་ཞིག་དམོད་པ་འདེབས།། དེ་ཡང་བྱམས་པ ་ལ་གནས་ཤིང་།། རྟག་ཏུ་སྙིང་རྗེའི་བདག་ཉིད་ཅན།། དེ་བཞིན་གཤེགས་པ་གསུངས་པ་སིལ་བའི།། ཆུ་ཡིས་འཇིག་རྟེན་དེ་ཡང་དགེ་སློང་དག་ཁྱེད ་རྣམས་ཀྱིས་གང་རྗེས་སུ་བརྩེ་བ་དང་། སྙིང་བརྩེ་བར་བྱའོ་ཞེས་རྒྱ་ཆེར་གསུངས་པའི་ཕྱིར་ཏེ།། སངས་རྒྱས་མཆོག་ལ་སོགས་པའི་ཡོན་ཏན་གྱི་ཕན་ཡོན་གྱི ་མདོ་སྡེ་དག་ལ་ཡང་ཉེ་བར་སྦྱར་བར་བྱའོ།། གུས་པར་བྱ་སྟེ་ཆོས་མཉན་པ་ལ་ཡང་བརྗོད་པར་བྱའོ།། ཡང་ཅི་ཞོག་སྟོན་ཅེ་ན། དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཐོས་པ ་དོན་གཞན་ལ་མངོན་པར་ཞེན་པའི་བྲམ་ཟེ་རྣམས་ཀྱང་བཅོམ་ལྡན་འདས་ལ་མངོན་པར་དད་པར་འགྱུར་ན། སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་རྣ་བ་འཀྲུགས་པ། ་