CLOSE WINDOW

L226: ku na la'i rtogs pa brjod pa
Wyliee-texts produced with BDRC’s OCR application

བོས་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། ཀུན་ལ་ཨ་བ་ད་ན་མ།། བོད་སྐད་དུ། ཀུན་ལའི་རྟོགས་པ་བརྗོད་པ། སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཀུན་ལའི་རྟོགས་པ་བརྗོད་པ་ལ། འདི་ལྟར་རྒྱལ་པོ་ཨ་ཤོ་ཀ་ན་ཚོད་གསུམ་གྱི་ཚད་དུ་གྱུར་པ་ལ། དེ་ན་ཚོད་དང ་པོ་ལ་ནི་འདོད་པའི་ཨ་ཤོ་ཀར་གྱུར་ཏེ། ན་ཚོད་གཉིས་པ་ལ་ནི་གཏུམ་པའི་ཨ་ཤོ་ཀར་གྱུར་ཏེ། གང་གིས་བརྩོནར་བཟང་པོ་བྱས་ནས་སྐྱེ་བོའི་སྲོག་བརླག་པར་གྱུར ་ཏོང་ངན་ཚོད་གསུམ་པ་ལ་ནི་ཆོས་ཀྱི་ཨ་ཤོ་ཀར་གྱུར་ཏེ། གང་གིས་ཆོས་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་གནས་ཤིང་སྤྱན་ཕྱེའོ།། དེ་ནས་ཉི་མ་དེ་ཉིད་ལ་རྒྱལ ་པོ་ཨ་ཤོ་ཀའི་བཙུན་མོ་པདྨ་ཅན་ཞེས་བྱ་བ་ལ་བུ་བཅས་པ་དང་དེ་ལས་བུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། དེའི་མིག་ཤིན་ཏུ་མཛེས་པ་ཞིག་སྐྱེས།། དེ་ནས ་སྐྱེས་བུ་ཉུང་ཆུམ་ཞོག་རྒྱལ་པོའི་ཐང་དུ་སོང་སྟེ་སྨྲས་པ། ལྷ་ཁྱེད་ལ་སྲས་བལྟམ་གྱིས་དགྱེས་པ་བསྐྱེད་དུ་གསོལ།། རྒྱལ་པོས་སྨྲས་པ། དེ་ནི་ང་ཡིས་དཀའ་བ་རྒྱ་ཆེམཐོལ ་དཔའ་བོའི་རིགས་ཀྱི་སྒྲ་ནི་གྲགས་གྱུར་ཅིང་།། ཆོས་ཀྱི་རྒྱལ་སྲིད་རྣམ་པར་འཕེལ་བ་ན།། དུ་སྐྱེས་པས་ན་ཆོས་ནི་རྣམ་འཕེལ་འགྱུར།། དེ་ནས་རྒྱལ་པོ་མྱ་ངན་མེད་དེས་བཅས ་སྟོན་བྱ་བར་བརྩམས་ཏེ། གྲོང་ཁྱེར་བ་ཏ་ལི་པུ་ཏྲ་ཐམས་ཅད་དང་ལྡན་པ། ལེགས་པར་ཆག་ཆག་བཏབ་ཅིང་ཕྱག་པར་བྱས་ཤིང་སྦྱངས་ཏེ། རྡོ་དང་། གསག་མ ་དང་གྱོ་མོ་བསྐུལ་ཅིང་། ཤིང་དང་། སོ་བག་དང་། མི་གཙང་བའི་འངམ་རྫབ་དང་། ཕྱག་དར་གྱི་ཚོགས་མེད་པར་བྱས་ནས་དང་དང་མེ་ཏོག་གི་ཆུན་འཕྱང་བཏགས་ཏེ། ་བདུག་སྤོས་ཀྱི་སྣོད་ལས་སྤོས་བཏུལ་ནས་ཁྱིམ་དང་། བསྲང་བར་དང་། བཞི་མདོ་དང་། སུམ་མདོ་ལ་སོགས་པ་བརྒྱན་པར་བྱས་པ་ནི་འདི་ལྟ་སྟེ། རས་དང་དར་དང་བེའུ་རས ་དང་ང་ལ་དང་། ཟར་མའི་རས་དང་། དུ་གུ་ལའི་རས་དང་། རས་ཡུག་ཆེན་ལ་སོགས་པ་བཏགས་པ་དང་། རྔ་ཡང་དང་། མཛེས་པའི་གདུ་བུ་དང་། དཔུང་རྒྱན ་དང་དོ་གལ་དང་། སེ་མོ་དོ་དང་། མུ་ཏིག་གི་ཆུན་འཕྱང་དང་། དྲིལ་བུ་དང་། ནོར་དུ་ཆུ་ཤེལ་དང་། མེ་ཤེལ་ལ་སོགས་པ་དང་། ནོར་བུ་ཆེན་པོའི ་རྒྱན་བཏགས་པ་དང་། བ་ངན་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒྱན་བསྒྲེང་བ་ཤིང་དང་ཁྱིམ་ལ་བཏགས་པ་དང་། རས་ཀྱི ་བླ་རེ་དང་ཀ་དད་གྱི་བླ་རེས་སྲུང་བས་གྲོང་ཁྱེར་བ་ཏ་ལའི་པུ་ཏ་ཀུན་ནས་དྲི་ཟའི་རྒྱལ་པོའི་གནས་དང་འདྲ་བར་རྣམ་པར་གཞག་པར་གྱུར་ཏོ།། པ་ཏ་ལ་པུ་ཏྲ་དང ་བཏལ་བུ་རྒྱའི་ཉིན་འཁོར་ཇི་སྙེད་པར་སིལ་སྤྱན་རྫི་སྒྲ་སྒྲོགས་པ་རྣམས་རབ་ཏུ་གནས་པ་ནི། འདི་ལྟ་སྟེ་གང་མཁན་དང་། གང་སྨོན་པ་དང་། གཏམ་བརྗོད་པས ་གཞན་དགང་བྱེད་པ་དང་། མཛེས་པ་བྱེད། བ་དང་། གླུ་ལེན་པ་དང་། མིག་འཕྲུལ་མལ། ན་དང་། མཆོང་བ་དང་། བུད་མེད་ཀྱི་ཆ་ལུགས་འགེབས ་པ་དང་། ཁར་སིལ་དཀྲོལ་བ་དང་། རྔ་རྐེང་ཉེ་ག་རྡུང་བ་དང་། བྱིས་པ་ལྔ་ཚོགས་པ་དང་། སྲང་བར་ན་རྩེ་བ་སྟེ། དེ་དག་ཐམས་ཅད་སྡང་དང་། སྲང་བར་དང་། ་བ་ནི་མདོ་དང་། སུམ་མདོད་ཐམས་ཅད་དུ་རང་རང་གི་བྱ་བ་ཐམས་ཅད་ཀྱིས་མཛེས་པར་བྱས་སོ།། གྲོང་ཁྱེར་གྱི་སྒོ་བ་ཞིར་ཡང་སྦྱིན་པ་ནི་གཏོང་། བསོད ་ནམས་ངག་བྱེད་པ་ནི། འདི་ལྟ་སྟེ། ཟས་འདོད་པ་རྣམས་ལ་ནི་ཟས། གོས་འདོང་བ་རྣམས་ལ་ནི་གོས། དྲི་དང་ཕྲེང་བ་དང་བྱུག་པ་འདོད་པ་རྣམས་ལ་ནི་དྲོ་དང་འ ་དབང་བྱུག་པ་དང་། རས་ཟུང་དང་། རས་ཡ་བ་དང་། ཀར་ཤ་པ་ན་འདོད་པ་རྣམས་ལ་ནི། རས་ཟུང་དང་རས་ཡ་བ་དང་ཀར་ཤ་བ་ན་སྦྱིན་པར་བྱེད་པ་དང་། ཀུན་ཏུ་དགའ་བ ་ཚལ་མོ་རྣམས་རྡུང་། སྤྱི་བོ་ལ་ཏོལ་མར་གྱིས་ནི་ཉུག་པར་བྱེད་དོ།། ནགཅིག་ལ་ཇི་ལྟ་བ་དེ་བཞིན་དུ་གསུམ་པ་ནས་བདུན་པ་ནས། ཉིན་ན་ག་ཉི་ཤུ་རྩ་གཅིག་གི་བར་དུ་བརྩ ་སྟོན་རྒྱ་ཆེར་བྱས་ཏེ། པང་ནས་འཚོ་བའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། ནུ་མ་བསྣུན་པའི་མ་མ་གཉིས་དང་། ཆེང་གྲོགས་ཀྱི་མ་མ་གཉིས་མ ་བརྐྱང་ལ་གཏང་ངོ་།། དེ་ལྟར་གཞོན་ནུ་དེ་མ་མ་ཧཱ་རྒྱང་པོ་ཐམས་ཅད་ཀྱིས་རང་གི་བཟོ་ལེགས་པ་རབྱས་པས་ཡོངསུ་བསྐྱངས་ཤིང་། མཁས་པ་དང་ལྡན་པ་རྣམས ་ཀྱིས་འོ་མ་དང་། མར་སར་དང་། ཞོ་དང་། མར་གྱི་སྒོ་ང་བོ་དང་། སྦྲང་རྩིས་སྐྱེད་པར་བྱེད་པར་རྩོམ་པར་གྱུར་ཏོ།། དེ་ནས་རྒྱལ་པོ་ཨོཾ་ཤོ་ཀ་བུ་ལྟ་བར་མངོན་པར་དགའ་བས ་སླས་རྣམས་ལ་གཞོན་ནུ་ཅི་འདྲ་བ་བལྟ་བར་བྱའོ་ཞེས་སྨྲ་སོ།། དེ་ནས་མ་མ་རྣམས་ཀྱིས་རྒྱལ་པོ་ལ་བསྟན་པའི་ཕྱིར་ཁྱེར་བ་དང་། མཐོང་ནས་རྒྱལ་པོས་གཞོན་ནུའི་མང ་ལྟར་གངགས་པར་བྱ་ཞེས་བསམ་པ་དང་། གང་གི་ཕྱིར་ང་འདི་ནི་ཆོས་ལ་རབ་ཏུ་ཞུགས་པ་ན། སྐྱེས་པས་ན་དེའི་ཕྱིར་ཆོས་འཕེལ་བ་ཉིད་མིང་གདགས་པར་བྱའོ་ནས ་སྨྲས་ནས། གནོན་ནུ་རྒྱལ་པོ་ཨ་ཤོ་ཀས་བླང་སོ།། དེ་ནས་རྒྱལ་པོས་གནོན་ནུ་ལ་བལྟས་ཏེ་དགའ་བཞིན་དུ་སྨྲས་པ། ངའི་ཡུལ་མིག་བཟང་ལེགས་སྐྱེས་པ།། ཨུ་པལ་སྔོ་འདྲ ་རབ་ཡངས་རྫི་མ་ཅན།། གང་གིས་བཞིན་རྒྱན་མཛེས་པར་བྱས་པ་ནི།། སྒྲ་གཅན་ཁ་ལས་ཐར་པའི་ཟླ་བ་འདྲ།། ཇི་ཙམ་ན་རྒྱལ་པོས་བློན་པོ་རྣམས ་ལ་སྨྲས་པ། ཁྱེད་རྣམས་ཀྱིས་འགའ་ཞིག་ལ་འདི་ལྟ་བུའི་མིག་ཡོད་པར་མཐོང་ངམ།། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་མ་མཐོང་ལག་སོ།། དེ་ནས་དེ་ན་གནས་པའི ་འཁོར་རྣམས་ལ་ང་སྐད་རྒྱལ་པོས་སྨྲས་པ་དང་། རིའི་རྒྱལ་པོ་ཁ་བ་ཅན་ན་ལོར་བསྟེན་པའི་བྲམ་ཟེ་རྣམས་དེ་ཉིད་དུ་ལྷགས་པ་དང་།། དེ་རྣམས་ལ་རྒྱལ་པོས ་གཞོན་ནུ་བསྟན་ཏེ། ཁྱེད་རྣམས་ཀྱིས་ཀྱང་འགའ་ཞིག་ལ་འདི་ལྟ་བུའི་མིག་ཡོད་པ་མཐོང་ངམ། ལྷ་མིར་གྱུར་པ་རྣམས་ལ་ནི་མ་མཐོང་སྟེ། དེ་ལྟ་མོད་ཀྱི་འོན་ཀྱང ་ལྔ་རིའི་རྒྱལ་པོ་ཁང་ཅན་ན་ཀུན་ལ་ཞེས་པའི་བྱ་དེ་ལ་འ་དེ་ལྟ་བུའི་མིག་མཆི་སོ།། ཡང་སྨྲས་པ། རྀ་རྒྱ་ལ་ཁང་ཅན་ནི་བྲག་གི་རྩ། མེ་ཏོག་མང་ཞིང ་ཆུ་ཟན་རབ་འབབ་པ། དེ་ན་ཀུན་ལ་ཞེས་བྱ་བའི་བྱ། འདིའི་མིག་དང་རྣམ་པར་འདྲ་བ་ཡོད།། དེ་ནས་རྒྱལ་པོ་བྱ་ཀུ་ན་ལ་མྱུར་དུ་ཁྱེར་ལ་ཤོག་ཤིག་ཅེས་སྨྲས་པ་དང ་དེའི་སྟེང་གི་དཔག་ཚད་གཅིག་ཙམ་དུ་གནོད་སྦྱིན་རྣམས་ཀྱིས་ཐོའོ།། འོག་གི་དཔག་ཚད་གཅིག་ཙམ་དུ་ནི་ཀླུ་རྣམས་ཀྱི་ཟས།། དེ་ནས་གནོད་སྦྱིན་གྱིས་སྐད་ཅིག ་དེ་ཉིད་ལ་བྱ་ཀུན་ལ་ཁྱེར་དེ་འོང་སོ།། དེ་ནས་རྒྱལ་པོས་གནོན་ནུ་དང་། ཀུན་ལའི་མིག་ལ་ཤིན་ཏུ་ཡུན་རིང་པོ་མ་བརྟགས་མ་ཅུང་ཟད་ཀྱང་མ་ཏོག་སོ།། དེ་ནས་རྒྱལ་པོས་སྨྲས་པ། ་ཨེ་མའོ་གཞོནུ་དང་། ཀུན་ལའི་མིག་ཤིན་ཏུ་འདྲ་བ་ཡིན་པས་ན་གཞོན་ནུ་ལ་མིང་ཀུན་ལ་ཞེས་གདགས་པར་བྱའོ།། ཡང་སྨྲས་པས་བདག་དེ་ནི་མིག་ལ་རྗེས་དགའ་བས། ་དེ་ཚེ་བུ་ལ་ཀུན་ལ་ཞེས་སྨྲས། དེ་ནས་འཕགས་པའི་སེམས་ཀྱི་རྒྱལ་པོའི་བུ།། དེའི་མིང་ནི་ས་སྟེངས་རབ་ཏུ་གྲགས།། དེ་ནས་རྒྱ་ཆེར་གཞོན་ཆེན་པོར་གྱུར་པའི་བར་དུ་སྟེ། ་དེ་ལ་གསེར་ཕྲེང་ཅན་ཞེས་བྱ་བའི་བུ་མོ་ཆུང་མའི་དོན་ཏུ་བཀུག་ནས་བྱིན་ཏེ། ཕའི་བཟོའི་གནས་དང་ལས་ཀྱི་གནས། འདི་ལྟ་སྟེ། གླང་པོ་ཆེའི་གཉར་ཞོན་པ་དང་། རྟལ་ཞོམ ་དང་ཤིང་རྟའི་ཐབས་དང་། མདའ་གཞུའི་ཐབས་དང་། ལྕགས་ཀྱུས་སྒྱུར་བའི་ཐབས་དང་། མངའ་བོ་ཆེ་འཕེན་པའི་ཐབས་དང་ལྕགས་མངའ་འཕེན་པའི་ཐབས་དང་ཐ ་མདུང་འཕེན་པའི་ཐབས་དང་། མདུན་དུ་བདཱུར་བ་དང་། ཕྱིར་བཌཱུར་བི་དང་བཅད་པ་དང་། དྲལ་བ་དང་། རྒྱང་ནས་ཕོག་པ་དང་། སྒྲ་གྲགས་པར་ཕོག་པ་དང་། གནང་དུ་ཕོག ་པདང་མི་འཆོར་བར་ཕོག་པ་དང་། ཚབས་ཆེ་བ་དང་། དགས་པ་དང་། འཛིན་སྟངས་དང་། གོམས་སྟངས་ལ་བྱང་བར་གྱུར་ཏོ།། རྒྱལ་པོ་ཨ་ཤོ་ཀས་དེའི་དོན་ཏུ་ཁྱིམ་གསུམ་བྱ ་དུ་བཅུག་སྟེ། གཅིག་ནི་རྒྱུན་གྱིའོ།། གཉིས་པ་ནི་སོ་གའིའོ།། གསུམ་པ་ནི་དབྱར་གྱིའོ།། དེ་ལ་རེ་ཤིག་རྐུན་གྱི་ནི་གཅིག་ཏུ་དྲོ་བའོ།། སོ་གའི་ནི་གཅིག་ཏུ་བསིལ་བའོ།། ་དབྱར་གྱི་ནི་གཉི་ག་ཡོད་པ་ཏེ། ཤིན་ཏུ་གྲང་བ་ཡང་མ་ཡིན། ཤིན་ཏུ་དྲོ་བ་ཡང་མ་ཡིན་པའོ།། ཆུང་མ་རྣམ་པ་གསུམ་འཇོག་སྟེ། ཆེ་བ་དང་བར་མ་དང་། ཆུང་བའོ།། དེ་ནས ་གནོན་ནུ་ལྷའི་བུ་མོ་དང་འདྲ་བའི་བུད་མེད་ཀྱི་རབ་མཆོག་དགོད་པ་དང་།། མི་གཟུར་དང་། སྒེག་པ་དང་། གར་དང་། གླུའི་ཉེ་བར་སྤྱོང་པ་ལ་མཁས་པ་རྣམས་དང་། ལྡན་ཅིག། ་ཁང་བཟངས་ཀྱི་སྟེང་གཞིར་གཏོགས་པ་ན། བཙུན་མོ་གསེར་ཕྲེང་ཅན་དང་། ལྷན་ཅིག་དགའ་བ་དང་། རྩེ་བ་དང་། ཡོངསུ་སྤྱོད་པ་ནས་ཇི་སྲིད་དུས་གཞན་ཞིག་ན་རྒྱལ་པོ་ཀུན་ལ་དང ་ལྷན་ཅིག་ཁྱིམ་བྱའི་ཀུན་དགའ་ར་བར་སོང་བ་དང་། དེ་ནས་གནས་བརྟན་གྲགས་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ་དེ་མཐོང་ངོ་།། མཐོང་ནས་ཀྱང་ཀུན་ལའི་མིག་ནི་ཡུན་རིང་པོར ་མི་ཐོགས་པར་འཇིག་པར་འགྱུརརོ།། གྱུར་ནས་དེས་རྒྱལ་པོ་ལ་སྨྲས་རང་པ། ཅིའི་ཕྱིར་གཞོན་ནུའི་ལས་ལ་མ་སྦྱར།། དེ་ནས་རྒྱལ་པོས་ཀུན་ལ་ལ་སྨྲས་པ་ཀུན་ལ་དགེ་འདུན་གྱི་གནས ་བརྟན་ཇི་སྐད་གསུང་བདེ་གྱིས་ཤིག། དེ་ནས་གཞོན་ནུས་གནས་བརྟན་གྱི་རྐང་པ་གཉིས་ལ་བཏུང་དེ་སྨྲས་པ། གནས་རྟེན་ཅི་ཞིག་བཀའ་སྩལ་པ། གནས་བརྟན་གྱིས ་སྨྲས་པ། ཀུན་ལའི་མིག་ནི་མི་རྟག་པའོ་ཞེས་ཡིད་ལ་གྱིས་ཤིག། ཡང་སྨྲས་པ། གང་དུ་འགྲོ་མང་རྗེ་སུ་ཆགས་གྱུར་ནས།། མི་ཕན་ཐོབ་པའི་ལས་རྣམས་བྱེད་པ་མི།། མིག་ནི་རབ་གཡོ་སྡུག ་བསྔལ་སྟོང་ལྡན་པ་ག། རྟག་ཏུ་སོ་སོར་རྟོགས་བྱོས་ཀུན་ནལ།། དེ་དེ་བཞིན་སློབ་པར་བྱེད་པའི་ཡིད་ལ་བྱེད་བ་དང་རབ་ཏུ་ལྡན་ཞིང་གཅིག་པུང་མངོན་པར་དགའ་བ་དང་། རབ་ཏུ་ནི་བ་ལ་མངོན་པར ་དགའ་བར་གྱུར་ཏོ།། དེ་ཡང་རྒྱལ་པོའི་ཕོ་བྲང་གི་གནས་དབེན་པར་འདུག་ཅིང་། མིག་གི་ཉེས་དམིགས་དང་སྐྱེ་མཆེད་མོ་རྟག་པ་ལ་སོགས་པ་ལ་སོགས་པའི་རྣམ་པ་ཡོངསུ་རྟོགས ་པར་བྱེད་དོ།། དེ་ནས་རྒྱལ་སྲུངས་མ་ཞེས་བྱ་བའི་བཙུན་མོ་དམ་པས་ཕྱོགས་དེར་སོང་བ་དང་། དེས་ཀུན་ལ་དེ་གཅིག་པུ་འདུག་པ་མཐོང་ནས། མིག་ལ་རྗེ་སུ་ཆགས་པས་ལུས་ལ་ཀུན་ཏུ ་འབྱུང་དེ་སྨྲས་པ་ཁྱེད་ཀྱི་ལུས་ལས་ངེས་འབབ་པའི། འདོད་ཆགས་མེ་ནི་སྟོབས་ཅན་གྱིས།། ནགས་མེ་སྟོབས་ཅན་གཡོ་བ་ནི།། མང་པོས་རྣམ་པར་སྲེགས་པར་གྱུར། གཞོན ་བདག་དང་ལྷན་ཅིག་ཏུ། དགའ་བ་རྗེ་སུ་མྱོང་བར་བྱ། དེ་ཐོས་པ་དང་། ཀུན་ལས་ལག་པ་གཉིས་ཀྱིས་རྣ་བ་བཀག་ཏེ་སྨྲས་པ། ཁྱེད་ནི་ཚིག་འདི་སྨྲ་བར་མི་རིགས་ཏེ།། བུའི་མ་གཞིན ་ཁྱེད་ནི་བདག་གི་མ།། འདི་ནི་ངན་འགྲོ་ལམ་གྱི་སྒོ་ཡིན་པས།། ཆོས་མིན་འདོད་ཆགས་ཡོངསུ་སྤང་བར་གྱིས།། དེ་ནས་རྒྱལ་སྲུངས་མས་སྨྲས་པ། འདིར་ཉེས་པ་ཅི་ཞིག་མཐོང ་གཞན་ཡང་གཞོན་ནུ་རེ་ཤིག་ཉོན་ཅིག། དཔེར་ན། ཉི་མའི་བཟི། བརྗིད་བསྟེན་པའི་ཚ་བས་གདུངས་ཏེ་ཆུ་ནི་འཐུང་། པ་དང་།། ཇི་ལྟར་ལུས་ནི་ཆུ་ཡིས་ཚིམ་པར་བྱེད ་ཁ་སྡིག་པ་ཡོད་པར་རིགས་མ་ཡིན།། དེ་བཞིན་འདོད་པའི་མེ་ནི་ཆེན་པོས་ལྷག་པར་ཤིན་ཏུ་གདུངས་པར་གྱུར་པ་ན། ལུས་ལ་རེག་པའི་ཆུའི་དགའ་བ་དེ་ལས་ཁྱོད་ལ་ཆོས ་མིན་ཅི་ཞིག་འབྱུང་།། ཀུན་ལས་སྨྲས་པ། ངའི་གྲགས་པར་མི་འགྱུར་མཆོག་ཏུ་བརྙས་ཤིང་ཕྱི་ནས་རྗེ་སུ་འགྱོད་པར་འགྱུར།། ངའི་ཀུན་ཏུ་སྤྱོད་པར་མི་འགྱུར་དེ་བཞིན་རིགས་ཉམས་པ ་ཡང་ཉིད་དུ་འགྱུར།། འཕགས་པ་ཉིད་དུ་མི་འགྱུར་བཀྲེམ་གྱུར་ངན་པར་ཚིག་གིས་གཙང་བར་འགྱུར།། སྨྱོས་པས་འགྱུར་གྱི་གྲགས་པར་མི་འགྱུར་ཆོས་ཀྱང་མི་སྣང་ཉི་འོ།། ་པར་འགྱུར།། རྒྱལ་སྲུངས་མས་སྨྲས་པ། ཀུན་ལ་དེ་ལྟ་ཡིན་མོད་ཀྱི།། གང་འཇིགས་པར་འགྱུར་བ་འདི་འགའ་ཞིག་གིས་མཐོང་ནས་གྲགས་པར་འགྱུར་བ། ་མ་ཡིན་ཏེ། དེ་ཡང་རྣམ་པར་དབེན་ཞིང་མོའི་འདུ་བ་དང་བྲལ་བའི་ཕྱིར་རོ།། ལང་སྨྲས་པ། ཡུ་བུའི་མཐོང་ནས་སྨྲ་བ་ནི།། བུད་མེད་དག་གམ་སླས་རྣམས་ཀྱང་།། གང་ཡང་ཡོད་པ་མ ་ཡིན་ཏེ།། དེ་བས་བདག་གི་ཚིག་ཉོན་ཅིག། འདོད་དང་བཅས་པའི་བུད་མེད་ནི།། དབེན་པར་ཡོངསུ་སྤོང་བྱེད་ན།། དེའི་ཆོས་ཆེན་འཇིག་འགྱུར་ཞིང་།། ཐོས་པ་ལས་གྲགས ་ཐོས་ཙམ་ཅི།། གཟུགས་ཀྱི་རྗེསུ་འཐུན་པའོ།། སྐྱོན་གནས་སྡིག་མེད་མཐོང་ནས་ནི།། དེར་གང་ལེགས་པའི་མདངས་རྣམས་དང་། ད་ཚོད་དང་ནི་འདྲ་བར་གྱིས། ཀུན་ལས ་སྨྲས་པ་གང་ཁྱོད་ཀྱིས་འདི་ན་གནས་ཀྱང་མི་མཐོང་། །། ཞེས་སྨྲས་ན། དེརརེ་ཤིག་ཉོན་ཅིག། འདི། ནི་གཟི་བརྗིད་འབར་བའི་ཤིང་ལ་གནས་པའི་མེ་ལྷས ་བདག་ནི་མཐོང་འགྱུར་ལ།། ཚངས་པས་མཐོང་ཞིང་བརྒྱ་བྱིན་དག་དང་ཆུ་ལྷ་ཟླ་བ་གཤིན་རྗེ་དག་གིས་མཐོང་།། གཞན་ཡང་གཞལ་ཡས་ཁང་པ་མཆོག་ན་གནས་པ ་གཞན་གྱིས་ངེས་པར་མཐོང་འགྱུར་ན།། བྱིས་པ་ཁྱེད་ཀྱིས་བདག་དང་གཉེན་གྱི་སྐྱེ་བོ་མི་མཐོང་རང་ཡང་མཐོང་མ་གྱུར།། མི་ནི་གང་ཞིག་དབེན་པར་མི་འཇུག་བྱེད་ན་དེ་ཅི་མ ་ཡིས་མི་ཚིགས་གམ།། གང་ཞིག་དྲེགས་པས་འབྲས་བུ་དང་ལྟར་གང་ཟག་དེ་ནི་ཉམས་པར་མི་འགྱུར་རམ།། མི་ནི་གང་ཞིག་ཟང་འགྲོ་གདུག་པས་ཟིན་པ་དེ་ནི་གནོད ་པར་མི་འགྱུར་རམ། མི་ནི་གང་ཞིག་དབེན་པར་རྟོགས་པར་སྡིག་བྱེད་གོས་མི་འགྱུར་དེ་མ་སྲོང་ངམ།། དེ་ནས་རྒྱལ་སྲུངས་མས་སྨྲས་པ། གཞོན་ནུ་རེ་ཤིག་ཁྱོད་དེ་ལྟ་བུར་ཞེན། ་པས་གནས་པར་མ་བྱེད་ཅིག། དེ་ཡང་དུས་ཀྱི་སྒོའི་རྫོང་དང་བྱི་དེའི་རིར་ཡང་འདོད་པའི་དོན་ཏུ་རབ་འཇུག་ལ།། འདོད་པའི་རྒྱ་མཚོ་ཆུ་ཡང་རྒལ་ཅིང་མཛའ་བོ་གང་ཡིན་དག། ་ཀྱང་དབྱེ་བ་ཡོད།། འདོད་པའི་ཕྱིར་ནི་བརྟུལ་ཞུགས་ཐལ་བ་ཤིང་གོས་འཆང་པའི་དཀའ་ཐུབ་དེ་དེས་དུབ།། དེ་འདིར་བདེ་བར་ཡང་དག་ཐོབ་པ་འདི་ལ་ཅི་ཕྱིར་ཀུན་ཏུ་ཆགས་མི། ་བྱེད་པ་ཀུན་ལས་སྨྲས་པ། ཁྱེད་ཀྱིས་ང་ནི་ཟིལ་གནོ་ན་མི་འགྱུར་ཏེ།། ལྷའི་བུ་མོ་འདྲ་བའི་བུད་མེད་དག། དེ་ཡང་དམྱལ་བ་སྡུག་བསྔལ་ཡོད་པས་ན།། གཞན་གྱི་བུང ་མེང་ཡོངསུ་སྤྱོང་པ་ཡིན། དེ་ནས་རྒྱལ་སྲུངས་མས་རང་གི་འདོད་པའི་རྣམ་པ་ཐོབ་པར་མ་གྱུར་པས་ཁྲོས་ཏེ་སྨྲས་པ།། ཤིན་ཏུ་འདོད་པས་གདུངས་པར་གྱུར་པ་ན། གལ། ་ཏེ་འདི་ནི་ང་ནི་མི་འདོད་ན།། བློ་ངན་ཁྱོད་ནི་རིང་པོ་མི་ཐོག་པར། དངོས་པོ་ཐམས་ཅད་མེད་པར་འགྱུར་བར་འོང་།། མིག་ནི་གཉིས་པོ་གང་ཡིན་པས།། ཁྱོད་ནི་འདི་ན་དྲེགས་ཐོས་པསྟེ།། མི ་རིག་པར་ནི་དེ་དག་གིས།། རྒུད་པར་གྱུར་ལ་བལྟ་བར་བྱ།། ཀུན་ལས་སྨྲས་པ། ཆོས་ནི་རྣམ་དག་གྱུར་ན་བདག་ནི་མྱུར་དུ་འཆི་བར་གྱུར་ཀྱང་བླ་སྐྱེ་བོ་དམ་པས་བདག་སྨད་གྱུར་པའི ་འཚོ་བ་བདག་ལ་དགོས་མ་ཡིན།། གང་ལས་མཐོ་རིས་དག་དང་ཆོས་འཇིག་འགྱུར་བའི་འཚོ་དེས་ཅི་ཞིག་བྱ།། མཁས་པས་ཟིལ་གྱིས་མནན་པའི་བཀྲེན་འགྱུར་བདག ་ནི་འཆི་བ་ཡིན་མོད།། ཅི་ཙམ་ན་རྒྱལ་སྲུངས་མ་དེ་ཀུན་ལའི་གླགས་སྐབས་ཚོལ་ཞིང་གནས་པར་གྱུར་ཏོ།། དེ་ནས་རྒྱལ་པོ་ཨ་ཤོ་ཀས་བྱང་ཕྱོགས་ཀྱི་གྲོང་ཁྱེར། ་རྡོ་འཇོག་པ་དང་། རྩོད་པར་གྱུར་པ་ཐོས་པ་དང་། རྒྱལ་པོ་རང་ཉིད་ཆས་པར་གྱུར་ཏོ།། དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་གཞོན་ནུ་བརྫང་དུ་གསོལ་དེས་ནི་ཐུལ་བར་འགྱུར་ལ་གསོ ་དེ་ནས་རྒྱལ་པོས་ཀུན་ལ་བོས་ཏེ་སྨྲས་པ། ཀུན་ལ་གྲོང་ཁྱེར་རྡོ་འཇོག་གདུལ་བར་འགྲོ་ནུས་སམ།། ཀུན་ལས་སྨྲས་པ། ལྷ་རབ་ཏུ་མཆི་ལག་སོ།། དེ་ནས་རྒྱལ་པོས་ཡིད་ལ་རབ་དང་། ་བའི་བུ་ཞེས་བྱ་བའི་བསམ་པ་ཤེས་པ་དང་།། བརྩེ་བ་ཕུན་ཚོགས་ན་ཚོད་ལ་རིགས་པའི།། ཆས་པའི་རྐྱེན་ནི་ལུང་དུ་བསྒོ་བར་གྱུར།། དེ་ནས་རྒྱལ་པོ་ཨ་ཤོ་ཀས ་གྲོང་ཁྱེར་བརྒྱན་པ་དང་།། ལམ་མཛེས་པར་བྱས་ཏེ། རྒན་པོ་དང་། ནད་པ་དང་། བཀྲེན་པ་རྣམས་རང་གི་ལེ་མ་ནས་བསལ་ཏེ། གཞོན་ནུ་དང་ལྷན་ཅིག་ཤིང་རྟ་ལ་ཞོན་ཏེ། ་པ་ཏ་ལྀ་པུ་ཏྲ་ནས་བྱུང་ཏེ། བསྐྱལ་ནས་ལྡོག་པ་ན་ཀུ་ན་ལའི་མགུལ་ནས་ཡོངསུ་འཁྱུད་ནས་མིག་ལྟ་ཞིང་ངུས་ཏེ་སྨྲས་པ། འདབ་ཆགས་རབ་མཆོག་ཀུན་ལ་མཚུངས་པའི། ་མིག་ནི་ཡངས་ཤིང་ཨུད་པལ་སྔོན་པོ་དང་།། འདྲ་བ་འདི་ལ་ལྟ་བ་གང་ཡིན་པ།། དེ་ནི་དཔལ་ཡོད་བདེ་ལྡན་རིམ་ནང་བྲལ། ཇི་ཙམ་ན་བྲམ་ཟེ་མཚན་མཁན་ཞིག་གིས་མཐོང་བ ་དང་ཀུན་ལའི་མོག་ཡུན་རིང་པོར་མི་ཐོགས་པར་འཇིག་པར་འགྱུར་ཏེ། རྒྱལ་པོ་ཨ་ཤོ་ཀ་དེའི་མིག་གཉིས་ལ་ཤིན་ཏུ་ཆགས་པ་ལྟས་མཁན་དེས་མཐོང་ནས་སྨྲས་པ། ་མི་དབང་བུའི་མིག་ནི་རྣམ་དག་ལ།། ས་བདག་ཀྱང་ནི་མོག་ལ་རྗེས་ཆགས་པས།། ནམ་དག་དཔལ་ལམ་ཡིད་དང་རྗེས་འཐུན་པ།། རིང་པོ་མི་ཐོགས་འཇིག་པར་འགྱུར་བར་མཐོང་། ཝཱ ་ཡུལ་ལྟ་བུར་རབ་དགའི་གྲོང་ཁྱེར་འདི།། གཞོན་ནུ་མཐོང་བ་ལས་བྱུང་སྐོམ་པ་དག། མོག་དང་བྲལ་ནས་དེ་བཞིན་འདིའི་སེམས།། མྱ་ངན་ངག་གིས་ཡོངསུ་གདུངས་པར་འགྱུར།། ཅི་ཙམ ་ན་ཀུན་ལ་རིམ་གྱིས་གྲོང་ཁྱེར་རྡོ་འཇོག་ཏུ་ཉེ་བར་ཕྱིན་པ་དང་། རྡོ་འཇོག་གི་གྲོང་ཁྱེར་བས་ཐོས་ནས། དཔག་ཚད་ཕྱེ་དང་གསུམ་གྱི་བར་དུ་གྲོང་ཁྱེར་བརྒྱན་པ་དང་། ལམ་མཛེས ་པར་བྱས་ཏེ། བུམ་པ་གང་པ་མར་སར་གྱིས་བརྒྱན་པས་མདུན་བསུ་སོ།། ཡང་བཤད་པ། རྡོ་འཇོག་པའི་གྲོང་པས་ཐོས་ནས་ནི།། རིན་ཆེན་བུམ་པས་གང་པ་ལ་སོགས་པའི། ་མཆོད་པ་ཐོགས་ཏེ་མདུན་དུ་སོང་ནས་ནི།། ས་བདག་ཏེ་ད་ལ་མང་དུ་རྗེད་པར་གྱུར།། མདུན་བསུས་ནས་ཐལ་མོ་སྦྱར་ཏེ་སྨྲས་པ། བདག་ཅག་རྣམས་ནི་གཞོན་ལ་འགལ་བར་བགྱི། ་བ་ཡང་མ་ལགས་ལ། རྒྱལ་པོ་ཨ་ཤོ་ཀ་ལ་ཡང་མ་ལ་གས་མོད་ཀྱི།། འོན་ཀྱང་བློན་པོ་མི་སྲུན་པ་དག་འོངས་ནས་བརྙས་པར་བགྱིས་ལགས་མོད།། ཅི་ཙམ་ན་ཀུན་ལ་བསྙེན ་བཀུར་ཆེན་པོས་གྲོང་ཁྱེར་རྡོ་འཇོག་ཏུ་ཞུགས་པར་གྱུར་ཏོ།། དེ་ནས་རྒྱལ་པོ་ཨ་ཤོ་ཀ་ནང་ཆེན་པོ་ཞིག་བྱུང་བར་གྱུར་ཏོ།། དེའི་ཁ་ནས་ངན་སྐྱུགས་འོང་ཞིང་།། བ་སྤུའི་བུ་ག་ཐམས་ཅད་ནས ་མི་གཙང་བ་འཛག་པར་གྱུར་ཀྱང་གསོ་བར་མ་ནུ་སོ།། དེ་ནས་རྒྱལ་པོས་སྨྲས་པ། ཀུན་ལ་ཁུག་ཤིག། དེ་རྒྱལ་སྲིད་ལ་གཞག་པར་བྱ་སྟེ།། ཁོ་བོ་ཡང་སླར་འཚོ་བས་ཅི་ཞིག་བྱ། དེ་ཐོས་ནས་རྒྱལ ་སྲུངས་མས་བསམས་གགལ་ཏེ་ཀུན་ལ་རྒྱལ་སྲིད་ལ་གནག་མངའི་འཚེབ་མེད་པར་འགྱུ་སྙམ་ནས་དེས་སྨྲས་པ། ལྷ་བདག་གིས་སོས་པར་འགྱི་ལགས་ཀྱིས་འོན་ཀྱང ་སྨན་པ་རྣམས་ནང་དུ་མཆི་བ་དགག་ཏུ་གསོལ།། ཇི་ཙམ་ན་རྒྱལ་པོས་སྙན་པ་རྣམས་འོང་བ་བཀག་པར་གྱུར་ཏོ།། དེ་ནས་རྒྱལ་སྲུངས་མས་སྨན་པ་རྣམས་ལ་སྨྲས་པ། གལ་ཏེ་སྐྱེས་པ་འམ་ཁུད ་མེད་འདི་ལྟ་བུའི་ནད་ཀྱི་ཟིན་པ་ཡོད་ན་དེ་ཁྱེད་རྣམས་ཀྱིས་ངལ་སྟོན་ཅིག། དེ་ནས་རི་ཁྲོད་པ་གཞན་ཞིག་དེ་ལྟ་བུའི་ནད་ཀྱིས་ཟིན་པ་དང་། དེའི་ཆུང་མས་སྨན་པ་ལ་ནད་དེ་སྨྲས་པ་དང་།། སྨན ་པས་སྨྲས་ག། ནང་པ་དེ་ཉིད་འོང་དུ་ཆུག་ཤིག། ནང་བལྟས་ལ་སྨན་པ་སྙན་པར་བྱའོ།། ཅི་ཙམ་ན་དེ་བཀུག་ནས་སྨན་པའི་གམ་དུ་ཕྱིན་པ་དང་། སྨན་པས་རྒྱལ་སྲུངས་མའི་གམ་དུ་ཁྱོའོ།། རྒྱལ ་སྲུ་ས་མས་ཀྱང་ཤིན་ཏུ་དབེན་པའི་ས་ཕྱོག་སུ་དེ་བསད་ནས་བལྟ་པ་། དེ་ཞུ་བའི་གནས་ན་རྒྱུ་བའི་འབྲུ་ཆེན་པོ་ཞིག་ང་སྟེ།། དེ་སྟེང་དུ་འགྲོ་བ་དང་། དེའི་ངན་སྐྱུགས་གྱེན་ཏུ ་འབྱུང་།། གལ་ཏེ་ཐུར་དུ་འགྲོ་ན་ནི་འོག་ཏུ་འབྱུང་།། དེས་དེར་ན་ལེ་ཤམ་བཏགས་ཏེ་བླུགས་ཀྱང་མ་ཤེའོ།། དེ་བཞིན་དུ་པི་བོ་ལོང་དང་། སྲིང་ག་དང་ལན་ཚ་ལ་སོགས་པ་བླུད་པ་ནས་ཇི་ཙམ་ན ་སྒོག་སྐྱ་བླུད་པ་དང་། རེག་པ་ཙམ་གྱིས་ཤི་ནས་བཤང་པའི་ལམ་ནས་བྱུང་།། དེས་དེ་ལྟ་བུའི་རྣམ་པ་རྒྱལ་པོ་ལ་གོ་བར་བྱས་བྱས་ཏེ། ལྷ་སྒོག་སྐྱ་གསོལ་ཅིག། དེ་ནས་ཁྱེད་སོས་པར་འགྱུརརོ།། ་རྒྱལ་པོས་སྨྲས་པ། ལྷ་མོ་ངནི་རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་བ་ཡིན་ན། ཇི་ལྟར་ན་སྒོག་པ་ལ་ཡོངསུ་ལོངས་སྤྱོབ་བཙུན་མོས་སྨྲས་པ། ལྟ་འདི་ནི་སྲོག་གི་དོན་གྱི་སྨན་ཡིན་པས་ཉེ་བར ་སྤྱོད་པར་མཛོད་ཅིག། ཇི་ཙམ་རྒྱལ་པོས་ཡོངསུ་ལོངས་སྤྱད་ནས་འབུ་དེ་ཡང་ཤི་སྟེ། བཤང་བའི་ལམ་ནས་འཐུང་།། རྒྱལ་པོ་སོས་པར་གྱུར་ནས།། དེས་རྒྱལ་སྲུངས་མ་ལ་མཆོག་སྦྱིན ་འར་བརྩམས་ཏེ་ཁྱོད་ལ་མཆོག་ཅི་ཞིག་སྦྱིན་པར་བྱ། དེས་སྨྲས་པ། བདག་ལ་ཞག་བདུན་གྱི་བར་དུ་རྒྱལ་སྲིད་གསོལ་ཅིག། འོ་ན་ཁྲོ་བ་ཅིར་འགྱུར།། བཙུན་མོས་སྨྲས་པ། ཞག་བདུན ་འདས་པ་དང་། ལྷ་ཉིད་རྒྱལ་པོ་མཛོད་ཅིག། ཇི་ཙམ་ན་རྒྱལ་སྲུངས་མ་ལ་ནག་བདུན་གྱི་བར་དུ་རྒྱལ་སྲིད་བྱིན་ནོ།། དེ་བློ་སྐྱེས་པ་དང་། ད་ནི་བདག་གིས་ཀུན་ལ་འཁོན་གཅུགས ་མངོན་དུ་བྱའོ་ཞེས་དེས་རྡོ་འཇོག་པའི་གྲོང་ཁྱེར་པ་རྣམས་ཀྱིས་ཀུན་ལའི་མིག་བརླག་པར་གྱིས་ཤིག་ཅེས་བཅོས་མའི་ཡི་གེ་བྲིས་ཏེ། དེ་ཡང་རྒྱལ་པོ་མྱ་ངན་མེད་ཀྱིས་བཀའ ་སྩལ་པ། ཤིན་ཏུ་དཔའ་ཞིང་རྟོབས་དང་ཕ་རོལ་གནོན་པ་ཐོག། ས་པ་མེད་པའི་རྩལ་གྱིས་རྣམ་པར་གནོན་པ་ཐོབ་པའི་རྒྱལ་པོ་བརྒྱ་མཚོ་བཞི་དང་། སའི་བདག ་བོ་སྤྱི་བོའི་ཅོད་པན་གྱིས་སྟན་དང་། རྐང་པར་ཡོངསུ་གདུགས་པ། མྱ་ངན་དང་བྲལ་བས་མྱ་ངན་མེད་པ། མ་ག་དའི་གྲོང་ཁྱེར་ནས་པ་ཏ་ལའི་པུ་ཏྲ་དང་། རྡོ་འཇོག་ལ་གནས་པའི་བར ་ལ་རྒྱུན་མི་འཆད་པར་དགེ་བའི་ལས་ཀྱི་རྩོམ་པས་ཉེ་བར་འཚོ་བ། སྡེ་ཚོམས་གསུམ་པའི་གྲོང་ཁྱེར་གྱི་སྐས་ལ་གནས་པའི་སྐྱེ་བོ་རྣམས་ལ་ཇི་ལྟར་གྲོང་ཁྱེར་བ་རྣམས ་ཀྱིས་ཤེས་པར་འགྱུར་བ་དེ་ལྟར་ཁོང་དུ་ཆུད་པར་གྱིས་ཤིག་འདིར་ངའི་བུ་ཞེས་གཏགས་པའི་དགྲ་བཅོས་མའི་སྤྱོད་པ་འཇམ་པ་ལ་མཁས་པས་སྦྱར་བའི་རྒྱུའི་བསྒྱིངས་པས། ་ཐལ་མོ་སྦྱར་བ་བྱས་པ། རིགས་ཀྱི་སོལ་བར་གྱུར་པའི་ཀུན་ལ་དེས། ཤིན་ཏུ་བརྩམ་སག་གི་ཚུལ་གྱིས་ཁོ་བོ་ཕེབས་པར་བྱས་ནས་བག་ཕེབས་པས་གནོད་པ། ་བྱེད་ཅིང་། བཙུན་མོའི་འཁོར་ལ་ལྟ་བར་བྱེད་པས།། གང་གི་ཕྱིར་འདི་ནི་མ་གཏུགས་པར་བྱེད་པ། སྙིང་རྗེ་མེད་པ། འཇིག་རྟེན་ཕ་རོལ་སྤངས་པ། པའི་ཆུང་མ་ལ་ཡོངསུ་ལྟ་བས ་དེའི་མོད་ལ་དངོས་པོའི་རྗེ་སུ་ཞུགས་པ། གཟུགས་ཀྱིས་ཁེངས་ཤིང་མའི་ཕྱོགས་ལས་དྲེགས་པས་འཕེལ་བར་བྱེད་པ། རིགས་ཀྱི་ཆོས་ཀྱི་གཞུང་ལུགས་སུན་འབྱིན་པར ་བྱེད་པའི་མིག་གཉིས་མྱུར་དུ་ཕྱུང་ནས་བཀྲེན་པ་ཉིད་དུ་གྱིས་ལ་ཤིན་ཏུ་དངས་པའི་གོས་བཀོན་ཏེ། ཆུང་མ་དང་བཅས་པར་ཕྱི་རོལ་དུ་སྐྲོད་ཅིང་།། གང་གི་མིག་གཉིས ་ཀྱིས་དྲེགས་ཤིང་ཁངས་ཞེས་གྱིས་ལ། དེ་ཡང་སྐྱོ་བོ་རྣམ་ས་ཀྱིས་མཐོང་བར་གྱིས་ཤིག། ལན་གྱི་ཡི་གེ་ཡང་གཏོང་བར་མ་བྱེད་ཅིག། བྱས་པ་མི་གཟོ ་བའི་ཕོངས་པ་ཐོས་པས་ཀྱང་ངའི་སྙིང་འདར་བར་མ་བྱེད་ཅིག། ངས་ཁྱེད་རྣམས་ལ་གཞུང་ལུག་སུ་གཞག་པོའི་ལུང་བསྒོ་བ་འདི་ཁྱེད་རྣམས་ཀྱིས་གྱིས་ཤིག། ཡང་སྨྲས་པ་རྒྱལ། ་བོ་མྱ་ངན་མེད་གཏུམ་སྟོབས་ལྡན་པ་ལི། བཀའ་བཞིན་རྡོ་འཇོག་གྲོང་ཁྱེར་བ་ཡིས་ཀྱིས། རྒྱལ་པོ་ལ་གནོད་ཀུན་ལ་ཞེས་བྱའི། མིག་གཉིས་མྱུར་དུ་དབྱུང་བ་ཉིད་དུ་གྱིས། ་དེ་ལྟར་རྒྱལ་སྲུངས་མ་དེས་ཡི་གེ་བྲིས་ནས། རྒྱལ་པོ་མྱ་ངན་མེད་པའི་བསོའི་རྒྱས་ཡི་གེ་ལ་རྒྱ་གདབ་པར་བྱའོ་སྙམ་ནས། ཛ་ཙམ་ན་རྒྱལ་དྲངས་མས་ཨོཾ་གི་དེ་རྒྱལ་ཟེར ་གཉིད་ལོག་པ་དང་ཁ་སོར་རྒྱས་གང་བ་བར་བྱའོ་སྙམ་སྟེ། རྒྱལ་པོ་དང་ཉེ་བར་སོང་བ་རྒྱལ་པོ་སྐྲག་པས་སང་བར་གྱུར་ཏོ།། ཆུང་མས་སྨྲས་པ་ལྔ་འདི་ཅོ་ཞིག་ལགས། རྒྱལ་པོས། ་སྨྲས་པ། ལྷ་མོ་ངས་རྨི་ལམ་མི་དགེ་བ་མཐོང་སྟེ། བྱ་རྒོད་གཉིས་ཀྱིས་ཀུན་ལའི་མིག་འབྱིན་པར་མཐོང་།། བཙུན་མོས་སྨྲས་པ། གནོ་ནུ་བདེ་བར་གནས་ལགས་ཀྱིས། དེ་བཞིན་དུ། ་རྒྱལ་པོ་སྐྲག་པས་སང་ནས་སྨྲས་པ། ལྷ་མོངས་རྨི་ལམ་ཆིས་སོ།། རྒྱལ་སྲུངས་མས་སྨྲས་པ། རྨི་ལམ་ཇི་ལྟ་བུ། རྒྱལ་པོས་སྨྲས་པ།། ཀུན་ལ་ལ་སྒྲ་དང་། སེན་མོ་རིང་པོ་འཆང་ཞིང་གོས ་དྲི་མ་ཅན་གྱོན་མ་མཐོང་ངོ་།། བཙུན་མོས་སྨྲས་པ། གཞོན་ནུ་བདེ་དབར་གནས་ལགས་ཀྱིས། ཇི་ཙམ་ན་རྒྱལ་པོ་གཉིད་ཀྱིས་ལོག་པ་དང་། རྒྱལ་སྲུངས་མས་ཡི་གེ་དེ་བསེའི ་རྒྱས་བཏབ་ནས་རྡོ་འཇོག་ཏུ་བསྐུར་རོ།། ཡང་རྒྱལ་པོ་གཉིད་ལོག་པ་ན་རང་གི་སོ་ལྷགས་པར་གྱུར་པ་རྨིས་སོ།། ན་ས་རྒྱལ་པོ་མཚན་མོ་དེ་ཉིད་འདས་པ་དང་། ལྟས ་མཁན་རྣམས་བོས་ཏེ། རྨི་ལམ་བཟླས་ནས་འདི་དག་སྟོན་པར་གྱིས་ཤིག་ཅེས་བསྒོའོ།། ལྟས་མཁས་རྣམས་ཀྱིས་སྨྲས་པ། ལྷ་གང་གིས་འདི་ལྟ་བུའི་ལྷས་མཐོང་བ་དེས་ནི ་བུའི་མིག་འཇིག་པར་མཐོང་བར་འགྱུར་རོ།། ཡང་སྨྲས་པ། གང་གི་སོ་ནི་དངས་པ་དང་། རྨི་ལམ་ནང་ན་ལྷགས་པ། བུའི་མིག་འཇིག་པ་དང་། བརླག་པའི་བུ་ནི་དེས་མཐོང་འགྱུར ་དེ་སྐད་ཐོས་པ་དང་། རྒྱལ་པོ་མྱ་ངན་མེད་སྟན་ལས་མྱུར་བར་ལངས་ཏེ། ཕྱོགས་བནིར་ལྷ་རྣམས་ལ་གསོལ་བ་འདེབས་པ་ལ་ཞུགས་པར་གྱུར་ཏོ།། སྨྲས་པ། སངས་རྒྱས་ཆོས་དང་། ་ཚོགས་ཀྱི་གཙོར་གྱུར་པའི། དགེ་འདུན་མངོན་དང་ལྡ་ནི་གང་ཡིན་དང་།། གང་ཡང་འཇིག་རྟེན་དྲང་སྲོང་དཀའ་ཐུབ་མཆོག། ཁང་གི་བུ་སྡུག་ཡོངས་ལས ་བསྲུང་བར་མཛོད།། ཡི་གེ་དེ་ཡང་རིམ་གྱིས་རྡོ་འཇོག་དུ་ཕྱིན་ཏོ།། དེ་ནས་རྡོ་འཇོག་པའི་གྲོང་ཁྱེར་བ་རྣམས་ཀྱི་ཡི་གེ་དེ་མཐོང་ནས་ཀུ་ན་ལའི་ཡོན་ཏན་རྒྱ་ཆེན་པོས་ཡོངསུ་མགུ་བས་མི་དགའ ་བ་དེས་བརྡའ་སྤྱོད་པར་མ་ནུས་ཏེ། ཡུན་རིང་པོར་རྣམ་པར་དཔྱད་ནས་རྒྱལ་པོ་གཏུམ་པོ་དང་ཚུལ་ངན་པ་བུ་ལ་ཡང་བཟོད་པར་མི་བྱེད་ན། བདག་ཅག་རྣམས་ལ་བཟོད་པར ་ལྟ་ག་ལ་བྱེད། ཡང་སྨྲས་པ། ཐུབ་པའི་ཚུལ་ངན་དུབ་པ་དང་། འབྱུང་པོ་ཀུན་ལ་ཕན་འདོད་པའི།། ཀུན་ལ་ལའང་སྡང་བྱེད་ན།། བདག་ཅག་རྣམས་ལ་ཅིས་མི་འབྱུང་།། ཅི་ཙམ ་མ་གྲོང་ཁྱེར་བའི་སྐྱེ་བོ་དེ་རྣམས་ཀྱིས་ཡི་གེ་དེ་གན་ནུལ་བསྟན་ཏོ།། དེ་ནས་གཞོ་ནུས་པའི་ཡི་གེ་སྤྱི་ངོས་བླངས་ཏེ་ཡི་གེ་བ་ལ་སྨྲས་པ། ཡི་གེ་པ་ཁྱེད་ཀྱིས ་རྒྱལ་པོས་འདི་ཅི་ཞིག་བྱས་པ་ཡི་གེ་གྲོགས་ཤིག། རྒྱལ་པོ་མྱ་ངན་མེད་རང་ཉིད་ཀྱིས་བྲིས་སོ།། ཞེས་བྱ་བའི་བར་དུའོ།། དེ་ནས་ཡི་གེ་གླགས་པ་དང་། མིག་མཆི་མ་དང ་བཅས་པར་གྱུར་ཅིང་ཀུན་ཏུ་རྨོངས་པར་གྱུར་པས།། ལག་པ་ལས་ཡི་གེ་ལྷུང་བར་གྱུར་ཏེ།། ཡི་གེ་པ་གཉིས་པས་བླངས་པ་དང་། དེ་ཡང་ཀུན་ཏུ་རྨོངས་པར་གྱུར་ནས་དེ ་བཞིན་དུ་ལག་པ་ལས་ལྟུང་བར་གྱུར་ཏོ།། དེ་བཞིན་དུ་ཡི་གེ་པ་མང་ངོས་བླངས་ཏེ། ཡི་གེའི་དོན་ཐོས་པ་དང་། ཀུན་ལའི་ཡོན་ཏན་དྲན་པས་ཀྱི་ཧུང་འདི་ཅི་ཞིག་ཡིན་ཞེས་རྣམ ་བར་སེམས་ཤིང་ཡི་གེ་ལྷུང་བར་གྱུར་ཏོ།། དེ་ནས་གཞོན་ནུ་དེ་རྣམས་ཀྱི་སྦྱོར་བ་དེ་མཐོང་ནས་སྨྲས་པ། རི་དྭགས་གཞོན་ནུའི་མིག་འདྲ་ཞིང་།། བཞིན་ནི་པདྨའི་འདབ་འདྲ་བ། ་པདྨ་ཞེས་བྱ་སྙན་སྨྲ་བའི།། ངའི་མའི་དུས་ནི་མ་བྱས་སམ།། ལྷའི་མཐོང་ན་དགའ་བ་ཡི།། རྒྱལ་སྲུངས་མ་ཞེས་བྱ་བ་དེ།། གང་ཞིག་མྱ་ངན་ནད་ཀྱིས་ནི།། དེ་ནི་དུས་བྱས་མ ་གྱུར་ཏམ།། མིག་བཟང་འཇིག་རྟེན་གྲགས་པར་གསལ་བར་ནི།། གྲོང་ཁྱེར་མཆོག་གི་བདེ་འབྱོར་མཐོང་ནས་ནི།། ཇི་ལྟར་མཆི་མས་མིག་ཁེབས་འཁྲུགས་པ་དང་། ་སྐྱེ་བོའི་ངུ་སྒྲ་འདྲ་བ་འདི་ཙ་ཡིན།། དེ་བས་ན་རེ་ཤི་ག་ཡི་གེ་ཁྱེར་ལ་ཤོག་དང་།། འདིར་ཅི་ཞིག་བྲིས་པ་ང་ཉིད་ཀྱིས་ཀླག་པར་བྱའོ་ཞེས་གཞོན་ནུ་རང་ཉིད་ཡི་གེ་ཀློག་པ ་ལ་ཞུགས་པར་གྱུར་པ་དང་། རྒྱལ་པོ་ཨ་ཤོ་ཀ་རང་ཉིད་ཀྱིས་བྲིས་སོ་ཞེས་བྱ་བའི་བར་དུ་རྒྱས་པ་ར་རོ།། དེ་ནས་གཞོན་ནུས་ཡི་གེ་བཀླགས་ནས་གནས་བརྟན ་གྲགས་པས་སྨྲས་པ། མངོན་ཏུ་གྱུར་པར་བྱས་ཏེ། གནས་བརྟན་གྲགས་པས་མིག་ནི་མི་རྟག་པའོ་ཞེས་ལེགས་པར་གསུང་སོ།། དེ་ནས་གཞོན་ནུས་སྨྲས་པ། ཁྱེད་རྣམས ་ལ་འགའ་ཞིག་གིས་བག་ཕེབས་པ་ཉིད་ཀྱིས་མག་འབྱིན་པར་སྤྲོའམ།། དེ་ནི་བྱ་དགོས་སོ།། དེ་རྣམས་འགའ་ཡང་སྤྲོ་བར་མ་གྱུར་ཏོ།། ཇི་ཙམ་ན་རིགས་ངན་རྣམས་བཀུག ་ནས་ཀུན་ལའི་མིག་ཕྱུང་ཤིག་ཅེས་སྨྲས་པ་དང་། དེ་རྣམས་ཀྱིས་ཐལ་མོ་སྦྱར་ཏེ་སྨྲས་པ། བདག་ཅག་རྣམས་ཀྱིས་རྔོ་མི་ཐོག་སྟེ། དེ་ཅིའི་ཕྱིར་ཞེ་ན།། གང་ཞིག་ཟླ ་བའི་མདངས་ལྡན་པ། བཞིན་ལས་འབྱིན་པར་བྱེད་པའི་མི།། དེ་ནི་ཟླ་བ་འདྲའི་ཞལ་ལས་ནི།། ཁྱེད་ཀྱི་སྤྱན་ནི་འབྱིན་པར་བགྱིད།། དེ་ནས་གཞོན་ནུས་རྡོ་འཇོག ་པའི་གྲོང་ཁྱེར་པ་རྣམས་ལ་གང་བསོད་ནམས་འདོད་པ་དེ་ཆོས་ཀྱི་རྒྱལ་པོ་ཅན་དུ་ཤོག་ཤིག་ཅེས་དྲིལ་བསྒྲག་སོ།། ཇི་ཙམ་ན་ཆོས་ཀྱི་རྒྱལ་པོ་ཅན་དུ་མར་མའི་ཕྲེང་བ་བྱས ་ནས་ཉི་མ་གཉིས་པ་ལ་དགེ་སློང་རྣམས་བཟའ་བ་དང་བཅའ་བས་བསྙེན་བཀུར་བྱ་བ་དང་། མེ་ཏོག་གི་གདུགས་བཏགས་པར་བྱསོ།། དེ་ལྟར་བྱས་ནས་ཆོས་ཀྱི་རྒྱལ ་བོའི་གནས་ནས་བྱུང་སྟེ། སྐྱེ་བོའི་ཚོགས་ཆེན་བོས་བསྐོར་ནས་རྡོ་ལེབ་གཞན་པ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། དེར་འདུག་སྟེ་གསེར་གྱི་སྒོམ་བླ་ངས་ནས ་སྨྲས་པ། གང་ཞིག་སྤྲོ་བ་དེས་གསེར་གྱི་སྒྲོམ་འདི་ལོང་ལ་ངའི་མིག་འདི་ཕྱུང་ཤིག་ཅེས་སྨྲས་ཀྱང་ཐམས་ཅད་དུ་འགའ་ཡང་སྤྲོ་བར་མ་གྱུར་ཏོ།། ཅི་ཙམ ་ན་རྒྱལ་པོ་མྱ་ངན་མེད་ཀྱིས་རྨི་ལམ་དུ་སྐྱེས་བུ་སྤྱི་ཅེར་མིག་སེར་བ་གཉིས་ཀྱིས། གཞོན་ནུའི་མིག་འབྱིན་པ་བྱེད་པར་མཐོང་བ་ཅི་འདྲ་བ་དེ་ལྟ་བུ་ཉིད་རིང་པོ་ཁོ་ནས་འོངས་པ་གཞོན་ནུས ་མཐོང་ནས་སྨྲས་པ། ཀྱེ་གྲོང་ཁྱེར་པ་རྣམས་སྐྱེས་བུ་འོང་བ་འདི་དག་གིས་ངའི་མིག་དབྱུང་བར་བྱའོ།། གཞོན་ནུས་སྐྱེས་བུ་དེ་གཉིས་ལ་བོས་ཏེ་བྲིས་པ། ཁྱེད་ཀྱིས་ངའི ་མིག་འབྱིན་པར་སྔོའམ། སྐྱེས་བུ་གཉིས་ཀྱིས་སྨྲས་པ། གལ་ཏེ་ཁྱེད་དགའ་ན་མགོ་བོ་ཡང་དགས་པར་ནུས་ན། ཆུའི་ཆུ་བུར་ལྟ་བུའི་མིག་གཉིས་ལྷ་མོས་ཀྱང་ཅི་དགོས།། ་ནས་གཞོན་ནུ་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་བ་བྱས་ནས་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ལ་བཟོད་པ་ལ་ཞུགས་པར་གྱུར་ཏོ།། བདག་ནི་བྱིས་པར་གྱུར་པས་གང ་བྱས་དང་།། དབང་ཆེར་གྱུར་པ་འོན་ཏེ་མི་རིགས་བྱས།། དེ་ནི་དཔལ་ཉམས་ཤིན་ཏུ་སྡུག་བསྔལ་བ།། བདག་ལ་བརྩེ་བས་བཟོད་པར་བྱ་བའི་རོགས།། གཞན་ཡང་གཟུགས་རྣམས ་མཐོང་བར་གྱུར་པ་འང་།། ཐ་མ་དག་ཏུ་གྱུར་པའོ།། གཞོན་ནུ་ཀུན་ལ་ལ་ནི།། གནོད་བྱས་གང་ཡིན་བཟོད་པར་གྱིས།། དེའི་ཚེ་གཞོན་ནུས་གནས་བརྟན་གྱི་ཚིག་མངོན་སུམ་དུ ་བྱས་ནས།། དེ་རྗེ་སུ་དྲན་བཞིན་དུ་སྨྲས་པ།། རྒུད་པ་འདི་ནི་མཁྱེན་ན་སུ།། མིག་གི་བདག་ཉིད་ཀུན་ལ།། མི་རྟག་ཡང་དག་ལྟོས་ཤིག་ཅེས།། དེ་ཉིད་སྨྲ་བ་དེ་ཡིས་གསུངས།། དེ ་ནི་བདག་གི་དགེ་བའི་བཤེས།། དོན་འདོན་ཕན་པར་བཞེད་པ་ཡིན།། གང་ཞིག་ཆོས་འདི་སྟོན་པ་ནི།། ཕོངས་ལ་བརྟན་པར་བྱེད་པ་ཡིན།། མི་རྟག་འགྱུར་བས་དེ་ནི་རྟག ་མིན་པར།། བླ་མས་བསྟན་པ་ཁྱེད་ཀྱིས་ཡིད་ལ་གྱིས།། དངོས་པོ་འདི་དག་རང་བཞིན་གཡོ་བས་ན། དང་ཁྱོད་གནོད་ལའང་ང་མི་འཇིགས།། ཇི་ལྟར་ས་བདག་གནོད་པ ་ལྟར་ཁྱེད་ཀྱིས་མིག་ནི་འབྱུང་བར་གྱིས།། མི་རྟག་སོགས་ཀྱིས་ཟག་མེད་པའི།། སྙིང་པོའི་མིག་ནི་ང་ལེན་ཏོ།། དེ་ནས་ཀུན་ལས་སྐྱེས་བུ་དེ་ལ་སྨྲས་པ་ཀྱེ་སྐྱེས་བུ་དེས་ན་ངའི ་མིག་ཕྱུང་ལ་ངའི་ལག་ཏུ་བྱིན་ཅིག། ཇི་ཙམ་ན་སྐྱེས་བུ་དེས་ཀུན་ལའི་མིག་འབྱིན་པར་བརྩམ་སོ།། དེ་ནས་སྲོག་ཆགས་བརྒྱ་སྟོང་ཆོངས་འདེབས་པ་ལ་ཞུགས་ཏེ། ཀྱི་ཧུང ་སྡུག་བསྔལ་ལོ།། དྲི་མེད་གཟེར་ལྡན་ཟླ་བ་འདི།། ན་མཁའ་ལས་ནི་ལྟུང་བར་གྱུར།། པདྨ་དཀར་པོའི་ནགས་ལས་ཀྱང་།། དཔལ་གྱི་པདྨ་འབྱིན་པར་བྱེད།། དེ་ནས ་སྲོག་ཆགས་བརྒྱ་སྟོང་དུ་བཞིན་དུ་དེས་ཀུན་ལའི་མིག་གཅིག་ཕྱུང་སྟེ་ལག་ཏུ་བྱིན།། དེ་ནས་གཞོན་ནུས་མིག་དེ་བླངས་ཏེ།། ཡོངསུ་བསྒོ་བས་སྨྲས་པ།། འབྱུང་བ་ཆེན ་པོའི་མཐུ་དང་ནི།། ལས་ཀྱི་རྒྱུ་ལས་འདི་བྱུང་སྟེ།། སྲོག་མེད་འཚོ་བ་མེད་སྟོང་པ།། མིའི་སྲོག་གིས་རྣམ་སྤངས་པའོ།། ཇི་ལྟར་སྔོན་ཆད་ཤའི་གོང་བུ་ཁྱོད།། བྱེད་བཞིན ་དེང་ནི་གཟུགས་ལ་ཅིས་མི་ལྟ།། མི་མཁས་ཁྱོད་ལ་བདག་ཏུ་གནས་བྱེད་པ།། དེ་སྡུས་དེ་ན་སྨྲས་པར་བྱ་བ་ཡིན།། དབུ་བ་འདྲ་ཞིང་ཆུ་བུར་དག་མང་མཚུ ་ཤིན་ཏུ་ཉམས་ཆུང་གནོད་བྱེད་རང་དངང་མེད།། དེ་ལྟར་མ། ཐོང་བ་རྟག་ཏུ་དྲེགས་མེད་ཅིང་།། དེ་ནི་སླར་ཡ་དང་སྡུག་བསྔལ་མཐོང་མ་འགྱུར།། དེ་ལྟར ་རྣམ་པར་བསམས་པ་དང་། དེས་དངོས་པོ་ཐམས་ཅད་ལ་མི་རྟག་པ་ཉིད་དུ་མཐོང་ཞིང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་པར་སྐྱེ་བོའི་ཚོགས། ་རྣམས་ཀྱིས་ཀྱང་ཤེས་སོ།། དེ་ནས་གནོན་ནུས་བདེན་པ་མཐོང་བ་དང་། སྐྱེས་བུ་དེ་ལ་སྨྲས་པ། བག་ཕེབས་པས་ཇི་ལྟར་མངོན་པར་འདོད་པར་མི་ག་གཉིས་པ ་ཡང་ཕྱུང་ཤིག། ཇི་ཙམ་ན་སྐྱེས་བུ་དེ་མིག་ནི་གཉིས་པ་ཡང་ཕྱུང་ནས་ཀུན་ལའི་ལག་ཏུ་བྱིན་ནོ།། དེ་ནས་ཀུན་ལའི་ཤའི་མིག་ཕྱུང་བ་དང་། ཆོས་ཀྱི་མིག ་རྣམ་པར་དག་པས་སྨྲས་པ། བ་གའི་མིག་བྱུང་ཡང་། འོན་ཀྱང་ཤིན་ཏུ་རྙེད་དཀར་འདི།། ཤེས་རབ་མིག་ནི་རྣམ་དག་པས།། མ་སྨད་པ་ནི་ང་ཡིས་ཐོག། ་རྒྱལ་པོས་རང་གི་མིག་གི་ནི།། བཏགས་པ་སྤང་བར་གྱུར་ཀྱང་ནི།། ཆོས་ཀྱི་རྒྱལ་པོའི་སྲས་གྱུར་པ།། བདག་ཉིད་ཆེན་པོ་ཐོབ་པར་གྱུར།། དབང་ཕྱུག་ལས་ནི ་ཉམས་གྱུར་ཀྱང་།། མྱ་ངན་སྡུག་བསྔལ་རྣམས་སྤངས་པས།། སྡུག་བསྔལ་མྱ་ངན་རྣམ་འཇིག་པའི།། ཆོས་ཀྱི་དབང་ཕྱུག་ཐོབ་པར་གྱུར།། དེ་ནས་ཀུན་ལའི་མིག ་ཕྱུང་བ་མཐོང་བ་དང་།། སྐྱེ་བའི་ཚོགས་ཆེན་པོས་འགྲིན་གཅི་དག་ཏུ་སྨྲེ་སྡུག་འདོན་ཅིང་། ལ་ལ་ནི་གོས་དང་རྒྱ་ན་རྣམས་གཅོད་པར་བྱེད།། ལ་ལ་ནི་ས་ལ ་འགྲོ་ཞིང་ལྡོག་པར་བྱེད། ལ་ལ་ནི་དབྱིག་པ་དང་། ཏུམ་ཤིང་ལག་ན་ཐོགས་ཏེ་སྐྱེས་བུ་གཉིས་པ་དེ་བརླག་པའི་ཕྱིར་བརྩོན་པར་བྱེད་དོ།། ་གཞན་དག་ནི་རྒྱལ་པོ་ལ་ཡོངསུ་སྟོང་ཏོ། ཀྱེ་མའོ་རྒྱལ་པོ་ཁྲོ་བོའི་སྟོབས་ཅན།། ཀྱེ་མའོ་རྒྱལ་པོ་ཤེས་རབ་ཞན་པ།། ཀྱེ་མའོ་རྒྱལ་པོ་དབང་ཕྱུག ་གིས་དྲེགས་པ་གང་ན་བུ་གཅིག་པར་གྱུར་པ་ལ་ཡང་གནས་སྐབས་འདི་ལྟ་བུར་བྱེད་ཅེས་དེ་ལྟ་བུའི་ཚུལ་རྣམས་མང་པོར་སྣ་བཞིན་དུ། གྲོང་ཁྱེར་དུ་ཞུགས ་པར་གྱུར་ཏོ།། ཅི་ཙམ་དུ་ཀུན་ལས་འདི་ནི་རྒྱལ་པོ་མྱ་ངན་མེད་ཀྱི་བཀའ་མ་ཡིན་གྱི།། གཞན་དུ་སྦྱོར་བ་འདི་ནི་རྒྱལ་སྲུངས་མ་ཡིན་ནོ་ཞེས་ཐོས་སོ།། ཐོས་ནས། ་ཡང་སྨྲས་པ། གང་གིས་སྦྱོར་བ་འདི་ནི་བསྐུར་བ་ཡིས།། གང་ཞིག་མྱོང་ནས་རང་དོན་བྱས་གྱུར་པའི།། རྒྱལ་པོ་ཞེས་པ་ཡུན་རིང་བདེར་གྱུར་ཅིང་།། ་ལྷ་མོའི་ཚེ་དང་སྟོབས་ནི་བསྐྱངས་པར་ཤོག། དེ་ནས་གསེར་འཕྲེང་ཅན་ཀུན་ལའི་མིག་ཕྱུང་ཞེས་ཐོས་སོ།། ཐོས་ནས་ཀྱང་ཁྱོ་ལ་བརྩེ་བས་ཀུན་ལའི་ཐད་དུ་སོང་སྟེ། ་འཁོར་རྣམས་བསལ་ནས།། ཀུན་ལའི་མིག་ཕྱུང་བ་ལུས་ལ་ཁྲག་གིས་གང་བ་མཐོང་བ་དང་། བརྒྱལ་ཏེ་ས་ལ་འགྱེལ་བར་གྱུར་ཏོ།། དེ་ཅི་ཙམ་ན་ཆུས་གཏོར ་བསླང་ངོ་།། དེ་ནས་ཅི་ཞིག་ལྟར་འདུ་ཤེས་རྙེད་པ་དང་། ང་རོ་དང་བཅས་པར་རབ་ཏུ་ངུ་ཞིང་སྨྲས་པ། ཁྱེད་ཀྱི་མིག་ནི་ཡིད་དུ་འོང་བ་དང་། ང་ཡིས ་བལྟས་ན་ཤིན་ཏུ་དགར་གྱུར་པ།། དེ་ནི་དེ་ལྟར་བལྟ་ས་ན་འཇིགས་སྐྱེད་ཅིང་།། སེམས་ཀྱི་མྱ་ངན་མ་ལུས་འབྱིན་པར་བྱེད།། དེ་ནས། ་ཀུན་ལས་ཆུང་མ་ལ་རྗེས་སུ་བརྩེ་བས་སྨྲས་པ། མྱ་ངན་ལ་སྟེན་རིགས་པ་མ་ཡིན་གྱིས།། དུ་བཙལ་ཅིའི་ཕྱིར་ཞེ་ན། འདི་ནི་རང་གིས་བྱས་པའི་ལས ་ཀྱི་འབྲས་བུ་ཉེ་བར་གནས་པ་ཡིན་ནོ།། འཇིག་རྟེན་འདི་ལས་བདག་ཉིད་ཅན་དུ་ཤེས།། འགྲོ་བ་སྡུག་བསྔལ་དངོས་པོ་དང་ལྡན་པར།། ཤེས་ནས ་སྡུག་དང་བྲལ་བ་ཞེན་མི་བྱས།། དེ་བས་སྡུག་པ་མཆི་མ་འབྱིན་མི་རིགས།། གཞན་ཡང་མིགེ་ཕྱུང་བ་ངས་ད་ཅི་ཞིག་བྱེ།། ཉེ་དུའི་གན་དུ་ས ་ཁྱེད་ཀྱིས་སྡུག་བསྔལ་གྱི་སྐལ་བ་ཅན་དུ་མ་བྱེད་ཅིག། གསེར་འཕྲེང་མས་སྨྲས་པ། སྐྱེས་བུ་གང་ཞིག་དཔལ་རྒྱས་བུད་མེད་ནི།། བརྩེ་བས་རྗེས་འཇུག་པ ་པ་ལ་ངོ་མཚར་མེད།། གང་ཚེ་དཔལ་ཉམས་པ་རྗེས་འབྲང་བའི།། བུད་མེད་དེ་ནི་མོ་ནང་ལྷ་དང་མཚུངས།། དེ་ནས་ཀུན་ལ་ཆུང་མ་དང་ལྷན་ཅིག་གྲོང་ཁྱེར་ལས ་བྱུང་བ་དང་།། དེ་མངལ་ཞུགས་པ་ནས་བརྩམས་ཏེ། ཤིན་ཏུ་གཞོན་ཤ་ཅན་གྱི་ལུས་དང་ལྡན་པས། ལས་ཅི་ཡང་བྱེད་པར་མི་ནུས་ཀྱི།། གཞན་དུ་ན་པ ་བང་དག་རྡུང་ཞིང་གླུ་དག་ལེན་པར་ནུས་སོ།། དེ་ནས་དེ་ག་སེར་འཕྲེང་མའི་ལག་པ་ལ་འཇུས་ཏེ། གཞོན་ནུ་སྐྱེང་བྱེད་ཕྲག་པར་ཁུར་ནས་འདི་སྨྲས། ་བུ་སྡུག་དཔའ་བོའི་རིགས་ལས་སྐྱེས། ཁྱོད་དང་ང་རབ་སྡུས་བསྔལ་ཏེ།། ཡུ་བུས་མཐར་ནི་སློངས་མོ་ཐོབ།། མི་ཟད་ལས་ནི་སྔོན་བྱས་ཡིན།། སྒྱུ་མ ་ལྟ་བུར་མི་བསྟན་པའི། དབང་ཕྱུག་ལ་ནི་སུ་ཡིང་རྟོམ། མྱ་ངན་མེད་ཀྱི་བུར་གྱུར་ལ།། གནས་སྐབས་འདི་འདྲ་ཐོབ་པར་གྱུར།། ལས་བྱས་པ་ནི་ཚོགས་པ་དང ་ལྡན་པའི་འབྲས་བུ་འདི་ལྟ་བུ།། ལས་ནི་ལྷན་ཅིག་བྱས་པ་ན།། ལྷན་ཅིག་སངས་ནི་སྤྱད་པར་གྱུར།། དོ་བས་མཅི་ཞིག་བྱཏ། པ་ཏི་ལ་པུ་ཏྲ་སོང་ལ་རྒྱལ་པོ་མྱ ་ངན་མང་ལ་གསོལ་བ་གང་བ་པར་བྱའོ།། འཇམ་གླིང་དབང་ཕྱུག་མངའ་བདག་དེ།། ངའི་དཀའ་བ་བྱེད་པའི་ཕ།། དེ་ནི་སྦྱིན་པའི་གནས་ཡིན་ཞིང་།། ངལ ་རྟག་ཏུ་རྗེས་བརྩེ་ཡིན།། དེ་ནས་ཀུན་ལ་པི་ལང་རྡུང་ཞིང་གླུ་ལེན་པ་དང་། གཞན་གྱི་ཁྱིམ་རྣམསུ་ཚུལ་འདིས་འཚོ་བ་སྒྲུབ་ཅིང་ཆསོ།། ་བསྙེན་འཀུར་ཆེན་པོ་ལས་ཉམས་ཤིང་། ལོང་བན་ལ་དམན་སེམས་ཅན་ནོ།། སློངས་མོས་རྒྱུ་བར་བྱེད་པ་ལ།། ཆོས་ལྡན་སྐྱེས་བུང་སུ་ནི་གི་སྟེར།། ཕ་དང ་མ་སྤངས་ལོངས་སྤྱོད་དང་།། ཟས་དང་མལ་མཁྱིམ་མེད་པ།། ཉམ་ར་བཞུགས་ལོང་བ་ལ།། སློངས་མོ་སུ་ཡིས་སྟེར་བར་མཛད།། ལོངས་སྤྱོད་གློག་འགྱུར་དང ་འདྲ་ཞིང་།། ཟིལ་པོའི་ཆུ་ཐིགས་འདྲ་བ་ལས།། འགྲོ་བཀྲེན་སྙན་ཆི་ག་སྦྱིན་པ་ཡིས།། སྙིང་པོ་མྱུར་དུ་ལེན་པར་གྱི་ས།། དབུལ་པོ་སྒྲ་ནི་མཛེས་གྱུར་ཅིང་།། འཇིག ་རྟེན་ཀུན་གྱིས་བསྟས་པ་དང་།། དཔལ་ཉམས་ཀྱི་སྐྱེ་སློངས་མོས་རྒྱུ།། ང་ལ་མ་ཡི་སློངས་མོ་བྱིམ།། དེ་ན། ས་ཀུན་ལས་སྤོངས་མོ་རྙེད་པ་རྣམས་ཆུང་མ་དང ་ལྷན་ཅིག་ཡོངས་སུ་ལོངས་སྤྱོད་པར་གྱུར་ཏོ།། གསེར་འཕྲེང་མ་ཡང་ལམ་གང་ནས་པ་ཏ་ལི་པུ་ཏྲ་ནས་འོངས་པའི་ལམ།། དེ་ཉིད་ནས་རྗེ་སུ་འབྲང་བས་འགྲོའོ།། དེ་སོང་བ་དང ་ཆོས་ཀྱི་འཁོར་ལོའི་གནསུ་ཕྱིན་ཏོ།། དེ་ནས་ཀུན་ལས་གསེར་འཕྲེང་མ་ལ་དྲིས་པ། བཟང་མོ་གང་ཡུ་བུས་བྱིན་པའི་གྲོང་ཁྱེར་འདི་གང་ཞིག་ཡིན།། བཙུན་མོས ་མཐོང་བ་དང་།། བརྒྱལ་ཏེ་ས་ལ་འགྱེལ་བར་གྱུར་ཏོ།། སྐད་ཅིག་ཙམ་ན་འདུ་ཤེས་རྙེད་དེ།། སྨྲས་པ། གང་ཚེ་དཔལ་དང་ལྡན་པར་འགྲོ་བ་ན།། སྐྱེ་བོ་བྱེ་བ་གནས ་འདིར་ལྷག་པར་ལྷགས།། ཁྱེད་མིག་བྲལ་ནས་དེང་ནི་འདིར་འོངས་པས།། འདུ་བྱེད་གཡོ་བ་དེ་ཉིད་ཅིར་མི་རུང་།། ཇི་ཙམ་གྱིས་ན་པ་ཏ་ལི་པུ་ཏྲར་ཕྱིན་ཏོ།། དེ་ནས་བསྐྱེད ་མོ་ཚལ་ཡིད་འཕྲོག་པ་ཞེས་བྱ་བ་རྒྱལ་པོ་མྱ་ངན་མེད་ཀྱིས་རང་གི་བུ་ཀུ་ན་ལའི་དོན་ཏུ་བྱས་པ་ཞིག་ཡོད་པ་དེར་ཞུགས་པར་བརྩམས་ཏེ་ཞུགས་པ་དང་། ཅི་ཙམ་ན ་སྐྱེད་མོས་ཚལ་སྲུང་བས་མཐོང་ནས་སྨྲས་པ། ལོང་བ་བཀྲ་མི་ཤིས་ཤིང་མི་བསྔགས་པ་འདི་སུ་ཞིག་ཡིན་ན། བསྐྱེད་མོས་ཚལ་འདིར་ཞུགས། ཀྱེ་མའོ་ལོང་བ་འཛམ ་ཁྲོ་སློང་གི་དབང་ཕྱུག་གི་རྒྱལ་པོ་མྱ་ངན་མེད་ཀྱི་བུ་ཀུན་ལ་ཞེས་བྱ་བའི་དོན་ཏུ་བསྐྱེད་མོས་ཚལ་འདི་བསྲུང་བ་ཁྱི་དཀྱིས་མི་ཤེས་སམ།། གསེར་འཕྲེང་མས་སྨྲས ་པད་ཀྱི་ཧུད་སྡུག་བསྔལོ།། བསྐྱེད་མོས་ཚལ་ནི་ནགས་རྒྱས་པར་ངའི་བུ་འདིར་དགའ་འགྱུར་ཞེས།། བུ་ལ་བརྩེ་བས་ས་བདག་གིས།། གང་གི་དོན་ཏུ ་བྱས་གྱུར་པ།། བདག་ཅག་གནས་པའི་དོན་ཏུ་དེར།། འཚོ་བ་ཞན་པས་ཕྱིན་གྱུར་ན།། སྐལ་པ་དམན་པས་མ་ཤེས་ནས།། དེ་ལས་ལྟར་སྐྲོང་པར་གྱུར།། གང་དུ་གཞོན ་ནུ་གླུའི་སྒྲ་བསྟན་ཅིང་ཡིདདུ་འོང་བ་དང་། བཻ་ཌཱུཪྻའི་རྐང་རྟེན་དང་ལྡན་པའི་མལ་ཁྲི་ལ་ཉལ་ནས་རྩེ་ཞིང་རོལ་པའི་གནས་པས་དགའ་བའི་གནས་པ་གང་ཡིན་པ་དེ་བགྲོད ་པ་ཙམ་ཡང་ཐོས་པར་མ་གྱུར་ཏོ།། དེ་ནས་ཀུན་ལས་དེ་ཡིད་བསྲིང་བར་བྱ་བའི་ཕྱིར་སྨྲས་པ། བདེ་བར་གཤེགས་པས་རྒྱལ་སྲིད་དཔལ་དག་ནི།། སྒྱུ་མ་རྨི་ལམ ་སྨིག་རྒྱུ་འདྲ་བར་གསུངས།། ཕུན་ཚོགས་རྒུད་པ་དེ་ལ་རིམ་བྱུང་ན།། མཁས་པ་སུ་ཞིག་རྒྱལ་སྲིད་བདེ་བར་འདོད།། དེ་ནས་གཞོན་ནུ་སླར་ལོག་ནས། ་པ་ཏ་ལི་པུ་ཏྲར་འཇུག་པར་བྱའོ་ཞེས་ངེས་པར་བསམས་ནས་དེར་ཕྱིན་པ་དང་སྒོར་གསེར་འཕྲེང་མ་དུ་བ་ལ་ཞུགས་པར་གྱུར་ཏོ།། ཀུ་ན་ལས་སྨྲས་པ་འདི་ཅི་ཞིག་ཡིན།། དེས་སྨྲས ་པ་གང་ལ་སྔོན་ནི་བྱུང་བ་ན།། གང་གིས་གྲོང་ཁྱེར་བརྒྱན་གྱུར་པའི།། ད་ནི་དེ་ལ་དེ་མེད་དེ། འཕྲེང་བ་སྐམས་པ་དོར་བར་གྱུར།། ཇི་ཙམ་ན་རིམ་གྱིས་པའི་གླང་པོ་ཆེའི ་བྲེསུ་མཚན་མོ་གནས་བཅས་པར་གྱུར་ཏོ།། དེ་ནས་རྒྱལ་པོ་མྱ་ངན་མེད་དེའི་མཚན་མོ།། ཁང་བཟངས་ཀྱི་སྟེང་ན་ཉལ་བ་དང་། མཚན་ཕྱེད་ཀྱི་དུས་འདས་པ་ན ་སད་པ་དང་། དེ་གཞོན་ནུ་ཡིད་ལ་བྱེད་པ་ལ་ཞུགས་ཏེ། ང་བུ་བདེན་པའི་ཚིག་ཅན་དེ་ཅིར་འགྱུར་ཞིག་ཏུ།། རྒྱལ་སྲུངས་མས་སྨྲས་པ། གཞོནུ་བདེ་བར་གནས ་ལགས་ཀྱིས།། རྒྱལ་པོས་སྨྲས་པ། ང་ཡི་བུ་ཡི་ཕོ་ཉ་མེད།། འཕྲིན་མེད་ཡི་གེའང་ཡོད་མིན་ན།། དེ་ཡིས་ང་ནི་བརྗེད་གྱུར་ཏམ།། འོན་ཏེ་ང་ལ་སྡོད་པར་གྱུར། དེ་ནས་གླང་པོ ་ཆེའི་རྫི་བོ་ཆེས་སྨྲས་པ། ཀྱཻ་གླུ་མཁན་ལོངས་ཤིག། རེ་ཤིག་པི་ཝང་སྦྲེངས་ལ་གླུ་ལོངས་ཤིག། ཁོ་བོས་མཉན་པར་བྱའོ།། དེ་ནས་ཀུན་ལ་ལངས་ནས་པི་ཝང་ལེན་པ ་ལ་ཞུགས་ཏེ། ད་ཇི་ལྟར་མིག་ཕྱུང་བས་འདེན་པ་མཐོང་བ་ཡང་བྱས་ནས།། སློངས་མོ་པོའི་ཚུལ་གྱིས་པ་ཏ་ལི་པུ་ཏྲར་ཕྱིན་པ་དང་། རིགས་ལས་བྱུང་བའི་གླུ་ལེན་པར་བརྩམ། ་སོང་མི་གང་མིག་དང་བྲལ་བར་གྱུར་པ་དེ་ལ་སྲོག་གིས་དགོས་པ་ཅི་ཞིག་ཡོད།། གཉེན་གྱི་སྐྱེ་བོས་སྤངས་ཤིང་ཁྲོས་པའི་བཞིན་རས་དག་ལ་ལྟ་བར་བྱེད་པ་ན།། ཆུ་ཤིང ་ཤིག་ལྟར་སྙིང་པོ་མེད་པའི་འདུས་བྱས་དག་ལ་མཁས་པ་སུ་མི་སྐྱོ།། གང་གིས་ང་ནི་རིན་ཆེན་རང་བཞིན་ཤིང་ལྟར་འབད་པས་རྣམ་པར་གསོས་གྱུར་ཅིང་། ་བུའི་སྲེད་པས་ཀུན་ལ་ཞེས་མིང་བཏགས་བྱ་དང་མིག་ནི་འདྲར་གྱུར་པ།། མིའི་བདག་པོའི་བུ་རུ་གྱུར་ཀྱང་བཀྲེན་པའི་ཚུལ་དུང་ནི་སྤྱོད་པ་བྱེད་གཞན་ཡང་།། སྐྱེ་མཆེད ་རྣམས་ཀྱི་ངོ་བོ་ཉིད།། མིག་སོགས་ཡེ་ཤེས་སྒྲོན་མ་ནི།། དག་པའི་ཤེས་རབ་ཀྱིས་མཐོང་གང་།། དེ་ནི་སྐྱེ་བ་རྣམས་ལས་གྲོལ།། གལ་ཏེ་ཁྱོད་ནི་སྲིད་པའི་སྡུག ་བསྔལ་རྣམས་ཀྱིས་གཟིར།། སྲིད་པའི་ཉེས་པ་རྣམ་པར་དེས་བྱས་བློ་རུ་བྱ།། གལ་ཏེ་འདི་ན་བརྟན་པ། འི་བར་བདེ་འདོད་གྱུར་ན། སྐྱེ་མཆེད་རྣམས་ལ་བརྟན ་པ་ཉིད་དུ་གསོལ་འཐོབ།། དེའི་གླུ་སྒྲ་དེ་རྒྱལ་པོ་མྱ་ངན་མེད་ཀྱིས་ཐོ་སོ།། ཐོས་ནས་ཀྱང་དགའ་བཞིན་དུ་སྨྲས་པ། གླུ་ནི་ཀུ་ན་ལའི་དང་རབ་ཏུའང་ལྡན་གྱུར་ཅིང་།། ཡུན ་རིང་ཞིག་ན་པི་ཝང་སྒྲ་ཡང་ཐོས་གྱུར་ཅིང་།། ཅི་འདིར་ཀུན་ལ་ནི་འོངས་གྱུར་ཏམ། མ་འོངས་པར་ནི་བདག་ནི་མཐོང་བར་གྱུར།། དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་ཉུང ་རུམ་གྱི་སྐྱེས་བུ་ཞིག་ལ་སྨྲས་པ་ཀྱེ་སྐྱེས་བུ་གཅིག་གླུའི་སྒྲ་འདི་ནི་ཀུན་ལ་དང་རབ་ཏུ་འདྲ་བས།། བརྟན་དང་ཞུམ་པ་མི་མཐུན་པར།། སྟོན་པ་ལྟ་བུར་ཤེས་པ་གྱུར ་དེ་བས་འདིར་མི་སྨྲ་འདི་ཡིས།། བཏན་ལས་ཤིན་ཏུ་གཡོས་གྱུར་ཏེ།། སེང་གེ་ཉིད་ཀྱི་སྒྲ་ཡིས་ནི།། གླང་པོ་རབ་ཏུ་སྐྲག་པར་གྱུར།། དེ་ནས་ཅུང་རུམ་གླང ་ཆེའི་བྲེ་སུ་སོང་བ་དང་། ཀུན་ལ་མིག་ཕྱུང་བ་རླུང་དང་ཚ་བས་ལུས་ཚིག་པ། དེ་མཐོང་བ་དང་ངོ་མ་ཤེསོ།། དེ་ནས་གླང་པོ་ཆེ་སྐྱོང་བ་ལ་སྨྲས་པ། འདི་སུ་ཞིག་ཡིན ་གླང་པོ་ཆེའི་རྫི་བོས་སྨྲས་པ། འདི་ནི་ལོང་བ་མིག་མེད་པ་ཞིག་གོ།། དེ་སོང་ནས་རྒྱལ་པོ་ལ་གསོལ་པ། ལྷ་ལོང་བ་ཞིག་པི་ཝང་ཐོགས་ནས་ཆུང་མ་དང་ལྷན་ཅིག ་ལྷའི་གླང་པོའི་བྲེས་ན་མཆིས་སོ།། དེ་ཐོས་ནས་རྒྱལ་པོས་བསམས་པ། ཇི་ལྟར་ན་རྨི་ལམ་མི་དགེ་བ་མཐོང་བ་ལས་ན། གཞོན་ནུའི་མིག་ངེས་པར ་ཉམས་པར་གྱུར་ཏོ།། སྙམ་མོ།། ཡང་སྨྲས་པ། ང་ཡིས་སྔོན་ནི་རྨི་ལམ་དུ། མཚན་མ་ཇི་ལྟར་མཐོང་བ་ལས། ཐེ་ཚོམ་མེད་པར་ཀུན་ལའོ།། མིག་ནི་བརླག་པ ་ཉིད་དུ་ངེས།། དེ་ནས་རྒྱལ་པོ་རབ་ཏུ་དགའ་ནིང་སྨྲས་པ། བུའི་སྡུག་བསྔལ་དོགས་པ་ཡིས།། ངའི་སེམས་ནི་ཞིར་མ་གྱུར།། དེ་ནི་ངའི་ཐད་ཉིད་དུ།། མྱུར་དུ་ཁོ་ནར ་ཁྱེར་ལ་ཤོ་ག། ཇི་སྲིད་ན་སྐྱེས་བུ་དེ་ཡང་གླང་པོའི་བྲེསུ་སོང་སྟེ། ཀུན་ལ་ལ་སྨྲས་པ། ཁྱེད་སུའི་བུ་ཡིན།། ཁྱེད་ཀྱི་མིང་ནི་ཙི་ཞེས་བྱ།། ཀུ་ན་ལས་སྨྲས་པ། མྱ་ངན་མེད ་བ་ཞེས་བྱ་རྒྱལ།། དཔའ་བོ་ཡི་ནི་རིགས་དཔའ་བ། གང་གིས་ས་འདི་རྒྱས་པར་ནི།། མངག་གཞུག་པར་ནི་དབང་དུ་གྱུར།། ནི་རྒྱལ་པོ་དེའི་བུ།། ཀུན་ལ་ཞེས་རྣམ་པར ་གྲགས། སངས་རྒྱས་ཉི་མའི་གཉེན་གྱུར་པ།། ཆོས་ཅན་སྲས་ཀྱང་ང་ཡིན་ནོ།། དེ་ནས་ཀུན་ལ་ཆུང་མ་དང་ལྷན་ཅིག་རྒྱལ་པོ་མྱ་ངན་མེད་ཀྱི་གན་དུ་སོང་།། དེ་ནས་རྒྱལ་པོ་མྱ ་ངན་མེད་ཀྱིས་ཀུན་ལའི་མིག་ཕྱུང་བ་རླུང་དང་ཐན་པས་ལུས་ཚིག་པ། ཕྱག་དར་གྱི་དུམ་བུ་བསྡུས་པའི་གོས་གྱོན་པ་དང་། རྨད་དཀྲིས་བྱས་པས་ངོ་ཤེས་པར་མ་གྱུར་གྱི། ་དབྱིབས་ཙམ་ཞིག་མཐོང་ནས་སྨྲས་པ། བུ་ཁྱོད་ཀུན་ལ་ཡིན་པ། ལྷ་དེ་ལྟ་ལགས་ཏེ་བདག་ནི་ཀུན་ལའོ།། དེ་ཐོས་པ་དང་རྒྱལ་པོ་བརྒྱལ་ནས་ས་ལ་འགྱེལ་ཏོ།། དེ་ནས་ཀུན་ལའི ་གདོང་ལྟས་ན།། མིག་བྲལ་མྱ་ངན་གྱིས་ནི་སེམས་གདུངས་ཤིང་།། མྱ་ངན་མོང་པ་སར་ལྷུང་འདུ་ཤེས་བྲལ། ཀྱི་ཧུང་བུ་གཅིག་པུ་གཅིག་ཅེས་པར་སྨྲ།། ཇི་ཙམ་ན་རྒྱལ་པོ་ཆུ ་གཏོར་ནས་ས་ལས་བསླངས་ཏེ་སྟན་ལ་གཞགོ།། དེ་ནས་རྒྱལ་པོ་ཅི་ཞིག་ལྟར་འདུ་ཤེས་རྙེད་ནས་ཀུན་ལ་བང་པར་བཞག་སྟེ་སྨྲས་པ། དེ་ནས་ཡུད་ཙམ་དབུགས་ནི ་ཕྱུང་ན་སུ།། མགུལ་པའི་མཆི་མར་བཅས་པས་མགུལ་འབྱུང་ཏེ།། བུའི་གདོང་ལ་ཡོངསུ་བྱུགས་ནསུ།། རྒྱལ་པོ་རྣམ་པ་མང་པོ་སྨྲ་བར་གྱུར། ཀུན་ལ་དང་མཚུངས་པའི ་མིག་བརྟགས་ནས།། ང་ཡིས་རང་བཞིན་དེའི་མིང་བཏགས་གང་།། ཁུ་དེའི་མིག་ནི་ཕྱུང་བ་ལ་བརྟགས་ནས།། ཀུ་ན་ལ་ཞེས་ཇི་ལྟར་སྨྲེ་བར་བྱ།། ཡང་སྨྲས་པ་ཁྱེད་ཀྱི་མཛེས ་ཤིང་མཛེས་ལྡན་བཞིན་འདི་ནི། རྣམ་པའ་ཟླ་བ་སྐར་མ་དང་བྲལ་ལྟལ།། མཛེས་པའི་མིག་དང་བྲལ་བར་ཁྱེད་སུས་བྱས།། བུ་སྡུག་རེ་ཤིག་སྤྲོས་ཤིག་སྨོས་ཤིག་དང་། སྙིང་རྗེ་མེད་པའི ་སེམས་ལྡན་སུ་ཡིས་ཁྱེབ་ཁྲུང་འདྲའི་འཕགས་པའི་བདེན་པ་རྟོགས་གྱུར་པ། ཁྱོད་ཀྱི་མིག་བཟང་དགྲ་མེད་འཁོན་བཟུང་ནས།། རང་བཞིན་འདི་བྱས་ངའི་མྱ ་ངན་རྩ།། དོན་འདི་མྱུར་བ་ཉིད་དུ་སྨོས་ཤིག་སྨོས།། ངའི་ལུས་འདི་ཡང་འཇིག་པར་འགྱུར་དུ་འོང་། ཁྱེད་ཀྱི་བཞིན་རྒུད་མྱ་ངན་གྱིས་དྲེགས་པ།། དགྲ་ཡིས་དྲེགས་བཅད་བསྲེགས་པ་ལྟ ་བུར་གྱུར།། དེ་ནས་ཀུན་ལས་ཕོ་ལ་སྨྲས་པ། འདས་པའི་དོན་ལ་མྱ་ངན་བྱ་བའི་མ་རིག་ཏེ།། སྔོན་ལྔ་རྣམས་ལ་སངས་རྒྱས་ཀྱང་མི་གདའ།། དེ་བཞིན་རང་རྒྱལ་འབྲས་བུ་ལ་གན ་དང་སོ་སོའི་སྐྱེ་བོའང་གྲོལ་བ་མི་འགྱུར་ཞེས། ཐུབ་པའི་གསུང་ནི་ཁྱོད་ཀྱིས་མ་གསནམ།། རྒྱལ་པོ་སྐྱེས་བུས་མི་དགེའི་ལས་བྱས་རྣམས།། འབྲས་བུ་མེད་པར་ནམ་ཡང་མི་འགྱུར ་ནང་འདི་ན་རང་བྱས་ལས་ཀྱི་འབྲས་བུ་ལགས། འཇ་ནི་གཞན་གྱིས་བྱས་ཞེས་ཇི་ལྟར་སྨྲ། རྒྱལ་བོ་ཆེན་པོ་བདག་ཉིད་ནོངས་བགྱིས་ཏེ།། ནོངས་ཅན་མ་ཡིན་མ ་ཡང་འདྲ་བ་མིན།། མཚོན་དང་རྡོ་རྗེ་དུག་དང་སྲུལ་རྣམས་ཀྱིས།། ནམཁའ་འགྱུར་ཞིང་གནོད་བྱེད་མི་ནུ་སོ།། ལས་ཀྱི་བདག་ཉིད་ཅན་ནི་ལུས་མཚོན་པའི། ལུས་ཅན་རྣམས་ལ་མི་དགེའི་སྡུག ་བསྔལ་འབྱུང་།། དེ་ནས་རྒྱལ་པོ་མྱ་ངན་མེད། མྱ་ངན་གྱི་མེས་གདུངས་པའི་ཡིད་ཀྱིས་སྨྲས་པ་ངའི་བུའི་མིག་བཟང་སུ་ཡིས་ཕྱུང་བར་གྱུར།། སུ་ཡིན་ཤིན་ཏུ་སྡུག་པའི་སྲོག་ནི་གཏོར་བར་ཞུགས། ་ངའི་ཡིད་འད་མྱ་ངན་མ་ཡིས་བསྲེགས་གྱུར་གྱིས།། གང་ལ་ཆང་པས་བཅང་བྱེ་བུ་སྡུག་མྱུར་དུ་སྤྲོས།། ཀུན་ལས་སྨྲས་པ། གཞོན་ནུ་ཀུན་ལ་ཡི་ནི།། མིག་ནི་གཉིས་ག་ཕྱུང་ཤིག། ་ཅེས་ཚེམས་ཀྱི་རྒྱུ་ཡིས་རྒྱས་བཏབ་ནས།། ཡི་གེ་ལྷ་ཡིས་བསྐུར་བ་ལགས། རྒྱལ་པོས་སྨྲས་པ་བྱ་བ་འདི་དག་རྣམས་བསམས་པ། རྨི་ལམ་དུ་ཡང་མ་དྲན་ན། ཅིའི་ཕྱིར་ན་ཚིག་འདི་དག། ་ང་ནི་རབ་ཏུ་སྨྲ་བར་བྱེད།། དེ་ནས་གཞོན་ནུའི་མིག་མཆིམས་གང་བ་དང་བཅས་པའི་རྒྱལ་པོ་ལ་ལྟས་ནས་སྨྲས་པ། མིའི་བདག་པོ་མྱ་ངན་དག་གིས་འཁྲུག་མ་མཛད།། ་རང་གི་མིག་དང་བྲལ་བ་མཛེས་པ་མིན་ལ་གཟིགས། འདི་ནི་མི་ཡིས་རང་བྱས་སྡིག་པའི་ཁུར་བཀུར་ཏེ། ས་བདག་གཞན་བྱས་འབྲས་བུ་གཞན་ནི་སྤྱོད་མི་འགྱུར།། ས་བདག། ་མི་དགེའི་ལས་རྣམས་བྱས་པར་གྱུར་པ་བདག། སྨིན་པའི་དུས་སུ་འཇིག་པར་ནམ་ཡང་མི་འགྱུར་ཏེ།། དེ་འདྲའི་འབྲས་བུ་འདི་ནི་རང་གིས་བྱས་པ་ལ།། གཞན་གྱིས ་འདི་དག་བྱས་ཞེས་ཇི་ལྟར་བརྗོད་པར་བགྱི།། ལྷ་ག་ཞན་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་ག། སུངས་པ་མ་གསན་ནམ།། འཇིག་རྟེན་གསུམ་གྱི་སྙིང་པོ་ལྷ་མ། ་མཆོད་གྱུར་པ། སྟོབས་ཀྱིས་སྟོབས་ཕྱུག་པ་ཡང་སྟོབས་མཐའ་ལས་མི་ཐར།། སྔོན་བྱས་ལས་ལས་ནམ་ཡང་ཐར་བར་མི་འགྱུར་ན།། འདི་ནི་བདག་འདྲ་གཞན་དག་སྨོས་ཀྱང་ཅི་ཞིག ་འཚལ།། ཅི་ཙམ་ན་རྒྱལ་པོ་མྱ་ངན་མེད་ཀྱིས་སྦྱོར་བ་འདི་ནི་རྒྱལ་སྲུངས་མས་བྱས་སོ་ཞེས་ཐོས་སོ།། ཐོས་ནས་ཀྱང་རྒྱལ་པོའི་ས་རྒྱལ་སྲུངས་མ་བོས་ཏེ་སྨྲས་པ། སྐལ་མེད་ཅི་ཕྱིར ་སར་ནི་ནུབ་མ་གྱུར།། ཆོས་ཤིག་ང་ཡང་མི་དགར་བྱས་པ་ནས།། ཆོས་མིན་ལྡན་པ་བདག་དཔལ་འཕྲོག་འདྲ་བ།། ཤིན་ཏུ་སྡིག་བྱེད་ཁྱོད་ནི་སྤང་བར་བྱ།། དེ་ནས་རྒྱལ་པོ་ཁྲོ་བ་མེ ་འབར་བ་དང་། རྒྱལ་སྲུངས་མ་ལ་བལྟས་ཏེ་སྨྲས་པ། འདིའི་མིག་ཕྱུང་ངམ་འོན་ཏེ་འདིའི་ལུས།། སེན་མོ་ཤིན་ཏུ་རྣོ་བས་དྲལ་བ་འམ། ཡང་ན་གསོན་པོར་མདུང་རྩེ ་བསྐྱོན་པ་འམ།། འདིའི་ལུས་སོག་ལེས་རྣམ་པར་དགས་པར་བྱ།། ཡང་ན་ལྕེ་ནི་སྤུ་གྲིས་གཏུབ་བྱ་ཞིང་།། དགྲ་ལྟས་བསྣུན་པས་མགོ་བོ་བཅད་པར་བྱ།། ཡང་ན་སྐལ་པའི་མེ་འདྲར་གཞུན ་བྱ་ཞིང་།། འོན་ཏེ་དུག་གིས་ལུས་ནི་དགང་བར་བྱ།། དེ་ལ་སོགས་པ་གསོད་བྱས་སྦྱོར་བ་ནི།། རྣམ་མང་མིའི་དབང་པོས་སྨྲས་པ་དང་།། སྙིང་རྗེའི་བདག་ཅན་ཀུན་ལས་ཐོས་ནས། བདག་ཉིད་ཅན ་བོ་དེ་ལ་གསོལ་བ་འདེབས།། དེ་ནས་རྒྱལ་པོ་མྱ་ངན་མེད་ཁྲོ་བའི་མེ་ཀུན་ཏུ་འབར་བས་བཀྲུགས་པ་དང་།། རྒྱལ་སྲུངས་མ་བརླག་པའི་ཐེབས་ཚོལ་བ་ལ་ཀུན་ལས་སྤྱི་བོས་ཕྱག ་བྱས་ཏེ། སྙིང་རྗེ་རྗེ་སྐད་དུ་སྨྲས་པ། དེང་ལྟ་བུད་མེད། དེ་ནི་གསང་པར་རིགས་པ་མ་ལགསོ།། རྒྱལ་པོས་སྨྲས་། གང་གིས་ཁྱོད་དང་ནི་ངའི་ལུས་བཅོམ་རབ་ཏུ་བྱས་གྱུར་ལ། འདྲེ ་ལྷའི་ཚིག་ནི་སྨྲ་བྱེད་པ།། ཁྱོད་ནི་རིགས་པ་མ་ཡིན།། ཀུན་ལས་སྨྲས་པདེང་ལྟ་ལ་གསུ་ཟིན་ཀྱང་།། བདག་ནི་དེའི་ཚེ་ནས་ད་ལྟ་དང་དེའི་བར་དུ་འདི་དང་། གཤེད་མའི་སྐྱེས་བུ་དེ ་གཉིས་ལ་གཞོན་ནུ་སྐྱེད་བྱེད་ལ་ཁོང་ཁྲོ་བའི་སེམས་མེད་པ། དེ་བཞིན་དུ་དེ་རྣམས་ལ་སྙིང་རྗེ་དང་བྱམས་པའི་སེམས་ཉིད་ཤིན་ཏུ་བསྒོམས་ལག་སོ།། རྒྱལ་པོས་སྨྲས་པ ་ཁྱོད་སྙིང་རྗེའི་དབང་དུ་གྱུར་པ་ཡིན་པར་ཚིག་འདི་ལྟ་བུ་ལ་སུ་ཞིག་ཡིད་ཆེས་པར་གྱུར། ཀུན་ལས་སྨྲས་པ། ངེས་པར་ནང་དུ་བདག་ཉིད་ཚད་མར་གྱུར་པ་དང་། དེ་བཞིན་དུ་མངོན ་ཤེས་པ་དྲུག་དང་ལྡན་པར་བདག་ཉིད་ཆེན་པོ་གཞན་གྱི་སེམས་ཤེས་པ་གཞན་དག་དབང་དུ་གྱུར་པ་ལག་སོ།། རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ཡིན་ན།། ང་དང་འཇིག་རྟེན་རྣམ ་ཀྱི་མངོན་དུ་གྱིས་ཤིག། དེ་ཡང་འདི་ལྟར་ཤི་བིའི་རྒྱལ་པོས་ཕུག་རོན་གྱི་དོན་དུ་ལུས་བཅང་ནས་བདེན་པ་བངར་བས་སྔོན་གྱི་ལུས་ཇི་ལྟ་བ་བཞིན་དུ་གྱུར་ཏོ་ཞེས་ཐོས་ཀྱིས་ཀྱང ་བདེན་པ་བདར་བས་སྔོན་གྱི་མིག་ཇི་ལྟ་བ་བཞིན་དུ་གྱི་ཤིག། དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས་ཀུན་ལས་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་དུ་མ་འདུས་པ་དང་། རྒྱལ་པོ་འཁོར་དང ་བཅས་པའི་ནང་དུ་བཅོམ་ལྡན་འདས་ཀྱི་ཐུགས་རྫ་ལ་སོགས་པའི་ཡོན་ཏན་མངོན་དུ་བྱས་ཏེ་ཤར་ཕྱོ་གསུ་བལྟས་ནས་བདེན་པའི་ཚིག་འདི་སྐད་ཅེས་བརྗོད།། བདེན ་པ་གང་གིས་རྒྱལ་སྲུངས་མ་དང་སྐྱེས་བུ་གཉིས་པོ་བར་ལ་དེའི་ཚེ་དང་ང་ལྟའི་བར་དུ་སྐྱོ་བའི་སེམས་མེད་ཅིང་། བདག་བུ་ཅིག་པ་སྐྱེད་བྱེད་ཇི་ལྟར་སྙིང་རྗེ་དང་བྱམས་པའི ་སེམས་མཉམ་པར་གྱུར་པའི་བདེན་པའི་ཚིག་དེས་སྔོན་གྱི་མིག་ཇི་ལྟ་བ་བཞིན་དུ་གྱུར་ཅིག་ཚིག་བརྗོད་པ་དང་དུས་མཉམ་པ་ཉིད་དུ་ཀུན་ལའི་མིག་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར ་ཏོ་དེ་ནས་རྒྱལ་པོ་དང་།། གྲོང་ཁྱེར་བ་རྣམས་ཀྱེ་མ་ཀྱེ་མ་ཞེས་སྒྲ་གསང་མཐོན་པོ་སྒྲོགས་ཤིང་རྣམ་པ་དེ་ལྟ་བུའི་ངོ་མཚར་ལ་ལྟའོ།། དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་ཀུན་ལ ་རྒྱལ་ཚ་བ་དུ་དབང་བསྐུར་བ་ལ་ཞུགས་པ་དང་ཀུན་ལས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ལ་ནི་རྒྱལ་སྲིང་དགོས་པ་མ་མཆིས་ཏེ། བདག་གིས་ནི་བདེན་པ་མཐོང་ལག་སོ། ནས ་གཞོན་སྐྱེད་བྱེད་རྒྱལ་ཚ་དུ་དབང་བསྐུའོ།། དེ་ནས་བར་སྐབསུ་ཡང་རྒྱལ་སྲུངས་མའི་ཕྱིར་གསོལ་བ་འདེབས་པ།། གལ་ཏེ་རྒྱལ་སྲུངས་མ་ནི་འཕགས་མིན་ལས ་བགྱིད་ཀྱང་། ཁྱེད་འཕགས་ལས་མཛོད་བུད་མེད་མགུམ་མི་བགྱིད།། བཟོད་དང་འདྲ་བའི་སྟོབས་ནི་ཡོད་མིན་ཞེས། བདེ་གཤེགས་བསྔགས་པས་གཙོ་བོ་བཟོད་མཛད་རིགས།། ཇི་ཙམ་ན ་རྒྱལ་པོ་མྱ་ངན་མེད་ཤིན་ཏུ་ཁྲོས་པས་རྒྱལ་སྲུངས་མ་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ་བསྲེག་སོ།། རྡོ་འཇོག་པའི་གྲོང་ཁྱེར་བ་རྣམས་ཀྱང་རབ་ཏུ་བཅོ་མོ།། རྒྱ་གར་སྐད་དུ ་