| Wylie | e-texts produced with BDRC’s OCR application |
སྔར་འགྱུར་ཡང་ཡོད།། རྒྱ་གར་སྐད་དུ། མ་ཧཱ་མཾ་གྷ་ལ་སཱུ་ཏྲ། བོད་སྐད་དུ། བཀྲ་ཤིས་ཆེན་པོའི་མདོ།། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ། ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ།། དེ་ནས་ལྷ་དུ ་མ་རྣམས་མཚན་མོ་ཁ་དོག་སྣ་ཚོགས་པ་དང་ལྡན་པའི་འོད་རྣམས་ཀྱི་དུས་གཅིག་ལ་རྒྱལ་བྱེད་ཚ་ལ་འོད་ཀྱིས་སྣང་བར་བྱས་ནས་བཅོམ་ལྡན་འདས་གང་ན ་བཞུགས་པ་དེར་ལྷགས་ཏེ་ལྷགས་ནས། བཅོ་མ་ལྡན་འདས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དེ།། ཕྱོགས་གཅིག་ཏུ་འཁོད་ནས། ལྷ་དེ་རྣམས་ཀྱིས་བཅོམ་ལྡན ་འདས་ལ་ཚོགསུ་བཅད་པ་མང་དུ་ཞུསོ།། ལྷ་དང་མི་རྣམས་མང་པོ་ཡིས།། བཀྲ་ཤིས་པ་ནི་བས་མ་གྱུར་པ། བཀྲ་ཤིས་པ་ལ་ཐེ་ཚོམ་སྐྱེས།། བཀྲ་ཤིས་མཆོག་ནི་གསུང་དུ་གསོལ།། ་ལྷའི་ཡང་ལྷ་ཡིས་བཀའ་སྩལ་པ།། སྡིག་པ་ཐམས་ཅད་རྣམ་པར་འཇོམས།། འཇིག་རྟེན་ཀུན་ལ་ཕན་པའི་དོན།། བཀྲ་ཤིས་དེ་རྣམས་ཁྱེད་ལ་བཤད།། བྱིས་པ་རྣམས ་ལ་བསྙེན་མི་བྱ།། མཁས་པ་རྣམས་ལ་བསྙེན་པར་བྱ།། མཆོད་ལ་མཆོད་པའི་ལན་བྱ་བ།། འདི་ནི་མཆོག་གི་བཀྲ་ཤི་སོ།། སྔར་བྱས་པའི་བསོད་ནམས་ཀྱིས།། འཐུན་པའི ་། ཡུལ་དུ་གནས་པ་དང་། བདག་ཉིད་མཆོག་གི་སྨོན་ལམ་བྱ།། འདི་ནི་མཆོག་གི་བཀྲ་ཤིསོ།། བདེན་དང་ལག་པའི་བཟོ་དང་ནི།། འདུལ་བའི་སྦྱོར་བས་ལེགས་པར་བསླབ། ་གང་གིས་ལེགས་པར་བཤད་པའི་ཚིག། འདི་ནི་མཆོག་གི་བཀྲ་ཤིསོ།། ཕ་དང་མ་ལ་སྙེན་བཀུར་བྱ།། བུ་དང་ཆུང་མ་རྗེ་སུ་གཟུང་།། མི་མཐུན་པའི་ལས་མི་བྱ།། འདི་ནི་མཆོག་གི ་བཀྲ་ཤིསོ།། སྦྱིན་པ་ཆོས་ཀྱི་སྤྱོད་པ་དང་།། མཉེན་འདུན་རྣམས་ནི་རྗེསུ་གཟུང་།། ཁ་ན་མཐོའི་ལས་མི་བྱ།། འདི་ནི་མཆོག་གི་བཀྲ་ཤི་སོ།། སྡིག་ལ་དགའ་བ་སྤང་བར་བྱ། ་ཆང་གི་བཏུང་བ་རྣམ་པར་སྤང་།། གང་ཞིག་ཆོས་ལ་བག་ཡོད་པ།། འདི་ནི་མཆོག་གི་བཀྲ་ཤིསོ།། གློ་བུར་བླ་མ་གུས་པར་བྱ།། བྱས་པ་ཤེས་ཤིང་གུས་པར་བྱ།། དུས་ཆོས ་ནི་མཉན་པར་བྱ།། འདི་ནི་མཆོག་གི་བཀྲན་སོ།། ཚིག་ངན་པ་ནི་བཟོད་པར་བྱ།། དགེ་སྦྱོང་རྣམས་ནི་མ། ཐོད་པར་བྱ།། དུས་སུ་ཆོས་ཀྱི་འཕེལ་གཏམ་བྱ།། འདི་ན ་མཆོག་གི་བཀྲ་ཤི་སོ།། དཀའ་ཐུབ་དང་ནི་ཚངས་སྤྱོད་བྱ།། འཕགས་པའི་བདེན་པ་མཐོང་བར་བྱ།། མྱ་ངན་འས་པ་མངོན་སུམ་བྱ།། འདི་ནི་མཆོག་གི་བཀྲ་ཤིསོ།། འཇིག་རྟེན་ནོ ་ལ་དྲིས་པ་ན། གང་ཞིག་སེམས་ནི་གཡོ་མི་བྱ།། མྱ་ངན་མི་དགའ་མེད་བཟོད་བྱ།། འདི་ནི་མཆོག་གི་བཀྲ་ཤི་སོ།། དེ་ལྟར་བཤད་པར་བྱས་པ་རྣམས།། ཐམས་ཅད་དུ་ནི་རྒྱལ་བ་དང་།། ཐམས ་ཅད་དུ་ནི་ཞི་བར་འགྲོ།། དེ་རྣམས་དེ་ལ་མཆོག་བཀྲ་ཤིསོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷ་དེ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར ་བསྟོད་དོ།། བཀྲ་ཤིས་ཆེན་པོའི་མདོ་རྫོགསྷོ།། །། པཎྜི་ཏ་ཆེན་པོ། ཨཱནནྡ་ཤཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང ་ངོས་སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་སཽ། གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། སའི་སྟེང་དུ་ཉི་མ་དང་ཟླ་བ་ལྟར ་གྱུར་ཅིག། སྔར་འགྱུར་ཡང་ཡོད།། @6།། རྒྱ་གར་སྐད་དུ། ཨཱརྱ་ཀླེ་མང་ཀ་ར་པ་རི་པྲོད་ཙ་ནཱ་མ་མ་ཧཱ་ཡཱ་ན་སཱུཿ། བོད་སྐད་དུ། འཕགས་པ་བདེ་བྱེད་ཀྱིས་ཞུས་པ ་