| Wylie | e-texts produced with BDRC’s OCR application |
སོང་ངོ་།། གཞོན་ནུ་དཔེའི་མདོ།། རྫོགས་སྷོ།། ། རྒྱ་གར་སྐད་དུ།། ནནྡོ་བ་ནནྡ་ནཱ་ག་རཱ་ཛད་མ་ན་སཱུ་ཏྲ། བོད་སྐད་དུ། ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་འདུལ་བའི ་མདོར་འཕགས་པ་དཀོན་མཆོག་གསུམ་ལཾ་གུས་པས་ཕྱག་འཚའོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཚལ་མགོན ་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུག་སོ།། ཁྱིམ་བདག་མགོན་མེད་ཟས་སྦྱིན་དུས་གཅིག་ན། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཐོས་ནས། བཙུན་པ་དགེ་སློང་ལྔ། ་བརྒྱ་དང་བཅས་པ་སང་ནང་པར་བདག་གི་ཁྱིམ་དུ་གདུགས་ཚོད་ལ་འབྱོན་པར་ཞུ་ཞེས་འགྲོན་དུ་གཉེར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་ལ་གནང་ནས། དེའི་ཉིན་མོ་ལྷག་མ ་དང་མཚན་མོའི་མཐའ་འདས་ནས་ཐོ་རངས་ཀྱི་དུས་སུ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ལ་ཐུགས་ཀྱིས་རྣམ་པར་དགོངསོ།། དེ་ནས་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་ཞེས ་བྱ་བ་ཡེ་ཤེས་ཀྱི་སྒོ་ནས་མངོན་དུ་བྱསོ།། དེ་ལ་ངེས་པར་ལེགས་པའི་ས་བོན་ཡོད་དམ་ཞེས་རྟགས་པ་ན།། འདི་ནི་ལོག་པར་ལྟ་བ་ཅན་དཀོན་མཆོག་གསུ ་ལ་དད་པ་མེད་པར་གཟིགསོ།། གཟིགས་ནས་གང་ཞིག་འདི་ནི་ལོག་པར་ལྟ་བ་ལས་རྣམ་པར་གྲོལ་བར་བྱ་བའི་ཕྱིར། འདུལ་བར་བྱེད་པ་གནས་བརྟན་ཆེན་པོ ་མཽངྒ་ལ་གཟིགསོ།། དེ་ནས་མཚན་མོ་ཐོ་རངས་ཀྱི་དུས་སུ་སྐུའི་བྱི་དོར་མཛད་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་བོས་ཏེ་བཀའ་སྩལ་པ། ཀུན་དགའ་བོ།། དགེ་སློང་ལྔ་བརྒྱ ་དང་བཅས་པའི་བཅོམ་ལྡན་འདས་ལྷའི་འཇིག་རྟེན་དུ་གཤེགས་སོ་ཞེས་སྟོན་ཅིག། དེས་བཙུན་པ་བཀའ་བཞིན་འཚལོ་ཞེས་གསོལ་ནས་དགེ་སློང་རྣམས་ལ་དོན་དེ་སྨྲས་སོ།། ་དེའི་ཉི་མ་ལ་དགའ་བོ་ཉེར་དགས་ཉེར་བསྡོགས་བྱས་སོ།། དེ་ལྷའི་རིན་པོ་ཆེ་ནི་སྟེང་དུ་དཀྱིལ་དཀྲུངས་ཀྱིས་གནས་ཏེ། ལྷའི་གདུགས་དཀར་པོ་བཟུང་ངོ་།། ཀླུ་དང་ཀླུ་མོ་གར ་བྱེད་ཅིང་ཀླུའི་འཁོར་གཡོག་དུ་མས་བསྐོར་ཏེ་ལྷའི་སྣོད་ཉེ་བར་བཞག་ནས་བཟའ་བ་དང་བཏུང་བ་རྣམ་པ་སྣ་ཚོགས་པ་ལ་རྟོག་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་ཀླུའི་རྒྱལ་པོ་ཇི་ལྟ་བར་གཟིགས་སོ།། དེ་ལྟར་བྱས་པ་གཟིགས་ནས་དེའི་མགོ་བོའི་སྟེང་གི་བླ་བྲེས་ཀྱི་སྟེང་ཉིད་ནས། བཅོམ་ལྡན་འདས་དགེ་སློང་ལྔ་བརྒྱ་དང་བཅས་པས ་གཤེགས་ཏེ། སུམ་བཅུ་རྩ་གསུམ་གྱི་ལྷའི་བར་མངོན་སུམ་དུ་གྱུར་ཏོ།། དེའི་ཚེ་དེའི་དུས་ན་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་དེ་ལྟ་བུའི་གཟུགས་ཀྱིས་སྡིག་པའི་ལྟེ་བར་ལྷུང་བ ་ལྟ་བ་ངན་པའི་སེམས་སྐྱེས་སོ།། དགེ་སྦྱོང་མགོ་རེགྲ་འདི་ངའི་སྟེང་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་འཇིག་རྟེ། དན་གྱི་གནས་སུ་གཤེགས་པར་འགྱུར་རོ།། འདི་ནི་དེ་ལྟ་ནས། ་ངའི་མགོ་བོ་ལ་རྐང་པའི་རྡུལ་མགོ་བོའི་སྟེང་། དུ་ལྷུང་བར་བྱེད་པས་འགྲོ་རུ་མི་སྟེར་རོ་སྙམ་སྟེ། ལངས་ནས་རི་རབ་ཀྱི་རྩ་བར་སོང་ངོ་།། རང་གི་གཟུགས་བོར་ཏེ་རི་བོ ་མཆོག་རབ་སྟེང་འོག་ཐམས་ཅད་རང་གི་ལུས་ཀྱིས་ལན་བདུན་བཀྲིས་ནས། སྟེང་དུ་གདེངས་ཀ་བྱ་སྟེ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་མི་མཐོང་བར་བྱ་བའི་ཕྱིར་རོ།། དེ་ནས་ཚེ ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་སྔར་བཞིན་གནས་འདིའི་ཕྱོགསུ་འདུག་ནས་རིའི་མཆོག་རབ་མཐོང་།། རི་བོ་མཆོག ་རབ་འཁོར་དང་བཅས་པ་མཐོང་ངོ་།། སུམ་ཅུ་རྩ་གསུམ་མཐོང་ངོ་།། རྣམ་པར་རྒྱལ་བའི་ཁང་བཟང་མཐོང་ངོ་།། རྣམ་པར་རྒྱལ་བའི་ཁང་བཟང་གི་སྟེང་གི་རྒྱལ་མཚན་མཐོང་ངོ་།། ་བཙུན་པ་ཅིའི་རྒྱུ་ཅིའི་རྐྱེན་ལགས། ད་ནི་རི་བོ་མཆོག་རབ་མི་མཐོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུལ་འཁོར་སྐྱོང་འདི་ནི་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ ་ཞེས་བྱ་བ་ཁྱེད་རྣམས་ལ་ཁྲོས་པར་གྱུར་ཏེ། རི་བོ་མཆོག་རབ་ལན་བདུན་དུ་ལུས་ཀྱིས་བཀྲིས་ནས་སྟེང་དུ་གདེངས་ཀས་བསྒྲིབས་སོ།། མུན་པ་མུན་ནག་ཏུ་བྱས་ནས་གན་སོ།། གསོལ ་པར་བཙུན་པ་བདག་གིས་འདུལ་བར་བགྱིའམ། བཅོམ་ལྡན་འདས་ཀྱིས་གནང་བ་མ་ཡིན་ནོ།། དེ་ནས་ཚེ་དང་ལྡན་པ་བཟང་ལྡན་དང་། ཚེ་དང་ལྡན་པ་སྒྲ་གཅན་འཛིན་ཏེ། གོ་རིམས ་བཞིན་དུ་དགེ་སློང་ཐམས་ཅད་ཀྱིས་ཞུསོ།། བཅོ། མ་ལྡན་འདས་ཀྱིས་རྗེ་སུ་གནང་བ་མ་བྱིན་ནོ།། ཐམས་ཅད་ཀྱིས་རྗེ་སུ་གནས་བརྟན་ཆེན་པོ་མཽདྒལ་གྱི་བུས་བཙུན་པ ་བདག་གིས་གདུལ་བར་བགྱི་འམ། ཞེས་ཞུས་པ་དང་། མཽདྒལ་ཀྱི་བུ་ཐུལ་ཅིག་ཅེས་བཅོམ་ལྡན་འདས་ཀྱིས། གནང་བ་བྱིན་ནོ།། གནས་བརྟན་རང་གི་ལུས་བོར་ལ་ཀླུའི་རྒྱལ ་ངོའི་ལུས་ཆེན་པོར་སྤྲུལ་ཏེ། དགའ་བོ་ཉེར་དགེའིརི་ལུས་ཀྱི་སྟེང་དུ་ལན་བཅུ་བཞི་ལུས་ཀྱིས་དཀྲི་བ་དང་། དེའི་གདེངས་ཀའི་སྟེང་དུ་རང་གི་བདེངས་ཀ་བྱའོ།། རི་བོ་མཆོག་རབ་དང་བཅས་པ ་ཐམས་ཅད་ནོན་ཅིག། ཅེས་བཀའ་སྩལ་པ་དང་། གནས་བརྟན་མཽདྒལ་གྱི་བུས་དེ་བཞིན་དུ་བྱས་སོ།། དེ་ནས་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགས་ཁ་བརླངས་ཀྱི་དུ་བ་བཏང་ངོ་།། གནས ་བརྟན་གྱིས་ཀྱང་ཁྱེད་ཀྱི་ལུས་ལ་ཁ་བརླངས་ཀྱི་དུ་བ་ཡོད་ལ་ངེད་ལ་མེད་པ་ཡིན་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའི་དུ་བས་གནས་བརྟན་ལ་གནོད་པར་མ་གྱུར་ཏོ།། གནས་བརྟན ་གྱི་ཁ་བརླངས་ཀྱི་དུ་བས་ཀླུའི་རྒྱལ་པོ་ལ་གནོད་པར་གྱུར་ཏོ།། ཀླུའི་རྒྱལ་པོ་རབ་ཏུ་འབར་རོ།། གནས་བརྟན་གྱིས་ཁྱེད་ཀྱི་ལུས་ལ་འབར་བ་ཡོད་པ་བཞིན་དེང ་ལ་མེད་དམ་ཞེས་འབར་བྱསོ།། ཀླུའི་རྒྱལ་པོའི་མེ་འོད་ཀྱིས་གནས་བརྟན་ལ་གནོད་པར་མ་གྱུར་ཏོ།། གནས་བརྟན་གྱི་མེ་འོད་ཀྱིས་ཀླུའི་རྒྱལ་པོ་ལ་གནོད་པར་གྱུར་ཏོ།། ཀླུའི་རྒྱལ་པོས ་བསམས་པ་འདི་ནི་བདག་གི་ལུས་རི་བོ་མཆོག་རབ་དང་བཅས་པ་ངེས་པར་གནས་ནས་དུ་བ་དང་མེ་འབར་བར་བྱེདདོ་སྙམ་ནས། ཁྱེད་གང་ཡིན་ཅེས་དྲིས་སོ།། བདག་མིཏྤལ་ཅེས་བྱ་བའོ།། ་བཙུན་པ་རང་གི་གཟུགས་ཀྱིས་གནས་པར་གྱིས་ཤིག། གནས་བརྟན་གྱིས་ཀླུའི་ལུས་དོར་ནས། དེའི་རྣ་བ་གཡས་པའི་བུ་གནས་ཞུགས་ཏེ། རྣ་བ་གཡོན་པའི་བུ་གནས་འཐོན་ནོ། ་ཡང་རྣ་བ་གཡོན་པའི་བུ་གནས་ཞུགས་ནས། རྣ་བ། གཡས་པའི་བུ་ག་ནས་འཐོན་ནོ།། དེ་བཞིན་དུ་སྣ་གཡ། ས་པའི་བུ་ག་ནས་ཞུགས་ནས། སྣ་གཡོན་པའི་བུ་ག་ནས ་འཐོན་ཏེ། ཡང་སྣ་གཡོན་པའི་བུ་ག་ནས་ཞུགས་ནས། སྣ་གཡས་པའི་བུ་ག་ནས་འཐོན་ནོ།། དེ་ནས་ཀླུའི་རྒྱལ་པོའི་ཁ་བདང་སོ།། གནས་བརྟན་ཁར་ཞུགས་ནས། གསུས་པའི་ནང་། ་དུ་མདུན་རྒྱབ་དུ་ཡང་དང་ཡང་དུ་རྒྱུས་སོ།། བཅོམ་ལྡན་འདས་ཀྱིས་མཽངྒ་ལ་རྫུ་འཕྲུལ་ཆེར་ཡིད་ལ་གྱིས་ཤིག། ཀླུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བཀའ་སྩལ་ཏོ།། ་གནས་བརྟན་གྱིས། བཙུན་པ་བདག་གིས་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པ་དང་། མང་དུ་བྱས་པ་དང་། བརྩོན་པར་བྱས་པ་དང་། གཞིར་བྱས་པ་དང་། རྗེ་སུ་བསྒྲུབས་པ་དང་། ་འདྲིས་པར་བྱས་པས་ལེགས་པར་བརྩམསོ།། བཙུན་པ། དགའ་བོ་ཉེར་དགའ་ལྟ་ཞོག། དགའ་བོ་ཉེར་དགའ་དང་མཚུངས་པར་བརྒྱའི་ཚོགས་དང་། འབུམ་གྱི་ཚོགས་ཀྱང་བདག ་གིས་གདུལ་བར་ནུ་སོ་ཞེས་གསོལ་ཏོ།། ཀླུའི་རྒྱལ་པོས་བསམས་པ་ནང་ན་རྒྱུ་བ་བདག་གིས་མ་མཐོང་ངོ་།། ཕྱིར་འབྱུང་བའི་ཚེ་མཆེ་བ་གཉིས་ཀྱི་བར་དུ་བཟའ་བོ་སྙམ་ནས། བཙུན ་པ་ཕྱིར་ཤོག། ངའི་ལྟོ་བའི་ནང་དུ་ཡང་དང་ཡང་དུ་རྒྱུ་བ་དང་། སྡོད་པས་ཅི་བྱ་ཞེས་པས་གནས་བརྟན་ཕྱིར་བྱོན་ནས་གནསོ།། ཀླུའི་རྒྱལ་པོས་མཐོང་ནས། འདི་ཡིན་ནམ་ཞེས ་སྨྲས་ཏེ། སྣའི་རླུང་ཕྱིར་བཏང་ངོ་།། གནས་བརྟན་ཐ། སམ་གཏན་བཞི་པོ་མཉམ་པར་ཐོབ་པས། བ་སྤུའི་བུ་ག་གཅིག་ཏུ་ཡང་སྣའི་རླུང་གྱིས་བསྐྱོང་བར་མ་ནུས་སོ། ་ངོ་ལས་གཞན་པའི་དགེ་སློང་རྣམས་ཀྱིས་དང་པོ་རྣ་མས་ཀྱིས་ཆོ་འཕྲུལ་ཐམས་ཅད་བྱེད་པར་ནུས་ཀྱིས། གནས་འདི་རྣམས་ལ་རབ་ཏུ་ཞུགས་ནས། བསམ་གཏན ་བཞི་པོ་མྱུར་དུ་བསྒྲུབ་པར་མི་ནུས་སོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་འདུལ་བ་དེ་རྣམས་ལ་གནང་བ་མ་བྱིན་ནོ།། ཀླུའི་རྒྱལ་པོ་བདག་གིས་དགེ་སློང་འདིའི ་བ་སྤུའི་བུ་ག་ཙམ་ཡང་སྣའི་རླུང་གིས་བསྐྱོད་པར་མ་ནུས་པས་རྫུ་འཕྲུལ་ཆེན་པོར་བསམ་སོ།། གནས་བརྟན་གྱིས་དགེ་སློང་གི་གཟུགས་དོར་ནས། འདབ་བཟང་བྱ་ཁྱུང་གི ་གཟུགས་སུ་མངོན་པར་སྤྲུལ་ཏོ།། འདབ་བཟང་གི་ལུས་དེ་མཐོང་ནས་ཀླུའི་རྒྱལ་པོ་བྲོ་བླར་གྱུར་ཏོ།། འདབ་བཟང་གི་རྗེ་སུ་འབྲེལ་པར་ཀླུའི་རྒྱལ་པོས་རང་གི་གཟུགས ་དོར་ནས་བྲམ་ཟེའི་ཁྱེའུ་ཡི་གཟུགསུ་སྤྲུལ་ཏོ།། བཙུན་པ་ཁྱེད་ལ་སྐྱབས་སུ་འགྲོའོ་ཞེས་བརྗོད་པར་བྱེད་ཅིང་གནས་བརྟན་གྱི་ཞབས་ལ་ཕྱག་འཚལོ།། ་གནས་བརྟན་གྱིས་སྟོན་པའི་ཐད་དུ་ཤོག་ཅིག་འགྲོ་བ་ཡིན་ནོ་ཞེས་ཀླུའི་རྒྱལ་པོ་བརྟུལ་ནས་དུག་མེད་པར་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནོ།། ཀླུའི་རྒྱལ་པོས་བཅོམ ་ལྡན་འདས་ལ་ཕྱག་བྱས་ཏེ། བཙུན་པ་ཁྱེད་ལ་སྐྱབས་སུ་འགྲོའོ་ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་ལེག་སོ་ཞེས་བཀའ་སྩལ་ནས། དགེ་སློང་འཁོར་དང་བཅས་པ་མགོན ་མེད་ཟས་སྦྱིན་གྱི་གནས་སུ་གཤེགསོ།། མགོན་མེད་ཟས་སྦྱིན་གྱིས། བཙུན་པ་ཡུན་རིང་པོར་མི་འབྱོན་པ་ཅི་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། མཽདྒལ་གྱི་བུ་དང་། ་དགའ་བོ་ཉེར་དགའ་གཉིས་གཡུལ་བཀྱེའོ་ཞེ་ཉེས་བཀའ་སྩལ་ཏོ།། བཙུན་པ་སུ་ཞིག་ཕམ་སུ་ཞིག། རྒྱལ་བར་གྱུར་ཞེས་གསོལ་པས། ཁྱིམ་བདག་མེད་ལ ་གྱི་བུ་རྒྱལ་བར་གྱུར། དགའ་བོ་ཉེར་དགའ་ཕམ་པར་གྱུར་ཏོ།། ཞེས་བཀའ་སྩལ་ཏོ།། མགོན་མེད་ཟས་སྦྱིན་གྱིས་བཙུན་པ་བཅོམ་ལྡན་འདས་ལ་ནག་བདུན་དུ་རིམ་པ་བནི། ་དུ་གདུགས་ཚོང་གསོལ་བར་ཞུས། གནས་བརྟན་ལ་བསྐུར་སྟི་དང་སྟི་བཏང་བགྱིད་པར་ཞུས་སོ།། སངས་རྒྱས་ལ་སོགས་པའི་དགེ་སློང་ལྔ་བརྒྱ་པོ་རྣམས་ལ་བཀུར་བསྡུ ་དང་བསྟི་ཏང་ཞག་བདུན་དུ་བགྱིང་བར་འཚལོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ ་མངོན་པར་བསྟོད་དོ།། ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་འདུལ་བའི་མདོ་རྫོགསྷོ།། ། པཎྜི་ཏ་ཆེན་པོ། ཨཱནནཱ་ཤཱའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙྪ་ང། ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། སྐང་གཉིས་སྨྲ་བ་རྣམས་ཀྱི་གདནས། གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུ་ཅིང་ཞུས་ཏེ་བཏམ ་ལ་ཕབ་པའོ།། །། སའི་སྟེང་དུ་ཉི་མ་དང་ཟླ་བ་ལྟར་གྱུར་ཅིག།། ། རྒྱ་གར་སྐད་དུ། མ་ཧཱ་ཀཱ་ཤྱ་བ་སཱུ་ཏྲ། བོད་སྐད་དུ། འོད་སྲུང་ཆེན་པོའི་མདོ། ་