CLOSE WINDOW

L217: gzhon nu dpe'i mdo
Wyliee-texts produced with BDRC’s OCR application

ཏ་དང་དབོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ་ཀུ་མཱ་རི་ཏྲིཥྛ་ཏ་སཱུ་ཏྲ། ཁོང་སྐོད་དུ། གཞོན་ནུའི་དཔེའི་མདོ།། སངས་རྒྱས་དང་། བྱང ་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཀོ་ས་ལའི་ལྗོངས་རྒྱུ་ཞིང་། གཤེགས་པ་དང་། མཉན་ཡོད་དུ་བྱོན་ནས། 1 ་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུག་སོ།། ཀོ་ས་ལའི་རྒྱལ་པོ་གསལ་གྱིས་དགེ་སྦྱོང་གོའུ་ཏ་མ། ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་དང་། ་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མོད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། ཤེས་ལྡན་གོའུ་ཏ་མ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པ ་སངས་རྒྱས་པར་བདག་ཉིད་ཞལ་གྱིས་ཆེའོ་ཞེས་ཐོ་སོ།། ཐོས་ན་ས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བརྩ་མ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག ་པར་དགའ་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ། ཕྱོགས་གཅིག་ཏུ་འདུག། ཕྱོགས་གཅིག་ཏུ་འདུག་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གོའུ་ཏ་མ་བདག་གིས་ཤེས་ལྡན་གོའུ་ཏ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་བདག ་ཉིད་ཞལ་གྱིས་འཆེའོ་ཞེས་ཐོས་ལགས་ན། གོའུ་ཏ་མ་གང་དག་དེ་སྐད་ཅེས་ལུང་བསྟན་པ་དེ་དག་ཇི་ག་དགེ་སྦྱོང་གོའུ་ཏ་མ་ལ་སྐུར་པ་འདེབས་པ་མ་ལགས་སམ། ཐལ་བར་སྨྲ་བ ་ལགས་སམ། ཤེས་ལྡན་གོའུ་ཏ་མས་གསུངས་པ་བཞིན་སྨྲ་བ་ལགས་སམ། ཆོས་སྨྲ་བ་ལགས་སམ། ཆོས་དང་འཐུན་པའི་ཆོས་ལུང་སྟོན་པ་ལགས་སམ། ཇི་ག་དེ་དག་གི་དྲུང ་དུ་ཕ་རོལ་པོ་ཆོས་དང་འཐུན་པར་བརྩོད་པའི་རྗེས་སུ་རྩོད་པ་མཆིས་ན། སྨོད་པའི་ཆོས་ཀྱི་གནསུ་མི་འགྱུརརོ།། རྒྱལ་པོ་ཆེན་པོ་དེ་ཅིའི་ཕྱིར་ཞེ་ན། ངས་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ།། ཤེས་ལྡན་གོའུ་ཏ་མ་དེ་སྐད་གསུངས་མོད་ཀྱི། ཤེས་ལྡན་གོའུ་ཏ་མ་ལ་བདག་ཡིད་མི་ཆེས་ལག་སོ།། དེ་ཅིའི་སླད་དུ་ཞེ་ན། ཀྱེ་གོའུ ་ཏ་མ་རེ་ཤིག་རྒན་ཞིང་རྒན་པའི་དགེ་སྦྱོང་དང་བྲམ་ཟེ་ནི་འདི་དག་ལགས་ཏེ། འདི་ལྟ་སྟེ། འོད་བསྲུངས་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག ་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་གང་ལགས་པ་དེ་དག་ཀྱང་། ད་དུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་སངས་རྒྱས་པར་བདག་ཉིད་ག་ཡར་གྱིས་མི་ཆེ་ལགས་ན། ཤེས་ལྡན་གོའུ་ཏ་མ་འཁྲུ་ངས་ནས་རིང་པོར་མ་ལགས་པ་གསར་དུ་རབ་ཏུ་བྱུང་བས ་ལྟ་སྨོས་ཀྱང་ཅི་འཚལ། རྒྱལ་པོ་ཆེན་པོ་གཞོན་ནུ་བཞི་པོ་འདི་དག་ལ་ཁྱད་དུ་གསོད་པར་མི་བྱ། ཟིལ་གྱིས་གནན་པར་མི་བྱ་སྟེ། བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་རྒྱལ་རིགས་གཞོན་ནུ ་ཁྱད་དུ་གསད་པར་མི་བྱ། གཞོན་ནུ་ལ་ཟིལ་གྱིས་གནན་པར་མི་བྱའོ།། རྒྱལ་པོ་ཆེན་པོ་སྦྲུལ་གཞོན་ནུ་ལ་ཁྱད་དུ་གསང་བར་མི་བྱ། གཞོན་ནུ་ལ་ཟིལ་གྱིས་གནན་པར་མི་བྱའོ།། རྒྱལ ་པོ་ཆེན་པོ་མེ་ཆུང་ངུལ་ཁྱད་དུ་གསད་པར་མི་བྱ། ཟིལ་གྱིས་གནན་པར་མི་བྱའོ།། རྒྱལ་པོ་ཆེན་པོ་དགེ་སློང་གཞོན་ནུ་ཁྱད་དུ་གསང་བར་མི་བྱ། གཞོན་ནུ་ལ་ཟིལ་གྱིས་གནན་པར་མི ་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་གཞོན་ནུར་གྱུར་ཀྱང་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བའི་དགྲ་བཅོམ་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས།། བཀའ་སྩལ་ནས་ནི་བདེ་གཤེགས། ་ཀྱིསར་དེ་སྐད་ཅེས་ནི་བཀའ་སྩལ་ནས།། སྟོན་པས་གཞན་ཡང་འདི་སྐད་གསུངས།། རྒྱལ་རིགས་དཔེ་མེད་ལྡན་པ་དང་།། རིགས་བཙུན་གྲགས་པར་ལྡན་པ་ནི།། བློ་དང་ལྡན་པས་དེ་བཞིན་ཞེ། ་ཁྱད་དུ་མི་གསང་ཟིལ་མི་གནན།། རྒྱལ་པོ་རྒྱལ་རིགས་མཁས་པ་ཡིས།། རྒྱལ་སྲིད་དག་ནི་ཐོབ་གྱུར་ནས།། ཆད་པས་གསད་པའི་གནས་དེ་ཡོད།། དེ་བས་དེ་ལ་ཤིན་ཏུ་གཏུད། ་དེ་ལ་རང་གི་སྲོག་བསྲུང་ཞིང་།། རང་གི་དོན་ལ་ལྟ་བ་ས་ནི།། དེ་ནི་ཁྱད་དུ་མི་གསད་ཅིང་།། དེ་ལ་ལེགས་པར་བ་དག་ཀྱང་བྱ།། གལ་ཏེ་གྲོང་ངམ་དགོན་པའང་རུང་།། གང་དུ ་སྦྲུལ་ནི་མཐོང་གྱུར་ན།། བློ་དང་ལྡན་པས་དེ་བཞོན་ཞེས།། ཁྱད་དུ་མི་གསང་ཟིལ་མི་གནན།། འདི་ལྟར་སྦྲུལ་ནི་རྒྱུ་བ་ན།། རིགས་ནི་རྣམ་པ་སྣ་ཚོགས་ལ།། གླགས་རྙེད་ནས ་ནི་གཞོན་ནུས་ཀྱང་།། སྐྱེས་པ་བུད་མེད་དུ་མ་ཟིན།། དེ་ལྟས་རང་གི་སྲོག་སྲུང་ཞིང་།། རང་གི་དོན་ལ་ལྟ་བས་ནི།། ད་ནི་ཁྱད་དུ་མི་གསད་ཅིང་།། དེ་ལ་ལེགས་པར་བག་ཀྱང་བྱ།། འབ ་བ་མང་བ་ཟ་བྱེད་པ།། བྱིན་ཟ་ལམ་སྔོན་ལྡན་པ་དེ།། ཆུང་ཡང་ཁྱད་དུ་མི་གསད་ཅིང་།། མཁས་པས་ཟིལ་གྱིས་གནན་མི་བྱ།། ཉེ་བར་ལེན་པས་བྱིན་ཟ་ནི།། ཆུང་ངུ་གྱུར་ལས་ཆེན ་པོར་འགྱུར། མེ་ལྕེ་འབར་བས་མྱུར་བར་ནི།། གྲོང་དང་གྲོང་ཁྱེར་སྲེག་པར་བྱེད།། དེ་ཕྱིར་བདག་སྲོག་སྲུང་བྱེད་པས།། དེ་ནི་ཁྱད་དུ་མི་གསད་ཅིང་།། བདག་ཉིད་དོན་ལ་ལེགས་ལྟ་བས། ་དེ་ལ་ལེགས་པར་བག་ཀྱང་བྱ།། བྱིན་ཟ་ལམ་སྔོན་ལྡན་གྱུར་པའི།། མེའི་ཚང་ཚིང་གང་སྲེགས་པ།། དེ་ལ་ཉིན་མཚན་འདས་གྱུར་པས།། ལ་ལར་ལོ་མ་སྐྱེས་པར་གྱུར། ་གང་གིས་ཚུལ་ཁྲིམས་ལྡན་པ་ཡི།། དགེ་སློང་རྙེད་ནས་སྲོག་བྱེད་པ།། དེ་ལ་བུ་དང་ཚ་བོ་དང་།། བགོ་སྐལ་ཡོད་པར་མི་འགྱུར་ཏེ།། ཏ་ལའི་མགོ་བཞིན་མི་རིང་བར།། རིགས་རྒྱུད་དང ་ཡང་བྲལ་བར་འགྱུར།། དེ་ཕྱིར་བདག་སྲོག་སྲུང་བྱེད་པས།། དེ་ནི་ཁྱད་དུ་གསད་མི་བྱ།། བདག་ཉིད་དོན་ལ་ལེགས་ལྟ་བས།། དེ་ལ་ལེགས་པར་བག་ཀྱང་བྱ།། རྒྱལ་རིགས་དཔེ ་བྱང་ལྡན་པ་དང་།། བྲང་འགྲོ་མེ་དང་དེ་བཞིན་དུ།། དགེ་སློང་ཚུལ་ཁྲིམས་ལྡན་པ་དེ།། མཁས་པས་ཟིལ་གྱིས་གནན་མི་བྱ།། དེ་ཕྱིར་བདག་སྲོག་སྲུང་བྱེད་པས།། དེ་ནི ་ཁྱད་དུ་གསད་མི་བྱ།། བདག་ཉིད་དོན་ལ་ལེགས་ལྟ་བས།། དེ་ནི་ལེགས་པར་སྤང་བ་བྱ།། དེ་ནས་ཀོ་ས་ལའི་རྒྱ་ལ་པོ་གསལ་རྒྱལ་གྱིས།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེ་སུ་ཡི་རང་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར ་སོང་ངོ་།། གཞོན་ནུ་དཔེའི་མདོ།། རྫོགས་སྷོ།། ། རྒྱ་གར་སྐད་དུ།། ནནྡོ་བ་ནནྡ་ནཱ་ག་རཱ་ཛད་མ་ན་སཱུ་ཏྲ། བོད་སྐད་དུ། ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་འདུལ་བའི ་