| Wylie | e-texts produced with BDRC’s OCR application |
བམ་དུ་མ་ལ་གཏུགས་ནས་ཞུས་ངག་ཅི་ནུས་པརྒྱ་།། དམ་ཆོས་རྒྱས་པར་ཤོག། བཀྲ་ཤིས་པར་།། @།། རྒྱ་གར་སྐད་པུ་ཨཱརྱ་ཤི་ལ་ནི་ཀཱ་པ་སཱུ་ཏམ། བོད་སྐད་དུ། ་འཕགས་པ་རྡོ་འཕངས་པའི་མདོ། བམ་པོ་དང་པོ།། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས ་གྱང་རྣམས་ཀྱི་ལྗོངས་རྒྱུ་བ་སྤྱད་ནས་སྡིག་པར་གཤེགས་ཏེ། སྡིག་པ་ན་སྲིན་དུ་པདྨའི་ནགས་ཁྲོད་དུ་བཞུག་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ ་པ་ཀུན་དགའ་བོ་ཀུ་ཤའི་གྲོང་ཁྱེར་གལ་བར་ཚུར་ཤོག། བཙུན་པ་དེ་བཞིན་ནོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ།། ཡང་དེའི་ཚེ་ཀུ་ཤིའི་གྲོང ་ཁྱེར་གྱི་གྱད་རྣམས་ནི་གྱང་ལྔ་བརྒྱ་ཙམ་སྟེ། དེ་ལ་གྱང་རེ་རེ་ཡང་གྱད་ཀྱི་འཁོར་བརྒྱ་བརྒྱ་དང་ལྡན་ནོ།། འདུན་ས་གཅིག་ཤོས་སུ་འདུས་ཏེ་འཁོད་པ་དེ་དག་པར་གྱི་གཏམ་ཡང་དག་པ ་བརྗོད་པ་འདི་ལྟ་བུ་བྱུང་སྟེ། ཤེས་ལྡན་དག་བཅོམ་ལྡན་འདས་གྱང་རྣམས་ཀྱི་ལྗོངསུ་རྒྱུ་བ་སྤྱད། སྡིག་པར་གཤེགས་ཏེ། སྡིག་པར་སྲིན་བུ་པདྨའི་ནགས་ཁྲོད་ན་བཞུག་སོ།། དེ་ལ་སྡིག ་པར་སྐྱེས་པའི་གྱང་རྣམས་ཀྱིས་རི་མོར་བྱ་བ་མཆོག་གིས་རི་མོར་བྱས། མཆོད་པར་བྱ་བ་མཆོག་གིས་མཆོད། བླ་མ་ལ་གུས་པ་མཆོག་གིས་ཀྱང་བསྙེན་བཀུར་བྱསོ།། བཅོམ་ལྡན་འདས ་ཀྱིས་ཀྱང་དེ་དག་ལ་ཆོས་ཀྱི་སྦྱིན་པ་དམ་པ་གྱ་ནོམ་། པ་བླ་ན་མེད་པས། ཕན་གདགས་པ་མཛད་དོ།། དེ་ནས་བཅོམ་ལྡན་འདས་གནས་པ་ཇི་ལྟ་བུས་གནས་པས།། རིང་པོ་མི ་ཐོགས་པར་དགེ་སློང་གི་ཚོགས་ཀྱིས་ཡོངསུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱི་མདུན་དུ་བདར་ཏེ། བདག་ཅག་གྱི་གྲོང་གི་ཞིང་དུ་ཀུ་ཤིའི་གྲོང་ཁྱེར་དུ་གཤེགས་སྙམ་མོ།། ་དེ་ལ་གང་འོ་ན་བདག་ཅག་གིས་ཀྱང་བཅོམ་ལྡན་འདས་དེ་ལ་རི་མོར་བྱ་བ་དང་། མཆོད་པར་བྱ་བས། བདག་ལ་ཕན་པར་བྱ་བའི་ཕྱིར། ཀུ་ཤིའི་གྲོང་ཁྱེར་ཀུན་ཆོ་ག་བཞིན་དུ་ཕྱག་དར་དག ་བྱང་ཆག་ཆག་ལེགས་པར་བཏབ་པ་དང་། བྱི་དོར་ལེགས་པར་བྱ་བ་དག་བྱས་ནས། རྒྱན་དང་ལྷ་བསྒྲུབ་ཐམས་ཅད་དང་། འདུག་པ་དང་། ཕྲེང་བ་དང་། མེ་ཏོག་དང་། སྤོས་དང་ལ ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བྱ། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གཟུགས་པར་བྱ། དུས་སྟེན་དག་དུ་གནས་པར་བྱ། བཅོམ་ལྡན་འདས་ལམ་གང་ནས་གཤེགས་པར་བརྩོན ་པའི་གཤེགས་ཤུལ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དར་དག་བྱའོ།། དེ་ཕྱིན་ཆད་ནི་བདག་ཅག་ཐམས་ཅད་ཀྱིས་བསུ་བ་བྱས་འབའ་ཤིག་ན་ལེག་སོ་སྙམ་ནས། དེ་ནས་དེ་དག ་ཐམས་ཅད་ཚོགས་ཤིང་ཡང་དག་པར་དགའ་སྟེ། རྩོད་པ་དམ་ཅིང་རྩེ་གཅིག་པ་དག་དུ་བྱས་ནས། ཀུ་ཤིའི་གྲོང་ཁྱེར་ཐམས་ཅད་ཆོ་ག་བཞིན་དུ་ཕྱག་དར་བྱེད་དོ།། ཆག་ཆག་ལེགས་པར ་བདབ་པ་དང་། བྱི་དོར་ལེགས་པར་བྱ་བ་དག་བྱས་ནས། རྒྱན་དང་། ལྷབ་ལྷུབ་ཐམས་ཅད་དང་། བདུག་པ་དང་། ཕྲེང་བ་དང་། མེ་ཏོག་དང་། སྤོས་དང་། རོལ་མོའི་སྒྲ་གྱ་ནོམ་པ་དག་གིས ་བརྒྱན་པར་བྱེད།། གདུགས་དང་། རྒྱལ་མཚན་དང་། བ་དན་དག་འཛུགས་པར་བྱེད། དུས་སྟོན་ཡང་རབ་ཏུ་གནས་པར་བྱེད་དེ། གཤེགས་ཤུལ་གང་ནས་བཅོམ་ལྡན་འདས་གཤེགས ་པའི་གཤེགས་ལམ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དང་དག་བྱེད་དོ།། ཡང་དེའི་ཚེ་ཀུ་ཤིའི་གྲོང་ཁྱེར་གྱི་བར་ད་ང། ཆུ་ཀླུང་དབྱིག་ལྡན་གྱི་བར་དེ་གཉིས་ཀྱི་བར་ན། རྡོ་ཆེན ་པོ་ཡངས་པ་ཞིག་གནས་མ་ཡིན་པ་འདུག་སྟེ། ལམ་པོ་ཆེན་གནས་པ་ན་འདི་ལྟ་སྟེ། གྱེན་དུ་ནི་མདོམ་བཅོ་ལྔ་སྲིད་མངོན་དུ་འཕགས།། རྒྱར་འདོམ་ཕྱེད་དང་བརྒྱ་དོ།། དེ་ནས་དེ་དག་འདི་སྙམ ་དུ་སེམས་ཏེ། གང་འོ་ན་བདག་ཅག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་གཅིག་ཏུ་བཞག་པར་བྱའོ།། དེའི་ཕྱིར་བདག་ཅག་གིས་ལམ་ཡང་ཤིན་ཏུ་ཕྱག་དར ་བྱས་པར་འགྱུར་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར་འགྱུར་ཞིང་། ཕྱོགས་དང་ཕྱོགས་མཚམས་དག་ཏུ་ཡང་བདག་ཅག་གི་དགེ་བ། ་རྒྱ་ཆེན་པོ་གྲགས་པ་དང་། སྒྲ་དང་ཚིགསུ་བཅད་པས་མངོན་པར་འཕགས་པར་གྱུར་ཏེ། གང་དག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་ནས། ཕྱོགས་གང་ཡང་རུང་བ་ཞིག ་ཏུ་བཞག་ནས། ཀྱེ་མ་ཀུ་ཤིའི་གྲོང་ཁྱེར་གྱི་གྱང་ནི་དཔའ་བ་དག་བྱུང་།། ཀྱེ་མ་ཀུ་ཤིའི་གྲོང་ཁྱེར་གྱི་གྱང་དག་ནི་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་དག་བྱུང་བར་གྱུར་ཏོ།། ་ཞེས་ཟེར་རོ་སྙམ་ནས། དེ་ལྟར་རྗེ་སུ་རྣམ་པར་བསམས་ཏེ། དམ་བཅའ་བ་དག་བྱསོ།། ཤེས་ལྡན་དག་ཀུ་ཤིའི་གྲོང་ཁྱེར་གྱི་གྱད་དག་གམ། གྱད་གྱི་བུ་གཞོན་ནུ་དག་ཉོན་ཅིག། བདག་གིས་ལམ། ་འདི་བསྩལ་བར་བརྩོ་མོ།། རྡོ་ཆེན་པོ་ཡངས་པ། འདི་གནས་མ་ཡིན་པ་ན་འདུག་སྟེ། རྒྱལ་པོའི་ལམ་ན་གནས་པ། ས། གང་འོ་ན་བདག་གི་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི ་ནས་བཏེགནས། ཕྱོགས་གཅིག་ཤོ་སུ་བཞག་པར་བྱའོ།། དེའི་ཕྱིར་བདག་ཅག་གིས་ལམ་ཤིན་ཏུ་སྦྱངས་པར་འགྱུར་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་ཀྱང་མཆོད་པར་འགྱུར་ལ། ཕྱོགས་དང་ཕྱོགས་མཚམ་སུ་ཡང་བདག་ཅག་གིས་དགེ་བ་བརྒྱ་ཆེན་པོ་གྲགས་པ་དང་། སྒྲ་དང་ཚིག་སུ་བཅང་བས་མངོན་པར་འཕགས ་བར་འགྱུར་ཏེ། གང་དག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་ནས་ཕྱོགས་གཅིག་ཤོ་སུ་བཞག་པས་ཀྱེ་མ་ཀུ་ཤིའི་གྲོང་ཁྱེར་གྱི་གྱང་དག་ནི་དཔའ་བ་དག་བྱུང་།། ཀྱེ་མཀུ ་ཤིའི་གྲོང་ཁྱེར་གྱི་གྱང་དག་ནི་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཆེས་སྟོབས་དང་ལྡན་པ་དག་བྱུང་ངོ་།། ཞེས་ཟེར་གྱིས། དེའི་ཕྱིར་ཤེས་ལྡན་དག་རྡོ་ཆེན་པོ ་ཡངས་པ་འདི་གལ་བར་ཀུན་ཀྱང་དེང་ཤིག། དེ་བཞིན་ནོ་ཞེས་སྨྲས་ནས། ཀུ་ཤིའི་གྲོང་ཁྱེར་གྱི་གྱང་དག་ཕན་ཚུན་གྱི་ལྟར་ཉན་ཏེ། དེ་དག་སོ་སོ་ནས་བཞོན་པ་བཟབ ་པོ་དག་ལ་ཞོན་ནས། བདག་ཅག་ནི་ས་སྟེང་འདི་ན་ཆེས་སྟོབས་དང་ལྡན་པའོ་སྙམ་དུ་བློམས་སེམས་བྱེད་ཅིང་འོངས་པ་དང་། རིགས་དང་། སྟོབས་དང་། ལུས་བྱང་དང་། དབང་ཕྱུག་གི་རྒྱགས་པས་དྲེག ་ཏེསྒྲ་མཐོན་པོ་དང་། སྒྲ་ཆེན་པོས་ག་ཞ་བྱེད་ཅིང་ཅ་ཅོ་བྱེད་ལ། དགའ་མགུ་རངས་ཤིང་དགའ་བ་དང་། བདེ་བ་དང་། ཡིད་པ་སྐྱེས་སྟེ། འབྱོར་པ་ཆེན་པོ་མཆོག་གིས་ཀུ་ཤིའི་གྲོང་ཁྱེར་ནས ་བྱུང་ནས། རྟ་དང་། རྔ་མོ་དང་། བ་ལང་སྔོན་པོའི་གཙོ་བོ་དང་། ཁྱུ་མཆོག་དང་། གླང་པོ་ཆེ་དང་། སྤོས་ཀྱི་གླང་པོ་ཆེ། བརྒྱ་ཕྲག་དུ་མ་ཁྲིད་ནས། རྡོ་ཆེན་པོ་ཡངས་པ་དེ་ག་ལ་བ ་དེང་སོང་སྟེ། ཕྱིན་ནས། རྡོ་ཆེན་པོ་ཡངས་པ་དེ། དཔའི་ཐག་པ་སྲབས་ལན་མང་དུ་དཀྲིས་ནས། ཁ་ཅིག་ས་ནི་སྐས་བཅས་ཏེ་ཙ་མུན་ཛ་དང་། བལ་བ་ཛའི་ཐེག་པ ་དང་རྟས་འདྲེན་པའི་ཐེག་པ་དག་གིས་ཚུར་འདྲེན་པར་བྱེད། ཕར་འདྲེན་པར་བྱེད་དོ།། ཁ་ཅིག་ནི་ཐོང་ལྕགས་བརྒྱས་གཞི་ནས་འབྱིན་པར་འདོད་དོ།། ཁ་ཅིག་ནི་དགྲ་སྟ་དག་གིས་གཅོ ་པབར་འདོད་དོ།། ཁ་ཅིག་ནི་རྡོ་རྗེས་གདབ་པ་དག་གིས་ཕྱེ་མར་བྱ་བར་འདོད་དོ།། ཁ་ཅིག་ནི་ལུས་ཀྱི་སྟོབས་ཀྱིས་མཆུ་དག་བསྡམས་ཏེ་ཡོངསུ་བསྐྱོད་པར་འདོད་དོ།། ཁ་ཅིག་ནི་ཁྱུ་མཆོག ་དང་བ་ལང་གི་གཙོ་བོ་དག་གིས་བསྒྱེལ་བར་འདོད་དོ།། ཁ་ཅིག་ནི་བ་ལང་ཁྱུའི་སྟོབས་ཀྱིས་རབ་ཏུ་གཞོམ་པར་འདོད་དོ།། ཁ་ཅིག་ནི་སྨན་གྱི་མཐུས་གཞིག་པར་འདོད་དོ།། ཁ་ཅིག། ་ནི་སྔགས་ཀྱི་མཐུས་མི་སྣང་བར་བྱ་བར་འདོད་དོ།། དེའི་ཕྱིར་བརྩོན་པ་དང་། དྲི་ང་བ་དང་། འབད་པ་དེ་ལྟ་བུས་དེ་དག་གིས་ཅི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་གཅིག་ཅིག་ཏུ་བཞག ་གོ་སྙམ་པ་དང་། དེ་དག་ལུས་ངལ་ཞིང་ལུས་དུབ་ལ། ལུས་དགུ་བས་རབ་ཏུ་འབད་པ་སྒྱིད་ལུག་སྟེ། རྡོ་ཆེན་པོ་ཡངས་པ་དེ་བསྐུལ་བར་ཡང་མ་ནུས་ན། བསྒྲེང་བ་འམ། འཕང ་བར་ལྟ་ག་ལ་ནུས། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངསུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱི་མདུན་དུ་བྱེདར་ཏེ། གང་ན་རྡོ་ཆེན་པོ་ཡངས་པ་དེ་གནས་པའི ་ཕྱོགས་དེར་གཤེག་སོ།། ཀུ་ཤིའི་གྲོང་ཁྱེར་དུ་སྐྱེ་དས་པའི་གྱང་རྣམས་ཀྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ཁོ་ན་ནས་ཚུར་གཤེགས་པ་མསོང་སྟེ། མཐོང་ནས་ཀྱང་དགའ་འགུ ་ཞིང་རངས་ཏེ། དགའ་བ་དང་། བདེ་བ་དང་། ཡོད་བདེ་བ་སྐྱེས་ཤིང་། བླ་མ་ལ་གུས་པ་ཆེན་པོ་སྐྱེས་ནསཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ལ་བསུ་བར་བྱེད། ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་བར་བྱེད་དོ།། བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བར་བྱེད་དེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ ་བྱས་ནས་ཅང་མི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད།། བཅོམ་ལྡན་འདས་ཀྱིས་ཀུ་ཤིའི་གྲོང་ཁྱེར་གྱི་གྱང་ཕྱོགས་གཅིག་ཏུ་འཁོད་པ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ་གནོན་ནུ་དག་ཅི་འོད་ངལ་བ་ཆེན་པོ་མཆོག་གིས་ཀྱང་བརྩམས་སམ། ངལ་བར་བྱེད་དམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཀུ་ཤིའི་གྲོང་ཁྱེར་གྱི་གྱང ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདི་ལ་ཀུ་ཤིའི་གྲོང་ཁྱེར་གྱི་ཀྱང་བདག་ཅག་གིས་ནི། བཅོམ་ལྡན་འདས་གྱུང་རྣམས་ཀྱི་ལྗོངས་རྒྱུ་བ་སྤྱད་ནས ་སྡིག་པར་གཤེགས་ཏེ། སྡིག་པའི་སྲིན་བུ་པདྨའི་ནགས་ཁྲོད་ན་བཞུག་སོ།། དེ་ལ་སྡིག་པར་སྐྱེས་པའི་གྱང་རྣམས་ཀྱིས་རི་མོར་བགྱི་བ་མཆོག་གིས་རི་མོར་བགྱིས། མཆོད་པའི་མཆོག ་གིས་མཆོད། བླ་མ་ལ་གུས་པའི་མཆོག་གིས་ཀྱང་རིམ་གྲོར་བགྱིས།། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་ཆོས་ཀྱི་སྦྱིན་པ་དམ་པ་གྱ་ནོམ་པ་བླ་ན་མེད་པས་ཕན་གདགས་པར་མཛད། ་དེ་ལ་ང་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱི་ཡོངསུ་བ་སྐོར་ཅིང་། དགེ་སློང་གི་དགེ་འདུན་གྱི་མདུན་དུ་བདར་ཏེ། བྱང་ག་གི་གྲོང་གི་ཞིང་དུ་ཀུ་ཤིའི་གྲོང་ཁྱེར་དུ་གཤེག་སོ་ཞེས་ཐོས ་ལགས་སྟེ། དེ་སྐད་ཐོས་ནས་ཀྱང་བདག་ཅག་འདི་སྙམ་དུ་སེམས་ལག་སོ།། གང་འོ་ན་བདག་ཅག་གིས་ཀྱང་བཅོམ་ལྡན་འདས་དེ་ལ་རི་མོར་བགྱི་བ་དང་། མཆོད་པར་བརྒྱ ་བས་བདག་ལ་ཕན་པར་བགྱི་བའི་སླད་དུ་ཀུ་ཤིའི་གྲོང་ཁྱེར་ཐམས་ཅད་ཆོ་ག་བཞིན་དུ་ཕྱག་དར་དག་འགྱི། ཆག་ཆག་ལེགས་པར་བཏབ་པ་དང་། བྱི་དོར་ལེགས་པར་བགྱི་བ་དག་བགྱིས ་ནས་རྒྱན་དང་ལྷབ་ལྷུབ་ཐམས་ཅད་ཀྱིས་བརྒྱན་པར་བགྱི། དེ་ནས་དྲི་དང་། ཕྲེང་བ་དང་། མེ་ཏོག་དང་། བདུག་པ་དང་། རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བགྱི། གདུགས་དང་། ་རྒྱལ་མཚན་དང་། བཻ་ན་དག་ཀྱང་གཟུགས་པར་བགྱི། དུས་སྟོན་མང་རབ་ཏུ་བཞག་པར་བགྱི། ཤུལ་གང་ནས་བཅོམ་ལྡན་འདས་གཤེགས་པར་བརྩོན་པར་མཛད་པའི་གཤེགས ་ཤུལ་དེ་ལ་ཡང་ཆོ་ག་བཞིན་དུ་ཕྱག་དར་དག་བགྱི། དེང་སླན་ཆད་བདག་ཅག་ཐམས་ཅད་ཀྱིས་བསུ་བ་བགྱིས་འབའ་ཤིག་ན་ལེག་སོ་སྙམ་ནས། དེ་ནས་བདག་ཅག་ཐམས་ཅད་ཚོགས་ཤིང་ཡང ་དག་པར་དགའ་བར་འགྱིད་ལ། རྩོད་པ་མ་མཆིས་ཤིང་རྩེ་གཅིག་སྟེ། བློ་ཅིག་པར་གྱུར་ནས་ཀུ་ཤིའི་གྲོང་ཁྱེར་ཐམས་ཅད་ནི་ཆོ་ག་བཞིན་དུ་ཕྱག་དར་བགྱིས། ཆག་ཆག་ལེགས་པར་བཏབ ་པ་དང་། བྱི་དོར་ལེགས་པར་བགྱི་བ་དག་བགྱིས་ནས།། རྒྱན་དང་ལྷབ་ལྷུབ་ཐམས་ཅད་དང་། བདུག་པ་དང་། ཕྲེང་བ་དང་། མེ་ཏོག་དང་། སྤོས་དང་། རོལ་མོའི་སྒྲ་གྱ་ནོམ་པ་དག་གི་བརྒྱན ་བར་བགྱིད། གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཀྱང་འཛུགས་པར་འགྱིད། དུས་སྟོན་ཡང་རབ་ཏུ་འཇོག་པར་བགྱིད། བཅོམ་ལྡན་འདས་ཤུལ་གང་ནས་གཤེགས་པའི་ཤུལ་དེ ་ཡང་ཆོ་ག་བཞིན་དུ་ཕྱག་དར་དག་བགྱིས་པས། གོང། མ་ཆེན་པོ་ཡངས་པ་དེ་གནས་མ་ལགས་པ་ན་མཆིས་ཤིང་ཤུལ་པོ་ཆེན་གནས་པ་མཐོང་ལག་སོ།། དེ་ནས་བདག ་ཅག་འདི་སྙམ་དུ་སེམ་སོ།། གང་འོན་བདག་ཅག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་ཏེ། ཕྱོགས་གང་ཡང་རུང་བར་བན་འོ།། དེའི་ཕྱིར་བདག་ཅག་གིས་ལམ་ཡང་ཤིན ་ཏུ་ཕྱག་དར་འགྱིས་པར་གྱུར་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར་འགྱུར་ཞིང་། ཕྱོགས་དང་ཕྱོགས་མཚམས་དག་ཏུ ་ཡང་བདག་ཅག་གི་དགེ་བ་རྒྱ་ཆེན་པོ་གྲགས་པ་དང་། སྒྲ་དང་ཚིག་སུ་བཅད་པ་མངོན་དུ་འཕགས་པར་གྱུར་ཏེ། གང་དག་གིས་རྡོ་ཆེན་པོ་ཡངས་པ་དེ་ཕྱོགས་འདི་ནས་བཏེག་སྟེ། ཕྱོག ་།། གཅིག་ཤོས་སུ་འཕངས་པས། ཀྱེ་མཀུ་ཤིའི་གྲོང་ཁྱེར་གྱི་གྱང་དཔའ་བོ་དག་བྱུང་།། ཀྱེ་མ་ཀུ་ཤིའི་གྲོང་ཁྱེར་གྱི་གྱད་རྟུལ་ཕོང་བ་ཡན་ལག་མཆོག་གི་གཟུགས་དང ་ལྡན་པ་ཆེས་སྟོབས་དང་ལྡན་པ་དག་བྱུང་བར་གྱུར་ཏེ་ཞེས་ཟེར་རོ་སྙམ་ནས། དེ་ལྟར་རྗེསུ་རྣམ་པར་བསམས་ཏེ། དམ་བཅའ་བ་ཁས་བླངས་པ་དག་ནི་ཤེས་ལྡན་དག་ཀུ་ཤིའི་གྲོང་ཁྱེར ་གྱི་གྱད་དག་དང་། གྱད་ཀྱི་བུ་གཞོན་ནུ་དག་ཉོན་ཅིག། བདག་ཅག་གི་ལམ་འདི་ཕྱག་དར་བྱ་བར་འརྩོ་ནོ།། རྡོ་ཆེན་པོ་ཡངས་པ་འདི་ནི་གནས་མ་ཡིན་པ་ན་འདུག་ཅིང་། རྒྱལ་པོའི་ལམ ་ན་གནས་ཏེ། གང་འོ་ན་བདག་ཅག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་གཅིག་ཤོ་སུ་བཞག་པར་བྱའོ།། དེའི་ཕྱིར་བདག་ཅག་གིས་ལམ་ཡང་ཤིན་ཏུ་ཕྱག་དར། ་བྱས་པར་འགྱུར་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མ།། ཆོད་པར་གྱུར་ཏེ། ཕྱོགས་དང་ཕྱོགས་མཚམས་དག་ཏུ ་ཡང་ངབདག་ཅག་གིས་དགེ་བ་རྒྱ་ཆེར་གྲགས་པ་དང་། སྒྲ་དང་ཚིག་སུ་བཅད་པས། མངོན་པར་འཕགས་པར་འགྱུར་བ་ནི་གང་དག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་སྟེ། ་ཕྱོགས་གཅིག་ཤོས་སུ་འཕངས་པས། ཀྱེ་མ་ཀུ་ཤིའི་གྲོང་ཁྱེར་གྱི་གྱང་དཔའ་བ་དག་ཐིག་བྱུང་།། ཀྱེ་མ་ཀུ་ཤིའི་གྲོང་ཁྱེར་གྱི་གྱང་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས ་དང་ལྡན་པ་ཆེས་སྟོབས་དང་ལྡན་པ་དག་བྱུང་ཞེས་ཟེར་གྱིས། ཤེས་ལྡན་དག་དེའི་ཕྱིར། རྡོ་ཆེན་པོ་ཡངས་པ་དེ་ག་ལ་བར་ཀུན་ཀྱང་ཕྱིར་བྱུང་སྟེ་དེང་ཤིག། དེ་བཞིན་ནོ་ཞེས་སྨྲས་ནས། དེ་དག ་དེ་ཉིད་གཅིག་ལ་གཅིག་གིས་ལྟར་ཉན་ཏེ། སོ་སོ་ནས་བཞོན་པ་བཟང་པོ་དག་ལ་ཞོན་ཏེ། བདག་ཅག་ནི་ས་སྟེང་འདི་ན་ཆེས་སྟོབས་དང་ལྡན་པའོ་སྙམ་དུ་རློམ་སེམས་བྱེད་ཅིངས་འོངས་པ་དང་། ་རིགས་དང་། སྟོབས་དང་། ལུས་བྱད་དང་། དབང་ཕྱུག་གི་རྒྱགས་པས་དྲེགས་ཏེ། སྐད་མཐོན་པོ་དང་། སྐད་ཆེན་པོས་ག་ཞ་བྱེད་ཅིང་ཅ་ཅོ་བྱེད་ལ། དགའ་མགུ་རངས་ཤིང་དགའ་བ་དང་། ་བདེ་བ་དང་། ཡིད་བདེ་བ་སྐྱེས་ཏེ། འབྱོར་པ་ཆེན་པོ་མཆོག་གིས་ཀུ་ཤིའི་གྲོང་ཁྱེར་ནས་ཕྱིར་བྱུང་སྟེ། རྟ་དང་། རྔ་མོ་དང་། བ་ལང་སྔོན་པོའི་མཆོག་ཏུ་ཕྱིན་པ་དང་། ཁྱུ་མཆོག་དང ་གླང་པོ་ཆེ་དང་། སྤོས་ཀྱི་གླང་པོ་ཆེ་བརྒྱ་ཕྲག་དུ་མ་དེད་ནས། རྡོ་ཆེན་པོ་ཡངས་པ་དེ་ག་ལ་བ་དེར་དོང་སྟེ་ཕྱི། ན་ནས། རྡོ་ཆེན་པོ་ཡངས་པ་དེ་རྩིད་པའི་ཐག་པ་སྲབས ་རྣམ་པ་ཐམས་ཅད་དུ་བཀྲིས་ནས། དེ་དག་དང་དེ་ཉིད་ཁ་ཅིག་གིས་ནི་སྐས་བཙུགས་ཏེ། རྩ་མུན་ཙ་དང་། བལ་བ་ཛའི་ཐག་པ་དང་། རྟས་འདྲེན་པའི་ཐག་པ་དག་གིས་ཚུར ་དྲང་བར་བྱ། ཕར་དྲང་བར་བྱའོ།། ཁ་ཅིག་ནི་རྨོ་ལྕགས་བརྒྱས་རྩ་ནས་འབྱིན་པར་འདོད་དོ།། ཁ་ཅིག་ནི་དགྲ་སྟ་དག་གིས་གཅད་པར་འདོད་།། ཁ་ཅིག་ནི་རྡོ་རྗེས་གདབ་པ་དག་གི ་ཕྱེ་མར་བྱ་བར་འདོད།། ཁ་ཅིག་ནི་ལུས་ཀྱི་སྟོབས་ཀྱིས་མཆུ་དག་བསྡམས་ཏེ། ཡོངསུ་བསྐུལ་བར་འདོད།། ཁ་ཅིག་ནི་ཁྱུ་མཆོག་དག་དང་ཁ་ལང་མཆོག་ཏུ་ཕྱིན་པ་དག་གིས ་བསྒྱེལ་བར་འདོད།། ཁ་ཅིག་ནི་གླང་པོ་ཆེའི་ཚོགས་ཀྱིས་རབ་ཏུ་འཇོམས་པར་འདོད།། ཁ་ཅོག་ནི་སྨན་གྱི་སྟོབས་ཀྱིས་གཞིག་པར་འདོད་།། ཁ་ཅིག་ནི་གསང་སྔགས་ཀྱི་སྟོབས་ཀྱི ་མི་སྣང་བར་བྱེད་པར་འདོད་པར་བྱའོ།། དེའི་ཕྱིར་བདག་ཅག་གིས་བརྩོན་པ་དང་། དྲང་བ་དང་། འབད་པ་དེ་ལྟ་བུ་དག་གིས་ཅི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས ་གཅིག་ཤོས་སུ་བཞག་གོ་སྙམ་པ་དང་། དེ་དག་དང་། དེ་ཉིད་ལུས་ངལ་ཞིང་ལུས་དུབ་བ། ལུས་སྐྱིབས་དགུ་པས་ཡིད་ཀྱིས་སྒྱིད་ལུག་སྟེ། གང་འདི་ཞག་ཉི་ཤུ་རྩ་དགུར་རྩོམ་པ་བྱས ་བ་དེས་ཀྱང་རྡོ་ཆེན་པོ་ཡངས་པ་དེ་ཕྱོགས་དེ་ནས་ཡོངས་བསྐུལ་བར་ཡང་མ་ནུས་ན། བསྒྲེང་བ་འམ། འཕང་བར་ལྟ་ག་ལ་ཞིག་ནུས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་གནོན་ནུ་དག་གང་དེ་བཞིན་གཤེགས་པས་།། ཆེན་པོ་ཡངས་པ་དེ་ཕྱོགས་དེ་ནས་བཏེག་ནས། ཕྱོགས་པ་ཅིག་ཤེསུ་པང་བར་བྱེད་འདོད་དམ། བཙུན་པ་བཅོམ ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ།། བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལག་སོ།། དེ་ནས་བཅོམ་ལྡན་འདས་བླ་གོས་ཕྲག་པ་གཅིག་ཏུ་བཟར་ཏེ། ་རྗེ་ཆེན་པོ་ཡངས་པ་དེ་ག་ལ་བ་དེར་གཤེགས་ཏེ། ཕྱིན་ནས། རྡོ་ཆེན་པོ་ཡངས་པ་དེ་ཞབས་ཀྱི་མཐེ་བོ་གཡས་པས་ཡང་དག་པར་རབ་ཏུ་བསྐུལ་ཏེ། ཡང་དག་པར་རབ་ཏུ ་བསྐུལ་ནས་ཀྱང་གཞི་ནས་མ་ལུས་པར་ཕྱུང་སྟེ། ཕྱག་གཡོན་པས་བླངས་ནས་ཕྱག་གཡས་ཀྱི་མཐིལ་དུ་བཞག་སྟེ། ཡུད་ཙམ་ཞིག་དགོངས་ནས། གྱེན་དུ་ཚངས་པའི་འཇིག་རྟེན ་གྱི་བོར་དུ་འཕངས་ཏེ། མིག་ལམ་དུ་མི་སྣང་བར་གནས་པར་གྱུར་པ་དང་། དེའི་སྒྲས་ཀྱང་དག་རྔམས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་གི་རྒྱུད ་དག་མ་འཇིགས་ཤིག། གྱེན་དུ་འཕངས་པ་ཙམ་གྱིས་ཀྱང་། འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ།། ཆོས་ཐམས་ཅད་ནི་བདག་མེད་པའོ།། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་སྒྲ་དེ ་ལྟ་བུ་མཛད་དོ།། སླར་འཁོར་ནས་ཀྱང་དེ་བཞིན་གཤེགས་པའི་ཕྱག་མཐིལ་དེ་ཉིད་དུ་གནས་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་ཞལ་གྱི་དབུགས་ཀྱིས་རྡུལ་ཕྲ་རབ་ཙམ་དུ ་མཛད་དོ།། ཕྱེ་མར་མཛད་ནས་ཀྱང་ཕྱོགས་དང་ཕྱོགས་འཚམས་དག་ཏུ་རྡུལ་ཕྲ་རབ་ཏུ་ཕྱེ་མའི་ཆར་མངོན་དུ་འབབ་པར་རྩོམ་པ་མཛད་དོ།། དེ་ནས་གྱད་ཀྱི་ཚོགས་དེ་ནི་རྡོ་ཆེན ་པོ་ཡངས་པ་དེ་མེད་པར་གྱུར་པས། མཆོག་ཏུ་ཡིད་མི་བདེ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་གྱང་གྱི་ཚོགས་དེའི་སེམས་ཀུན་མཁྱེན་ཏེ། རྡོ་ཆེན་པོ་ཡངས ་བ་མེད་པས་མཆོག་ཏུ་ཡིད་མི་བདེ་བར་ཐུག་སུ། ཆུང་ནས། ཕྱི་ནས་ཀྱང་རྡོའི་ཕྱེ་མ་རྡུལ་ཕྲ་རབས་ཙམ་དེ་མ། ཚང་བ་མེད་ཅིང་ཚང་བར་གཅིག་ཏུ་བསྡུས་ཏེ་བསྡོམ ་ནས་རྡོ་ཆེན་པོ་ཡངས་པ་དེ་འདྲ་བ་ཁོ་ནར་མཛད་དེ། རྣམ་པར་དབེན་པར་ཕྱོགས་གཅིག་ཤོས་སུ་གནས་པར་མཛད་དོ།། དེ་ནས་གྱད་ལྔ་བརྒྱ་ཙམ་པོ་དེ་དག་བཅོམ་ལྡན་འདས་དེས ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཆེན་པོས་འདུན་པར་མཛད་དེ། དགའ་མགུ་རངས་ཤིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་འདི་ཅི་ལགས། དེ་དེ་བཞིན་གཤེགས་པའི་ཡབ་ཡུམ་ལས་བྱུང་བའི་སྟོབས་ལགས་སམ། འོན་ཏེ་རྫུ་འཕྲུལ་གྱི་སྟོབས་ལགས་སམ་འོན་ཏེ་བསྒོམ་པའི་སྟོབས་ལག ་གནས་འཇོག་གི་རྒྱུད་དག་གང་དེ་བཞིན་གཤེགས་པས་རྡོ་ཆེན་པོ་ཡངས་པ་ཞབས་ཀྱི་མཐེ་བོ་གཡས་པས་ཡང་དག་པར་རབ་ཏུ་བསྒྲལ་ཏེ། གཞི་ནས་མ་ལུས་པར ་ཕྱུང་ནས་ཕྱག་གཡོན་པས་བཟུང་ཏེ། ཕྱག་མཐལ་གཡས་པར་བཞག་ནས། ཡུད་ཙམ་དགོངས་ཏེ། གྱེན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕངས་པ་འདི་ནི་དེ་བཞིན་གཤེགས ་བའི་ཡབ་ཡུམ་ལས་བྱུང་བའི་སྟོབསོ།། གནས་འཇོག་གི་རྒྱུད་དག་གང་འདུ་བྱེད་ཐམས་ཅད་ནི་མོ་རྟག་པའོ།། ཆོས་ཐམས་ཅད་ནི་བདག་མེད་པའོ།། མྱ་ངན་ལས་འདས་པ་ནི་བའོ། ་ཞེས་རྡོ་ཆེན་པོ་ཡངས་པའི་སྒྲ་མཛད་པ་འདི་ནི་དེ་བ་ཞེན་གཤེགས་པའི་རྫུ་འཕྲུལ་གྱི་སྟོབ་སོ།། གནས་འཇོག་གི་རྒྱུད་དག་གང་དེ་བཞིན་གཤེགས་པས་རྡོ་ཆེན་པོ་ཡངས་པ ་དེ་ཞལ་གྱི་དབུགས་ཀྱིས་ཕྱེ་མར་མཛད་ནས། ཕྱེ་མ་རྡུལ་ཕྲ་རབ་ཙམ་དེ་གོད་པ་མེད་ཅིང་མ་ཚང་བ་མེད།། པར་གཅིག་ཏུ་བསྡུས་ཏེ། བསྡོམས་ནས་རྡོ་ཆེན་པོ་ཡངས ་བདེ་འདྲ་བ་ཁོ་ནར་མཛད་དེ། དབེན་པར་ཕྱོགས་གཅིག་ཏུ་གནས་པར་མཛད་པ་འདི་ནི་དེ་བཞིན་གཤེགས་པའི་བསྒོམས་པའི་སྟོབ་སོ།། བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ཡབ་ཡུམ་ལས་བྱུང་བའི་སྟོབས་ཇི་ལྟ་བུ་ལྡན་པ་ལགས། གནས་འཇོག་གི་རྒྱུད་དག་ཁྱོད་དེ་བཞིན་གཤེགས་པ་ལས་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ཉན་པར་འདོད་དམ་བཙུན་པ་བཅོམ་ལྡན་འདས་མཆོག་ཏུ ་། འཚལ་ལག་སོ།། བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགསོ།། གནས་འཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་པ་ཤདོད། ་གནས་འཇོག་གི་རྒྱུད་དག་མི་བཅུའི་སྟོབས་གང་ཡིན་དེ་བ་ལང་ཕལ་གཅིག་གི་སྟོབ་སོ།། བ་ལང་ཕལ་བཅུའི་སྟོབས་གང་ཡིན་པ་དེ། བ་ལང་སྔོན་པོ་གཅིག་གི་སྟོབ་སོ།། བ་ལང ་སྔོན་པོ་བཅུའི་སྟོབས་གང་ཡིན་པ་དེ། ཁྱུ་མཆོག་གཅིག་གི་སྟོབ་སོ།། ཁྱུ་མཆོག་བཅུའི་སྟོབས་གང་ཡིན་པ་དེ་གཡག་གཅིག་གི་སྟོབ་སོ།། གཡག་བཅུའི་སྟོབས་གང་ཡིན ་བདེ་བསེ་གཅིག་གི་སྟོབ་སོ།། བསེ་བཅུའི་སྟོབས་གང་ཡིན་པ་དེ། གླང་པོ་ཆེ་བ་ལ་གཅིག་གི་སྟོབ་སོ།། གླང་པོ་ཆེ་ཕལ་བཅུའི་སྟོབས་གང་ཡིན་པ་དེ། སྒྲ་གསལ་བར་མི་བྱེད་པའི ་གླང་པོ་ཆེ་གཅིག་གི་སྟོབ་སོ།། སྒྲ་གསལ་བ་མི་བྱེད་པའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ། སྒྲ་ཆེན་པོར་བྱེད་པའི་གླང་པོ་ཆེ་གཅིག་གི་སྟོབསོ།། སྒྲ་ཆེན་པོར་བྱེད་པའི ་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ། མཆེ་བ་གཅིག་པའི་གླང་པོ་ཆེ་གཅིག་གི་སྟོབ་སོ།། མཆེ་བ་གཅིག་པའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ། ཇི་སྔོན་པོའི་གླང་པོ་ཆེ་གཅིག ་གི་སྟོབ་སོ།། རི་སེར་པོ་དང་། རིདམར་པོ་དང་། རི་དཀར་པོ་དང་། དྲི་མཆོག་དང་ལྡན་པ་དང་། དྲི་དང་འཇམ་པ་དང་ལྡན་པ་དང་། དྲི་ཨུད་པ་ལ་དང་ལྡན་པ་དང་། དྲི་ཀུ་མུང་དང་ལྡན་པའི་སྟོབས་ཀྱང་དེ ་བཞིན་ནོ།། མུ་ཀུ་དའི་སྤོས་ཀྱི་གླང་པོ་ཆེའི་སྟོབས་གང་ཡིན་པ་དེ། པདྨའི་གླང་པོ་ཆེ་གཅིག་གི་སྟོབ་སོ།། པདྨའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ། པདྨ་ཆེན་པོའི་གླང་པོ་ཆེ་གཅིག ་གི་སྟོབས་སོ།། པདྨ་ཆེན་པོའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ། གངས་ཁྲོད་དུ་སྐྱེས་པའི་གླང་པོ་ཆེ་གཅིག་གི་སྟོབས་སོ།། གངས་ཁྲོད་དུ་སྐྱེས་པའི་ཀླུང ་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ། ཆེན་པོ་ཆེ་དང་ལྡན་པ་བལ་གླང་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་སོ།། ཆེན་པོ་ཆེ་དང་ལྡན་པ་བལ་ལང་སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས ་གང་ཡིན་པ་དེ། ཆེན་པོ་ཆེ་དང་ལྡན་པ་བྱེད་པོ་གཅིག་གི་སྟོབས་སོ།། ཆེན་པོ་ཆེ་དང་ལྡན་པ་བྱེད་པོ་གཉིས་ཀྱི་སྟོབས་གང་ཡིན་པ་དེ། ཆེན་པོ་ཆེ་དང་ལྡན་པ་གཅིག་གི་སྟོབ་སོ།། ་ཆེན་པོ་ཆེ་དང་ལྡན་པ་བཅུའི་སྟོབས་གང་ཡིན་པ་དེ།། རབ་གནོན་བྱེད་པོ་གཅིག་གི་སྟོབས་སོ།། རབ་ག། ནོན་ཕྱེད་པོ་གཉིས་ཀྱི་སྟོབས་གང་ཡིན་པ་དེ། རབ་གནོན ་གཅིག་གི་སྟོབས་སོ།། རབ་གནོན་བཅུའི་སྟོབས་གང་ཡིན་པ་དེ། སྟོབས་མཆོག་གི་སྟོབས་གཅིག་གོ། སྟོབས་མཆོག་གི་སྟོབས་བཅུ་གང་ཡིན་པ་དེ། ཡན་ལག ་མཆོག་གི་སྟོབས་གཅིགོ།། ཡན་ལག་མཆོག་གི་སྟོབས་བཅུ་གང་ཡིན་པ་ཡིན་པ་དེ། སྲེད་མེད་ཀྱི་བུ་ཕྱེད་ཀྱི་སྟོབས་གཅིག་གོ།། སད་མེད་ཀྱི་བུ་ཕྱེད་པོ་གཉིས་ཀྱི་སྟོབས་གང་ཡིན་པ་དེ ་སྲེད་མེད་ཀྱི་བུའི་སྟོབས་གཅིག་གོ།། སྲེད་མེད་ཀྱི་བུའི་སྟོབས་སུམ་བརྒྱ་ཉི་ཤུ་གང་ཡིན་པ་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་གི ་ཡབ་ཡུམ་ལས་བྱུང་བའི་སྟོབ་སོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྐུའི་གདན་གྱི་གནས་རེ་རེ་ལ་ཡང་། ་སྲེད་མེད་ཀྱི་བུའི་སྟོབས་འཆང་བར་མཛད་པའི་ཕྱིར་རོ།། གང་དག་འདས་པ་དང་། གང་དག་མ་བྱོན་པ་དག་དང་། གང་ཡང་ང་ད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་ཏེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ ་ངག་ཡིན་གྱི། རྒྱུ་གསུམ་པོའི་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན་ནོ།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་དག་ནི་ཡབ་ཡུམ་དག་ལས་བྱུང་བ་འི་སྟོབས་དེ་ལྟ་བུ་དང་ལྡན་པ་དག་ཡིན་ཞིང་། གང་དགའ་ངས་པ་དག་དང་། གང་དག་མ་བྱོན་པ་དག་དང་། གང་ཡང་ང ་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བ་ཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་སྟེ། མཚན་མཉམ་པ། ཡོན་ཏན ་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་མཉམ་པ་དག་ནི་མ་ཡིན།། བཙུན་པ་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ནི་བདག་ཅག་གིས་ཐོས་ལགས་ན། བཙུན་པ་དེ་བཞིན ་གཤེགས་པ་དམ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་བསོད་ནམས་ཀྱི་སྟོབས་ཇི་ལྟ་བུ་དང་ལྡན་པ་དག་ལགས། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ ་ལྡན་འདས་མཆོག་ཏུ་འཚལ་ལག་སོ།། བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལག་སོ།། དེ་ནས་གནས་འཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ ་ཟུང་ཤིག་དང་ངས་བཤད།། གནས་འཇོག་གི་རྒྱུད་དག་འཛམ་བུ་གླིང་པའི་སེམས་ཅན་རྣམས་ཀྱི་བསོད་ནམས་གང་ཡིན་པ་དེ། གླིང་གཅིག་གི་བདག་པོ་འཁོར་ལོས་བསྒྱུར ་བའི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་།། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་དཔེ ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ།། གནས་འཇོག་གི་རྒྱུད་དག། གླིང་གཉིས་ཀྱི་སེམས་ཅན་རྣམས་ཀྱི་བསོད་ནམས་གང་ཡིན་པ་དེ། གླིང་གཉིས་ཀྱི་བདག་པོ་འཁོར་ལོས་སྒྱུར ་བའི་བསོད་ནམས་དག་ཏུ་ངེས་པར་བརྟག་པ་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་། ་ཉེ་བར་མི་འགྲོའོ།། གནས་འཇོག་གི་རྒྱུད་དག་གླིང་གསུམ་གྱི་སེམས་ཅན་རྣམས་ཀྱི་བསོད་ནམས་གང་ཡིན་པ་དེ། གླིང་གསུམ་གྱི་བདག་པོ་འཁོར་ལོས་སྒྱུར་བའི་བསོད་ནམས་དག་ཏུ ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆེར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། གནས་འཇོག་གི་ཆུང ་ངག་གླིང་བཞིའི་སེམས་ཅན་རྣམས་ཀྱི་བསོད་ནམས་གང་ཡིན་པ་དེ། གླིང་བཞིའི་བདག་པོ་འཁོར་ལོས་སྒྱུར་བའི་བསོད་ནམས་ངག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང ་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། གནས་འཇོག་གི་རྒྱུད་དག་ཡང་འཁོར་ལོས་སྒྱུར་བ ་བཞི་བྱུང་སྟེ། གླིང་གཅིག་པ་དང་། གླིང་གཉིས་པ་དང་། གླིང་གསུམ་པ་དང་། གླིང་བཞི་པའི་འཁོར་ལོས་སྒྱུར་བའོ།། དེ་ལ་གླིང་གཅིག་པའི་འཁོར་ལོས་སྒྱུར་བའི་འཁོར་ལོ་ནི། ལྕག ་ལས་བྱས་པ་ཁོར་ཡུག་ཏུ་རྒྱང་གྲགས་གཅིག་ཡོད་པ་དར་འབྱུང་།། གླིང་གཉིས་པའི་འཁོར་ལོས་སྒྱུར་བའི་འཁོར་ལོ་ནི། ཟངས་ལས་བྱས་པ་འཁོར་ཡུག་ཏུ་རྒྱང་གྲགས ་གཉིས་ཡོང་བ་འབྱུང་ངོ་།། གླིང་གསུམ་པའི་འཁོར་ལོས་སྦྱར་བའི་འཁོར་ལོ་ནི། དངུལ་ལས་བྱས་པ་འཁོར་ཡུག་ཏུ་རྒྱང་གྲགས་གསུམ་ཡོད་པ་འབྱུང་།། གླིང་བཞི་པའི་འཁོར ་ལོས་སྒྱུར་བའི་འཁོར་ལོ་ནི། གསེར་ལས་བྱས་པ། རྩིབས་སྟོང་པ་ལྟེ་བ་དང་བཅས་པ། མུ་ཁྱུད་དང་བཅས་པ་ཐམས་ཅད་གསེར་ལས་བྱས་པ། ལྷ་རྫས་འོད་འཕྲོ་བ་འོད་རབ་ཏུ ་གསལ་ག་འཁོར་ཡུག་ཏུ་རྒྱང་གྲགས་པ་ནི་ཡོད་པ་འབྱུང་ངོ་།། གནས་འཇོག་གི་རྒྱུད་དག་གླིང་བཞི་པའི་འཁོར་ལོས་སྒྱུར་བ་དག། བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང ་ཡིན་པ་དེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། གྲངས་དང་། ཆ་དང་། ་།། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། རྒྱལ་པོ་ཆེན་པོ་བཞིའི་བསོད ་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། རྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། རྒྱལ་པོ ་ཆེན་པོ་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི ་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་།། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོ་འོ།། སུམ་ཅུ་རྩ་གསུམ་པའི་ལྷ་དག་བྱེ་བ་ཕྲག ་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། ལྷའི་དབང་པོ་བ་རྒྱ་བྱིན་གྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། ་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། ལྷའི་དབང་པོ་བརྒྱ་བྱིན་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། འཐབ་བྲལ་གྱི ་ལྷ་རྣམས་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། ་རྒྱུར་ཡང་ཉེ་བར་མི་འགྲོའོ།། འཐབ་བྲལ་གི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པདེ། ལྷའི་བུ་རབ་འཐབ་བྲལ་གྱི་བསོད་ནམས་ངག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། ན ་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། ལྷའི་བུ་རབ་འཐབ་བྲལ་བྱེ་བ་ཕྲག་འབུམ་གྱི་བསོད ་ནམས་གང་ཡིན་པ་དེ། དགའ་ལྡན་གྱི་ལྷ་རྣམས་ཀྱི་བསོད་ནམས་ངག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས ་དང་ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། དགའ་ལྡན་གི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། ལྷའི་བུ་ཡོངསུ་དགའ་ལྡན་གཅིག་གི་བསོད ་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡ་ང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང ་ཉེ་བར་མི་འགྲོའོ།། ལྷའི་བུ་ཡོངསུ་དགའ་ལྡན་བྱེ་བ་ཕྲག་འབྲུ། མ་གྱི་བསོད་ནམས་གང་ཡིན་པ་དེ། འཕྲུལ་དགའི་ལྷ་རྣམ་ས་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར ་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། འཕྲུལ་དགའི་ལྷ་དག་བྱེ ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། ལྷའི་བུ་རབ་འཕྲུལ་དགའ་གཅིག་གི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང ་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། ལྷའི་བུ་རབ་འཕྲུལ་དགའ་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བསོད་ནམས་ངག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང ་གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། ལྷའི་བུ་དབང་སྒྱུར་གྱི ་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར ་མི་འགྲོའོ།། ལྷའི་བུ་དབང་སྒྱུར་དག་བྱེ་བ་ཕྲག་འབུམ་གྱི་བསོ་དེ་ནམས་གང་ཡིན་པ་དེ། ཚངས་རིས་ཀྱི་ལྷ་རྣམས་ཀྱི་བསོད་ནམས་ངག་ཏུ་ངེས་པར་བྱས་ཀྱང་། བརྒྱའི་ཆར་ཡང ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲང་ས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། ཚངས་རིས་ཀྱི་ལྷ་དག་བྱེ་བ་ཕྲག་འབུམ་གྱི ་བསོད་ནམས་གང་ཡིན་པ་དེ། འཁོར་གྱི་བདག་པོ་ཚངས་པའི་བསོད་ནམས་ངག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི ་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། ཚངས་རིས་དག་ཇི་ལྟ་བར་ཚངས་པའི་མདུན་ན་འདོན་དག་དང་། ཚངས་པ་ཆེན་པོ་དག་དང་། འོད་ཆུང་དག་དང་། ་ཚད་མེད་འོད་དག་དང་། འོད་གསལ་དག་དང་། དགེ་ཆུང་དག་དང་། ཚད་མེད་དགེ་དག་དང་། དགེ་བརྒྱས་དག་དང་། སྤྲིན་མེད་དག་དང་། བསོད་ནམས་སྐྱེས་དག་དང་། འབྲས་བུ་ཆེ་བ་དག་དང་། མི་ཆེ་བ ་ངག་དང་། མི་གདུང་དག་དང་། གྱ་ནོམ་སྣང་དག་དང་། ཤིན་ཏུ་མཐོང་དག་དང་། འོག་མིན་དག་ཀྱང་དེ་བཞིན་ནོ།། འོག་མིན་གྱི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་རང་སངས ་རྒྱས་བསེ་རུ་ལྟ་བུ་གཅིག་གི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང ་དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། རང་སངས་རྒྱས་བསེ་རུ་ལྟ་བུ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། བྱང་ཆུབ་སེམས་དཔའ་བྱམས་པ་གཅིག་གི་བསོད་ནམས ་ངག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། བྱང ་ཆུབ་སེམས་དཔའ་བྱམས་པ་དག་བྱེ་བ་ཕྲག་འབུམ་གྱི་བསོ། དེ་ནམས་གང་ཡིན་པ་དེ། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་གཅིག་གི་བསོད་ནམས་དག་ཏུ་ངེས་པར་བརྟག ་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔོ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། བྱང་ཆུབ་སེམས་དཔའ་སྲིད ་པ་ཐ་མ་པ་དག་གང་གའི་ཀླུང་གི་བྱེ་མ་དང་མཉམ་པ་སྙེད་ཀྱི་བསོད་ནམས་གང་ཡིན་པ་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་གི་བསོད ་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི ་འགྲོའོ།། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། བསོད་ནམས་ཀྱི་སྟོབས་དེ་ལྟ་བུ་དང་ལྡན ་བདག་ཡིན་ཞིང་། གང་དག་འདས་པ་དང་། གང་དག་མ་བྱོན་པ་དང་། གང་དག་ང་ད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས ་ཅད་མཉམ་པ་དང་མཉམ་སྟེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི་རྒྱུ་གསུམ་པོ་རིགས་དང་སྐུ་ཆེ་དང་། ་སྐུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན་ནོ།། བཙུན་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡ ་ཡུམ་ལས་བྱུང་བའི་སྟོབས་ཀྱང་ཐོས་ལགས། བསོད་ནམས་ཀྱི་སྟོབས་ཀྱང་ཐོས་ལགས་ན། བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག ་ཤེས་རབ་ཀྱི་སྟོབས་ཇི་ལྟ་བུ་དང་ལྡན་པ་དག་ལྤགས། གནས་འཇོག་གི་རྒྱུད་དག་ཁྱེད་དེ་བཞིན་གཤེགས་པ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ས ་རྒྱས་རྣམས་ཀྱི་ཤེས་རབ་ཀྱི་སྟོབས་ཉན་པར་འདོང་ངམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལག་སོ།། བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལག་སོ།། གནས་འཇོག་གི་རྒྱུད་དག ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དངངས་བཤད་དོ།། གནས་འཇོག་གི་རྒྱུ་དག་བརྒྱ་བཚོ་ཆེན་པོན། རབ་སུ་དཔག་ཆད་བརྒྱད་ཁྲི་ཡོད་ལ། རྒྱར་དཔག་ཏུ་མེང་རྩི ་དེ་སྣག་ཅའི་སྙིང་ཀུས་ཡོངས་སུ་གང་པར་གྱུར་ཅིང་། རིའི་རྒྱལ་པོ་རི་རབ་དཔག་ཚད་བརྒྱང་ཁྲི་ཆུའི་ནང་ནས་མངོན་དུ་འཕགས་ཏེ། རིན་པོ་ཆེ་སྣ་བཞི་ལས་བྱས་ཤིང་། ངོས་བཞི་ཡོད་པ ་དེའི་ངོས་གཅིག་ནི་གསེར་ལས་བྱས་པ་ཡིན། ངོས་གཉིས་པ་ནི་དངུལ་ལས་བྱས་པའོ།། གསུམ་པ་ནི་བཻ་ཌཱུརཱ་ལས་བྱས་པའོ།། བཞི་ནི་ཤེལ་ལས་བྱས་པ་སྟེ། དེ་ལ་གསེར་ངོསུ་ནི་བྱུང ་གི་སྒྲ་མི་སྙན་གྱི་གླིང་སྣང་།། དངུལ་ལས་བྱས་པའི་ངོས་ནི། ཤར་གྱི་ལུས་འཕགས་གླིང་སྣང་ངོ་།། བཻ་ཌཱུཪྻ་ལས་བྱས་པའི་ངོས་ན་མི་འཛམ་བུའི་གླིང་སྣང་།། ཤེལ་ལས་བྱས་པའི་ངོས ་ན་ནི་བ་གླང་སྦྱོང་གྱི་གླིང་སྣང་ངོ་།། རིའི་རྒྱལ་པོ་རི་རབ་དཔག་ཚད་བརྒྱད་ཁྲི་འོག་ཏུ་ཆུའི་ནང་དུ་ནུབ་སྟེ། གསེར་ལས་བྱས་པའི་ས་སྟེང་གི་བར་ན་གནས་པ་དེ། གྲོ་གའི་ཤོག་ཤོག་ཙམ ་དུ་གྱུར་ལ། གླིང་བཞིན་སེམས་ཅན་གྱི་ཁམས་གང་སུ་དག་ཡོད་པ། ཡི་གེ་བ་རྣམས་ནི་དེ་ཙམ་དུ་གྱུར་ཏེ།། ས་ཆེན་པོའི་སྟེང་ན། རྩཝ་དང་། ཤིང་དང་། ཤིང་གི ་ཡལ་ག་དང་། ཤིང་གི་དུམ་བུ་གང་ཅི་ཡང་རུང་། སྨྱུ་གུ་དག་ནི་དེ་ཙམ་དུ་གྱུར་ནས། གནས་འཇོག་གི་རྒྱུད་དག། སྣག་ཙའི་སྙིང་ཁུ་རྒྱ་མཚོ་ཆེན་པོ་ཙམ་དང་། གྲོ་གའི་ཤོག ་ཤོག་རི་རབ་ཙམ་དང་། ཡི་གེ་བདག་གླིང་བཞི་པའི་སེམས་ཅན་གྱི་ཁམས་ཙམ་དང་། སྨྱུ་གུ་དགས་ཆེན་པོའི་སྟེང་ན་རྩ་དང་། ཤིང་དང་། ཡལ་ག་དང་། ཤིང་གི་དུམ་བུ་ཙམ་ནི་ཚྭ ་མྱུར་དུ་ཡོངསུ་ཟད་པ་དང་། ཡོངསུ་གཏུགས་པར་འགྱུར་གྱི། དགེ་སློང་ཤཱ་རིའི་བུའི་ཤེས་རབ་ཟད་པར་འགྱུར་བར་ནི་ང་མི་སྨྲའོ།། གནས་འཇོག་གི་རྒྱུད་དག། དགེ་སློང་ཤཱ་རིའི་བུ་ནི། ཤེས་རབ ་ཀྱི་སྟོབས་དེ་ལྟ་བུ་དང་ལྡན་ནོ།། གནས་འཇོག་གི་རྒྱུད་དག་འདི་ལྟ་སྟེ། རྣམ་པར་སྣང་བྱེད་ཉི་མ་དག་ནི། ཀུན་ཏུ་འགྲོ་བ་དང་། ཕྱོགས་སྣང་བར་བྱེདའོ།། དེ་སྲིད་དུ་སྟོང་གི་འཇིག ་རྟེནམ་ཟླ་བ་སྟོང་དང་། ཉི་མ་སྟོང་དང་། རིའི་རྒྱལ་པོ་རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། བ་ལང་སྤྱོད་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། འཛམ་བུ་གླིང་སྟོང་དང་། རྒྱལ་ཆེན་བཞིའི ་རིས་ཀྱི་ལྷ་སྟོང་དང་། སུམ་ཅུ་རྩ་གསུམ་པ་དག་དང་། འཐའ་བྲལ་དག་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་སྟོང་སྟོང་དང་། ཚངས་པའི་འཇིག་རྟེན་སྟོང་པོ་འདི་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི ་ཁམས་ཤེས་བྱའོ།། སྟོང་ཆུ་ངུའི་འཇིག་རྟེན་གྱི་ཁམས་སྟོང་གི་སྟོང་གང་ཡིན་པ་འདི་མི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཤེས་བྱའོ།། སྟོང་གཉིས་པ་བར་མའི་འཇིག ་རྟེན་གྱི་ཁམས་ཕྲག་སྟོང་གང་ཡིན་པ་འདི་ནི། སྟོང་། གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཤེས་བྱའོ།། ། གནས་འཇོག་གི་རྒྱུད་དག་སྟོང་གསུམ་གྱི་སྟོང་ཆེན ་པོའི་འཇིག་རྟེན་གྱི་ཁམས་དེ་ཡང་། ཤེས་རབ་དགེ་སློང་ཤཱ་རིའི་བུ་དང་འདྲ་བ་དག་གིས་གང་བར་གྱུར་ལ། དེ་བཞིན་གཤེགས་པའི་ཤེས་རབ་དུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི ་ཆར་ཡང་ཉེ་བར་མི་འགྲོའོ།། སྡོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། གནས་མཆོག་གི་རྒྱུད་དག་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་ཤེས་རབ་ཀྱི་སྟོབས་དེ་ལྟ་བུ་དང་ལྡན་པ་དག་ཡིན་ཞིང་། གང་དག་འདས་པ་དག་དང་། གང་དག་མ་བྱོན་པ་དག་དང་། གང་ཡང་ངང་ལྟ ་ད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་། མཉམ་པ་སྟེ། མཚན་མཉན་ག། ཡོན་ཏན་མཆུ། ་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱི་མཉམ་པ་དག་ནི་མ་ཡིན།། བཙུན་པ་བདག་གིས་དེ་བཞིན ་གཤེགས་པ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱང་ཐོས་ལགས་བསོད་ནམས་ཀྱི་སྟོབས ་ཀྱང་ཐོས་ལགས། ཤེས་རབ་ཀྱི་སྟོབས་ཀྱང་ཐོས་ལགས་མ་བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག། པར་རྫོགས་པའི་སངས་རྒྱས་གང་རྫུ་འཕྲུལ་གྱི་སྟོན ་ཇི་ལྟ་བུ་དང་ལྡན་པ་ལགས། གནས་འཇོག་གི་རྒྱུད་དགེ། ཁྱེད་དེ་བཞིན་གཤེགས་པ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་རྣམས་ཀྱི་རྫུ་འཕྲུལ་གྱི་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལག་སོ།། བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགསོ།། གནས་འཇོག་གི ་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤ།། གནས་འཇོག་གི་རྒྱུད་དག་དུས་འདི་ནི་གཅིག་སྟེ། རྩ་བི་ར་ན་དང་ལྡན་པར་གནོད་སྦྱིན ་འདམ་བུ་དང་འདྲ་བར་རྩུ་བའི་དོང་ཀའི་ཤིང་དྲུང་ན་བཞུག་སོ།། ཡང་དེའི་ཚེ་བི་ར་ན་དང་ལྡན་པ་ན། དཀའ་བ་འབྲོག་དགོན་པ་སློང་མོ་བས་བསོད་སྙོམས་རྙེད་པར་དཀའ་བའི་མུ་གེ ་བྱུང་སྟེ་དགེ་སློང་དག་ཀྱང་ཟས་ངན་པས་ཡོངསུ་དུབ་པ་ཡིན་ནོ།། དེ་ནས་དགེ་སློང་མོའུ་དགལ་གྱི་བུ་ངག་ལ་བ་དེར་སོང་སྟེ་ཕྱིན་ནས་ང་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ ་ད་ལྟ་བ་རྩ་བི་ར་ན་དང་ལྡན་པར་དཀའ་འབྲོག་དགོན་པ་སློང་མོ་པས་བསོད་སྙོམས་སྙེད་པར་དཀའ་བའི་མུ་གེ་བྱུང་ལགས་ཏེ། དགེ་སློང་དག་ཀྱང་། དབྱར་ཟས་ངན་པས་ཡོངསུ་དུབ་ལ་གསོ ་བཙུན་པ་བཅོམ་ལྡན་འདས་ལས་བདག་གིས་མངོན་དུ་ཐོས་ཤིང་མངོན་དུ་བཟུང་ལགས་ཏེ། དོགས་ཆེན་པོ་འདི་ལ་དོག་ས་ལས་བྱུང་བའི་རོའི་ཁམས་གྱ་ནོམ་པ་གང་ལགས་པ་དེ་ནི། ་འོག་ན་གནས་ལགས་ཤིང་། བདག་ཀྱང་བདག་ཉིད་ཀྱི་ཡང་ད་དག་པར་ཤེས་པ་མཐོང་བ་འཇུག་ལག་སོ།། དོག་ས་ཆེན་པོ།། འདི་ལ་དོག་ས་ལས་བྱུང་བའི་རོའི་ཁམས་གྱ་ནོམ ་པ་གང་ལགས་པ་དེ་ནི། འོག་ན་གནས་པ་ལགས་ཏེ། བཙུན་བ་དེའི་སླད་དུ་དོག་ས་ཆེན་པོ་བསྒྱུར་བར་བདག་འཚལ་ལག་སོ།། ངོག་ས་ཆེན་པོ་འདིའི་འོག་མ་རོའི་ཁམས་རྒྱ ་ནོམ་པ་གང་ལགས་པ་དེ། སྟེང་ན་མཆིས་པར་བགྱི་ལག་སོ།། སྟེང་ན་མཆིས་པ་གང་ལགས་པ་དེ། འོག་ན་མཆིས་པར་འགྱི་ལག་སོ།། དེ་ལ་འདི་སྐད་ཅེས་ཀྱང་ངས་བཀའ་སྩལ་ཏོ།། ་མོའུ་དགལ་གྱི་བུ་ས་ཆེན་པོ་བསྒྱུར་བར་འདོད་ངམ། དེས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་དོག་ས་ཆེན་པོ་སྦྱར་བར་འཚལ་ལག་སོ།། དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གནས་འདིར ་གནས་ཏེ། ས་ཆེན་པོ་བསྒྱུར་བར་འདོད་དམ། དེས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འཁོར་ཡུག་དང་ཁོར་ཡུག་ཆེན་པོ་དག་གི་གན་སུ་གནས་ཏེ། དོག་ས་ཆེན་པོ་བསྒྱུར་བར་འཚལ་ལགས། ་དེ་ལ་ཡང་འདི་སྐད་བཀའ་སྩལ་ཏོ།། མོའུ་དགལ་གྱི་བུ་ས་ཆེན་པོ་བསྒྱུར་བར་འདོད་ན། གང་དག་ས་ལ་རྟེན་པའི་སེམས་ཅན་དང་། སྲོག་ཆགས་དེ་དག་ཅི་ལྟར་བྱེད་དེས་འདི་སྐད་ཅེས ་གསོལ་ཏོ།། བཙུན་པ་དོག་ས་ཆེན་པོ་བསྒྱུར་བ་ལགས་ཏེ། གང་དག་དོག་ས་ལ་རྟེན་པའི་སེམས་ཅན་དང་། སྲོག་ཆགས་དེ་དག་ལག་པ་གཡོན་པས་བླངས་ཏེ་གཟུང་བར་བགྱི་ལག་སོ།། ་ལགས་པ་གཡས་པས་ནི་ས་ཆེན་པོ་བསྒྱུར་བར་བགྱི་ལག་སོ།། དེ་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏེ། མོའུ་དགལ་གྱི་བུ་ཆེན་པོ་ས་ཆེན་བསྒྱུར་བར་བྱེད་པ་ནི། ཅི་ལྟ་བུའི་འདུ་ཤེས་དང་ལྡན ་བར་བྱེད། ངེས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་ས་ཆེན་པོ་བསྒྱུར་དབར་འབགྱི་བ་ན། འདུ་ཤེས་མཆོག་ཏུ་ཡང་བ་དང་ལྡན་པར་བགྱི་ལགས་ཏེ། འདི་ལྟ་སྟེ། སྐྱེས་བུ་སྟོབས་དང་ལྡན་པ་ཞིག་ཆུ་ཤིང་གི ་འདབ་མ་བསྒྱུར་བར་བགྱིད་པ་ན་འདུ་ཤེས་མཆོག་ཏུ་ལྡན་པར་བགྱིའོ་ལག་སོ།། བཙུན་པ་དེ་བཞིན་དུ་བདག་ས་ཆེན་པོ་བསྒྱུར་བར་བ་གྱིང་པ་ན། འདུ་ཤེས་མཆོག་ཏུ་ཡང་བ་དང་ལྡན་པར་བགྱིད ་ལག་སོ།། དེ་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། མེའུ་དགལ་གྱི་བུ་ལེག་སོ་ལེག་སོ།། མོའུ་དགལ་གྱི་བུ་ཁྱོད་ཀྱིས་རྫུ་འཕྲུལ་དེ་དང་ཐབས་དེས་ས་ཆེན་པོ་བསྒྱུར་བར་མི་ནུས་པར་གྱུར་ནས་ཆེན་པོ ་བསྣུར་བར་དེ་བཞིན་གཤེགས་པ་ཁྱོད་ལ་གནང་བར་མི་མཛད།། མོའུ་དགལ་གྱི་བུ་དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་ཕལ་ཆེར་ཁ་ཟས་ཀྱི་རོ་ལ་ཆགས་ཤིང་། ཁ་ཟས་ཀྱི་རོ་ལ་རྨོངས་ཏེ། ཀུན་ཏུ ་གཏི་མུག་པར་འགྱུརརོ།། མོའུ་དགལ་གྱི་བུ་དེ་ཅིའི་ཕྱིར་ཞེ་ན། ས་ཆེན་པོའི་སྟེངས་ཅན་ན་མ་ལས་བྱུང་བའི་རོའི་ཁམས་གྱ་ནོམ་པ་དེ་ཡང་ཡུན་རིང་དུ་མི་གནས་ཏེ། རིང་པོ་མི་ཐོགས་པར། དེ་ས་ཆེན་པོའི ་སྟེང་ནས་ཐམས་ཅད་ཀྱི་ཐམས་ཅད་དུ་ནུབ་པར་འགྱུའོ།། དེའི་ཕྱིར་སེམས་ཅན་དང་། འབྱུང་པོ་དང་། སྲོག་ཆགས་དེ་དག་ཀྱང་ཁ་ཟས་ཀྱི་རོལ་ཆགས་ཤིང་ཁ་ཟས་ཀྱི་རོལ་རྨོངས ་ཏེ་མཆོག་ཏུ་མྱོས་པར་འགྱུར་བ་འམ། སྲོག་ཆད་ནས་ཤི་བའི་དུས་བྱེད་པར་འགྱུར་ཏེ། མོའུ་དགལ་གྱི་བུ་དེའི་ཕྱིར་ས་ཆེན་པོ་བསྒྱུར་བ་དེ་བཞིན་གཤེགས་པ་ཁྱོད་ལ་གནང་བར་མི་མཛད་དོ།། ་གནས་འཇོག་གི་རྒྱུད་དག། དགེ་སློང་མོའུ་དགལ་གྱི་བུ་ནི་རྫུ་འཕྲུལ་གྱི་སྟོབས་དེ་ལྟ་བུ་དང་ལྔམོ།། གནས་འཇོག་གི་རྒྱུད་དག་འདི་ལྟ་སྟེ། རྣམ་པར་སྣང་བྱེད་ཀྱི་ཉི་མ་དག་ནི།། ཀུན་ཏུ་འགྲོ་བ་ན ་ཕྱོགས་སྣང་བར་བྱེད་དོ།། དེ་སྲིད་དུ་སྟོང་གི་འཇིག་རྟེན་ན་ཟླ་བ་སྟོང་དང་། ཉི་མ་སྟོང་དང་། རིའི་རྒྱལ་པོ་རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། བ.ལང་སྤྱོད་སྟོང་དང་། བྱང་གི་སྒྲ ་མི་སྙན་སྟོང་དང་། འཛམ་བུ་གླིང་སྟོང་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་སྟོང་དང་། སུམ་བཅུ་རྩ་གསུམ་པ་དག་དང་། འཐབ་བྲལ་དང་། དང་། དགའ་ལྡན་དག་དང་། འཕྲུལ་དགའ་དག་དང་། གཞན ་འཕྲུལ་དབང་བྱེད་ཀྱི་ལྷ་སྟོང་དང་། ཚངས་པའི་འཇིག་རྟེན་སྟོང་པོ་འདི་ནི། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཤེས་བྱའོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་དེ་ནི། སྟོང་གཉིས ་པ་བར་མའི་འཇིག་རྟེན་གྱི་ཁམས་ཤེས་བྱའོ།། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཕྲག་སྟོང་གང་ཡིན་པ་འདི་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཤེས་བྱའོ།། ་འཕགས་པ་རྡོ་འཕངས་པའི་མདོ།། བམ་པོ་གཉིས་པ་སྟེ་ཐ་མའོ།། །། གནས་འཇོག་གི་རྒྱུད་དག། སྟོང་གསུམ་གྱི་ཁམས་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཡང་རྫུ་འཕྲུལ་དང་ལྡན ་པ་དགེ་སློང་མོའུ་དགལ་གྱི་བུ་དང་འདྲ་བ་དག་གིས་གང་བར་གྱུར་ལ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ངེས་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི ་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ནི། ལུས་ཀྱི་འགྲོ་བ་ཡིན་ཞིང་། དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་ནི་ཡིད་ལྟར་མགྱོགས་པ་ཡིན་པའི་ཕྱིར་ཏེ། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་རྫུ་འཕྲུལ་གྱི་སྟོབས་དེ་ལྟ་བུ་དང་ལྡན་པ་དག་ཡིན་ཞིང་། གང་དག་འདས་པ་ངག་དང་། གང་དག་མ་བྱོན་པ་དག་དང་། གང་ཡང ་ངང་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པའི་སངས་རྒྱས། ཐམས་ཅད་མཉམ་པ་དང་མཉམ་སྟེ། མཚན ་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱི་མཉམ་དྲུག་ནི ་མ་ཡིན་ནོ།། བཙུན་པ་བདག་ཅག་གིས་དེ་བཞིན་གཤེགས་པ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི ་སྟོབས་ཀྱང་ཐོས་ལགས། བསོད་ནམས་ཀྱི་སྟོབས་ཀྱང་ཐོས་ལགས། ཤེས་རབ་ཀྱི་སྟོབས་ཀྱང་ཐོས་ལགས། རྫུ་འཕྲུལ་གྱི་སྟོབས་ཀྱང་ཐོས་ལགས་ན། བཙུན་པ་དེ་བཞིན་གཤེགས་པ ་། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་བསྒོམ་པའི་སྟོབས་ཇི་ལྟ་བུ་དང་ལྡན་པ་དག་ལགས། གནས་འཇོག་གི་རྒྱུད་དག་ཁྱེད་དེ་བཞིན་གཤེགས ་པ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསྒོམ་པའི་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལག ་སོར་བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལག་སོ།། གནས་འཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད།། གནས་འཇོག་གི་རྒྱུད་དག་འཇིམ ་ཁུ་གླིང་ཆུ་དང་། རྒྱར་ནི་དཔག་ཚད་བདུན་སྟོང་ཡོད་དེ། བྱང་ཕྱོ་གསུ་ནི་ཡངས་ལ། ལྷོ་ཕྱོགསུ་ཤིང་རྟའི་དབྱིབ་སོ།། གནས་འཇོ་ངག་གི་རྒྱུད་དག། ཤར་གྱི་ལུས་འཕགས་གླིང་ནི་ཆུང ་དཔག་ཚད་བརྒྱད་སྟོང་ཡོད་དེ། ཟླ་གམ་དུ་གནས་སོ།། གནས་འ་ཇོག་གི་རྒྱུད་དག་པ་ལང་སྤྱོད་ཀྱི་གླིང་ནི། ཆུར་དཔག་ཚད་དགུ་སྟོང་ཡོད་ལ། ཀུན་ཏུ་ཟླུམ་པོའོ།། གནས་འཇོག་གི་རྒྱུད ་དག་བྱང་གི་སྒྲ་མི་སྙན་གྱི་གླིང་ནི། ཆུར་དཔག་ཚད་ཁྲི་ཡོད་དོ།། ཀུན་ནས་གྲུ་བཞིའོ།། གནས་འཇོག་གི་རྒྱུད་དག་གང་གླིང་བཞིར་དུས་མེད་པའི་སྤྲིན་ཆེན་པོ་ཡང་དག་པར་འོང་བའི་དུས་དེ་ཡོད ་དེའི་ཚེ་གླིང་ཆེན་པོ་བཞི་ནས་ཆུ་ཆེན་པོའི་རྒྱུན་དང་། ཆུ་ཆེན་པོའི་ཕུང་པོ་རྒྱ་མཚོ་ཆེན་པོར་འབབ་སྟེ། དེ་བཞིན་གཤེགས་པ་ཆུའི་ཐིགས་པ་རེ་རེ་ལ་ཆུའི་ཐོགས་པ་འདི་ནི། འཛམ་བུ་གླིང་ན ་ཆར་འབབ་པའོ།། གྲོང་ཆེ་གེ་མོ་དང་། གྲོང་རྡལ་ཆེ་གེ་མོ་དང་། ལྗོངས་ཆེ་གེ་མོ་དང་། ལྗོངས་ཀྱི་ཕྱོགས་ཆེ་གེ་མོ་དང་། ཤིང་ལྗོན་པ་ཆེ་གེ་མོ་དང་། སྡོང་པོ་ཆེ་གེ་མོ་དང་། ཡལ་ག་དང་། འདབ་མ་དང་། ་མེ་ཏོག་དང་། འབྲས་བུ་དང་། རྩ་དང་། ཤིང་དང་། ཡལ་ག་དང་། ཤིང་གི་དུམ་བུ་ཆེ་གེ་མོ་ལས་ཆར་འབབ་པའོ།། འདི་ནི་བ་ལང་སྤྱོད་པ་དང་། ཤར་གྱི་ལུས་འཕགས་དང་། བྱང་གི་སྒྲ་མི་སྙན་གྱི། ་གླིང་ནས་ཆར་འབབ་པའོ།། གྲོང་ཆེ་གེ་མོ་དང་། གྲོང་རྡལ་ཆེ་གེ་མོ་དང་། ལྗོངས་ཆེ་གེ་མོ་དང་། ལྗོངས་ཀྱི་ཕྱོགས་ཆེ་གེ་མོ་དང་། ཤིང་ལྗོན་པ་ཆེ་གེ་མོ་དང་། སྡོང་པོ་ཆེ་གེ་མོ་དང་། ཡལ་ག་དང ་འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། རྩ་དང་། ཤིང་དང་། ཡལ་ག་དང་། ཤིང་གི་དུམ་བུ་ཆེ་གེ་མོ་ལས་ཆར་བབ་པོ་ཞེས་ཡོངསུ་དཔྱོད་པར་མཛད་དེ། ཆུའི་ཐིགས་པ་དེ་ཡང་། རྡུལ་ཕྲ ་རབ་ཙམ་དུ་ཡོངསུ་དཔྱོད་པར་མཛད་དོ།། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག་ས་པའི་སངས་རྒྱས་དག་ནི་བསྒོམ་པའི་སྟོབས་དེ་ལྟ ་བུ་དང་ལྡན་པ་དག་ཡིན་ཞིང་། གང་དག་འདས་པ་དག་དང་། གང་དག་མ་བྱོན་པ་དག་དང་། གང་ཡང་ངད་ལྟ་ད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་པ་སྟེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ ་ངག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ས ་རྒྱས་ནི། སྟོབས་བཅུ་གཞན་དག་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེང ་གེའི་སྒྲ་སྒྲོགས་པར་མཛད་ཅིང་། གང་དག་འདས་པ་དག་དང་། གང་དག་མ་བྱོན་པ་དག་དང་། གང་ཡང་ད་ལྟ་ད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་སྟེ། མཚན་མཉམ་གཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ ་བདག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིནོ།། གནས་འཇོག་གི་རྒྱུད་དག་སྟོབས་བཅུ་གང་དག་དང་། ལྡན་ཞེ་མ་འདི་ལ་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་གནས་ལ་ཡང་གནས་དང་། གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་རབ ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ས་ངས་རྒྱས་རྣམས་ནི། གནས་ལ་ཡང་གནས་དང་། ཀནྡ ་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་ངག་ནི་སྟོབས་དང་པོ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས ་པར་མཛད་དོ།། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དང་། ་ཆོས་ཡང་དག་པར་ལེན་པ་དག་ལ་གནས་དང་། རྒྱུ་དང་། དངོས་པོ་དང་། རྣམ་པར་སྨིན་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། འདས་པ་དང་། མ་འོངས་དང་། ད་ལྟར་བྱུང་བའི་ལས་དང་། ཆོས་ཡང་དག་པར་ལེན་པ་དག་ལ་གནས་དང་། རྒྱུ་དང་། དངོས ་པོ་དང་། རྣམ་པར་སྨིན་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག ་ནི་སྟོབས་གཉིས། བདེ་དང་ལྡན་པ་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེས་ཏེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར ་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།། གནས་འཇོག་གི་རྒྱུད་ངག། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་གིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་གནས་པ་དང་། རྣམ་པར་དག་པ་ཡ ་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་སངས་རྒྱས་རྣམས་ནི། བསམ་གཏན་དང་། ་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་གིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་གནས་པ་དང་། རྣམ་པར་དག་པ་ཡང་དག་པར་ཇི་ལྟ་བ་བཞིན ་། དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། སྟོབས་གསུམ་པ་དེ་དང་ལྡན་པ་དག་ཡིན ་ཞིང་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་།། གནས་འཇོག་གི ་རྒྱུད་དག་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་དབང་པོ་མཆོག་དང་། ་མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུང་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ། ་ནིར་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི།། དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཉིད་ཡང་དག་པར།། ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི ་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་བཞི་པ་དེ་དང་ལྡན་པ་དག་ཡིན་ཞིང་།། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱི་འཚེ ་སྟེ་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད།། གནས་འཇོག་གི་རྒྱུད་དག། བཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་བར་རྫོགས་པའི་སངས་རྒྱས་རྣམས་ནི། སེམས་ཅན་གཞན་དག་དང་། གང་བག་གཞན་དག་གོ་མོས་པ་སྣ་ཚོགས་ཉིད་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག་འདི་ལྟལ ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་མོས་པ་སྣ་ཚོགས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན ་དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། སྟོབས་ལྔ་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གན ་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།། གནས་འཇོག་གི་རྒྱུད་དག། གཞན་ཡང་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ཁམས་སྣ་ཚོགས་པ་ཁམས་དུ་མ་དང་ལྡན་བའི་འཇིག་རྟེན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན ་ཏེ་གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་ས་ནི་ཁམས་སྣ་ཚོགས་པ་ཁམས་དུ་མ་དང་ལྡན་པའི ་འཇིག་རྟེན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། སྟོབས་དྲུག ་བདེ་དག་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོག། ་པར་མཛད།། གནས་འཇོག་གི་རྒྱུད་དག། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ཐམས་ཅད་དུ་འགྲོ་བའི་ལམ་ཡང ་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི ་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་དག་ནི་སྟོབས་བདུན་པ་དེ་དང་ལྡན་པ་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ ་སྤོགས་པར་མཛད་དོ།། གནས་འཇོག་གི་རྒྱུད་དག། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར ་རྗེ་སུ་དྲན་པར་མཛ་།། འདི་ལྟ་སྟེ། ཚེ་རབས་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། ཁ། རྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། ་བཞི་བཅུ་དང་། ལྔ་བཅུ་དང་། ཚེ་རབས་བརྒྱ་དང་། ཚེ་རབས་སྟོང་དང་། ཚེ་རབས་བརྒྱ་སྟོང་དང་། ཚེ་རབས་བརྒྱ་ཕྲག་དུ་མ་དང་། ཚེ་རབས་སྟོང་ཕྲག་དུ་མ་དང་། ཚེ་རབས་བརྒྱ་སྟོང་ཕྲག་དུ་མ་དང་། ་འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པའི་བསྐལ་དུ་མ་དང་། འཆགས་པའི་བསྐལ་པ་དུ་མ་དང་། འཇིག་པ་དང་། ་ཆགས་པའི་བསྐལ་པ་དུ་མ་ཡང་དག་པར་རྗེ་སུ་དྲན་པར་མཛད་ཅིང་། སེམས་ཅན་འབྱུང་བ་དེ་དག་ནི། མིང་འདི་དག་ཅེས་བྱ་བར་གྱུར་ཏོ།། དེ་དག་དུ་བདག་ཅག་མིང་འདི་དག་ཅེས་བྱ་བར་གྱུར་ཏོ། ་རིགས་དག་ནི་འདི་དག་ཅེས་བྱ། རུས་དག་ནི་འདི་དག་ཅེས་བྱ། ཟས་དག་ནི་འདི་ལྟ་བུ་དག་ཅིག་ཟ་ག། བདེ་བ་དང་སྡུག་བསྔལ་བ་ནི་འདི་ལྟ་བུ་དག་ཅིག་མྱོང་། ཚེ་ནི་འདི་ཙམ་ཞིག་ཏུ་རིང་བར་གྱུར་ཡུན ་ནི་འདི་སྲིད་དག་ཅིག་ཏུ་གནས་གནས། ཚེ་དག་ནི་འདི་ཙམ་དག་ཅིག་ཐུབ། དེ་དག་དང་བདག་ཅག་གནས་དེ་ནས་ཤི་འཕོས་ཏེ། ཆེ་གེ་མོ་ཞིག་ཏུ་སྐྱེས་པ་དག་ཏུ་གྱུར། དེ་ནས་ཀྱང་ཤི་འཕོས་ནས་ཆེ་གེ ་མོ་ཞིག་ཏུ་སྐྱེས་པ་དག་ཏུ་གྱུར།། དེ་ནས་ཀྱང་ཤི་འཕོས་ནས་ཡང་འདིར་སྐྱེས་པ་དག་ཏུ་གྱུར་ཏོ་ཞེས་རྣམ་པ་དང་བཅས་ཤིང་། ཡུལ་ཕྱོགས་དང་བཅས་ལ། གཞི་ཅི་ལས་གྱུར་པ་དང་བཅས་པར་སྔོན ་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེ་སུ་དྲན་པར་མཛད་ལ།། ངནས་འཇོག་གི་རྒྱུད་དག། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྔོན ་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེ་སུ་དྲན་པར་མཛད་དེ། 2དེ་ལྟ་སྟེ། ཚེ་རབས་གཅིག་དང་། གཉིས་དང་། གསུམ་དང་། བནི།། དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། ་བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་འཅུ་ལྔ་ཅུ་དང་ཚེམས་བརྒྱ་དང་། ཚེ་རབས་སྟོང་དང་། ཚེ་རབས་བརྒྱ་སྟོང་དང་། ཚེ་རབས་བརྒྱ་ཕྲག་དུ་མ་དང་། ཚེ་རབས་སྟོང་ཕྲག་དུ་མ་དང་། ཚེ་རབས་བརྒྱ་སྟོང་ཕྲག ་དུ་མ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་། འཆགས་པའི་བསྐལ་པ་དུ་མ་དང་། འཇིག་པའི་བསྐལ་པ་དུ་མ་དང་། འཆགས་པའི་བསྐལ་པ་དུ་མ་དང་། ་འཇིག་པ་དང་། འཆགས་པའི་བསྐལ་པ་དུ་མ་ཡང་དག་པར་རྗེསུ་དྲན་པར་མཛད་ཅིང་། སེམས་ཅན་འབྱུང་བ་དེ་དག་ནི་མིང་འདི་དག་ཅེས་བྱ་བར་གྱུར་ཏོ།། དེ་དག་ཏུ་བདག་ཅག་མིང་འདི་དག་ཅེས ་། བྱ་བར་གྱུར་ཏོ།། རིགས་དག་ནི་འདི་དག་ཅེས་བྱ། རུས་དག་ནི་འདི་དག་ཅེས་བྱ་ཟས་དག་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་། སྡུག་བསྔལ་བ་ནི་འདི་ལྟ་བུ་དག་ཅིག་མྱོང་། ་འདི་ཙམ་ཅིག་ཏུ་རིང་བར་གྱུར།། ཡུན་ནི་འདི་སྲིད་དག་ཅིག་གནས་གནས། ཚེ་དག་ནི་འདི་ཙམ་དག་ཅིག་ཐུག་དེ་དག་དང་བདག་ཅག་གནས་དེ་ནས་ཤི་འཕོས་ནས། ཆེ་གེ་མོ་ཞིག་ཏུ་སྐྱེས ་པ་དག་ཏུ་གྱུར།། དེ་ནས་ཀྱང་ཤི་འཕོས་ནས་ཡང་འདིར་སྐྱེས་པ་དག་ཏུ་གྱུར་ཏོ་ཞེས་རྣམ་པ་དང་བཅས་ཤིང་། ཡུལ་ཕྱོགས་དང་བཅས་ལ། གཞི་ཅི་ལས་གྱུར་པ་དང་། བཅས་པར་སྔོན་གྱི ་གནས་རྣམ་པ་དུ་ཡང་དག་པར་རྗེ་སུ་དྲན་པར་མཛད།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་སངས་རྒྱས་དག་ནི། སྟོབས་བརྒྱད་པ ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་ཁོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ། ཏེ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི ་སྒྲ་སྒྲོགས་པར་མཛད།། གནས་འཇོག་གི་རྒྱུད་དག། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ལྷའི་སྨན་རྣམ་པར་དག་པ་མི ་ལས་འདས་པས་སེམས་ཅན་ཤི་འཕོ་བ་དག་དང་། སྐྱེ་བ་དག་དང་། མདོག་བཟང་པོ་དང་། མདོག་ངན་པ་དག་དང་། དམན་པ་དག་དང་། གྱ་ནོམ་པ་དག་དང་། བདེ་འགྲོ་དག་དང་། ངན་འགྲོར ་འགྲོ་བ་དག་ལ་གཟིགས་པར་མཛད་ཅིང་། སེམས་ཅན་ལས་ཇི་ལྟ་བ་བཞིན་དུ་ཉེ་བར་དོང་བ་དག་སེམས་ཅན་འབྱུང་བ་དེ་དག་ནི། ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་། ངག་དང་། ་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དག་དང་། ལོག་པར་ལྟ་བ་དག་ཡིན་ཏེ། ལོག་པར་ལྟ་བའི་ལས་དང་། ཆོས་ཡང་དག་པར་ལེན་པའི་རྒྱུས། ་དེའི་རྒྱུ་དང་དེའི་རྐྱེན་ཀྱིས་ལུས་ཞིག་ནས་ཤི་ཕན་ཆད་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་རྣམསུ་སྐྱེ་བར་འགྱུརརོ།། ཡང་ན་སེམས་ཅན་འབྱུང་བ་དག་ནི། ལུས་ཀྱི་ལེགས། ་པར་སྤྱོད་པ་དང་ལྡན་པ་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་དག་དང་། ཡང་དག་པར་ལྟ་བ་དག་ཡིན་ཏེ། ཡང་དག་པའི ་ལྟ་བའི་ལས་དང་། ཆོས་ཡང་དག་པར་ལེན་པའི་རྒྱུས། དེའི་རྒྱུ་དང་། དེའི་རྐྱེན་གྱིས་ལུས་ཞིག་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུརརོ་ཞེས་ཡང་དག ་པ་ཇི་ལྟར་བཞིན་དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུ་དེ་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ལྷའི ་སྤྱན་རྣམ་པར་དག་པ་མི་ལས་འདས་པས། སེམས་ཅན་འཆི་འཕོ་བ་དག་དང་། སྐྱེ་བ་དག་དང་། མདོག་བཟང་པོ་དག་དང་། མདོག་ངན་པ་དག་དང་། དམན་པ་དང་། གྱ་ནོམ་བདག་དང་། བདེ་འགྲོ ་དང་ངན་འགྲོར་འགྲོ་བ་དག་ལ་གཟིགས་པར་མཛད་ཅིང་། སེམས་ཅན་ལ་ཇི་ལྟ་བ་བཞིན་དུ་ཉེ་བར་དོང་བ་དག་ལ། སེམས་ཅན་འབྱུང་བ་དེ་དག་ནི། ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན ་བདག་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་པ་རྣམས་ལ་བསྐུར་བ་འདེབས་པ་དག་དང་། ལོག་པར་ལྟ་བ་དག་ཡིན་ཏེ། ལོག་པར་ལྟ་བའི་ལས་དང་། ་ཆོས་ཡང་དག་པར་ལེན་པའི་རྒྱུས་དེའི་རྒྱུ་དང་། རྐྱེན་གྱིས་ལུས་ཞིག་ནས་ཤི་ཕན་ཆད་ངན་སོང་ངན་འགྲོར་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུརརོ།། ་ཡང་ན་སེམས་ཅན་འབྱུང་བ་དེ་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་དག་དང་། ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ ་ངག་དང་། ཡང་དག་པར་ལྟ་བ་དག་ཡིན་ཏེ། ཡང་དག་པའི་ལྟེ་བའི་ལས་དང་། ཆོས་ཡང་དག་པར་ལེན་པའི་རྒྱུས། དེའི་རྒྱུ་དང་། དེའི་རྐྱེན་ཀྱིས་ལུས་ཞིག་ནས། བདེ་འགྲོ་དང་། མཐོ་རིས་ཀྱི་འཇིག ་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུརརོ།། ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་དག་ནི་སྟོབས་དགུ་པ་དེ་དག་དང་ལྡན་པ།། ངག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས།། འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང ་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།། གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་རྣམས་ནི། ཟག་པ་ཟང་ནས། ཟག་པ་མེད་པའི་སེམས་རྣམ་པར་གྲོལ་གཤེས་རབ་རྣམ་པར་གྲོལ་བ། མཐོང་བའི་ཆོས་ཉིད་བདག་ཉིད་ཀྱིས་མངོན་པར་མཁྱེན་པས། མངོན་དུ་མཛད་དེ། རྫོག ་པར་མཛད་ནས་རབ་ཏུ་མཁྱེན་ཅིང་། ངེད་ཅག་གི་སྐྱེ་བ་འདི་ནི་ཟའོ།། ཚངས་པར་སྦྱོང་བ་ནི་སྟེན་ཏོ།། མཛད་པ་མཛདདོ།། འདི་ལས་སྲིད་པ་གཞན་རབ་ཏུ་མི་མཁྱེན་ཏེ། གནས་འཇོག་གི་རྒྱུད ་། དགང་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ཟག་པ་དག་ཟད་ནས། ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ་ཤེས། ་རབ་རྣམ་པར་གྲོལ་ག་མཐོང་བའི་ཆོས་ཉིད་ལ་བདག་ཉིད་ཀྱིས་མངོན་པར་མཁྱེན་པས། མངོན་དུ་མཛད། རྫོགས་པར་མཛད་ནས། རབ་ཏུ་མཁྱེན་ཅིང་། ངེད་ཀྱིས་སྐྱེ་བ་འདི་ནི་ཟད་དོ།། ཚང ་པར་སྤྱོད་པ་ནི་བསྟོན་ཏོ།། མཛད་པ་མཛད་དོ།། འདི་ལས་སྲིད་པ་གཞན་རབ་ཏུ་མི་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ས ་རྒྱས་དོག་མི་སྟོབས་བཅུ་དེ་དག་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེདངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི ་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།། གང་དག་འདས་པ་དག་དང་། གང་དག་མ་བྱོན་པ་དག་དང་། གང་ཡང་དང་ལྟ་ད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་དང་མཉམ་པ་དང་མཉམ་སྟེ། མཚན་མཉམ་ག། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག ་ཡིན་གྱི་རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱི་མཉམ་པ་དག་མ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ཀུ་ཤིའི་གྲོང་ཁྱེར་ནས་སྐྱེས་པ་གྱད་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འོ་ན། ་ཅི་གང་སྟོབས་དེ་དག་ལས་ཆེས་སྟོབས་དང་ལྡན་ཞིང་། གང་སྟོབས་དེ་དག་ཟིལ་གྱིས་གནོན་པར་བགྱིད་པའི་སྟོབས་གཞན་མཆིས་ལགས་སམ། གནས་འཇོག་གི་རྒྱུད་དག། གང་སྟོབས་དེ་དག ་། ལས་ཆེས་སྟོབས་དང་ལྡན་ཞིང་། གང་སྟོབས་དེ་དག་ཟིལ་གྱིས་གནོན་པར་བྱེད་པའི་སྟོབས་གཞན་ཡོད་དེ་འདི་ལྟ་སྟེ། གང་དེ་ཉིད་ཀྱི་མཚན་མོའི་གུང་ཐུན་ལ་མཚན་གྱིས་རྣམ ་བར་བརྒྱན་པ། དཔེ་བྱད་བཟང་པོས་རྣམ་པར་མཛེས་པར་བྱས་པའི་སྐུ་འདི་དང་། སྟོབས་དེ་དག་གི་སྣོད་དུ་གྱུར་པའི་སྐུ་སྲོག་འདི་རབ་ཏུ་འཇོམས་པར་འགྱུར་བའི་མོ་རྟག་པ་ཉིད་ཀྱི་སྟོབས་ཤེས ་བྱའོ།། གནས་འཇོག་གི་རྒྱུད་དག། འདི་ནི་གང་སྟོབས་དེ་དག་ལས་ཆོས་སྟོབས་དང་ལྡན་ཞིང་། གང་སྟོབས་དེ་དག་ཟིལ་གྱིས་གནོན་པར་བྱེད་པའི་སྟོབས་གཞན་དེ་ཡིན་ནོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་དེའི་ཚེ་ཚིག་སུ་བཅད་པ་དག་བཀའ་སྩལ་པ། ལུས་ལས་བྱུང་བའི་སྟོབས་དང་བསོད་ནམས་སྟོབས།། ཡེ་ཤེས་སྟོབས་དང་རྫུ་འཕྲུལ་སྟོབས་པས་ཀྱང་།། ངའི་གཟི་བརྗིད་འཇོམས་པ ་མི་རྟག་ཉི།། མཆོག་ཏུ་སྟོབས་དང་ལྡན་པར་བཞེད་པ་ཡིན། གང་དུ་དེ་དང་འདྲ་བའི་སྐུ་ལུས་ནི།། གསེར་གྱི་རོའི་དབང་པོའི་རྩེ་མོ་འདྲ།། མི་རྟག་ཉིད་ཀྱི་གཟི་བརྗིད་ཀྱིས་བཅོམ་ནས། ་ངའི་འཇིག་པ་འོང་བར་འགྱུར་བ་ཡིན།། མི་རྟག་ཉིད་ཀྱི་སྟོབས་ནི་སྟོབས་མཆོག་པར།། མཁས་པ་ཡིས་ནི་རྣམ་པར་ཤེས་བྱས་ཏེ།། གང་དུ་མི་རྟག་ཉིད་ནི་མི་འོང་བའི།། མི་འཆི་བའི་གནས་དེ་ཐོབ་པར ་བྱའོ།། བཅོམ་ལྡན་འདས་ལས་ཀུ་ཤིའི་གྲོང་ཁྱེར་ནས་སྐྱེས་པ་གྱང་རྣམས་ཀྱི་དེ་སྐད་ཐོས་ནས་རྨོངས་པར་གྱུར་ཏེ། ཇི་ལྟར་ཡང་འདུ་ཤེས་ཐོབ་པ་དག་ཏུ་གྱུར་ནས། ས་ལ་འགྲེ་ལྡོག་སྟེ། འདི་ལྟ་སྟེ། ཤིང་གི ་སྡོང་བུ་བཞིན་ནོ།། ཁ་ཅིག་ནི་དཔུང་པ་དག་བསྣོལ་ཏེ་རབ་ཏུ་ངུ་བར་བྱེད་དོ།། ཁ་ཅིག་ནི་སེམས་ཀྱི་སྡུག་བསྔལ་དང་ཀུན་ཏུ་ལྡན་ཞིང་འཁོད་དོ།། ཁ་ཅིག་ནི་ཆོས་ཉིད་ཁོ་ན་ལ་རྟོག་པར་བྱེད། བཅོམ ་ལྡན་འདས་ཀྱིས་བདག་ཅག་ལ་དང་པོ་ཉིད་དུ་འདོད་པ་དང་སྡུག་པ་དང་། བཀའ་བ་དང་། ཡིད་དུ་འོང་བ་ཐམས་ཅད་ལས་དངོས་པོ་ཐ་དད་པ་དང་། མེད་པར་འབྱུང་བ་དང་འབྲལ་བ་དང་། མི་ལྡན་པ་འབྱུང ་བར་འགྱུར་ཞེས་གསུངསོ་སྙ་མོ།། དེ་ནས་ཀུ་ཤིའི་གྲོང་ཁྱེར་ནས་སྐྱེས་པའི་གྱང་རྣམས་ཐི་བའི་སྐད་ལྟར་སྙན་ཅིང་འཇེབས་པ་རིང་ཞིང་འཇམ་དབུགས་ཕྱུང་ནས། མཆི་མ་དག་ཕྱུང་སྟེ། བཅོམ་ལྡན ་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ། རྡོ་ཆེན་པོ་ཡངས་པ་དེའི་ཕྱོགས་གཅི ་ཏུ་བཞུག་སོ།། ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཀྱང་རྡོ་ཆེན་པོ་ཡངས་པ་དེ་ཉིད་ཀྱི་ཕྱོགས་གཅིག་ཏུ་འཁོད།། ། དེ་ནས་བཅོམ་ལྡན་འདས་ཀུ་ཤིའི་གྲོང་ཁྱེར་ནས་སྐྱེས ་པའི་གྱང་རྣམས་ལ་ཤད་ཀྱིས་སྦྱོང་བ་ལྟར་མཛད་ཅིང་། ཀུ་ཤིའི་གྲོང་ཁྱེར་ནས་སྐྱེས་པའི་གྱང་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གནས་འཇོག་གི་རྒྱུད་དག་རྡོ་ཆེན་པོ་ཡངས་པ་འདི ་ནི་བསྐལ་པ་དང་པོ་པའི་མི་རྣམས་ཀྱི་རྩོལ་བའི་རྡོར་གྱུར་ཏེ། འདི་ལྟར་དེང་སང་ཡང་དེ་ལ་སོར་མོའི་རྗེས་དག་སྣང་བའི་ཕྱིར།། གནས་འཇོག་གི་རྒྱུད་དག་། དེ་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་པ ་མི་རྟེན་པ། ཡིད་བརྟན་ཏུ་མི་རུང་བ། རྣམ་པར་འགྱུར་བའི་ཆོས་ཅན་དག་ཡིན་ཏེ། འདུ་བྱེད་ཐམས་ཅད་ཀྱི་བར་གྱི་ཆོ་ག་པ་ཉིད་དོ།། སྐྱོ་བར་བྱ་བའི་རིགས་སོ།། འདོད་ཆགས་དང་བྲལ་བར་བྱ་བའི ་རིག་སོ།། རྣམ་པར་གྲོལ་བར་བྱ་བའི་རིག་སོ།། གནས་འཇོག་གི་རྒྱུད་དག་རྒྱ་མཚོ་ཆེན་པོ་ནི་རྒྱུ་བཞིས་སྐམ་པར་མི་ནུསོ།། གཞི་གང་གིས་ཞེ་ན། འོག་ཏུ་ནི་གསེར་གྱི་འཁོར་ལོས་ཀུན་ཏུ་བཟུང ་། དང་ངོས་ནི་འཁོར་ཡུག་གིས་ཡོངསུ་བཟུང་བ་དང་། སྟེང་ནས་ནི་ཀླུ་ཆེན་པོ་དག་གིས་ཤིང་རྟའི་སྲོག་ཤིང་ཙམ་དུ་ཆུའི་རྒྱུན་གྱི་ཆར་འབེབས་པར་བྱེད་པ་དང་། ཆུ་བོ་ཆེན ་པོ་ཐམས་ཅད་ཆུ་ཀླུང་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ་རྒྱ་མཚོ་ཆེན་པོར་འབབ་པར་བྱེད་པའོ།། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་རྒྱ་མཚོ་འདི་ཡང་། རྒྱུ་བཞིས་ནུབ་པར་མི་འགྱུརརོ།། བཞི ་གང་དག་གིས་ཞེ་ན། འོག་ཏུ་ནི་འདུལ་བའི་གསེར་གྱི་འཁོར་ལོས་ཀུན་ཏུ་བཟུང་བ་དང་། ངོསུ་ནི་མདོ་སྡེའི་ཁོར་ཡུག་གིས་ཡོསུ་བཟུང་བ་དང་། ཆོས་མངོན་པའི་ཀླུ་ཆེན་པོའི་ཆར་གྱིས་ཀུན་ཏུ ་ཡོངསུ་གང་བར་བྱས་པ་དང་། བསྒོམ་པ་ལ་བྱུང་བའི་དགེ་བའི་རྩ་བའི་ཆུ་ཀླུང་དག་གིས་ཡོངསུ་རྒྱས་པར་བྱས་པའོ།། གནས་འཇོག་གི་རྒྱུད་དག། འོན་ཀྱང་སངས་རྒྱས་ལ་དགེ་བའི ་རྩ་བ་སྐྱེད་པ་ནི། འཁོར་བར་ཟད་པར་མི་འགྱུར། ཡོངསུ་ག་ཏུ་གས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པར་ཡང་ཐོབ་པར་བྱེའོ།། ཆོས་ལ་དགེ་བའི་རྩ་བ་སྐྱེད་པ་དང ་དགེ་འདུན་ལ་དགེ་བའི་རྩ་བ་སྐྱེད་པ་ནི། འཁོར་བར་ཟད་པར་མི་འགྱུར། ཡོངསུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད།། གནས་འཇོག་གི་རྒྱུད་དག ་འཛམ་བུ་གླིང་འདི་ནི་ཆུ་དང་ཞེང་དུ་དཔག་ཚད་བདུན་སྟོང་ཡོད་ཅིང་ཁྱང་ཕྱོགསུ་ནི་ཡངས་ལ། ལྷོ་ཕྱོགསུ་ཤིང་རྟའི་དབྱིབས་ཡིནོ།། དེ་ནི་གོམ་པ་འདི་སྙེད་ཅིག་ཡོད་ཞེས་འམ། གོམ་པ་སྟོང་ངམ ་གོམ་པ་བརྒྱ་སྟོང་ཞིག། ཡོད་ཞེས་གྲངས་པ་དང་། ཚད་གཟུང་བར་མི་ནུས་ཀྱི། གནས་འཇོག་གི་རྒྱུད་དག། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚངད་གཟུང་བར་མི་ནུས ་སྟེང་འཁོར་བར་ཟད་པར་མི་འགྱུར།། ཡོངསུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ ་བསྐྱེད་པ་ནི། བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངསུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེའོ།། གནས་འཇོག་གི ་རྒྱུད་དག། འཛམ་བུའི་གླིང་ལྟ་ཞོག་གི། གནས་འཇོག་གི་རྒྱུད་དག། ཤར་གྱི་ལུས་འཕགས་གླིང་ཞེས་བྱ་ག་ཆུ་དང་བརྒྱར་དཔག་ཚད་བརྒྱད་སྟོང་ཡོད་ཅིང་། ཟླ་གམ་དུ་གནས་པ་ཡོད་དེ། དེ་ལ ་ཡང་གོམ་པ་འདི་སྙེད་ཅིག་ཡོད་དོ་ཞེས་འམ། གོམ་པ་བརྒྱའམ། གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་ཞིག་ཡོད།། ཞེས་བགྲང་བ་དང་། ཚད་གཟུང་བར་ནུས་ཀྱི། གནས་འཇོག་གི་རྒྱུད་དག། ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུརལོ་ངསུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩེ་བ་བསྐྱེད་པ་ནི། བགྲང་བ་དང་། ཆང་བཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ་ཡོངསུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེའོ།། གནས་འཇོག་གི་རྒྱུད་དག། འཛམ་བུའི་གླིང་ཡང་ཞོག། ཤར་གྱི་ལུས་འཕགས་གླིང་ཡང་ཞག་གི། ་གནས་འཇོག་གི་རྒྱུད་དག་བ་ལང་སྤྱོད་ཀྱི་གླིང་ཞེས་བྱ་ག་ཆུ་དང་རྒྱར་དཔག་ཚད་དགུ་སྟོང་ཡོད་ཅིང་། ཀུན་ཏུ་ཟླུམ་པོ་ཡོད་དེ་ལ་ཡང་གོམ་པ་འདི་སྙེད་ཅིག་ཡོད་ཞེའམ། གོམ་པ་བརྒྱའམ ་། གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་ཞིག་ཡོངོ་ཞེས་བགྲང་བ་དང་། ཚད་བཟུང་བར་ནི་ནུས་ཀྱི། གནས་འཇོག་གི་རྒྱུད་དག། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་མི་བགྲང་བ་ད ་ཚད་བཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངསུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེའོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན ་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངསུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེའོ།། ་གནས་འཇོག་གི་རྒྱུད་དག། འཛམ་བུའི་གླིང་ཡང་ཞོག། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཡང་ཞོག། ཤར་གྱི་ལུས་འཕགས་གླིང་ཡང་ཞོག་གི། གནས་འཇོག་གི་རྒྱུད་དག་། བྱང་གི་སྒྲ་མི ་སྙན་གྱི་གླིང་ཞེས་བྱ་བ་ཆུ་དང་རྒྱར་དཔག་ཚད་ཁྲི་ཡོད་ཀུན་ཏུ་གྲུ་བན་པ་ཡོད། དེ་ལ་ཡང་གོམ་པ་འདི་སྙེད་ཅིག། ཡོད་ཞེའམ། གོམ་པ་བརྒྱའམ། གོམ་པ་སྟོང་ངམ། གོམ་པ ་སྟོང་ཞིག་ཡོདདོ་ཞེས་བགྲང་བ་དང་། ཚད་གཟུང་བར་ནུས་ཏེ། གནས་འཇོག་གི་རྒྱུད་དག། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར ་མི་འགྱུར། ཡོངསུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་བ་ཡང་ཐོབ་པར་བྱེའོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང ་བདང་། ཆང་གཟུང་བར་མི་ནུས་ཏེ། འཁོར་བར་བང་བར་མི་འགྱུར། ཡོངསུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེའོ།། གནས་འཇོག་གི་རྒྱུད་དག། ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ལྟ་ཞོག་གི། གནས་འཇོག་གི་རྒྱུད་དག། རིའི་རྒྱལ་པོ་ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དེ་དག་ཡོད།། དེ་གཉིས་ལ་ཡང་སྲང་འདི་སྙེད་ཅིག་ཡོད་ཞེ་འམ་སྲང ་བརྒྱ་འམ། སྲང་སྟོང་ངམ། སྲང་བརྒྱ་སྟོང་ཞིག་ཡོད་ཞེས་བགྲང་བ་དང་། ཚད་གཟུང་བར་ནུས་ཏེ། གནས་འཇོག་གི་རྒྱུད་དག། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་གཟུང ་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངསུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེའོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངསུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེདའོ།། གནས་འཇོག ་གི་རྒྱུད་དག། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱང་ཞོག། རིའི་རྒྱལ་པོ་འཁོར་ཡུག་ཆེན་པོ་དག་ཀྱང་ཞོག་གི། གནས་འཇོག་གི་རྒྱུད་དག། རྒྱ་མཚོ་ཆེན་པོ་ནི། ཟབ་སུ ་དཔག་ཚད་བརྒྱད་ཁྲི་ཡོད་ཅིང་། རྒྱར་ནི་དཔག་ཏུ་མེད་པའོ།། དེ་ལ་ཡང་བུམ་པ་འདི་སྙེད་ཅིག་ཡོད་དོ་ཞེ་འམ། བུམ་པ་བརྒྱ་འམ། བུམ་པ་སྟོང་ངམ། བུམ་པ་བརྒྱ་སྟོང་ཞིག་ཡོདོ་ཞེས་བགྲང་བ ་དང་ཚད་གཟུང་བར་ནུས་ཀྱི། གནས་འཇོག་གི་རྒྱུད་དག། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར།། ཡོངསུ ་གཏུགས་པར་མི་འགྱུར། ཞིང་། མྱ་ངན་ལས་འདས་པ་མི་ཟང་པ་ཡང་ཐོབ་པར་བྱེའོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད ་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངསུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེའོ།། གནས་འཇོག་གི་རྒྱུད་དག། ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱང་ཞོག། རིའི་རྒྱལ་པོ་ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དག་ཀྱང་ཞོག། རྒྱ་མཚོ་ཆེན་པོ་ཡང་ཞོག་གི། གནས་འཇོག་གི་རྒྱུད་དག་རིའི་རྒྱལ་པོ་རི་རབ་ནི། དཔག ་ཚད་བརྒྱད་ཁྲི་ཆུ་ལས་གྱེན་དུ་མངོན་པར་འཕག་སོ།། དེ་ལ་ཡང་སྲང་འདི་སྙེད་ཅིག་ཡོད་ཞེས་འམ། སྲང་བརྒྱ་འམ། སྲང་སྟོང་ངམ། སྲང་བརྒྱ་སྟོང་ཞིག་ཡོད་ཞེས་བགྲང་བ་དང་། ཚད་གཟུང་བར་ནུས་ཀྱི། ་གནས་འཇོག་གི་རྒྱུད་དག། སངས་རྒྱས་ལ་དགེ་བའི་རྩ་བ་བ་སྐྱེད་པ་ནི། བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བ་ར་ཟད་པར་མི་འགྱུར། ཡོངསུ་གཏུགས་པར་མི་འགྱུར་ཞིང་། ་མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར ་བར་ཟད་པར་མི་འགྱུར། ཡོངསུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེའོ།། གནས་འཇོག་གི་རྒྱུད་དག། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། སྦྱིན་པས་དཔག་ཏུ་མེད་པ་དག་གི་ཕྱིར་རོ།། ཚུལ་ཁྲིམས་གྱིས་དཔག་ཏུ་མེད་པ་དག་དང་། བཟོད་པས་དཔག་ཏུ་མེད་པ་དག་དང་། བརྫུན་འགྲུས་ཀྱིས ་དཔག་ཏུ་མེད་པ་དག་དང་། བསམ་གཏན་གྱིས་དཔག་ཏུ་མེད་པ་དག་དང་། ཤེས་རབ་ཀྱིས་དཔག་ཏུ་མེད་པ་དག་དང་། རྫུ་འཕྲུལ་གྱིས་དཔག་ཏུ་མེད་པ་དག་དང་། རྫུ་འཕྲུལ་གྱི་ཚེ་འཕྲུལ་གྱིས་དཔག ་ཏུ་མེད་བདག་དང་། ཀུན་བརྗོད་པས་དཔག་ཏུ་མེད་པ་དག་དང་། ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་དཔག་ཏུ་མེད་པ་དག་དང་། རྗེ་སུ་བསྟན་པས་དཔག་ཏུ་མེད་པདག་དང་། རྗེ་སུ་བསྟན་པའི་ཆོ་འཕྲུལ ་གྱིས་དཔག་ཏུ་མེད་པ་དག་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དཔག་ཏུ་མེད་པའི་ཕྱིར་ཏེ། གནས་འཇོག ་གི་རྒྱུད་དག། དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དག་གི་ཕྱིར་རོ།། སེང་གེའི་སྒྲ་ཆེན ་པོ་དང་ལྡན་པའི་ཆོས་ཀྱི་རྣམས་གྲངས་འདི་བཤད་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལན་གསུམ་དུ་འགུལ། ཀུན་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ།། ག ་ཀུན་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ལྡེག་ཀུན་ཏུ་ལྡེ་ག། ཀུན་ཏུ་རབ་ཏུ་ལྡེག། འཁྲུགས་ཀུན་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་པར་གྱུར་ཏོ།། དེ་ནས་འཁོར ་གྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རང་གི་རིས་ན་གནས་པ་གཉིས་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་འདི་ནི། ཀུ་ཤིའི་གྲོང་ཁྱེར་དང་ཉེ ་བར་བཞུགས་ཏེ། ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོས་འདུན་པར་མཛད་ནས། རིང་པོ་མི་ཐོགས་པར་དཕུང་པོའི་ལྷག་མ་མེད་པའི་མྱ་ངན ་ལས་འདས་པའི་དབྱིངས་ཡོངས་མྱ་ངན་ལས་འདས་པར་གྱུར་གྱིས། གང་འོ་ན་བདག་ཅག་དོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱུ། ་། ལ་ཐ་མར་ལྟ་བའི་ཕྱིར་འདོང་ངོ་སྙམ།། དེ་ནས་འཁོར་གྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རང་གི་རིས་ནས་མི་སྣང་བར་གྱུར་ཏེ། འདོད་པ་ན་སྤྱོད་པ་དང ་གཟུགས་ན་སྤྱོད་པའི་ལྷ་རྣམས་དང་། ལྷན་ཅིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ།། འཁོར་གྱི་བདག་པོ་ཚངས་པ་ཕྱོགས་ཅིག་ཏུ་འདུག་པས་དེའི་ཚེ། ཚིགསུ་བཅད་པ་དག ་གསོལ་པ།། རྫོགས་པའི་སངས་རྒྱས་གྲགས་ལྡན་པ།། དེ་དག་མཐོང་བ་རྙེད་པར་དཀའ།། ཨུ་དུམ་བ་རིའི་མེ་ཏོག་བཞིན།། བསྐལ་པ་བྱེ་བར་སྙེད་པར་དཀའ།། ཤཱཀྱ་སེང་གེ་མིའི་མཆོག ་སྟོན་ཁྱོད་དེ་བཞིན་རྙེད་པར་དཀའ།། གཟུགས་ནི་སྤྱོད་པའི་ལྷར་བཅས་ཏེ།། ཐལ་མོ་རབ་སྦྱར་ཁྱོད་ལ་འདུད།། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན།། ཕྱོགས་གཅིག་ཏུ་འདུག་པས།། དེའི་ཚེ་ཚིག་སུ ་བཅད་པ་དག་གསོལ་པ།། བདག་གི་ཆོས་མིག་རྣ། མ་པར་དག། སྙིང་ལ་ཆོས་ཀྱི་སྒྲོན་མ་འབར།། ངན་སོང་སྒོ། རྣམས་བཅད་ལགས་ཏེ།། བདག་ལ་ངན་འགྲོའི་འཇིགས་མ ་མཆིས།། ཨེ་མའོ་སྟོན་པ་ཐུགས་རྗེ་ཅན།། ཕན་པར་བཞེད་དང་ཐུགས་རྩེ་བ།། འདོང་བར་སྤྱོད་པའི་ལྷར་བཅས་ཏེ།། ཐལ་མོ་རབ་སྦྱར་ཁྱོད་ལ་འདུད།། མི་ཐོག་ཡོངསུ་མྱ་ངན་འདའ།། ཁྱོད་ལ་ཐ་མར ་ལྟ་བ་ལགས།། འཁོར་གྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏོ།། ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཐང་ནས་ཞལ་དུ་ཕྱོགས་ཤིང་ལྟ་བས་དོང་སྟེ། མགོ་བོས་ཕྱག་འཚལ་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་འཁོར་ཅི་ལྟར་ལྷགས་པ་བཞིན་དུ་ཐུགསུ་ཆུད་ནས་བསམ་པ་དང་། ཕྲ་རྒྱས་དང་། ཁམས་དང་། རང་བཞིན་རྣམ་པར་མཁྱེན་ཏེ། འཕགས་པ་བཞི་ཡང་དག་པར་རབ ་ཏུ་རྟོགས་པར་བྱེད་པའི་ཆོས་སྟོན་པ་དེ་ལྟ་བུ་མཛད་པར་གྱུར་ཏེ། དེ་ཐོས་པ་ཁོ་ན་ལས་ཀུ་ཤིའི་གྲོང་ཁྱེར་ནས་སྐྱེས་པའི་གྱང་རྣམས་ཀྱི། ཁ་ཅིག་གིས་ནི་དྲོ་བར་གྱུར་པའི་དགེ་བའི་རྩ་བ་དག ་བསྐྱེད།། ཁ་ཅིག་གིས་ནི་རྩེ་མོ་དག་སྐྱེདོ།། ཁ་ཅིག་གིས་ནི་བཟོད་པ་ཆུང་ངུ་དང་། འབྲིང་དག་བསྐྱེདདོ།། ཁ་ཅིག་གིས་ནི་བདེན་པ་དང་རྗེསུ་འཐུན་པའི་ཆོས་ཀྱི་མཆོག་རྣམས་བསྐྱེད།། ཁ་ཅིག ་གིས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱསོ།། ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་སོ།། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་པ་བྱསོ།། ་ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམ་ས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་དུ་བྱསོ།། ཁ་ཅིག། གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཏུ་གྱུར ་ཏོས་ཁ་ཅིག་གི་ནི་རིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ།། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ།། སངས་རྒྱས་བརྩ ་ལྡན་འདས་རྣམས་ཀྱི་འབྲས་བུ་ཡོད་པའི་ཆོས་ཀྱི་འབྲས་བུ་སྟོན་པ་དག་ཡིན་ཏེ་འཁོར་དེ་ལས་གང་ཕལ་ཆེར་ནི། སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་དགའ ་བར་རྣམ་པར་གནསོ།། འདི་ནི་བཅོམ་ལྡན་འདས་ཀྱི་འདུལ་བ་རྣམས་འདུས་པ་ཆེན་པོ་ཐ་མར་བྱུང་བ་ཡིན་ནོ།། དེ་ནས་ཀུ་ཤིའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཡིད་བྱུང་བ་མཆོག ་གིས་ཡིད་བྱུང་བར་གྱུར་ཅིང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ ་ལྡན་འདས་ཀྱི་ཐད་ནས་དོང་བར་གྱུར་ཏོ།། ། འཕགས་པ་རྡོ་འཕངས་པའི་མདོ་རྫོགསྷོ།། །། ལོ་ཙྪ་བ་བཟང་སྐྱོང་གིས་བསྒྱུར། དཔལ་བརྩེགས་ཀྱིས་ཞུ་ཆེན་བགྱིས།། ་