CLOSE WINDOW

L214: tshe'i mtha'i mdo
Wyliee-texts produced with BDRC’s OCR application

མཛད་པར་དགོངསུ་གསོལ་ཞེས་གསོལ་ཏོ།། ལས་རྣམ་པར་འགྱུར་བ་བམ་པོ་གཅིག་པ། རྫོག་སྷོ།། །། ། རྒྱ་གར་སྐད་དུ་ཨཱ་ཡུ་བརྱན་སཱུ་མཁོང ་སྐད་དུ། ཚེའི་མཐའི་མདོ།། དཀོན་མཆོག་གསུམ་ལ་ཕྱག་འཚའོ།། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུག་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་སེམས་ཅན་རྣམས་ཀྱི་ཚེའི ་མཐའ་ཐོས་པར་འདོད་དམ། བཅོམ་ལྡན་འདས་དེའི་དུས་ལ་བབ་ལག་སོ།། བདེ་བར་གཤེགས་པ་དེའི་དུས་ལ་བབ་ལག་སོ།། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་ཚེའི་མཐའ ་བསྟན་པ། བཅོམ་ལྡན་འདས་ལ་ཐོས་ནས། དགེ་སློང་དག་འཛིན་པར་བགྱིད་ལག་སོ།། དགེ་སློང་དག་དེའི་ཕྱིར་ལེ་གས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤ། ག ་སློང་དག་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག། དུད་འགྲོ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག ་སྟེ་བར་མདོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་མི་རྣམས་ཀྱི་ཉིན་ཞག་སུམ་ཅུ་གང་ཡིན་པ་དེ་ཡི་དགས་རྣམས་ཀྱི་ཉིན་ཞག་གཅིག།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་ཟླ་བ ་བཅུ་གཉིས་ལོ་གཅིག་སྟེ། ཡི་དགས་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུ་བཅས་པའི་ལོ་ལྔ་བརྒྱ་སྟེ། དེའི་མིའི་བཅིས་ན་ལོ་ཁྲི་ལྔ་སྟོང་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད།། དེ་ནས ་ལྡན་འདས་ཀྱིས་དེའི་ཚེ་ཚིག་སུ་བཅང་དེ་བཀའ་སྩལ་པ། ཇི་ལྟར་རབ་ཏུ་མེའི་ལུས་འགྲེང་ཞིང་། མཆུ་དང་མིག་སྐམས་ཤིན་ཏུ་སྡུག་བསྔལ་ལ་རང་གི་སྒྲས་ཡོག་ཁ་གདངས་གངམ་དུ་ལྔ ་། སྣ་ནི་ཁབ་ལྟར་རབ་ཏུ་ཕྲ་བ་དང་། རུས་གོང་འདྲ་ལུས་གཅེར་བུ་རང་སྐས་གཡོག། གཟུགས་མི་སྡུག་པ་འགྲེང་ཞིང་ཐོད་པ་ཐོགས། བཀྲེས་དང་སྐོམས་དང་ངལ་བས་རབ་གཟིར་གླང ་ཆོ་ངེས་འདེབས་ཤིང་ཀུན་ཏུ་རྒྱུག་པ་དག། ཉམ་ཐག་སྐད་འབྱིན་སྡུག་བསྔལ་ཚོར་བ་མྱོང་།། ཕན་ཚུན་ཕྲ་དོག་སེར་སྣ་འདིར་བསྟེན་ཅིང་།། འདིར་ནི་སྡིག་པའི་ལས་དག་བྱས་པ་ཡིས།། ཡི་དགས་འཇིག ་རྟེན་དུ་ནི་དེ་དག་སྐྱེས།། དགེ་སློང་དག་ཤར་ཀྱི་ལུས་འཕགས་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི། ལོ་ཉིས་བརྒྱ་ལྔ་བཅུ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ནུབ་ཀྱི་མི་རྣམས་ཀྱི་ཚེའི་ཚདང་ནི། ལོ་ལྔ ་བརྒྱ་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དགེ་སློང་དག་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི། ལོ་སྟོང་སྟེ་བར་མ་དོར་འཆི་བ་ནི་མེདོ།། རྒྱུ་གང་གིས་སྒྲ་མི་སྙན་པ་རྣམས་ཀྱི་ཚེའི་ཚད་ལོ་སྟོང ་ཐུབ་ལ། བར་མ་དོར་མཆི་བ་མེད་ཅེ་ན། དགེ་སློང་དག་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ནི་བདག་གི་མེད་ཅིང་ཡོངསུ་འ་ཛིན་པ་མེད་ལ། ཚེ་ངེས་པ་ཡོད་ཅིང་འདི་ནས་ཤི་འཕོས་ནས་ཀྱང ་ཁྱད་པར་དུ་འགྲོ་སྟེ། ཕྱི་མ་ལ་མཐོ་རིས་ཉེ་བར་འགྲོ། འོ།། དགེ་སློང་དག་རྒྱུ་དེ་ན། བྱང་གི་སྒྲ་མི་སྙན་གྱི་མོ་རྣམས་ཙྪོ་འི་ཚད་ལོ་སྟོང་ཐུབ་ལ། བར་མ་དོར་འཆི་བ་མེདོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་དེ་ཆེ། ཚིག་སུ་བཅང་དེ་བཀའ་སྩལ་པ། དབུལ་བས་སྡུག་བསྔལ་སེམས་ཅན་དག། གཞན་གྱི་ནོར་ལ་སྟོན་པ་བྱེད།། དེ་དག་ངམ་པ་མ་སྟེན་པས།། གནན་གྱི་མངས ་དྲུག་འཆེ་མམ། ཡོངས་སྐྱོང་གང་ལྡན་པའིན། རྒྱག་ཅིང་དོང་མི་མ་ཆིས་མམ་ན་ང་ཐུང་བཅུ་བ་ལྡམ་དག་ཛིན་པ་མ་མང་ནསས་ཐུག་པས ་བའི་དགེ་བའི་ལས་ནི་འདིར་བྱས་པས།། འབྱོར་པ་ཆེན་པོ་ཕུན་སུམ་ཚོགས།། ལྷ་བཞིན་དུ་ནི་དགའ་བ་ཡིན།། ལྐོག་གྱུར་གང་ཡིན་མི་སྣང་སྟེ།། མངོན་སུམ་འདི་ལ་ལྟ་བར་བྱོས།། གང་དག ་ཁ་ཅིག་འཇིག་རྟེན་ན། བདེ་ལྡན་དེ་སྔོན་བྱིན་འབྲས་ཡིན།། བྱང་ཕྱོགས་གླིང་གི་མི་རྣམས་ནི། བདག་གི་མེད་ཅིང་ཡོངས་འཛིན་མེད།། དཔག་བསམ་ལས་བྱུང་གོས་སྟེན་པ།། དེ་ནི་སྔོན་བྱིན ་འབྲས་བུ་ཡིན། དེ་དག་གྲང་དང་ཚ་བ་མེད། དེ་དག་ལྔ་ནི་ནད་མེད་ཅིང་།། གཟུགས་དང་ཁ་དོག་ཕུན་སུམ་ཚོགས།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། བྱང་ཕྱོགས་གླིང་ནམ་ཉམས་ཤིང་། ་བླུགས་དག་ཅིང་གཙང་བ་དང་།། ཤིན་ཏུ་དཀར། བའི་ས་ལུ་སྟེ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། ནོར་བུ་འོད་བྱེ་ད་འབར་བ་ཡིས།། དེ་རྣམས་རྟག་ཏུ་འཛེས་པ་དང་།། དེ་དག་གི ་ཟས་འཇུ་བྱེད་གང་།། དེ་ནི་སྔོན་སྦྱིན་འབྲས་བུ་ཡིན།། དེ་དག་ལ་ནི་ཚོང་མ་དང་།། སྲན་ཆོད་ཀྱང་ནི་ཆུང་ཟད་མེད།། ཁ་དོག་དང་རོར་ལྡན་པ་ཡིན།། ས་ལུ་དག་ནི་རྟག་ཏུ་མ། ཟས་ནི་ལན་ཅིག་བྱིན ་བ་ཡིས།། སྟན་ལས་མ་ལངས་བར་དུ་ནི།། ཟང་མི་ཤེས་པར་སྡེར་ལ་ཡོད།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། སླུ་བའི་འབྲས་བུ་འདྲ་བ་དང་། བཅད་ཀྱང་ཡལ་ག་ལས་སྐྱེས་ཏེ།། བརྡས་ན་བཙོ་མ ་དགོས་པར་བྱ།། དེ་ནི་སྔོན་བྱིན་འབྲས་བུ་ཡཱི། འབབ་ཆུ་བསྤྱིལ་བྱ་དང་།། འཐུངས་ཀྱང་ལྷོ་ལ་མི་གནོད་པའི།། ཡན་ལག་བརྒྱད་ལྡན་ཆུལ་ཡོད།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། རོལ་མོའི་ལྗོན ་ཤིང་གང་དག་གིས།། དེ་དག་རྟག་ཏུ་རྩེ་ཞིང་དགའ་ཡིད་ནི་རྟག་ཏུ་བདེ་དང་ལྡན།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་རོལ་མོའི་ལྗོན་ཤིང་བཟང་།། གོས་ཀྱི་ལྗོན་ཤིང་མང་པོ་དང་།། སྤོས་ཀྱི ་ལྗོན་ཤིང་ཕུན་སུམ་ཚོགས།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། སྤོས་དང་མེ་ཏོག་རོལ་མོ་དང་།། དེ་བཞིན་དུ་ནི་གོས་རྣམས་ཀྱང་།། གང་དག་ཇི་ལྟར་འདོད་པ་བཞིན།། དེ་དག་དེ ་བཞིན་འབྱུང་བར་འགྱུར།། ནེའུ་སིང་དག་ནི་སྔོན་པོ་ལ།། ཤིང་བལ་ལྟ་བུར་རབ་འཇམ་པ།། གང་དུ་དེ་དག་རྟག་རྩེ་བ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་ལ་ནི་ཁྲོ་མེད་ཅིང་།། སེར་སྣ་དང ་ནི་པྲ་དོག་མེད།། ཕན་ཚུན་དག་ཏུ་རྩེ་བྱེད་པ།། དེ་ནི་སྡོམ་བྱིན་འབྲས་བུ་ཡིན།། མཚན་མོ་ཐུན་ཚོང་དང་པོ་ལ། སྐད་ཅིག་ཙམ་ཞིག་ཆར་འབའ་ཅིང་།། རྡུལ་རྣམས་མེད་པ་བྱེད་པ་སྟེ། དེ་ནི་སྡོམ ་བྱིན་འབྲས་བུ་ཡིན། དེ་དག་ཡོང་སུ་འཛིན་མེད་པས།། མ་དང་བུ་ཡང་མི་ཤེས་ཤིང་།། སྡུག་བསྔལ་བསམ་པས་མྱ་ངན་མེད། དེ་ནི་སྔོན་བྱིན་འབྲས་བུ་ཡིན། མ་ངག་གིས་ཀྱང་རང་གི ་ལམ་སྟོང་དག་ཏུ་བོར་ཏེ་འགྲོ།། མཐེ་བོ་ལས་ནི་འོ་མ་མཛག། དེ་ནི་སྔོན་སྦྱིན་འབྲས་བུ་ཡིན།། དེ་དག་གང་ཡང་དུ་བ་མེད།། ཤིན་ཡང་ནི་བོར་ཏེ་འགྲོ། བྱ་དག་གིས་ནི་གླིང་འཕྱག་པ།། དེ་ནི་སྔོན ་བྱིན་འབྲས་བུ་ཡིན།། ཁོར་ཡུག་དག་ནི་འོབས་ཀྱིས་བསྐོར།། གླུ་གར་ཡིད་དུ་འོང་བ་ཡིས།། གང་དུ་རྩེ་ཞིང་དགའ་བྱེད་པ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། མིའི་ཚེ་ནི་ལོ་སྟོང་ངོ་པོ།། ཟད་པ་དག་དུ་བྱས ་ནས་ནི།། ཁར་མ་དོར་ནི་འཆི་བ་མེད།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དཔལ་ནི་རྒྱས་པར་སྤྱད་ནསུ།། མེའི་ལུས་ནི་བོར་ནས་ཀྱང་།། ལྷའི་ནང་དུ་སྐྱེ་བར་འགྱུར།། དེ་ནི་སྔོན་སྦྱིན་འབྲས་བུ་ཡིན།། དགེ ་སློང་དག་འཛམ་བུ་གླིང་གི་མི་རྣམས་ལ་ནི་ཡར་འཕེལ་བ་དང་། མམར་གྲིབ་པ་ཡོ་ས་ཚོད་དག་འཛམ་བུ་གླིང་གི་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པར་ཡང་འགྱུར་ཚེ་ལོ་བརྒྱད་ཁྲི་པ་དང་། ཚེལོ ་བརྒྱ་པ་དང་། ཚེ་ལོ་བཅུ་པར་ཡང་འགྱུརོ།། དགེ་སློང་དག་འཛམ་བུ་གླིང་གི་མི་རྣམས་ཀྱི་དེ་ལྟར་གྱི་ཚེའི་ཚད་ནི་ལོ་བརྒྱ་པ་ཡིན། དགེ་སློང་དག་ང་ལྟར་ནི་འཛམ་བུ་གླིང་གི་མི་རྣམས་ལས་རིང་དུ ་འཚོ་བ་གང་ཡིན་པས་ལེགས་པར་བདེ་བ་གནས་ནས།། ལོ་བརྒྱའམ། ལོ་བརྒྱ་ལས་ཆུང་ཟད་ཅིག་ལྷག་པར་ཐོའོ།། དགེ་སློང་དག་འཚོ་བའི་གནས་སྐབས་ནི་བཅུ་མྱོང་བར་འགྱུར་ཏེ། གནས་སྐབས་དང་པོ ་ན་ཞེན་ཅིང་གན་རྒྱལ་དུ་ཉལ་བ་སྟེ་བྱིས་པ་ཡིན་ནོ།། གནས་སྐབས་གཉིས་པ་ནི་རྩེ་བའི་རང་བཞིན་ཅན་གཞོན་ནུ་ཡི་ནོ།། གནས་སྐབས་གསུམ་པ་ནི་འདོད་པ་ལ་སྤྱོད་པ་སྟེ། ལང་ཚོ་ལ་བབ་པ ་ཡིན་གནས་སྐབས་བཞི་པ་ནི་སྤྲོ་བ་དང་ལྡན་ཞིང་ཉམས་སྟོབས་དང་ལྡན་པ་ཡིན།། གནས་སྐབས་ལྔ་པ་ནི་སྟོབས་དང་ལྡན་ཞིང་ཤེས་རབ་དང་ལྡན་པ་ཡིན།། གནས་སྐབས་དྲུག་པ་ནི་དཔྱོད ་པའི་རང་བཞིན་ཅན་ཏེ།། དྲན་པ་དང་ལྡན་པ་ཡིན།། གནས་སྐབས་བདུན་པ་ནི་ཆོས་ལུགས་ཁོང་དུ་ཆུད་པ་ཡིནོ།། གནས་སྐབས་པ་རྒྱང་པ་ནི། རྒྱལ་པོས་བཀུར་ཞིང་རྒན་རབ་སུ་བཀུར ་བ་ཡིན།། གནས་སྐབས་དགུ་པ་ནི་རྒས་ཤིང་འཁོགས་པ་སྟེ། རྒན་པོ་ཡིན།། གནས་སྐབས་བཅུ་པ་ན་ཚེའི་ཚད་མཐར་ཐུགས་ཏེ། འཆིང་ཉེ་བར་ཡིནོ།། དགེ་སློང་དག་ལོ་བརྒྱར་འཚོ་བས་གནྡ ་སྐབས་བཅུ་པོ་དེ་དག་མྱོང་བར་འགྱུརརོ།། དགེ་སློང་དག་ལོ་རྒྱར་འཚོ་བ་ནི་དུས་ཚིགས་སུམ་བརྒྱར་མཚོ་སྟེ། དགུན་གྱི་དུས་ཚིགས་བརྒྱ་དང་། དཔྱིད་ཀྱི་དུས་ཚིགས་བརྒྱ་དང་། དབྱར་གྱི་དུས་ཚིགས་བརྒྱ ་རྣམསོ།། དུས་ཚིག་སུམ་བརྒྱར་འཚོ་བ་མི་ཟླ་བ་བཅུ་གཉིས་ཕྲག་བརྒྱར་འཚོ་སྟེ། དགུན་བཞི་དང་དཔྱིད་བཞི་དང་། དབྱར་བ་ནི་རྣམ་སོ།། ཟླ་བ་བཅུ་གཉིས་ཕྲག་བརྒྱད་འཚོ་བ་ནི་ཟླ་བ་ཕྱེད་གཉིས་སྟོང་པ་ནི་བརྒྱར ་།། འཚོ་བ་སྟེ། དགུན་བརྒྱད་དང་། དཔྱིད་བརྒྱད་དང་། དབྱར་བརྒྱད་རྣམསོ། ཟླ་བ་ཕྱེད་གཉིས་སྟོང་བཞི་བརྒྱར་འཚོ་བ་ནི་ཉིན་ཞག་སུམ་ཁྲི་དྲུག་སྟོང་དུ་འཚོ་སྟེ། དགུན་བཅུ་གཉིས་དང་། དཔྱིད་བཅུ་གཉིས ་དང་དབྱར་བཅུ་གཉིས་རྣམསོ།། ཉིན་ནག་སུམ་ཁྲི་དྲུག་སྟོང་དུ་འཚོ་བ་ནི་བར་ཆད་དུ་འགྱུར་བ་མ་གཏོགས་ཟན་བདུན་ཁྲི་ཉིས་སྟོང་ཟའོ།། དེ་ལ་འདི་དག་ནི་ཟིན་པར་ཆད་དུ་གྱུར་པ་ཡིན་ཏེ། འཁྲུགས་ནས་མ་ཐོས་པ ་དང་སྡུག་བསྔལ་བར་གྱུར་པ་མ་ཟོས་པ་དང་། འོངས་པ་བྱུང་ནས་མ་ཟོས་པ་དང་། སྨྱུང་བ་བྱས་ཏེ་མ་ཟོས་པ་དང་། མ་བརྙེད་པས་མ་ཟོས་པ་དང་། རྙེད་ཀྱང་མ་ཟོས་པ་དང་། གཉིད་ལོག་ནས་མ་ཟོས་པ་དང་། ཆོ ་མ་ཟོས་པ་དང་། རབ་ཏུ་མྱོས་པས་མ་ཟོས་པ་སྟེ། ཟོས་པ་གང་ཡིན་པ་དང་། མ་ཟོས་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡོམས་ན་ཨའི་ནུ་ནོ་མ་ཐུང་བ་མ་གཏོགས་པར་བདུན་ཁྲི་ཉིས་སྟོང་དུ་འགྱུརརོ། དགེ ་སློང་དག་དེ་ལྟར་ངས་འཛམ་བུ་གླིང་གི་མི་རྣམས་ཀྱི་ཚེ་ཡང་བཤད་དུ་ས་ཚིགས་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། ཉིན་ཞག་དང་། ཟན་དང་། ཟན་བར་ཆད་དུ་གྱུར་པ་ཡང་བཤད་པ་ཡིན་ནོ།། དགེ་སློང་དག ་མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉོན་ཞག་ཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་ཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས ་ཀྱི་ཚེའི་ཚང་མི་ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ལོ་ལྔ་བརྒྱ་སྟེ། མིའི་ལྟར་བརྩིས་མ་ལོ་ས་ཡ་ཕྲག་དགུ་ཡོད། ཁང་མདོར་འཆི་བ་ཡོད། དེ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་ཉིན ་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལོ་ལྔ་བརྒྱ་སྟེ། ་དེ་མིའི་ལྟར་བརྩིས་ན། ལོ་བྱེ་བ་ཕྲག་དྲུག་ཁྲི་ཡོད་ཁར་མ་དོར་འཆི་བ་ནི་ཡོད།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགསུ་བཅིང་བཀའ་སྩལ་པ།། ལུས་ཀྱིས་ཉེས་པར་སྤྱད་བྱས་ཤིང་།། ངག་གི ་ཉེས་པར་སྤྱད་པ་དང་།། ཡིད་ཀྱིས་ཉེས་པར་སྤྱད་བྱས་ཤིང་།། གང་ཞིག་ཉེས་པ་གཞན་ལྡན་པའི།། ལས་དེ་དག་གིས་ཡང་སོས་ཀྱི།། དམྱལ་བ་དག་ཏུ་སྐྱེ་འགྱུར་ཏེ།། དེ་ནི་བྱེ་བ་ཕྲག་སྟོང་དུ། གཏགས ་ཤིང་བཅོམ་པ་ཡང་དག་འཚོའོ།། ཕན་ཚུན་ཁོ་ན་དང་ཆགས་པ་ནི།། མི་རྣམས་བསོད་པའི་མི་དག་ནི།། ལས་དེ་དག་གིས་ཡང་སོས་ཀྱི།། དམྱལ་བ་དག་ཏུ་སྐྱེ་བར་འགྱུར།། དགེ་སློང་དག་མི་རྣམས ་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག། ཉིན་ཞག་དེ་སུམ་ཅུ་ལ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སུམ་བཅུ་རྩ་གསུམ ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུ་བརྩིས་པའི་ལྷའི། ལོ་སྟོང་ཐུའོ།། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་གསུམ་ད་པ། ས་ཡ་ཕྲག་དྲུག་ཡོད་དེ། བར་མ་དོར་འཆི་བ་ནི ་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཉིན་ཞག་གཅིག། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཐིག ་ནག་གི་ཚེའི་ཚང་མི་ལོ་དེ་ལྟ་བུར་བརྩིས་པའི་ལོ་སྟོང་ཐུའོ།། དེ་མའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་དགུ་ཁྲི་དྲུག་སྟོང་རྩ་བཅུ་གཉིས་ཡོད། དུས་མ་ཡིན་པར་འཆི་བ་ནི་ཡོད།། དེ་ནས་བཅྡོཾས་ཀྱིས་དེའི་ཚེ། ་ཚིགསུ་བཅད་བཀའ་སྩལ་པ། ཕ་མ་དག་དང་སངས་རྒྱས་དང་། ཉན་ཐོས་རྣམས་ལ་འཁུ་བྱེད་པ།། དེ་དག་ཐིག་ནག་སྐྱེ་བར་འགྱུར་ཏེ། སྡུག་བསྔལ་ཚོར་བ་མྱོང་བ་འགྱུར།། གང་ཞིག་མི་བརྩོན་འཇོག་པ ་དང་མི་རྣམས་མཛའ་དབྱེན་བྱེད་པ། ཐིག་ནག་དུ་ནི་སྐྱེ་བར་འགྱུར། བརྫུན་དུ་སྨྲས་འང་དེ་བཞིན་ཏེ། ལས་དེ་ཡིས་ནི་ཐིག་ནག་གི་དམྱལ་བ་རྣམསུ་དེ་དག་སྐྱེ།། དགེ་སློང་དག་མི་རྣམ། ་ཀྱི་ལོ་ཉིས་བརྒྱ་གང་ཡིན་པ་དེ། འཐབ་བྲལ་བའི་ལྷ་རྣམས་ཀྱི་ཉོན་ཞག་གཅིག། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག་། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ་འཐོར་བྲལ་བའི་ལྷ་རྣམས། ་ཀྱི་ཆེའི་ཆིང་ན།། ལོ་དེ་ལྟ་བུང་བརྩིས་པའིཉྫའི་མཉིས་སྟོང་བྲུའོ། ད་མའི་ལྗང་བརྫིས་ན་ལོ་བྱེ་བ་ཁྲག་བཅུ་བཞི་དང་། ལོ་ཁྲི་བཞི་སྙིང་ཡོད་། ཁང་མདོ་འཆིབ་ནི་ཡོད།། དེ་ནི་སེམས་ཅན་དམྱལ་པ། ་ཆེན་པོ་བསྡུས་འཇོམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་བཞོམ་གྱི་སེམས་ཅན་དམྱལ་བ ་རྣམས་ཀྱི་ཀྱིའི་ཚད་ན་ལོ་དེ་ལྟ་ཁུར་བརྩིས་པ་མ། ས་སྟོང་མང། མིའི་ལྟར་བརྩིས་ན། ལོ་བྱེ་བ་ཕྲག་སུམ་འབྲན་དྲུག་ཁྲི་བརྒྱང་སྲོང་རྩ་གཅིག་ཡོག་བར་མདོ་ཆི་བ་ནི་མ ་དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགསུ་བཅད་དེ་བཀའབྲེལ་པ། མི་དགེའི་ལས་རྣམས་གསུམ་བྱས་ཤིང་། ལས་དགེ་རྣམ་གསུམ་མ་བྱས་ཏེ་ལས་དེ་དག་གིས་བསྡུས་གནོམ་གྱི། དམྱལ་བདག ་ཏུ་སྐྱེ་བར་འགྱུར།། བ་ལང་ར་ལུག་མ་ཧེ་དང་།། རི་དགས་བྱ་གག་ཕག་རྣམས་དང་།། དེ་བཞིན་སྲོག་ཆགས་གཞན་གསོད་པ། བསྡུས་གཞོམ་དུ་ནི་སྐྱེ་བར་འགྱུར།། དགེ་སློང་དག་མི་རྣམས་ཀྱི་ལོ་བཞི་བརྒྱ ་གང་ཡིན་པ་དེ། དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུ་བརྩིས ་པའི་ལྷའི་ལོ་བ་ནི་སྟོང་ཐུབ་སྟེ། དེ་མེའི་ལྟར་བརྩིས་ན། ལོ་བྱེ་བོ་ཕྲག་ལྔ་བཅུ་རྩ་བདུན་དང་། ལོ་ས་ཡ་ཕྲག་དྲུག་ཡོད་། ཁར་མ་དོར་འཆི་བ་ཡོད།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོང་གྱི། ་ཉིན་ཞག་གཅིགོ།། ཉིན་ཞག་དེ་སུམ་བཅུ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚང་ནི། དེ་ལྟ་བུར་བརྩིས ་བའི་ལོ་བ་ནི་སྟོང་སྟེ། དེ་མིའི་ལྟར་བརྩིས་ན།། ལོ་བྱེ་བ་ཕྲགས་ཡ་གཉིས་དང་བྱེ་བ་ཕྲག་དགུ་འབུམ་པ་ཞི་ཁྲི་སྟོང་དང་བྱེ་བ་ཕྲག་བརྒྱད་ཡོད། པར་མདོར་འཆི་བ་ནི་ཡོད།། དེ་ནས་བཅོམ་ལྡན་འདས་ཀྱིས ་དེའི་ཚེ་ཚིག་སུ་བཅད་དེ་བཀའ་སྩལ་པ། འཇིག་སུ་རླུང་ལ་དྲག་ཤུལ་ཅན། ལག་པ་གཉིས་ནི་ཁྲག་གིས་བསྐུས།། སྡིག་དཔའི་ལས་ནི་སྤྱད་པ་ཡིས།། རྟག་ཏུ་ངུ་འབོད་འགྲོ་བར་འགྱུར།། གཞལ ་གླུགས་གཡོ་དང་སྦྱར་བྱེད་མི།། སྐྱེ་བོ་དག་ནི་ཡིད་ཕྱུང་བས།། འཇིག་སུ་རུང་བའི་སྒྲ་འབྱིན་ཅིང་།། ཡུན་རིང་དུ་ནི་འབོད་བསྲེ་ག་འགྱུར།། དགེ་སློང་དག་མི་རྣམས་ཀྱི་ལོ་བརྒྱད་བརྒྱ་ཡིན་པ་དེ། ་འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་ཞོག་གཅིག། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། འཕྲུལ་དགའི་ལྷ་རྣམས་ཀྱི་ཆའི་ཚད་ནི།། ལོ་དེ་ལྟ་བུར་བརྩིས་པའི་ལོ་བརྒྱད ་སྟོང་ཐུབ་སྟེ། དེ་མིའི་ལྟར་བརྩིས་ན། ལོ་བྱེ་བ་ཕྲག་ཉིས་བརྒྱ་སུམ་བཅུ་དང་། ལོ་ས་ཡ་ཕྲག་བཞི་ཡོད། ཁར་མདོར་འཆི་བ་ཡོད།། དེ་ནི་སོན་དམྱལ་བ་ཆེན་པོ་ངུ་འབོང་ཆེན་པོའི་ཉིན་ཞག་གཅིག། ཉིན་ཞག ་དེ་སུམ་བཅུ་ལ་ཟླ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོང་ཆེན་པོའི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ཀྱི་ཚེའི་ཚད་ནི། ལོ་དེ་ལྟ་བུ་བརྩིས་པའི་ལོ་བརྒྱད ་ས་དཔེར་ཆོ་ཀྱིས་མ་མ་གྲགས་ས་གསུམ་ད་རྦག་སྟ་གྱུས་རྫུ་རྫོག་ས་སྟོང་གྲུབསུ་དྲུག་ཡངས་མཚ་རྣམང་ན་ཅོམ་ལྡན་། ་ཀྱིས་མ་ཚིག་སུ་བཅང་དེ་བཀའ་སྩལ་པ། ལྟ་བའི་ཐིབས་པོས་ཁེབས་ཀྱུ་ཅི་། སྐྱེད་པའི་ནམིགས་པས་གམིགས་པ་དག་སྡིག་པ་ཆོས་ནི་སྦྱོང་བའིས་རྡུ་བོང་ངག་ཏུ་སྐྱེ་རྫུན་ཆུ ་བཅུག་ཉམས་པའི་མི་དག་ནི།། བསྤུ་སློང་ཞིང་འབར་བ་ཡིས།། བསྐར་པའི་ཁྱམས་ཀྱི་ནང་ཆུང་ནས།། ངུ་འབོང་ཆེན་པོར་སྲེག་པར་འགྱུར།། བཏམས་པོ་བརྣོགས་པའི་མི་དག་མི་རལ་གྱི་ཡོས་ནི་ལུས ་བཏུབ་ཅིང་།། བྱ་རྒོང་བྱ་རོག་འུག་པ་ཁྱིས།། འགུལ་བཞིན་དུ་ནི། བར་འགྱུར།། དགེ་སློང་དག་མི་རྣམས་ཀྱི་ལོ་སྟོང་དྲུག་བརྒྱ་གང་མི། ན་པདེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉོན ་ནག་གཅན།། ཉིན་ནག་དེ་སུམ་བཅུལ་ཟླ་བ་གཅིག་ཟླ་བ་བ་གཉིས་ལ་ལོ་གཅིག་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཆེའི་ཚང་མི་ལོ་དེ་ལྟ་བུང་བརྩིས་པའི་ལྷ་ལོ་ཁྲི ་སྟོང་ཡོ་ད། དེ་ཅིའི་ལྟར་ན་ལོས་ཕྲག་དྲུག་དཔ་ལ་བྱེ་བ་ཕྲག་དགུབརྒྱ་ཉི་ཤུ་རྩ་གཅིག་ཡོད་པར་མདོང་འཆི་ནི་ཡང། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཆེ་བའི་ཉིན་ནག་གཅིག་ཉིན་ནག་དསུམ་ན ་སྒྲུབ་ཎྜཱིག་ཟླ་དྲུས་ཉིས་ལོ་ཅིག་སེཾ་མ་ནྟ་བ་ཆེན་པོམ་པ་མ་ན་རྒྱལ་ལ་ནས་ཥྚྲི་ཙྪ་ཏུ་མ་ཁྱོང་ས་དྲུག་ན་བ ་མལ་མ་བྱ་རྫོགས་པ་བྱུང་དབ་པ་ནི་འདས་ཀྱི་ཐ~ཾག་འ་དྲུ་ང་ཨུ་མ་ཚུ་ལ་མ་ཚནམ་སམས་མས་ནི། ་དགེ་སྦྱོང་བྲམ་ཟེ་དགེ་བ་དང་དེ་བཞིན་དུ་ནི་ཕ་མ་ལ།། གང་ཞིག་རྟག་ཏུ་གདུང་བྱེད་པ།། དེ་ནི་ཆེ་བར་སྐྱེ་བར་འགྱུར། འདིར་ནི་གང་ཞིག་གདུང་བ་ཡིས། སྐྱེ་བོ་མང་པོ་གདུང་བྱེད་པ། ལས་དེ་དག་གིས་ཆུ ་བ་ཡི། དམྱལ་བ་རྣམསུ་སྐྱེ་བར་འགྱུར།། དགེ་སློང་དག་ཁྱེད་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེ་མཐའ་ཉན་པར་འདོད་དམ།། བཅོམ་ལྡན་འདས་དེའི་དུས་ལ་བབ་ལག་སོ།། བདེ་བར་གཤེགས ་བདེའི་དུས་ལ་བའ་ལགསོ།། བཅོམ་ལྡན་འདས་ལས་དགེ་སློང་དག་གིས་གང་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་མཐའ་སྙན་པ་ཐོས་ནས། དགེ་སློང་དག་འཛིན་པར་འགྱིད་ལགསོ ་དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་།། དགེ་སློང་དག་འདི་ལྟ་སྟེ། འདི་ལ་ཏིལ་ཡུལ་ཀོ་ས་ལའི་ཁལ་བཅུ་ཚད་ཉི་ཤུ་ཤོང་པའི་ཁལ་བཅུ་ཚང་ཉི་ཤུ ་པ་ཏིལ་གིས་བྱུང་བུར་གང་བར་གྱུར་པ་དེ་ལས་མི་ལ་ལ་ཞིག་གི། ས་ལོ་བརྒྱ་འདས་ཤིང་ཏིལ་འབྲུ་གཅིག་བོར་མཏིལ་ཁལ་བ་ཅུ་ཚད་ཉི་ཤུ་ཤོང་བའི་ཁལ་བཅུ་ཚད་ཉི་ཤུ་ཚང་ནི ་ཤུ་བ་དེ་ཐབས་འདིས་མྱུར་དུ་ཡོང་སུ་ཟད་ཅིང་བཏུགས་པར་གྱུར་ཀྱང་།། དགེ་སློང་དག་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའིད་ནི་དེ་ལྟ་མ་ཡིན་པར་ང་སྨྲའོ།། ཆུ་བུར་ཅན་གྱི་ཉི་ཤུ་རྩ ་ལྟུང་བ་དེ་ལྟར་ཆུ་བུར་རྡོལ་གྱི་གཅིག་ཡིན་ནོ།། ཆུ་བུར་རྡོལ་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་སོ་ཐམས་ཐམས་ཀྱི་གཅིག་ཡི་ནོ།། སོ་ཐམས་ཐམས་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཀྱི་ཅུང་ཟེར་གྱི་གཅིག་ཡིན། ཀྱི་དྲུང་ཟེར་གྱི་ཉི་ཤུ ་ཇི་ལྟ་བ་དེ་ལྟར་ཨ་ཆུ་ཟེར་གྱི་གཅིག་ཡིནོ།། ཨ་ཆུ་ཟེར་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཨུད་པ་ལ་ལྟར་གས་པའི་གཅིག་ཡིནོ།། ཨུད་པ་ལ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ་དེ་ལྟར་པདྨ་ལྟར་གས་པའི་གཅིག་ཡིན ་།། པདྨ་ལྟ་གས་པའི་ཉི་ཤུ་ཇི་ལྟ་བ་དེ་ལྟར་པདྨ་ལྟར་གས་པ་ཆེན་པོའི་གཅིག་ཡིན།། ལྷས་བྱིན་གྱི་ཕྱོགས་དགེ་སློང་གོ་ཀཱ་ལི་ཀས་དགེ་སློང་ཤཱ་རིའི་བུ་དང་། མོའུ་དགལ་གྱི་བྲལ་ན ་སྡང་གི་སེམས་བསྐྱེད་པས་རང་གི་ལུས་དེ་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་པདྨ་ལྟར་གས་པ་ཆེན་པོར་སྐྱེསོ།། དགེ་སློང་དག་དེ་ལྟ་བས་མདེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ། སྡོང་དུ་མ་ཚིག་པ་ལ་ཡང་ཞེ ་སྡང་གི་སེམས་བསྐྱེད་པར་མི་བྱ་མ་རྣམ་པར་ཤེས་པའི་ལུས་ལྟ་ལ་སྨོས་ཀྱང་ཅི་དགོས་པ་དེ་ལྟར་དགེ་སློང་དག་ཁྱེད་ཀྱིས་བསླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། ཚིག་སུ་བཅད་དེ་བཀའ ་སྩལ་པ། མི་ཞིག་སྐྱེས་པར་གྱུར་པ་ན།། གང་གིས་བདག་ནི་གཙོ་དུ་བྱེད་པའི།། ཁ་ནས་སྟ་རིའི་ཚིག་འབྱུང་བ།། ཉེས་པར་སྨྲ་བ་སྨྲ་བ་ན།། གང་དྲག་སྨད་བྱ་བ་སྟོད་བྱེད་ཅིང་།། སྐྱེ་བོ་བསྟོད་པ་སྨོད་བྱེད་པའི།། སྡིག་གང ་བདེ་བ་མི་མྱོང་བའི།། སྡིག་དེ་དེའི་ཁ་ནས་སྩོགས། གང་འདིར་བརྒྱན་པོས་བདག་ནོར་ཡལ།། འདི་ནི་སྡིག་པ་ཆུང་བ་སྟེ། གང་ཞིག་བདེ་གཤེགས་སྡང་སེམས་སྐྱེད།། འདིར་ནི་སྡིག་པ་དེ་ཆེའོ།། ངག ་དང་ཡིད་ཀྱིས་ཀྱང་ནི་སྡིག་བྱས་ཤིང་།། གང་ཞིག་འཕགས་ལ་སྨོད་པ་དམྱལ་འགྲོ་སྟེ།། སྟོང་ཕྲག་བརྒྱ་ནི་ཆུ་བུར་རྡོལ་རྣམས།། ཆུ་བུར་ཅན་དུ་སུམ་ཅུ་རྩ་དྲུག་སྡིག་པའི་སེམས་ཀྱིས་བདེན་པར་མི་སྨྲ་བ། བདག ་ཉིད་བརླག་ཅིང་དམྱལ་བ་འཕེལ་བར་བྱེད།། དེ་ཡིད་དྲི་མས་མ་བཟློགས་པར་བྱེད།། ཁ་ན་མཐོ་མེད་པ་དེ་འཟོང།། དགེ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་ཚེའི་ཚང་ནི་བསྐལ་པ་ཕྱེད་སྟེ། ་བར་མདོར་འཆི་བ་ནི་ཡ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། ཚིག་སུ་བཅད་དེ་བཀའ་སྩལ་པ།། འབྲས་བུ་ཡིད་འོང་མཐོ་སུ།། སྐྱེ་འགྱུར་དགེ་བ་སྤངས་ནས་ནི། འདིར་ནི་མི་སྡུག་ལས་བྱས་པས ་རབ་ཏུ་ཚ་བར་སྐྱེ་བར་འགྱུར།། དགེ་སྦྱོང་བྲམ་ཟེ་དགེ་བ་དང་། ཕ་དང་མ་ཡང་དེ་བཞིན་ཏེ།། གང་ཡང་བླ་མ་གཞན་གསོད་པ། རབ་ཏུ་ཚ་བར་དེ་འཆེའོ།། དགེ་སློང་དག་དམྱལ་བ་ཆེན་པོ་མནར་མེད་པའི ་ཚེའི་ཚད་ནི། བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད།། མི་གཏི་མུག་ཅན་ལྔས་བྱིན་གྱིས་དགེ་འདུན་འཐུན་པ་ཕྱེད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་དང་། དགེ་སློང ་མ་དགྲ་བཅོམ་པ་བསད་པས།། རང་གི་ལུས་དེ་ཉིད་ཀྱིས་དམྱལ་བ་ཆེན་པོ་མནར་མེད་པ་དེར་སྐྱེ་སོ།། དེ་ན་བཅོམ་ལྡན་འདས་ཀྱིས་དེའི་ཚེ། ཚིག་སུ་བཅད་དེ་བཀའ་སྩལ་པ། འཕགས་པ་རྣམས་ཀྱིས་བསྟན ་པ་ཡི།། ཆོས་ཀྱིས་འོས་པར་འཚོ་རྣམས་ལ།། སྡིག་པའི་ལྟ་བ་ལ་བརྟེན་ནས།། བློ་ངན་གང་ཞིག་སྨོད་བྱེད་པ། ཚེར་ཅན་འོད་མའི་འབྲས་བུ་ལྟ་ལ། དེ་ནི་འབྲས་བུ་བརླག་པར་བྱེད།། དགེ་བར་འགྱུར ་བར་བརྗོད་བྱ་སྟེ།། སྡིག་པ་ཅན་དག་མི་བརྗོད་དོ།། དགེ་བ་སྨྲས་ན་ལེགས་པར་འགྱུར།། སྡིག་པས་སྨྲས་ན་སྲེག་འགྱུར་བས།། གལ་ཏེ་སྨྲ་ན་དགེ་བར་སྨྲའི།། སྡིག་པའི་སྨྲས་ན་བརླག་པར ་འགྱུར།། བྱིས་པ་རྣམས་ནི་སྡིག་སྨྲ་སྟེ།། འཕགས་པ་རྣམས་ནི་མ་ཡིན་ནོ།། འདིར་ནི་ངན་འགྲོར་འགྲོ་བ་ཡི།། ལས་ནི་ཤས་ཆེར་བྱས་པས་ན།། ལས་དེ་དག་གིས་མནར་མེད་པའི།། དམྱལ་བ་དག་ཏུ་སྐྱེ་བར ་འགྱུར། དགེ་སློང་དག་ཚངས་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཕྱེད་དེ།། བར་མ་དོར་འཆི་བ་ནི་ཡོད།། དགེ་སློང་དག་ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པའི་བནི ་གསུམ་ཐུབ་སྟེ། བར་མ་དོར་འཆི་བ་ཡོད་དོ།། དགེ་སློང་དག་ཚངས་ཆེན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་གཅིག་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། དགེ་སློང་དག་འོད་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚང ་ནི་བསྐལ་པ་གཉིས་ཐུབ་སྟེ་ཁར་མ་དོར་འཆི་བ་ནི་ཡོད།། དགེ་སློང་དག་ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་བཞི་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད།། དགེ་སློང ་ངག་འོད་གསལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི།། བསྐལ་པ་བརྒྱད་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད།། དགེ་སློང་དག་དགེ་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་བཅུ་དྲུག་ཐུབ་སྟེ། ཁར་མ་དོར་འཆི ་བ་ནི་ཡོད།། དགེ་སློང་དག་ཚད་མེད་དགེ་བའི་ལྷ་རྣམས་ཀྱི་ཚེའི་ཚང་མི། བསྐལ་པ་སུམ་བཅུ་རྩ་གཉིས་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད།། དགེ་སློང་དག་དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེའི་ཆང་མི་བརྒལ་པ། ་དྲུག་བཅུ་རྩ་བཞི་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད།། དགེ་སློང་དག་སྤྲིན་མེ་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔ་ཐུབ་སྟེ་བར་མ་དོར་འཆི་བ་ནི་ཡོད།། དགེ་སློང་དག་བསོད་ནམས་སྐྱེས་ཀྱི་ལྷ ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་ཉིས་བརྒྱ་ལྔ་ཅུ་ཐོབ་སྟེ། བར་མདོར་འཆི་བ་ནི་ཡོ།། དགེ་སློང་དག་འབྲས་བུ་ཆེའི་ལྷ་རྣམས་ཀྱི་ཚེའི་ཚད། ནི།། བསྐལ་པ་ལྔ་བརྒྱ་ཐུབ་སྟེ། བར་མ་དོར་འཚོ་བ་ནི་ཡོད ་དགེ་སློང་དག་འདུ་ཤེས་མེད་པའི་སེམས་ཅན་མི་ཆེ་བ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད།། དགེ་སློང་དག་མི་གདུང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་ཉིས། ་སྟོང་ཐུབ་སྟེ། ཁར་མ་དོར་འཆི་བ་ནི་ཡོད།། དགེ་སློང་དག་ཤིན་ཏུ་མཐོང་གི་ལྷ་རྣམས་ཀྱི་ཚེའི་ཆད་ནི། བསྐལ་བ་བཞི་སྟོང་སྟེ། བར་མདོར་འཆི་བ་ནི་ཡོད།། དགེ་སློང་དག་གྱ་ནོམ་སྣང་གི་ལྷ་རྣམས་ཀྱི་ཚེ ་ཚད་ནི། བསྐལ་པ་བརྒྱང་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད།། དགེ་སློང་དག་འོག་མིན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་ཁྲི་དྲུག་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད།། དགེ་སློང་དག་ན་མཁའ ་མཐའ་ཡས་སྐྱེ་མཆེད་པར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི།། བསྐལ་པ་ཉིས་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད། དགེ་སློང་དག་རྣམས་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས ་ཀྱི་ཚེའི་ཚད་ནི། བསྐལ་པ་བཞི་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད།། དགེ་སློང་དག་ཅི་ཡང་མེད་པའི་སྐྱེད་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་དྲུག་ཁྲི་སྟེ། བར་མ་དོར་འཆི ་བ་ནི་ཡོད།། དགེ་སློང་དག་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་བ་བརྒྱད་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད།། དགེ་སློང་དགེ་དེ་ལྟར་དམྱལ་བ་ཆེན་པོ ་མནར་མེད་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དེ་དག་ནི་དགེ་སློང་དག་སྲིད་པའི་རྩ་བ་དང་། དེ་དག་ནི། སྲིད་པའི་རྩེ་མོ་ཡིནོ།། དེ་དག་ནི་སྲིད་པ་འབྱུང་བ ་ཡིན་ཏེ། དེ་དག་ནི་འགྲོ་བ་ལྔའི་སེམས་ཅན་རྣམས་འོང་བ་དང་། འགྲོ་བ་དང་། གནས་པ་དང་། འཆི་བ་དང་། སྐྱེ་བར་སྣ་།། སྲིད་པ་འབྱུང་བས་ཆོག་ཤེས་པར་གྱིས་ཤིག། ང་ནི་སྲིད ་པ་མངོན་པར་སྒྲུབ་པ་ཆུ་ངུ་ལ་ཡང་། ཐ་ན་དེའི་སྐད་ཅིག་ཙམ་ཡང་བསྔགས་པ་མི་མཛད།། དེ་ཅིའི་ཕྱིར་ཞེ་ན། སྲིད་པ་མངོན་པར་སྒྲུབ་པ་ནི། སྡུག་བསྔལ་ཡིན་པའི་ཕྱིར་ཏེ། དཔེར་ན་མི་གཙང ་བའི་ཉུང་ངུ་ཡང་མོ་ཞིམ། མང་པོ་ལྟ་ཅི་མོས། དེ་ལྟར་དེ་བཞིན་དུ་ང་ནི་སྲིད་པ་མངོན་པར་སྒྲུབ་པ་ཆུང་ངུ་ལ་ཡང་ཐ་ན་དེའི་སྐད་ཅིག་ཙམ་ཡང་བསྔགས་པ་མི་མཛད་དོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང ་དག་སྲིད་པ་མངོན་པར་སྒྲུབ་པ་ནི་སྡུག་བསྔལ་ཡིན་པའི་ཕྱིར།། སོ་སོའི་སྐྱེ་བོ་བྱིས་པ་ཐོས་པ་དང་མི་ལྡན་པ་དེ་དག་ནི་འགྲོ་བ་ལྔ་པོའི་འཁོར་བ་གང་དུ་ཡང་དང་ཡང་དུ་དམྱལ་བ་རྣམས་དང ་ཡང་དང་ཡང་དུ་དུད་འགྲོ་རྣམས་དང་། ཡང་དང་ཡང་དུ་ངན་སོང་ངན་འགྲོ་ལོག་པར་ལྷུང་བ་རྣམསུ་ཀུན་ཏུ་རྒྱུག། ཀུན་ཏུ་རབ་ཏུ་རྒྱུ་གོ།། དགེ་སློང་དག་དེ་ལྟ་བས་ན་ངས་དེའི་ཕྱིར ་འདི་ལྟར་བསླབ་པར་བྱ་སྟེ། སྲིད་པ་རྒྱུན་ཆད་པར་བྱ་བ་གང་ཡིན་པ་ལ་བརྩོན་པར་བྱ་ཞིང་། སྲིད་པ་མངོན་པར་བསྒྲུབ་པར་མི་བྱའོ།། དགེ་སློང་དག་ཁྱད་ཀྱིས་དེ་ལྟར་བསླབ་པར་བྱའོ།། བཅོམ་ལྡན ་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མ་ངོན་པར་བསྟོད་དོ།། །། ཚེའི་མཐའི་མདོ་རྫོགསྷོ།། རྒྱ་གར་གྱི་མཁན་པ ་བི་ཤུད་དཱ་སིང་ཧ་དང་། ལོ་ཙཱ་བ་བན་དྷེ་དགེ་བ་དཔལ་གྱིས་བསྒྱུར།། རྒྱ་གར་གྱི་མཁན་པོ་འདྲི་ཀར་སིང་ཧ་དང་། ལོ་ཙཱ་བ་བན་དྷེ་དཔལ་བརྩེགས་ཀྱིས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕག། གླེགས ་བམ་དུ་མ་ལ་གཏུགས་ནས་ཞུས་ངག་ཅི་ནུས་པརྒྱ་།། དམ་ཆོས་རྒྱས་པར་ཤོག། བཀྲ་ཤིས་པར་།། @།། རྒྱ་གར་སྐད་པུ་ཨཱརྱ་ཤི་ལ་ནི་ཀཱ་པ་སཱུ་ཏམ། བོད་སྐད་དུ། ་