| Wylie | e-texts produced with BDRC’s OCR application |
ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཕ་མའི་མདོ། རྫོགས་སྷོ། @#།། རྒྱ་གང་སྐད་དུ།། ཀར་མ་བི་བད་ཀ་ནཱ་མ་དྷ་མ་པ་རི་ཡ་ཡ། ་ཟོང་སྐད་དུ་ལས་ཀྱིས་རྣམ་པར་འགྱུར་བ་ཞེས་བྱ་བ་འི་ཆོས་ཀྱི་གཞུང་།། བམ་པོ་གཅིག་གོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་སྐྱབས་མེད་པ་ལ་ཟས་སྦྱིན་གྱི ་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་སྟོང་ཕྲག་ཕྱེད་དང་བཅུ་གསུམ་དང་། ལྷན་ཅིག་ཏུ་བཞུགས་ཏེ། དེ་ནས་ཏོའུ་ཏེ་ཡིའི་བུ་ཤོ་གོ་མ་ན་བ། བཅོམ་ལྡན ་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་ཡང་དག་པར་མགུ་བ་དང་། ཡང་དག་པར་རངས་པའི་གཏམ་རྣམ་པ་མང་པོ་བཤད་དེ། ཕྱོགས་གཅིག་ཏུ་འདུག། ་སོའུ་དེ་ཡའི་བུ། ཤོ་གོ་མན་པ་ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གོའུ་ཏམ་ཁྱོད་ལ། བདག་ཅུང་ཤས་ཅིག་འདྲིན། དྲིས་པའི་ལན་ས ་བཀའ་སྩལ་ཏུ་གསོལ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་སྟོའུ་དེ་ལའི་བུ། ཤུ་ཀོ་མ་ན་པ་ལ་འདི་སྐད་ཅེས་གསུང་སོ།། མ་ན་བ་ཇི་ལྟར་འདོད་པ་བཞིན་དུ་དྲིས་ཤིག། ་ངས་ཁྱོད་ལ་བཤང་པར་བྱའོ།། དེ་ནས་སྟོའུ་དེ་ཡུའི་བུ་ཤུ་ཀོ་མ་ན་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ལོའུ་ཏ་མ་སེམས་ཅན་རྣམས་ལ། ཚེ་ཐུང་བ་དང་། ཚེ་རིང་བ་དང ་ནད་མང་པ་དང་། ནད་ཉུང་བ་དང་། མི་སྡུག་པ་དང་། བཟང་པོ་དང་། དབང་ཆུང་བ་དང་། དབང་ཆེ་བ་དང་། མ་རབས་ཀྱི་རིགས་དང་། ཡ་རབས་ཀྱི་རིགས་དང་། དབུལ་པོ་དང་། ཕྱུག་པོ་དང་། ངན་པ་དང ་ཤེས་རབ་ཆེ་ཆུང་དང་། སྒྱིང་སྡུག་ལ་སོགས་པ། རྣམ་པ་མང་དུ་མཆིས་ན། ཀྱེ་གོའུ་ཏ་མ་ལས་ཀྱི་རྣམ་པར་སྨིན་པ། གང་གི་ཕྱིར་ན་སེམས་ཅན་སྣ་མང་པོར་འགྱུར།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། མ་ན་བ་ཁྱོད་ཉོན་ལ། དགེ་བའི་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་། དེའི་ཕྱིར་ངས་བཤད་དོ།། མ་ན་སེམས་ཅན་རྣམས་ནི། ཚེ་རབས་ཀྱི་ལས་ལས་གྱུར་ཏོ།། སྦྱིན་པའི ་རྣམས་ཀྱང་ལས། སྐྱེ་བའི་རྣམས་ཀྱང་ལས། སོ་སོར་རྒྱུ་བ་ཡང་ལས་ཏེ། མན་སེམས་ཅན་རྣམས་ནི་ལས་ཀྱིས་རྣམ་པར་བསྒྱུར་རོ།། དེ་བས་ན་ངན་པ་དང་། བར་མ་དང་། བཟང་པོའི་ཕྱིར་སེམས། ་ཅན་རྣམ་པ་མང་པོ་ཡང་། ལས་རྣམ་པ་མང་པོ་དང་། མྱ་ངན་རྣམ་པ་མང་པོ་དང་། ལྟ་བ་རྣམ་པ་མང་པོར་སྦྱར་བདེ། འདི་ལྟར་ནག་པོ་དང་། དཀར་པོ་ལས་རྣམ་པར་སྨིན་པའི་འབྲས་བུ་བ་ཤའོ།། ་མ་ན་པ་འདི་ལྟ་སྟེ། ལས་ནག་པོ་རྣམས་ཀྱིས་ནི། སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་དང་། རིང་དུ་འཁྱམས་པ་དང་། ཨ་སུ་ར་ལ་སོགས་པ་ངན་སོང་དུ་སྐྱེའོ།། ལས་དཀར ་པོར་བགྱིས་པ་རྣམས་ཀྱིས་ནི་ལྷ་དང་མིར་སྐྱེའོ།། མ་ན་བ་དེ་ལྟ་བས་ན། ལས་ཀྱི་རྣམ་པར་སྨིན་པས། ཚེ་ཐུང་བ་ཡང་ཡོད།། ལས་ཀྱིས་ཚེ་རིང་པོར་གྱུར་པ་ཡང་ཡོད། ལས་ཀྱིས་ནད་མང་པོར་ཡང ་ཡོད། ལས་ཀྱིས་ནང་ཉུང་ངུར་གྱུར་པ་ཡང་ཡོད། ལས་ཀྱིས་མི་སྡུག་པར་འགྱུར་བ་ཡང་ཡོད། ལས་ཀྱིས་བཟང་པོར་འགྱུར་བ་ཡང་ཡོད། ལས་ཀྱིས་དབང་ཆུང་ངུར་འགྱུར་བ་ཡང་ཡོད། ལས ་ཀྱིས་དབང་ཆེན་པོར་འགྱུར་བ་ཡང་ཡོད། ལས་ཀྱིས་མ་རབས་ཀྱི་རི་སུ་འགྱུར་བ་ཡང་ཡོད། ལས་ཀྱིས་ཡ་རབས་ཀྱི་རིགསུ་འགྱུར་བ་ཡང་ཡོད། ལས་ཀྱིས་དབུལ་པོར་འགྱུར་བ་ཡང ་ཡོང་ལས་ཀྱིས་ཕྱུགས་པོར་འགྱུར་བ་ཡང་ཡོད། ལས་ཀྱིས་ངན་པོར་འགྱུར་བ་ཡང་ཡོད། ལས་ཀྱིས་ཤེས་རབ་ཆེ་ན་པོར་འགྱུར་ཡང་ཡོད། ལས་ཀྱིས་སེམས་ཅན་དམྱལ་བར ་འགྱུར་བ་ཡང་ཡོད། ལས་ཀྱིས་བྱོལ་སོང་གི་སྐྱེ་གན་སུ་སྐྱེ་བར་འགྱུར་བ་ཡང་ཡོད། ལས་ཀྱིས་རིང་དུ་འཁྱམས་པར་འགྱུར་བ་ཡང་ཡོད།། ལས་ཀྱིས་ཨ་སུ་རར་སྐྱེ་བར་འགྱུར་བ་ཡང་ཡོད ་ལས་ཀྱིས་མིར་སྐྱེ་བར་འགྱུར་བ་ཡང་ཡོད། ལས་ཀྱིས་གཟུགས་ཡོད་པའི་ལྷར་སྐྱེ་བ་ཡང་ཡོད། ལས་ཀྱིས་གཟུགས་མེད་པའི་ལྷར་སྐྱེ་བ་ཡང་ཡོད། ལས་བཞིན་དུ་མི་འགྱུར་བར་སྐྱེ་བ ་ཡང་ཡོད། ལས་ཀྱིས་འགྱུར་བར་སྐྱེ་བ་ཡང་ཡོད། ལས་ཀྱིས་ཡུལ་གཞན་དུ་སྐྱེ་བར་འགྱུར་བ་ཡང་ཡོད། ལས་མ་བསམས་པར་བྱས་པས་སྐྱེ་བར་འགྱུར་ཡོད་དོ།། ལས་ཀྱི་བསམས་ཏེ ་མ་བྱས་ཀྱང་སྐྱེ་བར་འགྱུར་བ་ཡང་ཡོད། ལས་བསམས་ཏེ་བྱས་ནས་སྐྱེ་བར་འགྱུར་བ་ཡོད། ལས་མ་བསམས་མ་བྱས་ཀྱང་སྐྱེ་བར་འགྱུར་བ་ཡང་ཡོད། གང་ཟག ་ལས་འདི་ལྟ་བུ་འདུས་པས་ན། སེམས་ཅན་དམྱལ་བར་སྐྱེས་ནས་སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ཏེ། སྐྱེ་བའི་ལས་ཀྱང་ཡོད། གང་ཟག་ལས་འདི་ལྟ་བུ་འདུས་པས་ན། སེམས་ཅན ་དམྱལ་བར་ཕྱིན་མ་ཐག་ཏུ་སྐྱེས་པ་ཡང་ཡོད།། གང་ཟག་ཡང་ལས་འདི་ལྟ་བུར་འདུས་པས་ན། སྔར་བདོ་བ་ལ་ཕྱི་ནས་མི་བདེ་བའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུར་འདུས་པས་ན ་སྔར་མི་བདེ་བ་ལ་ཕྱི་ནས་བདེ་བར་གྱུར་པའི་ལས་ཀྱང་ཡོད། སེམས་ཅན་གང་ཟག་ཐམས་ཅད་ཀྱང་འདི་ལྟ་བུ་འདུས་པས་ན། སྔར་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས ་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན། སེར་སྣ་བྱེད་པའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན། དབུལ་བ་གཏོང་ཕོད་པའི་ལས་ཀྱང་ཡོད། གང ་ཟག་ཡང་འདི་ལྟ་བུ་འདུས་པས་ན། ཕྱུག་པོར་གྱུར་ཅིང་། གཏོང་ཕོད་པའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུའི་ལས་འདུས་པས་ན། དབུལ་བ་སེར་སྣ་ཅན་དུ་འགྱུར་བའི་ལས ་ཀྱང་ཡོད་དོ།། གང་ཟག་ཚེ་ཟད་ལ་ལས་མ་ཟད་པ་ཡང་ཡོད། གང་ཟག་ལས་ཟད་ལ་ཚེམ་ཟད་པ་ཡང་ཡོད། གང་ཟག་ཚེ་དང་ལས་བཅས་ཏེ་ཟད་པར་འགྱུར་བ་ཡང་ཡོད། གང ་ཟག་ཚེ་དང་ལས་བཅས་ཏེ་མ་ཟད་ཀྱང་མྱ་ངན་སྤངས་པར་འགྱུར་བ་ཡང་ཡོད། གང་ཟག་ལུས་བདེ་ལ་སེམས་མི་བདེ་བར་འགྱུར་བ་ཡང་ཡོད། གང་ཟག་ལུས་མི་བདེ་ལ་སེམས་བདེ་བར ་འགྱུར་བའི་ལས་ཀྱང་ཡོད། གང་ཟག་ལུས་ཀྱང་བདེ་ལ་སེམས་ཀྱང་འགྱུར་བ་ཡང་ཡོད། གང་ཟག་ལུས་མི་བདེ་ལ་སེམས་ཀྱང་མི་བདེ་བར་འགྱུར་བ་ཡང་ཡོད། གང་ཟག་ལས་འདི་ལྟ ་བུ་འདུས་པས་ན། སེམས་ཅན་ངན་པའི་སར་ཡང་སྐྱེས་ཏེ། གཟུགས་ངན་པ་དང་། བཟང་པོ་དང་། སྡུག་གུ་དང་། ཁ་དོག་མཛེས་པ་དང་། མདོག་སྣུམ་པ་དང་། མཐོང་ན་དགའ་བའི ་ལས་ཀྱང་ཡོད། གང་ཟག་ཡང་ལས་འདི་ལྟ་བུ་འདུས་པས་ན། ངན་པའི་སར་ཀྱང་སྐྱེས་ལ། གཟུགས་ངན་པ་དང་། ལུས་བརྩུབ་པ་དང་། མི་སྡུག་པར་སྣང་བ་དང་། མཐོང་ན་ཡིད་དུ་མི ་འོང་བའི་ལས་ཀྱང་ཡོད་དེ་མན་པ་ཡང་འདི་ལྟ་སྟེ། མི་བགེ་བ་བཅུའི་ལས་ཀྱི་ལམ་བྱས་པའི་རྒྱུས། ཕྱི་རོལ་གྱི་ཡུལ་སའི་དོན་དུ་འགྱུར་བ་ཡང་ཡོད་དོ།། དེ་ལ་ཇི་ལྟར་ལས་ཀྱིས་ཚེ་ཐུང་བར ་འགྱུར་ཞེ་ན། ཆོས་བཅུས་ན། ཆེ་ཐུང་བར་འགྱུར་ཏེ། བཅུ་གང་ཞེ་ན། སྲོག་བཅང་པ་དང་། སྲོག་གཅོད་དུ་བཅུག་པ། སྲོག་གཅོད་པ་ལ་བསྟོད་པ། སྲོག་གཅོད་པ་ལ་སྨོན་པ། ་མངལ་ནས་མེད་པར་བྱེད་པ། མངལ་ནས་མེད་པར་བྱེད་དུ་བཅུག་པ། དགྲ་བོ་ལ་གསད་པར་སེམས་པ། མི་མཛའ་བ་ཤི་ན་དགའ་བ། རྟེན་བཅས་ཤིང་སེམས་ཅན་གསད་པ། ཐབ་མོ ་ལ་ལྟ་ཞིང་དང་པ་དང་བཅུ་སྟེ། ཆོས་འདི་བཅུས་ན་ཆེ་ཐུང་ཞིང་ནང་མང་བར་འགྱུར་རོ།། ཇི་ལྟར་ལས་བཟང་པོ་བྱས་པས་ཚེ་རིང་པོར་འགྱུར་ཞེ་ན། ཆོས་རྣམ་པ་བཅུས་ན་ཚེ་རིང་པོར་འགྱུར་ཏེ། ་བཅུ་གང་ཞེ་ན། སྲོག་གཅོད་པ་སྤངས་པ་དང་། སྲོག་གཅོད་པ་སྤངས་པར་བྱེད་པ།། སྲོག་གཅོད་པ་སྤངས་པ་ལ་བསྟོད་པ། སྲོག་གཅོད་པ་སྤངས་པ་ལ་སྨོན་པ། གསང་པར་ཆད་པའི་སེམས ་ཅན་རྣམས་གཏོང་བ། གསང་པར་ཆད་པའི་མི་རྣམས་གཏོང་བ། འཇིགས་ཤིང་སྐྲག་པའི་སེམས་ཅན་རྣམས་སྐྱབས་བྱས་པ། མགོན་མེད་པའི་སེམས་ཅན་རྣམས་ལ་སྙིང་། ་རྗེ་བར་སེམས་པ། ན་བའི་སེམས་ཅན་རྣམས་ལ་བྱམས་པས་བསྟད་པ། བྲེལ་ཅིང་འཕོངས་པའི་སེམས་ཅན་རྣམས་ལ་གོས་དང་ཟས་སྐོམ་བྱིན་པ་དང་། ཆོས་བཅུས་ན། ཚེ་རིང་ཞིང་ནད་མེད་པར ་འགྱུར་རོ།། ཇི་ལྟར་ལས་ཀྱིས་ནང་མང་པོར་འགྱུར་ཞེ་ན། ཆོས་བཅུས་ནང་མང་པོར་འགྱུར་ཏེ། བཅུ་གང་ཞེ་ན། དབྱུག་པ་དང་། ཐལ་མོ་ལ་སོགས་པས་བཙོགས་པ་དང་། དབྱུག་པ་དང་། ཐལ་མོ་ལྔ ་སོགས་པས་འཆོག་ཏུ་བཅུག་པ་དང་། དབྱུག་པ་དང་། ཐལ་མོ་དསོགས་པས་འཚོགས་པ་ལ་སྟོང་པ། དབྱུག་པ་དང་ཐལ་མོ་ལ། སོགས་པས་འཆོག་པ་ལ་སྟོན་པ་དང་། ཕམ ་རྣམས་ཀྱི་སེམས་ཉོན་མོངས་པ། མྱ་ངན་སྲིང་བ་རྣམས་ཀྱི་སེམས་ཉོན་མོངས་པ། མི་འཛའ་བ་རྣམས་ནན་དགའ་བ། མི་འཛའ་བ་རྣམས་ནང་མི་སོས་ན་དགའ་བ། སྨན་ལོག་པ་མི་བྱིན་པ། ་ཟས་མི་ཞུ་བ་ཟ་བ་དང་། བཅུ་སྟེ། ཆོས་འདི་བཅུས་ན་ནད་མང་བར་འགྱུརརོ།། ཇི་ལྟར་ལས་བཟང་པོ་བྱས་པས་ནང་ཉུང་ངུར་འོང་ངོ་ཞེ་ན། ཆོས་བཅུས་ན་ནང་ཉུང་བར་འགྱུར་ཏེ། བཅུ་གང་ཞེ་ན་དབྱུག། ་པ་དང་། ཐལ་མོ་ལ་སོགས་པས་གཞན་ལ་མི་འཆོག་པ། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཆོག་ཏུ་མི་གཞུག་པ། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཆོག་པར་མི་བསྟོད་པ། བྱུག ་བ་དང་། ཐལ་མོ་ལ་སོགས་པས་འཚོག་པ་ལ་མི་སྨོན་པ། ཕ་མ་ལ་སོགས་པ་ན་རྣམས་ལ་རིམ་གྲོ་བྱེད་ག། མྱ་ངན་བསྲིངས་པ་རྣམས་ན་བ་ལ་རིམ་གྲོ་བྱེད་པ། མི་མཛའ་བའི་རྣམས་ན་ན་མ ་དགའ་བ། མི་མཛའ་བ་རྣམས་ནང་སོས་ན་དགའ་གནང་བ་ལ་སྨན་བྱིན་གཟས་ཞུ་ནས་ཟ་བ་དང་བཅུ་སྟེ། ཆོས་འདི་བཅུས་ནང་ཉུང་བར་འགྱུརརོ།། ཇི་ལྟར་ལས་ཀྱིས་མི་སྡུག་པར་འགྱུར་ཞེ་ན། ་ཆོས་བཅུས་མི་སྡུག་པར་འགྱུར་ཏོ།། བཅུ་གང་ཞེ་ན། ཁྲོ་བ་གནོད་བཅས་པ། ཅུང་ཟད་ལས་ཀྱང་ཁོན་དུ་འཛིན་པ། གཏུམ་པ་ཕ་མ་རྣམས་ལ་ངན་དུ་སྨྲ་བ། མྱ་ངན་སྲིངས་པ་རྣམས་ལ་ངན་དུ་སྨྲ་བ། ་མྱ་ངན་སྲིད་པའི་སྤྱད་པ་ཀུན་ལ་ངན་དུ་བྱེད་པ། ཡང་དག་པར་ཤེས་པའི་མཆོད་རྟེན་ལ་འོད་གཅོད་པ། གང་ཟག་མི་སྡུག་པ་རྣམས་ལ་དང་ན་ཅན་བྱེད་པ། ཅི་ལ་ཡང་མི་གཙང་བར་བྱེད་པ། འདི་དང ་བཅུའོ།། ཇི་ལྟར་ལས་ཀྱིས་བཟང་པོར་འགྱུར་ཞེ་ན། ཆོས་བཅུས་བཟང་པོར་འགྱུར་ཏེ། བཅུ་གང་ཞེ་ན། མི་ཁྲོ་བ། གོས་བྱིན་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་རྟག་ཏུ་ཕྱག ་དར་བྱེད་པ།། གཙུག་ལག་ཁང་ལ་བྱི་དོར་བྱེད་པ། ཕ་མ་ལ་སྙན་དུ་སྨྲ་བ་མྱ་ངན་བསྲིངས་པ་རྣམས་ལ་སྙན་དུ་སྨྲ་བ། གང་ཟག་མི་སྡུག་པའི་རྣམས་ལ་དང་ན་ཅན་མི་བྱེད་པ། ཅི་ལ་ཡང ་གཙང་བར་བྱེད་པ་སྟེ་ཆོས་འདི་དང་བཅུའོ།། ཇི་ལྟར་ན་ལས་ཀྱིས་དབང་ཆུང་ངུར་འགྱུར་ཞེ་ན། ཆོས་བཅུས་ན་དབང་ཆུང་ངུར་འགྱུར་ཏེ། བཅུ་གང་ཞེ་ན། གཞན་གྱིས་ཐོབ་པ་ལ་པྲ་དོག་བྱེད་པ་དང་། ་གཞན་གྱིས་མ་ཐོབ་པ་ལ་དགའ་བ་དང་། གཞན་གྱིས་ཐོབ་པ་ལ་མི་དགའ་བ། གཞན་སྐྱིད་པ་དང་གྲགས་པ་དང་། ཚིག་སུ་བཅད་ཅིང་སྒྲ་བསྟོད་པ་མེད་པ་ལ་དགའ་བ། གཞན་སྐྱིད་པ་དང་། གྲགས་པ་དང་། ་ཚིག་སུ་བཅད་ཅིང་སྒྲ་བསྟོད་པ་ལ་མི་དགའ་བ། ཕ་མ་དང་དགེ་བའི་བཤེས་གཉེན་ལ་སྲི་ཞུ་མི་བྱེད་པ། མྱ་ངན་སྲིངས་པ་རྣམས་ལ་རིམ་གྲོ་མི་བྱེད་པ། དབང་ཆུ་ངུ་ལ་མི་དགེ་བའི་རྩ་བ་སྐྱེད་པ། དབང ་ཆེན་པོ་ལ་དགེ་བའི་རྩ་གཅོད་པ། གང་བག་ངན་པ་བྱེད་པ་རྣམས་ལ་སྟོང་པ་འདི་དང་བཅུའོ།། ཇི་ལྟར་ལས་ཀྱིས་དབང་ཆེར་འགྱུར་ཞེ་མ་ཆོས་བཅུས་ན་དབང་ཆེར་འགྱུར་ཏེ། ཅུ ་གང་ཞེ་ན། གཞན་གྱིས་ཐོབ་པ་ལ་ཕྲ་དོག་མི་བྱེད་པ། གཞན་གྱིས་ཐོབ་ན་དགའ་བ། གཞན་གྱིས་མ་ཐོབ་པ་ལ་མི་དགའ་བ། གཞན་སྐྱིང་པ་དང་། གྲགས་པ་དང་། ཚིགསུ་བཅད་ཅིང་སྒྲས་བསྟོང་པ ་མེད་པ་ལ་མི་དགའ་བ། གྲགས་པ་དང་། ཚོགསུ་བཅད་ཅིང་སྒྲས་བསྟོད་པ་དགའ་བ་བྱང་ཆུབ་སེམས་སྐྱེ་བར་བྱེད་པ་དང་། ཡང་དག་པར་གཤེགས་པའི་མཆོད་རྟེན་དང་གནས་བྱེད་པ། ་དབང་ཆུངལ་མི་དགེ་བའི་རྩ་བ་གཅོང་བར་བྱེད་པ། དབང་ཆེན་པོ་རྣམས་ལ་དགེ་བའི་རྩ་བ་སྐྱེད་པ་དང་བཅུའོ།། ཇི་ལྟར་ལས་ཀྱིས་མ་རབ་སུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་མ་རབ ་སྐྱེ་བར་འགྱུར་ཏེ། བཅུ་གང་ཞེ་ན། ཕ་མ་ལ་ཕ་མར་མི་འཛིན་པ། དགེ་སློང་དུ་མི་ཤེས་པ། བྲམ་ཟེར་མི་ཤེས་པ། རིགས་ཀྱིས་བཙུན་པ་ལ་མི་བཀུར་བ། མཁན་པོ་དང་། བླ་མ་པ ་ཐར་བར་ཞུགས་པ་རྣམས་ལ་རིམ་གྲོ་དང་སྟི་སྟེ། ང་དུ་མི་བྱེད་པ། ནམས་ཀྱང་མགོན་མི་གཉེར་བ། ཕ་མ་ལ་སྲི་ཞུ་མི་བྱེད་པ། མཁན་པོ་དང་། བླ་མ་དང་། ཐར་པར་ཞུགས་པ་རྣམས ་ལ་ཁྱད་དུ་གསོད་ཅིང་སྲི་ཞུ་མི་བྱེད་པ། རིགས་ཆེན་པོ་ལས་སྐྱེས་པའི་གང་ཟག་རྣམས་སྤོང་བ། རིགས་ཆུང་ངུ་ལས་སྐྱེས་པའི་གང་ཟག་རྣམས་ལ་བཀུར་བ་འདི་དང་བཅུའོ།། ཇི་ལྟར་ལས་ཀྱིས ་ཡརབ་སུ་སྐྱེ་བདེ་འགྱུར་ཞེ་ན། ཆོས་བཅུས་ན་ཡ་རབ་སུ་སྐྱེསོ་བར་འགྱུར་ཏེ། བཅུ་གང་ཞེ་ན། བམ་དྲན་པ། ཐར་པར་ཞུགས་པར་ཤེས་པ། བྲམ་ཟེར་ཤེས་པ། རིགས་ཀྱིས་བཙུན་པ་ལ་བཀུར ་བར་མཁན་པོ་དང་། བླ་མ་དང་། ཐར་བར་ཞུགས་པ་རྣམས་དང་། ཐར་པ་སྤྱོད་པ་གཞན་ལ་ཡང་སྟན་ལས་ལངས་ཏེ། སྐྲག་ཅིང་སྟི་སྟང་རི་མོ་དང་། སྟན་ལ་སོགས་པ་སྟོབས་པ་དང་། ཕ་མ་ལ་སྲི་ཞུ་བྱེད་པ ་མཁན་པོ་དང་། བླ་མཐར་པ་ཞུགས་པ་རྣམས་ས། གཞན་ཡང་སྲི་ཞུ་བྱེད་པ། ཡ་རབས་དང་མ་རབས་སུ་ཡང་ཁྱད་པར་མི་བྱེད་ཅིང་སྙོམས་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་གྱི ་ཟློག་ཤིང་འཛུགས་པ། མེ་ཏོག་གི་ཕྲེང་གདུགས་བཙུགས་པ་དང་བཅུའོ།། ཇི་ལྟར་ལས་ཀྱིས་དབུལ་པོར་འགྱུར་ཞེ་ན། ཆོས་བཅུས་ན་དབུལ་པོར་འགྱུར་ཏེ། བཅུ་གང་ཞེ་ན། མ་བྱིན ་པར་ལེན་པ། མ་བྱིན་པར་ལེན་པར་འཇུག་པ། མ་བྱིན་པར་ལེན་པ་ལ་བསྟོད་པ། མ་བྱིན་པར་ལེན་པ་ལ་སྨོན་པ། ཕ་མ་ལ་འཚོ་བ་རྣམས་གཅོད་པ། མཁན་པོ་དང་། ་བླ་མ་དང་། ཐར་པར་ཞུགས་པ་རྣམས་ཀྱི་གཙུགས་ལག་ཁང་དང་གནས་ཁང་དང་། མཆོད་ཅིང་སྤྱོད་པ་ཀུན་གཅོད་པ། གཞན་ཐོབ་ཏུ་མི་དགའ་བ། གཞན་གྱིས་མ་ཐོབ་ན་དགའ་བ། གནན ་གྱིས་ཐོབ་པ་ལ་བགེགས་བྱེད་པ། མུ་གེ་བྱུང་ན་སྨོན་པ་དང་བཅུའོ།། ཇི་ལྟར་ལས་ཀྱིས་ཕྱུག་པོར་འགྱུར་ཞེ་ན། ཆོས་བཅུས་ན་ཕྱུག་པོར་འགྱུར་ཏེ། བཅུ་གང་ཞེ་ན། མ་བྱིན་པར་ལེན་པ་སྤོང ་པར་མ་བྱིན་པར་ལེན་པ་སྤོང་བར་འཇུག་པ། མ་བྱིན་པར་ལེན་པ་སྤོང་བ་ལ་དགའ་བ། ཕ་མ་ལ་འཚོ་བ་སྦྱིན་པ། མཁན་པོ་དང་། བླ་མ་དང་། ལྷག་མ་དང་། གཞན་རྣམས་ལ། གཙུག་ལག ་ཁང་དང་། གནས་དང་། རིམ་པར་སྤྱོད་པ་དང་། ཆོས་གོས་དང་། མལ་སྟན་དང་། ན་བའི་གོསོ་སྨན་དང་། གཡོག་དང་། འཚོ་བ་སྦྱིན་པ། གཞན་གྱིས་ཐོབ་པ་ལ་དགའ་བར་སེམས་པ། གཞན ་གྱིས་དོན་ཐོབ་པར་ནན་ཏན་དུ་བསྒྲུབས་པ། གཞན་གྱིས་མ་ཐོབ་པ་ལ་མི་དགའ་བ། ཕྱོགས་བཅུ་ཐམས་ཅད་དུ་ལོ་ལེགས་པར་སྟོན་པ། སྦྱིན་པ་ལ་སོགས་པ་གཏོང་བའི ་གང་ཟག་རྣམས་ལ་རབ་ཏུ་དགའ་བ་དང་བཅུའོ།། ཇི་ལྟར་ལས་ཀྱིས་ངན་པར་འགྱུར་ཞེ་ན། ཆོས་བཅུས་ན་ངན་པར་འགྱུར་ཏེ། བཅུ་གང་ཞེ་ན། གང་ཟག་སུ་ཡང་རུང་སྟེ། འདྲི་མི་ཤེས་པ། ཡང་དག ་པའི་ཆོས་མ་ཡིན་པ་ཀུན་འཕེལ་བར་བྱེད་པ། ཡང་དག་པའི་ཆོས་སྤོང་བ། ཡང་དག་པའི་ཆོས་འཆད་པ་ལ་སྟི་སྟང་དང་རི་མོར་མི་བྱེད་པ། མ་གཙིགས་པར་སྨྲ་བ་ལ་དགེ་བ་བསྟོད་པ། ངན་པའི་གང ་ཟག་རྣམས་ལ་འཁོར་ཞིང་སྟེན་པ། ཡང་དག་པ་ལ་མཁས་པ་རྣམས་སྤོང་བ། ལོག་པར་ལྟ་བ་ལ་ཚད་མར་འཛིན་ཅི་ང་བསྟོད་པ། ཡང་དག་པར་ལྟ་བ་ལ་སྤོང་བ། ཤེས་རབ་དང་ལྡན ་བའི་གང་ཟག་རྣམས་ལ་སྤོང་བ་དང་བཅུའོ།། ཇི་ལྟར་ལས་ཀྱིས་ཤེས་རའི་ཆེན་པོར་འགྱུར་ཞེ་མ་ཆོས་བཅུས་ན། ཤེས་བ་ཆེན་པོར་འགྱུར་ཏེ། བཅུ་གང་ཞེ་ན། གང་ཟག་སུ་ཡང ་རུང་སྟེ་རིམ་པར་འདྲི་ཤེས་པ། མི་མཁས་པའི་དགེ་སྦྱོང་དང་། བྲམ་ཟེ་དང་། ངན་པའི་གང་ཟག་རྣམས་ལ་མི་འཁོར་མི་བསྙེན་ཅིང་རི་མོ་སྟེ་སྟང་མི་བྱེད་པ། མཁས་པའི་གང་ཟག་རྣམས་ལ ་འཁོར་ཞིང་བསྙེན་ནས་རི་མོ་སྟི་སྟེང་བྱེད་པ། ཡང་དག་པའི་ཆོས་མ་ཡིན་པ་ཀུན་གཏོང་བ། ཡང་དག་པའི་ཆོས་འཕེལ་བར་བྱེད་པ། ཆོས་ཀྱི་སྣོད་གང་ཟག་རྣམས་མི་འཇིགས་པ་ལ་གོམ ་པར་བྱེད་ག་སངངས་ས་ཚིག་རྣམ་པ་སླབས་ག་ནས་བཟུང་པ་མནམ་པམ་མ་ལྡན་པ། ཡང་དག་པ་གཁལ་བཟུང་བ་གྱི་ཚུལ་ཚག་ས་ཀྱིས་མམ་ས ་བར་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་སེམས་ཅན་དམྱལ་བར་འགྱུར་ཏེ། བཅུ་གང་ཞེ་ན། ལུས་ཀྱི་ངན་པ་ཆེར་སྤྱོང་གངན་གི་ངན་པ་ཆེར་སྤྱོད་པ། ཡིད་ཀྱི་ངན་པ་ཆེར་སྤྱོད་པ། ཆང་པར་ལྟ་བ། ་རྟག་པར་ལྟ་བ་བྱ་བའི་མི་རིགས་པར་ལྟ་བ། ཕན་པ་མེད་པར་བྱེད་པ། མྱ་ངན་བསྲིང་བ་ལ་ངན་དུ་སྨྲ་བ། འདོད་པ་ལོག་པར་སྤྱོད་དུ་བཅུག་པ་དང་། བཅུའོ།། ཇི་ལྟར་ལས་ཀྱིས་བྱོལ་སོང་དུ་འགྱུར ་ཞེ་ན་ཆོས་བཅུས་ན་བྱོལ་སོང་དུ་འགྱུར་ཏེ། བཅུ་གང་ཞེ་ན། ལུས་ཀྱིས་ངན་པ་འབྲིང་དུ་སྤྱོང་པ། ངག་གི་ངན་པ་འབྲིང་དུ་སྦྱོང་བ། འདོད་ཡིད་ཀྱི་ངན་པ་འབྲིང་དུ་སྤྱོང་པ། འདོད་པ་སྣ་ཚོགས་ཀུན ་གཡོས་པའི་ལས་བྱས་པ། ཁྲོ་བ་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ། གླེན་པ་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ། མི་རིགས་པ་བྱིན་པ། བྱོལ་སོང་དུ་འགྱུར་བ་རྣམས ་ལ་ཁྲོ་བ་། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མ། ཐུས་སེང་གེར་སྐྱེས་པ། བྲམ་ཟེ་ཆང་པར་བྱེད་པ། ཁ་ངན་པར་བྱས་པའི་ལན་གྱིས་སྤྲེའུ་སྐྱེས་པ་ལྟ་བུ་དང་བཅུའོ།། ཇི་ལྟར ་ལས་ཀྱིས་རིང་དུ་འཁྱམས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན། རིང་དུ་འཁྱམས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ལུས་ཀྱིས་དྲན་པ་ཆུ་ངུ་སྤྱོད་པ། ངག་གིས་ངན ་ཆུ་ངུ་སྐྱོང་བ། ཡིད་ཀྱིས་ངན་པ་ཆུ་ངུར་སྤྱོད་པ།། ངན་པ་ལ་དད་པ། ཤིན་ཏུ་དད་པ། ལོག་པས་འཚེ་བ། སེར་སྣ་ལ་དད་ཅིང་མི་གཏོང་བ། སྦྱིན་པ་ལ་འགེགས་བྱེད་པོ།། འདོད་པ་ལ་ཆགས ་བཞིན་དུ་ཤི་བ། བྲུ་ཚ་ཞིང་སྐོམ་བཞིན་དུ་ཤི་བ་དང་བཅུའོ།། ཇི་ལྟར་ལས་ཀྱིས་ཨ་སུ་རའི་འཇིག་རྟེན་པར་འགྱུར་ཞེ་ན། ཆོས་བཅུས་ན་ཨོཾ་སུ་རའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། བཅུ་གང ་ཞེ་ན་ཐམས་ཅད་ལའང་ལུས་ཀྱིས་ངན་པ་ཆུང་ཟད་སྤྱོད་པ། ཐམས་ཅད་ལའང་ངག་གི་ངན་པ་ཆུང་ཟད་སྤྱོད་པ། ཐམས་ཅད་ལའང་ཡིད་ཀྱི་ངན་པ་ཆུང་ཟད་སྤྱོང་པ། ་ངངར་སེམས་པ།། མི་མཚུངས་པའི་ང་། ཟླ་ལས་ལྷག་པའི་ང་། གོང་མ་ལས་ལྷག་པའིང་། གོང་མ་ལས་ཀྱང་གོང་མའི་ང།། བདགོ་ལ་མི་སྲིད་པའིང་། དགེ་བའི་རྩ་བ་བསྐྱེད་པ་ལ་ལོག་པ ་སྨོན་པ་དང་བཅུ་སྟེ། ཆོས་འདི་བཅུས་ན་ཨ་སུ་རང་སྐྱེ་བར་འགྱུར་རོ།། ཇི་ལྟར་ལས་ཀྱིས་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན། མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། བཅུ ་གང་ཞེ་ན། དགེ་བ་བཅུའི་ལམ་མ་ཉམས་ཤིང་མགོད་པ་ནི་མོའི་འཇིག་རྟེན་དུ་སྐྱེ་བར་འགྱུརོ།། ཇི་ལྟར་ལས་ཀྱིས་འདོད་འདྲུག་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་མ་འདོད་པ ་དྲུག་ན་སྤྱོད་པའི་ལྷ་ར་སྐྱེ་བར་འགྱུར་ཏེ། དགེ་བ་བཅུའི་ལམ།། ལས་མ་ཉམས་ཤིང་བརྩོན་འགྲུ་སུ་བསྡམས་པས་ན། འདོད་པ་དྲུག་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུརརོ།། ཇི་ལྟར ་ལས་ཀྱིས་གཟུགས་ཡོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་གཟུགས་ཡོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར། བཅུ་གང་ཞེ་ན། དགེ་བ་བཅུའི་ལས་ཀྱི་ལམ་ལ ་ད་ཅིང་། ཕ་རོལ་དུ་ཕྱིན་པ་དྲུག་ཚོད་མེད་པ་བཞི་ཀུན་རྫོགས་པ་ནི་གཟུགས་ཡོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་རོ།། ཇི་ལྟར་ལས་ཀྱིས་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར ་ཞེ་ན་དགེ་བ་བཅུའི་ཆོས་དང་མི་གཡོ་འཛིན་པ་བཞིའིའོ་ཆོས་སྤྱོང་ན། གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཏེ། མི་གཡོ་བ་བཞི་ནི། གཟུགས་ཐམས་ཅད་ལས་འདས་ཏེ། རགས ་པའི་མིང་ཐམས་ཅད་བརྗོད་དུ་མེད་པ་ནས། ཆོས་སྣ་ཚོགས་སྨྲ་བསམ་ལས་འདས་པར་ན་མཁའ་མཐའ་ཡས་བསམས་ནས།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་མི་འཛིན་པ། ་དང་ནམ་མཁའ་མཐས་པའི་སྐྱེ་མཆེད་ཐམས་ཅད་ཀུན་ལས་འདས་ནས། རྣམ་པར་ཤེས་པ་མཐའ་ཡས་པ་བསམས་ན། རྣམ་པར་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་སྟེངས་ཀྱི་མི་གཡོ ་མི་འཛིན་པ་དང་། རྣམ་པར་ཤེས་པ་མཐའ་ཡས་སྐྱེ་མཆེད་ཐམས་ཅད་ལས་འདས་ནས། ཅུང་ཟད་ཀྱང་མེད་པར་བསམས་ཏེ། ཅུང་ཟད་མེ་དྲ་བའི་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་བ་དང་། ཅུང ་ཟད་མེད་པའི་སྐྱེ་མཆེད་ལས་འདས་ཏེ། སེམས་མེད་པ། སེ། མས་མེད་པ་མ་ཡིན་པ་བསམས་ཏེ། སེམས་མེད་པ་དང་། སེམས་མེད་པ་མ་ཡིན་པའི་སྐྱེ་མཆེད་སྟེངས་ཀྱི་མ ་གཡོ་མི་འཛིན་པ་དང་། ཆོས་འདི་བཞིས་མ། གཟུགས་མེད་པ་ནི་སྤྱོང་བའི་ལྟར་སྐྱེ་བར་འགྱུརའོ། ཇི་ལྟར་ལས་ཀྱིས་བཞིན་མི་འབྱུང་བར་སྟེ་བ་གང་ཞེ་ན་དགེ་བའི་རྫི་བ་ལས་བྱསྩ་ལ་ནས་དུ་། ་ཅིར་སྨོན་ལམ་གཏབ་པ་དང་། མཚམས་མེད་པའི་སྡིག་ལས་བྱས་པ་དེ་ལྟ་བུ་ནི་ལས་བཞིན་མི་འགྱུར་བར་སྐྱེ་བར་འོང་།། ཇི་ལྟར་ལས་ཀྱིས་འགྱུར་བར་སྐྱེ་ཞེ་ན། སུས་དོགེ་བའི་ལས་བྱས ་ནས་སྨོན་ལམ་བཏབ་པ་ནི་ལས་ངེས་འགྱུར་ཞིང་སྐྱེ་བར་འོ་།། ཇི་ལྟར་ལས་ཀྱིས་གང་ཡུལ་གཞན་དུ་སྐྱེ་བར་འགྱུར་ཞེ་ན། སངས་རྒྱས་ཀྱང་རུང་།། ཆོས་ཀྱང་རུང་། དགེ་འདུན་ཀྱང་རུང་། ་ཚུལ་ཁྲིམས་ཐུབ་པའི་གང་ཟག་ཀྱང་རུང་སྟེ། དེ་ལ་ཤིན་ཏུ་དང་བར་བསམས་ནས་བྱིན་པས། ཡུལ་གཞན་དུ་སྨོན་ལམ་བཏབ་པ་དང་། ལས་གང་བྱས་ཀྱང་རུང་སྟེ། བཟང་པོ་དང་། ངན ་བ་གར་འགྱུར་བ་ནི་འདི་ལྟ་སྟེ། དཔེར་ན་ཚོང་བ་བཞིན་ཏེ། ལས་དེ་ལྟ་བུས་ཡུལ་གཞན་དུ་སོང་ནས་རྣམ་པར་སྨིན་པར་འགྱུརརོ།། ཇི་ལྟར་ལས་ཀྱིས་མ་བསམས་པར་བྱས་པ་གང ་ཞེ་ནང་ལས་བྱས་ནས་འགྱོད་པ་དང་། ཁྲེལ་གྱི་ངོགས་པ་དང་། ཉེས་པར་སེམས་པ་དང་། མི་རིགས་པ་དང་། ཆགས་པ་དང་། ཡལ་བར་མི་གཏོང་བ་དང་། སླར་མི་འཇུག་པ་དང་ང་ཕྱིན་ཆད་མི་བྱེད་པར ་ངམ་འཆའ་བ་དང་། འདི་ལྟ་བུའི་ལས་ནི་མ་བསམས་པར་བྱས་པའོ།། ཇི་ལྟར་ལས་བསམས་ལ་མ་བྱས་པ་གང་ཞེ་ན། ལུས་ཀྱི་མ་བྱས་པ་དང་། སེམས་རྒྱས་ཤིང་ལས་འདི་བྱའོ།། ཞེས་ཁར་སྨྲས་ལ ་མ་བྱས་པ་དེ་ལྟ་བུའི་ལས་ནི། བསམས་ཏེ་མ་བྱས་པའོ།། ཇི་ལྟར་ལས་བསམས་ཏེ་བྱས་པ་གང་ཡིན་ཞེ་ན་ལས་གང་བྱས་ཀྱང་རུང་སྟེ་མི་འགྱོད་པ་ཁྲེལ་གྱིས་དོགས་པ་ཉེས་པར་མི་སེམས་པ། མི ་ཆགས་པ་ཡལ་བར་གཏོང་བ། སླར་འཇུག་པ། ཕྱིན་ཆད་མི། བྱེད་པར་དམ་མི་འཆ་ཐའོ།། ཇི་ལྟར་གང་ཟག་ལས་འདི།། ལྟ་བུ་འདུས་པས་ན། སེམས་ཅན་ལས་དམྱལ་བ ་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ནས། སྐྱེ་བའི་ལམ་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སྟེ། སེམས་ཅན་དམྱལ་བའི་ལས་བསམས་ཏེ་བྱས་ནས། དེས་ཀྱང་མི་འགྱོད་པ ་ཁྲེལ་གྱིས་མི་དོགས་པ་དང་། ཉེས་པར་མི་སེམས་པ། མི་རིགས་པར་མི་སེམས་པ། མི་འཆགས་པ་ཡལ་བར་གཏོང་ག་སླར་ངན་དུ་འཇུགས་པ། ཕྱིན་ཆད་བྱེད་པར་དམ་འཆའ་བ། དེ་ལྟ་བུའི་ལས། ་ལ་དགའ་བ། དེ་ལྟ་བུ་ལ་སྨོན་པ། དེ་ལྟ་བུའི་ལས་འདུས་པའི་གང་ཟག་སེམས་ཅན་དམྱལ་བར་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ནས་སླར་སྐྱེའོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ ་འདུས་པས་སེམས་ཅན་དམྱལ་བར་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་ནས་སྔར་སྐྱེ་བའི་ལས་གང་ཡིན་ཞེ་ན། གང་ཟག་སུ་ཡང་རུང་། སེམས་ཅན་དམྱལ་བའི་ལས་བྱས་པ། བགྱོད་པ། ་ཁྲེལ་གྱིས་དོགས་པ་ཉེས་པར་སེམས་པ། མི་རིགས་སེམས་པ། ཆགས་གཡལ་བར་མི་གཏོང་བ། སླང་ངན་དུ་མི་འཇུག་པ། ཕྱིན་ཆད་མི་བྱེད་པར་དམ་འཆའ་བ་འདི་ལྟ་བུའི་ལས་འདུས་པའི་གང་ཟག་ནི ་སེམས་ཅན་དམྱལ་བར་སྐྱེ་སྟེ། སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་ནས་སླར་སྐྱེའོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས། སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་སླར་སྐྱེ་བའི་ལས་གང་ཡིན་ཞེ་ན། ་གང་ཟག་སུ་འང་རུང་སྟེ། སེམས་ཅན་དམྱལ་བའི་ལས་པས།། མས་ཏེ་བྱས་ནས། ལས་དེ་བྱས་པ་དང་། འགྱོད་པ་ཁྲེལ་གྱིས་དོག་ས་པ་ཉེས་པར་སེམས་པ། མི་རིགས་པར་སེམས་པ་འཆགས ་ཁ་ཡལ་བར་མི་གཏོང་ག་སླར་ངན་དུ་མི་འཇུག་པ། ཕྱིན་ཆད་མི་བྱེད་པར་དམ་འཆའ་བ། དེ་ལྟ་བུའི་ལས་ལ་ཕྱིས་མི་དགའ་ཞིང་མི་སྨོན་པ། སྤོང་ཞིང་སྟོང་པ་ཕྱིས་ཤིན་ཏུ་མི་དགའ་བའི ་ཡིད་བསྐྱོད་པ། འདི་ལྟ་བུའི་ལས་འདུས་པའི་གང་ཟག་ནི་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་སླར་སྐྱེས་ཏེ། དེ་ནི་རྒྱལ་པོ་མ་སྐྱེས་འགྲ་བཞིན་ནོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས ་བས་ན། སྔར་བདེ་ལ་ཕྱིས་མི་བདེ་བའི་ལས་གང་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སྟེ། སྦྱིན་པ་བྱིན་ཡང་ཡིད་རངས་བཞིན་དུ་མ་བྱིན། དགའ་ཞིང་བདེ་བའི་ཡིང་དུམ་བྱས། བྱིན་ནས་ཕྱིས་འགྱོད་པར ་སེམས་དཔལ་གང་ཟག་དེ་ལྟ་བུ་མིར་སྐྱེས་ན་ཡང་ཕྱུག་པོའི་རིགསུ་སྐྱེ་སྟེ། ནོར་མང་པོ་དང་། སྤྱོད་བ་མང་པོ་དང་། མང་པོའི་ཇོ་བོར་འགྱུར་ཏེ། བློན་པོ་དང་། གྲོགས་པོ་དང་། གཉེན་དང་། རིགས་གཅིག། ་བ་མང་དུ་བདག་པ་དང་། མཛོད་དང་བང་བཀུན་ཀྱང་གང་བ་ཤིན་ཏུ་བདེ་བཞིན་པ་མང་པོ་དང་ལྡན་པ་དེ་ལྟ་བུ་ནི་ཁྱོང་བཀུན་སྟོང་ད་ཕྱིས་དམས་པ་དང་། འང་པར་གྱུར ་ཏེ་མི་བདེ་བར་སོང་བ་ལས་འདི་ལྟ་བུ་འདུས་པའི་གང་ཟག་ནི་སྔར་བཙན་ཕྱུག་ཅིང་བདེ་ལ་ཕྱིས་བཀྲེས་ཤིང་ངམས་པས་མི་བདེ་བར་འགྱུརརོ།། ཇི་ལྟར་གང་ཟག་ལས་འདུས་པས། སྡེར་མི་འདེ ་ལ་ཕྱིས་བདེ་བར་གྱུར་པའི་ལས་ཀྱི་འབྲས་བུ་ནི་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ་སྦྱིན་བསྔར་མ་དང་པར་བྱིན་ནས། དང་ཅིང་རླངས་པའི་སེམས་ཕྱིས་སྐྱེས་པའི་གང་ཟག་དེ་ནི་མིར་སྐྱེས ་ན་ཡང་དབུལ་པོའི་རིགསུ་སྐྱེས་ཏེ། ཟས་དང་སྤྱོད་པ་ཉུང་།། གཉོན་མོངས་ཤིང་ཟས་དང་། གོས་མོད་པ་ལས། ཕྱིས་བཙ། ན་ཕྱུག་ཅིང་སྐྱིད་པར་གྱུར་ཏེ། ཅིའང་འཕེལ་ཏེ། ཅིས་ཀྱང ་མི་བྲེལ་བར་གྱུར་པ་འདི་ལྟ་བུའི་གང་ཟག་སྔར་མི་བདེ་ལ་ཕྱིས་བདེ་བར་གྱུར་པའོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུར་གྱུར་པས། སྔར་ཀྱང་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་གང ་ཡིན་ཞེ་ན། གང་ཟག་སུ་འང་རུང་སྟེ་སྦྱིན་པ་བྱིན་པ་མང་པོ་དང་རངས་པར་བྱིན། བདག་ཀྱང་ཡིད་དགའ་སྟེ་བྱིན་པས་ཕྱིས་མི་འགྱོད་པའི་གང་ཟག་དེའི་འབྲས་བུ་ནི། མིར་སྐྱེས་ན་ཡང་ཕྱུག ་པོའི་རིག་སུ་སྐྱེས་ཏེ། ནོར་མང་པོ་སྤྱོད་པ་དང་། ནོར་མང་པོ་ཇོ་བོར་འགྱུར་ནས། བློན་པོ་དང་། གྲོགས་པོ་དང་། གཉེན་དང་། རིགས་གཅིག་པ་མང་དུ་འདོག་པ་དང་། བང་མཛོད་ཐམས་ཅིང ་ཀྱང་གང་གཤིན་ཏུ་བདེ་ཞིང་བཞོན་པ་མང་པོ་དང་། དེ་ལྟ་བུའི་རིགསུ་སྐྱེ་སྟེ། སྐྱེད་པ་དེ་ལྟ་བུའི་ཕྱིར་སྐྱེ་ཞིང་འཕེལ་བར་འགྱུར་ཏེ། གང་ལས་འདི་ལྟ་བུ་འདུས་པས། སྔར་ཡང་བདེ། ཕྱིས ་ཀྱང་བདེ་བར་འགྱུརརོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་སྔར་མི་བདེ་ལ་ཕྱིས་ཀྱང་མི་བདེ་བར་འགྱུར་བའི་ལས་ཀྱི་འབྲས་བུ་ནི་གང་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སྟེ། དགེ་བའི་གྲོགས ་ངོ་སྤངས་པ་ཡིན། སུས་ཀྱང་སྦྱིན་པ་ལ་མ་བཅུག་པ་ཡིན། བདག་ཉིད་ཀྱིས་ཀྱང་གཞན་ལ་སྦྱིན་པ་མ་བྱས་པ་ཡིན་པའི་གང་ཟག་དེ་ལྟ་བུ་ནི། མིར་སྐྱེས་ན་ཡང་། དབུལ་པོ་བཀྲེན་པ། ཟས་སྐོམ ་གྱིས་ཕོངས་པ། གོས་རྒྱབ་ཀྱིས་འཕོངས་ཤིང་བྲེལ་ཏེ། ཉོན་མོངས་བཞིན་དུ། འཚོ་བ་དང་། ཟས་སྐོམ་དང་། གོས་རྒྱབ་ཀྱི་མི་འཚོ་བ་དང་། ཕྱིས་ཀྱང་དེ་ལས་སྐྱིད་སྤྱོད་པ་འཕེལ་བར་འགྱུར ་བ་ཡང་མེད་དེ། གང་ཟག་ལས་དེ་ལྟ་བུ་འདུས་པས་ན། སྔར་ཡང་མི་བདེ་ཕྱིས་ཀྱང་བདེ་བར་མི་འགྱུར་རོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན། ཕྱུག་ལ་སེར་སྣ་ཅན་དུ་བྱེད ་པར་འགྱུར་བའི་ལས་ཀྱི་འབྲས་བུ་གང་ཡིན་ཞེ་ན། ཟག་སུ་ཡང་རུང་སྟེ། སྦྱིན་པའི་གནས་ལ་ཅི་ཡང་བླངས་མཚེ་ཞིང་ཉུང་ངུ་བྱིན་པ་ཡིན། གཏང་བ་ལ་ནི་བསྲི་ཞིང་གོམས། ་བར་བྱས་པས། གང་ཟག་དེ་མིར་སྐྱེས་ན་ཡང་། ཕྱུག་བོའི་རིགས་སུ་སྐྱེ་ཏེ། ནོར་དང་ལོངས་སྤྱོད་པ་མང་པོ་ཡོད་ཀྱང་སར་སྣ་བྱེད་པར་འགྱུར་ཏེ། དེ་ལྟ་བུ་ལས་འདུས་པའི ་གང་ཟག་ནི་ཕྱུག་ལ་སེར་སྣ་ཆེ་བ་ཡིན་ནོ།། ཇི་ལྟར་ཕྱུག་ལ་གཏོང་འོང་པའི་ལས་ཀྱི་འབྲས་བུ་ནི་གང་ཡིན་ན་ན། གང་ཟག་སུ་ཡང་རུང་སྟེ། སྦྱིན་པའི་གནས་ལ་མང་དུ་བྱིན་ཞིང་། སྦྱིན ་འཕྱིར་ཞིང་གི་མས་པར་བྱས་པ་ཡིན་ཏེ། གང་ཟག་དེ་མིར་སྐྱེས་ན་ཡང་ཕྱུག་པོའི་རོག་སུ་སྐྱེ་སྟེ། ཟས་དང་སྤྱོད་པས་འཚོ་ཞིང་གཏོང་བ་ཡིན་ཏེ། ལས་དེ་ལྟ་བུ་འདུས་པ་ནི་ཕྱོག་ལ་གཏོང་འོད ་པའོ།། ཇི་ལྟར་ན་དབུལ་ལ་གཏོང་བོང་བའི་ལས་ཀྱིས་འབྲས་བུ་གང་ཡིན་ཞེ་ན། གང་ཟག་སུ་ཡང་རུང་། སྦྱིན་པའི་གནས་མ་ཡིན་པ་ལ་མང་དུ་བྱིན་ཡང་། སྦྱིན་པའི་ཕྱིར་ཞིང ་གོམས་པར་བྱས་པ་ཡིན་པས་གང་ཟག་དེ་མིར་སྐྱེས་ན་ཡང་དབུལ་པོའི་རིགསུ་སྐྱེ་སྟེ། ཟས་དང་སྤྱོད་པས་མི་འཚོ་ཞིང་། ཉོན་མོངས་ནས། སྡུག་ཅིང་གོས་ཟས་ཀྱིས་མི་འཚོ་ཡང་གཏོང་བ ་ཡིན་ཏེ། ལས་དེ་ལྟ་བུ་འདུས་པའི་གང་ཟག་ནི་དབུལ་ལ་གཏོང་ཕོད་པའོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས། དབུལ་ལ་སེར་སྣ་བྱེད་པའི་ལསུ་གྱུར་པ་ཡིན་ཞེ་ན། གང་ཟག་སུ ་ཡང་རུང་། དགེ་བའི་གྲོགས་པོ་སྤངས་པ། སུས་ཀྱང་སྦྱིན་པ་ལ་མ་བཅུག་པ་ཡིན། ཉིད་ཀྱིས་ཀྱང་སྦྱིན་པ་མ་བྱིན་པ་ཡིན། སྡིག་པའི་ལས་ཀྱང་མ་བསམས། མ་བྱས་པ་ཡིན་ཏེ། གང་ཟག་སུ ་ཡང་རུང་སྟེ། དེ་མིར་སྐྱེས་ན་ཡང་དབུལ་པོའི་རིག་སུ་སྟེ། དས་ཏེ། ཟས་དང་སྤྱོད་པ་ལ་སོགས་པས་མི་འཚེ་ཞིང་ཉོན་མོངས། ནས་སྡུག་ཅིང་གོས་ཟས་ཀྱིས་བྲེལ་ནས། སེར་སྣ་བྱེད་པ ་ཡིན་ཏེ། ལས་དེ་ལྟ་བུ་འདུས་པའི་གང་ཟག་ནི་དབུལ་པོ་ས་ར་སྣ་བྱེད་པའོ།། གང་ཟག་ཚེ་ཟད་ལ་ལས་མ་ཟད་པ་གང་ཞེ་ན། གང་ཟག་སུ་འང་རུང་། སེམས་ཅན་དམྱལ་བར་ཤི་ནས ་ཡང་སེམས་ཅན་དམྱལ་བར་སྐྱེ་བ། བྱོལ་སོང་ལས་ཤི་ནས་ཡང་བྱོལ་སོང་དུ་སྐྱེ་བ། རིང་དུ་འཁྱམས་པ་ལས་ཤི་ན་ཡང་རིང་དུ་འཁྱམས་པར་སྐྱེ་བ། ཨ་སུ་རར་ཤི་ན་ཡང་ཨ་སུ་རར་སྐྱེ་བ ་མི་ལས་ཤི་ན་ཡང་མིར་སྐྱེ་བ། དེ་ལྟ་བུའི་གང་ཟག་ནི་ཚེ་ཟད་ལ་ལས་མ་ཟད་པ་ཡིན་ནོ།། གང་ཟག་ལས་ཟང་ཁ་ཚེ་མ་ཟད་པ་གང་ཞེ་ན། གང་ཟག་སུའང་རུང་སྟེ། སྔོན་སྐྱིད་ལ། ཕྱིས་སྡུག ་བར་གྱུར་པ། སྔ་ན་སྡུག་ལ་ཕྱི་ནས་སྐྱིད་པར་གྱུར་པ་དེ་ལྟ་བུའི་གང་ཟག་ནི་ལས་ཟད་ལ་ཚེ་མ་ཟད་པ་ཡིན་ནོ།། གང་ཟག་ལས་དང་ཚེ་གཉིས་ཀ་ཟད་པ་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ། ་སེམས་ཅན་དམྱལ་བར་ཤི་ནས་བྱོལ་སོང་དུ་སྐྱེས་པ། བྱོལ་སོང་ལས་ཤི་ནས་རིང་དུ་འཁྱམས་པར་སྐྱེ་བ། རིང་དུ་འཁྱམས་པ་ལས་ཤི་ནས་ཨ་སུ་རར་སྐྱེས་པ། ཨ་སུ་རར་ཤི་ནས། མིར་སྐྱེས ་པར་མི་ལས་ཤི་ནས། ལྷར་སྐྱེས་པ། དེ་ལྟ་བུའི་གང་ཟག་ནི་ལས་དང་ཚེ་གཉིས་ཀ་ཟད་པ་ཡིན་ནོ།། གང་ཟག་ལས་གང་གིས་ན། ཚེ་ཡང་མ་ཟད་ལས་ཀྱང་མ་ཟད་ལ། མྱ་ངན་སྤངས་པ་གང ་ཞེ་ན་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་།། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་གང་ཟག་དེ་རྣམས་ལས་དང་ཚེ་མ་ཟད་མོད་ཀྱི། མྱ་ངན་སྤངས་པའོ།། ་གང་ཟག་ལུས་བདེ་ལ་སེམས་མི་བདེ་བ་གང་ཞེ་ན། མ་རབས་ཀྱིས་བསོད་ནམས་བྱས་ནས། འཁོར་ལོ་སྐོར་བའི་རྒྱལ་པོར་གྱུར་པ། དེ་ལྟ་བུའི་གང་ཟག་ནི་ལུས་བདེ་ལ་སེམས་མི ་བདེ་བའོ།། གང་ཟག་སེམས་བདེ་ལུས་མི་བདེ་བ་གང་ཞེ་ན། བསོད་ནམས་མ་བྱས་པའི་དགྲ་བཅོམ་པ་སྟེ་ཁྲིམས་རྫོགས་པ། འགུག་པ་ལྟ་བུ་དགྲ་བཅོམ་པའི་གང་ཟག་ནི། སེམས ་བདེ་ལ་ལུས་མི་བདེ་ཞེས་བྱའོ།། གང་ཟག་ལུས་དང་སེམས་གཉིས་ཀ་བདེ་བ་གང་ཞེ་ན། བསོད་ནམས་བྱས་པའི་དགྲ་བཅོམ་པ་སྟེ། ཁྲིམས་རྫོགས་པ། རྡོ་སྟོབས་ལྟ་བུའི་གང་ཟག་ནི ་ལུས་དང་སེམས་གཉིས་ཀ་བདེ་བའོ།། གང་ཟག་ལུས་དང་སེམས་གཉིས་ཀ་མི་བདེ་བ་གང་ཞེ་ན། མ་རབས་ཀྱི་བསོད་ནམས་མ་བྱས་པ་དེ་ལྟ་བུའི་གང་ཟག་ནི་ལུས་དང་སེམས་གཉིས ་ཀ་མི་བདེ་བའོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན། ངན་པའི་སར་སྐྱེས་ལ་གཟུགས་ལེགས་པ་དང་། བཟང་པོ་དང་། སྡུག་གུ་དང་། ཁ་དོག་མཛེས་པ་དང་། མདོག ་སྣུམ་པ་དང་། མཐོང་ན་དགའ་བའི་ལས་གང་ཡིན་ཞེ་ན། ཆགས་པ་གཡོས་ཏེ་ཚུལ་ཁྲིམས་ཉམས་པ་དང་ལྡན་པའི་གང་ཟག་ནི་ངན་པའི་སར་སྐྱེས་ལ། གཟུགས་ལེགས་པ་དང་། བཟང་པོ་དང་། སྡུ ་གུར་འགྱུར་རོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན། ངན་པའི་སར་སྐྱེས་ལ། གཟུགས་ངན་པ་དང་། ལུས་བརྩུབ་པ་དང་། མི་སྡུག་པ་དང་། མཐོང་ན་མི་སྡུག་པར་འགྱུར་བའི་ལས་གང་ཞེ་ན། ་ཁྲོ་བ་སྐྱེས་ཤིང་ཁྲིམས་མི་ཐུབ་པ་དང་། ལྡན་པའི་གང་ཟག། འདི་ལྟ་བུ་འདུས་པས་ན། ངན་པའི་སར་སྐྱེས་གཟུགས་ངན་པ་དང་།། ལུས་བརྩུབ་པ་དང་། མི་སྡུག་པར་སྣང་བ་དང་། མཐོང་ན ་ཡིད་དུ་མི་འོང་བར་འགྱུརརོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུས་གདུངས་ན། ངན་པའི་སར་སྐྱེས་ལ། དྲི་མི་ཞིམ་པ་དང་། དབང་པོ་མ་ཚང་བ་དང་། དབང་པོ་མི་མཐུན་པར་འགྱུར་བའི་ལས་གང་ཡིན ་ཞེ་ན། གླེན་པར་སྐྱེས་ཤིང་ཁྲིསས་མི་ཐུབ་པ་དང་ལྡན་པ་གང་ཟག་ལས་འདི་ལྟ་བུ་དང་འདུས་པས་ན། ངན་པའི་སར་སྐྱེས་ལ་དྲི་མོ་ཞིམ་པ་དང་། དབང་པོ་མི་མཐུན་པར་འགྱུརརོ།། ཇི་ལྟར་མི་དགེ་བ ་བཅུའི་ལས་བྱས་པའི་རྒྱུས། ཕྱི་རོལ་གྱི་ཡུལ་ས་རྣམས་ངན་དུ་འོང་བར་འགྱུར་ཡིན་ཞེ་ན། སྲོག་བཅད་ན་དེའི་ལན་གྱི་སའི་མདོག་ཉམས་པར་འོང་།། མ་བྱིན་པར་བླངས་ན་དེའི་ལན་གྱིས་སེར ་བ་དང་། བྱེ་བ་དང་། བྱི་བ་དང་། སྲིན་མང་དུ་འོང་བར་འགྱུར་རོ།། མི་ཚངས་པར་སྤྱོད་པ་བྱས་པས། དེའི་ལས་ཀྱིས་ཁུག་རྣ་དང་། རླུང་དང་། རྡུལ་ཆེན་པོ་འོང་བའི་སར་སྐྱེའོ།། བརྫུན་མང་དུ་བྱས་པའི ་ལས་ཀྱི་འབྲས་བུ་ནི་ཁར་མནམ་པོར་འགྱུར་བ། ལྐུགས་མི་ཞིམ་པར་འོང་ངོ་།། ཕྲ་མ་མང་དུ་བྱས་པའི་ལས་ཀྱི་འབྲས་བུ་ནི། ཡུལ་མཐོན་དམན་ཅན་དང་། ལྕང་ལྕོང་དང་། མི་གཙང་བ་དང་། ན་རྐོང་དང་། ་རྡོབ་གྲམ་ཁྲོད་ཅན་གྱི་ཡུལ་དུ་སྐྱེའོ།། ཁ་ཁྱལ་བ་བྱས་པའི་ལས་ཀྱི་འབྲས་བུ་མི་གྲོག་པོ་མང་པ་བརྩི་ཤིང་དང་། ཡལ་ག་དང་། འདབ་མཚེར་མ་ཅན་དང་། ནགས་ཚང་ཚིང་ཅན་གྱི་ཡུལ་དུ་སྐྱེའོ།། ་བརྐམ་པར་བྱེད་པའི་འབྲས་བུ་ནི། འབྲས་བུ་ཅི་ཡང་ཕྲ་མོར་འོང་ངོ་།། ཁྲོ་བ་བྱས་པའི་ལན་གྱིས། ས་བོན་འབྲས་བུ་ཚ་བ་དང་། སྦྱར་བ་དང་། ཁ་བར་འོང་།། ལོག་པར་བལྟས་པ་དང་ཁྱེད་དུ་བཅུག་པའི ་ལས་ཀྱི་རྒྱུས་ནི། ས་བོན་དང་འབྲས་བུ་ཆུང་ཞིང་ངན་པར་འོང་ངོ་།། འདི་ལྟར་མི་དགེ་བ་བཅུའི་ལས་བྱས་པས། ཕ་རོལ་གྱི་ཡུལ་ས་རྣམས་ངན་པར་འགྱུར་ཞིང་མི་བདེ་བའི་གན་སུ་སྐྱེ་བར་འགྱུར་བཅོམ ་ལྡན་འདས་ཀྱིས་ཡང་བཀའ་སྩལ་ལ། མ་ན་གངན་པ་རྣམ་བ་བཅུར་འགྱུར་ཡང་གོ་ཞིང་ཤེས་པར་བྱོས་ཤིག། བཅུ་གང་ནི་ནདགྲ་མང་དུ་འགྱུར་ལ་ཡིད་དུ་མི་འོང་བར་སྣང་བ། ཚེ ་ཐུང་བ་སྡིག་པའི་ལས་ལ་སེམས་པ། སེམས་ཅན་རྣམས་ལེ་ཇིགས་པར་འགྱུར་བ། མི་དགའ་བཞིན་ཉལ་ག་མི་དགའི་བཞིནི་སང་ལ། རྨི་ལམ་ན་སྡིག་པ་མཐོང་བ་ཕྱིས་འགྱོད་པ། ཚེ་ཐུང ་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ན། ལམ་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། མ་བྱིན་པར་བླངས་མ་ལས་ཀྱི་རྣམ་པར་སྨིན་པ་བཅུར་འགྱུར་ཏེ། བཅུ་གང ་ཞེ་ན་དགྲང་འགྱུར་བ་ཡི་མ་དོགས་པར་འགྱུར་བ་ཡིན། མི་རིགས་པར་འགྲོ་བ་ཡིན་མཚན་མོ་འཁྱམ་པ་ཡིན། སྡིག་པའི་གྲོགས་པོ་ཀུན་གྱིས་ཟིན་པ་ཡིམ་དགེ་བའི་གྲོགས་ཀུན་སྤངས་པ ་ཡིན། ཁྱིམ་མི་ཐུབ་པ་ཡིན། རྒྱལ་པོས་གྱོད་བཏབ་པ་ཡིན། ཆད་པས་བཅང་བ་ཡིན། མི་བསྐྱེད་པར་བྱེད་པར་འགྱུར་བའི་ལས་སེམས་ཤིང་ཁྱེད་པ་ཡིན་ཏེ། ཤི་ནས་ལུས་དང་། ་བྲལ་ནས་ལམ་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། མི་ཚངས་པར་སྤྱོད་པས་ན་ངན་པ་བཅུར་འགྱུར་བ་ཤེས་པར་བྱོས་ཤིག། བཅུ་གང་ཞེ་ན། གཞན་གྱི་ཁྱོ་ཤུག་དང་ཉལ་བ་ཡིན། ་གླགས་ཚོལ་བ་ཡིན། ཁྱོ་ཤུག་དང་ཐབ་པ་ཡིན་ཁྱོ་ཤུག་ཕྲོག་པ་ཡིན། མི་དགེ་བའི་ཆོས་ཀུན་སྐྱེ་བ་ཡིན། དགེ་བའི་ཆོས་ཀུན་བྱང་ཞིང་འབྲི་བར་འགྱུར་བ་ཡིན། བདག་ཀྱང་བདེན་པར་མི ་བ་ཡིན་ཁུ་སྣང་ལ་སོགས་པ་ཡང་བདེན་པར་མ་བསྲུངས་པ་ཡི་མདོགས་པར་འགྱུར་བ་ཡིན། གཉེན་དང་གྲོགས་པོ་དང་།། ། རིགས་གཅིག་པ་དགྲར་འགྱུར་བའི་ལས་སེམས་ཤིང་། ་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ན་ལམ་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། བརྫུན་བྱས་ན་ངན་པ་བཅུར་འགྱུར་ཏེ། བཅུ་གང་ཞེ་ན། དེའི་ལུས་ལྷ་རྣམས་མི་འཁོར་ལ། མི་མ ་ཡིན་པ་རྣམས་འཁོར་བ། གཞན་གྱིས་བསླུ་བ། བདག་གི་ཚིག་མི་བརྟན་པ། ཁ་མནམ་ག། དྲང་པོར་སྨྲས་ཀྱང་སུ་ཡང་ཡིད་མི་ཆེས་པ། བརྫུན་པོ་ཆེ་དེ་ལ་དྲི་བའི་མི་རིགས་ཤེས་ཟེར་བ། དེ་ལ་ཚིགས། ་བཅད་ཅིང་བསྟོད་པ་མེད་པར་གྲགས་པར་འགྱུར་བ། སུའང་མི་ཉན་པའི་ཚིག་ཏུ་འགྱུར་ལ། ཀུན་ཏུ་ངན་དུ་བརྗོད་པའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ན་ལས་ངན་པར་ལྟུང ་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། ཆང་འཐུངས་ན་ངན་པ་བག་མེད་པ་སུམ་ཅུ་རྩ་ལྔར་འགྱུར་བ་ཤེས་པར་བྱོས་ཤིག། སུམ་བཅུ་རྩ་ལྔ་གང་ཞེ་མ། མངོན་པར་སྣང་བཞིན་དུ་ནོར་ཟང་ལམ་དད་པ་མ ་པོ་འདུ་བ། ཐབ་མོ་དང་རྩོད་པ་རྣམས་སྐྱེ་ལ་ཁྲེལ་ཞིང་ངོ་ཚས་མི་འཛེམ་ག་མི་ཉན་པར་གྲགས་པར་བྱེད་པ། ཤེས་རབ་ཉམས་པར་བྱེད་པ། སྐྱིད་པ་སྔན་ཆད་མ་བསགས་པང་ཡང་མི་སྩོགས་པ ་སྤྱོད་པའི་བསྩགས་པ་ཀུན་ཟད་ཅིང་མེད་པར་བྱས་པ། གསང་བའི་རྣམས་སྨྲ་བ། ལ་སུ་བྱ་བའི་རྣམས་ཤོར་བ། ཞན་ཏེ་མ་མྱ་ངན་གྱི་རྩ་བ། མར་མི་འཛིན་པ། པར་མི་འཛིན་པ། ཐར་པར་ཞུགས་པར ་མི་ཤེས་པ། བྲམ་ཟེར་མི་ཤེས་པ། རིགས་བཙུན་པ་ལ་སྟི་སྟང་རིམ་གྲོ་མི་བྱེད་པ། སངས་རྒྱས་ལ་རིམ་གྲོ་མི་བྱེད་པ། ཆོས་ལ་རིམ་གྲོ་མི་བྱེད་པ། དགེ་འདུན་ལ་རིམ་གྲོ་མི་བྱེད་པ། སྡིག་བྱེད་པའི ་གྲོགས་པོ་ལ་རིམ་གྲོ་བྱེད་པ། དགེ་བའི་གྲོགས་པོ་ཀུན་སྤང་ཞིང་ཁྱད་དུ་གསོད་པ། ངོ་ཚ་མི་ཤེས་པ། ཁྲེལ་གྱིས་མི་དོགས་པ། སྦ་ཞིང་མཛེས་པའི་བག་མི་བྱེད་པ། གཡེམ་པ་ལ་བག ་མེད་པ། འགྲོ་བ་མང་པོའི་ཡིད་དུ་མི་འོང་བ། འགྲོ་བ་མ་ངོས་སྤྱད་པ། རིགས་ཆེན་པོ་དང་། གཉེན་པ་དང་། རིགས་ག་ཅིག་པར་སྤངས་པ། ཡང་དག་པའི་ཆོས་མ་ཡིན་པ། ་ཀུན་འཛིན་ག་ཡང་དག་པའི་ཆོས་ཀུན་སྤོང་བ། ཉེས་པ་བྱེད་ཀྱིས་བསྟོད་པའི་མི་རིགས་ཤེས་བླ་མས་སྨད་པ། མྱ་ངན་ལས་འདས་པ་དང་རིང་དུ་བྲལ་བ། སྨོན་པར་འགྱུར་བའི ་ལས་སེམས་ཤིང་ངན་པའི་སྐྱོན་སྣ་ཚོག་སུ་བྱེད་པ་ཡིན་ཏེ། ཤི་ནས་སེམས་ཅན་དམྱལ་བར་ལྟུང་ཞིང་། ལུས་དང་བྲལ་ན་ཡང་ལམ་ངན་པར་འགྲོ་བས་བླ་འོག་ཀུན་གྱིས་ཀྱང་མི་བཏུང་ཞིང་སྤང ་པར་བྱའོ།། མ་ན་བ་བདེ་བར་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་ནས་གུས་པར་ཕྱག་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། ཆེན་པོའི་རིགསུ་སྐྱེ་བ། གཟུགས་ཆེ་བ ་འཁོར་མང་པོ། ཕ་མ་ལ་རིམ་གྲོ་སྟི་སྟང་ཆེ་བ། ནོར་མང་བ། མང་དུས་ཐོས་པ། དད་པ་དང་ལྡན་པ། མང་དུ་དྲན་པ། ཤེས་རབ་ཆེན་པོ། མཐོ་རིས་ཀྱི་ལམ་ཆེན་པོ་ཐོབ ་པར་འོང་ངོ་།། ། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གཟུགས་བཟང་པོར་འགྱུར། སྐད་སྙན་པར་འགྱུར། ་ངག་ཀུན་གྱིས་མཉན་པར་འགྱུར། འཁོར་ཀུན་གྱིས་བསྟོད་པར་འགྱུར། སྐྱིད་པ་དང་ལྡན་པར་འགྱུར། ལྷ་དང་མིའོ་ནཱ་ཡང་དབང་ཆེ་བར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིསུ་སྐྱེ་བར་འགྱུར། ་མྱ་ངན་ལས་འདས་པ་ཡང་མྱུར་དུ་ཐོབ་པར་འགྱུར་རོ།། ། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུ། ལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན ་གདུགས་དང་འདྲ་བར་འགྱུར། འཇིག་རྟེན་ལ་མི་གནོད་པར་འགྱུར། སྨོན་པའི་གན་སུ་འགྱུར། འཇིག་རྟེན་གྱི་དབང་པོར་འགྱུར་ལས་སེམས་ཤིང་བྱེད་པར་འགྱུརབ་ཕྱི་ཕྱིར་འཁོར་ལོའི་རྒྱལ ་པོ་ཐོབ་པར་འགྱུར། དབང་ཆེན་པོར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིསུ་སྐྱེ་བར་འགྱུར། མྱ་ངན་ལས་འདས་པ་ཡང་མྱུར་དུ་ཐོབ་པར་འགྱུརརོ།། །། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་དྲིལ ་ཁུ་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གཟུགས་བཟང་པོར་འགྱུར་བ་ཡིན། དབྱངས་སྙན་པ་ཡིན། ཡིད་དུ་འོང་བ་སྨྲ་བ་ཡིན་། བྱ་ཀ་ལ་བིང་ཀའི་སྒྲ་སྐད་དུ་སྨྲ་བ་ཡིན། ་ཀུན་གྱིས་མཉན་པར་འགྱུར་བ་ཡིན། རྟག་ཏུ་དགའ་ཞིང་རངས་པ་ཡིན། ཕྱི་ཕྱིར་ཡིད་དུ་འོང་བའི་སྒྲ་ཐོས་པ་ཡིན། སྤྱོད་པ་མང་པོ་ཡིན།། མཐོ་རིསུ་སྐྱེ་བ་ཡིན་མྱ་ངན་ལས་འདས་པར་འགྱུར ་བ་ཡིན། ཡང་དག་པར་ཤེས་པའི་མཆོད་རྟེན་ལ་ན་བཟའ་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ན། མདོག་འཇམ་པ་ཡིན། ལུས་རྡུལ་མི་ཆགས་པ་ཡི་མཁྲེལ་ལྟས་དང་ལྡན ་བ་ཡིན། མཐོང་ན་དགའ་བ་ཡིན། རྟག་ཏུ་གོས་དང་ལྡན་པ་ཡིན། འཇམ་ཞིང་བཟང་པོའི་གོས་རྟག་པ་ཡིན་ཅི་འང་སྙེད་པ་ཡིན། སྤྱོད་པ་མང་པོ་ཡིན། མཐོ་རིསུ་སྐྱེ་བ་ཡིན། མྱུར་དུ་མྱ་ངན་ལས་འདས་པ་ཐོབ་པ་ཡིན ་ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་མེ་ཏོག་དང་འདྲ་བར་འགྱུར། གསུང་གི་དབང་པོ་གཙང་བར ་འགྱུར།། ལུས་ལ་མནམ་པ་དྲི་ཞིམ་པར་འགྱུར། ལུས་གཙང་མར་འགྱུར། ཕྱོགས་བཅུར་ཁྲིམས་ཐུབ་པའི་གཟུངས་རྒྱས་པར་འགྲོ།། ཀུན་ཀྱང་དེ་ལས་འདུ་བར་འགྱུར། འཇིག་རྟེན་གྱི་ནང་ན་རྙེད་པར ་འགྱུར། དང་པའི་ཆོས་རྣམས་མང་དུ་འགྲུབ་པར་འགྱུར།། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར། འགྱུར་རོ།། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མེ ་ཏོག་ཕྲེང་བ་ཕུལ་ན། དེའི་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་མེ་ཏོག་གི་ཕྲེང་བ་དང་འདྲ་བར་ལུས་ལ་མནམ་པའི་དྲི་ཞིམ་པར་འགྱུར། ལུས་གཙང ་བར་འགྱུར། རྟག་ཏུ་དྲི་ཞིམ་པར་འགྱུར། རྒྱན་དང་ལྡན་པར་འགྱུར། འཁོར་གྱི་ཞིང་ཉེ་བར་འགྱུར། ཕོ་མོ་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར། སྤྱོད་པ་མང་དུ་འགྱུར། མཐོ་རིས་སུ་སྐྱེ་བར ་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་མངོན་མར ་མེ་དང་འདྲ་བར་འགྱུར། ཤའི་མིག་གཙང་བར་འགྱུར། འཕྲུལ་གྱི་མིག་ཐོབ་པར་འགྱུར། མི་ཤེས་པའི་མུན་པ་ནག་པོ་མེད་པར་འགྱུར། ཤེས་རབ་ཀྱི་འོད་ཐོབ་པར་འགྱུར ་དགེ་བ་དང་མི་དགེ་བའི་དོན་རྣམས་བྱེ་བྲག་ཕྱེད་པར་འགྱུར། འཁོར་བ་ན་འཁོར་ཡང་མུན་པ་དང་མྱོས་པར་མི་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལྔ ་འདས་པར་འགྱུར་རོ།། །། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུརརོ།། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་སྤོས་དང་འདྲ་བར ་འགྱུར། སྣའི་དབང་པོ་རྣོ་བར་འགྱུར། ལུས་དྲི་ཞིམ་པ་ག། ཙང་བར་འགྱུར། རྟག་ཏུ་དྲི་ཞིམ་པར་འགྱུར། གཟུགས་བཟང་པོར་འགྱུར། སེམས་ཅན་དགའ་ཞིང་འདུ་བར་འགྱུར ་འཇིག་རྟེན་གྱི་ནང་ན་རྙེད་པར་འགྱུར། དད་པའི་ཆོས་རྣ་མས་མང་དུ་འགྲུབ་པར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུརརོ།། ཡང་དག ་བར་གཤེགས་པའི་མཆོད་རྟེན་ལ་རྔ་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གཟུགས་བཟང་པོར་འགྱུར། སྐད་སྟོན་པར་འགྱུར། སྨྲས་པ་ཡིད་དུ་འོང་བར ་འགྱུར།། སྐྱིང་བ་དང་ལྡན་པར་འགྱུར། རྟག་ཏུ་དགའ་བར་འགྱུར། ཚིག་ཀུན་གྱིས་ཉན་པར་འགྱུར། ཕྱི་ཕྱིར་སྒྲ་སྙན་པ་ཐོབ་པར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རི་སུ་སྐྱེ་བར་འགྱུར་མྱུར ་དུ་མྱ་ངན་ལས་འདས་པར་འགྱུར་རོ།། ཡང་དག་པར་གཤེགས་པའི་མཆོད་རྟེན་བརྩིགས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། རིགས་ཆེན་པོར་འགྱུར། གཟུགས་དང་། ་མིག་བཟང་ཞིང་སྡུག་པར་འགྱུར། དབང་ཆེ་ཞིང་འཁོར་མ་ལ་སྙིང་ཉེ་བར་འགྱུར། སྦྱོང་པ་མང་པོར་འགྱུར། ཀུན་འདུམ་པའི་གནས་སུ་འགྱུར། རིགསུ་བཅད་པ་དང་། བསྟོད་ཅིང་བསྐྱེད་པས ་ཕྱོགས་བཅུར་ཆེར་གྲགས་ཤིང་། ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར། ཕྱི་ཕྱིར་ནོར་མང་ཞིང་འཁོར་ལོ་སྒྱུར་བའི་རྒྱལ་པོར་འགྱུར། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་ལུས་སུ་འགྱུར། ་མྱུར་དུ་མྱ་ངན་ལས་འདས་པར་འགྱུརརོ།། སྟན་གྱི་སྦྱིན་པ་གཏོང་བར་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་བླ་མར་འགྱུར། བཟང་པོར་སྣང ་བར་འགྱུར། འགྲོ་བ་མང་པོ་ལ་སྐྱིད་པའི་སྒྲ་གྲགས་པར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར། ལྷམ་གྱི་སྦྱིན་པ ་བྱས་པས་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་ག། ང་ཞེ་ན། བཞོན་པ་ཀུན་གྱིས་མི་བྲེལ་བར་འགྱུར། རྐང་པ་སྒོ་གས་པར་འགྱུར། ལམ་དུ་ཞུགས་ན་མཐུ་དང་ལྡན ་བར་འགྱུར། ལུས་མི་ཞན་པར་འགྱུར། ལམ་དུ་ཞུགས་ན་རྡོ་ཤིང་གོས་མི་སྨད་པར་འགྱུར། རྫུ་འཕྲུལ་གྱི་རྐང་པ་ཐོབ་པར་འགྱུར། གཡོག་བྲན་དང་ལྡན་པ་བདེ་བར་འགྱུར། མཐོ་རིས་སུ ་སྐྱེ་ཞིང་མྱུར་དུ་མྱ་ངན་ལས་འདས་པར་འགྱུརརོ།། སྣོད་ཀྱི་སྦྱིན་པ་གཏོང་བ་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། སྣོད་སྤྱང་དང་ལྡན་པར་འགྱུར། འཇིག་རྟེན་གྱི་ཡོན ་ཏོན་དུ་འགྱུར། སྐོམ་ན་ཡང་བཏུང་བ་དང་ལྡན་པར་འགྱུར། སེམས་མཉེན་པར་འགྱུར། རིང་དུ་འཁྱམས་པར་མི་སྐྱེས་པར་འགྱུར། ལྷ་དང་མི་ཀུན་ལས་དགའ་བར་འགྱུར་སྤྱོད་པ་མང་པོར ་འགྱུར་མཐོ་རིསུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུརརོ།། ཟས་ཀྱི་སྦྱིན་པ་གཏོང་བ་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། ཚེ་རིང་བར ་འགྱུར། དབང་དང་ལྡན་པར་འགྱུར། སྟོབས་དང་ལྡན་པར་འགྱུར། དྲན་པ་དང་ལྡན་པར་འགྱུར། སྨྲ་བ་དང་ལྡན་པར་འགྱུར། འཁོར་འདུ་ཞིང་མགུ་བར་བྱེད་པར་འགྱུར། ལྷ་དང་མི་ཀུན་མགུ་བར་འགྱུར། ་ལོངས་སྤྱོད་མང་པོར་འགྱུར། བདེ་བར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུརརོ།། གནས་ཀྱི་སྦྱིན་གཏོང་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང ་ཞེ་ན་རྒྱལ་ཕྲན་དུ་གྱུར། འཁོར་གྱི་རྒྱལ་པོར་འགྱུར། ཞན་གྱིས་མི་ཚུགས་པའི་རྒྱལ་པོར་འགྱུར། གླིང་གཅིག་གི་རྒྱལ་པོར་འགྱུར། གླིང་གཉིས་ཀྱི་རྒྱལ་པོར་འགྱུར། གླིང་གསུམ ་གྱི་རྒྱལ་པོར་འགྱུར། གླིང་བཞིའི་རྒྱལ་པོར་འགྱུར།། སྤྱོད། པ་མང་པོར་གྱུར། མཐོ་རིས་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུརརོ།། ཐར་བར་ཞུགས་ན། ལེགས་པ ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། བུ་དང་ཆུང་མདོང་། གཉེན་དང་། འདུ་འཇིལ་མ་ཆགས་པ་དང་། སེར་སྣ་མེང་པ་ཡིན། འདོད་པ་ལེན་པ་མེད་པ་ཡིན། ཤིང་ཁྲོད་ན་གནས་པ་ལ་མི་དགའ ་བ་ཡིན། རིན་པོ་ཆེ་གསུམ་ལ་རི་མོར་བྱེད་པ་ཡིན། མི་ཤེས་པའི་གནས་ལས་བྲལ་བ་ཡིན། ངན་པར་འགྲོ་བའི་ཆོས་དང་བྲལ་བ་ཡིན། དགེ་བའི་ཆོས་ཀུན་ཚོལ་བ་ཡིན། ལྷ་དང་མི་ལ་དབེན་པ ་ཡིན་རྟག་ཏུ་ཡང་དག་པར་གཤེགས་པའི་འཕགས་པ་བཞིན་དུ་ཐར་པར་ཞུགས་ཤིང་ཆོས་བྱེད་པ་ཡིན།། མྱུར་དུ་མི་བདེ་བ་ལས་ཐར་ཏེ། མྱ་ངན་ལས་འདས་པར་འགྱུརརོ།། སྐོམ་གྱི་སྦྱིན་པ ་བྱས་ན། ལེགས་པ་བཅུ་ཐོབ་སྟེ། བཅུ་གང་ཞེ་ན། དབང་པོ་ཐམས་ཅད་ཚང་བར་འགྱུར། འཕྲལ་བའི་དབྱེས་ལེགས་པར་འགྱུར། སྨྲས་པ་ཀུན་མགུ་བར་འགྱུར། སེམས་གཉེན་པར་འགྱུར། སྐོམ་དང ་ཆུང་བར་འགྱུར། སྒོམ་ན་ཡང་བཏུང་བ་དང་ལྡན་པར་འགྱུར། རིང་དུ་འཁྱམས་པར་མི་སྐྱེ། ལོངས་སྤྱོད་མང་བར་འགྱུར། མཐོ་རི་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། གཞོན་པ ་སྤྱན་གཏོང་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། རྐང་པ་འཇམ་པ་ཡིན། རྐང་པའི་དབྱིབས་ལེགས་པར་འགྱུར། རྐང་གིས་འགྲོ་ན་ལུས་ལ་གནོད་པར་མི་འགྱུར། མི་མཛ ་བ་མེད་པར་འགྱུར་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པར་འགྱུར།། གཞོན་པས་མི་བྲེལ་བར་འགྱུར། སྤྱོད་པ་མང་བར་འགྱུར། བདེ་བར་འགྱུར། མཐོ་རིསུ་སྐྱེ་བར་འགྱུར། མྱུར་དུ་མྱ ་ངན་ལས་འདས་པར་འགྱུར་རོ།། ཁྲིད་དབེན་པར་གནས་པ་ལ་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། མང་པོ་འདུས་པ་རྣམས་སྤང་བ། ཤིན་ཏུ་དབེན་པར་སྤྱོད་པ། ་བསམ་གཏན་ལ་དམིགས་པའི་སེམསུ་འགྱུར་བ་ཆུང་ངུ་བྱེད་པ། སངས་རྒྱས་ལ་བསྙེན་པ། ལུས་དགེ་ཞིང་བདེ་བར་སྤྱོད་པ། བར་མ་དོར་མི་འཁྱམ་པ། ཆོས་ཇི་ལྟ་བུར་ཐོས་པའི་དོན་རྒྱས་པ་ཤེས ་པར་མི་གཡོ་འཛིན་རབ་ཏུ་ཐོབ་པ། ཤེས་རབ་ཤིན་ཏུ་ཐོབ་པའོ།། སློང་བ་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན་འགྲོ་བ་ལ་གོམས་པར་འགྱུར། གནས་ཀུན་རིང་བར་འགྱུར། ང་སྤངས ་པར་འགྱུར། བདག་རང་ཁེ་དང་ལྡན་པར་འགྱུར། གཞན་བསོད་ནམས་ལ་བཀོད་པར་འགྱུར། བསྟན་པའི་ཆོས་རྒྱས་པར་འགྱུར། ཕྱིས་བྱུང་བའི་རྣམས་ལ་སྣང་བར་བྱེད་པར་འགྱུར། ཐར་པར་ཞུགས ་པ་དུལ་ལམ་མི་འགལ་བར་བྱུང་བ་འགྱུར་སྣང་བའི་ས་སུ་འཐུཔ་དགེ་བའི་ཁྲིམས་མས་པའི་སེམས་སྨོས་སོ་ལ་ཞུགས་པས་ཕྱོགས་གང་ང ་མི་འགྱུར་བ་ཡིན་ནོ།། ཐུབ་ཅིང་མི་འཇིགས་པས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ནེ་མ་མི་འཇིགས་བནི་དུ་གྲོང་དུ་འཇུག་པ། ཟི་འཇིགས་བཞིན་དུ ་གྲོང་ནས་འབྱུང་བ་མི་འཇིགས་བཞིན་དུ་རིགས་པ་འཇུག་པ། མི་འཇིགས་བཞིན་དུ་འཁོར་ལ་ཆོས་འཆང་པ། མི་འཇིགས་བཞིན་དུ་དགེ་འདུན་གྱི་ནང་དུ་འཇུག་པ། མི་འཇིགས ་བཞིན་དུ་མཁན་པོ་དང་སློབ་དཔོན་གྱི་ནང་དུ་འགྲོ་བ། བྱམས་པ་སྟབས་རྣམས་ལ་སྦྱོང་བ། མི་འཇིགས་བཞིན་དུ་ཆོས་གོས་དང་། ཟས་དང་མལ་སྟན་དང་། སྣ་དང་། གཡོག་ལ་སོགས ་པ་རྣམས་སྤྱོད་པ་མི་འཇིགས་པར་ཁ་ཏོན་དུ་། ཀློག་པ་དུས་ཟད་པའི་ཚེ་ཡང་མི་འཇིགས་པ་བཞིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་དང་། སྟོའུ ་དེ་ཡིའི་བུ་ཤུ་ཀོ་མན་བསྟན་ལས་ལངས་སྟེ། ཕྱོགས་གཅིག་ཏུ་འདུག་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་སྟེ། བཅོམ་ལྡན་འདས་ལ་ལོག་སུ་ཐལ་མོ་སྦྱར་ཏེ་ཕྱག ་འཚལ་ནས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་མཆིའོ།། དེང་ཕན་ཆད་བདག་གི་ནམ་དུ་ཡང་དགེ་བའི་བཤེས་གཉེན ་མཛད་པར་དགོངསུ་གསོལ་ཞེས་གསོལ་ཏོ།། ལས་རྣམ་པར་འགྱུར་བ་བམ་པོ་གཅིག་པ། རྫོག་སྷོ།། །། ། རྒྱ་གར་སྐད་དུ་ཨཱ་ཡུ་བརྱན་སཱུ་མཁོང ་