| Wylie | e-texts produced with BDRC’s OCR application |
ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། @#།། རྒྱ་གར་སྐད་དུ།། པི་ཏྲ་མ་ཏྲི་སཱུཏྲ། བོད་སྐད་དུ། ཕ་མའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་ཐམས་ཅད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུག་སོ།། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ་ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཚང་པ་དང་ལྡན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ཀྱི་བུ་ཕ་མ་གཉིས་ནི། རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི ་ཕྱིར་རོ།། དགེ་སློང་དག་ཁྱིམ་གང་དག་ན། པ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི། སློབ་དཔོན་དང ་ལྡན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི། རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བ་ཡིན་པའི་ཕྱིརརོ།། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར ་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཀུན་ཏུ་སྦྱིན་པའི་འོསུ་གྱུར་པ་དང་ལྡན་པ་ཡིན།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུ་པ་མ་གཉིས ་ནིང་རིགས་པའི་སྒོ་ནས། ཀུན་ཏུ་སྦྱིན་པའི་འོ་སུ་གྱུར་པ་ཡིན་པའི། ཕྱིར་རོ།། དགེ་སློང་དག་ཁྱིམ་གང་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལགས ་ངར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མི་དང་ལྡན་པ་ཡིནོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི། རིགས་པའི་སྒོ་ནས་མི་དང་འདྲ་བའི་ཕྱིར་རོ།། དགེ་སློང་དག་ཁྱིམ་གང་དག་ན། ་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི། ལྷ་དང་ལྡན་པ་ཡིནོ།། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས ་ནི་རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ ་ཏོ་ཕ་མ་གཉིས་ནི་ཚངས་པ་སྟེ།། དེ་བཞིན་དང་པོ་སློབ་དཔོན་ཡིན།། བུའི་ཀུན་སྦྱིན་འོས་གྱུར་པ།། མི་ཡང་ཡིན་ལ་ལྷ་ཡང་ཡིན།། དེ་ཕྱིར་དེ་གཉིས་ཕྱག་གི་གནས།། དྲིལ་བ་དང་ནི་ཁྲུས་རྣམས་དང ་རྐང་པ་དག་ཀྱང་བསྒྲུབ་དང་།། ཡང་ན་ཟས་དང་སྐོམ་རྣམས་དང་།། གོས་དང་མལ་ཆ་སྟན་རྣམས་ཀྱིས།། མཁས་པ་དག་གིས་བཀུར་སྟི་བྱ།། ཕ་མ་དག་ལ་བཀུར་བྱས་པ།། དེས་ན་མཁས ་པ་དེ་དག་ནི།། འདིར་ཡང་སྨང་པར་མི་འགྱུར་ལ།། ཤི་ནའང་མཐོ་རིས་འགྲོ་བར་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཕ་མའི་མདོ། རྫོགས་སྷོ། @#།། རྒྱ་གང་སྐད་དུ།། ཀར་མ་བི་བད་ཀ་ནཱ་མ་དྷ་མ་པ་རི་ཡ་ཡ། ་