CLOSE WINDOW

L211: ri'i kun dga' bo'i mdo
Wyliee-texts produced with BDRC’s OCR application

ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། སའི་སྟེང་དུ་ཉི་མ་ཟླ་བ་ལྟར་གྱུར་ཅིག། @#།། རྒྱ་གར་སྐད་དུ། གི་རི་ཨཱ་ནནྡ་སཱུ་ཏྲ། བོད་སྐད་དུ། རིའི་ཀུན་དགའ་བའི་མདོ།། འཕགས་པ་དཀོན་མཆོག་གསུ ་ལ་གུས་པས་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད་ཆ་ལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུག་སོ།། ་དེའི་ཚེ་དེའི་དུས་ན་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ནད་དམ་པོ་སྡུག་བསྔལ་བས་གཟིར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུ་ན་དགའ་བོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ཞིང་ཉེ་བར་སོང ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཙུན་པ་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ནང་དམ་པོ་སྡུག་བསྔལ་བས་གཟིར་ཏོ།། བཙུན་པ་བཅོམ་ལྡན་འདས་ལེགས་པར་མཛད་དུ་གསོལ།། དགེ་སློང་ཚེ་དང་ལྡན་པ་རིའི་ཀུན་དགའ ་འོ་ག་ལ་བ་དེར་གཤེགས་ལ་རྗེསུ་བརྩེ་བས་གཤེགས་པར་ཞུ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།། དེར་ཡང་ཀུན་དགའ་བོ་ཁྱོད་དགེ་སློང ་རའི་ཀུན་དགའ་བོའི་ཐང་དུ་སོང་ལ་འདུ་ཤེས་བཅུ་བཤད་པར་གྱིས་ཤིག། རྣམ་པར་ཤེས་པ་དང་ལྡན་པའི་གནས་སུ་སྨྲ་བར་གྱིས་ཤིག། གཞན་ཡང་དགེ་སློང་རིའི་ཀུན་དགའ་བོས་འདུ་ཤེས ་བཅུ་ཐོས་ནས་ནད་ཀྱིས་གཟིར་བའི་གནས་རྣམས་ལ་སོ་སོར་རིག་པར་འགྱུརརོ།། བཅུ་གང་ཞེ་ན། མི་རྟག་པའི་འདུ་ཤེས་དང་། བདག་མེད་པའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས ་དང་འབར་དུ་བཅོད་པའི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ ་བའི་འདུ་ཤེས་དང་། འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། འབྱུང་བ་དང་རྔུབ་པ་རྗེ་སུ་དྲན་པའི་འདུ་ཤེས་སོ།། མི་རྟག་པའི་འདུ་ཤེས་དུ་ཞེ་ན། འདི་ནི་ཚེ་དང་ལྡན་པ་ཀུན ་དགའ་བོ།། དགོན་པ་འམ། ཤིང་དྲུང་ངམ། ཁང་པ་སྟོང་པར་སོང་ལ་འདི་ནི་སོ་སོར་རིག་པར་བྱའོ།། གཟུགས། མི་རྟག་པ་དང་། ཚོར་བ་མི་རྟག་པ་དང་། འདུ་ཤེས་མི་རྟག་པ ་དང་འདུ་བྱེད་མི་རྟག་པ་དང་། རྣམ་པར་ཤེས་པ་མི་རྟག་པ་སྟེ་འདི་རྣམས་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་མི་རྟག་པར་བལྟ་བར་བྱའོ།། དེ་ལ་མི་རྟག་པའི་འདུ་ཤེས་སྟོན་ཅིག། ཀུན་དགའ ་བོ་བདག་མེད་པའི་འདུ་ཤེས་དུ་ཞེ་ན། འདི་ནི་དགེ་སློང་ཀུན་དགའ་བོ།། དགོན་པ་འམ། ཤིང་དྲུང་ངམ། ཁང་པ་སྟོང་པར་སོང་ལ་འདི་ནི་སོ་སོར་རིག་པར་བྱའོ།། མིག་བདག་མེད་པ ་དང་། གཟུགས་བདག་མེད་པ་དང་། རྣ་བ་བདག་མེད་པ་དང་། སྒྲ་བདག་མེད་པ་དང་། སྣ་བདག་མེད་པ་དང་། དྲི་བདག་མེད་པ་དང་། ལྕེ་བདག་མེད་པ་དང་། རོ་བདག་མེད་པ ་དང་། ལུས་བདག་མེད་པ་དང་། རེག་བྱ་བདག་མེད་པ་དང་། ཡིད་བདག་མེད་པ་དང་། ཆོས་བདག་མེད་པ་སྟེ། འདི་རྣམས་ནི་ནང་དྲུག་དང་ཕྱིའི་སྐྱེ་མཆེད་དྲུག་བདག་མེད་པའོ། ་བདག་མེད་པ་ལ་ལྟ་ཞིང་བསམ་པར་བྱའོ།། ཀུན་དགའ་བོ་བདག་མེད་པ་འདི་རྣམས་སྟོན་ཅིག། ཀུན་དགའ་བོ་མི་གཙང་བའི་འདུ་ཤེས་ནི་དགེ་སློང་ཀུན་དགའ་བོ་འདི་ནི་ལུས་འདི་ཉིད་ལ ་སྤྱི་གཙུག་ནས་འོག་གི་རྐང་འཐིལ་གྱི་བར་གྱི། ལྤགས་པའི་ཕྱི་ཤུན་གྱི་བར་གང་བར་རྣམ་པ་སྣ་ཚོགས་པའི་མི་གཙང་བ་སོ་སོར་བརྟག་པར་བྱའོ།། ལུས་འདི་ལ་སྐྲ་དང་། བ་སཱུ་དང་། ་སེམམ་དང་། སོ་དང་། ལྤགས་པའི་ཕྱི་ཀུན་དང་། ཤདང་། ཆུབ་དང་། རུས་པ་དང་། རྐང་མར་དང་། མཐ་དམ་དང་། སྙིང་དང་། མཆེར་བ་དང་། གློ་བ་དང་། ་མང་དང་། ཇོ་བ་དང་། རྒྱུ་མ་དང་། རྒྱུ་མའི་གཉེམ་དང་། ལྒང་པ་དང་། རྟུག་པ་དང་། མཁྲིས་པ་དང་། 88་ཀན་དང་། ཚོགས་དང་། ཁྲག་དང་། རྡུལ་དང་ཚིལ་དང་། ་མཆི་མ་དང་། ཞག་དང་། མཆིལ་མ་དང་། སྣབས་དང་། ཆུ་སེར་དང་། གཅིན་དང་། གླད་པ་སྟེ་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས།། ལུས་འདི་ལ་མི་གཙང་བར་ལྟ་བར་བྱའོ།། ཀུན་དགའ ་བོ་མི་གཙང་བ་འདི་རྣམས་བསྟན་པར་གྱིས་ཤིག། ཀུན་དགའ་བོ་བར་དུ་གཅོད་པ་རྣམ་པ་དུ་ཞེ་ན། དགེ་སློང་ཀུན་དགའ་བོ་འདི་ནི་དགོན་པ་འམ། ཤིང་དྲུང་ངམ། ཁང་སྟོང་དུ་སོང་སྟེ་འདི ་ནམས་སོ་སོར་བརྟག་པར་བྱའོ།། ལུས་འདི་ནི་སྡུག་བསྔལ་མང་བ་དང་། བར་དུ་བཅོད་པ་མང་བ་སྟེ། ལུས་འདི་ལ་རྣམ་པ་དུ་མའི་ནང་འབྱུང་།། འདི་ལྟ་སྟེ། མིག་གི་ནང་དང་། རྣ་བའི་ནང་ང ་སྣའི་ནང་དང་། ལྕེའི་ནང་དང་། ལུས་ཀྱི་ནང་དང་། མགོ་བོའི་ནང་དང་། རྣ་བའི་ནང་གི་ནང་དང་། ཁའི་ནང་དང་། སོའི་ནང་དང་། གློ་དང་། དབུགས་མི་བདེ་བ་དང་། བ་ནི་སོའི་ནང་དང་། ཚ་རིམས ་དང་ལྟོ་བའི་ནང་དང་། བརྒྱལ་བ་དང་། གཞོག་ཕྱེད་ན་བ་དང་། གཟེར་བ་དང་། གསུང་པ་དང་། མཛེ་དང་། ཤ་འབྲས་དང་། འབྲུམ་བུ་ཕྲ་མོ་དང་། གཅོང་ནང་དང་། བརྗེད་བྱེད ་ཀྱི་ནང་དང་། བས་བལྗགས་དང་། གཡན་པ་དང་། ལུས་ཟ་བ་དང་། རཀྵ་ས་དང་བི་ཙར་རྩི་ཀ་དང་། ཁྲག་མཁྲིས་དང་། མ་དྷུ་མེ་ཧ་དང་། ཨཾ་ག་དང་། སི་ལ་ཀ་དང་། མཚན་མར་རྡོལ་བ་དང་། ་འཁྲིས་པ་འཁྲུགས་པའི་ནང་དང་། བད་ཀན་འཁྲུགས་པའི་ནད་དང་། རླུང་འཁྲུགས་པའི་ནང་དང་། འདུས་པའི་ནང་དང་། དུས་སུ་ཟས་ཡི་ཁར་མི་འོང་བའི་ནང་དང་། མི་མཉམ་པའི་ནང ་འཁྲུགས་པ་དང་། ཨ་ཨུ་བ་ཀསྨཱི་ཀའི་ནང་དང་། ལ། ས་ཀྱི་རྣམ་པར་སྨན་པའི་ནང་དང་། གྲང་བ་དང་། དྲོ་བ་དང་། བ། ཀྲེས་རྔ་བ་དང་། སྐོམ་པ་དང་། འཁྲུ་བ་དང་། ཆུ་ནང་སྟེ། ལུས་ཀྱི ་ནང་འདི་རྣམས་ནི་བར་དུ་བཅོད་པར་བལྟ་ཞིང་བསྒོམ་པར་བྱའོ།། ཀུན་དགའ་བོ་འདི་ནི་བར་དུ་བཅོད་པར་བསྟན་པར་བྱའོ།། ཀུན་དགའ་བོ་སྤོང་བའི་འདུ་ཤེས་རྣམས་དུ་ཞེ་མ་དགེ ་སློང་ཀུན་དགའ་བོ་འདི་ནི་འདོད་པས་སྐྱེས་པ་སྟེ། མི་གནས་པར་དོར་བར་བྱའོ།། རྣམ་པར་བཞིག་པ་དང་། སྒོམས་པར་མི་བྱེད་པ་དང་། མི་བསྒོམས་པར་འགྲོ་བ་དང་། རྣམ་པར ་བའི་རྣམ་རྟོག་ལས་སྐྱེས་པ་དང་། མི་གནས་པ་སྟེ་དོར་བར་བྱའོ།། རྣམ་པར་བཞིག་པ་དང་། གོམས་པར་མི་བྱེད་པ་དང་། མི་བསྒོམ་པར་འགྲོ་བ་སྟེ་སྐྱེས་ཤིང་སྐྱེས་པའི་སྡིག་པ་མི་དགེ ་བའི་ཆོས་མི་གནས་པ་སྟེ་དོར་བར་བྱའོ།། རྣམ་པར་གཞིག་པ་དང་། གོམས་པར་མི་བྱེད་པ་དང་། མི་བསྒོམ་པར་འགྲོ་བ་སྟེ། ཀུན་དགའ་བོ་འདི་ནི་སྤོང་བའི་འདུ་ཤེསོ།། ཀུན ་དགའ་བོ་འདོད་ཆགས་དང་བྲལ་བའི་འདུ་ཤེས་དུ་ཞེ་ན། དགེ་སློང་ཀུན་དགའ་བོ་འདི་ནི་དགོན་པ་འམ། ཤིང་དྲུང་ངམ། ཁང་སྟོང་དུ་སོང་སྟེ་སོ་སོར་བརྟག་པར་བྱའོ།། འདི་ནི་ཞི་བ་དང་། གྱ་ནོམ་པ་གང ་འདི་ནི་འདུས་བྱས་ཐམས་ཅད་གནས་པ་དང་། སྐྱེ་བ་དང་། སྒྱུར་བ་དང་། སྲེད་པ་ཟད་པ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་དང་། ཀུན་དགའ་བོ་འདི་ནི་འགོག་པའི་འདུ་ཤེས་སོ།། ཀུན་དག ་བོ་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དུ་ཞེ་ན། དགེ་སློང་ཀུན་དགའ་བོ་འདི་ནི་གང་ཞིག་འཇིག་རྟེན་པ་ཐབས་དང་ཉེ་བར་སྐྱེ་བ་དང་། རྟོག་པ་དང་། གནས་པ ་དང་བག་ལ་ཉལ་བ་བོར་ཏེ་དགའ་བ་མི་བསྐྱེད་པར་རོ།། ཀུན་དགའ་བོ་འདི་ནི་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེསུ་བསྟན་པར་བྱའོ།། ཀུན ་དགའ་བོ་འདུ་བྱེད་ཐམས་ཅད་མི་རྟག་པའི་འདུ་ཤེས་དུ་ཞེ་ན། དགེ་སློང་ཀུན་དགའ་བོ་འདི་ནི་འདུ་བྱེད་ཐམས་ཅད་ལ་ཞེན་པ་མེད་པ་དང་། སྤོང་བ་དང་། སྐྱུག་བྲོ་བ་སྟེ། ཀུན་དགའ་བོ་འདི ་ནི་འདུ་བྱེད་ཐམས་ཅད་མི་རྟག་པའི་འདུ་ཤེས་སུ་བསྟན་པར་བྱའོ།། ཀུན་དགའ་བོ་དབུགས་རྔུབ་པ་དང་དབྱུང་བ་རྗེསུ་དྲན་པ་དུ་ཞེ་ན། དགེ་སློང་ཀུན་དགའ་བོ།། དགོན་པ་འམ།། ཤིང་དྲུང་ངམ། ་ཁང་སྟོང་དུ་སོང་སྟེ་འདུག་ལ་དཀྱིལ་དཀྲུངས་བཅས་ཏེ་ལུས་དྲངས་པོར་བསྲང་ལ་ཁ་གྱེན་དུ་བལྟས་པ་རྗེ་སུ་དྲན་ཅིང་གནས་པར་བྱའོ།། དེ་ན་དབུགས་ཐུང་ངུ་ཕྱུང་ན་དབུགས་ཐུང་ངུ་ཕྱུང་ངོ་ངོ ་སྙམ་དུ་ཡང་དག་པར་ཤེ་སོ།། དབུགས་རིང་དུ་རྔུབས་པ་འམ་ཀྲུང་དུ་རྔུབ་སེ་ན་རྔུབ་སོ་སྙམ་དུ་ཡང་དག་པར་ཤེསོ།། དབུགས་རིང་དུ་ཕྱུང་ན་དབུགས་རིང་དུ་མཐོང་ངོ་སྙམས་དུ་ཡང་དག་པར ་ཤེསོ།། དབུགས་ཐུང་བ་འམ་ཐུང་དུ་ཕྱུང་ན་དབུགས་ཐུང་ངུ་ཕྱུང་ངོ་སྙམ་དུ་ཡང་དག་པར་ཤེསོ།། དབུགས་ཐུང་བ་འམ་ཐུང་ངུ། རྒྱུས་ན་ཐུང་ངུ་བལྟ་བ་དང་ཡང་དག་པར་ཤེསོ།། ལུས ་ཀྱི་རྣམ་པ་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཐུང་ངུ། རྒྱུས་སོ་ཞེས་བསླབ་པར་བྱས་ཏེ་ལུས་ཀྱི་ཡང་དག་པར་མྱོང་ཞིང་བལྟ་ཞིང་བསླབས་པར་བྱའོ།། ལུས་ཀྱི་འདུ་བྱེད ་ཤིན་ཏུ་སྦྱངས་ནས་དབུགས་ཐུང་ངུ་རྔུབས་ན་རྔུབས་པ་ལ་བལྟ་ཞིང་བསླབ་པར་བྱའོ།། སྙམ་དུ་ཡང་དག་པར་ཤེསོ།། གཉི་ག་མཐོང་ཞིང་ལུས་ཀྱི་འདུ་བྱེད་ཡང་དག་པར་སྦྱངས་ཤིང ་རླུང་ཐུང་ངུ་ཕྱུང་ངོ་ཞེས་གནས་ཤིང་བསླབ་པར་བྱའོ།། ག་ཉི་ག་མཐོང་ཞིང་ལུས་ཀྱི་འདུ་བྱེད་ལ་བལྟ་ཞིང་གནས་པར་བསླབ་པར་བྱའོ།། དགའ་བ་ཡང་དག་པར་མྱོང ་གང་དབུགས་ཐུང་ངུ་རྒྱུས་སོ་སྙམ་དུ་བསླབ་པར་བྱའོ།། དགའ་བ་ཡང་དག་པར་མྱོང་ཞིང་བལྟ་ཞིང་བསླབ་པར་བྱའོ།། བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཐུང་ངུ་རྒྱུ་སོ་སྙམ ་དུ་བསླབ་པར་བྱའོ།། བདེ་བ་ཡང་དག་པར་མྱོང་ཞིང་བལྟ་ཞིང་བསླབ་པར་བྱའོ།། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཐུང་ངུ་རྒྱུ་སོ་སྙམ་དུ་བསླབ་པར་བྱའོ།། སེམས་ཀྱི ་འདུ་བྱེད་ཡང་དག་པར་མྱོང་ཞིང་བལྟ་ཞིང་བསླབ་པར་བྱའོ།། གཉི་ག་མཐོང་ཞིང་སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཐུང་དུ་རྒྱུས་ན་རྒྱུས་སོ་སྙམ་དུ་བསླབ་པར་བྱའོ།། གཉི ་ག་མཐོང་ཞིང་སེམས་ཀྱི་འདུ་བྱེད་ཡང་དག་པར་སྲུང་སོ་སྙམ་དུ་བསླབ་པར་བྱའོ།། སེམས་ཡང་དག་པར་མྱོང་ན་དབུགས་ཐུང་དུ་རྔུབས་ན་རྔུབ་སོ་ཞེས་བསླབ་པར་བྱའོ།། སེམས ་ཡང་དག་པར་མྱོང་ཞིང་ཡང་དག་པར་སྦྱང་སོ་སྙམས་དུ་བསླབ་པར་བྱའོ།། སེམས་མངོན་པར་དགའ་བ་བསྐྱེད་པ་དང་དབུགས་ཐུང་དུ་རྒྱུས་ན་རྒྱུ་ས་ཞེས་བསླབ་པར་བྱའོ།། སེམས་མངོན་པར་དགའ ་བ་བསྐྱེད་པ་དང་ཤིན་ཏུ་སྦྱང་སོ་སྙམ་དུ་བསླབ་པར་བྱའོ།། སེམས་ཞི་གནས་ལ་གནས་པས་དབུགས་ཐུང་ངུ་རྒྱུས་ན་རྒྱུ་སོ་སྙམ་དུ་བསླབ་པར་བྱའོ།། སེམས་ཞི་གནས་ལ་གནས་པས་ལྷག་མཐོང ་དུ་གནས་པར་བསླབ་པར་བྱའོ།། སེམས་རྣམ་པར་གྲོལ་བས་དབུགས་ཐུང་ངུ་རྒྱུས་ན་རྒྱུ་སོ་ཞེས་བསླབ་པར་བྱའོ།། སེམས་རྣམ་པར་གྲོལ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ།། མི ་རྟག་པར་རྗེ་སུ་བལྟ་བས་དབུགས་ཐུང་ངུ་རྒྱུས་ན་རྒྱུ་སོ་སྙམ་ད་དུ་བསླབ་པར་བྱའོ།། མི་རྟག་པར་རྗེ་སུ་བལྟ་བས་ལྷག་མཐོང་། ལ་གནས་པར་བསླབ་པར་བྱའོ།། འདོད་ཆགས་དང་བྲལ ་བར་རྗེ་སུ་བལྟ་བས་དབུགས་ཐུང་ངུ་རྒྱུས་ན་རྒྱུ་སོ་སྙམ་དུའི་སླབ་པར་བྱའོ།། འདོད་ཆགས་དང་བྲལ་བར་རྗེ་སུ་བལྟ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ།། འགོག་པ་ལ་རྗེསུ ་བལྟ་བས་དབུགས་ཐུང་དུ་རྒྱུས་ན་རྒྱུ་སོ་སྙམ་དུ་བསླབ་པར་བྱའོ།། འགོག་པ་ལ་རྗེསུ་བལྟ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ།། སོ་སོར་སྤོང་བ་རྗེསུ་བལྟ་བས་དབུགས་ཐུང་ངུ་དྷུས ་ན་རྒྱུ་སོ་སྙམ་དུ་བསླབ་པར་བྱའོ།། སོ་སོར་སྤོང་བར་རྗེ་སུ་བལྟ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ།། ཀུན་དགའ་བོ་དབུགས་རྔུབ་པ་དང་དབྱུང་བ་རྗེསུ་དྲན་པ་འདི་བ་ཤང་པར་བྱའོ།། ་དེར་ཡང་ཀུན་དགའ་བོ་ཁྱེ་བ་རིའི་ཀུན་དགའ་བོའི་གནས་སུ་སོང་ལ། འདུ་ཤེས་བཅུ་པོ་འདི་བཤད་པར་བྱའོ།། གནས་གཞན་ཡང་ཡོད་དེ་དགེ་སློང་རིའི་ཀུན་དགའ་བོས་འདུ་ཤེས་བཅུ་པོ་འདི་ཐོས ་ན་དེའི་ནང་ཐམས་ཅད་ཞི་བར་འགྱུར་རོ།། དེ་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ། ཚེ་དང་ལྡན་པ་རིའི་ཀུན་དགའ་བོའི་གནསུ་སོང་ནས། ཚེ་དང་ལྡན་པ་རིའི་ཀུན ་དགའ་བོ་ལ། འདུ་ཤེས་བཅུ་སོ་སོར་བཤད་དོ།། དེ་ནས་ཚེ་དང་ལྡན་པ་རིའི་ཀུན་དགའ་བོས་འདུ་ཤེས་བཅུ་པོ་འདི་རྣམས་ཐོས་ནས་དེའི་ནང་ཐམས་ཅད་ཞི་བར་གྱུར་ཏོ།། དེའི་ནང་ཐམས་ཅད་ན ་ནས་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ལངས་ཏེ། ཚེ་དང་ལྔ། ན་པ་རིའི་ཀུན་དགའ་བོའི་ནང་ཕྱིས་མེད་པར་གྱུར་ཏོ།། ཚེ་དང་། ལྡན་པ་རིའི་ཀུན་དགའ་བོའི་མདོ་རྫོགསྷོ།། ་བཎྜི་ཏ་ཆེན་པོ།། ཨཱནནྡ་ཤྲཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས།། སྐངད་གཉིས་སྨྲ་བ་རྣམས་ཀྱི་གདནས། གཙུག་ལག ་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། @#།། རྒྱ་གར་སྐད་དུ།། པི་ཏྲ་མ་ཏྲི་སཱུཏྲ། བོད་སྐད་དུ། ཕ་མའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་