| Wylie | e-texts produced with BDRC’s OCR application |
ཟླ་བ་ལྟར་གྱུར་ཅིག།། སྔར་འགྱུར་བྱམས་དཔ་ལུང་བསྟན་དང་དོན་ཅིག།། རྒྱ་གར་སྐད་དུ། མེ་ཏཱི་བྷཱ་བ་ན་སཱུ་ཏྲ། བོད་སྐད་དུ། བྱམས་པ་བསྒོམ ་པའི་མདོ།། འཕགས་པ་དཀོན་མཆོག་གསུམ་ལ་གུས་ས་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པའི་དུས་པ། ཅིག་ནི། བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད ་ལ་མགོན་མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བ་ན་བཞུག་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་བོས་ནས། དགེ་སློང་དག་བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོ་སོར་འོངས ་པ་ལ་བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བྱམས་པ་བསྒོམས་པར་བྱའོ།། བསམ་པ་བརྟན་པར་བྱ་བའི་ཕྱིར་རོ།། མང་དུ་བྱེད་པ ་དངར་ཞི་བར་བྱེད་པ་དང་། གཞིར་བྱེད་པ་དང་རྗེསུ་གནས་པར་བྱེད་པ་དང་འདྲིས་པར་བྱ་བ་དང་། ཤིན་དུ་བཙུན་པར་བྱའོ།། ཕན་ཡོན་བཅུ་གཅིག་པོ་སོ་སོར་བཤད་པར་བྱའོ།། བཅུ་གཅིག་གང ་ཞེ་ནང་བདེ་བར་ཉལ་བ་དང་། བདེ་བར་སད་པ་དང་། སྡིག་པའི་རྨི་ལམ་མི་མཐོང་བ་དང་། དེ་ལ་མི་རྣམས་དགའ་བ་དང་། མི་མ་ཡིན་རྣམས་དགའ་བ་དང་། ལྷ་རྣམས་ཀྱིས་བསྲུང་བ་དང་། མེ་དང་དུག ་དང་མཚོན་རྣམས་ཀྱིས་གནོད་པར་མི་འགྱུརརོ།། དུས་རྟག་ཏུ་སེམས་ཤིན་ཏུ་དགའ་བར་གནས་པ་དང་། བཞིན་གྱི་མདངས་རབ་ཏུ་གསལ་བ་དང་། སེམས་གསལ་བར་འཆི་བ་དང་ཆེས་ཆེར་བག་ཡོད་པར ་བྱེད་པས་ཚངས་པའི་འཇིག་རྟེན་དུ་སྐྱེ་བའོ།། དགེ་སློང་དག་བྱམས་པའི་སེམས་དང་མི་འབྲལ་བར་བྱའོ།། བསམ་པས་བརྟེན་པར་བྱའོ།། བསྒོམ་པར་བྱ་བ་དང་མང་དུ་བྱེད་པ་དང་། ཞི་བར་བྱེད་པ་དང་གཞིར་བྱེད ་པ་དང་རྗེ་སུ་གནས་པར་བྱེད་པ་དང་འདྲིས་པར་བྱ་བ་དང་ཤིན་ཏུ་བརྩོན་པར་བྱའོ།། བཅུ་གཅིག་པོ་རྣམས་ཀྱི་ཕན་ཡོན་རྣམ་སོ་སོར་བ་ཤད་ཟིན་ཏོ།། དགེ་སློང་དག་གཞན་ཡང་བྱམས་པའི་ཕན ་ཡོན་རྣམས་བཤད་པར་བྱའོ།། ཁ་ཟས་དུ་མ་ཐོབ་པ་དང་། རང་གི་ཡུལ་དུ་ཉེ་བར་གནས།། མང་པོ་རྣམས་ནི་འཚོ་བ་ནི།། གང་གིས་བྱམས་པ་མ་སྤངས་ནའོ།། གྲོང་རྡལ་གང་གང་འགྲོ་བ་དང ་གྲོང་ཁྱེར་རྒྱལ་པོའི་ཕོ་བྲང་དང་།། ཐམས་ཅད་དུ་ནི་མཆོད་པར་འགྱུར།། གང་གིས་བྱམས་པ་མ་སྤངས་ན།། དེ་ལ་ཆོམ་རྐུན་མི་འབྱུང་ཞིང་།། དེ་ལ་རྒྱལ་པོ་གནོད་མི་བྱེད།། སེམས་ཅན་ཐམས་ཅད་བཤེསུ ་འགྱུར།། གང་གིས་བྱམས་པ་མ་སྤངས་ནའོ།། ཁྲོ་མེད་རང་ཡུལ་བདེ་བར་གནས།། སྐྱེ་བོའི་མདུན་སར་སྡོང་མེད་དགའ།། མཆོག་གི་མཉེན་དང་ལྡན་པར་འགྱུར།། གང་གིས་བྱམས་པ་མ་སྤངས་ནའོ།། ་མཆོད་ན་མཆོད་པ་ཐོབ་པར་འགྱུར།། འདུད་ན་སོ་སོར་འདུད་པར་བྱེད།། སྙན་དང་གྲགས་པ་ཐོབ་པར་འགྱུར།། གང་གིས་བྱམས་པ་མ་སྤངས་ནའོ།། བཀུར་སྟི་བྱས་ན་བཀུར་སྟི་ཐོབ།། གུས་པར་བྱས་ན ་གུས་པ་ཐོག། ཁ་དོག་གཟི་བརྗིད་ལྡན་པར་འགྱུར།། གང་གིས་བྱམས་པ་མ་སྤངས་ནའོ།། མེ་ལྟར་རབ་ཏུ་འབར་བྱ་ཡི།། ལྷ་ཡི་ལུས་དང་འདྲ་བར་འགྱུར།། དཔལ་དང་བྲལ་བར་མི ་འགྱུར་རོ།། གང་གིས་བྱམས་པ་མ་སྤངས་ནའོ།། ཕྱུགས་རྣམས་མང་པོ་ཐོབ་པ་དང་།། ཞིང་ལ་འབྲུ་མང་སྐྱེ་བ་དང་།། བུ་དང་བུ་མོ་མང་བར་འགྱུར།། གང་གིས་བྱམས་པ་མ་སྤངས་ནའོ།། རི་ལས་ཐུར་དུ་ལྷུང ་པ་དང་།། ཤིང་ལས་འོག་ཏུ་ལྷུང་བ་དང་།། ལྟུང་བར་མི་འགྱུར་གནས་ས་ཐོབ།། གང་གིས་བྱམས་པ་མ་སྤངས་ནའོ།། པ་ཊའི་ཤིང་སྟེང་འཛེགས་གྱུར་ན།། རླུང་གིས་བསྐྱོད་པར་མི་ནུས་བཞིན།། དགྲ་བོས ་ཅུང་ཟད་བྱ་མི་ནུས།། གང་གིས་བྱམས་པ་མ་སྤངས་ནའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།། དགེ་སློང་དེ་དག་ལ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ ་བ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུང་ཉེས་པ་ལ་མངོན་པར་སྟོད་དོ།། བྱམས་པ་བསྒོམ་པའི་མདོ་རྗེ་གསྷོ།། པཎྜི་ཏ་ཆེན་པོ།། ཨཱནནྡ་ཤྲཱིའི་ཞལ་སྔ་ནས།། མང ་དུ་ཐོས་པའི་ལོ་ཙྪ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས།། སྐད་གཉིས་སྨྲ་བ་རྣམས་ཀྱི་གདནས།། གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན ་ལ་ཕབ་པའོ།། སའི་སྟེང་དུ་ཉི་མདོང་ཟླ་བ་ལྟར་གྱུར་ཅིག། @#།། རྒྱ་གར་སྐད་དུ། པཉྩ་ཤིཀྟི་ནུ་སམས་སུ་ཏྲ། བོད་སྐད་དུ། བསླབ་པ་ལྔའི་ཕན་ཡོན་གྱི་མདོ།། འཕགས་པ ་