CLOSE WINDOW

L205: skyes pa rabs kyi gleng gzhi
Wyliee-texts produced with BDRC’s OCR application

ཟླ་བ་ལྟ་བུར་གྱུར་ཅིག།། རྒྱ་གར་སྐད་དུ། ཛཱ་ཏ་ཀི་ན་དཱན། བོད་སྐད་དུ། སྐྱེས་པ་རབས་ཀྱི་གླེང་གཞི། འཕགས་པ་དཀོན་མཆོག་གསུམ་ལ་གུས ་པར་ཕྱག་འཚལ་ལོ།། བཅོམ་ལྡན་འདས་རྒྱལ་བྱེད་ཚལ་མ་གོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། གནས་བརྟན་ཆེན་པོ་དོན་མཐོང་བཅོམ་ལྡན་འདས་ཀྱི ་ཐད་དུ་སོང་ནས། ཕྱག་བྱས་ཏེ་བསྐོར་བ་བྱས་ཕྱོགས་གཅིག་ཏུ་འཁོད་དོ།། བཅོམ་ལྡན་འདས་ཀྱི་ཐད་དུ་འདི་སྐད་གསོལ་ཏོ།། བཙུན་པ་བདག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུད་ཀྱི་ཚྭ ་ཐོས་པར་འཚལ་ལོ།། བཀའ་སྩལ་པ། དོན་མཐོང་ཡིད་ལ་ཟུང་ཤིག་དང་། ངས་བཤད་པར་བྱའོ།། ཞེས་འབྱུང་ངོ་།། དེ་ཡང་འདིར་སྡུད་པར་བྱེད་པ་པོ་རབ་ཏུ་རྟོག་པའི་ཤེས་རབ་དང་ཞི་བའི ་དགྲ་བཅོམ་པ་རྣམས་ཀྱི་སྐྱེ་རབས་ཀྱི་གླེང་གཞིའི་དེང་དོན་གྱི་སྔགས་པ་བརྗོད་དོ།། རིང་བའི་གླེང་གཞི་བར་པའི་གླེང་གཞི་དང་ཉེ་བའི་གླེང་གཞི་སྟེ། གླེང་གཞི་གསུམ་པོ་འདི་གཟིགས་ནས་བསྔགས ་བ་གང་ནིག་ཉན་པའོ།། དེ་ལ་དང་བེ་རེ་ཤིག་དེ་རྣམས་ཀྱི་གླེང་གནི་ཡོངས་སུ་བཅད་པ་རྣམས་རིག་པར་བྱའོ།། མར་མེ་མཛད་ཀྱི་ཞབས་ཀྱི་དྲུང་འདིར་སེམས་དཔའ་ཆེན་པོས་སྨོན་ལམ་བཏབ་བོ།། ་ཇི་སྲིད་ཐམས་ཅད་སྒྲོལ་གྱི་ལུས་སྤངས་པའི་བར་དང་དགའ་ལྡན་གྱི་གནས་སུ་འཁྲུངས་པའི་ཆོས་ཀྱི་གཏམ་གྱི་བར་གྱི་ལམ་ནི་རིང་པོའི་གླེང་ག་ནི་ཞེས་བྱའོ།། ཇི་སྲིད་དགའ་ལྡན་གྱི་གནས ་ནས་འཕོས་ནས་བྱང་ཆུབ་ཀྱི་སྙིང་པོར་ཐམས་ཅད་མཁྱེན་པ་ཐོབ་ནས་ཆོས་ཀྱི་གཏམ་གྱི་བར་གྱི་གླེང་གཞི་བར་བ་ཞེས་བྱ་བའོ།། གང་དང་གང་དུ་ཞུགས་ནས། དེ་དང་དེ་ཐོབ་པ་རྣམས་ནི་ཉེ་བའི ་གླེང་གཞི་ཞེས་བྱའོ།། དེ་ལ་འདིར་རིང་པོའི་གླེང་གཞི་ཞེས་བྱ་བ་ནི། འདི་ནས་བསྐལ་པ་གྲངས་མེད་པ་བཞི་དང་བསྐལ་པ་འ་བུམ་ཕྲག་ཅིག་ལྷག་པ་ནས་མགོ་བརྩམས་ནས་གྲོང་ཁྱེར ་འཇིགས་མེད་ལྡན་ཞེས་བྱ་བ་བྱུང་ངོ་།། དེར་ཡང་བྲམ་ཟེ་བློ་གྲོས་བཟང་པོ་ཞེས་བྱ་བ་གནས་སོ།། ཕ་དང་མ་གཎྜི། ས་གའང་རིགས་བཟང་བའི་མངལ་དུ་ཞུགས་ཏེ ་རིགས་བདུན་ཆུད་ཀྱི་བར་དུ་གཞན་གྱིས་རྩོད་པ་དང་། སྨྲ་བ་དོང་། སྨོད་པ་མེད་ཅིང་རྣམ་པར་དག་གོ།། གཟུགས་པ་དང་བལྟ་ན་སྡུག་པ་རབ་ཏུ་མངེས་པ་མཆོག་གི་ཁ་དོག་དང་ལྡན་པའི་སྐྱེས ་བུཅན་ནོ།། དེ་ཡང་ལས་གཞན་མི་བྱེད་པར་བྲམ་ཟེའི་ལས་འབར་ཞིག་སློབ་སོ།། དེ་ཡང་ཁྱེའུ་གཞོན་ནུ་དུས་སུ་འ་དང་མ་གཉིས་གདུས་ལས་འདསོ།། དེ་ནས་དེའི་ལོངས་སྤྱོད་སྤེལ ་བའི་བློན་པོས་ནོར་གྱི་ཡི་གེ་བླས་ཏེ། གསེར་དང་དངུལ་དང་ནོར་བུ་དང་མུ་ཏིག་ལ་སོགས་པས་གང་པ་རྣམས་སྦྱོར་བཏོན་ཏེ་གཞོན་ནུ་འདི་རྣམས་མ་ནོར་ཡིན་ནོ།། འདི་རྣམས་པའི་ནོར་ཡིན ་འདི་ག་ནི་མེས་བོང་ང་ཡང་མེས་གྱོན་པ་ཡིན་ནོ།། རིགས་བདུན་དྲུད་ཀྱིལ་ནང་མནན་ནས་སྨྲས་སོ།། འདརྣཔས་ས་སོར་སྲུང་བར་བྱོད་སྨྲས་པ་ཡིན་ནོ།། ཐཁས་པ་ཟླ་ས ་བཟང་པོས་བསམས་པ། འདིའི་ནོར་རྣམས་བཟུང་ནས་བདག་གི་པ་དང་མེས་པོ་ལ་སོགས་པོས་འཇིག་རྟེན་ཕ་རོལ་དུ་འགྲོ་བ་ན་གསེར་སེ་བ་ཅིག་ཀྱང་ཁྱེར་ནས་མ་སོང་གིས་བདག་ཉིད་ཀྱིས་ཁྱེར་ནས་འགྲོ ་བར་རིག་པར་བྱའོ།། ཞེས་རྒྱལ་པོ་ལ་སྨྲས་ནས། གྲོང་ཁྱེར་དུ་རོལ་མོ་བསྒྲགས་ཏེ། སྐྱེ་བོ་ཐམས་ཅད་ལ་སྦྱིན་པར་བྱིན་ནསདཀའ་ཐུབ་པའི་རབ་ཏུ་བྱུང་བ་ལ་རབ་ཏུ་བྱུང་ངོ་།། འདི་ཡི ་ཡང་དོན་གསལ་བར་བྱ་བའི་ཕྱིར་གནས་འདིར་བློ་གྲོས་ཅད་བཟང་པོས་གཏམ་བྱས་སོ།། དེ་ཡང་འདི་ཙམ་འབའ་ཞིག་མ་ཡིན་ཏེ། སངས་རྒྱས་ཀྱི་རྒྱུར་རྒྱུན་མི་འཆད་པར་གསུངས་ལ ་སླར་ཡང་ཚིག་སུ་བཅད་པས་བཅིངས་ཏེ་བཤདཿགོ་དཀར་བས་དེ་དང་དེའི་བར་བར་དུ་ཚིགས་སུ་བཅད་པའི་ཚིགགིས་གསལ་བ་དང་བཅས་པ་བཤད་པར་བྱའོ།། བསྐལ་པ། ་གྲངས་མེད་བཞི་དང་།། བསྐལ་པ་འབྲུམ་ཕྲུག་གཅིག་ལྷག་ནས་མགོ་བརྩམས་ནས་སྒྲ་འི་ཅུ་རྒྱུན་མཆད་པར་འཇིགས་མེད་ལྡན་གྱི་གྲོང་བྱེར་དེར་བྱུང་ངོ་།། དེའི་སང་ས་རྒྱས་ཀྱི་ཆུད་བཤ ་རྣམ་འམས་མེད་པན་དང་ན།། འཇུང་དྲུག་གཅིག་ན་མུག་འན། ཁྲོབ་སྐྱེ་མཇིག་མེད་ལྡན་ནས་པ། མང་བ་ལམན་དགའ་འཁྱིམ།། རྒྱུན་མ་ཆད་བ་སྒྲ་བརྒྱ་ཅནན ་ང་ཡ་དག་ཐས་ས་ཐ་རྒྱུན་པ་ཆེ་ང་ཚོ་ས་དང་།། བྱའི་རྫ་དང་། ཆོ་སྡེ་དང་། རམ་མ་ཐོངས་པའི་། ་པི་ཝང་གི་སྒྲ་དང་། ཀླུའི་སྒྲ་དང་། རོལ་མོ་སམྦཱའི་སྒྲ་དང་། མ་ཁང་གི་སྒྲ་དང་། རྒོད་པ་དང་ཟུང་བ་དང་ཟ་འའི་ཏེ། སྒྲ་བཅུ་པོ་འདི་རྣམས་ནི་རྒྱུན་མི་འཆད་པ་ཡིན་ནོ།། སྒྲ་དེ་རྣམས ་ཕྱོགས་གཅིག་དུ་བྱ་སྟེ། གླང་པོའི་སྒྲ་དང་རྟིའི་སྒྲ་དང་། རོལ་མོ་དུང་དང་ཤིང་རྟའི་སྒྲ། ཟ་དང་མཐུང་བ་དེ་ཉིད་དང་། བཟའ་དང་བཏུང་བའི་སྒྲ་དང་ནི། སངས་རྒྱས་རྒྱུད་དུ་ཚིག ་སུ་བཅད་པ་འདི་གསུངས་ནས། གྲོང་ཁྱེར་ཡན་ལག་ཉེན་ལག་ལྡན་། འདོད་པ་ཐམས་ཅད་ཉེ་བར་གནས།། རིན་ཆེན་བདུན་པོ་ཡང་དག་ལྡན།། སྐྱེ་བོ་སྣ་ཚོགས་ཡང་དགེ་གང་། ་ལྷའི་གྲོང་ཁྱེར་ཕུན་ཚོགས་བཞིན།། བསོད་ནམས་ཅན་ནི་གནས་པའོ།། འཇིགས་མེད་ལྡན་པའི་གྲོང་ཁྱེར་དུ། བྲམ་ཟེ་བློ་བཟང་ཞེས་བྱ་བས།། ལོངས་སྤྱོད་རྣམ་པ་དུ་མ་བསགས ་ནོར་དང་འབྲུ་ནི་མང་པོ་ཡི།། ནང་གི་གསང་སྔགས། འཛིན་པ་དང་།། རིག་བྱེད་གསུམ་གྱི་ཕ་རོལ་སོན། མཚན་ཉིད་ཨི་ཐ~ཾ་ཧ་ས་དང་།། དམ་པའི་ཆོས་ཀྱི་ཕ་རོལ་སོན། ་དེ་ནས་དེ་ཉིད་ཉི་མ་གཅིག་ལ་མཁས་པ་བློ་གྲོས་བཟང་པོ་དོ་ཁང་བཟང་མཆོག་གི་སྟེང་དུ་གཅིག་པུར་དཀྱིལ་མོ་དཀྲུངས་བཅས་ནས་དབེན་པར་བཞུགས་ཏེ་བསམས་པ། མཁས་པ་སྐྱེ་བ་གཞན ་དུ་མའི་མངལ་བཟུང་ན་སྡུག་བསྔལ་ལོ།། དེ་བཞིན་སྐྱེ་བ་སྐྱེ་བའི་གནས་སུ་ལུས་འཇུག་གོ།། བདག་སྐྱེ་བའི་ཆོས་ཅན་དང་། རྒ་བའི་ཆོས་ཅན་དང་། ན་བའི་ཆོས་ཅན་དང་། འཆི་བའི ་ཆོས་ཅན་ནོ།། དེ་ལྟ་བུར་གྱུར་པས་བདག་ནི་སྐྱེ་བ་མེད་པ་དང་། རྒས་པ་མེད་པ་དང་། ན་བ་མེད་པ་དང་། སྡུག་བསྔལ་མེད་པའི་བདེ་བ་དང་། བསིལ་བ་དང་བདུད་རྩི་ལྟ་བུའི་མྱ་ངན ་། ལས་འདས་པ་ཆེན་པོ་ཚོལ་བར་རིག་སོ།། ངེས་པར་སྲིད་པོ་ལས་གྲོལ་བའི་མྱ་ངན་ལས་འདས་པར་འགྲོ་བའི་ལམ་གཅིག་པོ་ཡིན་པ་ལྟ་བུའོ།། དེའི་ཕྱིར་གསུངས་པ། ་དབེན་པར་གཅིག་པུར་གནས་ནས་ནི།། དེ་ཚེ་བདག་གིས་འདི་ལྟར་བསམས།། སྲིད་མར་སྐྱེ་བ་སྡུག་བསྔལ་ཞིང་།། ལུས་ནི་ཡོངས་སུ་ཞིག་པ་ནས།། སྐྱེ་བའི་ཆོས་དང་རྒས་པ ་ཆོས་ངན་པའི་ཆོས་དང་དེ་ཚེ་འདག། སྐྱེ་བ་མེད་དང་འཆི་མེད་པདེ།། མྱ་ངན་འདས་པ་ཡོངས་སུ་བཙལ།། གང་ཚེ་དྲི་ངན་ལུས་འདི་ནི།། སྣ་ཚོགས་མི་གཙང་གང་གིས་ཞིང་། ་དོན་མེད་ལྟོས་པ་མེད་པ་ཡི།། དོར་ནས་འགྲོ་བ.རབྱ་བ་ཡིན།། དེའི་ལམ་ནི་ཡོད་དམ་སྙམ།། འབང་བ་མེད་བར་ལམ་མ་ཐོབ།། དེའི་ལམ་ནི་བཙལ་བར་བྱ།། སྲིད ་པ་རྣམས་ལས་གྲོལ་འགྱུར་སྙམ།། དེ་ནས་ལྷགཔར་ཡང་བསམས་པ།། ཇི་ལྟར་འཇིག་རྟེན་པའི་སྡུག་ད་སྔལ་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་བདེ་བ་ཞེས་བྱ་བ་ཡང ་དེ་ལྟར་མི་མཐུན་ཕྱོགས་སྲིད་པ་ཡོད་ན་མྱ་ངན་ལས་འདའ་བར་འགྱུརརོ་སྙམ། དེ་ལྟར་ཡང་གདུང་བ་ཡོད་ན་དེ་ནི་བར་བྱེད་པའི་གསིལ་བ་ཡོད་དོ།། དེ་བཞིན་དུ་འདོད་ཆགས་ལ་སོགས་པའི ་མེ་ཞི་བར་བྱེད་པའི་མྱ་ངན་ལས་འདས་པ་ཡོད་པར་འགྱུར་རོ་སྙམ་མོ།། ཇི་ལྟར་ཡང་སྡིག་པ་དང་མི་མཐུན་པའི་ཕྱོགས་སུ་གྱུར། ཁ་ན་མ་ཐོ་བ་མེད་པའི་དགེ་བའི་ཆོས་ཡོད་པར་འགྱུར་སྙམ་པ ་ཏིད་ངོ་།། དེ་དང་དེ་ལྟ་བུ་ཉིད་ཀྱིས་སྡིག་པ་ཅན་ལ་སོགས་པརའི་སྐྱོ་བ་ཡང་ན། སྐྱེ་བ་ཐམས་ཅད་ཟད་པར་བྱེད་པའི་སྐྱེ་བ་རྙེད་པར་གྲགས་པའི་མྱ་ངན་ལས་འདས་པ་ཡང་ཡོད་པར་འགྱུར ་སྙམ་པ་ཉིད་དོ།། དེ་ཡི་ཕྱིར་གསུངས་པ། ཇི་ལྟར་སྡུག་བསྔལ་ཡོད་པ་ན།། འདེ་བ་ཞེས་པའང་ཡོད་པ་ཡིན།། དེ་ལྟར་སྲེད་པ་ཡོད་པ་ན།། སྲེད་པ་མེད་པའང་ཡོད་པར་ཡིན།། ་ཇི་ལྟར་ཚ་བ་ཡོད་གྱུར་ན།། གྲང་བ་ཡང་ན་སོད་པ་ཡིན།། དེ་ལྟར་མེ་གསུམ་ཡོ་གྱུར་ན།། མྱ་ངན་འདས་པའང་ཡོད་པ་ཡིན།། ཇི་ལྟར་སྡིག་པ་ཡོད་གྱུར་ན།། དགེ་བ་ཡང་ནི་ཡོད ་པ་ཡིན།། དེ་ལྟར་སྐྱེ་བ་ཡོད་གྱུར་ན།། སྐྱེ་བ་མེད་པའང་ཡོད་པར་འདོད།། གཞོན་ཡང་བསམས་པ། ཇི་ལྟར་བཤད་པའི་ཕུང་པོར་སྐྱེས་བུ་འགྱེལ་པར་གྱུར་པ་ཞིག། ཐག་རིང་པོ ་ནས་ཁ་དོག་ལྔ་དང་ལྡན་པའི་པདྨ་དང་། མཚོ་ཆེན་པོ་མཐོང་ན་ལམ་གང་ནས་འགྲོ་བར་བྱས་ནས་མཚོ་དེར་འཇུག་པར་རིགས་སོ།། དེའི་ལམ་དུ་མི་འགྲོ་ན་མཚོ་ཆེན་པོའི་སྐྱོན་མ་ཡིན་ནོ། ་དེ་ལྟར་ཉོན་མོངས་པའི་དྲིམ་འཁྲུང་བ་ན་འཚེ་བ་མེད།། པའི་མྱ་ངན་ལས་འདའ་བའི་མཚོ་ཆེན་པོ་ཡོད་པ་ན་དེར་མི་འཇུག་ན། འཆི་བ་མེད་པའི་མྱ་ངན་ལས་འདའ་བའི་མཚོ་ཆེན ་པོའི་སྐྱོན་ནི་མ་ཡིན་ནོ།། ཇི་ལྟར་ཡང་ཆོམ་རྐུན་པས་ཡོངས་སུ་བསྐོར་བའི་སྐྱེས་བུ་འབྲོས་པའི་ལམ་ཡོད་པ་ལ་མྱུར་དུ་མི་འབྲོས་ནི་ལམ་གྱི་སྐྱོན་མ་ཡིན་ཏེ་སྐྱེས་བུའི་སྐྱོན་པ་ཡིན་ནོ།། ་དེ་ལྟར་ཉོན་མོངས་པས་ཡོང་སུ་བསྐོར་ནིས་འཟུང་བའི་སྐྱེས་བུ་ལ་ཞི་བ་མྱ་ངན་པས་འདྲའ་བའི་ལམ་ཡོད་པར་གྱུར་བ་ནི་ལམ་མོ་ཚོལ་བ་ན་ལམ་གྱི་སྐྱོན་མ་ཡིན་ཏེ་གང་ཟག་གི་སྐྱོན་ཡིན་ན། ་ཛས་ན་བྱོས་གཟིང་བར་སྐྱེས་བུ་ལ་ནདགས་པའི་སྨིན་པ་ཡང་པར་གྱུར་ན་གལ་ཏེ་དེའི་གནས་སུན་དགསོ་པོའི་སྨན་པ་མཆོས་ན་ལྡན་པར་སྤྱན་མ་ཡིན་ཏེ། ནད་པར་སྐྱོན་ཡིན་ནོ།། ་དེ་ལྟར་ཉོན་མོངས་པའི་ནད་ཀྱིས་གཟིར་བའི་སྐྱེས་བུ་ལ་ཉོན་མོངས་པ་ཞི་བར་བྱེད་པའི་མཆོག་ཏུ་མཁས་པ་ཡོད་པར་གྱུར་ན། སློབ་དཔོན་ཚོལ་བར་མི་བྱེད་ན། དེ་ནི་སྐྱེས ་བུའི་སྐྱོན་ཡིན་ཏེ་ཉོན་མོངས་པ་འཇོམས་པར་བྱེད་པའི་སློབ་དཔོན་གྱི་སྐྱོན་མ་ཡིན་ནོ།། དེའི་ཕྱིར་གསུངས་པ། ཇི་ལྟར་མི་གཙང་གོས་པའི་མོ།། གང་བའི་མཚོ་ནི་མཐོང་བཞིན ་དུ་མཚོ་དེར་འཇུག་པར་མི་བྱེད་ན།། དེ་ནི་མཚོ་ཡི་སྐྱོན་མིན་ནོ།། དེ་ལྟར་ཉོན་མོངས་དྲིལ་ཁྲུང་བ།། བདུད་རྩིའི་མཚོན་ཡོད་པ་ཡི།། མཆོད་ལ་ན་མི་འཇུག་ན།། བདུད་རྩི་མཚོ ་ཡི་སྐྱོན་མིན་ནོ།། ཇི་ལྟར་ཆོམ་རྐུན་གྱིས་བསྐོར་བ།། འགྲོ་བའི་ལམ་ནི་ཡོད་པ་ལ།། སྐྱེས་བུ་འབྲོས་པར་མི་བྱེད་ན།། དེ་ནི་ལམ་གྱི་སྐྱོན་མ་ཡིན།། ཇི་ལྟར་ཉོན་མོངས་ཀྱིས་བསྐོར་ན། ་ཞི་བའི་ལམ་ནི་ཡོད་པ་ལ།། དེ་ཡི་ལམ་དུ་མི་འཇུག་ན། ཞི་བའི་ལམ་གྱི་སྐྱོན་མ་ཡིན།། ཇི་ལྟར་ནད་གྱི་གཟིར་འཇ་མི།། གསོ་སྤྱང་བྱེད་པ་ཡོད་གྱུར་པ།། ནང་ན ་ནི་བར་མི་བྱེད་ན།། དེ་ནི་སྨིན་པའི་སྐྱོན་མ་ཡིན།། དེ་ལྟར་ཉོན་མོངས་པའི་ནིང་།། གཟིར་ཅིང་སྡུག་བསྔལ་གྱུར་པའི་ཚེ།། སློབ་དཔོན་ཚོལ་བར་མི་བྱེད་ན།། སློབ་དཔོན་གྱི་ནི་སྐྱོན་མ་ཡིན། ་གཞན་ཡང་བསམས་པ།། ཇི་ལྟར་རྒྱན་གྱིས་བརྒྱན་པའི་སྐྱེས་བུའི་མགྲིན་པ་ལ་མི་གཙང་བ་བཅིངས་ན། དེ་དོར་ནས་བདེ་བར་འགྲོ་བ་བཞིན་དུ། དེ་ལྟར་བདག་ཀྱང་མི་གཙང་བའི་ལུས་སྤངས ་ལྟོས་པ་མེད་པར་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་རིགསོ།། གཞན་ཡང་ཇི་ལྟར་སྐྱེས་པ་དང་བུད་མེད་ཀྱིས་བཤང་བའི་གནས་སུ་བཤང་བ་དོར་བར་བྱས་ནས་སྣོད་དུ་བླུགས་ཏེ་ཁུན ་ནས་འགྲོ་བར་བྱེད་པ་མ་ཡིན་གྱི། ལྟོས་པ་མེད་པར་སྐྱུག་བྲོ་བས་དོར་ནས་འགྲོའོ།། དེ་ལྟར་བདག་ཀྱང་མི་གཙང་བའི་ལུས་ལ་སོགས་པ་ལྟོས་པ་མེད་པར་དོར་ནས་འཆིབ་མེད་པའི་མྱ་ངན་ལས ་འདས་པའི་གྲོང་ཁྱེར་དུ་འཇུག་པར་རིགས་སོ།། གཞན་ཡང་ཇི་ལྟར་གྲུ་མཁན་རྣམས་ནི་གྲུ་རྡོལ་བ་རྣམས་ལ་ལྟོས་པ་མེད་པར་དོར་ནས་འགྲོ་བ་དེ་བཞིན་དུ་བདག་ཀྱང་སྒོ་དགུའི་རྨི་འདི་རྣམས་ཀྱི་ནང ་ནས་འབབ་པའི་ལུས་འདི་དོར་ནས་ལྟོས་པ་མེད་པར་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུགས་པར་རིགས་སོ།། གཞན་ཡང་ཇི་ལྟར་སྐྱེས་བུ་སྣ་ཚོགས་པའི་རིན་པོ་ཆེ་བླངས་ནས་ཆོམ་རྐུམ་པ ་དང་འགྲོགས་ཏེ། ལམ་དུ་འགྲོ་ན་རང་གི་རིན་པོ་ཆེ་བརླག་པ་ར་དོགས་པའི་འཇིགས་པས་དེ་རྣམས་དོར་ནས་ལམ་བཟང་པོར་འཇུག་པ་བཞིན་ནོ།། དེ་ལྟར་བདག་ཀྱང་ལུས ་མི་གཙང་བ་དུ་མ་ཅན་རིན་པོ་ཆེ་འཕྲོག་པའི་ཆོམས་རྐུན་བཞིན་དུ་གལ་ཏེ་སྲེད་པ་འདི་བྱེད་ན་འཕགས་པའི་ལམ་གྱི་དགེ་བའི་ཆོས་ཀྱི་རིན་པོ་ཆེ་བདག་གིས་བརླག་པའི་དོག་སོ།། དེའི ་ཕྱིར་བདག་གིས་ཆོམ་རྐུན་ལྟ་བུའི་ལུས་འདི་དོར་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་རིག་སོ།། དེའི་ཕྱིར་གསུངས་པ། ཇི་ལྟར་མི་ཡི་དྲ་ང་བ།། མགུལ་ལ་བཅིངས་ན ་སྐྱུག་བྲོ་སྟེ།། དེ་དག་སྤངས་ནས་འགྲོ་བྱེད་ན།། སྐྱུག་མི་བྲོ་ཞིང་བདེ་བར་འགྲོ།། དེ་བཞིན་དུ་ནི་དྲོང་ལུས།། སྣ་ཚོགས་པ་ཡིས་གང་གྱུར་པ།། སྤངས་ནས་འགྲོ་བར་བྱེད་པ་ནི། ་དོན་མེད་ལྟོས་པ་མེད་པའོ།། ཇི་ལྟར་བཤང་བའི་གནས་སུ་ནི།། སྐྱེས་པ་བུད་མེད་ཀྱིས་བཤངས་ནས། དོར་ནས་འགྲོ་བར་བྱེད་པ་ནི།། དོན་མེད་ལྟོས་པ་མེད་པ་ཡིན།། དེ་ལྟར ་བདག་གི་ལུས་འདི་ཡང་། མི་གཙང་སྣ་ཚོགས་ཀྱིས་གང་ག། དོར་ནས་བདག་ཀྱང་འགྲོ་བར་བྱ།། ཇི་ལྟར་བཤང་བའི་གནས་བཞིན་ནོ།། ཇི་ལྟར་གྲུ་ནི་རྡོལ་གྱུར་ན། ་ཆུ་ནི་མང་དུ་འབྱུང་བར་འགྱུར།། དེ་ནི་གྲུ་མཁན་གྱིས་དོར་ནས།། དོན་མེད་ལྟོས་པ་མེད་པ་ཡིན།། དེ་ལྟར་བདག་གི་ལུས་འདི་ཡང་།། བུ་ག་དགུ་ཡང་མི་རྟག་པས།། དོར་ནས་འགྲོ་བར་བྱེད ་། གྲུ་མ་ཁན་གྲུན་དོར་བ་བཞིན།། ཇི་ལྟར་ཙམ་དུན་ལྷན་ཅིག་མི།། མ་ནི་ཁྱེར་ནས་འགྲོ་བ་ན།། ནང་ཁྱེར་འཇིགས་པ་མཐོང་བན།། འཇིགས་ནས་དོང་ནས་འགྲོ་བྱེད་བཞིན།། དེ་བཞིན ་དུནི་ལུས་འདིན།། ཆོམ་རྐུན་ཆེན་པོ་དང་མཚུངས་ཞིང་། འདིར་ན་དོང་ནས་འགྲོ་བ་ན།། དགེ་བ་སྤྱོང་པ་འཇིགས་མེད་དོ།། དེ་བཞིན་དུ་མ་ཁས་པ་བློ་གྲོས་བཟང་པོས་སྣ་ཚོགས་པའི་དཔེ་འང ་མོས་ཕན་ཡོན་གྱི་དོན་ལ་རྣམ་པར་བསམས་ཤིང་རང་གི་ཁྱིམ་དུ་དཔག་ཏུ་མེད་པའི་ལོངས་སྤྱོད་ཀྱི་ཕུང་པོ་སྔར་ཇི་ལྟར་བརྗོད་པ་ཛན། རྟེན་དུ་འཀྲེན་པ་ལ་སོགས་པ་རྣམས་ལ་སྦྱིན་པ་ཆེན་པོ་བྱིན་ཏེ། ་ནོ་གྱི་འདོད་འདང་ཉོན་མོངས་པའི་འདོད་པ་སྤངས་ནས། གྲོང་ཁྱེར་འཇིགས་མེད་ལྡན་གྱི་ཕྱི་རོལ་ཏུ་སོང་སྟེ། གཅིག་བུང་གྲངས་ཅན་ཆོས་ཀྱི་ཞེས་བྱ་བ་ལ་བརྟེན་ནས། དེར་ལོ་ཆུའི་ཁང་པར ་བར་བྱེད་ཅིང་སྐྱོན་ལྔ་པོ་མ་བཟློག་ལ་མ་སྤངས་བཞིན་དུ་དེ་ལྟར་སེམས་མཉམ་པར་བཞག་པ་དང་པོར་དང་བྱེད་པ་བརྒྱད་དང་ལྡན་པའི་མངོན་པར་ཤེས་པས་སྨྲས་པ་དང་སྟོབས་ལེན་པ་དང་དེ་རུ་གནས་ཏེ་སྐྱོན་དགུ ་དང་ལྡན་པ་གྱོན་པའི་གོས་སྤངས་ནས། ཡོན་ཏན་བཅུ་གཉིས་དང་ལྡན་པའི་ཤིང་ཤུན་གྱི་དུམ་བུའི་གོས་གྱོན་ནས། དྲང་སྲོང་གི་རིབ་ཏུ་བྱུང་བ་ལ་རབ་ཏུ་བྱུང་སྟེ་དེ་ལྟར་རབ་ཏུ་བྱུང་ནས་སྐྱོན་བརྒྱད་དང་ལྡན་པའི་མི ་མའི་ཁང་པ་དེ་སྤངས་ནས་ཡོན་ཏན་བཅུ་དང་ལྡན་པར་ཤོང་གི་དྲུང་དུ་ཉེ་བར་གནས་སོ།། འབྱོར་པ་ཐམས་ཅད་སྤངས་ནས་ཤིང་གི་འབྲས་བུ་མཆོག་པ་ཞིང་འདུག་པའོ།། གནས་སུ་འཆག་པར་བྱེད་པའི་དཀའ ་ཐུབ་བྱེད་དོ།། ཞག་བདུན་གྱི་ནང་དེ་ཉིད་དུ། བརྒྱད་ལ་སྙོམས་པར་འཇུག་ཅིང་མངོན་ཤེས་ལྔ་པོ་ཐོབ་པར་གྱུར་ཏེ། དེ་བཞིན་དུ་དེས་དོན་དུ་གཉེར་བས་མངོན་པར་ཤེས་པའི་སྟོབས་ཐོབ་པར་གྱུར་ཏེ།། དེའི ་ཕྱིར་གསུངས་པ། དེ་ལྟར་བདག་གིས་བསམས་གྱུར་པ།། སྣ་ཚོགས་བྱེད་པ་བརྒྱ་ཡིན་ནོ།། མགོན་དང་མགོན་མེད་རྣམས་ལ་སྦྱིན།། གངས་ཅན་ལ་ནི་ཉེ་བར་སོང་།། གངས་ཅན་དང་ནི་མི་རིང་བས ་ཆོས་ཀྱི་རོ་ཞེས་བྱ་བ་ལ།། བདག་གིས་དེ་ལ་མཆོག་ཏུ་རྟེན། ལོ་མའི་ཁང་པ་ལེགས་བྱས་སོ།། དེ་རུ་འཆགས་པར་བྱེད་པ་ད་།། སྐྱོན་ནི་ལྔ་པོ་རྣམ་པར་སྤངས།། ཡོན་ཏན་བརྒྱད་དང་། ་ཡང་དག་ལྡན།། མངོན་པར་ཤེས་པའི་སྟོབས་ལྡན་ནོ།། སྐྱོན་དགུ། དང་ནི་ལྡན་པ་ཡི།། དེར་ནི་དེ་ཉིད་དོར་གྱུར་ནས།། ། ཤིང་ཤུན་དུས་བུའི་གོས་གྱོན་ཏོ།། ཡོན་ཏན་བཅུ་གཉིས་ལྡན་པའོ།། ་སྐྱོན་ནི་བརྒྱད་དང་ལྡན་པ་ཡི།། ལོ་མའི་ཁང་པ་སྤངས་གྱུར་ནས།། ཤིང་གི་དྲུང་དུ་ཉེ་བར་འདུག། ཡོན་ཏན་བཅུ་དང་ལྡན་པ་ཡི།། རྨོས་དང་བསྐྲུན་པའི་འབྲུ་རྣམས་ནི།། ལྷག་མ་མེད་པར་དོར ་བྱས་ནས།། ཡོན་ཏན་མ་ལུས་ལྡན་པ་ཡི།། ཤིང་རྟོག་མཆོག་ནི་དང་པོར་ཟོས།། དེ་རུ་དཀར་ཐུབ་བྱས་ནས་ནི།། འདུག་དང་འཆག་པའི་གནས་རྣམས་སུ།། ཞག་བདུན་གྱི་ནི་ནིང་ཉིད་དུ། ་མངོན་པར་ཤེས་པའི་སྟོབས་ཐོབ་བོ།། འདི་ཡང་གླེང་གན་ནོམ་པས་འབློ་གྲོས་བཟང་པོ་བརྟེན་པའི་ལོ་མ་མོ།། ཁང་བདང་འཆག་པ་ནི་རིང་གི་ལག་གིས་བྱས་པར་བརྗོད་དོ།། འདི་ཡང་དོན་ནི་སེམས ་པ་ཆེན་པོ་གངས་ཅན་གྱི་ནང་ནས་འོངས་པ་དང་དེ་རིང་ཆོས་ཀྱི་རོ་ཡོངས་པ་མཐོང་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས།། སྣ་ཚོགས་པའི་ལྷའི་བུ་ལ་མཁས་པ་བློ་གྲོས་འཟབ ་པོ་འདི་ནི་རབ་ཏུ་འབྱུང་བར་འདོད་པས་སོང་སྟེ། འདིའི་གནས་རྣམས་ཀྱིས་ཅིག་དེའི་ཚིག་ཐོས་ནས་དགའ་བའི་གནས་ཕུག་ལེགས་པར་ལོ་མའི་ཁང་པར་འཆག་པའི་གནས་བྱས་སོ།། བཅོམ ་ལྡན་འདས་ཀྱིས་ཡང་དེའི་ཚེ་བདག་གིས་བསམས་ནས་གོམས་པར་བྱས་པ་རྫོགས་པ་ལས་དེའི་དུས་སུ་དེའི་རྒྱུ་མཚན་གྱིས་ཤཱ་རིའི་བུ་དེར་ཆོས་ཀྱི་རོ་དེར།། གནས་བཟང་པོ་ནི་བདག་གིས་བྱས ་ལོ་མའི་ཁང་པ་བཟང་པོར་ལྡན།། དེར་ནི་འཆག་ཅིང་ག། ནས་ནས་ནི།། སྐྱོན་ལྔ་པོ་ནི་རྣམ་པར་སྤངས།། ཞེས་གསུངས་སོ།། འཆག་པའི་སྐྱོན་ལྔ་པོ་གང་ཞེ་ན། སྲ་ཞིང་མ ་སྙོམས་པ་དང་། ནང་ན་ཤིང་རང་རོད་ཅན་དང་། ནགས་ཐིབས་པོ་དང་། ཤིན་དུ་དོག་པ་དང་། ཤིན་དུ་ཡངས་པ་འོ།། སྲ་ཞིང་མི་སྙོམས་པའི་སའི་ཆར་འཆག་ཅིང་འཆག ་བ་ན། རྐང་པ་ལ་འབྲུམ་བུ་འབྱུང་བ་དང་། སེམས་རྩེ་ཅིག་དུ་མི་གནས་པ་དང་། ལས་བྱེད་པའི་གནས་མི་འགྲུབ་ལ།། ས་ཡི་སྟེང་མཉམ་ཞིང་འཇམ་པར་འཆག་པ་ནི་བདེ་ཞིང ་ལས་བྱེད་པའི་གནས་རྫོགས་པ་དེའི་ཕྱིར་ཚ་བ་དང་མི་སྙོམས་པའི་སའི་ཆ་ནི་སྐྱོན་གཅིག་ཏུ་རིག་པར་བྱའོ།། འཆག་པའི་བར་དང་ནང་དང་ཐ་མར་ཤིང་ཡོད་པ་ན་བག་མེད་པར་འོང་ཞིང་འཆག ་བ་ན་དཔྲལ་བ་དང་མགོ་ལ་གནོད་པ་བྱེད་པ་ནི་ནང་གི་ཤིང་གི་གནོད་པ་གཉིས་པའོ།། རྩ་དང་འཁྲི་ཤིང་ལ་སོགས་པ་ནགས་ཚལ་ཐིབས་པོའི་འཆགས་སར་བྱེད་པ་ན་མུན་པ་ནག་པོའི་དུས ་སུ་སྦྲུལ་ལ་སོགས་པའི་སྲོག་ཆགས་རྐང་པས་རྫིས་ན་འཆི་བ་འམ། དེས་མཆེ་བས་རྨུགས་ནས་གནོད་པ་སྐྱེལ་བ་ནི་ནགས་ཐིབས་པོའི་སྐྱོན་གསུམ་པའོ།། ཤིན་དུ་དོག་པའི་འཆགས་སའི་མཆུ། ་རུ་ཁྲུ་གཅིག་པ་འམ། ཁྲུ་ཕྱེད་པའི་འཆགས་བྱེད་པ་ན་ནང་དུ་གཅོད་པ་དང་སེན་མོ་འམ་སོར་མོ་འཆད་པར་འགྱུར་བ་ནི་ཤིན་ཏུ་དོག་པའི་སྐྱོན་བཞི་པའོ།། ཤིན་དུ་ཡངས་པའི་འཆགས་སར་འཆག ་བ་ན་སེམས་གཡེང་བར་གྱུར་པ་དང་། སེམས་རྩེ་གཅིག་ཏུ་གནས་པ་མི་ཐོབ་པ་ནི་ཤིན་ཏུ་ཡངས་པའི་སྐྱོན་ལྔ་པའོ།། འཆག་སའི་མཐོ་ཚད་ཀྱི་སྐྱུགས་སུ་ཁྲུ་ཕྱེད་དང་དངོས་གཉིས་སུ་ཁྲུ་གཅི། ་ཙམ་པར་དཀྱུས་སུ་ཁྲུ་དྲུག་ཅུ་བ་སའི་འཐིལ་འཇམ་པ་དང་མཚུངས་ཞིང་ཡངས་པ་བྱེ་མ་དང་བཅས་པའི་འཆགས་ས་ནི་རིག་སོ།། མཆོད་རྟེན་གྱི་རིགས་མར་མོ་ལྟར་གསལ་བ་གནས་བརྟན་ཆེན ་བོ་བང་ཆེན་གྱི་ཆགས་ས་ལྟ་བུ་བྱ་བར་རིགས་སོ།། དེ་མི་ཕྱིར་གསུངས་པ། དེ་རུ་འཆགས་བྱས་ལ་སྐྱོན་ལྔ་སྤང་བར་བྱའོ།། ཡོན་ཏན་བརྒྱད་དང་ལྡན་པའི་དགེ་སྦྱོང་ན ་བདེ་བ་བརྒྱད་དང་ལྡན་པའོ།། དགེ་སྦྱོང་གི་བདེ་བ་བརྒྱད་དང་ལྡན་པ་ཞེས་བྱ་བ་ནི་གང་ཞེ་ན། ནོར་དང་འབྲུ་ཡོངས་སུ་འཛིན་པའི་འདོད་པ་མེད་པ་དང་ཁ་ན་མ་ཐོ་བ་མེད་པའི་བསོད་སྙོམས་ལོས ་འདོད་པ་མེད་པ་དང་། བཟའ་བ་དང་བཙལ་བའི་འདོད་པ་མེད་པ་དང་ནོར་གཅེས་པའི་ཡུལ་མི་སྡུག་པར་བྱེད་པ་འམ་མགོ་རེ་རེའི་ཁྲལ་ལ་སོགས་པ་ལེན་ན་རྒྱལ་པོའི་རིགས་ཀྱིས་ཡུལ ་འཁོར་གྱི་མི་སྡུག་བསྔལ་བ་མི་འདོད་པ་དང་། ཉེ་བར་མ་ཁོ་པ་ཐམས་ཅད་ལ་འདོད་པ་མེད་པ་དང་། ཆོམ་རྐུན་གྱིས་འཕྲོག་པའི་འཇིགས་པ་མེད་པ་དང་། རྒྱལ་པོ་དང་རྒྱལ་ཚ་བ་དང་བློན་པོ ་ཆེན་པོའི་ཉེ་བར་འཚེ་བ་མེད་པ་དང་། ཕྱོགས་པ་ཞིར་འགྲོ་བ་ན་འཚེ་བ་མེད་པ་སྟེ། དེ་ལྟར་དེར་གནས་ན་འདེ་བ་བརྒྱད་པོ་ཉམས་སུ་མྱོང་བར་ནུས་སོ།། དེ་ལྟར་ཡོན་ཏན་བརྒྱད ་དང་ལྡན་པ་འདིར་གནས་པར་བྱས་ནས་མངོན་པར་ཤེས་པའི་སྟོབས་ཐོབ་པར་འགྱུར་ཞིང་། དེ་ནས་དེང་གནས་ཏེ། ཟད་པར་གྱི་ལས་རྣམས་བྱས་ནས་མངོན་པར་ཤེས་པ་དང་། སྙོམས་པར ་འཇུག་པ་རྣམས་བསྐྱེད་པའི་ཕྱིར་ཏེ། མི་རྟག་པ་དང་སྡུག་བསྔལ་བ་དང་། ལྷག་མཐོང་བརྩམས་ནས་གནས་ཐོབ་པར་བྱེད་དོ།། ལྷག་མཐོང་གི་སྟོབས་བླངས་ནས་ཇི་ལྟར་གནས་ན་དེ ་ཡི་སྟོབས་བླང་བར་ནུས་སོ།། དེ་ལྟར་དེར་གནས་ནས་དེའི་མངོན་པར་ཤེས་པའི་ཕྱིར་ལྷག་མཐོང་གིས་སྟོབས་འཐུན་པར་བྱས་པ་ནི་ཁང་པ་བྱས་པའི་དོན་ཡིན་ནོ།། དེར་སྐྱོན་དགུ ་དང་ལྡན་པའི་གོས་དོར་བ་ནི་འདིར་སྔར་རིམ་པ་བཞིན་དུ་བརྗོད་པ་དེ་རྣམས་དེའི་ཚེ་ཁང་མིག་ཆུང་བ་དང་། ཁང་མིག་ཆེ་བ་དང་འཆགས་ལ་སོགས་པ་སོ་སོར་བརྒྱན་ནས་མེ་ཏོག་དང་འབྲས ་བུ་དང་ཤིང་ལྗོན་པའི་ཚོགས་ཡིད་དགའ་བ་དང་བསམ་པ་ཆུ་ལྷུར་ཡིད་དུ་འོང་བ་གདུག་པ་ཅན་གྱི་རི་དགས་མེད་པ་དང་། གནོད་པར་བྱེད་པའི་བྱའི་ཚོགས་མེད་པ་ཤིན་ཏུ་དབེན་པར་གནས་པར་བྱའོ།། ་འཆགས་བརྒྱན་པཥྚི་ཕྱོགས་གཉིས་དང་དབུས་སུ་རྒྱབ་གྱི་རྟེན་གྱི་གཞི་ལ་བརྟེན་ནས་བཞུགས་པའི་ཆེད་དུ་འཆགས་སའི་ནང་དུ་སོ་གཞི་མཉམ་པ་ཁ་དོག་སེར་པོ་རྡོ་དང་བསྲེས་པ་ལོ་མའི་ཁང་པའི ་ནང་དུ་རལ་པའི་ཁོ་བོ་མུགས་ཏུ་ཤུན་གྱི་དུམ་བུའི་ཆོས་སྨོས་དང་དབྱུ་གུ་གསུམ་དང་བུམ་པ་ལ་སོགས་པ་དཀའ་ཐུབ་པའི་ཡོ་བྱད་དང་ལྡན་པ་བསྟི་གནས་ཀྱི་ནང་དུ་ཆུ་དང་བུམ་པ་ཆེན་པོར་ཆུ་དང་དུང་ཆོས་ཀྱི་ཆུ་དང ་ཁམ་པོར་དང་མེ་ཁང་དང་སྣོད་སོལ་བ་ཅན་དང་ཤིང་ལ་སོགས་པ་དེ་ལྟར་གང་དང་གང་དུ་རབ་ཏུ་འབྱུང་བ་ལ་རིགས་སོ།། དེ་ཐམས་ཅད་བྱས་ནས་ལོ་མའི་ཁང་པའི་ལོགས་ལ་གང་ཞིག་རབ་ཏུ་འབྱུང་བར་འདོད ་པ་ན་འདིའི་ཡོ་བྱད་རྣམས་བླངས་ནས་རབ་ཏུ་འབྱུང་བར་གྱིས་ཤིག་ཅེས་ཡི་གེར་བྲིས་ནས། ལས་སྣ་ཚོགས་པའི་ལྷའི་བུ་ལྷའི་འཇིག་རྟེན་དུ་སོང་ངོ་།། མཁས་པ་བློ་གྲོས་བཟང་པོས་གངས་ཅན་གྱི་རིའོ ་འགྲམ་ན་ཆུ་ཀླུང་རྗེས་སུ་འབྲང་བ་དང་བདག་ཉིད་ཀྱི་གནས་དང་འཐུན་པའི་གནས་སུ་བལྟ་ཞིང་ཆུ་ཀླུང་བཟློག་པའི་ལས་སྣ་ཚོགས་ལས་སྤྲུལ་ཞིང་བརྒྱ་བྱིན་གྱིས་བྱིན་པའི་གནས་ཡིད་ལ་དགའ་བ་མཐོང་ངོ་།། འཆག ་སའི་དཀྱུས་ཀྱི་ཕྱོགས་གཅིག་ཏུ་འགྲོ་ཞིང་རྐང་པའི་རྗེས་མི་མཐོང་བར་རབ་ཏུ་འབྱུང་བ་རྣམས་ཀྱིས་ཐག་རིང་པོའི་གྲོང་ནས་བསོད་སྙོམས་བཙལ་བས་ངལ་ཞིང་འོངས་ནས་ལོ་མའི་ཁང་པར་ཞུགས་ནས་གནས་སོ་སྙམ ་དུ་བསམས་སོ།། དེ་མ་ཐག་ཏུ་མ་སླེབ་པར་དུས་རིང་པོར་མ་སླེབ་པར་སོ་སོར་ཤེས་དགོས་སོ།། ཤིང་གི་ཁང་པའི་ཁང་མིག་གི་སྒོར་ཞུགས་ཏེ་ནང་དུ་ཕྱིན་ནོ།། དེ་དང་དེ་བལྟས་པས་རྩིག་པ ་ཆེན་པོ་ལ་ཡི་གེ་བྲིས་པ་བཀླགས་ནས་འདི་རྣམས་ཐམས་ཅད་བདག་གི་ཡོ་བྱད་དུ་བརྟག་པར་བའོ།། དེ་རྣམས་བླངས་ནས་རབ་ཏུ་བྱུང་ངོ་།། ཞེས་བསམས་སོ།། བདག་ཉིད་ཀྱི་སྟོད་གོས་དང་སྨད ་གོས་ཟུང་དག་དོར་རོ།། དེ་ཡི་ཕྱིར་གསུངས་པ། དེར་གོས་དོར་རོ།། དེ་ལྟར་བཞུགས་ནས་ཤཱ་རིའི་བུ་བདག་དེའི་ལོ་མའི་ཁང་པ་དང་སྐྱོན་དགུ་དང་བཅས་པའི་གོས་དོར་རོ།། དེ་ཡང་སྐྱོན་དགུ ་གསལ་བར་མཐོང་སྟེ། དཀའ་འཐུབ་པའི་རབ་ཏུ་བྱུང་བ་རྣམས་ལ་གོས་སྐྱོན་དགུ་དང་ལྡན་པ་ནི་བརྙེད་དཀའ་བའི་སྐྱོན་དང་། གཞན་འདོད་པ་སྐྱེ་བའི་སྐྱོན་དང་། ལོངས་སྤྱོད་པ་ན་མྱུར་དུ་དྲི་མ ་དང་ལྡན་པའི་སྐྱོན་དང་། དྲི་མ་ཅན་དུ་གྱུར་ན་འཁྲུད་པ་དང་། ཆོས་བྱ་དགོས་པ་དང་། ལོངས་སྤྱོད་པ་ན་འདྲལ་བའི་སྐྱོན་དང་། རྙིང་ན་འཚེམས་པ་དང ་ལྡན་པ་འདེབས་དགོས་པ་དང་སླར་ཡང་ཚོལ་བ་ན་རྙེད་དཀའ་བའི་སྐྱོན་དང་། དཀའ་ཐུབ་པའི་རབ་ཏུ་བྱུང་བ་ལ་མི་རིགས་པའི་སྐྱོན་དང་། དགྲ་ལ་སོགས་པས་འཕྲོག་པར་འགྱུར ་བའི་སྐྱོན་དང་། ཇི་ལྟར་ཡང་གོས་ནི་དགྲ་ལ་སོགས་པས་མི་ལེན་པ་དེའི་ཕྱིར་དེ་བཞིན་དུ་སྦེད་དགོས་པ་དང་། གྱོན་པ་ན་རྒྱན་དུ་འགྱུར་བའི་སྐྱོན་དང་། ཁྱེར་ནས་འགྲོ་བ་ན ་ལུས་ཀྱི་ཁུར་པོ་ཆེན་པོར་འགྲོ་བའི་སྐྱོན་ནོ།། ཤིང་ཤུན་གྱི་གོས་ཅེས་པ་ནི་དེའི་ཚེ་ཤཱ་རིའི་བུས་བདག་འདིའི་སྐྱོན་དགུ་མཐོང་ནས་གོས་དོར་རོ།། ཤིན་ཤུན་ལ་རྩཝ་མུན་ཛ་དུམ་བུ་དུམ་བུར ་བྱས་ནས་སྦྱོར་ཞིང་སྒྲོག་པ་ན་ཤིང་ཤུན་ལ་སྨད་གོས་ད་ང་སྟོད་གོས་དོན་དུ་གཉེར་བའི་ཕྱིར་རོ།། ཡོན་ཏན་བཅུ་གཉིས་དང་ལྡན་པ་ཅེས་པ་ནི་ཕན་ཡོན་བཅུ་གཉིས་དང་ལྡན ་བའི་ཤིང་ཤུན་གྱི་གོས་ཀྱིས་ཕན་ཡོན་བཅུ་གཉིས་དང་ལྡན་པའི། རིནི་ཆུང་བ་དང་། ལྟ་ན་མཛེས་པ་དང་། རུང་བ་དང་། འདི་རྣམས་ནི་ཕན་ཡོན་གཅིག་དང་། རང་གི ་ལག་གིས་བྱ་བར་ནུས་པ་ནི་གཉིས་པ་དང་། ལོངས་སྤྱོད་པ་ན་དྲི་མ་ཅན་དུ་གྱུར་ཀྱང་མྱུར་དུ་བཀྲུ་བར་ནུས་པ་ནི་གསུམ་པ་དང་། ལོངས་སྤྱོད་པ་ན་རྙིངས་པར་གྱུར་ཀྱང་བརྩེམ་པར ་ནུས་པར་བཞི་པ་དང་། སླར་ཡང་ཚོལ་བ་ན་བདེ་བར་བྱེད་ནུས་པ་ནི་ལྔ་པ་དང་། དཀའ་ཐུབ་པའི་རབ་ཏུ་འབྱུང་བ་ལ་རིགས་པ་ནི་དྲུག་པ་དང་། ཆོམ་རྐུན་པ་ལ་མི་མཁོ་བ་ནི་བདུན ་པ་དང་གྱོན་པ་ན་དཀའ་ཐུབ་པའི་རྒྱན་དུ་འགྱུར་བ་ནི་བརྒྱད་པ་དང་། གྱོན་པ་ན་ཡང་བར་འགྱུར་བ་ནི་དགུ་པ་དང་། ཆོས་གོས་སོ་སོ་ལ་འདོད་པ་ཆུང་བ་ནི་བཅུ་པ་དང་། སློང་བན ་ཆོས་པ་ལ་ཁ་ན་མ་ཐོ་བ་མེད་པ་ནི་བཅུ་གཅིག་པ་དང་། ཤིང་ཤུན་གྱི་གོས་སྟོར་ན་ཡང་ལྟོས་པ་མེད་པ་ནི་བཅུ་གཉིས་པའོ།། སྐྱོན་བརྒྱད་དང་ལྡན་པའི་ལོ་མའི་ཁང་པ་དོར་ཞེས་པ ་ནི་ར་ཇི་ལྟར་དོར་དེའི་གོས་མཆོག་གཉིས་ཀྱི་རིགས་སུ་གྱུར་པ་ཨ་ཎའོ་ཛའི་མེ་ཏོག་གི་ཕྲེང་བ་ལྟ་བུའི་གོས་དམར་པོ་བླངས་ནས་སྨད་དུ་གྱོན་ཏེ། སྟེང་དུ་གཞན་ཡང་ཁ་དོག ་གསེར་པོའི་ཤིང་ཤུན་གྱི་གོས་གྱོན་ནས།། པུན་ནཱ་གའི་མེ་ཏོག་གི་སྟན་དང་འདྲ་བའི་རྐང་པ་དང་བཅས་པའི་གཟིག་གི་ལྤགས་པའི་གཡང་གཞི་གྱོན་ཏེ་རལ་པའི་ཁོར ་ཡུག་མགོ་བོ་ལ་བཅིངས་ནས་གཙུག་ཕུད་བརྟ་ན་པར་བྱ་བའི་ཕྱིར་དུ་མཁྲེགས་པའི་སྤྱི་ཁབ་བཙུགས་སོ།། མུ་ཏིག་དྲ་བ་བཞིན་ཏུ་མཐེན་ཐག་བྱི་རུའི་ཁ་དོག་ལྟ་བུའི ་བུམ་པ་ནང་དུ་བཅུག་ཏེ་གནས་གསུམ་གྱི་ཀྱོག་པོའི་ཤིང་དེ་བླངས་ནས་ཁུར་ཤིང་དེའི་ཕྱོགས་གཅིག་ལ་བུམ་པ་དང་ཕྱོགས་གཉིས་ལ་ལྕགས་ཀྱུ་དང་མྱུག་འཁུར་དང་དབྱུག་གུ ་གསུམ་པ་ལ་སོགས་པ་བཟུང་ཞིང་ཁྱེར་ནས་ཕྲག་པའི་ཁུར་དུ་ཁྱེར་ཏེ་ལག་པ་གཡས་སུ་འཁར་པ་བཟུང་ནས་ལོ་མའི་ཁང་པ་ནས་བྱུང་ཏེ་ཁྲུ་དྲུག་ཅུ་པའི་འཆགས་ཆེན་པོར་ཕན ་ཚུན་དུ་འཆག་པར་བྱེད་ཅིང་རང་གི་ཆ་ལུགས་ལ་བལྟས་ནས། བདག་གིས་འདོད་པ་ཡོངས་སུ་རྫོགས་པར་ཐོབ་བོ།། བདག་ཉིད་མཛེས་པར་རབ་ཏུ་བྱུང་ནས་སངས་རྒྱས ་དང་རང་སངས་རྒྱས་ལ་སོགས་པའི་སྐྱེས་བུ་དཔའ་བོས་བསྔགས་པ་དང་སྟོད་ཅིང་། རབ་ཏུ་བྱུང་བ་ཞེས་བྱ་བ་འདི་ནི་ཁྱིམ་གྱི་འཆིང་བ་སྤངས་ནས་བདག་གིས ་པར་འབྱུང་ཞིང་རབ་ཏུ་བྱུང་བ་མཆོག་བདག་གིས་ཐོབ་པས་དགེ་སྦྱོང་གི་ཆོས་བདག་གིས་བྱསོ།། བདེ་བའི་འབྲས་བུ་བདག་གིས་ཐོབ་ནས་སྤྲོ་བ་སྐྱེས་སོ།། ཁུར་དལ་བུས ་ས་ལ་བཞག་ནས་འཆག་སེའི་དབུས་སུ་ཁ་དོག་སེར་བའི་རྡོ་ཡོས་སྟེང་དུ་གསེར་གྱི་གཟུགས་བརྙན་ལྟ་བུ་བཞུགས་ཏེ། ཉིན་མོའི་ཆ་སོང་ནས་སྲོད་ཀྱི་དུས་སུ་ལོ་མའི་ཁང ་བའི་ནང་དུ་བཞུགས་ནས། ཤིང་ཁྲི་ལེགས་པོའི་བཞོག་གི་སྟེང་དུ་ཉལ་ལོ།། ལུས་ལ་སེར་བུས་གོས་པར་བྱེད་ཅིང་ནམ་གྱི་ཆ་སྨད་ལ་ལངས་ཏེ་བདག་ཡོངས་པའི་དོན ་ལ་རྟོག་ཅིང་བདག་གིས་ཁྱིམ་གྱི་གནས་ཀྱི་སྐྱོན་མཐོང་ནས་བདུད་རྩི་ལ་ལོངས་སྤྱོད་པ་དང་གྲགས་པ་མཿ། འཡས་པ་སྤངས་ནས། དགོན་པར་གནས་ཏེ་ངེས་པར ་འཐུང་བ་བཙལ་བའི་ཕྱིར་རབ་ཏུ་བྱུང་ངོ་།། ང་ནས་བཟུང་ནས་བག་མེད་པའི་སྤྱོད་པའི་མོ་རྟོག་པ་དང་རབ་ཏུ་དབྱེན་པ་སྤངས་ནས་འགྲོ་བ་ལོག་པའི་སྦྲང་མས་ཟ་བས་ད་ནི་བདག་གི་རབ ་དབེན་པ་དོར་བར་རིགས་སོ།། བདག་གིས་ཀྱང་ཁྱིམ་པའི་གནས་ཟང་ཟིང་དང་བཅད་པ་མཐོང་སྟེ་ཕྱིན་ནས་ལོ་མའི་ཁང་པ་ཡིད་དུ་འོང་བ་འདི་ཡང་ཁ་དོག་སེར་པོས་ས་གཞི་ལ་ཞལ་བ ་སེམམ་པར་བྱ་ས། ས་ཀྱི་ལངས་ཀྱ་ཚིག་ས་ད་ཟུགས་ཀྱིན་པའི་འདོག་ང་མ་མ་མ་ས་ན།། རྣཚགས་པམ ་གིབ་དྲིའི་སྟན་ལ་ཉལ་བ་དང་འདུག་པ་ན་བདེ་བར་ལྟ་བ་དེ་རྣམས་ནི་ཆེས་ཆེར་ལྷག་པར་ཁྱིམ་པའི་ཕུན་སུམ་ཚོགས་པ་དང་འདྲ་བར་མཐོང་ངོ་།། ལོ་མའི་ཁང་པའི་སྐྱོན་བལྟས་པས་སྐྱོན་བརྒྱང ་མཐོང་སྟེ། ལོ་མའི་ཁང་པ་ལ་ལོངས་སྤྱོད་པ་ན་སྐྱོན་བརྒྱད་པོ་ནི།། ཤིང་མང་པོ་ལ་ནོར་མང་པོ་དགོས་དང་སྡུས་ནས་ཁང་པ་བྱེད་ཅིང་ཚོལ་བ་ནི་སྐྱོན་གཅིག་པ་དང་། རྩ་དང་ས་མཛད་པ ་དང་ཡང་དང་ཡང་ཟད་པས་ན་བཅོས་དགོས་པ་རྒྱུན་མི་འཆད་པ་ནི་སྐྱོན་གཉིས་པ་དང་། ཉལ་བའི་གནས་ཞེས་བྱ་བ་ན་ཆེན་པོ་ལ་རིགས་ཏེ། དུས་མ་ཡིན་པར་སློང་དགོས་པས་སེམས ་གཅིག་ཏུ་མི་གནས་པ་དང་འགྲོ་དགོས་པ་ནི་སྐྱོན་ག་སུམ་པ་དང་། དྲང་བ་དང་དྲོ་བ་འཇོམས་པ་དང་ལུས་བདེ་བར་བྱེད་པ་ནི་སྐྱོན་བཞི་པ་དང་། ཁང་པའི་ནང་དུ་ཞུགས ་ནས་སྡིག་པ་བྱེད་པར་ནུས་པ་དང་། ངོ་ཚ་བ་བཟློགནི་སྐྱོན་ལྔ་པ་དང་། བདག་གི་ཡིན་ནོ་ཞེས་སྲུང་བ་ན་སྐྱོན་དྲུག་པ་དང་། ཁྱིམ་པ་ཡོད་ཞེས་པ་གཉིས་པའི་སྐྱོན ་བདུན་པ་དང་། ཤིག་དང་། འདྲེ་ཤིག་དང་ཁྱི་ཤིག་ལ་སོགས་པའི་སྲོག་ཆགས་དུ་མ་གནས་པར་འགྱུར་བ་ནི་སྐྱོན་བརྒྱད་པའོ།། འདི་རྣམས་ཀྱི་སྐྱོན་བརྒྱད་པོ་རྣམས་མཐོང་ནས་སེམས ་དཔའ་ཆེན་པོས་ལོ་མའི་ཁང་པ་སྤངས་སོ།། དེའི་ཕྱིར་གསུངས་པ། སྐྱོན་བརྒྱད་དང་ནི་ལྡན་པ་ཡི།། ལོ་མའི་ཁང་པ་སྤངས་ཞེས་པ།། ཤིང་གི་དྲུང་དུ་གནས་གྱུར་ན།། ཡོན་ཏན་བཅུ ་དང་ལྡན་པ་ཡིན།། ཡིབ་པའི་གནས་རྣམས་སྤངས་པ་དང་།། ཡོན་ཏན་བཅུ་དང་ལྡན་པ་ཡི།། ཤིང་གི་དྲུང་དུ་གནས་པའོ།། ཞེས་བརྗོད་པ་ནི།། དེ་ལ་ཡོན་ཏན་བཅུ་པོ་འདི་བསག་མི་དགོས་པ་ནི་ཡོན་ཏན ་བཅུ་པ་འདི་བསག་མི་དགོས་པ་ན་ཡོན་ཏན་གཅིག་དང་། ཉས་པར་གནས་པ་ཙས་ཀྱིས་བསྲུང་མི་དགོས་པར་ད་པན་གཉིས་པ་དང་། དང་བྱད་བྱེད་པ་མེད་པར་བས་སྦྱར ་བ་དང་བདེ་བར་གནས་པ་དང་། སྤོང་བ་མེད་པ་ན་གསུམ་པ་དང་། ངོ་ཚ་བ་ན་ཡིབ་པ་མེད་ཅིང་དེར་སྡིག་པ་བྱེད་པ་མེད་ལ་སྦེང་བ་མེད་པ་ནི་བཞི་པ་དང་། བླ་ཁབ་མེད་པའི་གནས་བཞིན་དུ་ལུས་རྟག་ཏུ ་སྡོང་པ་མེད་པ་དང་། ཡོང་སུ་འཛིན་པར་མི་འདོད་པ་ནི་དྲུག་པ་དང་།། ཁྱིམ་གྱི་འདོད་པ་སྤངས་པ་ནི་བདུན་པ་དང་། མང་པོ་དགོས་པའི་འཛིན་པ་མེད་པ་དང་ཡོང་སུ་བསྲུང་བ་མེད་པ་དང་འགྲོ་བ་ན ་འདོད་པ་མེད་པ་ནི་བརྒྱད་པ་དང་། སྡོད་པ་ན་དགའ་བ་དང་བཅས་པ་མེད་པ་ནི་དགུ་པ་དང་། ཤིང་དྲུང་གི་གནས་ནི་སོང་ཞིང་སོང་བ་ན་རྙེད་སླ་བ་དང་ལྟོས་པ་མེད་པ་ནི་བཅུ་པའོ།། ཡོན་ཏན་བཅུ་པ ་འདི་མཐོང་སྟེ། ཤིང་གི་འགྲམ་དུ་གནས་ཞེས་བརྗོད་པ་དང་། འདི་ལྟ་བུ་དེ་རྣམས་ནི་བྱེད་པར་བསམས་པའོ།། སེམས་དཔའ་ཆེན་པོ་སང་གི་ཉི་མ་ལ་བསོད་སྙོམས་ལ་གཤེགས ་བཱདེ་མ་ཐག་ཏུ་གྲོང་དུ་སླེབ་སྟེ་མོ་རྣམས་སྤྲོ་བ་ཆེན་པོ་སྐྱེས་ནས་བསོད་སྙོམས་བྱིན་ནོ།། དེའི་གདུགས་ཚོད་ཐོན་ནས་གནསུ་བྱོན་ཏེ་སླེབ་ཅིང་བཞུགས་ནས་བསམས་པ། བདག་གིས་བསོད་སྙོམས་ཐོབ ་བའི་ཕྱིར་རབ་ཏུ་བྱུང་བ་ནི་མ་ཡིན་ནོ།། ཟས་ཞིམ་པོ་ཞེས་བྱ་བ་འདིས་ང་རྒྱལ་གྱིས་རྒྱགས་པ་དང་། སྐྱེས་བུ་འདོད་པའི་རྒྱགས་པ་འཕེལ་བ་དང་། བཟའ་བའི་གཞི་ལ་བརྟེན་ནས་སྡུག་བསྔལ ་མཐའ་མེད་དོ།། བདག་གིས་སླར་ཡང་བཏབ་པ་དང་བསྐྲུན་པ་ལས་སྐྱེས་པའི་འབྲུའི་བཟའ་བ་སྤངས་ནས། འབྲས་བུ་མཆོག་གི་བཟའ་བ་ལ་བརྟེན་པར་བྱའོ།། དེས་དེ་ནས་དེ་བླངས་ཏེ། དེ ་ལྟར་བྱས་ནས་ལུས་སྡུག་བསྔལ་དུ་འབད་པ་བྱས་པ་དང་ཞག་བདུན་གྱི་ནང་དུ་སྙོམས་པར་འཇུག་པ་བརྒྱད་པོ་རྣམས་དང་། མངོན་པར་ཤེས་པ་ལྔ་སྐྱེས་ཏེ་དེ་ཡི་ཕྱིར་གསུངས་པ། བཏབ་དང་བསྐྲུན་པ ་འབྲུ་རྣམས་ནི།། ལྷག་མ་མེད་པར་སྤངས་པ་དང་།། ཡོན་ཏན་དུ་མ་དང་ལྡན་པའི་འབྲས་བུ་སོགས་ལ་འཇུག་པའོ།། དེར་ནི་དཀའ་ཐུབ་ཀྱི་གནས་དང་།། སྡོད་དང་འཆག་པའི་གནས་རྣམསུ།། ་ཞག་བདུན་གྱི་ནི་ནིང་ཉིད་དུ།། མངོན་པར་ཤེས་པའི་སྟོབས་ཐོབ་བོ།། དེ་ལྟར་མངོན་པར་ཤེས་པ་ཐོབ་ནས།། བློ་གྲོས་བཟང་པོ་དཀའ་ཐུབ་པས་བདེ་བའི་སྙོམས་པར་འཇུག་པ་ལ་གནས་སོ ་དེའི་ཚེ་མར་མེ་མཛད་ཅེས་བྱ་བའི་སྟོན་པ་འཇིག་རྟེན་དུ་བྱོ་ན་བར་གྱུར་ཏོ།། དེ་མངལ་དུ་ཞུགས་ནས་བལྟམ་པ་དང་། བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། འཇིག་རྟེན་གྱི་ཁམས་སྟོང ་ཕྲག་བཅུ་པོ་ཐམས་ཅད་གཡོས་སོ་རབ་ཏུ་གཡོས་སྒྲ་སྒྲོག་སོ།། སྒྲ་ཆེར་སྒྲོག་སོ།། སྔོན་གྱི་མཚན་མར་གྱུར་པ་སུམ་ཅུ་རྩ་གཉིས་དང་། བློ་གྲོས་བཟང་པོ་དཀའ་ཐུབ་པས་སྙོམས ་པར་འཇུག་པའི་བདེ་བ་ལ་གནས་པས་དེ་རྣམས་ཀྱི་སྒྲ་མ་ཐོས་པ་དང་དེ་རྣམས་ཀྱི་སྔུན་གྱི་མཚན་མ་མཐོང་ངོ་།། དེའི་ཕྱིར་གསུངས་པ། སྟན་གཅིག་ལ་ནི་རྟེན་ནསུ།། བདག་གིས་དེ་ལྟར་གྲུབ་པ་ཐོབ། ་རྒྱལ་བ་མར་མེ་མཛད་ཅེས་པ།། འཇིག་རྟེན་འདྲེན་པ་བྱོན་པར་གྱུར།། མངལ་དུ་ཞུགས་ནས་སྐྱེས་གྱུར་པ།། སངས་རྒྱན་ནི་ཆོས་བསྟན་པ།། མཚན་མ་བཞི་པོ་མཐོང་མ་གྱུར།། བསམ་གཏན་བདེ ་བས་མ་ཐོསོ།། དེའི་ཚེ་སྟོབས་བཅུ་ལྡན་པའི་མར་མེ་མཛད་ཟག་པ་ཟད་པ་འབུམ་ཕྲག་བཞིའི་འཁོར་དང་བཅས་པ་གོ་རིམས་བཞིན་དུ་སེམས་ཅན་ལ་ཕན་པའི་ཕྱིར་འཆག་ཅིང་དགའ་བ་ཅན་ཞེས་བྱ ་བའི་གྲོང་ཁྱེར་དུ་བྱོན་ཏེ།། བལྟ་ན་སྡུག་ཅེས་བྱ་བའི་གཙུག་ལག་ཁྲང་ཆེན་པོར་ཞུག་སོ།། དགའ་བ་ཅན་ཞེས་བྱ་བའི་གྲོང་ཁྱེར་ན་གནས་པའི་མར་མེ་མཛད་དགེ་སྦྱོང་གི་དབང་ཕྱུག ་དེ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཆོག་ཐོབ་ནས་མཆོག་གི་ཆོས་ཀྱི་འཁོར་ལོ་བསྐོར།། དེ་ལྟར་རིམས་ཀྱིས་སེམས་ཅན་ལ་ཕན་པའི་དོན་དུ་འཆག་ཅིང་དགའ་བ་ཅན་གྱི་གྲོང་ཁྱེར་དུ་བྱོན་ཏེ ་བལྟ་ན་སྡུག་གི་གཙུག་ལག་ཁང་ཆེན་པོར་བཞུགས་པ་དེ་དེ་ན་གནས་པ་རྣམས་ཀྱིས་ཐོས་ནས་མར་གསར་དང་ཞུན་མར་ལ་སོགས་པས་དང་སྨན་དང་གོས་དང་མལ་ཆ་ལ་སོགས་པ་དང་དྲིའི་འཕྲེང ་བ་ལ་སོགས་པ་ལག་ཏུ་ཐོགས་ཏེ། གང་གིས་སངས་རྒྱས་དང་། གང་གིས་ཆོས་དང་། གང་གིས་དགེ་འདུན་དང་། དེ་རྣམས་ལ་འདུད་ཅིང་དེ་ལ་དགའ་བ་དང་དེ་ལ་ཤིན་ཏུ་གུས་པ་དང་། བཅས་པས ་སྟོན་པའི་དྲུང་དུ་སོང་སྟེ། ཕྱག་བྱས་ནས་དྲི་ལ་སོགས་པའི་མཆོད་པ་བྱ་སྟེ་ཕྱོགས་གཅིག་ཏུ་འཁོད་ཅིང་ཆོས་བསྟན་པ་མཉན་ནས་སང་འགྲོན་དུ་གཉེར་ཏེ་རང་གིས་གནས་ནས་སོང ་དེནམས་བྱས་ནསས་སྦྱིན་ཆེན་པོག་གོན་བྱ་སྟེ་གྲོང་ཁྱེར་བརྙན།། སྒྲུབསོ་བཅུ་བ་བྱོན་པའི་ལམ་བརྒྱན་ཏེ་ཆུ་མོས་མ་གཞི་མ་མཉམ་པའི་གནས་རྣམསུས་བླུག་ནསས་གན་མཉམ་པར ་བྱའོ།། རྡུལ་གྱི་མདོག་ལྟ་བུའི་བྱམས་སྨྲས་སོ།། མེ་ཏོག་གི་ཕྲེང་བཉིད་དང་མེ་ཏོག་གོ་ས་ལ་མ་དགྲམ་པར་བྱའོ།། ཁ་དོག་སྣ་ཚོགས་པའི་གོས་ཀྱིས་རྒྱལ་མཚན་དང་། བདུན་ལ་སོགས། ་འཕྲེང་བར་བྱའོ།། མུ་གང་གི་གང་དང་བུམ་པ་གང་པ་རྣམས་སྐྲགས་ནས་བནས་པར་བྱའོ།། ཞི་མི་བྲོ་གྲོས་བབང་བ་དགར་ཐུབ་པས་རང་གི་གནས་ནས་སྟེང་དུ་ཕགས་ཏེ་མ་རྣམས་ཅན ་གི་ཆའི་མཁའ་ལ་འགྲོ་བ་དེ་ལ་མི་རྣམས་དགའ་ཞིང་ཚིམ་པས་མཐོང་སྟེ་ན་མཁའ་ནས་ས་ལ་ཕྱོགས་གཅིག་ཏུ་འཁོད་པ་ལ་མི་རྣམས་ཀྱིས་བྲིསོ།། བསོད་ནམས་དང་ལྡན་པ་རྣམས་ལམ ་འདི་རྣམསུ་ཞིག་གིས་བརྒྱན་པར་བྱས། དེའི་ཕྱིར་གསུངས་པ། ཡུལ་དང་ཕྱོགས་ཀྱི་མཐར་གནས་པའི།། དེ་བཞིན་གཤེགས་པ་འགྲོན་དུ་གཉེར།། དེ་ཉིད་བྱིན་ནས་ལམ་འདི་ནི།། སེམས ་ནི་དགའ་བས་ལམ་ཕྱོགས་གཅིག། བདག་ནི་དེ་ཚེ་དེ་ཡི་དུས།། རང་གི་གནས་ནི་བྱེད་པ་དང་།། ཤིང་ཤུན་གོས་ནི་རླུང་གིས་གཡོ།། དེ་ཚེ་བདག་ནི་མཁའ་ལ་འགྲོ།། དགའ་དང་ཚིམ ་དང་བདེ་བ་ཡིས།། སྐྱེ་བོ་ལམ་འཕྱག་བྱེད་པ་མཐོང་།། ན་མཁའ་ལས་ནི་བྱོན་ནསུ།། དེ་མ་ཐེག་པར་མི་ལ་འདྲི།། དགའ་དང་ཚིམ་ལ་བདེ་བ་ཡི།། མཁས་ཤིང་རིག་པའི་སྐྱེ ་བོ་ཆེ།། ལམ་ནི་སྙོམས་པར་བྱེད་པ་ན།། སུ་ཞིག་ཕྱིར་དུ་ལ་མ་འདི་འཆོས།། མི་རྣམས་ཀྱིས་སྨྲས་པ།། བཙུན་པ་དཀའ་ཐུབ་པ་བློ་གྲོས་བཟང་པོ་ཉིད་ཀྱིས་མི་མཁྱེན་ནམ། སྟོབས ་བཅུ་དང་ལྡན་པའི་མར་མེ་མཛད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་རོ།། སེམས་ཅན་རྣམས་ལ་ཕན་པའི་དོན་དུ་འཆག་ཅིང་། བདག་ཅག་གི་གྲོང ་ཁྱེར་དུ་བྱེན་ནས་བལྟ་ན་སྡུག་གི་གཙུག་ལག་ཁང་ཆེན་པོར་གཞུགས་ལ་བདག་ཅག་གིས་བཅོམ་ལྡན་འདས་དེ་འགྲོན་དུ་གཉེར་ཏོ།། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་བྱོན་པའི་ལམ ་བརྒྱན་པར་བྱའོ།། དཀའ་ཐུབ་པ་བློ་གྲོས་བཟང་པོས་བསམས་པ།། སངས་རྒྱས་ཞེས་བྱ་བའི་སྒྲ་ཙམ་ཡང་འཇིག་རྟེན་དུ་བརྙེད་པར་དཀའོ།། དེ་ལྟར་སངས་རྒྱས་བྱོན་པ་ལ་བདག་མི་འདི ་རྣམས་དང་བཅས་པས་སྟོབས་བཅུ་པའི་ལམ་བརྒྱན་པར་བྱེད་པར་རིགས།། དེས་མི་རྣམས་ལ་གསུངས་པ།། གལ་ཏེ་ཁྱོད་རྣམས་ཀྱིས་ལམ་འདི་རྣམས་སས ་རྒྱས་ཀྱི་ཚད་བརྒྱན་པར་གྱིས་ཅིག། བདག་ལ་ཡང་གནས་གཅིག་སྦྱིན་པར་གྱིས་ཤིག། བདག་གིས་ཀྱང་ཁྱེད་རྣམས་དང་འགྲོགས་ནས་ལམ་བརྒྱན་པར་བྱའོ།། དེ་རྣམས་ཀྱིས་ལེགས ་སོ་ཞེས་བསམས་ནས་དཀའ་ཐུབ་པ་བློ་གྲོས་བཟང་པོས་རྫུ་འཕྲུལ་དང་ལྡན་པར་ཤེས་ནས་ཆུ་ཡིས་གནོད་པར་བྱས་པའི་གནས་ཕན་ཚུན་དུ་བསམས་ནས་དེ་ལ་གནས་བརྒྱན་པར་གྱི ་ཅིག་ཅེས་བྱོན་ནོ།། བློ་གྲོས་བཟང་པོ་སངས་རྒྱས་ལ་དགའ་ནས་བསམ་སོ།། བདག་གིས་གནས་འདིར་རྫུ་འཕྲུལ་གྱིས་བརྒྱན་པར་ནུསོ།། ཇི་ལྟར་བརྒྱན་པར་བྱས་ཀྱང་བདག་གི་ཡིད་ཚིམ ་པར་མེདོ།། བདག་གིས་དེ་རིང་ལུས་དུབ་པར་བྱསོ།། ས་རྣམ་ས་བླངས་ནས་གནས་དེར་བླུག་གོ། དེ་དེ་ལ་ཕྱོགས་དེ་བརྒྱན་དབ་མ་གྲུབ་པར་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད ་ཐུབ་པ་ཆེན་པོ་དང་མངོན་པར་ཤེས་པ་དྲུག་དང་ལྡན་པ་ཟག་པོ་ཟང་པ་འབུམ་ཕྲག་བཞིའི་འཁོར་དང་བཅས་པ་རྣམས་ལ་ཝཱ་ནི་མས་ཀྱིས་ལྷའི་དྲི་བཟང་དང་མེ་ཏོག་གི་ཕྲེང་བ་ལ ་སོགས་པས་མཆོད་པར་བྱེད་ཅིང་ལྷའི་གླུ་དབྱངས་དང་བཅས་པ་སྒྲེགས།། མི་རྣམས་ཀྱིས་མིའོ་དྲོ་བཟང་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པས་མཆོད་པར་བྱེད་ཅིང་མཐའ་ཡས་པའི ་སངས་རྒྱས་ཀྱི་རོལ་པའི་རི་མ་ནོ་ཤཾ་ལའི་སྟེང་དུ་སེང་གེ་སྒྲ་བསྒྲོགས་པ་བཞིན་དུ། དེའི་ལམ་བརྒྱན་པར་བྱས་ནས་ལམ་དུ་བྱོན།། བློ་གྲོས་བཟང་པོ་དཀའ་ཐུབ་པ་མོག་གིས་བལྟས་ནས ་ལམ་བརྒྱན་པ་ལ་སྟོབས་བཅུ་པ་བྱོན་ནོ།། སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཉེ་བར་གསལ་བ།། འོད་འདོམ་གང་གིས་ཡོངསུ ་བསྐོར་བ་དང་ནོར་བུའི་ཁ་དོག་ལྟ་བུ་ན་མཁའི་མཐིལ་ལ་སྣ་ཚོགས་པའི་རྣམ་པ་གློག་གི་འོད་ལྟ་བུ་དུས་དང་དུས་མ་ཡིན་པར་འབྱུང་བ་ཉིད་ཟུང་དང་ཟུང་དུ་གྱུར་པ་དང་ཁ་དོག་དྲུག་དང་ལྡན་པའི་ཚོ་གས ་སངས་རྒྱས་ཀྱི་འོད་ཟེར་འཕྲོ་ཞིང་གཟུགས་མཆོག་ཐོབ་པའི་བདག་ཉིད་བལྟས་ནས་དེ་རིང་བདག་གིས་སྟོབས་བཅུ་པ་ལ་སྲོག་ཡོང་སུ་གཏོང་བར་རིག་སོ།། བཅོམ་ལྡན་འདས་འཇིམ་པའི་སྟེང་དུ ་འགྲོ་བར་མ་རིགས།། ནོར་བུའི་སྤང་ལེབ་ཀྱི་རྣམ་པ་ལ་ཞབས་གནོན་ཅིང་གཤེགས་པ་ལྟ་བུར་ཟག་པ་ཟད་པ་འབུམ་ཕྲག་བ་ནི་དང་ལྷན་ཅིག་བདག་གི་རྒྱ་བ་གནོན་ཅིང་གཤེགས ་སུ་གསོལ།། དེ་ནི་བདག་ལ་ཡུན་རིང་པོར་ཕན་པ་དང་བདེ་བར་གྱུརརོ།། སྐྲ་བཀྲོལ་ཏེ་གཟིག་གི་ལྤགས་པ་དང་ཤིང་ཤུན་གྱི་གོ་ས་དང་། འཇིམ་པ་ནག་པོའི་སྟེང་ནོར་བུའི་སྤང་ལེབ་ཀྱི ་ཟམ་པ་ལྟ་བུའི་འཇམ་པའི་སྟེང་དུ་ཉལ་ལོ།། དེའི་ཕྱིར་གསུངས་པ། བདག་གིས་དེ་ལ་དྲི་ལུང་བསྟན།། འཇིག་རྟེན་འདས་པའི་སངས་རྒྱས་ནི།། རྒྱལ་བ་མར་མེ་མཛད་ཅེས་པ།། འཇིག་རྟེན ་འདྲེན་པ་བྱོན་པ་ཡི།། མི་མཉམ་ལམ་ནི་འཆོས་པ་དང་།། དེ་ཡི་ལམ་ནི་བྱི་དོར་བྱེད།། སངས་རྒྱས་ཞེས་པ་བདག་གིས་ཐོས།། དེ་མ་ཐག་ཏུ་དགའ་བ་སྐྱེས།། སངས་རྒྱས་ཞེས་བརྗོད ་པ་ཡིད་བདེ་དགའ་བ་སྐྱེས་པར་གྱུར།། ཚིམ་ཞིང་དགའ་བ་སྐྱེས་པའི་སེམས།། དེ་རུ་འཁོར་ཏེ་རྣམ་པར་བསམ།། འདིར་ནི་ས་བོན་བསྐྲུན་བྱས་ནས།། དེ་མ་ཐག་ཏུ་བདག་ལ་སྐྱེ།། གལ་ཏེ་སངས། ་ཅག་བྱ།། སས་རྒྱས་ས་ས་རྒྱས་ཞེས་པསས་ན་།། དེ་ཅེ་བདགནི་ལམ་མ།། བདག་གི་གནས་ནི་མ་གྲུ་། ཅན་མ་མ་པ་ས་ནི་གས་དྲུག་ས ་པས་འདུམ་དྲག་པ་ནི་རྣམས་པ་ནི།། ཇིམ་མེ་ཅིང་ཟག་པ་རང།། རྒྱལ་བ་ལམ་དུ་ཕྱིན་པར་སྲུང་ད་སུ་འབྱེད་པ་པོ་རྣམས་ནི། རོལ་མོ་རྣམས་ནི་གྲོལ་བ་དང་།། ལྷ་དང་མི་རྣམས་ཡོད་རང་བྱེད། ་ལེག་སོ་ཞེས་པའི་ཚིག་བྱིན་ནོ།། ལྷ་ཡིས་མི་རྣམས་མཐོ་ང། དང་།། མི་རྣམས་ཀྱིས་ཀྱང་ལྷ་རྣམས་མཐོང་།། དེ་གཉིས་ཀྱི་ན་མ་ཨོཾ་སྦྱོང།། དེ་བཞིན་གཤེགས་དང་ཐབས་གཅིག་འགྲོ།། ལྷ་དང ་ཡི་རོལ་མོ་དང་།། མི་དང་མི་ཡི་རོལ་མོ་དང་།། གཉིས་གསནི་རོལ་མོ་དཀྲོལ།། དེ་བཞིན་གཤེགས་དང་ཐབས་ཅིག་འསྒོ། ལྷ་མོ་མེ་ཏོག་མན་དང།། འདྲ་བར་ཚང་ཏྲཀ། ཕྱོགས་པ་ཙམྦྷ ་སུ་མེ་ཏོག་འཐོར།། ལྷ་རྣམས་མཁའ་ལ་གནས་ནསོ།། ཙམ་པ་ཀམ་ཤཱ་ལ་ལཾ་ནི་པི།། ནཱ་གཱ་པུནྡྷ་གཱ་ཀེ་ཏ་ཀ། སྟོང་གི་ཕྱོགས་དང་འཚམ་སུ་འཐོར།། ས་སྟེངས་འགྲོ་བ་མི་རྣམ་སོ།། དེར་ནི་བདག་ནི། ་སྒྲ་བཀྲོལ་ནས།། ཤིང་ཤུན་ཆོས་གོས་གཟིགས་ལྤགས་ནི།། འཇིམ་པའི་སྟེང་དུ་བཏིང་ནས་ནི།། ཁ་ཐུབ་དུ་ནི་བདག་གིས་ཉལ།། འཇིམ་པའི་སྟེང་ནས་མི་གཤེགས་པར།། བདག་ནི་གནོན ་ཅིང་སངས་རྒྱས་རྣམས།། སློབ་མ་འཁོར་བཅས་གཤེགསུ་གསོལ།། བདག་ལ་ཕན་པར་འགྱུར་བ་ཡིན།། དེ་འཛེམ་པའི་སྟེང་དུ་ཉལ་ནས་སླར་ཡང་མིག་གིས་བལྟ་ཞིང་སྟོབས་བཅུ་དང་། ལྡན ་བར་བྱ་བ་དང་དགའ་བཅན་གྱི་གྲོང་ཁྱེད་དུ་འདུག་པར་ད་།། གན་གྱི་ལུག་ས་རྣམས་པ་འདིགནས་པར་བྱས་ནས། སྤྱན་པས་འདས་འཐ་བ་ལ་ད་མེད་པ། ་བཅུ་དང་ལྡན་པའི་མར་མེ་མཛད་བདག་གིས་ཇི་ལྟ་འབཞིན་དུ་བྱའོ།། མཆོག་ག་བྱེང་ཆུབ་ཐོབ་ནས་སྐྱེ་བ་མང་པོ་འཁོར་བའི་རྒྱ་མཚོ་ལ་གྲུབ་ནུགས་ནས་ཕ་རོལ་དུ་བསྐལ་བར་བྱ་ནས་ཁྱོས ་མྱ་ངན་ལ་འདས་པ་ཐོབ་པར་བྱ་བ་འདི་ནི་བདག་གིས་རིགས་པའོ།། དེ་ནས་ཆོས་བརྒྱད་པོ་གཅིག་དུ་བསྡུ་སྟེ་སངས་རྒྱས་འདོད་པར་སྨོན་པས་སེམས་ལ་ལྟ་ཞིང་ཉ་ལོ།། དེའི་ཕྱིར་གསུངས་པ ་ས་གཞི་ལ་ནི་ཉལ་ནས་ནི།། བདག་གིས་དེ་ལྟར་བསམ་སྐྱེས་པ་ནི།། བདག་ནི་དེ་རིང་འདོད་པ་ཡི།། བདག་གི་ཉོན་མོང་ས་གཞོམ་པའོ།། བདག་ནི་ཚེ་ལུགས་གཞན་གྱིས་ཀྱང་།། ་འདིར་ནི་ཆོས་འདི་མངོན་དུ་བྱ།། ཐམས་ཅད་མཁྱེན་འཐོབ་གྱུར་ནས།། ལྷ་དང་བཅས་པ་སངས་རྒྱས་འགྱུར།། བདག་ཉིད་གེ་ཅིག་པུ་གྲོལ་ནས་ཅི།། སྐྱེས་བུ་མཐུ་ལྡན་མཐོང་བ་དང་། ་ཐམས་ཅད་མཁྱེན་པ་ཐོབ་གྱུར་ནས།། ལྷ་དང་མོ་རྣམས་ཡང་དག་བསྒྲལ།། བདག་གི་འདི་ཡི་གཞི་ཡིས་ནི།། མཐུ་དང་ལྡན་པ་མཐོང་བ་དང་།། ཐམས་ཅད་མཁྱེན་པ་ཐོབ་ནས་ནི།། སྐྱེ་བོ། ་མང་པོ་བདག་གིས་བསྒྲལ།། འཁོར་བའི་མདུད་པ་བཅན་ནས་ནི།། སྲིད་གསུམ་པོ་ནི་རང་བྱས་ལ།། ཆོས་ཀྱི་གྲུ་ཡིན་ཞུགས་ན། ལྷ་དང་མི་རྣམས་ཡང་དགེ་བསྒྲལ།། གང་ཞིག་སླམ ་ཡང་སངས་རྒྱས་དོན་དུ་གཉེར་བའི་ཕྱིར་རོ།། མི་ཡི་ལུས་ནི་མཚན་མར་ལྡན།། སྟོན་པའི་ལྟ་བའི་རྒྱུ་དང་ནི།། རབ་བྱུང་ཡོན་ཏན་ལྡན་པ་དང་།། རིགས་པ་དང་ནི་འདུན ་པ་དང་། ཆོས་བརྒྱད་པོ་ནི་བསྡུས་ནས་སུ།། སྨོན་ལམ་མངོན་པར་འཕེལ་བའོ།། མི་ཡི་ལུས་ལ་གནས་ཤིང་སངས་རྒྱས་ཉིད་དོན་དུ་གཉེར་བ་ཕུན་སུམ་ཚོགས་པ་འགྲུབ་པོ།། ཀླུ་འམ་མཁའ ་ལྡིང་ངམ།། ལྷ་རྣམས་ཀྱིས་དེ་དོན་དུ་གཉེར་ཡང་མི་འགྲུབ་པོ།། མི་ཡི་ལུསུ་གྱུར་ཅིང་སྐྱེས་བུའི་མཚན་གནས་པས་ན་དེ་དོན་དུ་གཉེར་བ་འགྲུབ་བོ།། བུད་མེད་དམ་ཟ་མ་འམ་མ་ནིང་ངམ ་མཚན་གཉིས་པས་ནི་འགྲུབ་པ་མ་ཡིན་ནོ།། སྐྱེས་བུར་གྱུར་ན། ངས་དེས་ལུས་སུ་འདོད་པ་དང་དགྲ་བཅོམ་པ་ཐོབ་པར་བྱ་བའི་ཕྱིར་དུ་ཡེངསུ་རྫོགས་པར་འགྲུབ་པོ།། གཞན་གྱིས་ནི ་མ་ཡིན་ནོ།། སྒྲ་དང་ལྡན་ཞིང་གལ་ཏེ་འཚོ་བ་དང་ལྡན་པའི་སངས་རྒྱས་ཀྱི་དྲུང་དུ་དོན་དུ་གཉེར་ན་དོན་དུ་འགྲུབ་བོ།། སངས་རྒྱས་ཡེ་ངསུ་མྱ་ངན་ལས་འདས་ནས་མཆོད་རྟེན་གྱི་དྲུང་དུའམ ་བྱང་ཆུབ་ཤིང་གི་དྲུང་དུ་དོན་དུ་གཉེར་བས་ནི་མི་འགྲུབ་བོ།། སངས་རྒྱས་ཀྱི་དྲུང་དུ་དོན་དུ་གཉེར་ཀྱང་རབ་ཏུ་བྱུང་བའི་མཚན་མ་དང་ལྡན་པས་འགྲུབ་ཀྱི།། ཁྱིམ་པའི་མཚན་མ་དང་ལྡན་པས་ནིམ ་ཡིན་ནོ།། རབ་ཏུ་བྱུང་ཡང་མངོན་པར་ཤེས་པ་ལྔ་དང་སྙོམས་པར་འཇུག་པར་བརྒྱད་ཐོབ་པས་འདོད་པ་འགྲུབ་ཀྱི།། ཡོན་ཏན་འདི་རྣམས་དང་བྲལ་བས་ནི་མ་ཡིན་ནོ།། ཡོན་ཏན་དང་ལྡན་ཡང ་གང་ཞིག་འཚོ་བ་དང་ལྡན་པའི་ལུས་སངས་རྒྱས་ལ་ཡོངསུ་བཏང་ན་འགྲུབ་ཀྱི།། གཞན་དུ་ནི་མ་ཡིན།། དེ་ཡི་གཞི་འདིས་གཞི་ཡོངསུ་རྫོགས་ནས་འགྲུའོ།། གཞན་གྱིས་ནི་མ་ཡིན།། ་གཞི་དང་ལྡན་ཡང་གང་ཞིག་སངས་རྒྱས་ཀྱི་ཆོས་ཀྱི་ཕྱིར་དུ་འདུན་པ་ཆེན་པོ་དང་། སྤྲོ་བ་ཆེན་པོ་དང་། རྩོལ་བ་ཆེན་པོ་དང་། ཡོངསུ་འབད་པ་རྣམས་ཀྱིས་འགྲུའོ།། གཞན་གྱིས་ན་མེ་ཡིན་ནོ།། དེ་ལ་འདིར། ་འདུན་པ་ཆེན་པོའི་དཔེ་ནི་གལ་ཏེ་འདི་ལྟར་གང་ཞིག་འཇིག་རྟེན་ཐམས་ཅད་ཀྱི་ཁོར་ཡུག་གི་ནང་ཆུ་ཡིས་གང་བར་གྱུར་པ་ལ་བདག་གིས་ལག་པས་བརྒྱལ་ཏེ་ཕ་རོལ་དུ་འགྲོ་བར་ནུས་ན་དེས ་སངས་རྒྱས་ཐོབ་པར་འགྱུརརོ།། ཡང་ན་གང་དུ་གང་ཞིག་སླར་ཡང་ཐམས་ཅད་ཀྱི་ཁོར་ཡུག་གི་ནང་དུ་འོད་མ་མང་པོས་བཀང་ཏེ་རྐང་པས་ཉེད་ཅིང་རྡུལ་དུ་བྱེད་པས་ཕ་རོལ་དུ་འགྲོ་བར་ནུས་ན་དེ་ཡིས ་སངས་རྒྱས་ཐོབ་པར་ནུས།། ཡང་ན་གང་ཞིག་སླར་ཡང་ཐམས་ཅད་ཀྱི་ཁོར་ཡུག་གི་ནང་དུ་མཚོན་ཆ་རྣམས་ཁ་གྱེན་ལ་བསྟན་པའི་མཚོན་རྩེ་མོ་བར་མེད་པས་ཡོངསུ་གང་པ་ལ་རྐང་པས་རྫ ་ཞིང་ཕ་རོལ་དུ་འགྲོ་བར་ནུས་ན་དེས་སངས་རྒྱས་ས་ར་འགྱུར།། ། ཡང་ན་གང་ཞིག་གིས་སླར་ཡང་འཇིག་རྟེན་ཁོར་ཡུག་གི་ནང་དུ་སོལ་བ་འབར་བས་ཡོངསུ་གང་བར་བྱས་ནས། ་རྐང་པས་རྫི་ཞིང་ཕ་རོལ་དུ་འགྲོ་བར་ནུས་ན་དེ་ཡིས་སངས་རྒྱས་ཐོབ་པར་འགྱུརརོ།། གང་ཞིག་དེ་རྣམས་ལས་གང་ཞིག་ལ་སྡུག་བསྔལ་པོར་མི་སེམས་པར་བདག་གི་འདི་རྣམས་ཀྱང་ཕ་རོལ་དུ ་བསྒྲལ་བ་འམ་འགྲོ་བ་འམ།། ཕ་རོལ་དུ་འགྲོ་བར་བྱའོ་ཞེས་ཤེསོ།། དེ་དེ་ལྟར་འདུན་པ་ཆེན་པོ་དང་། སྤྲོ་བ་དང་། རྩོལ་བ་དང་། འབད་པ་རྣམས་དང་ཡང་དག་པར་ལྡན་ན་དེ་ཡི་དོན་དུ་གཉེར ་བ་འགྲུའོ།། གཞན་གྱིས་ན་མ་ཡིན་ནོ།། བློ་གྲོས་བཟང་པོ་དཀའ་ཐུབ་པ་སླར་ཡང་ཆོས་བརྒྱད་པོ་འདི་རྣམས་བསྡུས་ནས་སངས་རྒྱས་འདོད་པའི་སྨོན་ལམ་བཏབ་ནས་ཉལ་ལོ།། བཅོམ་ལྡན ་འདས་མར་མེ་མཛད་ཀྱིས་ཀྱང་བྱོན་ནས། བློ་གྲོས་བཟང་པོ་དཀའ་ཐུབ་པའི་མགོ་ཡི་གམ་དུ་བཞུགས་ཏེ།། ནོར་བུ་སེང་གེའི་ཁང་པའི་གཟེབ་ཀྱི་སྒོར་བཏོན་པ་བཞིན་དུ་ཁ་དོག་ལྔ་པ་རབ ་ཏུ་དངས་པ་དང་ལྡན་པའི་སྦྱིན་གྱིས་གཟིགས་ནས་འཇམ་པའི་སྟེང་ན་ཉལ་བའི་བློ་གྲོས་བཟང་པོ་དཀའ་ཐུབ་པ་གཟིག་སོ།། དཀའ་ཐུབ་པ་འདི་སངས་རྒྱས་ཐོབ་པའི་ཕྱིར་དུ་སྨོན་ལམ་འདེབས ་ཤིང་ཉལ་ལོ།། འདི་ཡི་དོན་དུ་གཉེར་བ་འགྲུབ་བམ་མི་འགྲུབ་སྙམ་དུ་དགོངས་ནས་མ་འོངས་པའི་ཡེ་ཤེས་ཀྱིས་རྟོག་ཅིང་སྤྱོད་དོ།། འདི་ནས་བསྐལ་པ་གྲངས་མེད་པ་བཞི་དང་འབུམ་ཕྲག ་གཅིག་ལྷག་འདས་ནས་གཽ་ཏ་མ་ཞེས་བྱ་བའི་སངས་རྒྱསུ་འགྱུར་ཞེས་རྟོགས་ནས་འཁོར་གྱི་ནང་དུ་ལུང་སྟོན་པ། ས་བཀའ་སྩལ་པ།། མཆོག་གི་དཀའ་ཐུབ་པ་འདི་འཇིམ་པ ་སྟེང་ན་ཉལ་བ་ཁྱེད་རྣམས་ཀྱིས་མཐོང་ངམ། གས་ལ་པ། བཙུན་པ་དེ་བཞིན་དུ་མཐོང་ངོ་།། བཀའ་སྩལ་པ། འདིས་སངས་རྒྱས་ཐོབ་པར་བསམས་ནས། ཉལ་ཏོ།། གསོལ ་བར་འདིའི་དོན་དུ་གཉེར་བ་འགྲུབ་པར་འགྱུར་ལགས་སམ། བཀའ་སྩལ་པ།། འདི་ནས་བསྐལ་པ་གྲངས་མེད་པ་བཞི་དང་འབུམ་ཕྲག་གཅིག་ལྷག་འདས་ནས་གཽ་ཏ་མ་ཞེས་བྱ་བ ་སངས་རྒྱས་སུ་འགྱུར་རོ།། དེ་ལ་སླར་ཡང་འདི་གྲོ་ཁྱེར་སེར་སྐྱའི་གནསུ་འཁྲུང་བར་འགྱུར།། ལྷ་མོ་སྒྱུ་འཕྲུལ་མ་ཆེན་མོ་ཞེས་བྱ་བ་ནི་ཡུམ་མོ།། རྒྱལ་པོ་ཟས་གཙང་མ་ཞེས་བྱ་བ་ནི ་ཡབ་བོ།། ཉན་ཐོས་ཀྱི་མཆོག་ནི་གནས་བརྟན་ཉེ་རྒྱལ་དང་ཉོན་ཐོས་གཉིས་པ་ནི་གནས་བརྟན་པང་ནི་ས་སྐྱེསོ།། སངས་རྒྱས་ཀྱི་ཉེ་གནས་ནི་ཀུན་དགའ་བོ་ཞེས་བྱ་བའོ།། ཉན་ཐོས་མ་ཆི ་མཆོག་ནི་གནས་བརྟན་མ་དགེ་མ་ཞེས་པ་དང་ཉན་ཐོས་མ་གཉིས་པ་ནི་གནས་བརྟན་མ་ཨུ་བ་ལའི་མདོག་ཅན་ཞེས་བྱ་བར་འགྱུར།། ཡེ་ཤེས་ཡོངསུ་སྟོན་པར་གྱུར་ཏེ། ངེས་པར་འབྱུང་བ་ཆེན་པོ་བྱས། ་ནས་དཀའ་ཐུབ་ཆེན་པོ་རྫོགས་པར་བྱ་སྟེ་ནྱ་གྲོ་དྷའི་ཤིང་དྲུང་དུའོ་ཐུག་བླངས་ནས་ཆུ་ཀླུང་ནཻ་ར་ཛ་རའི་འགྲམ་དུ་གསོལོ།། བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ་ཨ་ཤྭདཱའི་ཤིང་དྲུང་དུ་མངོན་པར་རྫོགས་པར ་འཚང་རྒྱ་བར་འགྱུརརོ།། དེའི་ཕྱིར་གསུངས་པ། མར་མེ་མཛད་པ་འཇིག་རྟེན་མཁྱེན།། སེམས་ཅན་ཕན་ཕྱིར་འཇིག་རྟེན་བྱུང་།། བདག་གི་མགོ་བོའི་གམ་འདུག་སྟེ།། འདི་ལྟ་བུ་ཡི་ཚོགས་གསུང་སོ།། དཀའ་ཐུབ་པ ་འདི་ལྟོས་ཤིག་དང་།། དཀའ་བ་མཆོག་གི་རལ་བ་འཛིན།། འདི་ནི་བསྐལ་པ་མང་འདས་ནས།། འཇིག་རྟེན་དུ་ནི་སངས་རྒྱས་འགྱུར།། སེ། སྐྱ་དགའ་བའི་གྲོང་དུ་འཁྲུངས།། དེ་བཞིན་གཤེགས་པ་ངེས་པར་འཇུག ་དཀའ་ཐུབ་གནསུ་གནས་ན་ནི།། ཤིན་ཏུ་དཀའ་བའི་དཀ་ཐུབ་སྤྱད།། ཨ་ཙ་བ་ལའི་ཤིང་དྲུང་དུ། དེ་བཞིན་གཤེགས་པ་ར་ཞུགས་ནི་སུ།། དེར་ནིའི་ཐུག་བླངས་ནས་ནི། ནཻ་རང་རའི་འགྲམ་གནས་ནས།། ་ནཻར་ཛ་རའི་འགྲམ་དུ་ནི། འོ་ཐུག་རྒྱལ་བས་ལོངས་སྤྱོད་དོ།། ལམ་གྱི་མཆོག་གི་ཆེད་དུ་ནི། བྱང་ཆུབ་གནོར་ན་བྱོན་འགྲུའོ། བླ་མེད་བྱང་ཆུབ་སྙིང་པོ་ལ།། དེ་ནས་བསྐོར་བ་བྱས་ནས་ནི། ཨ་ཤྭངྐའི་དྲུང་དུ་ནི།། གྲགས ་ཆེན་ཞེས་པ་སངས་རྒྱས་འགྱུར།། འདི་ཡི་སྐྱེ་བའི་ཡུམ་གྱུར་པ།། སྒྱུ་མ་ཞེས་པར་འགྱུར་བ་ཡིན།། ཡབ་ནི་ཟས་གཙང་ཞེས་བྱའོ།། འདི་ནི་གཽ་ཏ་མ་ཞེས་པར་འགྱུར།། ཟག་པ་ཟད་ཅིང་འདོད་ཆགས་བྲལ ་ཞི་བའི་སེམས་དང་མཚུངས་པར་ལྡན།། ཁང་ནས་སྐྱེས་དང་ཉེར་རྒྱལ་ནི།། ཉན་ཐོས་རྣམས་ཀྱི་མཆོག་ཡིན་ནོ།། ཉེ་གནས་ཀུན་དགའ་བོ་ཞེས་པས།། རྒྱལ་བ་དེ་ལ་ཞབས་ཏོག་བྱེད།། དགེ་མ་དང་ནི ་།། ཨུད་པལ་མདོག། ཉན་ཐོས་མའི་མཆོག་ཡིན་ནོ།། ཟག་པ་མེད་ཅིང་འདོད་ཆགས་བྲལ།། ནི་བའི་སེམས་དང་མཚུངས་པར་ལྡན། དེ་ཡི་བཅོམ་ལྡན་བྱང་ཆུབ་ཤིང་།། ཨ་ཤྭངྒ་ཞེས་བརྗོད་པའོ།། ་དེ་ཐོས་ནས་བློ་གྲོས་བཟང་པོ་དཀའ་ཐུབ་པ་བདག་གིས་དོན་དུ་གཉེར་བསྒྲུབ་པར་འགྱུར་བས་ཡིད་བདེ་བ་ཐོབ་པར་གྱུར་ཏོ།། སྐྱེ་བོ་མང་པོས་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་ཀྱི་གསུང་ཐོས་ནས།། བློ ་གྲོས་བཟང་པོ་དཀའ་ཐུབ་པ་སངས་རྒྱས་ཀྱི་ས་བོན་གྱི་མྱུ་གུར་གྱུར་པས་དགའ་བ་དང་བདེ་བ་སྐྱེསོ།། དེ་ལྟ་བུའི་གྱུར་པའི་སེམས་ཀྱིས། ཇི་ལྟར་སྐྱེས་བུ་ཆུ་ཀླུང་གི་ཕ་རོལ་དུ་འགྲོ་བ་ན་མུ་འགྲམ་དྲང་པོ་ནས་པ ་རོལ་དུ་འགྲོ་བར་མི་ནུས་ན་འོག་གི་ཆའི་མུ་གནས་ནས་ཕ་རོལ་དུ་འགྲོའོ།། དེ་ལྟར་འདི་ལྟར་བདག་གིས་སྟོབས་བཅུ་དང་ལྡན་པའི་མེར་མེ་མཛད་ཀྱི་བསྟན་པ་ལ་ལམ་གྱི་འབྲས་བུ་མ་ཐོབ་པར་གྱུར་ན་གང་གི་ཚེ་ཁྱོད ་མ་འོངས་པ་ན། སངས་རྒྱས་པར་འགྱུརརོ་ཞེསོ།། དེའི་ཚེ་ཁྱོད་ཀྱིས་མངོན་སུམ་དུ་ལམ་འབྲས་བུ་མངོན་དུ་བྱེད་པ་བདག་གིས་ནུསོ།། དོན་དུག་ཉེར་བར་བྱས་ནས་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད ་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་བསྔགས་པ་བརྗོད་ཅིང་མེ་ཏོག་སྙམ་པ་བརྒྱད་ཀྱིས་གཏོར་ནས་བསྐོར་བ་བྱས་ཏེ་གཤེགས། ཕྲག་བན་པོ་ཟག་བཟང་པ་དེ་རྣམས་ཀྱིས་ཀྱང་བྱ ་ཆུབ་སེམས་དཔའ་ལ་དྲ་བཟང་དང་། མེ་ཏོག་གིས་མཆོད་ནས་བསྐོར་བ་བྱས་ཏེ་གཤེགས། ལྷ་དང་མི་རྣམས་ཀྱིས་ཀྱང་དེ་བཞིན་དུ་མཆོད་ནས་ཕྱག་བཙལ་ཏེ་སོང་ངོ་།། བྱང་ཆུབ་སེམས་དཔའ་ཐམས་ཅད ་སོང་བའི་དུས་སུ་ཉལ་བའི་གནས་ནས་ལས་ཏེ་ཕ་རོལ་ཏུ་ཕྱིན་པ་བསམས་པའི་ཕྱིར་མེ་ཏོག་གི་ཕུང་པོའི་སྟེང་དུ་དཀྱིལ་དཀྲུང་བཅས་ནས་འདུའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་བཞུགས་ནས ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུའི་ཁོར་ཡུག་གི་ལྷ་རྣམས་ཀྱིས་ལེག་སོ་ཞེས་བྱ་བ་བྱིན་ནོ།། འཕགས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་སྔར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དཀྱིལ ་དཀྲུང་བཅས་ཏེ་ཕ་རོལ་ཏུ་ཕྱིན་པ་སེམས་ཤིང་སྔོན་གྱི་དུས་ན་བཞུགས་བཞིན་དུ་སྡུག་བསྔལ་གྱི་མཚན་མ་མཐོང་ནས་དེ་རྣམས་ཀྱི་མཚན་མ་རྣམས་ཀྱང་དེ་རིང་སྐྱེས་པར་གྱུར་ཏོ།། ཐེ་ཚོམ་མེད་པར་ཁྱོད ་སངས་རྒྱས་སུ་འགྱུརརོ།། ཞེས་བདག་གིས་དེ་རྣམས་ཤེསོ།། གང་གིས་འདི་རྣམས་ཀྱི་མཚན་མ་མཐོང་བར་གྱུར་པས་དེ་ངེས་པར་སངས་རྒྱས་སུ་འགྱུའོ། དེ་ལ་ཁྱོད་བདག་ཉིད་བརྩོན་འགྲུས་བརྟན་པ ་མཆོག་བཟུང་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་སྣ་ཚོགས་པ་འི་བསྟོད་བྱའོ།། དེ་ཡི་ཕྱིར་གསུངས་པ། འདི་ཡི་ཚིག་འདི་ཐོས་ན། ས་ནི། མཚུངས་མེད་དྲང་སྲོང་ཆེན་པོ་ལ།། ལྷ་དང ་ས་ཡ་ང། སམ་རྒྱས་ས་ལན་སྩགའང་ལྡན་ཅན་པ་རྣམས་བྱེད་ཅིག།། གསལ་པར་བནད་པར་བྱེད་པ་དང་། ཁམ་མ་སྣ་ནས་ཕྱག་བྱེད་པ། ང་དྲུག་བཅུ་སཱི་ཥྛ་། ་བསྟན་པ་འདི་ལ་འབྲས་མ་ཐོབ།། གལ་ཏེ་འཇིག་རྟེན་མགོན་པོ་འདི།། མ་འོངས་པ་རྣམས་འདས་གྱུར་ནས།། འད་ནི་སྔོན་དུ་འགྱུར་བའོ།། ཇི་ལྟར་ཆུ་ཀླུང་ཕ་རོལ་མོ།། འགྲོ་བ་པོ་ཡི་མུ་གནས་ལ།། འོག ་གི་མུ་ནས་གཟུང་ནས་ནི།། ཆུ་ཀླུང་ཆེན་པོའི་ཕ་རོལ་འགྲོ།། དེ་ལྟར་འདི་ལྟར་བདག་གིས་ནི།། རྒྱལ་བ་འདི་ནི་གལ་ཏེ་ན།། མ་འོངས་པ་ནི་མང་སོང་ནས།། འདི་ནི་མངོན་སུམ་གྱུར་པ་ཡིན།། མར་མེ་མཛད ་ནི་འཇིག་རྟེན་མཁྱེན།། འདི་ལྟར་འགྱུར་ཞེས་གསུངས་པ་ཡིན།། བདག་གིས་ལམ་རྣམས་བསལ་བྱས་ནས།། རྐང་པ་གཡས་པ་བཏེག་བྱསོ།། གང་ཞིག་དེ་ལ་རྒྱལ་སྲས་ནི།། བདག་ལ་ཀུན་གྱིས ་བསྐོར་བ་བྱས།། མི་དང་ཀླུ་དང་དྲི་ཟ་རྣམས།། ཕྱག་བྱས་ནས་ནི་གཤེགས་པར་གྱུར། དགེ་འདུན་བཅས་པ་འཇིག་རྟེན་འདྲེན།། བདག་གིས་གཤེགས་པ་མཐོང་བ་ན།། དགའ་ཞིང་ཚིམ་པའི་སེམས ་ཀྱིས་ནི།། དེ་ཚེ་བདག་གིས་སྟན་ལས་ལངས།། བདག་ནི་བདེ་ནིང་བདེ་བར་འགྱུར། དགའ་ནིང་དགའ་བར་གྱུར་པ་སྟེ།། དགའ་དང་ལྡན་པར་སྐྱེ་བ་དང་།། དེ་ཡི་ཆེན་དཀྱིལ་བཀྲུང་བཅས།། དཀྱིལ་དཀྲུང་ལ་ནི་གནས ་ནསུང་དེ་ལ་བདག་གིས་འདི་ལྟར་བསམས།། བདག་གིས་བསམ་གཏན་དབང་དུ་གྱུར།། ཡེ་ཤེས་ཀྱི་ནི་ཕ་རོལ་ཏུ་ཕྱིན།། སྟོང་ཕྲག་གི་ནི་འཇིག་རྟེན་ན།། ང་དང་མཚུངས་པའི་དྲང་སྲོང་མེད།། རྫུ་འཕྲུལ་ཆོས་ནི ་བདག་མི་མཚུངས།། འདི་འདྲ་ཅི་བདེ་གཞན་མ་ཐོབ།། བདག་གིས་དཀྱིལ་དཀྲུང་བཅས་ན་བདག། སྟོང་ཕྲག་བཅུ་ལྷག་གན་ས་ན་ས།། སྒྲ་ཆེན་པོ་ནི་སྒྲོགས་པར་བྱེད།། ངེས་པར་ཁྱོད་ནི་སངས ་རྒྱས་འགྱུར།། གང་ཞིག་བྱང་སེམས་སྔོན་མ་རྣམས།། དཀྱིལ་དཀྲུང་དུ་ནི་བཞུགས་ན་སུ།། མཚན་མ་རྣམས་ནི་མཐོང་བ་ནི།། དེ་རྣམས་དེ་རིང་མཐོང་བ་ཡིན།། གྲང་བ་རྣམས་ནི་མེད་པར་གྱུར།། དྲོ་བ་རྣམས་ནི་ཉེ་བར ་ཞིང་དེ་རྣམས་དེ་རིང་སོ་སོར་མཐོང་།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། སྟོང་ཕྲག་བཅུ་ཡི་འཇིག་རྟེན་ཁམས།། ཕན་ཚུན་དུ་ནི་འཇིགས་མེད་འགྱུར།། དེ་རྣམས་དེ་རིང་སོ་སོར་མཐོང་།། ངེས་པར་ཁྱོད་ནི ་སངས་རྒྱས་འགྱུར།། རླུང་ཆེན་པོ་ནི་མི་ལྡང་ཞིང་།། ཆུ་རྣམས་རྒྱུན་ལས་ལོག་པ་དང་།། དེ་རྣམས་དེ་རིང་སོ་སོར་མཐོང་།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། ཐང་སྐྱེས་ཆུ་སྐྱེས་མེ་ཏོག་རྣམས།། ཐམས་ཅད་དུ ་ནི་མེ་ཏོག་བྱེད།། དེ་རྣམས་དེ་རིང་མེ་ཏོག་བྱེས།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། ལ་ཁྲི་ཤིང་ཡང་ན་ཤིང་གྱུར་པ།། དེ་མ་ཐག་ཏུ་འབྲས་བུར་གྱུར།། དེ་རྣམས་དེ་ཀུན་འབྲས་གྱུར་པས།། ངེས་པར་ཁྱོད་ནི་སས ་རྒྱས་འགྱུར། ནས་པར་དང་ནིས་གན་ལ།། རིན་ཆེན་དེ་དག་འོད་འབྱེད་དོ།། དེ་རྣམས་དེ་རིང་འོད་འགྱེད་པས། ངེས་པར་ཁྱོད་ནི་སངས་རྒྱས་འགྲོ།། ལྷ་རྣམས་དང་ན་མོ་རྣམས་ནི།། དེ་དག་རོལ་མོའི་སྣ ་སོ་དེ་རྣམས་དེ་རིང་སྒྲ་འབྱིན་པས།། ཁྱོད་ནི་ངེས་པར་སངས་རྒྱས་འགྱུར།། མེ་ཏོག་སྣ་ཚོགས་པའི་ཚོགས།། དེ་མ་ཐག་ཏུ་ཆར་པ་འབེབས།། དེ་རྣམས་དེ་རིང་ཆར་འབེབས་པས།། ངེས་པ ་ཁྱོད་ནི་སངས་རྒྱས་འགྱུར།། རྒྱ་མཚོ་ཆེན་པོ་མི་གཡོ་ཞིང་།། འཇིག་རྟེན་སྟོང་ཕྲག་བཅུ་པོ་གཡོ།། དེ་རྣམས་དེ་རིང་གྱུར་པར་ན།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། སྟོང་ཕྲག་བཅུ ་ཡི་དམྱལ་བ་རྣམས།། དེ་མ་ཐག་ཏུ་བསྲེག་དང་བྲལ།། དེ་རྣམས་དེ་རིང་ནི་བས་ན།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། ཉི་མ་དྲི་མ་མེད་པ་དང་།། རྒྱུ་སྐར་ཐམས་ཅད་མཐོང་བ་དང ་དེ་རྣམས་དེ་རིང་མཐོང་བས་ན།། ངེས་པར་ཁྱོད་ནི་ས་ངས་རྒྱས་འགྱུར།། ཆར་པ་འབབ་པར་མ་གྱུར་ཀྱང་།། ས་ནིསྣམ་བག་བཅས་པ་དང་།། དེ་རྣམས་དེ་རིང་ས་ལ་གྱུར།། ་ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། རྒྱུ་སྐར་ཚེ་གས་ནི་རྣམ་པར་གསལ།། ནམཁའི་དབྱིངས་སུ་རྒྱུ་སྐར་རྣམ་སོ།། ཟླ་བ་དང་ནི་འགྲོགས་པ་བཞིན།། ངེས་པར་ཁྱོད ་ནི་སངས་རྒྱས་འགྱུར།། ས་ཁུང་རི་ཁུང་སྲོག་ཆགས་རྣམས།། སེམས་གཅིག་པས་ནི་ཕ་རོལ་མཐོང་།། དེ་རིང་དེ་རྣམས་སེམས་དགའ་བས།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། ་སེམས་ཅན་རྣམས་ནི་མོ་དགའ་མེད།། དེ་མ་ཐག་ཏུ་དགའ་བར་འགྱུར།། དེ་རིང་དེ་རྣམས་དགའ་བས་ན།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། དེ་ཚེ་ནང་རྣམས་ཉེ་བར་ནི།། འཇ ་པའི་ན་ནི་མེད་པའོ།། དེ་རིང་རྣམས་མཐོང་བས་ན།། ངེས་པར་བྱེད་ནས་ས་རྒྱས་འགྱུར།། དེན་ཆགས་པ་བསྲངས་པ་དང་།། སྐྱོན་དང་མོས་པ་རྣམ་པར་ཞིག་དེ་ངི་། ་ཀུན་དོང་བས་ན།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། དེ་ཡི་ཚེན་འཇིགས་པ་མེད།། དེ་རིང་དེ་རྣམས་མཐོང་བས་ན།། བདག་གི་རྟགས་ཏེ་ཀུན་གྱིས་ཤེས།། ངེས་པར་ཁྱོད་ནི་སངས ་རྒྱས་འགྱུར།། སྟེང་འོག་རྡུལ་ནི་གོ་བཟློག་འགྲོ།། དེ་རིང་ཡང་ནི་དེ་རྣམས་མཐོང་།། བདག་གི་རྟགས་ཏེ་ཀུན་གྱིས་ཤེས།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། དྲི་རྣམས་ངན་པ ་སོང་བ་དང་།། ལྷ་ཡི་དྲི་ནི་འོང་བ་དང་།། དེ་རིང་དེ་རྣམས་དྲི་ལྡང་བས།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། ལྷ་རྣམས་ཐམས་ཅད་མཐོང་བ་དང་།། གཟུགས་མེད་པ་རྣམས་སྤངས། ་བ་ནི་དེ་རིང་དེ་ཀུན་མཐོང་བས་ན།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། དམྱལ་བ་རྣམས་ནི་ཇི་སྲོད་པ།། དེ་ཡི་ཆ་ན་ཐམས་ཅད་མཐོང་།། དེ་རྣམས་དེ་རིང་ཀུན་མཐོང་བས ་ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། སྒོ་ཆུང་དང་ནི་རོའི་རྣམས།། དེ་ཡི་ཚེ་ན་མི་མཐོང་མེད།། དེ་རིང་ནམཁའ་བཞིན་དུ་མཐོང་།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། རུམ་དུ་གནས་དང ་འཐོན་པ་ན།། སྐད་ཅིག་ཙམ་གྱིས་མ་ཡིན་ནོ།། དེ་རིང་དེ་རྣམས་སོ་སོར་མཐོང་།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། བརྩོན་འགྲུས་བརྟན་པར་བྱས་ནས་ནི།། ངེས་པར་འབྱུང་བ་ལྡོག་མི་བྱ།། བདག ་གིས་འདི་རྣམས་ལེགས་ཤེས་པས།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། བྱང་ཆུབ་སེམས་དཔས་བསྟོབས་བཅུ་དང་ལྡན་པའི་མར་མེ་མཛད་དང་། སྟོང་ཕྲག་བཅུའི་འཁོར་ཡུག་གི་ལྷ ་རྣམས་ཀྱི་གསུང་ཐོས་ནས། ཡིད་བདེ་བ་ཆེར་སྐྱེས་ཏེ་བདག་ཉིད་སྤྲོ་བར་གྱུར་ནས་བསམས་པས།། སངས་རྒྱས་རྣམས་ཀྱི་དོན་ཡོད་པའི་གསུང་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་གསུང ་ལས་གཞན་དུ་མི་འགྱུར་བ་ཡིན་ནོ།། ཇི་ལྟར་ན་མཁའ་ལ་རྡོ་འཕངས་ནས་ལྷུང་པར་འགྱུར་བ་དང་། སྐྱེས་ནས་འཆི་བར་འགྱུར་བ་དང་། སྐྱ་རེངས་ཤར་ན་ཉི་མ་འཆར་བར་འགྱུར་བ་དང་། ་གནས་ནས་སེང་གེ་ལངས་ན་སྒྲ་ཕྱུང་སྟེ་འགྲོ་བ་དང་། སྦྲུམ་མ་ཡོངསུ་སྨིན་ནས་སྐྱེ་བར་འགྱུར་བར་ངེས་སོ།། ངེས་པར་དེ་བཞིན་དུ་འདི་ལྟར་སངས་རྒྱས་རྣམས་ཀྱི་གསུང་ནི་ངེས་ཤིང ་དོན་ཡོད་པར་འདོད་དོ།། ངེས་པར་བདག་ནི་སངས་རྒྱས་སུ་འགྱུརརོ།། དེའི་ཕྱིར་གསུངས་པ།། སངས་རྒྱས་ཀྱི་ནི་ག་སུང་ཐོས་ནས།། སྟོང་ཕྲག་བཅུ་དང་གཉིས་ག་ཡིན ་ཚིམ་ཞིང་བགྱེས་ལ་རབ་ཏུ་དགའ།། བདག་གིས་དེ་ཚེ་འདི་ལྟར་བསམས།། གཉིས་ནི་མི་གསུང་སངས་རྒྱས་ནི།། རྒྱལ་བ་དོན་ཡོད་པ་ཡི་གསུང་།། སངས་རྒྱས ་རྣམས་ནི་གཞན་མི་གསུང་།། བདག་ནི་ངེས་པར་སངས་རྒྱས་འགྱུར།། ཇི་ལྟར་མཁའ་ལ་རྡོ་འཕངས་པ།། ངེས་པར་ས་ལ་ལྷུང་བར་འགྱུར།། དེ་བཞིན་དུ་ནི་སངས་རྒྱས་ཀྱི ་གསུང་ནི་ངེས་པར་འགྱུར་བ་བཞིན།། ཇི་ལྟར་སེམས་ཅན་ཐམས་ཅད་ནི།། ངེས་པར་འཆི་བར་འགྱུར་བའོ།། དེ་བཞིན་དུ་ནི་སངས་རྒྱས་ཀྱི།། གསུང་ནི་ངེས་པར་འགྱུར་བ་བཞིན ་ཇི་ལྟར་ནམ་ནི་ཟང་པ་ན།། ངེས་པར་ཉི་མ་འཆར་བར་འགྱུར།། དེ་བཞིན་དུ་ནི་སངས་རྒྱས་ཀྱི།། གསུང་ནི་ངེས་པར་འགྱུར་བ་བཞིན།། ཇི་ལྟར་སེང་གེའི་གནས་ན་ནི། ་སེང་གེའི་སྒྲ་ནི་ངེས་པའོ།། དེ་བཞིན་དུ་ནི་སངས་རྒྱས་ཀྱི།། གསུང་ན་ངེས་པར་འགྱུར་བ་བཞིན།། ཇི་ལྟར་སྦྲུམ་མ་སྨིན་གྱུར་ན།། མངལ་ནས་ངེས་པར་སྐྱེ་བར ་འགྱུར།། དེ་བཞིན་དུ་ནི་སངས་རྒྱས་ཀྱི།། གསུང་ནི་ངེས་པར་འགྱུར་བ་བཞིན།། ལེགསོ་བདག་ནི་སངས་རྒྱས་སུ་འགྱུར་རོ།། དེ་ལྟར་ངེས་པར་བྱས་ནས་སངས་རྒྱས་སུ་བྱེད་པའི་ཆོས ་ཚོལ་བས་སངས་རྒྱས་སུ་འགྱུར་བའི་ཆོས་གང་ཞིག་ན་ཡོད།། གལ་ཏེ་སྟེང་ན་ཡོད་དམ་འོག་ན་འམ།། ཕྱོགས་སམ་མཚམ་ན་ཡོད་དམ་ཅི།། གོ་རིམས་བཞིན་དུ་ཆོས ་ཀྱི་དབྱིངས་ཐམས་ཅད་ལ་བརྩམས་ནས་སྔར་གྱི་བྱང་ཆུབ་སེམས་དཔས་ཀྱང་བསྙེན་པ་དང་ངེས་པར་བསྟེན་པར་བྱ་བའི་དང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཟིགསོ།། དེ་ལྟར་བདག ་གིས་ཀྱང་བདག་ལ་གདམས་པ། མཁས་པ་བློ་གྲོས་བཟང་པོ་ཁྱོད་ཀྱིས་ཀྱང་འདི་ནས་གཟུང་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱའོ།། ཇི་ལྟར ་ན་ཆུ་ཡི་བུམ་པ་ཁ་ཕུབ་ན་བུམ་པར་ཆུ་རྣམས་མི་གནས་པར་ས་ལ་བོ་བ་ཉིད་སླར་ཡང་བུམ་པ་ལ་མི་གནསོ།། དེ་ལྟར་འདི་ལྟར་ནོར་རམ་གྲགས་པ་འམ།། བུ་དང་ཆུང་མའམ ་ཡན་ལག་དང་ཉིང་ལག་རྣམས་ལྟོས་པ་མེད་པར་སློང་བ་རྣམས་ཀྱི་དོན་དུ་ཐམས་ཅད་གང་དང་གང་འདོད་པ་ལ་ལྷག་མ་མེད་པར་བྱས་ནས་སྦྱིན་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས ་སངས་རྒྱས་ཐོབ་བོ།། དང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བརྟན་པར་བྱས་ནས་གནས་བྱའོ།། དེའི་ཕྱིར་གསུངས་པ། བདག་གིས་སངས་རྒྱས་བྱེད་པའི་ཆོས།། གང་དང་། ་དེ་དུ་བཙལ་བྱས་པ།། སྟེང་དང་འོག་དང་ཕྱོགས་བཅུ་དང་།། ཆོས་ཀྱི་དབྱིངས་ཀྱི་བར་དུའོ།། དེ་ཚེ་བཙལ་བན་ནི་མཐོང་།། དང་པོར་སྦྱིན་པའི་ཕ་རོལ་ཕྱིན།། སྔོན་གྱི་སྐྱེས་བུ་ཆེན་པོ ་ཡི། ལམ་ནི་ཕ་རོལ་རྗེས་སུ་འགྲོ།། འདི་ནི་རོ་ཞིག་ཁྱོད་ཀྱིས་ཀྱང་།། བརྟན་པོར་བྱས་ནས་གཟུང་བར་གྱིས།། གལ་ཏེ་བྱང་ཆུབ་ཐོབ་འདོད་ན།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་གྱིས། ་ཇི་ལྟར་བུམ་པ་གང་གྱུར་པ།། གང་གང་ཁ་ནི་ཕུབ་ན།། ཆུ་ནི་ལྷག་མ་མེད་པར་འའོ།། བུམ་པའི་ནང་དུ་མི་གནས་སོ།། དེ་བཞིན་དུ་ནི་སློང་བ་མཐོང་།། མཆོག་དམན་འབྲིང་པོ་གང ་ཡིན་པ།། མ་ལུས་པར་ནི་སྦྱིན་པར་བྱ།། ཁ་ཕུབ་དབུམ་པ་དེ་བཞིན་ནོ།། གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབར་ཞིག་མ་ཡིན་པར་ལྟ་བར་བྱའོ།། ་ལྷག་པར་ཚོལ་བ་ན་གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏོ།། མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད ་ཀྱིས་འདི་ནས་བཟུང་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱའོ།། དཔེར་ན་གཞན་ཡང་རྒོད་གཡག་ཞེས་བྱ་བ་སྲོག་ལ་མི་ལྟ་བར་རང་གི་མཇུག་མའི་རྔ་མ་ཉིད་བསྲུང་བ་དེ ་བཞིན་དུ། ཁྱོད་ཀྱིས་ཀྱང་འདི་ནས་བཟུང་ནས། སྲོག་ལ་མི་ལྟ་བར་ཚུལ་ཁྲིམས་བསྲུངས་ན་ཁྱོད་ཀྱིས་སངས་རྒྱས་ཐོབ་པར་འགྱུར་རོ།། གཉིས་པ་ཚུལ་ཁྲིམས་ཀྱི་ཕ ་རོལ་ཏུ་ཕྱིན་པ་བརྟན་པར་བྱས་ཏེ་གནས་པར་བྱའོ།། དེའི་ཕྱིར་གསུངས་པ། འདི་ཙམ་འབའ་ཞིག་མ་ཡིན་གྱི།། གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས།། གཞན་ལ་ཡང ་ནི་བཙལ་བར་བྱ།། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེ་ཡི་ཚེ་ན་ཚོལ་བ་མཐོང་།། གཉིས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན།། སྔོན་གྱི་སྐྱེས་བུ་ཆེན་པོ་ཡི།། བསྙེན ་དང་བསྟེན་པར་བྱས་པསོ།། རེ་ཞིག་གཉིས་པ་འདི་ཡོས་ནི།། བརྟན་པོར་བྱས་ནས་གཟུང་བར་བྱ།། གལ་ཏེ་བྱང་ཆུབ་ཐོབ་འདོད་པ།། ཚུལ་ཁྲིམས་ཕ་རོལ་ཕྱིན་པར་གྱིས།། ཇི་ལྟར་རྒོད ་གཡག་རྔ་མ་ནི།། གང་དང་གང་གིས་གཟུང་བ་ན།། ལྟོས་པ་མེད་པར་སྲོག་འདོར་རོ།། རྔམ་ལ་དགར་ཁྲོ་བ་མེད།། དེ་བཞིན་དུ་ནི་ས་གཞི་རུ།། ཚུལ་ཁྲིམས་ཡོང་སུ་རྫོགས་པ་དང་།། རྟག་ཏུ ་ཚུལ་ཁྲིམས་ཀུན་སྲུང་བྱེད།། རྒོད་གཡག་རྔ་མ་སྲུང་བ་བཞིན།། གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ།། ལྷག་པར་ཚོལ་བ་ན་གསུམ་པ ་ངེས་འབྱུང་གི་ཕ་རོལ་ཏུ་ཕྱིན་པ་མཐོང་ནས་འདི་ལྟ་བུའོ།། སེམས་སུ་གྱུར་ཏོ།། མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་འཁྱོད་ཀྱིས་འདི་ནས་གཟུང་ནས་ངེས་པར་འབྱུང་བའི་ཕ་རོལ་ཏུ ་ཕྱིན་པ་ཡང་རྫོགས་པར་བྱའོ།། ཇི་ལྟར་བཙོན་དར་ཡུན་རིང་པོར་བཅིངས་ནས་བཞག་པའི་མོ་དེ་ལ་འདོད་པར་མི་བྱེད་དོ།། གཞན་ཡང་ཤིན་ཏུ་སྡུག་བསྔལ་བའི་སེམས་དེ་དེ་བཞིན་དུ ་གནས་པཔ་དད་པ་མེད།། དེ་ལྟ་འདི་ལྟར་ཁྱོད་ཀྱིས་ཀྱང་སྐྱེ་འཐམས་ཅད་དུ་བརྩོན་རང་བཅིས་པ་བཞིན་བྱས་ནོས་སྐྱེས་པཐམས་ཅད་དུ་ཤིན་ཏུ་སྡུག་བསྔལ་བའི་སེམས་ཀྱིས་གྲོལ་བ་འིས ་པ་སེམས་ཀྱིས་ངེས་པར་འབྱུང་བར་མངོན་སུམ་དུ་འགྱུར།། དེ་ལྟར་བྱས་ནསངས་རྒྱས་ཐོབ་པར་འགྱུར་རོ།། ངས་པར་འཐུང་བའི་ཕ་རོལ་ཏུ་ཕྱིན་པ་ལ་རྟེན་པར་བྱས་ཏེ་གནསོ།། དེའི་ཕྱིར་གསུམ ་བངར་འདི་ཙམ་འབའ་ཞིག་མ་ཡིན་གྱི།། གང་ཞིག་བྱང་ཆུབ་འཐོབ་བྱེད་ཆོས།། གཞན་པ་ཡང་ནི་བཙལ་བར་བྱ།། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེའི་ཚེ་ན་འཆོལ་བ་མཐོང་།། གསུམ་པ་ངེས ་འབྱུང་ཕ་རོལ་ཕྱིན།། སྔོན་གྱི་སྐྱེས་བུ་ཆེན་པོ་ཡི།། བསྙེན་དང་བསྟེན་པར་བྱས་པསོ།། རེ་ཞིག་གསུམ་པ་འོད་ཡིས་ནི།། བརྟན་པོར་བྱས་ཏེ་བཟུང་བར་བྱ།། གལ་ཏེ་བྱང་ཆུབ་ཐོབ་འདོད་ན། ་ངེས་འབྱུང་ཕ་རོལ་ཕྱིན་པར་གྱིས།། ཇི་ལྟར་སྐྱེས་བུ་བཙོན་རར་བཅིངས།། ཡུན་རིངས་གནས་ཤིང་སྡུག་བསྔལ་བ།། དེ་ལ་དགའ་བར་མི་བྱེད་པར།། མྱུར་དུ་གྲོལ་བར་འདོད་པར་སེམས ་དེ་བཞིན་ཁྱོད་ནི་སྐྱེ་ཀུན་ཏུ།། བཙོན་ར་བཞིན་དུ་ལྟ་བ་དར་གྱིས།། ངེས་པར་འབྱུང་བ་སྔོན་དུ་ནི།། སྐྱེ་བ་ལས་ནི་གྲོལ་བར་འགྱུར།། གཞན་ཡང་སངས་རྒྱ་སུ་བྱེད་པའི་ཆོས་འདི་འབའ ་ཞིག་མ་ཡིན་པར་བལྟ་བར་བྱའོ།། ལྷག་པར་ཚོལ་བ་ན་བཞི་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་ནས་འདི་ལྟ་བུའི་སེམསུ་གྱུར་ཏོ།། མཁས་པ་བློ་གྲོས་བཟང་པོ་དཀའ ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྫོགས་པར་བྱའོ།། དམན་པ་དང་འབྲིང་པོ་དང་ཆེན་པོ་རྣམསུ་མི་སེམས་པར་དེ་རྣམས་ཀྱི་གནསུ་སོང་སྟེ་མཁས་པ་རྣམས ་ལ་དྲི་བར་བྱའོ།། ཇི་ལྟར་ན་བསོད་སྙོམས་ལ་འགྲོ་བའི་དགེ་སློང་དམན་པ་ལ་སོགས་པའི་གན་སུ་སོང་སྟེ། རིགས་ཀྱི་དབྱེ་བ་མ་སྤངས་པར་གོ་རིམ་བཞིན་དུ་བསོད་སྙོམས་ལ་འགྲོ་བ་མྱུ ་དུ་རང་གི་བཟའ་བའི་ཚད་ཐོབ་པར་འགྱུར་རོ།། དེ་བཞིན་དུ་ཁྱོད་ཀྱིས་ཀྱང་མཁས་པ་ཐམས་ཅད་ཀྱི་དྲུང་དུ་སོང་སྟེ་དྲི་བར་བྱས་ནས་སངས་རྒྱས་ཐོབ་བོ།། བཞི་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལ་བསྟེན་པར་བྱ་ཏེ་གནས་པར་གྱིས་ཅིག། དེའི་ཕྱིར་གསུངས་པ།། འདི་ཙམ་འབའ་ཞིག་མ་ཡིན་གྱི།། གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས།། གཞན་པ་ཡང་ནི ་བཙལ་བར་བྱ།། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེ་ཡི་ཆེན་ཚོལ་བ་མཐོང་།། བཞི་པ་ཤེས་རབ་ཕ་རོལ་ཕྱིན།། སྔོན་གྱི་སྐྱེས་བུ་ཆེན་པོ་ཡི།། བསྙེན་དང་བསྟེན་པར་བྱས།། རེ་ཞིག་བཞི་པ ་འདི་ཡིས་ནི།། བརྟན་པོར་བྱ་སྟེ་གཟུང་བར་བྱ།། གལ་ཏེ་བྱང་ཆུབ་ཐོབ་འདོད་ན།། ཤེས་རབ་ཕ་རོལ་ཕྱིན་པར་གྱིས།། ཇི་ལྟར་དགེ་སློང་བསོད་སྙོམས་པ།། དམན་དང་འབྲིང་དང་ཆེན་པོ་ཡི།། ་རིགས་རྣམས་དཔྱོད་པར་མི་བྱེད་པར།། དེ་ལྟར་བཟའ་བའི་ཟས་ཐོའོ།། དེ་བཞིན་ཁྱོད་ཀྱིས་དུས་ཀུན་ཏུ།། སྐྱེ་བོ་མཁས་ལ་ཡོངསུ་དྲིས།། ཤེས་རབ་ཕ་རོལ་ཕྱིན་སོང་བས།། བྱང་ཆུབ་ཐོབ ་བར་འགྱུར་བ་ཡིན།། གཞན་ཡང་སངས་རྒྱ་སུ་བྱེད། པའི་ཆོས་ནི་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ།། ། ལྷག་པར་བཙལ་ན་ལྔ་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ ་ནས་འདི་ལྟ་བུའི་སེམསུ་གྱུར་ཏོ།། མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྫོགས་པར་བྱའོ།། ཇི་ལྟར་རི་དགས ་ཀྱི་རྒྱལ་པོ་སེང་གེ་དུས་ཐམས་ཅད་དུ་བརྩོན་འགྲུས་བརྟན་པོ་དང་ལྡན་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་། སྐྱེ་བ་ཐམས་ཅད་དུ་བརྩོན་འགྲུས་བརྟན་པར་བྱའོ།། ཞུམ་པོ་མེད་པའི་བརྩོན་འགྲུས ་བྱས་ན་སངས་རྒྱས་ཐོབ་པར་འགྱུར་རོ།། ལྔ་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྟན་པར་བྱས་ནས་གནས་པར་གྱིས་ཅིག། དེའི་ཕྱིར་གསུངས་པ། འདི་ཙམ་འབའ་ཞིག་མ་ཡིན་གྱི། ་གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས།། གཞན་པ་ཡང་ནི་བཙལ་བར་བྱ།། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེ་ཡི་ཆེན་ཚོལ་བ་མཐོང་།། ལྔ་པ་བརྩོན་འགྲུས་ཕ་རོལ་ཕྱིན།། སྔོན་གྱི་སྐྱེས་བུ་ཆེན ་པོ་ཡི།། བསྙེན་དང་བསྟེན་པར་བྱས་པསོ།། རེ་ཤིག་ལྔ་པོ་འདི་ཡིས་ནི།། གལ་ཏེ་བྱང་ཆུབ་མཆོག་འདོད་ན།། བརྩོན་འགྲུས་ཕ་རོལ་ཕྱིན་པར་གྱིས།། བརྟན་པོར་བྱས་ཏེ་བཟུང་བར་བྱ།། ཇི་ལྟར ་རི་དགས་རྒྱལ་པོ་ནི།། སྡོད་དང་འགྲོ་བའི་གནས་རྣམས།། ཞུམ་པ་མེད་པའི་བརྩོན་འགྲུས་ཀྱིས།། ཡིད་ནི་རྟག་ཏུ་བརྟན་པ་ཡིན།། དེ་བཞིན་ཁྱོད་ཀྱིས་དུས་ཀུན་ཏུ།། བརྩོན་འགྲུས་བརྟན་པོར་གྱིས ་ལ་ཟུང་།། བརྩོན་འགྲུས་ཕ་རོལ་ཕྱིན་གྱུར་ནས།། བྱང་ཆུབ་ཐོབ་པར་འགྱུར་བ་ཡིན།། གཞན་ཡང་སངས་རྒྱསུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ།། ལྷག་པར་ཚོལ ་བན་དྲུག་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཐོང་ནས་འདི་ལྟ་བུ་ཡི་སེམསུ་གྱུར་ཏེ།། མཁས་པ་བློ་གྲོས་བཟླ་འ་བོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་བཟོད་པའི་ཕ ་རོལ་ཏུ་ཕྱིན་པ་ཡང་རྫོགས་པར་བྱའོ།། བཟང་པོ་དང་ངན་པར་བྱས་པ་ལ་བཟོད་པར་བྱའོ།། ཇི་ལྟར་ས་ཡི་སྟེང་དུ་གཙང་བ་དང་མི་གཙང་བ་གོས་པར་བྱས་ནས་བཞིན་ཁྲོ་བར་མི་བྱེད ་པ་བཞིན་དུ་བཟོད་ཅིང་སྲོན་པ་དང་ལྷག་པར་གནས་པ་དེ་བཞིན་དུའོ།། དེ་ལྟར་འདི་ལྟར་ཁྱོད་ཀྱིས་ཀྱང་གནོད་པ་དང་ཕན་པར་བྱས་ཀྱང་བཟོད་ཅིང་སྲན་པར་བྱས་ན་སངས་རྒྱས་ཐོབ ་པར་འགྱུར་རོ།། དྲུག་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བརྟན་པར་བྱས་ནས་གནས་པར་གྱིས་ཅིག། དེ་ཡི་ཕྱིར་གསུངས་པ།། འདི་ཙམ་འབའ་ཞིག་མ་ཡིན་གྱི།། གང་ཞིག་བྱང་ཆུབ ་ཐོབ་འདོད་ཆོས།། གནན་པ་ཡང་ནི་བཙལ་བར་བྱ།། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེ་ཡི་ཚེན་ཚོལ་བ་མཐོང་།། དྲུག་པ་བཟོད་པའི་ཕ་རོལ་ཕྱིན།། སྔོན་གྱི་སྐྱེས་བུ་ཆེན ་པོ་ཡི།། བསྙེན་དང་བསྟེན་པར་བྱས་པས་སོ།། རེ་ཞིག་དྲུག་པ་འདི་ཡོས་ནི།། དེ་ལ་ཞེ་སྡང་མ་བྱས་ན།། ཡང་དག་བྱང་ཆུབ་ཐོབ་པར་འགྱུར།། ཇི་ལྟར་ཡང་ནི་ས་གཞི་ལ།། གཙང་དང་མི་གཙང ་བླུགས་པ་ན།། ཐམས་ཅད་བླུགས་ཀྱང་བཟེད་པར་བྱེད།། སྡུག་བྲོ་བ་ནི་བྱེད་པ་མེད།། དེ་བཞིན་ཁྱོད་ཀྱིས་ཐམས་ཅད་ལ།། ཕན་དང་གནོད་པ་བྱེད་པ་ན།། བཟེད་པའི་ཕ་རོལ་ཕྱིན་གྱུར་ནས ་བྱང་ཆུབ་ཡང་དག་ཐོབ་པར་འགྱུར།། གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱ།། འོ།། ལྷག་པར་ཚོལ་བ་ན་བདུན་པ་བདེན་པའི་ཕ ་རོལ་ཏུ་ཕྱིན་པ་མཐོང་ནས་འདི་ལྟ་བུ་ཡི་སེམསུ་གྱུར་ཏོ།། མ་ང་ས་པ་བློ་གྲོས་བཟང་པོ་དཀར་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས།། བདེན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྫོགས་པར ་བྱའོ། འཐོག་མགོ་ལ་ལྷུང་བར་གྱུར་ན་ཡང་ནོར་ལ་སོགས་པའི་ཕྱིར་དུ་འདུན་པ་ལ་སོགས་པའི་དབང་གིས་ཤེས་ནས་བརྫུན་མི་སྨྲའོ།། ཇི་ལྟར་ན་ཐ་སྐར་དུས་ཐམས་ཅད་དུ་རང་རང་འགྲོ ་བའི་ལམ་དོར་ནས་ལམ་གཞན་ནས་མི་འགྲོ་བར་རང་གི་ལམ་ཉིད་ནས་འགྲོ་བའོ།། དེ་ལྟར་འདི་ལྟར་ཁྱོད་ཀྱིས་ཀྱང་བདེན་པ་བཟུང་ནས་བརྫུན་མི་བྱེད་པས་ནི་སངས་རྒྱས་ཐོབ་པར ་འགྱུ་རོ་བདུན་པ་བདེན་པའི་ཕ་རོལ་ཏུ་ཕྱིན་པ་བརྟན་པར་བྱས་ནས་གནས་པར་གྱིས་ཤིག། དེ་ཡི་ཕྱིར་གསུང་བ། འདི་ཙམ་འབའ་ཞིག་མ་ཡིན་གྱི།། གང་ཞིག་བྱང་ཆུབ་ཐོབ ་འདོད་ཆོས། གནན་པ་ཡང་ནི་བཙལ་བར་བྱ།། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེ་ཡི་ཆེན་ཚོལ་བ་མཐོང་།། བདུན་པ་བདེན་པའི་ཕ་རོལ་ཕྱིན།། སྔོན་གྱི་སྐྱེས་བུ་ཆེན་པོ་ཡི།། བསྙེན ་དང་བསྟེན་པར་བྱས་པས་སོ།། རེ་ཞིག་བདུན་པ་འདི་ཡིས་ནི།། བརྟན་པར་བྱས་ནས་གནས་པར་གྱིས།། དེ་ལ་རྫུན་ནི་མི་སྨྲ་བས།། ཡང་དག་བྱང་ཆུབ་ཐོབ་པར་གྱིས།། ཇི་ལྟར་ཐ ་སྐར་ཞེས་བྱ་བ།། ལྷ་དང་མི་རྣམས་མཚུངས་པ་ནི།། དུས་ཀྱི་ལོ་ཡི་དུས་སུ་ནི།། ལམ་གཞན་དུ་ནི་མི་འགྲོའོ།། ཁྱོད་ཀྱིས་ཀྱང་དེ་བཞིན་བདེན།། བདེན་པ་བཟུང་ནས་མི་འགྲོ་བ། ་བདེན་པའི་ཕ་རོལ་ཕྱིན་གྱུར་པས།། བྱང་ཆུབ་ཡང་དག་ཐོབ་པར་འགྱུར།། གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ།། ལྷག་པར་ཚོལ ་བ་ན་བརྒྱད་པ་ལྷག་པར་གནས་པའི་ཕ་རོལ་ཕྱིན་པ་མཐོང་ན་ས་འདི་ལྟ་བུའི་སེམས་སུ་གྱུར་ཏོ།། མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས ་བཟུང་ནས་ལྷག་པར་གནས་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྫོགས་པར་བྱའོ།། གང་ཞིག་ལྷག་པར་གནས་པར་གྱིས་དེ་ལ་ལྷག་པར་གནས་ན་གཡོ་བ་མེད་པར་འགྱུར་རོ།། ཛ ་ལྟར་ན་རི་བོ་ནི་ཕྱོགས་ཐམས་ཅད་ནས་རླུང་གོས་བསྐྱེད་ཀྱང་གཡོ་བར་མི་འགྱུར་ཞིང་བསྐྱོད་པར་མི་འགྱུར་ཅིང་། རང་གི་གནས་ཞག་ཏུ་གནས་སོ།། དེ་ལྟར་འདི་ལྟར་ཁྱོད་ཀྱིས ་ཀྱང་བདག་ཉིད་ལྷག་པར་གནས་པ་རྣམས་མི་གཡོ་བར་གྱུར་ན་སངས་རྒྱས་ཐོབ་པར་འགྱུར་རོ།། བརྒྱད་པ་ལྷག་པར་གནས་པའི་ཕ་རོལ་ཏུ་ཕྱིན་པ་བརྟན་པར་བྱས་ནས་གནས ་བར་གྱིས་ཅིག། དེའི་ཕྱིར་གསུངས་པ། འདི་ཙམ་འབའ་ཞིག་མ་ཡིན་གྱི།། གང་ཞིག་བྱང་ཆུབ་ཐོབ་འདོད་ཆོས།། གཞན་པ་ཡང་ནི་བརྩལ་བར་བྱ།། ་གང་ཞིག་ཆོས་འདི་ཐོབ་བྱེད་པ།། དེ་ཡི་ཚེ་ན་ཚོལ་བ་མཐོང་།། བརྒྱད་པ་ལྷག་གནས་ཕ་རོལ་ཕྱིན།། སྔོན་གྱི་སྐྱེས་བུ་ཆེན་པོ་ཡི།། བསྙེན་དང་བསྟེན་པར་བྱས་པས་སོ།། ་རེ་ཤིག་བརྒྱད་པ་འདི་ཡིས་ནི།། བརྟན་པར་བྱ་སྟེ་གནས་པར་གྱིས།། དེ་ལ་ཁྱོད་ནི་གཡོ་མེད་པས།། ཡོང་དག་བྱང་ཆུབ་ཐོབ་པར་འགྱུར།། ཇི་ལྟར་རི་བོའི་བྲག་ཆེན ་བོ་གཡོ་བ་མེད་ཅིང་ལེགས་པར་གནས།། རླུང་ཆེན་པོས་ནི་གཡོ་བ་མེད།། རང་གི་གནས་སུ་གནས་པ་ཉིད།། དེ་བཞིན་ཁྱོད་ཀྱི་ལྷག་གནས་པར།། ཐམས་ཅད ་དུ་ནི་མི་གཡོ་བར།། ལྷག་གནས་ཕ་རོལ་ཕྱིན་གྱུར་པས།། ། ཡང་དག་བྱང་ཆུབ་ཐོབ་པར་འགྱུར།། གཞན་ཡངས། ངས་རྒྱ་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན ་བར་བལྟ་བར་བྱའོ།། ལྷག་པར་ཚོལ་བ་ན་དགུ་པ་བྱམས་པའི་ཕ་རོལ་ཏུ་ཕྱིན་པ་མཐོང་བས་དེ་ལྟ་བུའི་ཁམ་སུ་གྱུར་ཏོ།། མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས ་འདི་ནས་བཟུང་ནས་བྱམས་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྫོགས་པར་བྱའོ།། ཕན་པ་དང་མི་ཕན་པར་གྱུར་ཀྱང་སེམས་གཅིག་ཏུ་བྱའོ།། ཇི་ལྟར་ཆུ་ནི་སྡིག་པ་ཅན་གྱི་སྐྱེ་བོ་དང་དགེ་བ ་སྐྱེ་བོས་ཀྱང་བསིལ་བར་གྱུར་ཅིང་གཅིག་ཏུ་མཚུངས་པར་བྱས་ནས་རེ་གོ།། དེ་ལྟར་ན་འདི་ལྟར་ཁྱོད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་གཅིག་ཏུ་གྱུར་ནས་སངས ་རྒྱས་ཐོབ་པར་འགྱུརརོ།། དགུ་པ་བྱམས་པའི་ཕ་རོལ་ཏ་ཕྱིན་པ་བརྟན་པར་བྱས་ཏེ་གནས་པར་གྱིས་ཅིག། དེའི་ཕྱིར་གསུངས་པ།། འདི་ཙམ་འབའ་ཞིག་མ་ཡིན་གྱི།། གང་ཞིག་བྱང་ཆུབ་ཐོབ ་འདོད་ཆོས།། གཞན་པ་ཡང་ནི་བཙལ་བར་བྱ།། གང་ཞིག་ཆོས་འདི་ཐོབ་བྱེད་པ།། དེ་ཡི་ཚེ་ན་ཚོལ་བ་མཐོང་།། དགུ་པ་བྱམས་པའི་ཕ་རོལ་ཕྱིན།། སྔོན་གྱི་སྐྱེས་བུ་ཆེན་པོ་ཡི།། བསྙེན་དང ་བསྟེན་པར་བྱས་པའོ།། རེ་ཤིག་དགུ་པ་འདི་ཡིས་ནི།། བྱམས་པར་བྱས་ཏེ་གནས་པར་གྱིས།། གལ་ཏེ་བྱང་ཆུབ་ཐོབ་འདོད་ན།། བྱམས་པ་མཚུངས་པ་མེད་པར་འགྱུར།། ཇི་ལྟར་ཆུ་ཞེས་བྱ་བ་ལ། ་དགེ་འམ་སྡིག་པའི་སྐྱེ་བོ་ནི།། མཚུངས་པར་བསིལ་བར་འགྱུ། དེ་ལ་རེག། རྡུལ་དང་དྲི་མ་སྤོང་བར་བྱེད།། དེ་ལྟར་ཁྱོད་ཀྱིས་མི་ཕན་དང་།། ཕན་ལའང་མཚུངས་པར་བྱམས་པར་བྱ།། བྱམས ་བའི་ཕ་རོལ་ཕྱིན་གྱུར་ནས།། ཡང་དག་བྱང་ཆུབ་ཐོབ་པར་འགྱུར།། གཞན་ཡང་སངས་རྒྱ་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡི་ན་བར་བལྟ་བར་བྱའོ།། ལྷག་པར་ཚོལ་བ་ན་བཅུ་པ ་བཏང་སྙོམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་ནས་འདི་ལྟ་བུ་ཡི་སེམསུ་གྱུར་ཏོ།། མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་བཏང་སྙོམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང ་རྫོགས་པར་བྱའོ།། བདེ་བ་འམ་སྡུག་བསྔལ་ཡང་བར་མ་ལ་གནས་པར་བྱའོ།། ཇི་ལྟར་ས་གཞི་ལ་གཙང་བ་དང་མཽ་གཙང་བས་བྱུགས་ཀྱང་བར་མར་གནས་པར་འགྱུ་རོ།། དེ་ལྟར་འདི་ལྟར ་ཁྱོད་ཀྱིས་ཀྱང་བདེ་བ་དང་སྡུག་བསྔལ་བ་ལ་བར་མར་གནས་པར་གྱུར་ན་སངས་རྒྱས་ཐོབ་པར་འགྱུརརོ།། བཅུ་པ་བཏང་སྙོམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྟན་པར་བྱས་ལ་གནས་པར་གྱིས་ཅིག། ་དེའི་ཕྱིར་གསུངས་པ།། འདི་ཙམ་འབརའ་ཞིག་མ་ཡིན་གྱི།། གང་ཞིག་བྱང་ཆུབ་ཐོབ་འདོད་ཆོས།། གཞན་པ་ཡང་ནི་བཙལ་བར་གྱིས།། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེ་ཡི་ཚེ་ན་ཚོལ ་བ་མཐོང་།། བཅུ་པ་བཏང་སྙོམས་ཕ་རོལ་ཕྱིན།། སྔོན་གྱི་སྐྱེས་བུ་ཆེན་པོ་ཡི།། བསྙེན་དང་བསྟེན་པར་བྱས་པསོ།། རེ་ཤིག་བཅུ་པ་འདི་ཡིས་ནི།། བརྟན་པར་བྱས་ནས་གནས་པར་གྱིས།། སྲང ་ནི་གང་བར་འགྱུར་བ་བཞིན།། ཡང་དག་བྱང་ཆུབ་ཐོབ་པར་འགྱུར།། ཇི་ལྟར་ས་གཞི་ཞེས་བྱ་ལ།། གཙང་དང་མི་གཙང་བྱུགས་པ་ན།། ལྟོས་པ་མེད་ཅིང་བཏང་སྙོམས་པས།། ཁྲོ་བ་མེད་པར ་སྤོང་བ་ཡིན།། ཇི་ལྟར་ཁྱོད་ཀྱིས་ཀྱང་བདེ་སྡུག། དུས་རྣམས་ཀུན་ཏུ་སྲང་བཞིན་དུ། བཏང་སྙོམ་ཕ་རོལ་ཕྱིན་གྱུར་ནས།། ཡང་དག་བྱང་ཆུབ་ཐོབ་པར་འགྱུར།། དེ་ནས་བསམ་པ་འཇིག་རྟེན ་པ་འདི་རྣམས་བྱང་ཆུབ་སེམས་དཔའ་ལ་བྱང་། ཆུབ་རྫོགས་པར་བྱེད་པ་དང་སངས་རྒྱ་སུ་བྱེད་པའི་ཆོས་དེ་རྣམས་ཉིད་དོ།། ཕ་རོལ་ཏུ་ཕྱིན་པ་བཅུ་དོར་ན་གཞན་མེད་དོ།། ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་འདི་ནི་སྟེང་གི་ན་མཁའ་ན་ཡང་མེད་དོ།། འོག་གི་ས་གཞི་ལ་ཡང་མེདོ།། ཤར་ལ་སོགས་པའི་ཕྱོགས་རྣམས་ན་ཡང་མེདདོ།། བདག་ཉིད་ཁོ་ནའི་སྙིང་གི་ཤའི ་ནང་ན་གནསོ།། དེ་ལྟར་དེ་ཡི་སྙིང་ལ་སོ་སོ་གནས་པ་མཐོང་ནས་ཐམས་ཅད་བརྟན་པར་བྱ་ཏེ་གནས་པར་བྱའོ།། ཡང་དང་ཡང་དུ་དྲན་པར་བྱ་སྟེ་ལུགས་ལས་བྱུང་བ་དང་ལུགས་ལྔ ་ཟློག་པ་བརྟན་པར་བྱའོ།། ཐ་མ་ནས་བཟུང་སྟེ་ཐོག་མའི་བར་བསམ་པར་བྱའོ།། དང་པོ་ནས་བཟུང་ནས་ཐ་མའི་བར་བསམ་མོ།། དབུས་ནས་བཟུང་ནས་ཐོག་མ་དང་ཐ་མའི་བར་བསམ ་བར་བྱའོ། ཐོག་མ་དང་ཐ་མ་ནས་བཟུང་ནས་དབུས་ཀྱི་བར་ལྟ་བར་བྱའོ།། ལུས་ཡོང་སུ་བཏོང་བ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། ཕྱིའི་ལོངས་སྤྱོད་ཡོང་སུ་གཏོང་བ་ན་ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས ་བྱ་བའོ།། སྲོག་ཡོངསུ་གཏོང་བ་ནི་དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ།། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དང་། ཉེ་བའི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དང་། དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་པ ་འོ2མེ་ཡི་སྟེངསུ་འབྲུ་མར་བསྐོལ་བ་བཞིན་དུ་ཁོར་ཡུག་གི་ནང་དུ་རྒྱ་མཚོ་ཆེན་པོ་རི་བོ་མཆོག་རབ་གྱིས་བསྲུབ་པ་བཞིན་དུ་དྲན་པར་བྱ་སྟེ། དེ་ཡི་ཕ་རོལ་ཏུ་ཕྱིན་པ་བཅུ་དྲན་པར་བྱས་ནས ་ཆོས་ཀྱི་གཟིས་འབུམ་ཕྲག་གཉིས་དང་སྟོང་ཕྲག་བཞི་བཅུ་ལྷག་པའི་ས་ཆེན་པོ་འདི་ཡི་སྐྱུགས་ལ་གླང་པོ་ཆེའི་རྐང་པས་གནོན་ཅིང་སྨྱུག་མ་འཆག་པ་བཞིན་དུའོ།། བུར་ཤིང ་གི་འཁྲུལ་འཁོར་བཞིན་དུ་བཙིར་བ་དང་སྒྲ་ཆེན་པོ་སྒྲོགས་པ་བཞིན་དུ་ཡང་དག་པར་སྒྲོག་སོ།། རབ་ཏུ་གཡོསོ།། ཡང་དག་པར་རབ་ཏུ་གཡོས་ཏེ་རྫ་མཁན་གྱི་འཁོར་ལོ ་བཞིན་ནོ།། འབྲུ་མར་གྱི་འཁྲུལ་འཁོར་བཞིན་དུ་ཡོངསུ་བསྐོར་རོ།། དེའི་ཕྱིར་གསུངས་པ།། འདི་ཡི་འཇིག་རྟེན་དེ་རྣམས་ཉིད།། གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས།། འདི་ནི་སྟེང་དང་གཞན་ནའང ་མེད་བརྟན་པར་བྱ་སྟེ་སེམས་ལ་ཞིག། རང་བཞིན་གྱིས་ནི་གཡོ་མེད་པར།། འདི་ཡི་ཆོས་ནི་དྲན་པར་བྱེད།། ཆོས་ཀྱི་གནི་ཡི་ས་གཞི་ནི།། འཇིག་རྟེན་སྟོང་ཕྲག་རབ་ཏུ་གཡོས།། སེམས་མེད ་བ་ཡི་ས་གཞི་ནི།། བུར་ཤིང་འཁྲུལ་འཁོར་བཞིན་དུ་བཙིར།། འབྲུ་མར་འཁྲུལ་འཁོར་བཞིན་དུ་འཁོར།། དེ་ལྟར་ས་ནི་རབ་ཏུ་གཡས།། ས་ཆེན་འདི་གཡོས་པས་དགའ་བ་ཅན་གྱི་གྲོང་ཁྱེར་ན ་གནས་པའི་མི་རྣམས་ལྡང་བར་མ་ནུས་ཏེ། བསྐལ་པའི་མཐའ་ཡིས་རླུང་གིས་བསྐྱོད་པའི་སའི་ཤིང་ཆེན་པོ་གཡེས་པ་བཞིན་བརྒྱལ་བ་དང་བག་མེད་པས་འགྱེལ་བར་གྱུར་ཏོ།། ་བུམ་པ་ལ་སོགས་པའི་སྣོད་ནི་མཛད་པ་དང་ཕན་ཚུན་དུ་འཕྲད་པའི་སྒྲ་དང་ཕྱེ་མ་དང་དུམ་བུམ་བུར་གྱུར་ཏོ།། སྐྱེ་བོ་ཐམས་ཅད་འཇིགས་པར་གྱུར་ནས་སྟོན་པའི་དྲུང་དུ་ཉེ་བར་སོང་ངོ་།། བཅོམ་ལྡན་འདས ་ཅི་ལགས་འདིའི་ཀླུ་འཁྲུགས་པ་འམ་འདིའི་འབྱུང་པོ་འམ་གནོད་སྦྱིན་ནམ་ལྷ་རྣམས་སམ་གཞན་རྣམས་འཁྲུགས་སམ་པད་གྲ་ཅག་གིས་འཚལ་པར་མ་གྱུར་ཏོ།། གཞན་ཡང་འདིའི་སྐྱེ་བོ་ཆེན ་པོ་ཐམས་ཅད་ལ་ཉེ་བར་འཚེ་བར་གྱུར་ཏོ།། ཅི་ཡི་རྒྱུལ་དེའི་འཇིག་རྟེན་གྱི་སྡིག་པ་ལས་གྱུར་རམ། ཡང་ན་དགེ་བ་ལས་གྱུར།། བདག་ཅག་ལ་འདི་རྣམས་ཀྱི་རྒྱུ་མཚན་རྣམས་གསུང་དུ་གསོལ ་ཞེས་ཞུས། སྟོན་པས་དེ་རྣམས་ཀྱི་གཏམ་ཐོས་ནས་ཁྱད་རྣམ་ས་འཇིགས་པར་མ་བྱེད་ཅིག་ཁྱེད་རྣམས་ཅུང་ཟད་ཀྱང་མ་སེམས་ཅིག། མཚན་མ་འདི་རྣམས་ལ་ཁྱེད་རྣམས་ལ་འཇིགས་པ་མེད ་གང་ཚེ་བདག་གིས་དི་རིང་མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་མ་འོངས་པ་ན་གཽ་ཏ་མ་ཞེས་བྱ་བའི་སངས་རྒྱསུ་འགྱུརརོ།། ཞེས་ལུང་བརྟན་ཏོ།། དེ་ནི་འདིར་ཕ་རོལ་ཏུ་ཕྱིན་པ་དྲན་པར་བྱེའོ།། དེས ་ཕ་རོལ་ཏུ་ཕྱིན་པ་དྲན་པར་བྱེད་ཅིང་དཔྱོད་དོ།། དེའི་ཆོས་ཀྱི་གཟི་བརྗིད་ཀྱིས་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྐད་ཅིག་ཙམ་གྱིས་གཡོ་བ་དང་སྒྲ་འབྱིན་ནོ་ཞེས་གསུང་།། དེའི་ཕྱིར ་གསུངས་པ།། ཇི་སྲིད་འཁོར་རྣམས་ཡོད་པ་ལ།། སངས་རྒྱས་ཀྱིས་ནི་སྦྲེལ་བས་ན།། དེ་ནི་དེ་རུ་སྡུག་བསྔལ་སེམས།། བརྒྱལ་བར་གྱུར་ནས་ས་ལ་ཉལ།། བུམ་པ་སྟོང་ཕྲག་དུ་མ་དང་།། སྣོད་བྱེད། ་བརྒྱ་ཕྲག་མང་པོ་རྣམས།། དེར་ནི་ཕྱེ་མ་ཞིབ་མོར་གྱུར།། ཕན་ཚུན་ཐུག་ཅིང་ཆག་པས་སོ།། བརྒྱལ་དང་སྐྲག་དང་འཇིགས་པ་དང་།། གནོད་ཅིང་གཟིར་བའི་སེམས་ཀྱིས་འགྱེལ།། སྐྱེ་བོ་ཐམས ་ཅད་གཅིག་ཏུ་འདུས།། མར་མེ་མཛད་ཀྱི་དྲུང་དུ་སོང་།། འཇིག་རྟེན་པ་རྣམས་ཅི་ཕྱིར་གྱུར།། དགེ་འམ་ཡང་ནི་སྡིག་གམ་ནི།། འཇིག་རྟེན་ཀུན་ལ་ཉེར་འཚོ་བྱུང་།། སྤྱན་ལྡན་ལེགས་པར་གསུང་དུ ་གསོལ།། དེ་རྣམས་ཀུན་ལ་ཆོས་བསྟན་ཅིང་།། ཐུབ་པ་ཆེན་པོ་མར་མེ་མཛད།། འཇིགས་པར་མ་བྱེད་དབུགས་དཔུང་གིས།། འདི་ཡིས་གཞི་གཡོ་བས་ནི།། གང་ཞིག་དེ་རིང་བདག་ལུང་བསྡམ ་འཇོག་རྟེན་པ་རྣམས་སངས་རྒྱས་འགྱུར།། དེ་ནི་ཆོས་ནི་དྲན་པར་བྱེད།། སྔོན་གྱི་རྒྱལ་བ་བསྟེན་བྱས་ཤིང་།། དེ་ཡི་ཚེས་རྣམས་དྲན་བྱེད་པས།། སངས་རྒྱས་སན་མེ་ལུས་པ།། དེས་ན་འདི་ཡིས ་རྣམས་གཡོས།། ལྷ་དང་བཅས་པ་སྟོང་ཕྲག་བཅུ།། སྐྱེ་བོ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པའི་གསུང་ཐོས་པས་དགའ་བ་དང་ཚིམ་པ་སྐྱེས་ནས་མེ་ཏོག་དང་དྲི་བཟང ་དང་བྱུག་པ་རྣམས་བླངས་ཏེ་དགའ་བ་ཅན་གྱི་གྲོང་ཁྱེར་ནས་འཐོན་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་སོང་སྟེ་མེ་ཏོག་ལེ་སོགས་པས་མཆོད་ནས་ཕྱག་དང་བསྟོད་པ་བྱ་སྟེ། དགའ་བ་ཅན ་ཀྱི་གྲོང་ཁྱེར་ཅིང་དུ་ལན་མོ།། བྱང་ཆུབ་སེམས་རཔས་ཀྱང་རོལ་ཏུ་ཕྱིན་པ་བཅུ་དྲ་པར་བྱས་ནས་བརྩོན་འགྲུས་བརྟན་པར་ཡང་ལྷག་པར་གནས་ནས་སྔན་ལོས་ལངས།། ངའི་ཕྱིར་གསུངས་པ། ་། བདག་གིས་སྟན་ལས་ལངས།། མར་མེ་མཛད་ལ་ཕྱག་བྱས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སྟན་ལས་ལངས་པ་ན་སྟོང་ཕྲག་བཅུའི་ལྷ་ཐམས་ཅད་འདུས་ནས་ལྷའི་མེདོག ་དང་དྲི་བཟང་གིས་མཆོད་པ་བྱས།། འཕགས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་དེ་ཡིས་དེ་རིང་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་ཀྱི་ཞབས་དྲུང་དུ་དོན་ཆེན་པོ་དོན་དུ་གཉེར་བའི་ཕྱིར་དོན་དུ ་གཉེར་ཏོ།། དེ་ཡིས་དེ་རྣམས་ལ་བར་བཅོད་མེད་ཅིང་རྫོགས་པར་འགྱུརརོ།། དེ་ལ་འཇིགས་པ་མེད་པ་དང་། ཞུམ་པ་མེད་པར་འགྱུར་རོ།། སྐུ་ལ་ནད་ཅུང་ཟད་ཀྱང་མི་འབྱུང་ཞིང་མྱུར་དུ་ཕ་རོལ་ཏུ ་ཕྱིན་པ་རྫོགས་པར་བྱས་ནས་ཡང་དག་པར་རྫོགས་བའི་སངས་རྒྱས་གྲུབ་པར་གྱིས་ཅིག། ཇི་ལྟར་མེ་ཏོག་ཅན་གྱི་ཤིང་ངམ་འབྲས་བུ་ཅན་གྱི་ཤིང་དུས་སུ་མེ་ཏོག་སྨིན ་པ་དང་འབྲས་བུ་སྨིན་པ་ཉིད་དོ།། དེ་བཞིན་དུ་ཁྱོད་ཀྱིས་ཀྱང་དེའི་དུས་སུ་ལྷག་པར་གནས་པར་བྱེད་པ་ལ་མྱུར་དུ་མཆོག་རྫོགས་པར་བྱེད་པ་ལ་སོགས་པའི་བསྟོད་པ་དང་བཀྲ ་ཤིས་པས་བསྟོད་དོ།། དེ་བཞིན་དུ་བསྟོད་པ་བྱས་ནས་ལྷ་རྣམས་རང་རང་གི་གནས་སུ་སོང་ངོ་།། བྱང་ཆུབ་སེམས་དཔས་ཀྱང་ལྷ་ལ་སོགས་པའི་བསྟོད་པ་ཐོས་པར་བྱས་ནས། བདག་གིས་པ ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པར་བྱས་ཏེ་བསྐལ་པ་གྲངས་མེད་པ་བཞི་དང་འབུམ་ཕྲག་གཅིག་ལྷག་པའི་མཐར་སངས་རྒྱས་ཐོབ་པར་འགྱུར་བས་བརྩོན་འགྲུས་བརྟན་པོ་ལྷག་པར ་གནས་ནས་ན་མཁའ་ལ་འཕགས་ཏེ་གང་ཅན་གྱི་གནས་ཉིད་གཤེག་སོ།། དེའི་ཕྱིར་གསུངས་པ།། ལྷ་དང་མི་ཡི་མེ་ཏོག་རྣམས།། ལྷ་དང་མི་རྣམས་གཉིས་ཀ་ཡིས།། སྟན་ལས་ལདྲ ་པར་གྱུར་ནས་ནི།། མེ་ཏོག་མཚུངས་པར་བསྡུས་ནསོ།། ལྷ་དང་མི་རྣམས་གཉིས་ག་ཡང་།། ཐམས་ཅད་ཞི་བར་གྱུར་ཞེས་བསྟོད།། ཁྱོད་ཀྱིས་ཆེན་པོ་དོན་དུ་གཉེར།། ཇི་ལྟར་འདོད་པ་དེ་ཐོབ།། དུས ་མིན་འཆི་བ་རིང་དུ་སོང་།། ནད་རྣམས་ཐམས་ཅད་ཉམས་པར་གྱུར།། ཁྱོད་ལ་བར་ཆད་མི་འབྱུང་།། མཆོག་གི་བྱང་ཆུབ་མྱུར་དུ་ཐོབ།། ཇི་ལྟར་དུས་སུ་སླེབ་པ་ན།། ལྗོན་ཤིང་མེ་ཏོག་བྱེ་བར་གྱུརའི ་བཞིན་ཁྱོད་ཀྱིས་དཔའ་ཆེན་པོས།། སངས་རྒྱས་ཡེ་ཤེས་མེ་ཏོག་གྱུར།། གང་ཞིག་ཇི་ལྟར་རྫོགས་སངས་རྒྱས།། ཕ་རོལ་ཕྱིན་བཅུ་རྫོགས་པར་བྱས།། དེ་བཞིན་ཁྱོད་ཀྱི་དཔའ་ཆེན་པོས། ་ཕ་རོལ་ཕྱིན་བཅུ་རྫོགས་པར་གྱིས།། ཇི་ལྟར་གང་ཞིག་རྫོགས་སངས་རྒྱས།། བྱང་ཆུབ་སྙིང་པོ་རྫོགས་པར་གྱུར།། དེ་བཞིན་ཁྱོད་ཀྱི་དཔའ་ཆེན་པོས།། རྒྱལ་བའི་བྱང་ཆུབ་རྫོགས་པར་གྱིས ་གང་ཞིག་ཇི་ལྟར་རྫོགས་སངས་རྒྱས།། ཆོས་ཀྱི་འ།། ཁོར་ལོ་བསྐོར་བར་གྱུར།། དེ་བཞིན་ཁྱོད་ཀྱི་དཔའ་ཆེན་པོས།། ། ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས།། ཇི་ལྟར་ཟླ་བ་ཉ་བ་བཞིན ་ཡོངསུ་དག་པས་འོད་འགྱེད་པ།། དེ་བཞིན་ཁྱོད་ཀྱི་བསམ་རྫོགས་པའི།། སྟོང་ཕྲག་བཅུ་ཡི་འོང་ཕྱུང་ཅིག། ཉི་མ་སྒྲ་ཅན་ལས་གྲོལ་བ།། ཚ་ཞིང་འོད་ཟེར་རབ་ཏུ་འགྱེད།། དེ་བཞིན་འཇིག ་རྟེན་གྲོལ་བྱས་ནས།། ཁྱོད་ཀྱི་དཔའ་ལྡན་འོད་ཟེར་བྱུང་།། གང་ཞིག་ཇི་ལྟར་ཆུ་ཀླུང་ནི།། རྒྱ་མཚོ་ཆེན་པོའི་རྗེསུ་འགྲོ།། དེ་ལྟར་ལྷ་མོའོ་འཇིག་རྟེན་ཚོགས།། ཁྱོད་ཀྱི་རྗེསུ་འཇུག་པར་འགྱུར ་དེ་རྣམས་ཁྱོད་ལ་བསྟོད་ཅིང་བསྔགས།། ཆོས་བཅུ་པོ་ལ་གནས་བྱས་ནས།། དེ་ཡི་ཆོས་རྣམས་རྫོགས་བྱེད་ཅིང་།། དེ་ཚེ་ནགས་ཚལ་ཆེ་ན་པོར་བྱིན།། མཁས་པ་བློ་གྲོས་བཟང ་པོའི་གཏམ་དུ་བྱ་བ་རྫོགས་སྷོ།། ། དགའ་བ་ཅན་གྱི་གྲོང་ཁྱེར་དུ་གནས་པ་རྣམས་གྲོང་ཁྱེར་དུ་ཞུགས་ནས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན ་རྣམས་ལ་སྦྱིན་པ་ཆེན་པོ་གཏོང་ངོ་།། སྟོན་པས་དེ་རྣམས་ལ་ཆོས་བསྟན་ཅིང་བསྟན་ནས་སྐྱེ་བོ་མང་པོ་སྐྱབསུ་འགྲོ་བ་ལ་གནས་པར་བྱས་ཏེ། དགའ་བ་ཅན་གྱི་གྲོང་ཁྱེར་ནས་ཐོན་ཏེ ་ལྷག་པར་གནས་པ་ཇི་སྲིད་འཚོ་ཡི་བར་དེ་སྲིད་དུ་གནས་ནས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་བྱེད་ཅིང་གོ་རིམ་བཞིན་དུ་ལྷག་མ་མེད་པར་ཡོངསུ་མྱ་ངན་ལས་འདས་པའི ་དབྱིངས་སུ་ཡོངསུ་མྱ་ངན་ལས་འདསོ།། དེ་ལ་ཅུང་ཟད་བརྗོད་པས་དེ་ཐམས་ཅད་ལ་སངས་རྒྱས་ཀྱི་རྒྱུད་ལ་བརྗོ་ད་པའི་རིག་པ་དེ་བཞིན་དུ་རིག་པར་བྱའོ།། དེ་ལ་གསུངས་པ། ་དེ་ཚེ་ཁྱེད་རྣམས་མཆོད་སྟོན་བྱེད།། དགེ་འདུན་དང་བ་ཅེས་འཇིག་རྟེན་འདྲེན།། དེ་ལ་སྐྱབསུ་འགྲོ་བ་ཡིན།། སྟོན་པ་མར་མེ་མཛད་པ་ལ།། དེ་བཞིན་གཤེགས་པས་ངེས་གསུངས་པ ་གང་ཞིག་སྐྱབསུ་འགྲོ་བར་གྱུར།། གང་ཞིག་ཚུལ་ཁྲིམས་ལྔ་དང་ལྡན།། གཞན་ཡང་ཚུལ་ཁྲིམས་བཅུ་པོ་ཡི།། གང་ཞིག་ལ་ནི་གཞན་བྱིན་པ།། མཆོག་གི་འབྲས་བུ་བཞི་པོ་དང་།། གང་ཞིག ་ལ་ནི་མཚུངས་མེད་ཆོས།། སོ་སོ་ཡང་དག་རིག་པ་བྱིན།། ཕུན་ཚོགས་མཆོག་ནི་གང་ཞིག་ལ།། བརྒྱན་ནས་མི་ཡི་ཁྱུ་མཆོག་བྱིན།། གང་ཞིག་ལ་ནི་རིག་པ་གསུམ།། མངོན་པར་ཤེས་པ་དྲུག་ལ ་ཞུགས།། དེ་ཡི་རིག་པ་སྐྱེ་བོའི་ཚོགས།། ཐུབ་པ་ཆེན་པོའི་གདམས་པ་བྱིན།། དེ་ཡིས་རྒྱ་ཆེན་པོར་ནི་གྱུར།། འཇིག་རྟེན་མགོན་པོའི་བསྟན་ལའོ།། ཁྱུ་མཆོག་ཕྲག་པ་འགྲམ་ཆེན་པོ།། མར་མེ ་མཛད་ཀྱི་མཚན་དང་ལྡན།། སྐྱེ་བོ་མང་པོ་སྒྲོལ་བར་བྱེད།། ངན་འགྲོ་ཡོངསུ་གྲོལ་བར་བྱེད།། གྲོལ་བའི་ཕྱིར་དུ་སྐྱེ་བོ་མཐོང་།། སྟོང་ཕྲག་རྒྱ་ཡི་དཔག་ཚད་དུ།། སྐད་ཅིག་ཙམ་གྱིས་ཉེ་བར་སེང་། ་ཐུབ་པ་ཆེན་པོ་དེ་མཁྱེན་ཕྱིར།། དང་པོར་འདུས་པའི་སངས་རྒྱས་ཀྱིས།། བྱེ་བ་བརྒྱ་པོ་རྟོགས་པར་བྱས།། མགོན་པོ་འདུས་པ་གཉིས་པ་ནི།། འབུམ་ཕྲག་གཅིག་གིས་རྟོགས་པར་བྱས།། གང་ཚེ ་ལྷ་ཡི་གནསུ་ནི།། སངས་རྒྱས་ཀྱི་ནི་ཆོས་བསྟན་ནོ།། བྱེ་བ་སྟོང་ཕྲག་དགུ་ཅུ་ཡི།། འདུས་པ་གསུམ་པ་ལ་ནི་གྱུར།། དེ་རྣམས་འདུས་པ་གསུམ་དུ་གྱུར།། སྟོན་པ་མར་མེ་མཛད་ཀྱིའོ།། བྱེ་བ་སྟོང ་དྲག་བརྒྱ་ཡིས་ནི།། དང་པོར་ཡིན་འདུས་པ་ཡིན།། སླརོ་ཡང་ནཱ་ར་དཱི་ཡ་ཕུང།། རྒྱལ་པོ་གཅིག་པུར་ཞུགས་པ་ནི།། ཟག་པའི་དྲི་མ་ཟད་པ་ཡི།། བྱེ་བོ་བརྒྱ་ནི་ནི་བ་དང་།། དཔའ་བོ་ཆེན་པོ་ཇི་སྐད ་བཞུགས།། རི་ཡི་སྟེང་ན་ལྟ་ན་སྡུག། སྟོང་ཕྲག་བྱེ་བ། དགུ་བཅུ་ཡིས།། དེ་ཚེ་ཐུབ་པ་ནི་འཁོར།། བདག་གིས་དེ་ཡི། ས་དུསུ་ནི།། སྡོམ་བརྩོན་དཀའ་ཐུབ་པ་ཡི་མཆོག། བདག་ནི ་བར་སྣང་ལ་ནི་འགྲོ།། མངོན་ཤེས་ལྔ་ཡི་ཕ་རོལ་སོན།། སྟོང་ཕྲག་བཅུ་དང་ཉི་ཤུ་ནི།། ཆོས་ལ་འདུས་པར་གྱུར་པའོ།། གཅིག་དང་གཉིས་ཀྱི་འདུས་པ་ནི།། བགྲང་དུ་མེད་ཅིང་གྲངས་མེདོ།། རྒྱ་ཆེད ་དཔོན་ཅང་ཤེས་པ།། དེ་ཚེ་རྫུ་འཕྲུལ་ལྡན་ཞིང་རྫོགས།། བཅོམ་ལྡན་འདས་ནི་མར་མེ་མཛད།། བསྟན་པ་ཤིན་ཏུ་དག་ཅིང་མཛེས།། འབུམ་ཕྲག་བཞི་པོ་རྣམས་ལ་ནི།། མངོན་ཤེས་དྲུག་དང་། ་རྫུ་འཕྲུལ་ལྡན།། མར་མེ་མཛད་ནི་འཇིག་རྟེན་མཁྱེན།། རྟག་ཏུ་འཁོར་རྣམས་ཡོངས་དག་ལྡན།། གང་ཞིག་དེ་ཡི་དུས་སུ་ནི།། མི་རྣམས་དངོས་པོ་གཏོང་བ་དང་།། སེམས་ཀྱི་ལྷག་མ་ཐོབ་པ ་དེ་རྣམས་སྐུར་པ་འདེབས་པར་གྱུར།། མེ་ཏོག་བཟང་པོའི་ཚིག་སྣད་པ།། དགྲ་བཅོམ་རྣམས་ནི་དེ་དང་མཚུངས།། དྲི་མ་མེད་ཅིང་ཟག་པ་ཟང་།། ལྷ་དང་མི་རྣམས་ཉེ་བར ་མཛེས།། གྲོང་ཁྱེར་དགའ་བ་ཅན་ཞེས་པ།། བློ་གྲེས་བཟང་པོ་རྒྱལ་པོའི་རིགས།། ཡུམ་ནི་བློ་གྲོས་བཟང་མོ་ཡིན།། སྟོན་པ་མར་མེ་མཛད་ཡིན།། བཀྲ་ཤིས་བཟང་པོ་ཉེ་རྒྱལ་ནི།། ཉན་ཐོ ་རྣམས་ཀྱི་མཆོག་ཡིན་ནོ།། ལེགས་འོངས་ཞེས་པ་ཉེ་གནས་ཡིན།། སྟོན་པ་མར་མེ་མཛད་པའོ།། དགའ་བ་ཉིད་དང་ཤིན་ཏུ་དགའ།། ཉན་ཐོས་མའི་མཆོག་ཡིནོ།། བཅོམ་ལྡན་དེ་ཡི ་བྱང་ཆུབ་ཤིང་།། བིམ་པ་ལ་ཞེས་བྱ་བ་ཡིན།། མཐོ་ཆང་ཁྲུ་ནི་འི་རྒྱང་ནུཆུབ།། ཐུབ་པ་ཆེན་པོ་མར་མེ་མཛད།། ཤིང་བཞིན་རབ་ཏུ་འང་ར་བ་ལི། མེ་ཏོགས་ལའི་ཤིང་རྒྱས་བཞི་ན་ཁོ་ན ་སྟོང་ཕྲག་བརྒྱ་རུ་ནི།། དྲང་སོང་ཆེན་པོ་དེ་ཡི་ཚེ།། དེ་སྲིད་དུ་ནི་ག་ནས་པ་སྟེ།། སྐྱེ་བོ་མང་པོ་སྒྲོལ་བར་བྱེད།། ཆོས་ཀྱི་སྣང་བར་བྱ་ས་ནས་ནི།། སྐྱེ་བོ་མང་པོ་ཡང་དག་སྒྲོལ།། མེ་ཡི་བུང ་བོ་བཞིན་དུ་གསལ་དེ་ནས་ཉན་ཐོས་དང་བཅས་འདས།། དེ་ཡང་རྫུ་འཕྲུལ་དེ་གྲགས་པ། རིན་ཆེན་འཁོར་ལོ་དེ་ཞབས་ལ།། ཐམས་ཅད་ཀུན་ནས་བྲལ་བ་དང་།། འདུ་བྱས་ཆོས་རྣམས་གཏོང་བའོ།། ་མར་མེ་མཛད་ཀྱི་འོག་ཏུ་ནི།། འདྲེན་པ་ཀཽ་ཌི་ནྱ་ཞེས་པ།། གཟི་བརྗིད་དཔག་མེད་མཐའ་ཡས་གྲགས། རིང་ལ་སེམས་པ་གཞལ་དུ་མེད།། སླར་ཡང་བཅོམ་ལྡན་འདས་མར་མེ་མཛད་ཀྱི་འོག་གི་ཆེར་བསྐ ་འགྲངས་མེད་པ་གཅིག་འདས་ནས།། སྟོན་པའི་འདྲེན་པ་ཀཽ་ཌི་ནྱ་ཞེས་བྱ་བ་བྱོན་ནོ།། དེ་ཡི་ཡང་ཉན་ཐོས་འདུས་པ་གསུམ་དུ་གྱུར་ཏོ།། འདུས་པ་དང་པོ་ལ་བྱེ་བ་སྟོང་ཕྲག་བརྒྱའོ།། འདུས་པ་གཉིས་པ ་ལ་བྱེ་བ་སྟོང་ཕྲག་གཅིག་གོ།། འདུས་པ་གསུམ་པ་ལ་ནི་བྱེ་བ་ཕྲག་དགུ་བཅུའོ།། དེ་ཡི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བ་ཞེས་བྱ་བ་འཁོར་ལོ་སྒྱུར་བའི་རྒྱལ་པོར་གྱུར་ཏོ།། བྱེ་བ་སྟོང་ཕྲག ་བརྒྱ་ཡི་གྲངས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་རྣམས་ལ་སྦྱིན་པ་ཆེན་པོ་གཏོ་།། སྟོན་པས་བྱང་ཆུབ་སེམས་དཔའ་སངས་རྒྱསུ་འགྱུརོ་ཞེས་ལུང་བསྟན་པར ་བྱས་ནས་ཆོས་བསྟན་ནོ།། དེས་སྟོན་པའི་ཆོས་ཐོས་ནས་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་།། དེས་སྡེ་སྣོད་གསུམ་པོ་བསླབས་ནས་སྙོམས་པར་འཇུག་པ་བརྒྱད་དང་མངོན་པར་ཤེས་པ ་ལྔ་བསྐྱེདོ།། བསམ་གཏན་མ་བོར་བར་ཚངས་པའི་འཇིག་ཏེ། ན་དུ་སྐྱེསོ།། སླར་ཡང་སངས་རྒྱས་ཀཽ་ཌི་ནྱ་དེ་ཡི་གྲོང་ཁྱེར་ད་གའ་བ་ཅན་ཡིན་ནོ།། ཤིན་ཏུ་དགའ་བའི་རྒྱལ་པོ་ནི ་ཡབ་བོ།། རིགས་བཟངས་ལྷ་མོ་ནི་ཡུ་མོ།། བཟང་པོ་དང་ལེགས་བཟང་གཉིས་ནི་ཉན་ཐོས་རྣམས་ཀྱི་མཆོགོ།། མི་འགལ་ན་ས་བྱ་བ་ནི་ཉེ་གན་སོ།། རྒྱལ་མ་དང་ཉེ་རྒྱལ་མ་ནི་ཉན ་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་དགེ་བའི་ཤིང་ནི་ཤ་ལྱའོ།། སྐུའི་མཐོ་ཚང་ཁྲུ་བརྒྱད་ཅུ་རྩ་བརྒྱ་པོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་བརྒྱའོ།། དེའི་འོག་གི་ཆར་བསྐལ་པ་གྲངས་མེད་པ ་གཅིག་འདས་ནས་བསྐལ་པ་གཅིག་གི་ནང་དེ་ཉིད་དུ་སངས་རྒྱས་བཞི་བྱོན་པར་གྱུར་ཏེ།། བཀྲ་ཤིས་བཟང་པོ་དང་། ཐུགས་བཟང་པོ་དང་། ནམ་གྲུ་ཅན་དང་མཛེས་པ་ཅན་ནོ།། བཅོམ་ལྡན་འདས ་བཀྲ་ཤིས་བཟང་པོའི་ཉན་ཐོས་ཀྱི་འདུས་པ་གསུམ་དུ་གྱུར་ཏེ།། དེ་ཡི་འདུས་པ་དང་པོ་ནི་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ་།། གཉིས་པ་ལ་བྱེ་བ་སྟོང་ཕྲག་གཅིག་གོ།། གསུམ་པ་ལ་བྱེ་བ ་ཕྲག་དགུ་བཅུའོ།། མའི་སྤུན་གྱི་གནོན་ནུ་ཀུན་དགའ་བོ་ཞེས་བྱ་བ་བྱེ་བ་ཕྲག་དགུ་བཅུའི་འཁོར་དང་བཅས་པ་ན་ཆོས་ཉན་པའི་ཕྱིར་དུར།། སྟོན་པའི་ཉེ་བར་གནས་པ་རྣམས། ་སོ་།། སྟོན་པ་དེའི་སྔུན་གྱི་གཏམ་རྣམས་གོ་རིམས་བཞིན་དུ་བརྗོད་པར་བྱའོ།། དེ་འཁོར་དང་བཅས་པ་སོ་སོ་ཡང་དག་རིག་པ་དང་དགྲ་བཅོམ་པ་ཐོབ་བོ།། སྟོན་པ་དེས་རིགས་ཀྱི་བུ་རྣམས་ལ ་སྔར་གྱི་སྤྱོད་པ་རྣམས་ལ་བལྟ་ཞིང་རྫུ་འཕྲུལ་ལས་བྱུང་བའི་ལྷུང་བཟེད་དང་ཆོས་གོས་རྣམས་གཟིགས་ཏེ།། ཕྱག་གཡས་པ་རྐྱང་ནས་དགེ་སློང་རྣམས་ཚུར་ཤོག་ཅིག་ཅེས་གསུངས ་པ་དང་ཐམས་ཅད་དེ་མ་ཐག་ཉིད་དུ་རྫུ་འཕྲུལ་ལས་བྱུང་བའི་ལྷུང་བཟེད་དང་ཆོས་གོས་གཟུང་ནས་གནས་བརྟན་ལོ་དྲུག་ཅུ་ལོན་པ་བཞིན་དུ་གྱུར་ཏེ། ཆོ་ག་ཕུན་སུམ་ཚོགས ་པར་གྱུར་ནས་སྟོན་པ་ལ་ཕྱག་བྱས་ཏེ་འཁོར་དུ་གྱུར་ཏོ།། རྨི། རི་གཞན་ཡང་སངས་རྒྱས་གཞན་རྣམས་ལ་ཀུན་ནས་ཁྲུ་བརྒྱད་ཅུ་བའི་སྐུ་ཆེང་ཉིད་ཀྱི་འོད་དུ་གྱུར་ཏོ།། བཅོམ ་ལྡན་འདས་དེ་ཉིད་ཀྱི་སྐུའི་འོད་དེ་ལྟ་བུ་ཉིད་མ་ཡིན་གྱི།། དུས་རྟག་ཏུ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམ་སུ་འཕྲོ་ཞིང་གནས་ཏེ། ཤིང་དང་ས་དང་རི་དེང་རྒྱ་མཚོ་ལ་སོགས་པོའི་ཕྱོགས ་ལྷག་མ་རྣམས་དང་ཚང་བང་ལ་སོགས་པ་གསེར་གྱིས་སྤྲས་པ་བཞིན་ནོ།། སྐུ་ཚེའི་ཚད་ནི་སྟོང་ཕྲག་དགུ་བཅུའོ།། དེ་རྣམས་ཀྱི་དུས་ལ་ཟླ་བ་དང་ཉི་མ་ལ་སོགས་པ་ལ་རང་གི་འོད ་སྣང་བའི་ནུས་པ་མེད་དོ།། མཚན་མོ་དང་ཉིན་མོའི་བྱེ་བྲག་མི་ཤེསོ།། སེམས་ཅན་རྣམས་ཀྱི་ཉོན་མོ་ཉི་མ་ཤར་བ་བཞིན་དུ་སངས་རྒྱས་ཀྱི་འོད་ཀྱིས་རྟག་ཏུ་འགྲོ་བར་བྱེའོ།། མཚན་མོ་མེ་ཏོག ་ཟུམ་པ་དང་སྡེ་གྲོའི་དུས་བྱ་རྣམས་སྐད་འབྱིན་པ་ལ་སོགས་པ་ལ་བརྟེན་ནས་འཇིག་རྟེན་པས་ཉིན་མཚན་ཤེས་པར་བྱེའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་རྣམས་ལ་ཅིའི་ཕྱིར་འདི ་ལྟ་བུ་མེད་པ་ཡིན་ནམ། མེད་པ་ནི་མ་ཡིན་ཏེ།། དེ་རྣམས་ཀྱིས་ཀྱང་དགོངས་པར་གྱུར་ན། སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམསུ་གྱུར་པ་འམ་དེ་བས་ལྷག་པར་ཡང་འོད་འཕྲོ་བར་བྱེའོ།། སླར་ཡང་བཅོམ ་ལྡན་འདས་བཀྲ་ཤིས་བཟང་པོ་སྔར་གྱི་དོན་དུ་གཉེར་བའི་དབང་གིས་ཏེ།། གཞན་གྱི་འོད་འདོམ་གང་པ་བཞིན་ནོ།། སྐུའི་འོད་ཀྱིས་རྒྱུན་མི་འཆད་པ་ཉིད་དུ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཁྱབ ་པར་བྱས་ནས་གན་སོ།། དེའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་དུས་ན་ཐམས་ཅད་སྒྲོལ་བཞིན་དུ་བདག་ཉིད་གནསོ།། དེའི་བུ་དང་བུ་མོར་བཅས་པ་རི་བི་འམ་ག་བཞིན་དུ་རི་ལ་བཞུག་སོ།། དེ་ནས ་མཆེ་བ་གཅིག་པ་གདུག་པ་ཅན་གྱི་གནོད་སྦྱིན་ཞིག་གིས་སྐྱེས་བུ་ཆེན་པོ་སྦྱིན་པ་གཏོང་ཞེས་ཐོས་ནས་བྲམ་ཟེའི་གཟུགས་ཀྱིས་ཉེ་བར་སོང་སྟེ་སེམས་པ་ཆེན་པོའི་དྲུང་དུ་བུ་མོ ་སློང་ངོ་།། སེམས་དཔའ་ཆེན་པོས་བྲམ་ཟེ་ལ་བུ་དང་བུ་མོ་སྦྱིན་ཞེས་བསམས་ནས་དགའ་བ་དང་ཚིམ་པས་ཆུའི་མཐར་ཐུག་པའི་ས་རྣམས་གཡོ་སོ།། དེ་ནས་གནོད་སྦྱིན་འཆག་པའི་གནས ་ཀྱི་མཐར་ཙོག་པུར་རྒྱབ་རྟེན་ལ་འདུག་སྟེ་སེམས་དཔའ་ཆེན་པོ་ལ་ལྟ་ཞིང་འདུག།། དེ་ལ་དེས་བུ་དང་བུ་མོ་བྱིན་པ་དང་དེས་ལ་ཕུག་ཟ་བ་བཞིན་དུ་བུ་དང་བུ་མོ་ཟོས་ནས་གནོད་སྦྱིན་གྱིས་སྐྱེས ་བུ་ཆེན་པོ་དེ་ལ་བལྟ་སྟེ། ཁ་བདངས་ནས་མེ་འབར་བ་བཞིན་དུ་ཁྲག་གི་རྒྱུན་འབབ་པོ།། དེའི་ཁ་མཐོང་ནས་ཀྱང་སྐྲའི་རྩེ་མོ་ཙམ་གྱི་ཡིད་མི་བདེ་བ་ཡང་མ་སྐྱེས་པར་ངས་བྱིན་པ་ཤིན་དུ ་ལེགས་པ་གཅིག་ཞེས་སེམསོ།། སླར་ཡང་ལུས་ལ་མཆོག་ཏུ་དགའ་བ་ཆེན་པོ་སྐྱེས།། དེ་དག་འདི་ལ་བྱིན་པའི་བསོད་ནམས་ཀྱི་ཕན་ཡོན་གྱིས་མ་འོངས་པན་འདྲི་ལྟ་བུའི་རིམ་པའི ་འོད་ཟེར་འཕྲོ་བར་དོན་དུ་གཙོ་མོ།། དེ་ལ་དོན་གཉེར་བའི་རྒྱུ་མཚན་གྱིས་སངས་རྒྱ་སུ་གྱུར་ནས་སྐུའི་འོད་དེ་ཕྱི་རོལ་ཏུ་འཕྲོ་ཞིང་དེ་རྣམས་ལ་ཁྱབ་པར་གནསོ།། གཞན་ཡང་འདིའི་སྔར་གྱི་མཛད་པ་ཡོད་པ ་དེ་བྱང་ཆུབ་སེམས་དཔའི་དུས་སངས་རྒྱས་གཅིག་གི་སྐུ་སྡང་གི་མཆོད་རྟེན་མཐོང་ནས་སངས་རྒྱས་འདི་ས་གདུང་ལ་བདག་གིས་འཚོ་བ་ཡོངསུ་གཏང་ན་རིག་སོ།། སྙམ་ནས་ཤིང་རས་ཀྱིས་དཀྲིས ་པ་བཞིན་དུ་ལུས་ཐམས་ཅད་གོས་གཞན་གྱིས་དཀྲིས་ཤིང་རིན་པོ་ཆེའི་ཅོད་པན་གྱོན་ནས་འབུམ་ཕྲག་གཅིག་རི་བའི་གསེར་གྱི་གནོད་དུ་མར་གྱི་བཀང་སྟེ་དེར་རས་འདི་སྟོང་ཕྲག་བརྒྱ་བཙུགས ་ནས་མར་མེ་སྦར་ཏེ་མགོའི་སྟེང་དུ་བཞག་ཅིང་ལུས་ཐམས་ཅ། དཀྱང་འབར་བར་བྱས་ནས་སྐུ་གདུང་གི་མཆོད་རྟེན་ལ་བསྐོར། བར་བྱེད་དོ།། དེ་ལྟར་མཚན་ཐོག་ཐག་སྔ་དྲོའི་སྐྱ་རེང ་ཤར་གྱི་བར་དུ་འབད་པ་བྱེད་པ་ཉིད་ཀྱི་བ་སྤུའི་ཁུང་བུ་ཙམ་ཡང་དྲོ་བར་མ་གྱུར་ཏེ། པདྨའི་ཚལ་དུ་བཞུགས་པ་བཞིན་ནོ།། ཆོས་ཞེས་བྱ་བ་འདི་རང་ཉིད་བསྲུང་ན་ཆོས་བསྲུངས་པར་འགྱུརརོ།། དེའི་ཕྱིར ་གསུངས་པ།། ཆོས་བཞིན་བསྲུང་ན་ཆོས་སྤྱོད།། ཆོས་ཀྱིས་བསྐུལ་ན་ཆོས་བཞིན་ཐག།། ལེགས་པར་བསྒྲལ་ན་ཆོས་ཕན་ཡོན།། ཆོས་སྤྱོང་ངན་འགྲོར་མོ་འགྲོའོ།། འདིའི་ལས་ཀྱིས་འབྲས ་བུ་བཅོམ་ལྡན་འདས་དེ་སྐུའི་འོད་ཀྱིས་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཁྱབ་ཅིང་གནས།། དེའི་ཚེ་བདག་ཅག་ནི་བྱང་ཆུབ་སེམས་དཔའ་ཤིན་ཏུ་སྲེད་པ་ཞེས་བྱ་བའི་བྲམ་ཟེར་གྱུར་ཏོ།། ་དེས་སྟོན་པ་འདྲོན་དུ་གཉེར་བའི་ཕྱིར་དྲུང་དུ་སོང་སྟེ་ཆོས་སྙན་པའི་བཤད་པ་ཐོས་ནས་བཙུན་པ་སང་བདག་གི་གདུགས་ཚོད་ལ་བྱོན་པ་ཞུ་ཞེསོ།། བྲམ་ཟེར་དགེ་སློང་ད་དུ་ཙམ་དགོས་ཞེས་གསུངས་པ ་དང་བཙུན་པ་འཁོར་དང་བཅས་པའི་དགེ་འདུན་དུ་ཙམ་བདོག་ཅེས་ཞུའོ།། དེའི་ཚེ་སྟོན་པའི་འདུས་པ་དང་པོ་ཉིད་ཙམ་ཡོད་དོ།། དེའི་ཕྱིར་བྱེ་བ་སྟོང་ཕྲག་བརྒྱ་ཡོད་ཅེས་གསུངས་པ་དང་། བཙུན ་པ་འཁོར་ཐམས་ཅད་དང་བཅས་པ་བདག་གི་ལྡང་བར་གདུགས་ཚོད་ལ་བྱོན་པར་ནུ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་གནང་སྟེ་བྲམ་ཟེས་སང་དོན་དུ་གཉེར་ཅིག། ཁང་པར་འགྲོ་ཞིང་བས ་བ་བདག་གིས་དགེ་སློང་འདི་རྣམས་ལ་ཐུག་པ་དང་ཟན་དང་གོས་ར་ལ་སོགས་པ་འབུལ་བར་ནུསོ།། བཞུགས་པའི་གནས་ཇི་ལྟ་བུ་ཞེས་བསམ་སོ།། དཔག་ཚད་བརྒྱད་ཁྲི་བཞི་སྟོང ་གི་སྟེང་ན་གནས་པའི་ལྷའི་རྒྱལ་པོའི་ལ་བ་དམང་པོའི་རྡོ་ལེབ་ལ་བཞུགས་པ་ན་དྲོ་བར་གྱུར་ཏེ། བརྒྱ་བྱིན་གང་ཞིག་བདག་གི་གནས་འདིར་འདོང་བའི་སེམསུ་ཞིག་ལ་ཡང ་སྙམ་པ་དང་། ལྷའི་དབང་པོས་ལྷའི་མིག་གིས་བལྟས་པས་སྐྱེས་བུ་ཆེན་པོ་དེ་མཐོང་ནས། འདི་ལྟར་ཤིན་ཏུ་སྲེད་པའི་བྲམ་ཟེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་འདྲོན ་དུ་གཉེར་ཏེ། བཞུགས་པའི་གནས་ཀྱང་བསམས་ཀྱི།། བདག་ཀྱང་དེར་ཕྱིན་ནས་བསོད་ནམས་ཀྱི་ཆ་ལེན་པར་རིག་སོ་སྙམས་ནས་ཤིང་མཁན་གྱི་གཟུགསུ་སྤྲུལ་ཏོ།། སྟེའུ་དང་དགྲ ་སྟ་བླངས་ཏེ་སྐྱེས་བུ་ཆེན་པོའི་མདུན་དུ་གནས་པར་གྱུར་ནས། གང་སུ་ཞོག་ཁོ་བོ་ལ་བླ་བྱིན་ཏེ་ལས་ཀ་བྱེད་པ་ཡོད་ཅེས་སྨྲསོ།། སྐྱེས་བུ་ཆེན་པོས་གཟིགས་ཏེ། གང་ཞིག་ལས ་ཀ་བྱེད་ནུས་ཞེས་གསུངས་པ་དང་། བདག་གིས་མི་ཤེས་པའི་བཟོ་མེད་དོ།། ཁང་པ་འམ་བསྟི་གནས་སམ་གང་ཞིག་ཅུང་ཟད་བྱེད་པའི་བཟོ་དེ་བདག་གིས་བྱེད་ཡང་ནུས་སོ ་ཞེས་ཟེར་རོ།། བྱང་ཆུབ་སེམས་དཔས་སྨྲས་པ། དེའི་ཕྱིར་ང་ལ་ལསུ་བྱ་བ་ཡོད་དེ། ཁོ་བོས་སང་འཕགས་པ་ལས་བྱེ་བ་ཕྲག་བརྒྱ་པའི་དགེ་སློང་གི་དགེ་འདུན་འགྲོན་དུ་གཉེར་ཏོ།། དེ་རྣམས་བཞུགས ་བོའི་གནས་བྱེད་པར་ནུས་སམ། སྨྲས་པ་བདག་གིས་བགྱིའོ།། བདག་ལ་བླ་སྟེར་ནུས་སམ། བུ་བདག་གིས་ནུསོ།། ལེགསོ་ཞེས་བྱ་བ་ལེགས་པར་བྱསོ།། ཕྱིན་ནས་ས་ཕྱོགས་གཅིག ་བལྟས་ནས་དཔག་ཚད་བཅུ་གཉིས་སམ་བཅུ་གསུམ་པའི་ཚ་ད་ཀྱི་ས་ཕྱོགས་ཅིག་ཏུ་ཟད་པར་སྔོན་པོའི་དཀྱིལ་འཁོར་བཞིན་དུ་སྟེང་མཉམ་པར་བྱའོ།། དེས་འདི་རྣམས་ཀྱི ་གནས་ཙམ་དུ་རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་བསྟི་གནས་ས་འོག་ནས་ཕྱུང་ནས་བྱའོ་ཞེས་བསམ་ཞིང་བལྟའོ།། དེ་མཿག་པར་ས་གཞི་བརྟོལ་ནས་བསྟི་གནས་གྲུབ་བོ།། ་དེ་ནི་གསེར་ལས་བྱུང་བའི་ཀ་ཞུའི་སྟེང་དུ་གསེར་ལས་བྱུང་བའི་གདུང་།། ནོར་བུའི་ཀཾ་བ་ལ་བྱི་རུའི་རང་བཞིན་ནོ།། བྱི་རུའི་ཀ་བ་ལ་ནོར་བུའི་རང་བཞིན་ནོ།། རིན་པོ་ཆེ་སྣ་བདུན་ལས་བྱུང་བའི ་ཀ་བ་ལ་རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་ཀ་ཞུ་ཉིད་དོ།། དེ་ནས་བསྟི་གནས་ཀྱི་བར་བར་དུ་གཡེར་ཁའི་དྲ་བ་འཕྱང་བ་ལ་བལྟ་ཞིང་དེ་བལྟས་ཙམ་ཉིད་ན་དྲ་བ་འཕྱང་།། གང་ལ་རླུང་གིས ་སྐྱོད་པ་དེ་ལ་ཡན་ལག་ལྔ་པའི་རོལ་མོ་སྒྲ་སྙན་སྒྲོགས་ཏེ། ལྷའི་གླུ་དབྱངས་སྒྲོགས་པ་བཞིན་ནི།། བར་བར་དུ་སྤོས་ཀྱི་ཕྲེང་བ་དང་མེ་ཏོག་གི་ཕྲེང་བ་འཕྱང་བ་ལ་སེམས་ཞིང་ཕྲེང་བ ་འཕྱང་བ་ལའོ།། བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་གི་དགེ་འདུན་གྱི་གྲངས་ཀྱིས་སྟན་དང་རྒྱབ་རྟེན་རྣམས་ས་གཞི་ལ་བརྟོལ་ནས་བྱུང་བར་བསམ་སོ།། དེ་མ་ཐག་ཏུ་སའི་སྟེང་དུ་གྲུབ་བོ།། མཚམས་དང ་མཚམས་རྣམ་སུ་རེ་རེ་ཆུའི་སྣོད་ཆེན་པོ་གྲུབ་པ་བསམ་སོ།། ཆུའི་སྣོད་ཆེན་པོ་དེ་རྣམས་གྲུབ་བོ།། དེ་དག་ཐམས་ཅད་སྤྲུལ་ནས་བྲམ་ཟེའི་དྲུང་དུ་སོང་ནས། འཕགས་པ་འདོར་བྱོན་ལ་བསྟི་གནས ་གཟིགས་མཛོད།། བདག་ལ་བླ་སྦྱིན་པར་རིགསོ་ཞེས་ཞུས་ནས་སྐྱེས་བུ་ཆེན་པོ་གཤེགས་ཏེ་བསྟི་གནས་གཟིགས་ནས་དེ་མ་ཐག་ཏུ་བརྒྱ་བྱིན་མི་སྣང་བར་གྱུར་ཏོ།། གཟིགས་པ ་ཙམ་ན་ལུས་ཐམས་ཅད་ཁ་དོག་ལྔ་དང་ལྡན་པ་ལཾ་དགའ་བ་རྒྱུན་མི་འཆད་པར་འཕྲོ་བར་གྱུར་ཏོ།། དེ་ནས་བསྟི་གནས་གཟིགས་ནས་འདི་ལྟར་ཡིད་ལ་བསམ་སོ།། བསྟི་གནས་འདི ་མིར་གྱུར་པས་སྒྲུབས་པ་མ་ཡིན་ནོ།། སླར་ཡང་བདག་གི་ལྷ་ག་པའི་བསམ་པ་དང་བདག་གི་ཡོན་ཏན་རྟོགས་པས་ངེས་པར་བརྒྱ་བྱིན་ལྷའི་དབང་པོས་བསྟི་གནས ་འདི་བྱས་པར་གྱུར་ཏོ།། དེ་ནས་སླར་ཡང་འདི་ལྟ་བུའི་ཚུལ་གྱི་བསྟི་གན་སུ་ཉི་མ་གཅིག་ཉིད་ལ་སྦྱིན་པ་གཏོང་བ་ནི་བདག་གི་རིགས་པ་མ་ཡིན་ནོ།། ཉི་མོ་བདུན་དུ་བདག་གིས་སྟེར་བར ་བསམ་སོ།། ཕྱི་རོལ་གྱི་སྦྱིན་པས་ཇི་ཙམ་གྱིས་ཀྱང་ཆུབ་སེམས་དཔའ་རྣམས་དགྱེས་པར་མི་ནུ་སོ།། རྒྱན་གྱིས་བརྒྱན་པའི་མགོ་བོ་བཅད་པ་དང་དྲི་མ་མེད་པའི་མིགེ་བཏོང་བ་དང་སྙིང ་གི་ཤ་བྲེགས་པ་འམ་བཙོང་ནས་བྱིན་པའི་དུས་སུ་བྱང་ཆུབ་སེམས་དཔའ་བཏང་བའི་དགྱེས་པར་འགྱུརརོ།། བདག་ཅག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་སི་བའི་སྐྱེས་རབས་ལས ་ཉི་མ་རེ་རེར་དོང་རྩེ་ཁལ་ལྔ་ལྔ་རི་བའི་རིན་གྱིས་ཉོས་ནས་སྒོ་བཞི་དང་གྲོང་ཁྱེར་གྱི་དབུས་སུ་སྦྱིན་པ་གཏོང་ངོ་།། དེའི་སྦྱིན་པ་གཏོང་ངོ་།། དེའི་སྦྱིན་པ་དེ་གཏོང་བས ་ཡོངསུ་ཚིམ་པ་མེདོ།། སླར་ཡང་གང་གི་ཚེ་བརྒྱ་བྱིན་ལྷ་ཡི་རྒྱལ་པོ་བྲམ་ཟེའི་གཟུགས་ཀྱིས་འོངས་ནས་མིག་བླངསོ།། དེ་ཡི་ཚེ་དེ་ཡི་མིག་བཏོན་ནས་སྟེར་བ་ཉིད་ཀྱིས་དགྱེས་པར ་འགྱུརརོ།། སྐྲའི་རྩེ་མོ་ཙམ་ཡང་སེམས་ལ་སྡུག་བསྔལ་བར་མི་འགྱུརརོ།། དེ་བཞིན་དུ་སྦྱིན་པའི་རྒྱུས་བྱང་ཆུབ་སེམས་དཔའ་ལ་ཚིམ་པ་མེད་དོ།། དེ་ཡི་སྟེར་བ་སྐྱེས་བུ་ཆེན་པོ་དེ་ཡང ་ཞག་བདུན་བདག་གིས་བྱེ་བ་སྟོང་ཕྲག་རྒྱའི་གྲངས་ཀྱིས། དགེ་སློང་གི་དགེ་འདུན་རྣམས་ལ་སྦྱིན་པ་གཏོང་བར་རིག་སོ་ཞེས་བསམ་སོ།། དེ་ཡི་བསྟི་གནས་བཞུགས་ནས། ་ཞག་བདུན་དུ་དགའ་བ་པ་ན་ཞེས་བྱ་བའི་སྦྱིན་པ་བྱིན་ནོ།། དག་འ་བ་ཅན་ཅེས་པ་ནི་ཆེས་ཆེ་བའི་གནོད་ཤིན་དུ་ཆེ་བ་འོམ། ས་བཀང་ནས་ཚད་དབང་ཆེན་པོའི་སྟེང་དུ་གཞག ་ནས་མེ་ས་འོ་མ་ཤིན་དུ་བསྐ་བར་བསྐོལ་ཏེ་འབྲས་ཅུང་ཟད་བཏབ་ནས་བཙེས་ཏེ་སྦྲང་དང་དཀར་བའི་ཕྱེ་མ་དང་མར་གསར་པ་རྣམས་བཙེས་པའི་བཟའ་བའི་འོ་ཐུག་ནི་དགའ་བ་པཱ་ན་ཞེས ་བརྗོད་དོ།། མི་རྣམས་ཀྱིས་འདྲེན་པར་མ་ནུས་ན་ལྷ་རྣམས་ཀྱིས་ཀྱང་བར་བར་དུ་འདྲེ་ན།། དཔག་ཚད་བཅུ་གཉིས་སམ་བཅུ་གསུམ་པའི་ཚད་ཀྱིས་གནསུ་དགེ་སློང་རྣམས་མ་ཤོང་ན། སླར་ཡང ་དགེ་སློང་དེ་རྣམས་རང་རང་གི་མཐུས་བཞུག་སོ།། ཞག་བདུན་གྱི་མཐར་དགེ་སློང་ཐམས་ཅད་ཀྱི་ལྷུང་གཟེང་བཀྲུས་ནས་སྨན་གྱི་ཕྱིར་དུ་མར་གསར་པ་དང་། ཞུན་མར་དང་སྦྲང་དང་། བུ་རམ་བསྐོལ་བའི ་ཆུ་རྣམས་ཀྱིས་ལྷུང་བཟེད་བ་སྐང་ནས་ཆོས་གོས་གསུམ་དང་བཅས་པ་ཕུལོ།། དགེ་འདུན་གཞོན་ནུ་རྣམས་ཀྱིས་དགེ་སློང་གིས་ཐོབ་པའི་ཆོས་གོས་ཀྱི་རྒྱུའི་རས་འབུམ་ཕྲག་གཅིག་རི་བ་ཐོབ་པར་གྱུར ་ཏོ་སྟོན་པ་རྗེ་སུ་ཡི་རང་བ་མཛད།། སྐྱེས་བུ་འདིས་འདི་ལྟ་བུའི་ཚུལ་གྱིས་སྦྱིན་པ་ཆེན་པོ་བྱིན་ནོ།། གང་གི་དོན་དུ་འགྱུར་ཞེས་རྟོག་པར་བྱེད།། མ་འོངས་པའི་བསྐལ་པ་འབུམ་ཕྲག་གཅིག་ལྷག་པའི་གྲང ་མེད་པ་གཉིས་འདས་ལ་གཽ་ཏ་མ་ཞེས་བྱ་བའི་སངས་རྒྱ་སུ་འགྱུར་ཞེས་གཟུགས་ཏེ། སྐྱེས་བུ་ཆེན་པོ་བོས་ནས་ཁྱོད་ཀྱི་དུས་འདི་རྣམས་འདས་ནས་གཽ་ཏ་མ་ཞེས་བྱ་བའི་སངས་རྒྱསུ་འགྱུ་རོ་ཞེས ་ལུང་བསྟམོ།། སྐྱེས་བུ་ཆེན་པོས་ལུང་བསྟན་པ་ཐོས་ནས་བདག་ནི་སངས་རྒྱ་སུ་འགྱུར་བས། བདག་ཁྱིམ་ན་གནས་པ་ལ་དོན་མེད་ཀྱིས་རབ་ཏུ་འབྱུང་སྙམ་དུ་བསམ་སོ།། དེ་དེ་ལྟ་བུའི་ཚུལ་དང་ལྡན ་བས་མཆིལ་མ་དོར་བ་བཞིན་དུ་ཁྱིམ་སྤངས་ནས་སྟོན་པའི་དྲུང་དུ་རབ་ཏུ་བྱུང་ཞིང་བྱུང་ནས་སངས་རྒྱས་ཀྱི་གསུང་རབ་བསླ་བས་ནས་མངོན་པར་ཤེས་པ་དང་སྙོམས་པར་འཇུག་པ ་བསྐྱེད་དེ།། ཚེའི་མཐར་ཚངས་པའི་འཇིག་རྟེན་དུ་སྐྱེ་སོ།། གཞན་ཡང་བཅོམ་ལྡན་འདས་བཀྲ་ཤིས་བཟང་པོའི་གྲོང་ཁྱེར་མཆོག་ཅེས་བྱ་བར་གྱུར་ཏོ།། ཡབ་ནི་མཆོག་གི་རྒྱལ་པོའོ།། ཡུམ་ན ་མཆོག་མ་ཞེས་བྱ་བའོ།། ལྟུང་བབང་དང་། ཆོས་ཀྱི་སྡེ་གཉིས་ནི་ཉན་ཐོས་ཀྱི་མཆོའོ། བསྐྱང་བ་ཞེས་བྱ་བ་ནི་ཉེ་གནསོ།། ཞི་བྱེད་ལེན་དང་། མྱ་ངན་མེད་གཉིས་ནི་ཉན་ཐོས་མའི་མཆོགོ། བྱང་ཆུབ ་ནི་ཀྵ་ཤིང་།། སྐུའི་མཐོ་ཚད་དུ་ཁྲུ་བརྒྱད་པའོ།། སྟོང་ཕྲག་དགུ་བཅུའི་ལོ་ནི་སྐུ་ཚེའི་ཚད་དོ།། སྟོང་ཕྲག་དགུ་བཅུ་བཞུགས་ནས་མྱ་ངན་ལས་འདསོ།། སངས་རྒྱས་མྱ་ངན་ལས་འདས་ནས་སླར་ཡང ་དེ་མཐག་པ་ཞུང་ཕྲག་བཅུ་ལབང་ལུགས་རྒྱགས་ཀུན་མུན་པར་གྱུར་ཏེ། ཁོང་མུག་ཐམས་ཅད་ཀྱི་རྣམས་ཚང་ཆེན་པོ་འདེསས།། ན་ནརག་ཏུ་ནི་འཇིག་རྟེན ་འདྲེན་པ་བཀྲ་ཤིས་པའང་།། འཇིག་རྟེན་ནང་གི་མུན་བསལ་ནས།། ཆོས་ཀྱི་སྣང་བའི་འོད་བཀྱེའོ།། དེ་བཞིན་དུ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་མུན་ནག་དུ་བྱས་ནས་མྱ་ངན་ལས ་འང་སོ།། བཅོམ་ལྡན་འདས་དེའི་འོག་གི་ཆར་ཡིད་བཟང་ཞེས་བྱ་བའི་སྟོན་པ་བྱོན་ནོ།། དེ་ཡི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་ཏེ།། འདུས་པ་དང་པོ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང ་ངོ་འདུས་པ་གཉིས་པ་ལ་གསེར་གྱི་རིལ་བྱེ་བ་སྟོང་ཕྲག་དགུ་བཅུའོ།། གསུམ་པ་ལ་བྱེ་བ་སྟོང་ཕྲག་བ་རྒྱད་བཅུའོ།། དེའི་ཚེ་སེམས་དཔའ་ཆེན་པོ་ཀླུའི་རྒྱལ་པོ་མཉམ ་མེད་ཅེས་བྱ་བར་གྱུར་ཏེ།། རྫུ་འཕྲུལ་གྱི་མཐུ་དང་ལྡན་ཞིང་དེས་སངས་རྒྱས་བྱོན་པ་ཐོས་ནས་གཉེན་གྱི་གྲོགས་རྣམས་འཁོར་དུ་བྱས་ཏེ། ཀླུའི་གནས་ནས་འཐོན་ཏེ། བྱེ་བ་སྟོང་ཕྲག ་བརྒྱའི་དགེ་སློང་གི་འཁོར་དང་བཅས་པའི་བཅོམ་ལྡན་འདས་ལ་ལྷའི་རོལ་མོས་ཉེ་བར་མཆོད་ནས་སྦྱིན་པ་ཆེན་པོ་ཕུལོ།། སོ་སོ་ལ་ལྷའི་གོས་གཉིས་གཉིས་ཕུལ་བས་སྐྱབསུ ་འགྲོ་བའི་ཚུལ་ཁྲིམས་ལ་གན་སོ།། དེ་ཡང་སྟོན་པ་དེས་མ་འོངས་པ་ན་སངས་རྒྱ་སུ་འགྱུར་བར་ལུང་བསྟནོ།། བཅོམ་ལྡན་འདས་དེའི་གྲོང་ཁྱེར་དགེ་བ་ཅན་ཞེས་བྱ་བར་གྱུར་ཏོ།། ལེགས ་བྱིན་ཞེས་བྱ་བའི་རྒྱལ་པོ་ནི་ཡབ་བོ།། དཔལ་ལྡན་མ་ཞེས་བྱ་བ་ནི་ཡུ་མོ།། ངེས་འགྲོ་དང་། གོམས་བྱེད་ནི་ཉན་ཐོས་ཀྱི་མཆོག།། འཆར་བྱེད་ནི་ཉེ་གནསོ།། ཉན་པ་དང་ཉེ་བར་ཉན་པ་གཉིས་ནི ་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཤིང་ནི་ཀླུ་ཤིང་ངོ་།། སྐུའི་མཐོ་ཆང་དུ་ཁྲུ་དྲུག་ཅུའོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ།། བཀྲ་ཤིས་བཟང་པོའི་འོག་ཏུ་མི། འདྲེན་པ་ཐུགས་བཟང་ན ་བྱ་ག། ཆོས་རྣམས་ཀུན་ལ་མཚུངས་མེད་པ། སེམས་ཅན་ཀུན་གྱི་མཆོག་ཡིན་ནོ།། དེའི་ཡང་འོག་གི་ཆར་ནམ་གྲུ་ཅན་གྱི་སྟོན་པ་ཞེས་བྱ་བ་བྱོན་ནོ།། དེའི་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང ་པོ་ལ་བགྲང་དུ་མེད་པ་ཞེས་བྱའོ།། གཉིས་པ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ་།། དེ་བཞིན་དུ་གསུམ་པ་ཡང་།། དེའི་ཚེ་བྱང་ཆུབ་སེམས་དཔའ་ལྷག་པའི་ལྷ་ཞེས་བྱ་བའི་བྲམ་ཟེར ་གྱུར་ཏོ།། སྟོན་པའི་ཆོས་བཤད་པ་ཐོས་ནས་སྐྱབསུ་འགྲོ་བའི་ཚུལ་ཁྲིམས་ལ་གནསོ།། མགོའི་སྟེང་དུ་ཐལ་མོ་སྦྱར་ནས་སྟོན་པ་ལ་དེའི་ཉོན་མོངས་རྣམས་སྤོངས་པའི་བསྔགས་པ ་བརྗོད་ནས་བླ་གོས་ཀྱི་མཆོད་པས་དེ་ཡང་ས། ངས་རྒྱསུ་འགྱུར་རོ་ཞེས་ལུང་བསྟན་ཏོ།། སླར་ཡང་དེའི་བཙོ། མ་ལྡན་འདས་ཀྱི་གྲོང་ཁྱེར་ནི་ནིམ་གྲུ་བཟང་ལྡན་ཞེས་བྱ་བར་གྱུར ་ཏོཡབ་ནི་ཤིན་ཏུ་རྒྱས་པ་ཞེས་བྱ་བའི་རྒྱུ་ལ་པོའོ།། ཡུམ་ནི་ཤིན་ཏུ་རྒྱས་མ་ཞེས་བྱའོ།། ཆུ་ལྷ་དང་ལྷམ་ངེས་པ་ནི་ཉན་ཐོས་ཀྱི་མཆོག། ཡང་དག་འབྱུང་ཞེས་བྱ་བ་ནི་ཉེ་གན ་སོར་བཟང་མོ་དང་ལེགས་བཟང་མོ་ནི་ཉན་ཐོས་མའི་མཆོགོ། བྱང་ཆུབ་ཀྱི་ཤིང་ནི་ཀླུ་ཤིང་ངོ་།། སྐུ་མཐོ་ཚང་དུ་ཁྲུ་བརྒྱད་ཅུའོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དྲུག་ཅུའོ།། ཐུགས་བཟང་ནི ་འོག་ཏུ་ནི།། འདྲེན་པ་ནམ་གྲུ་ཅན་ཞེས་བྱ།། མཚུངས་པ་མེད་ཅིང་དཔེ་མི་། རྒྱལ་བ་མཉམ་མོ་མཆོག་ཏུ་གྱུར།། དེའི་འོག་གི་ཆར་མཛེས་བྱེད་ཞེས་བྱ་བའི་སྟེན་པ་བྱོན་ནོ།། དེའི་འདུས ་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་བརྒྱའི་དགེ་སློང་ངོ་།། གཉིས་པ་ལ་བྱེབ་དགུ་བཅུའོ།། གསུམ་པ་ལ་བྱེ་བ་བརྒྱད་ཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་མ ་ཕམ་པ་ཞེས་བྱ་བའི་བྲམ་ཟེར་གྱུར་ཏོ།། སྟོན་པའི་ཆོས་བསྟན་པ་ཐོས་ནས་སྐྱབསུ་འགྲོ་བའི་ཚུལ་ཁྲིམས་ལ་གནས།། སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་ཆེན་པོ་བཏ་། ་དེས་ཡང་སངས་རྒྱསུ་འགྱུར་བར་ལུང་བསྟན་ཏོ།། སླར་ཡང་བཅོམ་ལྡན་འདས་དེའི་གྲོང་ཁྱེར་ཆེས་བཟང་ཞེས་བྱ་བར་གྱུར་ཏོ།། ཡབ་ནི་ཆོས་བཟང་རྒྱལ་པོའོ།། ཡུམ་ནི་ཆོས་བཟོང་མ་ཞེས་བྱའོ།། ་མཚུངས་མེད་དང་ལེགས་སྤྱན་ནི་ཉན་ཐོས་ཀྱི་མཆོག། ཡིད་ལྡནན་ནི་གནས་སོ།། རིག་མ་དང་། ལེགས་སྐྱེས་མ་ནི་ཉན་ཐོས་མའི་མཆོགས། བྱང་ཆུབ་ཀྱི་ཞིང་ནི་ཀླུ་ཤིང་ཉིང་།། སུམཆེམ ་ཁྲུ་ལྔ་བཅུ་རྩ་བརྒྱད་དོ།། སྒོ་ཚེའི་ཚད་ནི་ལེ་སྣང་ཕྲག་དགུ་བཅུའོ།། ནམ་གྲུ་ཅན་གྱི་འོག་ཏུ་ནི། འདྲེན་པ་མཛ་ས་བྱེད་ཞེས་བྱ་བ།། མཉམ་པར་བཞག་ཅིང་ཐུགས་ནི་ནི།། གང ་ཟག་ཟླ་མེད་མཚུངས་མེད་དོ།། དེའི་འོག་གི་ཆར་བསྐལ་པ་གྲངས་མེད་པ་ཅིག་འདས་ནས་བསྐལ་པ་གཅིག་གི་ནི་ནང་དུ་སངས་རྒྱས་གསུམ་བྱོན་ནོ།། ཐུགས་ལྡན་མཐོང་བ་དང་། པདྨ་དང ་མི་སྦྱིན་ནོ།། བཅོམ་ལྡན་འདས་ཐུགས་ལྡན་མཐོང་གི་འདུས་པ་གསུམ་དུ་གྱུར་ཏེ། དང་པོ་ལ་དགེ་སློང་འབུམ་ཕྲག་གཅིག་གོ།། གཉིས་པ་ལ་འབུམ་ཕྲག་བདུན་ནོ།། གསུམ་པ་ལ ་འབུམ་ཕྲག་དྲུག་གོ།། དེ་ནས་བྱང་ཆུབ་སེམས་དཔའ་གནོད་སྦྱིན་གཅིག་ཏུ་གྱུར་ཏོ།། རྫུ་འཕྲུལ་དང་མཐུ་ཆེན་པོ་དང་ལྡན་པའི་བྱེ་བ་སྟོང་ཕྲག་བརྒྱད་མའི་གནོད་སྦྱིན་རྣམས་ཀྱི་བདག ་བོར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་བྱོན་པ་ཐོས་ནས་འོངས་ཏེ་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་ཆེན་པོ་བཏང་ངོ་།། སྟོན་པས་ཀྱང་མ་འོངས་པའི་སངས་རྒྱས ་སུ་འགྱུ་རོ་ཞེས་ལུང་བསྟན་ནོ།། གཞན་ཡང་བཅོམ་ལྡན་འདས་ཐུགས་ལྡན་མཐོང་གི་གྲོང་ཁྱེར་ནི་ལ་བ་ཅན་ཞེས་བྱ་བར་འགྱུར་རོ།། ཡབ་ནི་གྲགས་ལྡན་རྒྱལ་པོའོ།། ཡུམ་ནི་གྲགས་འཛིན ་མའོ། དངས་བཟང་དང་ཡིད་ལྡན་ནི་ཉན་ཐོས་ཀྱི་མཆོག་གོ། ཆུ་ལ་ནི་ཉེ་གནས་སོ།། ལེགས་མཛེས་དང་ཡིད་བཟང་མ་ནི་ཉན་ཐོས་མའི་མཆོག་གོ། བྱང་ཆུབ་ཀྱི་ཤིང་ནི་སྲོང་སྒྲུབ་ཀྱི་ཤིང་ངོ་ངོ ་སྐུའི་མཐོ་ཆང་ཁྲུ་ལྔ་བཅུ་རྩ་བརྒྱད་དོ།། འབུམ་པ་རགྲ་གཅིག་གི་ལོ་ནི་སྐུ་ཚེའི་ཚང་ངོ་།། མཛེས་བྱེད་ཀྱི་ནི་འོག་ཏུ་ནི།། རྐང་གཉིས་མཆོག་གི་རྫོགས་སངས་རྒྱས།། ཐུགས་བཟང་མཐོང ་དང་འཆི་མེད་གྲགས།། གཟི་བརྗིད་ལྡན་ནིང་རིང་།། མཐོང་ངོ་།། དེའི་འོག་གི་ཆར་པདྨ་ཞེས་བྱ་བའི་སྟོན་པ་བྱོན།། ། དེའི་ཡང་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་བྱེ ་འབུམ་ཕྲག་གཅིག་གི་དགེ་སློང་ངོ་།། གཉིས་པ་ལ་འབུམ་ཕྲག་གསུམོ།། གསུམ་པ་ལ་གྲོང་མེད་པའི་དགོན་པོར་ནགས་ཚལ་ཆེན་པོ་ན་དགེ་སློང་འབུམ་ཕྲག་གཉིས་གན་སོ།། དེའི ་ཚེ་དེ་བཞིན་གཤེགས་པ་ཡང་དེའི་ནགས་ཚལ་ཆེན་པོར་བཞུགས་པའི་ཚེ། བྱང་ཆུབ་སེམས་དཔའ་སེང་གེར་སྐྱེས་པར་གྱུར་ཏོ།། སྟོན་པས་འགོག་པ་ལ་སྙོམས་པར་ཞུག་སོ།། བཞུགས ་བ་མཐོང་ནས་སེམས་རབ་ཏུ་དང་པས་ཕྱག་བྱས་ནས་བསྐོར་བ་བྱས་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེ་སོ།། ལན་གསུམ་དུ་སེང་གེའི་སྒྲ་སྒྲག་སོ།། ཞག་བདུན་དུ་སངས་རྒྱས་ཀྱི་ཕྱིར་དུ་དགའ ་འམ་སྤངས་པས་དགའ་བ་དང་བདེ་ང་རྩ་སྤྱད་སུལ་དུ་མ་བྱིན་པར་སྲོག་ས་སུ་འ་ངོ་སྙམ་སྟེ་བསྟན་འདུའོ།། སྨོན་པ་ཞག་བདུན་ནས་འགོག་པའི་རྣམས་པར་དུ། ་བ་ལ་ལངས་ནས།། སེང་གེ་ལ་བལྟ་ཞིང་དགེ་སློང་གི་དགེ་འདུན་རྣམས་ཀྱིས་ཀྱང་སེམས་དང་བར་བྱས་ནས་དགེ་འདུན་ལ་ཕྱག་བྱེད་དོ་ཞེས་བརྗོད་ཅིང་དགེ་སློང་གི་དགེ་འདུན་ཤོག་ཅེས ་བསམས་ཏེ་དགེ་སློང་རྣམས་དེ་མ་ཐག་ཏུ་བྱིན་ནོ།། སེ་གྲེ་དགེ་འདུན་ལ་སེམས་རབ་ཏུ་དང་པར་བྱེད་དོ།། སྟོན་པས་དེའི་སེམས་ལ་བརྟགས་ཏེ་མ་འོངས་པ་ན་སངས་རྒྱས་སུ་འགྱུརརོ་ཞེས ་ལུང་བསྟན་ནོ།། སླར་ཡང་བཅོམ་ལྡན་འདས་པདྨའི་དགྲོང་ནི་ཙམ་པ་ཀ་ཞེས་བྱ་བར་འགྱུརོ།། ཡབ་ནི་པདྨའི་རྒྱལ་པོ་འོ།། ཡུམ་ནི་མཚུངས་མེད་མ་ཞེས་བྱའོ།། སཱ་ལ་དང་ཨུ་བ་སཱ་ལ། ་ནི་ཉན་ཐོས་ཀྱི་མཆོགོ།། ཆུ་ལྷ་ཞེས་བྱ་བ་ནི་ཉི་གནས།། དགའ་མ་དང་ཤིན་ཏུ་དགའ་མ་ནི་ཉན་ཐོས་མའི་མཆོག་བྱང་ཆུབ་ཀྱི་ཤིང་ནི་སྲོ་ནའི་ཤིང་ངོ་།། སྐུའི་མཐོ་ཚད་དུ་ཁྲུ་ལྔ ་བཅུ་རྩ་བརྒྱད་དོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་གཅིག་གོ།། ཐུགས་ལྡན་མཐོང་གི་འོག་ཏུ་ནི།། རྐང་གཉིས་མཆོག་གི་རྫོགས་སངས་རྒྱས།། མཚན་ནི་པདྨ་ཞེས་བྱ་བ།། གང་ཟག ་ཟླ་མེད་མཚུངས་མེདོ།། དེའི་འོག་ཏུ་མེས་སྦྱིན་ཞེས་བྱ་བའི་སྟོན་པ་བྱོན་ནོ།། དེའི་ཡང་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ་།། གཉིས ་བ་ལ་བྱེ་བ་འབུམ་ཕྲག་དགུ་བཅུའོ།། གསུམ་པ་ལ་བྱེ་བ་བརྒྱད་ནུ་དང་འབུམ་ཕྲག་གཅིག་གོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་དྲང་སྲོང་གི་རབ་ཏུ་བྱུང་བ་ལ་རབ་ཏུ་བྱུང་སྟེ་མངོན་པར། ་གེས་པ་ལྔ་དང་སྙོམས་པར་འཇུག་པ་བརྒྱད་པོ་དབང་དུ་གྱུར་ཏེ། སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་ཆེན་པོ་བཏང་ནས། ཙན་དན་དམར་པོས་མཆོད་ནས་དེ། ་ཡང་དེས་མ་འོངས་པ་ན་སངས་རྒྱས་པར་འགྱུརརོ་ཞེས་ལུང་བསྟན་ཏོ།། བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་འབྱོར་ལྡན་ཞེས་བྱ་བར་འགྱུར།། ཡབ་ནི་བློ་གྲོས་བཟང་པོ་ཞེས་བྱ་བའི་རྒྱལ ་པོ་འོད་ཡུམ་ནི་ཡོད་ལྡན་མ་ཞེས་བྱ་བའོ།། རྒྱལ་བྱེད་བ་ཤེག་ཉེན་ནི་ཉན་ཐོས་ཀྱི་མཆོགོ།། གནས་མཆོག་ནི་ཉེ་གནས་སོ།། མཆོག་མ་དང་འབྲས་བུ་ཅན་མ་ནི་ཉན་ཐོས་མའི་མཆོག་གོ།། ་བྱང་ཆུབ་ཀྱི་ཤིང་ནི་སྔོན་ཆེན་པོའོ།། སྐུའི་མཐོ་ཆེད་དུ་ཁྲུ་བརྒྱད་ཅུ་རྩ་བརྒྱད་པའོ།། སྐུ་ཚེའི་ཚད་ན་ལོ་སྟོང་ཕྲག་དགུ་བཅུའོ།། པདྨ་ཡིན་འོག་ཏུ་ནི།། རྐང་གཉིས་མཆོག་གི་རྫོགས་སངས ་རྒྱས་མཚན་ན་མོ་སྦྱིན་ཞེས་བྱ་བ།། གང་ཟག་ཟླ་མ་ད་མཚུངས་མེད་དོ།། སངས་རྒྱས་མིས་སྦྱིན་གྱི་འོག་གི་ཆར་འདི་ནས་བསྐལ་པ་འབུམ་ཕྲག་གཅིག་གིས་མགོ་ནས་འཕྱ ་ཏེ་བསྐལ་པ་གཅིག་ཉིད་ཀྱི་ནང་དུ་སངས་རྒྱས་པདྨ་མཆོག་ཅེས་བྱ་བ་བྱོན་ནོ།། དེའི་ཡང་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་།། གཉིས ་བ་ལ་བཾ་བྷ་རིའི་རི་ལ་བྱེ་བ་སྟོང་ཕྲག་དགུ་བཅུའོ།། གསུམ་པ་ལ་བྱེ་བ་སྟོང་ཕྲག་བརྒྱད་བཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་རལ་པ་ཅན་ཞེས་བྱ་བའི་ཡུལ་འཁོར་ཆེན་པོར་སྐྱེས་སོ ་སངས་རྒྱས་ལ་སོགས་པའི་དགེ་འདུན་རྣམས་ལ་ཆོས་གོས་དང་བཅས་པའི་སྦྱིན་པ་ཆེན་པོ་བཏ་།། དེ་ཡང་དེས་མ་འོངས་པ་ན་སངས་རྒྱས་པར་འགྱུ་རོ་ཞེས་ལུང་བསྟན།། གཞན་ཡང ་བཅོམ་ལྡན་འདས་པདྨ་མཆོག་གི་དུས་སུ་མུ་སྟེགས་ཞེས་བྱ་བའི་མིང་ཡང་མེད་དོ།། ལྷ་དང་མི་ཐམས་ཅད་སངས་རྒྱས་ལ་སྐྱབསུ་འགྲོ་བའོ།། དེ་ཡི་གྲོང་ཁྱེར་ནི་ངང་པ་ལྡན་ཞེས་བྱ་བར ་འགྱུརརོ།། ཡབ་ནི་ཀུན་དགའ་བོ་ཞེས་བྱ་བའི་རྒྱལ་པོའོ།། ཡུམ་ནི་ལེགས་མ་ཞེས་བྱ་བའོ།། ལྷའི་སྤྱན་དང་ལེགས་སྐྱེས་ནི་ཉན་ཐོས་ཀྱི་མཆོག་གོ།། ཡིད་བཟང་ཞེས་ནི་ཉེ་གནསོ།། གྲོགས་མེད་མ་དང ་མཚུངས་མེད་མ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནི་ཤྭ་ལའི་ཤིང་ཉིད་དོ།། སྐུའི་མཐོ་ཚང་དུ་ཁྲུ་བརྒྱད་ཅུ་རྩ་བརྒྱད་དོ།། སྐུའི་འོད་ཀུན་ནས་འཁོར་བ་ལ་དཔག་ཚད་བཅུ་གཉིས།། ་སྐུ་ཚེའི་ཚད་ནི་ལོ་འབུམ་ཕྲག་གཅིག་གོ།། མི་སྦྱིན་གྱི་ནི་འོག་ཉིད་དུ། རྐང་གཉིས་མཆོག་གི་རྫོགས་སངས་རྒྱདས།། རྒྱལ་བ་པདྨ་མཆོག་ཞེས་པ།། མི་འཁྲུགས་རྒྱ་མཚོ་ལྔ ་བུའོ་དེའི་འོག་གི་ཆར་བསྐལ་པ་སྟོང་ཕྲག་གོས་མ་འདས་ནས།། བློ་གྲོས་བཟང་པོ་དང་ལེགས་སྐྱེས་ཞེས་བྱ་བ་ནི་བསྐལ་བ་གཅིག་ནང་དུ་སངས་རྒྱས་གཉི་སུ་གྱུར་ཏོ།། ་བློ་གྲོས་བཟང་པོའི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ན་བྱེ་བ་བརྒྱའི་ཟག་པ་ཟད་པའོ།། འདུས་པ་གཉིས་པ་ལ་ཡང་བྱེ ་བ་དགུ་བཅུར་འགྱུར་རོ།། འདུས་པ་གསུམ་པ་ལ་ནི་བྱེ་བ་བརྒྱད་ཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་ལུས་མཆོག་ཅེས་བྱ་བ་བྲམ་ཟེའི་ཁྱེའུར་གྱུར་ཏོ།། སའི་འོག་ཏུ་གཏེར་དུ་བཅུག་པ ་ཉིད་བྱེ་བ་བརྒྱད་བཅུའི་ནོར་རྣམས་སྤེལ་ནས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་ཆེན་པོ་ཕུལ་ཏེ་ཆོས་མཉན་ནས་སྐྱབསུ་འགྲོ་བའི་སྡོམ་པ་ལ་གན་སོ།། རབ་ཏུ ་བྱུང་ནས་ནགས་ཚལ་དུ་བྱོན་ནོ།། དེ་ཡང་མ་འོངས་པ་ན་སངས་རྒྱས་པར་ལུང་བསྟན་ནོ།། བཅོམ་ལྡན་འདས་བློ་གྲོས་བཟང་པོའི་གྲོང་ཁྱེར་ནི་བལྟ་ན་སྡུག་ཅེས་བྱ་བར་གྱུར་ཏོ།། ཡ་བ་ནི་ལེགས། ་སྦྱིན་ཞེས་བྱ་བའི་རྒྱལ་པོའོ།། ཡུམ་ནི་ལེགས་སྦྱིན་མ་ཞེས་བྱའོ།། དེས་འབྱུང་དང་ཐམས་ཅད་འདོད་ནི་ཉན་ཐོས་ཀྱི་མཆོག་གོ།། རྒྱ་མཚོ་ཞེས་བྱ་བ་ནི་ཉེ་གན་སོ།། དགའ་མ་དང་ཤིན་ཏུ་དགའ་མ ་ནོ་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནི་ཤིང་ནི་བ་ཆེན་པོའོ།། སྐུ་མཐོ་ཆང་དུ་ཁྲུ་བརྒྱད་ཅུ་རྩ་བརྒྱ་འོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ།། པདྨ་མཆོག་གི་འོག་དུ་ནི།། འདྲེན་པ ་བློ་བཟང་ཞེས་བྱ་བ། འོད་ཟེར་དྲག་ཅིང་རིང་ལ་སེམས།། ཐུབ་པ་འཇིག་རྟེན་ཀུན་གྱི་མཆོག། དེའི་འོག་གི་ཆར་ལེགས་སྐྱེས་བྱ་བའི་སྟོན་པ་བྱོན་ནོ།། དེའི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་དུ ་གྱུར་ཏེ། འདུས་པ་དང་པོ་ལ་དགེ་སློང་སྟོང་ཕྲག་དྲུ།། གཅུའོ།། གཉིས་པ་ལ་སྟོང་ཕྲག་ལྔ་བཅུའོ།། གསུམ་པ། ལ་སྟོང་ཕྲག་བཞི་བཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ ་འཁོར་ལོ་སྒྱུར་བའི་རྒྱལ་པོར་གྱུར་ཏེ། སངས་རྒྱས་བྱོན་ཞེས་ཐོས་ནས་ཉེ་བར་སོང་སྟེ། ཆོས་ཐོས་ནས་སངས་རྒྱསེ་ལ་སོགས་པའི་དགེ་འདུན་ལ་རིན་པོ་ཆེ་སྣ་བདུན་དང་བཅས ་བའི་གླིང་ཆེན་པོ་བཞིའི་རྒྱལ་སྲིད་སྦྱིན་པར་བཏང་ནས། སྟོན་པའི་དྲུང་དུ་རབ་ཏུ་བྱུང་ངོ་།། ཡུལ་ཐམས་ཅད་ན་གནས་པའི་ཡུལ་དུ་སྐྱེས་པའི་ནོར་བླངས་ནས་གཙུག་ལག་ཁང་རྣམས་རྫོགས ་བར་བྱ་སྟེ། སངས་རྒྱས་ལ་སོགས་པའི་དགེ་སློང་རྣམས་ལ་སྦྱིན་པ་ཆེན་པོ་ཕུལ་ལོ།། དེ་ཡང་མ་འོངས་པ་ན་སྟོན་པས་སངས་རྒྱས་པར་འགྱུར་ཞེས་ལུང་བསྟན་ནོ།། བཅོམ་ལྡན་འདས ་དེའི་གྲོང་ཁྱེར་ནི་བཀྲ་ཤིས་བཟང་པོ་ཞེས་བྱ་བར་གྱུར་ཏོ།། ཡབ་ནི་དྲག་པོ་ཞེས་བྱ་བའི་རྒྱལ་པོའོ།། ཡུམ་ནི་འོད་ལྡན་མ་ཞེས་བྱ་བའོ།། བལྟ་ན་སྡུག་དང་ལྷ་གཉིས་ནི་ཉན་ཐོས ་ཀྱི་མཆོག་གོ།། མི་སྦྱིན་ནོ་ཉེ་གན་སོ།། གླུ་མ་དང་གླུ་མའི་ཕྲེང་བ་དང་བཅས་པ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནི་འོད་མ་ཆེན་པོའོ།། དེའི་ནང་བུག་པ་ཕྲ་མོ་ཅན་ནོ།། སྡོང་པོ་ནི་སྡུག ་པོའོང་སྟེང་ན་ཡ་ལོ་གརྨ་བྱའི་གདུགས་ལྟར་མཛེས་པའི་འདབ་མ་ཅན་ནོ།། བཅོམ་ལྡན་འདས་དེའི་སྐུ་མཐོ་ཚད་དུ་ཁྲུ་ལྔ་བཅུའོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ།། སྙིང་པོའི ་བསྐལ་པ་དེ་ཉིད་ལ།། འདྲེན་པ་ལེགས་སྐྱེས་ཞེས་དབྱ་བ།། ཁྱུ་མཆོག་དཔུང་བ་སེང་གེའི་འགྲམ།། རིང་ལ་སེམ། ས་ཞིང་གཞལ་དུ་མེད།། དེའི་འོག་གི་ཆར་འདི་ནས་བསྐལ་པ ་བརྒྱ་དང་བཅཝོ་བརྒྱད་ཀྱི་མགོ་ནས་བརྩམས་ནས་བསྐལ་པ་གཅིག་ལ་དགའ་མཐོང་དང་།། དོན་མཐོང་དང་། ཆོས་མཐོང་སྟེ་སངས་རྒྱས་གསུམ་བྱོན།། དགུར་མཐོང་གི་ཡང ་ཉན་ཐོས་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ་།། གཉིས་པ་ལ་བྱེ་བ་དགུ་བཅུའོ།། གསུམ་པ་ལ་བྱེ་བ་བརྒྱད་ཅུའོ།། དེའི་ཚེ་བྱང་ཆུབ་སེམས ་དཔའ་འོད་སྲུངས་ཞེས་བྱ་བའི་བྲམ་ཟེའི་ཁྱེའུར་གྱུར་ཏོ།། རིག་བྱེད་གསུམ་གྱི་ཕ་རོལ་ཏུ་ཕྱིན་ནས་སྟོན་པའི་ཆོས་བསྟན་པ་ཐོས་ཏེ་བྱེ་བ་སྟོང་ཕྲག་བརྒྱའི་ནོར་ཡོངསུ་བཏང་ནས་དགེ་འདུན ་གྱི་གཙུག་ལག་ཁང་བྱེད་ཅིང་སྐྱབསུ་སོང་ནས་ཚུལ་ཁྲིམས་ལ་གནསོ།། དེ་ནས་སྟོན་པས་བསྐལ་པ་བརྒྱ་དང་བཅོ་བརྒྱད་འདས་ནས་སངས་རྒྱ་སུ་འགྱུ་རོ་ཞེས་ལུང་བསྟ་ནོ།། བཅོམ་ལྡན ་འདས་དེ་ཡི་གྲོང་ཁྱེར་ནི་ཡིད་ལྡན་ཞེས་བྱ་བར་གྱུར་ཏོ།། ཡབ་ནི་ལེགས་སྦྱིན་ཞེས་བྱ་བའི་རྒྱལ་པོའོ།། ཡུམ་ནི་ཟླ་བ་མ་ཞེས་བྱའོ།། བསྐྱངས་པ་དང་། ཀུན་མཐོང་གཉིས་ནི་ཉན་ཐོས་ཀྱི་མཆོའོ།། མཛེས་བྱེད་ནི། ་ཉེ་གནསོ།། ལེགས་སྐྱེས་མ་དང་ཆོས་སྦྱིན་མ་གཉིས་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནི་བྲི་ཡང་ཀླུའི་ཤིང་ངོ་།། སྐུའི་མཐོ་ཆེང་དུ་ཁྲུ་བརྒྱད་ཅུའོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ།། ་ལེགས་སྐྱེས་ནི་འོག་ཏུ་ནི།། རང་བྱུང་འཇིག་རྟེན་འདྲེན་པ་ཉིད།། མཚུངས་དང་མི་མཚུངས་རིང་དུ་སེམས།། དགའ་མཐོང་གྲགས་པ་ཆེན་པོའོ།། དེའི་འོག་གི་ཆར་བཅོམ་ལྡན་འདས་དོན་མཐོང་ཞེས་བྱ་བ ་བྱོན་ནོ།། དེའི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་འབུམ་ཕྲག་དགུ་བཅུ་རྩ་བརྒྱད་ཀྱི་དགེ་སློང་ངོ་།། གཉིས་པ་ལ་འབུམ་ཕྲག་བརྒྱད་ཅུ་རྩ་བརྒྱད་དོ།། དེ་བཞིན་དུ ་གསུམ་པ་ལ་ཡང་ངོ་།། དེའི་ཚེ་བྱང་ཆུབ་སེམས་དང་། ཉེའི་འཚམས་བཟང་ཞེས་བྱ་བ་རྫུ་འཕྲུལ་དང་ལྡན་པའི་དག། འཐུབ་པར་གྱུར་ཏོ།། ལྷའི་འཇིག་རྟེན་གྱི་མན་དར་བའི་མེ ་ཏོག་གི་གདུགས་བླངས་ནས་སྟོན་པ་ལ་མཆོད་དོ།། དེ་ཡང་དེས་ལུང་བསྟན་ཏོ།། བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་མཛེས་བྱེད་ཅེས་བྱ་བར་གྱུར་ཏོ།། ཡབ་ནི་རྒྱ་མཚོ་ཞེས་བྱ་བའི་རྒྱལ ་བོའོ།། ཡུམ་ནི་བལྟ་ན་སྡུག་མའོ།། ཞི་བ་དང་ཉེ་བར་ནི་བ་ནི་ཉན་ཐོས་ཀྱི་མཆོག་གོ།། འཇིགས་མེད་ནི་ཉེ་གནས་སོ།། ཆོས་མ་དང་ཆོས་བཟང་མ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་། ་ནི་ཙམ་པ་ཀའི་ཤིང་ངོ་།། སྐུ་མཐོ་ཚད་དུ་ཁྲུ་བརྒྱད་ཅུ་རྩ་བརྒྱད་དོ།། སྐུའི་འོད་ཀུན་ནས་འཁོར་བ་ལ་དུས་ཐམས་ཅད་དུ་དཔག་ཚད་གཅིག་གི་བར་དུ་ཁྱབ་ཅིང་གནས་སོ།། སྐུ་ཚེའི་ཚད་ནི་ལོ ་འདུས་ཕྲག་གཅག་ན།། སྲུང་བར་བསྐལ་པབར་ཉིད་ལ། དོན་གོང་མའི་མཐུ་མཆོག་ནི། མུན་པ་ཆེན་པོ་བས་ལ་ནས་ནི། ཡང་དག་བྱང་ཆུབ་མཆོག་ཐོག། དེའི་འོག་ག་ཆར། ་ཆོས་མཐོང་ཞེས་བྱ་བའི་སྟོན་པ་བྱོན་ནོ།། དེའི་ཡང་ཉན་ཐོས་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་བརྒྱའི་དགེ་སློང་།། གཉིས་པ་ལ་བྱེ་བ་བདུན་ནུའོ།། གསུམ་པ་ལ་བྱེ་བ་བརྒྱད་ཅུའོ ་དེའི་ཚེ་བྱང་ཆུབ་སེམས་དཔའ་ལྷ་ཡི་རྒྱལ་པོ་བརྒྱ་བྱིན་དུ་གྱུར་ཏེ། ལྷའི་དྲི་བཟང་དང་མེ་ཏོག་དང་ལྷའི་རོལ་མོ་རྣམས་ཀྱིས་མཆོད་དེ།། དེ་ཡང་མ་འོངས་པ་ན་སངས་རྒྱས་པར་ལུང་བསྟན་ཏོ།། བཅོམ ་ལྡན་འདས་དེའི་གྲོང་ཁྱེར་ནི་སྐྱབས་ཞེས་བྱ་བར་གྱུར་ཏོ།། ཡབ་ནི་སྐྱབས་ཀྱི་རྒྱལ་པོ་ཞེས་བྱའོ།། ཡུམ་ནི་ཤིན་ཏུ་དགའ་མ་ཞེས་བྱ་བའོ།། པདྨ་དང་ལྟར་གྱུར་པ་ནི་ཉིན་ཐོས་ཀྱི་མཆོག། ལེག ་སྤྱན་ཞེས་བྱ་བ་ནི་ཉེ་གནས་སོ།། དགེ་མ་དོང་བདེན་མ་ཞེས་བྱ་བ། ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནི་ཕོམ་པ་ཛྭཱ་ལའི་ཤིང་ངོ་།། སྐུའི་མཐོ་ཆད་དུ་ཁྲུ་བརྒྱད ་ཅུའོ། སྐུ་ཚེའི་ཚད་ནི་ལོ་འབུམ་ཕྲག་གཅིག་གོ། སྙིང་པོའི་བསྐལ་བ་དེ་ཉིད་ལ།། ཆོས་མཐོང་གྲགས་པ་ཆེན་པོ་ཡིས།། མུན་པ་ཆེན་པོ་བཅོམ་ནས་ནི།། ལྷ་དང་བཅས་པ་སྣང་བར་མཛད། ་དེའི་འོག་གི་ཆར་འདི་ནས་བསྐལ་པ་དགུ་བཅུ་རྩ་བཞི་ནས་མགོ་བརྩམས་ནས་བསྐལ་པ་གཅིག་ལ་དོན་གྲུབ་ཞེས་བྱ་བའི་སངས་རྒྱས་གཅིག་བྱོན་ནོ།། དེ་ཡི་ཡང་ཉན་ཐོས་ཀྱི་འདུས་པ ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་འབུམ་ཕྲག་གཅིག་གི་དགེ་སློང་ངོ་།། གཉིས་པ་ལ་བྱེ་བ་དགུ་བཅུའོ།། གསུམ་པ་ལ་བྱེ་བ་བརྒྱད་བཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་གཟི ་བརྗིད་དྲག་པོ་དང་། མངོན་པར་ཤེས་པའི་སྟོབས་དང་ལྡན་པའི་དཀའ་ཐུབ་པ་བཀྲ་ཤིས་བཟང་པོ་ཞེས་བྱ་བར་གྱུར་ཏོ།། ཤིང་འཛམ་བུ་ཆེན་པོའི་འབྲས་བུ་བླངས་ནས་དེ་བཞིན་གཤེགས་པ ་ལ་ཕུལ་ལོ།། སྟོན་པས་འབྲས་བུ་དེ་གསོལ་ནས་བསྐལ་པ་དགུ་བཅུ་རྩ་བཞིའི་འོག་ཏུ་བྱང་ཆུབ་སེམས་དཔའ་མ་འོངས་པ་ན་སངས་རྒྱས་སུ་འགྱུརོ་ཞེས་ལུང་བསྟ་ན།། བཅོམ་ལྡན་འདས ་དེའི་གྲོང་ཁྱེར་ནི་བཾ་བྷ་ར་ཞེས་བྱ་བར་གྱུར་ཏོ།། ཡབ་ནི་རྒྱལ་བའི་སྡེ་ཞེས་བྱ་བའི་རྒྱལ་པོའོ།། ཡུམ་ནི་ལེགས་གྱུར་མ་ཞེས་བྱ་བའོ།། མང་དུ་འབྱུང་དང་བཤེས་གཉེན་བཟང་པོའི་ཉན་ཐོས ་ཀྱི་མཆོག་གོ།། ནམ་གྲོ་ཅན་ནི་ཉེ་གནས།། ཞི་བྱེད་ལེན་མ་དང་། ལེགས་བརྟན་མ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནཻ་ཀནི་ཀའི་ཤིང་ངོ་།། སྐུ་མཐོ་ཆད་ནི་ཁྲུ་དྲུག ་ཅུའོ། སྐུ་ཚེའི་ཚད་ནི་ལོ་འབུམ་ཕྲག་གཅིག་གོ།། ཆོས་མཐོང་གི་ནི་འོག་ཉིད་དུ། འཇིག་རྟེན་འདྲེན་པ་དོན་གྲུབ་ཀྱིས།། མུ་ན་པ་ཐམས་ཅད་བཅོམ་ནས་ནི།། ནམཁ་ཉི་མ་ཤར ་བ་བཞིན།། དེའི་འོག་གི་ཆར་འདི་ནིས་བསྐལ་པ་འབུམ་ཕྲག་དགུ་བཅུ་རྩ་གཉིས་ནས་མགོ་བརྩམས་ནས་བསྐལ་པ་གཅིག་ལ་དཀར་རྒྱལ་དང་གྱུར་པ་ཞེས་བྱ་བའི་སངས་རྒྱས་གཉིས ་བྱོན་ནོ།། བཅོམ་ལྡན་འདས་དཀར་རྒྱལ་དེའི་ཡང་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་བརྒྱའི་དགེ་སློང་ངོ་།། གཉིས་པ་ལ་བྱེ་བ་དགུ་བཅུའོ།། གསུམ་པ་ལ་བྱེ་བ་བརྒྱད་བཅུའོ།། ་དེའི་ཚེ་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཆེན་པོ་དང་གྲགས་པ་ཆེན་པོ་དང་ལྡན་པའི་ལེགས་སྐྱེས་ཞེས་བྱ་བའི་རྒྱལ་རིགསུ་གྱུར་པ་དཀའ་ཐུབ་པའི་རབ་ཏུ་བྱུང་བ་ལ་རབ་ཏུ་བྱུང་ནས་རྫུ ་འཕྲུལ་དང་ལྡན་པར་གྱུར་ཏེ་སངས་རྒྱས་བྱོན་པ་ཐོས་ནས་ལྷའི་མེ་ཏོག་མན་ད་ར་བ་དང་པདྨ་དང་བཱ་རིཙྪ་དྷའི་མེ་ཏོག་རྣམས་བླངས་ནས་འཁོར་བཞིའི་ནང་དུ་གཤེགས་པའི ་དེ་བཞིན་གཤེགས་པ་ལ་མཆོད་ནས། ན་མཁའི་མེ་ཏོག་གི་བླ་རེས་བྲེས་སོ།། སངས་རྒྱས་དེས་ཡང་འདི་ནས་བསྐལ་པ་དགུ་བཅུ་རྩ་གཉིས་ནས་འཚང་རྒྱ་བར་འགྱུརརོ།། ཞེས་ལུང་བསྟན་ནོ།། ་བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་དགེ་མ་ཞེས་བྱའོ།། ཡབ་ནི་སྐྱེ་བོ་དད་པ་ཅན་ཞེས་བྱ་བའི་རྒྱལ་པོའི་རིག་སོ།། ཡུམ་ནི་པདྨ་ཞེས་བྱ་བའོ།། ཚངས་པའི་ལྷ་དང་འཆར་བྱེད་ནི་ཉན་ཐོས་ཀྱི་མཆོག ་ཡང་དག་མཆོག་ནི་ཉེ་གནསོ།། མྱུར་མ་དང་ལེགས་སྦྱིརན་མ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནི་ཨ་ས་ནའི་ཤིང་ངོ་།། སྐུའི་མཐོ་ཚད་ལ་ཁྲུ་དྲུག་ཅུའོ།། སྐུ་ཚེའི་ཚད་ནི་ལོ ་འབུམ་ཕྲག་གཅིག་གོ།། དོན་གྲུབ་ཀྱི་ནི་འོག་ཉིད་དུ། གང་ཟག་ཟླ་མེད་མཚུངས་མེད་པ།། ཚུལ་ཁྲིམས་དཔག་མེད་མཐའ་ཡས་གྲགས་འཇོག་རྟེན་འདྲེན་པ་དཀར་རྒྱལ ་མཆོག་ང་དེའི་འོག་གི་ཆར་གྱུར་པ་ཞེས་བྱ་བའི་སྟོན་པ་བྱོན།། དེའི་ཡང་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་འབུམ་ཕྲག་དྲུག་བཅུའི་དགེ་སློང་ངོ་།། གཉིས་པ་ལ་འབུམ་ཕྲག་ལྔ ་བཅུའོ།། གསུམ་པ་ལ་འབུམ་ཕྲག་སུམ་བཅུ་རྩ་གཉིས་སོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བྱེད་ཞེས་བྱེ་བའི་རྒྱལ་རིགས་སུ་གྱུར་ཏོ།། རྒྱལ་པོ་ཆེན་པོའི་རྒྱལ་རིགས་སྤངས ་ནས་ནི་སྟོན་པའི་དྲུང་དུ་རབ་ཏུ་བྱུང་སྟེ་སྡེ་སྣོད་གསུམ་བསླབས་ནས་སྐྱེ་བོ་མང་པོ་ལ་དམ་པའི་ཆོས་སྟོན་ཅིང་འཆད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱས་ནས་དེ་ཡང ་དེ་བཞིན་དུ་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ།། བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་གསལ་ལྡན་ཞེས་བྱ་བར་གྱུར་ཏོ།། ཡབ་ནི་རྒྱལ་བའི་སྡེ་ཞེས་བྱ་བའི་རྒྱལ་པོའོ།། ཡུམ་ནི་དཔལ ་ལྡན་མ་ཞེས་བྱའོ།། ལེགས་བསྲུངས་དང་ཆོས་ཀྱི་སྡེ་ནི་ཉན་ཐོས་ཀྱི་མཆོག་གོ།། འཇིགས་བཅས་ནི་ཉེ་གནས་སོ།། ཕྲེང་བ་མ་དང་ཉེ་བའི་ཕྲེང་བ་མ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི ་ཤིང་ནི་སྐྱུ་རུ་རའི་ཤིང་ངོ་།། སྐུར་མཐོ་ཚང་དུ་ལྔ་བཅུ་རྩ་བརྒྱད་དོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ།། སྙིང་པོའི་བསྐལ་པ་དེ་ཉིད་ལ།། སྟོན་པ་བླ་ན་མེད་པར་གྱུར།། མཚུངས་དང ་མི་མཚུངས་དཔེ་མེད་པ།། འཇིག་རྟེན་མཆོག་གི་འ་དྲན་པར་གྱུར།། དེའི་འོག་གི་ཆར་འདི་ནས་བསྐལ་པ་དགུ་བཅུ་རྩ་གཅིག་ལ་བཅོམ་ལྡན་འདས་རྣམ་པར་གཟིགས ་ཞེས་བྱ་བ་བྱོན་ནོ།། དེའི་ཡང་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་དགེ་སློང་འབུམ་ཕྲག་དགུ་བཅུ་རྩ་བརྒྱད་དོ།། གཉིས་པ་ལ་འབུམ་ཕྲག་གཅིག ་གོང་གསུམ་པ་ལ་སྟོང་ཕྲག་བརྒྱད་ཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ལྡན་ཞིང་མཐུ་ཆེ་བས་མཚུངས་པ་མེད་པའི་ཀླུའི་རྒྱལ་པོར་གྱུར་ཏེ། རིན་པོ་ཆེ་སྣ་བདུན ་གྱིས་བརྒྱན་པའི་གསེར་གྱི་བ་དན་ཆེན་པོ་བཅོམ་ལྡན་འདས་ལ་ཕུལ་ལོ།། དེས་ཡང་འོད་ནས་བསྐལ་པ་དགུ་བཅུ་རྩ་གཅིག་ནས་སངས་རྒྱས་པར་འགྱུརོ་ཞེས་ལུང་བསྟེན་ནོ།། ་བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་བློ་གྲོས་གཉེན་ཞེས་བྱ་བར་གྱུར་ཏོ།། ཡབ་ནི་གཉེན་གྱི་རྒྱལ་པོ་ཞེས་བྱ་བའོ།། ཡུམ་ནི་བློ་གྲོས་གཉེན་མ་ཞེས་བྱ་བའོ།། ཕུང་པོ་དང་དཀར་རྒྱལ ་ནི་ཉན་ཐོས་ཀྱི་མཆོགོ། མྱ་ངན་མེད་ནི་ཉེ་གནསོ།། ཟླ་བ་མ་དང་ཟླ་བའི་བཤེས་གཉེན་མ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནི་པཱ་ཌི་ལའི་ཤིང་ངོ་།། སྐུ་མཐོ་ཚད་དུ ་ཁྲུ་བརྒྱད་ཅུའོ།། སྐུའི་འོད་ལ་རྟག་ཏུ་དཔག་ཚད་བདུན་དུ་འཕྲོ་ཞིང་གནས་སོ།། སྐུ་ཚེའི་ཚད་ནི་ལ་སྟོང་ཕྲག་བརྒྱད་ཅུའོ།། གྱུར་པ་ཡིནི་འོག་ཏུ་ནི།། རྐང་གཉིས་མཆོག་གི་རྫོགས་སངས ་རྒྱས།། མཚན་ནི་རྣམ་པར་གཟིགས་ཞེས་བྱ།། སྤྱན་ལྡན་འཇིག་རྟེན་བསྐྱེད་པའོ།། དེའི་འོག་གི་ཚེར་འདི་ནས་བསྐལ་པ་སུམ་ཅུ་རྩ་གཉིས་ནས་གཙུག་ཏོར་ཅན་དང་ཐམས་ཅད་སྐྱོབ་ཅེས ་པའི་སངས་རྒྱས་གཉིས་བྱོན་ནོ།། གཙུག་ཏོར་ཙན་གྱི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་འབུམ་ཕྲག་གཅིག་གི་དགེ་སློང་ངོ་།། གཉིས་པ་ལ ་འབུམ་ཕྲག་བརྒྱད་ཅུའོ།། གསུམ་པ་ལ་འབུམ། ཕྲག་བཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་སྒྲའི་དབང་པོ་ཞེས་བྱ་བའི་རྒྱལ་པོར་གྱུར་ཏེ། སངས་རྒྱས་དང་བཅས་པའི ་དགེ་འདུན་རྣམས་ལ་ཆོས་གོས་དང་བཅས་པའི་སྦྱིན་པ་ཆེན་པོ་ཕུལ་ལོ།། རིན་པོ་ཆེ་སྣ་བདུན་གྱིས་སོ་སོར་བརྒྱན་པའི་གླང་པོ་ཆེ་ཕུལ་ནས།། གླང་པོ་ཆེའི་ཚད་ཙམ་རི་ཞིང་རུང་བའི་ཡོ་བྱད ་རྣམས་ཕུལ་ལོ།། དེས་ཡང་འདི་ནས་བསྐལ་པ་སུམ་ཅུ་རྩ་གཅིག་ནས་སངས་རྒྱ་སུ་འགྱུར་ཞེས་ལུང་བསྟན་ཏོ།། གཞན་ཡང་བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་སྐྱ་རེང་ལྡན་ཞེས་པར ་གྱུར་ཏོ།། ཡབ་ནི་སྐྱ་རེངས་ལྡན་ཞེས་བྱ་བའི་རྒྱལ་པོའོ།། ཡུམ་ནི་འོད་ལྡན་ཞེས་བྱ་བའོ།། མངོན་འབྱུང་དང་ཡང་དག་འབྱུང་ནི་ཉན་ཐོས་ཀྱི་མཆོག་གོ།། དགེ་བར་བྱེད་པ་ནི་ཉེ་གནསོ།། མ་ག་ལ ་དང་པདྨ་ནི་ཉན་ཐོས་མའི་མཆོག་གོ་བྱང་ཆུབ་ཀྱི་ཤིང་ནི་པུཥྚ་རི་ཀའི་ཤིང་ངོ་།། སྐུའི་མཐོ་ཆང་དུ་ཁྲུ་སུམ་ཅུ་རྩ་བདུན་དུ་འགྱུ་འོ།། སྐུའི་འོད་དཔག་ཚད་གསུམ་དུ་འཕྲོ་ཞིང་གནསོ།། སྐུ་ཚེའི་ཚིང་། ་ནི་ལོ་སྟོང་ཕྲག་སུམ་བཅུ་རྩ་བདུན་ནོ།། རྣམ་པར་གཟིགས་ཀྱི་འོག་ཏུ་ནི་རྐང་གཉིས་མཆོག་གི་རྫོགས་སངས་རྒྱས།། མཚུངས་མེད་རྒྱལ་བ་གཙུག་ཏོར་ཅན།། གང་ཟག་ཟླ་མིད་མཚུངས ་མེད་དོ།། དེའི་འོག་གི་ཆར་ཐམས་ཅད་སྐྱོབ་ཞེས་བྱ་བའི་སངས་རྒྱས་བྱོནོ།། དེ་ཡང་འདུས་པ་གསུམ་དུ་གྱུར་ཏེ།། འདུས་པ་དང་པོ་ལ་འབུམ་ཕྲག་བརྒྱད་བཅུའི་དགེ་སློང་ངོ་།། གཉིས་པ ་ལ་འབུམ་ཕྲག་སུམ་ཅུ་རྩ་བདུན་ནོ།། གསུམ་པོ་ལ་འབུམ་ཕྲག་དྲུག་ཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་བལྟ་ན་སྡུག་ཅེས་བྱ་བའི་རྒྱལ་པོར་གྱུར་ཏེ། སངས་རྒྱས་ལ་སོགས ་པའི་དགེ་འདུན་ལ་ཆོས་གོས་དང་བཅས་པའི་སྦྱིན་པ་ཆེན་པོ་ཕུལ་ནས་དེའི་དྲུང་དུ་རབ་ཏུ་བྱུང་སྟེ། སྤྱོད་པ་དང་ཡོན་ཏན་དང་ལྡན་པས་སངས་རྒྱས་དཀོན་མཆོག་ལ་རི་མོ ་བྱས་ཏེ་དགའ་བར་གྱུར་ཏོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་འདི་ནས་བསྐལ་པ་སུམ་ཅུ་རྩ་གཅིག་ནས་སངས་རྒྱསུ་འགྱུར་ཞེས་ལུང་བསྟན་ཏོ།། གཞན་ཡང་བཅོམ་ལྡན་འདས་དེའི ་གྲོང་ཁྱེར་ནི་ཡོང་ལྡན་ཞེས་བྱ་བར་གྱུར་ཏོ།། ཡབ་ནི་ལེགས་པར་གནས་ཞེས་བྱ་བའི་རྒྱལ་པོའོ།། ཡུམ་ནི་གྲགས་ལྡན་མ་ཞེས་བྱ་བའོ།། ཉན་པ་དང་མཆོག་ནི་ཉན་ཐོས་ཀྱི་མཆོག་ཉེ་བས ་ཞི་བ་ནི་ཉེ་གནས་སོ།། ཕྲེང་པོ་མ་དང་ཕྲེང་བ་དང་བཅས་པ་མ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནི་སཱ་ལའི་ཤིང་ངོ་།། སྐུའི་མཐོ་ཚང་ནི་ཁྲུ་དྲུག་ཅུར་འགྱུརོ།། སྐུ་ཚེའི་ཚད་ནི་སྟོང་ཕྲག ་དགུ་བཅུའོ།། སྙིང་པོའི་བསྐལ་པ་དེ་ཉིད་ལ།། གང་ཟག་བླ་མེད་མཚུངས་པ་མེད། མཚན་ནི་ཐམས་ཅད་སྐྱོབ་ཅེས་པ། རྒྱལ་བ་དེ་ནི་འཇིག་རྟེན་བསྐྱེད།། དེའི་ཡང་འོག་གི་ཆར ་བསྐལ་པ་འདི་ལས་སངས་རྒྱས་བཞི་བྱོནོ།། ལོག་པ་དང་སེལ་དང་། གསེར་ཐུབ་དང་། འོད་བསྲུང་དང་། བདག་ཅག་གི་བཅོམ་ལྡན་འདསོ།། གཞན་ཡང་བཅོམ་ལྡན་འདས་ལོག ་པ་དང་སེལ་གྱི་ཉན་ཐོས་ཀྱི་འདུས་པ་ནི་གཅིག།། དེ་ལ་སྟོང་ཕྲག་བཞི་བཅུའི་དགེ་སློང་།། དེའི་ཚེ་བྱང་ཆུབ་སེམས་དཔའ་དགེ་བ་ཞེས་བྱ་བའི་རྒྱལ་པོར་གྱུར་ཏོ།། སངས་རྒྱས་ལ་སོགས་པ་དགེ་འདུན ་ལ་ལྷུང་བཟེད་ཆོས་གོས་དང་བཅས་པའི་སྦྱིན་པ་ཉིད་དང་། མིག་སྨན་དང་སྨན་ལ་སོགས་པ་ཕུལ་ནས་སྟོན་པའི་ཆོས་བསྟན་པ་ཐོས་ནས་རབ་ཏུ་བྱུང་།། དེ་ཡང་སྟོན་པས་ལུང་བསྟན་ཏོ།། གཞན ་ཡང་བཅོམ་ལྡན་འདས་ལོག་པ་དང་སེལ་དེའི་གྲོང་ར་དགེ་བ་ཞེས་བྱ་བར་གྱུརརོ།། ཡབ་ནི་མི་སྦྱིན་བྲམ་ཟེའི་ཞེས་བྱ་བའོ།། ཡུམ་ནི་བྲམ་ཟེ་མོ་གྲོགས་མའོ།། བི་དྷུ་དང་ཡང་དག ་འཚོ་ན་ཉན་ཐོས་ཀྱི་མཆོགོ།། བྲམ་ཟེ་བློ་གྲོས་ནི་ཉི་གན་སོ།། མཉམ་བྱེད་དང་ཙམ་པ་ཀ་ནི་ཉན་ཐོས་མའི་མཆོགོ་བྱང་ཆུབ་ཀྱི་ཤིང་ནི་ཤིང་ཤ་རོ་ཤ་ཆེན་པོའོ།། སྐུའི་མཐོ་ཚང་ལ་ཁྲུ་བནི ་བཅུར་གྱུར་ཏོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་བཞི་བཅུའོ།། ཐམས་ཅད་སྐྱོབ་ཀྱི་འོག་ཏུ་ནི།། རྐང་གཉིས་མཆོག་གི་རྫོགས་སངས་རྒྱས།། མཚན་ནི་ལོག་པ་དང་སེལ་ཞེས།། གཞལ་མེད་རིང་ལ་སེམ ་པའོ།། དེའི་འོག་གི་ཆར་སྟོན་པ་གསེར་ཐུབ་ཅེས་བྱ་བ་བྱེ་མོ།། དེའི་ཡང་ཉན་ཐོས་ཀྱི་འདུས་པ་གཅིག་སྟེ། དེ་ལ་སྟོང་ཕྲག་སུམ་ཅུའི་དགེ་སློང་དུ་གྱུརརོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་རི་ཞེས་བྱ་བའི་རྒྱལ ་པོར་གྱུར་ཏོ།། བློན་པོའི་ཚོགས་མང་པོ་དང་འཁོར་དང་བཅས་པ་ཆོས་བསྟན་པ་ཐོས་ནས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་རྣམས་འགྲོན་དུ་གཉེར་ནས་སྦྱིན་པ་ཆེན་པོ་ཕུལ་ཏེ་སྟོན་པའི་དྲུང ་དུ་སོང་སྟེ། ལྷུང་བཟེད་དང་རྒྱའི་དར་གྲོང་ཁྱེར་གསལ་ལྡན་གྱི་ཡུལ་གྱི་རས་དང་ལ་བ་དང་། དུ་ཀུ་ལའི་རས་དང་། དང་གོས་གསེར་མ་རྣམས་ཕུལ་ཏེ། སྟོན་པའི་དྲུང་དུ་རབ་ཏུ་བྱུང་།། དེ་ཡང་སངས་རྒྱ་སུ་འགྱུར ་བར་ལུང་བསྟན།། བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་མཛེས་ལྡན་ཞེས་བྱ་བར་གྱུརརོ།། ཡབ་ནི་གནོད་སྦྱིན་ཞེས་བྱ་བའི་བྲམ་ཟེའོ།། ཡུམ་ནི་མཆོག་མ་ཞེས་བྱ་བའི་བྲམ་ཟེ་མའོ།། འཇིགས་བྱེད་དང་མཆོག ་ནི་ཉན་ཐོས་ཀྱི་མཆོགོ།། བཀྲ་ཤིས་ཞེས་བྱ་བ་ནི་ཉེ་གནསོ།། རྒྱ་མཚོ་མ་དང་མཆོག་མ་ནི་ཉན་ཐོས་མའི་མཆོགོ། བྱང་ཆུབ་ཀྱི་ཤིང་ནི་ཨུ་དུམ་པ་རི་ཤིང་ངོ་།། སྐུའི་མཐོ་ཚད་ལ་ཁྲུ་ཉི་ཤུའོ།། སྐུ་ཚེའི་ཆང ་ནི་ལོ་སྟོང་ཕྲག་སུམ་ཅུའོ།། ལོག་པར་དད་སེལ་འོག། ཏུ་ནི།། རྐང་གཉིས་མཆོག་གི་རྫོགས་སངས་རྒྱས།། མཚན་ན།། རྒྱལ་བ་གསེར་ཐུའོ།། མའི་ཁྱུ་མཆོག་འཇིག་རྟེན་གཙོ།། དེའི ་འོག་གི་ཆེར་འོད་བསྲུངས་ཞེས་བྱ་བའི་སྟོན་པ་བྱོན་ནོ།། དེ་ཡང་འདུས་པ་གཅིག་སྟེ། དེ་ལ་དགེ་སློང་སྟོང་ཕྲག་ཉི་ཤུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་འོད་བསྦྱོར་ཞེས་བྱ་བའི་བྲམ་ཟེའི་ཁྱེའུ ་གྱུར་ནས། རིག་བྱེད་གསུ་གྱི་ཕ་རོལ་ཏུ་སོན་ཏེ། ས་དང་བར་ནང་ཐམས་ཅད་ལ་གྲག་སོ།། བུམ་པ་བྱེད་པའི་རྫ་མཁན་གྱི་གྲོགས་པོར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་རྫ་མཁན་དང ་འགྲོགས་ཏེ་སྟོན་པའི་དྲུང་དུ་ཉེ་བར་སོང་སྟེ།། ཆོས་ཀྱི་གཏམ་ཐོས་ནས་རབ་ཏུ་བྱུང་།། བརྩོན་འགྲུས་ཆེར་བསྐྱེད་ནས་སྡེ་སྣོད་གསུམ་བསླབས་ཏེ་སྤྱོད་པ་དང་ལྡན་པས་སངས་རྒྱས་ཀྱི་བསྟན ་པ་མཛེས་པར་བྱེད་དོ།། དེ་ཡང་སྟོན་པས་ལུང་བསྟན་ནོ།། བཅོམ་ལྡན་འདས་དེའི་བལྟམ་པའི་བར་གྲོང་ཁྱེར་ནི་བཱ་ར་ན་སི་ཞེས་བྱ་བའོ།། ཡབ་ནི་ཚངས་བྱིན་ཞེས་བྱ་བའི་བྲམ་ཟེའོ། ་ཡུམ་ནི་འབྱོར་ལྡན་མ་ཞེས་བྱ་བའི་བྲམ་ཟེ་མོའོ།། དཀར་རྒྱལ་དང་བྷ་ར་དྷོ་ཛ་ནི་ཉན་ཐོས་ཀྱི་མཆོག།། ཐམས་ཅད་བཤེས་གཉེན་ནི་ཉེ་གནསོ།། རྗེ་སུ་ལེན་མ་དང་སྟོང་རྒྱས་མ་ནི་ཉན་ཐོས་མའི་མཆོག ་བྱང་ཆུབ་ཀྱི་ཤིང་ནི་ནྱ་དྲོ་ཏའི་ཤིང་ངོ་།། སྐུའི་མཐོ་ཚང་དུ་ཁྲུ་ཉི་ཤུ་པར་གྱུར་ཏེ། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་ཉི་ཤུའོ།། གསེར་ཐུབ་ཀྱི་ནི་འོག་ཏུ་ནི།། རྐང་གཉིས་མཆོག་གི་རྫོགས་སངས་རྒྱས། ་མཚན་ནི་རྒྱལ་བ་འོད་སྲུང་ངོ་།། ཆོས་ཀྱི་རྒྱལ་བ་འོད་མཛད་དོ།། གཞན་ཡང་སྐལ་པ་གང་ལ་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་པ་དེ་ལ།། གཞན་ཡང་སངས་རྒྱས་གསུམ་བྱོན ་པར་གྱུར་ཏོ།། དེ་རྣམས་ཀྱི་དྲུང་དུ་བྱང་ཆུབ་སེམས།། དཔའ་ལུང་མ་བསྟན་ནོ།། དེའི་ཕྱིར་འདིར་ཡང་མ་བསྟན་ཏེ།། ། གཞན་ཡང་དོན་གྱི་གཏམ་འདིས་འདིའི་བསྐལ་པ་ནས ་གཟུང་ནས་སངས་རྒྱས་ཐམས་ཅད་མཐོང་བའི་དོན་དུ་འདིར་བཤད་དོ།། སྲེད་མཛད་དང་ནི་བློ་གྲོས་མཛད།། དེ་ནས་སྐྱོབས་ནི་མཛད་པ་ཡིན།། མར་མེ་མཛད་ནི་རྫོགས་སངས་རྒྱས ་རྐང་གཉིས་མཆོག་ནི་ཀཽ་ཌི་ནྱ།། བཀྲ་ཤིས་དང་ནི་ཐུགས་བཟང་དང་།། ཐུབ་པ་རྣམ་གྲུ་མཛེས་བྱེད་དང་།། ཐུགས་ལྡན་མཐོང་དང་པདྨ་དང་།། མི་སྦྱིན་དང་ནི་པདྨའི་མཆོག། བློ ་གྲོས་བཟང་དང་ལེགས་སྐྱེས་དང་།། གྲགས་ཆེན་བལྟ་ན་སྡུག་པ་དང་།། དོན་མཐོང་དང་ནི་ཆོས་མཐོང་དང་།། འཇིག་རྟེན་འདྲེན་པ་དོན་གྲུབ་དང་།། རྫོགས་སངས་རྒྱས་ནི་དཀར ་རྒྱལ་གྱུར།། རྣམས་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ།། ལོག་དང་སེལ་དང་གསེར་ཐུབ་དང་།། འདྲེན་པ་འོད་སྲུང་ཞེས་བྱའོ།། ཡང་དག་རྫོགས་སངས་དེ་རྣམས་ནི།། མཉམ་པར་བཞག་ཅིང་འདོད ་ཆགས་བཅོམ།། འོད་ཟེར་བརྒྱ་པ་བཞིན་དུ་འཁྲུངས།། མུན་པ་ཆེན་པོ་རྣམ་པར་འཇོམས།། མེ་ཡི་ཕུང་པོ་བཞིན་དུ་འབབ། ཉན་ཐོས་དང་བཅས་མྱ་ངན་འདས།། དེ་ལ་བདག་ཅག་གི ་བྱང་ཆུབ་སེམས་དཔའ་མར་མེ་མཛད་ལ་སོགས་པའི་སངས་རྒྱས་ཉི་ཤུ་རྩ་བཞིའི་དྲུང་དུ་སྨོན་ལམ་བཏབ་ནས་བསྐལ་པ་གྲངས་མེད་པ་བཞི་དང་འབུམ་ཕྲག་གཅིག་ལྷག ་བསེ་ནས་བྱོན་ནོ།། གཞན་ཡང་བཅོམ་ལྡན་འདས་འོད་སྲུང་དེའི་འོག་གི་ཆར་གནས་ཏེ་ཡང་དག་པར་རྫོག་ངེས་པའི་སངས་རྒྱས་གཞན་མེད་དོ་ཞེས་མར་མེ་མཛད་ལསོ།། ་བའི་སངས་རྒྱས་ཉི་ཤུ་རྩ་བཞིའི་དྲུང་དུ་ལུང་བསྟ་ན་པ་ཐོབ་བོ།། གཞན་ཡང་བྱང་ཆུབ་སེམས་དཔའ་གང་དེས།། མིའི་བདག་ཉིད་རྟགས་དང་ལྡན།། སྒྱུ་དང་སྟོན་པའི ་བལྟ་བ་དང་རབ་ཏུ་བྱུང་ཞིང་ཡོན་ཏན་ལྡན།། གུ་ནི་རྣམས་དང་ནི་འདུན་པ་དང་།། ཆོས་བརྒྱད་པོ་ནི་ཚོགས་པ་དང་།། སྨོན་ལམ་རྣམས་ནི་ཡང་དག་རྫོགས།། ཆོས་བརྒྱད་པོ་འདི་རྣམས ་ཚོགས་པར་བྱས་ནས་མར་མེ་མཛད་ཀྱི་ཞབས་དྲུང་དུ་སྨོན་ལམ་བཏབ་ཅིང་སངས་རྒྱས་སུ་བྱེད་པའི་ཆོས་འདི་རྣམས་གང་དང་གང་དུ་ཚོལ་བའི་སྤྲོ་བ་སྐྱེསོ།། བཙལ་བ་དེ་རྣམས་མཐོ ་བ་ནས།། དང་པོ་སྦྱིན་པའི་ཕ་རོལ་ཕྱིན།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་སངས་རྒྱས་ཐོབ་པར་བྱེད་པའི་ཆོས་རྫོགས་པར་བྱེད་པ་ཉིད་ཐམས་ཅད་སྒྲོལ་གྱི་བདག་ཉིད་བྱོན།། ་བྱོན་ནས་གང་དེ་རྣམས་བྱས་པའི་སྨོན་ལམ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕན་ཡོན་བསྔགས་པར་མཛད།། དེ་བཞིན་ཡན་ལག་ཐམས་ཅད་ལྡན། མི་ཡི་བྱང་ཆུབ་ངེས་པ ་དང་ངའཁོར་བ་ཡུན་རིང་གཞི་མེད་པ།། བསྐལ་པ་བྱེ་བ་བརྒྱ་ཉིད་དམ།། མནར་མེད་དུ་ནི་མི་སྐྱེའོ།། དེ་བཞིན་དུ་ནི་འཇིག་རྟེན་པར།། བཀྲེས་སྒོམ་སྲེད་དང་འབར་བ་དང་།། ཡན་ལག་ཐམས་ཅད་མི་འཆང ་འགྱུར།། སྲོག་ཆགས་ཕྲ་མོར་མི་འགྱུར་ཞིང་།། ངན་འགྲོ་རྣམས་སུ་སྐྱེ་མི་འགྱུར།། མི་རུ་སྐྱེས་པར་གྱུར་པ་ན།། དེ་ནི་མུ་ལོང་མི་འགྱུར་ཞིང་།། འོན་པར་ཡང་ནི་མི་འགྱུར་ལ།། ལྐུག་དང་གཞོག་ཕྱེད ་ན་མི་འགྱུར།། བུད་མེད་དུ་ནི་སྐྱེ་མི་འགྱུར།། ཟ་མ་མ་ནིང་མཚན་ག་ཉིས་དང་།། མཐའ་འཁོ་དུ་ནི་སྐྱེ་མི་འགྱུར།། མི་ཡོ་བྱང་ཆུབ་ངེས་པ་ཡིན།། མཚམས་མེད་པ་ལས་གྲོལ་བ་དང་།། དག ་བའི་སྤྱོད་ཡུལ་ཐམས་ཅད་དུ།། ལོག་པའི་ལྟ་བ་མི་སྟེན་ནོ།། ས་ཀྱི་བྱ་བ་མཐོང་བ་དང་།། མཐོ་རིས་ལ་ནི་གནས་ནས།། འདུ། ཤེས་མེད་པར་སྐྱེ་མི་འགྱུར།། གཙང་མ་རིས་ཀྱི་ལྷ ་རྣམས།། སྒྲ་དང་མིང་ནི་སྐྱེ་བ་མེད།། སྐྱེས་བུ་དམ་པ་ངེས་འབྱུང་སེམས།། དངོས་དང་དངོས་མེད་ལྡན་པ་མེད།། གང་ཞིག་འཇིག་རྟེན་དོན་དུ་འགྲོ།། ཕ་རོལ་ཕྱོན་ཀུན་རྫོགས་པར་བྱེད།། ཕན ་ཡོན་དེ་རྣམས་ལྷག་པར་ཐོབ་པ་འམ།། དེས་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་དོ།། གྲགས་པ་དང་ལྡན་པར་བྲམ་ཟེའི་དུས་སུ་དང་།། དུང་གི་བྲམ་ཟེའི་དུས་སུ་དང་ནོར་རྒྱལ་གྱི་རྒྱལ་པོའི ་དུས་སུ་དང་།། བལྟ་ན་སྡུག་ཆེན་པོ་རྒྱལ་པོའི་དུས་སུ་དང་།། ཁྱབ་འཇུག་ཆེན་པོའི་དུས་སུ།། རྒྱུ་མཚན་གྱི་རྒྱལ་པོའི་ཆེན་པོའི་དུས་སུ་དང་།། ཟླ་བ་གནོན་ནུའི་དུས་སུ་དང་།། ཡུལ་གྱི་མཆོག ་གི་དུས་སུ་དང་། ཤི་བོ་པའི་རྒྱལ་པོའི་དུས་སུ་དང་།། ཐམས་ཅད་སྒྲོལ་གྱི་དུས་སུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་བདག་ཉིད་དེ། ཚད་མེད་པ་ཞེས་བྱའོ།། མཐའ་གཅིག་དུ་ཡང་དང་ཡང་བྱང ་ཆུབ་སེམས་དཔའ་མཁས་པ་རི་བོང་གི་སྐྱེས་རབས་ལས།། ཉེར་འོངས་སློང་པ་མཐོང་བ་ན།། རང་གི་ལུས་ནི་ཡོངསུ་བཏང་།། བདག་གི་སྦྱིན་ལ་མཉམ་པ་མེད།། འདི་རྣམས་སྦྲོན་པའི་ཕ་རོལ་ཕྱིན། ་དེ་ལྟར་ལུས་ཡོངསུ་གཏོང་བར་བྱེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ་དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྐྱེསོ།། དེ་བཞིན་དུ་ཚུལ་ཁྲིམས་དང་ལྡན་པའི་ཀླུའི་རྒྱལ་པོའི་དུས ་སུ་དང་། ཙམ་པོ་སྤུའི་ཀླུའི་རྒྱལ་པོའི་དུས་སུ་དང་། ས་སྦྱིན་ཀླུའི་རྒྱལ་པོའི་དུས་སུ་དང་། མཚོ་བ་དྲུག་པའི་གླང་པོའི་རྒྱལ་པོའི་དུས་སུ་དང་། རྒྱལ་བ་དང་མཚུངས་པའི་རྒྱལ་པོའི ་བུ་ཞུམ་པ་མེད་པའི་དགྲ་གཞོན་ནུའི་དུས་སུ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་སྐྱེས་པཱ་ལ་ཚད་མེད་དོ།། ། མཐའ་གཅིག་ཏུ་གཞན་ཡང་། དེའི་དུང་སྐྱོང་སྐྱེས ་རབས་ལས།། གསལ་ཤིང་གིས་ནི་ཕུག་ནས་ནི།། མཚོན་ཆ་བླངས་ནས་རྡེག་པ་དང་།། གྲོང་དཔོན་བུ་ལོ་ཁྲོ་མི་བྱེད།། ཚུལ་ཁྲིམས་ཕར་ཕྱིན་བདག་གི་འདི།། དེ་བཞིན་དུ་ལུས་ཡོངས་སུ ་གཏོང་བར་བྱེད་པ་ནི།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ།། དེ་བཞིན་དུ་ཡིད་བཟང་གཞོན་ནུའི་དུས་སུ་དང་། གླང་ཆེན་སྐྱོང་གཞོན ་ནུའི་དུས་སུ་དང་། ལྕགས་ཁྱིམ་མཁས་པའི་དུས་སུ་ནི།། རྒྱལ་སྲིད་ཆེན་པོ་སྤངས་ནས་ངེས་པར་འབྱུང་བའི་ཕ་རོལ་ཏུ་ཕྱིན་པ་བདག་ཉིད་ལ་སྐྱེས་པ་ནི་ཚད་མེདོ།། གཞན་ཡང་མཐའ་གཅིག ་ཏུ་དེའི་བུ་ཞི་བ་ཆུ་ངུའི་སྐྱེས་རབས་ལས། རྒྱལ་པོ་ཆེན་པོ་ལག་ཏུ་ཐོབ།། མཆིལ་མའི་སྡུ་བ་བཞིན་དུ་སྤངས།། རྒྱལ་སྲིད་སྤངས་ཀྱང་ཞེན་པ་མེད།། བདག་གི་ངེས་འབྱུང ་བར་ཕྱིན་འདི།། དེ་བཞིན་དུ་ངེས་པར་བདག་གི་རྒྱལ་སྲིད་སྤངས་ནས་ངེས་པར་འབྱུང་བའི་ཕ་རོལ་ཏུ་ཕྱིན་པ་སྟེ།། དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྐྱེསོ།། དེ་བཞིན་དུ་མཁས་པ་བི་དཱུ་རིའི ་དུས་སུ་དང་། མཁས་པ་ཁྱབ་འཇུག་ཆེན་པོའི་དུས་སུ་དང་མཁས་པ་སྟོག་རྩེ་བའི་དུས་སུ་དང་།། མཁས་པ་ཨ་རིའི་དུས་སུ་དང་།། ཀུན་དུ་རྒྱུ་བྱང་ཆུབ་ཀྱི་དུས་སུ་དང་།། མཁས་པ་སྨན་ཆེན་པོའི ་དུས་སུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོག་པར་བདག་ལ་སྐྱེས་པ་ལ་ཚད་མེདདོ།། གཞན་ཡང་མཐའ་གཅིག་ཏུ་དེའི་ཕྱིར་སྣོད་ཀྱི་སྐྱེས་རབས་ལས།། མཁས་པ་སྡེ་ཅན་གྱི་དུས་སུ་དང་།། བདག་གི་ཤེས་རབ ་ཚོལ་བ་མ།། བྲམ་ཟེའི་སྡུག་བསྔལ་གྲོལ་བ་དང་།། བདག་གི་ཤེས་རབ་མཚུངས་པ་མེད།། བདག་གི་ཤེས་རབ་བར་ཕྱིན་འདི་ཁ་མི། འི་ནང་གི་སྦྲུལ་བདག་གིས་བལྟ་བ་ནི་ཤེས་རབ་ཀྱི ་རོལ་ཏུ་ཕྱིན་པ་སྟེ་དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྐྱེས།། དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བདེག་ལ་སྐྱེས་པ་ཚང་མེདོ།། གཞན་ཡང་མཐའ་གཅིག་ཏུ་དེའི ་སྐྱེ་བོ་ཆེན་པོ་ཅན་གྱི་སྐྱེས་རབས་ལས།། ངོགས་མ་མཐོང་བའི་རྒྱ་མཚོའི་དབུས། མི་རྣམས་ཐམས་ཅད་ཤི་བར་གྱུར།། སྡུག་བསྔལ་མེད་པའི་སེམས་ཀྱིས་ནི་བདག་གི་བརྩོན་འགྲུས་པར་ཕྱིན ་འདི། རྒྱ་མཚོ་ཆེན་པོ་ལས་སྒྲོལ་བར་བྱེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྐྱེསོ།། བཟོད་པར་སྨྲ་བའི་སྐྱེས་རབས་ལས། སེམས་མེད་པ་ལ་གཅོད་པ་བཞིན། བདག་ལ ་རྣོ་བའི་དགྲ་སྟ་ཡིས།། གསལ་ལྡན་རྒྱལ་པོ་ལ་མི་ཁྲོ།། བདག་གི་བཟོད་པའི་ཕར་ཕྱིན་འདི།། དེ་ལྟར་སེམས་མེད་པའི་དངོས་པོ་བཞིན་དུ་བདག་སྡུག་བསྔལ་ཆེན་པོ་ལ་ལྷག་པར་གནས་པ་ནི་བརྗོད ་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྐྱེསོ།། བུ་བཞི་པ་ཆེན་པོའི་སྐྱེས་རབས་ལས།། བདེན་པའི་ཚིག་ནི་རྗེས་སུ་བསྲུང་།། བདག་གི་སྲོག་ནི་སྤངས་ན་སུ།། རྒྱལ ་རིགས་བརྒྱ་ཕྲག་གྲོལ་བར་བྱེད།། བདག་གི་བདེན་པའི་ཕར་ཕྱིན་འདི།། དེ་ལྟར་སྲོག་སྤངས་ནས་བདེན་པ་རྗེསུ་བསྲུང་བ་དེ་ནི་བདེན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ།། དོན་དམ་པའི་ཕ་རོལ་ཏུ་ཕྱིན ་པ་ཞེས་བྱ་བ་སྐྱེ་སོ།། ལྐུག་པ་དང་བཞོག་ཕྱེད་ན་བའི་ཚུལ་གྱི། སྐྱེས་རབས་ལས།། ཕ་མ་བདག་ལ་མི་དགོས་ཤིང་།། ནོར་དང་དགྲགས་པའང་དགོས་པ་མེད།། བདག་ནི་ཐམས་ཅད ་མཁྱེན་ལ་དགའ།། དེ་ཕྱིརའི་བརྟུལ་ཞུགས་གནས་པའོ།། དེ་ལྟར་སྲོག་གི་འདོད་པ་ཡོངསུ་གཏང་ནས་བརྟུལ་ཞུགས་ལ་ལྷག་པར་གནས་པ་ནི་ལྷག་པར་གནས་པའི་ཕ་རོལ་ཏུ་ཕྱིན ་བ་སྟེ། དོན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྐྱེ་སོ།། རྒྱལ་པོ་གཅིག་གིས་སྐྱེས་རབས་ལས།། གང་ཞིག་བདག་ལ་སྐྲག་བྱེད་མེད།། བདག་གིས་ལའང་འཇིགས་མ་བྱས།། བྱམས་པའི་སྟོབ ་ཀྱི་སྟེང་གནས་ནིས།། དེ་ཚེ་སྟོང་པ་ཉིད་ལ་དགའ།། དེ་ལྟར་སྲོག་ཡོངས་སུ་བཏོང་བ་ལ་མི་ལྟ་ཞིང་བྱམས་པར་བྱེད་པ་དེའི་བྱམས་པ་ནི་ཕ་རོལ་ཏུ་ཕྱིན་པ་སྟེ།། དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ ་ཞེས་བྱ་བ་སྐྱེ་སོ།། ངང་པའི་སྤུའི་སྐྱེས་རབས་ལས།། དུར་ཁྲོད་དུ་ནི་གནས་པས་སེམས།། རུས་གོང་ལ་ནི་བརྟེན་བྱས་ནས།། བདག་གི་གན་སུ་ཉེར་བར་འོངས།། གཟུགས་ལ་བལྟ་བ་ཉུང་བ་མེད། ་དེ་ལྟར་གྲོང་གི་ཁྱེའུ་ལ་རྡོ་ལ་སོགས་པ་གྲངས་ནས་རྡུང་བ་ཉིད་དང་།། མེ་ཏོག་ཕྲེང་བ་དང་། སྤོས་ཀྱིས་ཉེ་བར་སྤྱོད་པ་ལ་སོགས་པས་བདེ་བ་དང་སྡུག་བསྔལ་བསྐྱེད་ཀྱང ་བཏང་སྙོམས་སུ་འདོར་བ་དེ་ནི་བཏང་སྙོམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ།། དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྐྱེསོ།། དེ་རྣམས་འདིར་མདོར་བསྡུས་པའོ།། རྒྱ་ཆེན་ཡང་སླར་འདིའི་དོར་སྤྱོད་པའི ་སྡེ་སྣོད་ལས་བླང་བར་བྱའོ།། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་རྫོགས་ནས་ཐམས་ཅད་སྒྲོལ་གྱི་བདག་ཉིད་དུ་གནསོ།། སེམས་མེད་པའི་ས་གཞི།། བདེ་དང་སྡུག་བསྔལ་མི་ཤེས་ཀྱང་།། བདོག་གི ་སྦྱིན་པའི་སྟོབས་དེ་ཡིས།། ལན་བདུན་དུ་ནི་རབ་ཏུ་གཡོས།། དེ་ལྟར་ས་གཞི་ཆེན་པོ་གསྒོ་བ་ལ་སོགས་པ་བསོད་ནམས་ཆེན་པོ་བྱེད་ཅིང་ཚེའི་མཐར་ཤོ་འཕོས་ཏེ་དགའ་ལྡན་དུ་སྐྱེས་ཅེས ་པ་ནི་མར་མེ་མཛད་ཀྱི་ཞབས་དྲུང་ནས་བཟུང་སྟེ། ཇི་སྲིད་དགའ་། ལྡན་དུ་སྐྱེས་པ་དེ་རྣམས་ཀྱི་བར་ནི་རིང་པོའི་གཞི་ཞེས་བྱ་བར་རིག་པར་བྱའོ།། གཞན་ཡང་བྱང་ཆུབ་སེམས ་དཔའ་དགའ་ལྡན་དུ་བཞུགས་པ་ཉིད་ནས་སངས་རྒྱས་ཀྱི་སྒྲ་ཆེར་སྒྲོགས་པ་ཞེས་བྱ་བ་སྐྱེས་པ་ན་འཇིག་རྟེན་འདིར་སྒྲ་ཆེར་སྒྲོགས་པ་གསུམ་བྱུང་སྟེ།། བསྐལ་པའི་སྒྲ་ཆེར་སྒྲོགས་པ་དང་། ་སངས་རྒྱས་ཀྱི་སྒྲ་ཆེར་སྒྲོགས་པ་དང་།། འཁོར་ལོ་སྦྱར་བའི་སྒྲ་ཆེར་སྒྲོགས་པའོ།། དེ་ལ་ལོ་འབུམ་ཕྲག་གཅིག་གི་མཐར་བསྐལ་པ་འཇིག་པར་འགྱུར་ཞེས་བྱ་འཇིག་རྟེན་གྱི་མིང་དུ ་བརྗོད་པ་ནི་འདོད་པ་ན་སྤྱོད་པའི་ལྷ་མགོ་གཡོགས་ཀྱིས་མ་བསྒྲིབ་པ་དང་།། སྐྲ་གྲོལ་བ་དང་། ངུ་བའི་ཁ་ཅན་ལག་པས་མིག་གི་མཆི་མ་འཕྱི་བ་གོས་དམར་པོ་གྱོན་པ། ལྷག་པར་གཟུག ་མི་སྡུག་པའི་ཆ་བྱད་འཛིན་པར་གྱུར་པའི་མི་རྣམས་ལམ་ལ་འགྲོ་ཞིང་འདི་ལྟར་བརྗོད་དོ།། འཇིག་རྟེན་པ་འདིས་ལོ་འབུམ་ཕྲག་ཅིག་འདས་ནས་བསྐལ་པ་འཇིག་པ་འཇིག་པར་འགྱུར་རོ།། ་འདི་ཡི་འཇིག་རྟེན་རྣམས་འཇིག་པར་འགྱུརརོ།། རྒྱ་མཚོ་ཆེན་པོ་ཡང་བསྐམ་པར་འགྱུར་རོ།། ས་གཞི་ཆེན་པོ་འདི་དང་རིའི་རྒྱལ་པོ་རི་རབ་ཀྱང་ཐལ་བར་གྱུར་ཅིང་འཇིག་གོ།། ཚངས་པའི་འཇིག ་རྟེན་གྱི་བར་དུ་འཇིག་པར་འགྱུར་ཞེས་བརྗོད་དོ།། འཇིག་རྟེན་པ་རྣམས་བྱམས་པ་བསྒོམ་ཤིག་སྙིང་རྗེ་བསྒོམས་ཤིག། དགའ་བ་བསྒོམས་ཤིག། བཏང་སྙོམས་བསྒོམས་ཤིག། མ་ལ ་རིམ་གྲོ་གྱིས་ཤིག། ཕ་ལ་རིམ་གྲོ་གྱིས་ཤིག། རིགས་ཀྱི་གཙོ་བོ་ལ་རིམ་གྲོ་གྱིས་ཤིག་ཅེས་པ་འདི་ནི་བསྐལ་པའི་སྒྲ་ཆེར་སྒྲོགས་པ་ཞེས་བྱ་བའོ།། ལོ་སྟོང་ཕྲག་གཅིག་འདས་ནས ་སླར་ཡང་སངས་རྒྱས་ཐམས་ཅད་མཁྱེན་པ་འཇིག་རྟེན་དུ་བྱོན་ནོ། ཞེས་བརྗོད་པ་འདི་འཇིག་རྟེན་སྐྱོང་བའི་ལྷ་རྣམས་འདི་ནས་འ་ཇིག་རྟེན་པ་རྣམས་ལོ་སྟོང་ཕྲག་གཅིག་འདས ་གཞན་ཡང་སངས་རྒྱས་འཇིག་རྟེན་དུ་བྱོན་ནོ་ཞེས་བརྗོད་ཅིང་སྒྲ་ཆེར་སྒྲོགས་པས་རྒྱུ་བ་ནི་སངས་རྒྱས་ཀྱི་སྒྲ་ཆར་སྒྲོགས་པ་ཞེས་བྱ་བ་ཡིན་ནོ།། གཞན་ཡང་ལོ་བརྒྱ་འདས་ནས་འཁོར ་ལོ་བསྒྱུར་བའི་རྒྱལ་པོ་བྱོན་ནོ་ཞེས་བརྗོད་པ་ནི་ལྷ་ཉིད་དེ། འཇིག་རྟེན་པ་རྣམས་ལོ་བརྒྱ་འདས་ནས་འཁོར་ལོ་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱོན་ཞེས་སྒྲ་ཆེར་བརྗོད་ཅིང་རྒྱུ་བ་འདི ་ནི་འཁོར་ལོ་སྒྱུར་བའི་སྒྲ་ཆེར་སྒྲོགས་པ་ཞེས་བྱ་བ་ཡིན་ནོ།། གསུམ་པོ་འདི་ནི་སྒྲ་ཆེར་སྒྲོགས་པ་ཡིན་ནོ།། དེ་རྣམས་ལས་སངས་རྒྱས་ཀྱི་སྒོ་ཆེར་སྒྲོགས་པ་ཐོས་ནས་སྟོང་ཕྲག་བཅུའི་ཁོར ་ཡུག་གི་ལྷ་ཐམས་ཅད་གནས་གཅིག་ཏུ་འདུས་ཏེ། ཆེ་གེ་མོ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སངས་རྒྱ་སུ་འགྱུར་བར་རྟོག་ནས་ནུ་བའི་ཕྱིར་ཉེ་བར་སོང་སྟེ། ནུས་ན། ་ཀྱང་སྔར་གྱི་མཚན་མ་སྐྱེས་པ་ལ་ཞུས་སོ།། དེའི་ཚེ་སླར་ཡང་ཐམས་ཅད་ཀྱི་རེ་རེའི་ཁོར་ཡུག་གི་རྒྱལ་པོ་ཆེན་པོ་བཞིའི་རིས་དང་བརྒྱ་བྱིན་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་པ་ཆེན་པོ་དང་བཅས་པའི་ལྷ་དང་། ཁོར་ཡུག་གི་ལྷ་རྣམས་འདུས་པའོ།། དགའ་ལྡན་གྱི་ལྷ་གནས་སུ་བྱང་ཆུབ་སེམས་དཔའི་དྲུང་དུ་སང ་སྟེ། དྲང་སྲོང་ཆེན་པོ་ཁྱོད་ཀྱིས་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པ་ནི་བརྒྱ་བྱིན་གྱི་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་མ་ཡིན། བདུད་ཀྱི་ཕྱིར་མ་ཡིན། ཚངས་པའི་ཕྱིར་དོན་དུ་གཉེར་བ་རྫོགས། ་པར་བྱ་བའི་ཕྱིར་མ་ཡིན་འཁོར་ལོ་སྦྱར་བའི་ཕུན་སུམ་ཚོགས་བའི་ཕྱིར་དོན་དུ་གཉེར་བ་རྫོགས་པར་བྱ་བའི་ཕྱིར་མ་ཡིན། ནོ།། གཞན་ཡང་འཇིག་རྟེན་བསྒྲལ་བའི་ཕྱིར་ད ་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བའི་ཕྱིར་རྫོགས་པར་བྱེད་དོ།། དེ་རྣམས་ནི་དེ་ལྟའི་དུས་ནས་དྲང་སྲོང་ཆེན་པོ་སངས་རྒྱསུ་འགྱུར་བའི་དུས་ནི་དྲང་སྲོང་ཆེན་པོ་སངས་རྒྱ་སུ་འགྱུར་ཞེས ་ཞུས་སོ།། སེམས་དཔའ་ཆེན་པོ་ལྷ་ལ་གནང་པ་མ་བྱིན་ཏོ།། དུས་དང་གླིང་དང་། ཡུལ་དང་། རིགས་དང་། ཡུམ་དང་ཚེ་དང་། ཆའི་བྱེ་བྲག་ལྷག་མ་ལས་མེད་དོ།། ཆེན་པོ་ལྔ་པོ་ཞེས ་བྱ་བ་ལེགས་པར་གཟིག་སོ།། དེ་ལ་དུས་དང་དུས་མ་ཡིན་པ་ཞེས་བྱ་བ་སྟེ། དང་པོ་དུས་ལ་གཟིག་སོ།། དེ་ལ་ལོ་འབུམ་ཕྲག་གཅིག་གི་ཐོགས་མནས་འཕེལ་བ་ནི་ཚེའི་དུས་དང་དུས་མ ་ཡིན་པའོ།། གང་གི་ཕྱིར་དེའི་ཚེ་སེམས་ཅན་རྣམས་ཀྱི་སྐྱེ་བ་དང་རྒ་དང་འཆི་བ་རྣམས་ལ་གཟིགསོ།། སངས་རྒྱས་རྣམས་ཀྱི་ཆོས་སྟོན་པའི་མཚན་ཉིད་ལྔ་སྤངས་ནས་གཞན་པ་ནི་མེད་དོ།། དེ་རྣམ། ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་སྟོན་ཅིང་འདི་རྣམས་ཅིའི་ཕྱིར་འཆང་པ་ཉིད་མི་ཉན་པ་དང་མི་དད་པ་དང་མི་སེམས་པའོ།། དེ་ནི་དུས་མ་ཡིན་ནོ།། དེའི་ཕྱིར་མི་སེམས་པ་དང་། ་མ་ངེས་པའི་སྟན་པོ་ཡིན་ནོ།། དེའི་ཕྱིར་དེ་ནི་དུས་མ་ཡིན་པའོ།། ལོ་བརྒྱ་པ་དམན་པས་ཚེའི་དུས་ཀྱང་དེའི་དུས་མ་ཡིན་ནོ།། གང་གི་ཕྱིར་དེའི་ཚེ། སེམས་ཅན་ཉོན་མོངས་པ་ཤིན་ཏུ་ཆེ་བ ་ཡིན་ནོ།། ཉོན་མོངས་པ་ཤིན་ཏུ་ཆེ་བས་གདམས་པ་བྱིན་ནོ།། གདམས་པ་ལ་མི་གནས་ན་ཆུ་ལ་དབྱུག་པ་རྒྱབ་པའི་རོ་མོ་བཞིན་མྱུར་དུ་འགགོ།། དེའི་ཕྱིར་དེ་ཡང་དུས་མ་ཡིན་པའོ།། ལོ་འདུན ་ཕྲག་གཅིག་ནས་གཟུང་བའི་འོག་ཏུ་ལོ་བརྒྱ་པའི་མགོར་ཚེའི་དུས་ཏེ་དུས་ཞེས་བྱ་བ་ཡིན་ནོ།། དེའི་ཚེ་ཡང་ལོ་བརྒྱ་འི་ཡིན་ནོ།། དེ་ནས་སེམས་དཔའ་ཆེན་པོ་སྐྱེ་བར་རིག ་ཞེས་དུས་ལ་གཟིགས་སོ།། དེ་ནས་གླིང་ལ་གཟིགས་ཏེ། གླིང་བཞི་འཁོར་དང་བཅོས་པ་ལ་གཟིགས་ནས་གླིང་གསུམ་པོ་རྣམསུ་སངས་རྒྱས་མི་འབྱོན་ནོ།། འཛམ་བུ་གླིང་ཉིད་དུ་འཛིན ་གླིང་ལ་གཟིགས་པའོ།། དེ་ནས་འཛམ་བུ་གླིང་ཞེས་བྱ་བ་དཔག་ཚད་སྟོང་ཕྲག་བཅུའི་ཚད་ཀྱིས་ཆེ་བའོ།། ཡུལ་གྱི་ཕྱོགས་གང་ཞིག་དུ་སངས་རྒྱས་བྱོན་པར་འགྱུར་ཞེས་ཡངས་ཤོང ་གྲོལ་བའི་གནས་བལྟ་ཞིང་ཡུལ་དབུས་ལ་གཟིགས་ཏེ།། ཡུལ་དབུས་ཞེས་བྱ་བ་ནི་ཤར་གྱི་ཕྱོགས་ན་ཀ་ཛཾ་ག་ལ་ཞེས་བྱ་བའི་གྲོང་འརྡལ་ལོ།། དེའི་ཕ་རོལ་ན་ཤིང་སཱ་ལ་ཆེན་པོར། ་དེ་ནས་གཞན་ཡང་བས་མཐའི་ལྗོངས་ཉེ་བའི་ནང་ངོ་།། ཤར་ལྷོའི་འཚམས་སུ་སཱ་ལ་ཅན་ཞེས་བྱ་བའི་ཆུ་ཀླུ་།། དེ་ནས་གཞན་ཡང་བས་མཐའི་ལྗོངས་དང་ཉེ་བའི་ནང་ངོ་།། ་ལྷོ་ཕྱོགསུ་སཽ་ཏ་ཀརཱི་ཀ་ཞེས་བྱ་བའི་གྲོང་རྡལ་ལོ།། དེ་ནས་གཞན་ཡང་བས་མཐའི་ལྗོངས་དང་ཉེ་བའི་ནང་ངོ་།། ནུབ་ཕྱོགས་ཀ་བ་ཞེས་བྱ་བ་བྲམ་ཟེའི་གྲོང་རྡལ་ལོ།། དེ་ནས་གཞན་ཡང་བས་མཐའི ་ལྗོངས་དང་ཉེ་བའི་ནང་ངོ་།། བྱང་གི་ཕྱོགས་སུ་ཨུ་ཤི་རི་འི་རིའོ།། དེ་ནས་གཞན་ཡང་བས་མཐའི་ལྗོངས་དང་ཉེ་བའི་ནང་ངོ་།། འདི་ལྟར་འདུལ་བར་བཤད་ཅིང་བསྟན་ནོ།། དཀྱུས་སུ་དཔག་ཚད་སུམ ་བརྒྱའོ།། ཞེང་དུ་དཔག་ཚད་ཕྱེད་དང་སུམ་བརྒྱའོ།། མཐའ་བསྐོར་ལ་དཔགྲ་ཚད་དགུ་བརྒྱའོ།། ཡུལ་ཕྱོགས་དེ་རྣམསུ་ནི་སངས་རྒྱས་དང་། རང་སངས་རྒྱས་དང་། ཉན་ཐོས་མཆོག་རྣམས ་དང་ཉན་ཐོས་ཆེན་པོ་བརྒྱད་ཅུ་དང་། འཁོར་ལོ་སྒྱུར་བའི་རྒྱལ། པོ་དང་། གཞན་ཡང་སྐྱེས་བུ་ཆེན་པོར་གྲགས་པའི་རིགས།། དང་། བྲམ་ཟེའི་རིགས་དང་། ཤིང་སཱ་ལ་ཆེན་པོའི ་ལྟ་བུའི་ཁྱིམ་བདག་རྣམས་འཁྲུང་བའི་གནས་སོ།། དེ་རྣམས་ལས་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་འདིའོ།། དེར་བདག་འཁྲུང་བར་རིགསོ་ཞེས་ཐུགས་ཀྱིས་ངེས་པར་བྱསོ།། དེ་ནས་རིགས ་ལ་གཟིགས་པ་ཞེས་བྱ་བ་ནི་སངས་རྒྱས་ཞེས་བྱ་བ་རྗེའུ་རིགས་སམ།། གདོལ་པའི་རིགས་ལ་མི་འཁྲུང་ངོ་།། སླར་ཡང་འཇིག་རྟེན་པ་མོས་པའི་རྒྱལ་རིགས་སམ་བྲམ་ཟེའི་རིགས ་གཉིས་ལ་འཁྲུང་ངོ་།། ད་ལྟ་ནི་རྒྱལ་རིགས་ལ་འཇིག་རྟེན་པ་སེམས་སོ།། དེ་ལ་འཁྲུང་ངོ་།། བདག་གིས་ཡབ་ནི་ཟས་གཙང་མ་ཞེས་བྱ་བའི་རྒྱལ་པོ་ཡིན་ཏེ་རིགས་ལ་གཟིགས་སོ།། ་དེ་ནས་ཡུམ་ལ་གཟིགས་ཏེ་འདོད་པ་དང་ཆང་ལ་དགའ་བ་ནི་སངས་རྒྱས་ཀྱི་ཡུམ་ཞེས་བྱ་བ་མ་ཡིན་ནོ།། གཞན་ཡང་བསྐལ་པ་འབུམ་ཕྲག་གཅིག་ལ་ཕ་རོལ་ཏུ་ཕྱིན་པ་རྫོགས་པར། ་བྱས་ནས་འཁྲུང་ངོ་།། ཉམས་པ་མེད་པའི་ཚུལ་ཁྲིམས་ལྔ་པོ་ཉིད་ལེན་ནོ།། ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་འདི་དེ་དང་འདྲ་བ་བདག་གི་ཡུམ་ཡིན་ནོ།། གཞན་ཡང་གང་དེ་ཙམ ་གྱིས་ཆེའོ།། ཟླ་བ་བཅུའི་མགོ་ནས་ཞག་བདུན་དུ་གཟིགསོ།། འདི་ནི་ཆེན་པོ་ལྔ་ལ་གཟིགས་སོ་གཟིགས་ནས། དྲང་སྲོང་ཆེན་པོ་བདག་གི་དུས་དེ་སངས་རྒྱསུ་འགྱུར་བའི་ལྷ་རྣམ ་ཀྱིས་ཚིག་གིས་གནང་ངོ་།། ཁྱོད་རྣམས་གཤེགས་པར་ཞུ་ཞེས་ལྷ་དེ་རྣམས་གཏང་ནས་དགའ་ལྡན་གྱི་ལྷ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ། དགའ་ལྡན་གྱི་དགའ་བའི་ཚལ་དུ ་ཞུག་སོ།། འཇིག་རྟེན་གྱི་ལྷ་ཐམས་ཅད་དགའ་བའི་ཚལ་ན་ཡོ། བ་ཉིད་དོ།། དེ་ལ་འདི་ཡི་ལྷ་འདི་ནས་ཤི་ཕོས་ནས་བདེ་བའི་འགྲོ་བར་སྐྱེས་ཏེ་འདི་ནས་ཤི་འཕོས་ན ་བ་དེ་བའི་འགྲོ་བར་སྐྱེསོ།། སྔར་བྱས་པའི་དགེ་བའི་ལས་བྱས་པ་རྗེས་སུ་དྲན་ཞིང་རྒྱུའོ།། དེ་དེ་ལྟར་ལྷ་རྣམས་ཀྱིས་དགེ་བ་རྗེས་སུ་དྲན་པ་རྣམས་འཁོར་དུ་བྱས་ཤིང་དེར་རྒྱུའོ། ་ཤི་འཕོས་ནས་ལྷ་མོ་སྒྱུ་འཕྲུལ་མ་ཆེན་མོའི་མངལ་དུ་ཞུག་སོ།། དེ་ལ་ལེགས་པར་བརྗོད་པའི་ཕྱིར་འདི་གོ་རིམ་བཞིན་དུ་སྔོན་གྱི་གཏམ་བརྗོད།། དེའི་ཚེ་གྲོང་ཁྱེར་སེར་སྐྱར་དབྱར་ཟླ ་འབྲིང་པོའི་རྒྱུ་དུ་བརྗོད་པར་སྐྱེ་བོ་ཐམས་ཅད་རྒྱུ་སྐར་ལ་རྩི་ཞིང་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཡང་ཉའི་སྔུན་དུ་ཞག་བདུན་ནས་མེ་ཏོག་གི་ཕྲེང་བ་དང་སྤོས་ཀྱི་འབྱོར་པ་དང་ལྡན་པས་རྒྱུ་སྐར་ལ་རྩེ་ཞིང ་འངས་སྤྱོང་དོ།། ག་འདུན་གྱི་མམང་སྔ་དྲོ་ལས་ནས་དྲི་གཟང་གི་ཆུས་ཁྲུས་བྱས་སྡེ་འབུམ་ཕྲག་འནའི་ལོངས་སྤྱོད་སྤེལ་ཏེ་སྦྱིན་པ་ཆེན་པོ་བཏ་ནས་རྒན་ཐམས་ཅད་ཀྱིས་པ། ་ཁ་ཟས་བཟང་པོ་ཟོས་ཏེ། གསོ་སྦྱོང་ཡན་ལག་བརྒྱད་པ་ལ་གན་སོ།། རྒྱུན་དུ་བྱེད་བྱ་ལ་རིགས་པའི་དཔལ་གྱི་ཁང་པའི་ནང་དུ་ཞུགས་ནས་དཔལ་གྱི་མལ་ཆ་ལ་ཉལ་ཏེ་གཉིད་སོང་ནས་འདི་ལྟ ་བུའི་རྨི་ལམ་མཐོང་།། རྒྱལ་པོ་ཆེན་པོ་བཞི་པོས་མལ་སྟན་དང་བཅས་པ་ཉིད་བླངས་ནས་གྲངས་ཅན་གྱི་ནང་དུ་སོང་།། དཔག་ཚད་དྲུག་ཅུ་པའི་མ་ནི་ཤ་ལའི་སྟེང་དུ་དང་དཔག་ཚད་བདུན་པའི་ཤིང ་ས་ལ་ཆེན་པོའི་འོག་ཏུ་བཞག་ནས་ཕྱོགས་གཅིག་ཏུ་འཁོད་རྗེ་དྲོ།། དེ་ནས་དེའི་ལྷ་མོ་འོངས་ནས། ལྷ་མོ་སྒྱུ་འཕྲུལ་མ་ཆེན་མོ་མཚོ་མརྗེ་དྲོས་པར་ཁྲིད་དོ།། མིའི་དྲི་མ་བསལ་བའི་ཕྱིར་ཁྲུས་བྱས་ཏེ། ་ལྷའི་གོས་གྱོན་ནས་དྲི་བཟང་པོ་འབྱུག་ཅིང་ལྷའི་རྨིག་འདོག་སྟེ།། དྲི་ནས་མི་རིང་བར་དངུའི་གྱི་རི་དེའི་ནང་ན་གསོ་སྟེར་གྱི་གནལ་མོད་ཁང་འདུའོ།། དེར་ཤང་དུ་མགོ་བསྟན་པའི ་ལྷའི་མལ་ཆ་ལ་དེར་ཉོལ་ཞེས་ཟེར་ནས་ཉལོ།། དེ་ནས་བྱང་ཆུབ་སེམས་དཔའ་གླང་པོ་ཆེ་དཀར་པོ་གཅིག་ཏུ་གྱུར་ཏོ།། དེ་ནས་མོ་རིང་བར་གསེར་གྱི་རི་གཅིག་ལ་དེར་འཇིག་ཅིང་དེ་ནས་མར་བབྲས ་ནས་དངུལ་གྱི་རི་ལ་འཛེག།། བྱང་གི་ཕྱོགས་ནས་འོངས་ཏེ།། དངུལ་གྱི་ཕྲེང་བ་དང་མཚུངས་པའི་གླང་པོ་ཆེ་ཡི་གནས་པདྨ་དཀར་པོ་འཛིན་ཅིང་། གླང་པོ་ཆེའི་སྒྲ་སྒྲོགས་པས་གསེར་གྱི་གཞལ ་ཡས་ཁང་དུ་ཞུགས་ཏེརང་གི་མེལ་ཚལ་ལན་གསུམ་དུ་བསྐོར་བ་བྱས་ནས་གློ་གྲཡས་པ་ཕུག་ནས་ལྷོར་ཞུགས་པ་བཞིན་དུ་གྱུར་ཏོ།། དེ་ལྟར་བྲེའི་སྐར་མ་མཆོག་ལ་ལྷུམ་སུ་ཞུགསོ། ་ཉི་མ་གཉིས་པ་ལ་དེའི་སྔ་དྲོ་སང་དེ་ལྷ་མོས་རྒྱལ་པོ་ལ་རྨི་ལམ་རྣམས་སྨྲསོ།། རྒྱལ་པོས་བྲམ་ཟེ་དྲུག་བཅུ་རྩ་བཞི་བོས་ནས་མེ་ཏོག་གི་ཕྲེང་བ་ལ་སོགས་པ་དང་། བཀྲ་ཤིས་དང་བསྟི་སྟང་བྱེད་ཅིངས ་ལ་མལ་སྟན་ཆེན་པོ་བཤམས་ཏེ་དེ་ལ་ཞུགས་པའི་བྲམ་ཟེ་རྣམས་ལ་མར་གསར་དང་སྦྲང་རྩི་དང་དཀར་བ་རྣམས་དང་བསྲེས་པའི་འཐུག་རྣམས། གསེར་དང་དངུལ་ལས་བྱས་པའི་སྟེར་མ ་བཀང་སྟེ་གསེར་དང་དངུལ་གྱི་སྡེར་མས་སོ་སོར་བཀབ་ནས་བྲམ་ཟེ་རྣམས་ལ་ཕུལོ།། གཞན་ཡང་རྒྱལ་པོ་གྱོན་པ་དང་མཚུངས་པའི་གོས་དང་བསེར་རྒྱ་མ་ལ་སོགས་པ་བྱིན་ནས་དེ་རྣམས་ཚིམ ་པབར་བྱསོ།། དེ་ནས་དེ་ཐམས་ཅད་འདོད་པ་ཐམ་ཅད་ཀྱིས་ཚིམ་གྱུར་ནས་རྨི་ལམ་བཤད་དེ་ཅི་འདྲ་བར་འགྱུར་ཞེས་དྲིསོ།། བྲམ་ཟེ་རྣམས་ཀྱིས་སྨྲས་པ་རྒྱལ་པོ་ཆེན་པོ་འཇིགས་པར་མ་བྱེད ་ཅིག་ཁྱོད་ཀྱིས་ཁྲོས་ཙ་ནང་དུ་སེམས་ཅན་ཞུགས་ཏེ། དེ་ལ་ང་ནང་གི་དེ་སྐྱེས་བུའོ།། མངལ་གྱི་ནང་གི་དེ་བུ་མོ་ནི་མ་ཡིན་ནོ།། དེ་ཁྱེད་ཀྱི་སྲས་པོར་འགྱུརརོ།། དེ་གལ་ཏེ་ཁྱིམ་ན་གནས་ན་འཁོར ་ལོས་བསྒྱུར་བའི་རྒྱལ་པོར་འགྱུརརོ།། གལ་ཏེ་ཁྱིམ་སྤངས་ནས་རབ་ཏུ་བྱུང་ན་སངས་རྒྱས་པར་འགྱུརརོ།། འཇིག་རྟེན་དུ་ཟློག་ནས་སླར་ཁྱིམ་ན་གནས་ནས་སྐྱེ་བ་མེདོ།། གཞན་ཡང་བྱང་ཆུབ་སེམས་དཔའ ་ཡུམ་གྱི་མངལ་དུ་ཞུགས་པ་དེ་མ་ཐག་ཏུ་ཐུན་ཅིག་ཉིད་ལ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་དག་པར་གཡོ་སོ།། ཡང་དག་པར་རབ་ཏུ་གཡོ་སོ།། ཡང་དག་པར་སྒྲ་སྒྲོགསོ།། ་མཚན་མ་སུམ་ཅུ་རྩ་གཉིས་སྔོན་གྱི་མཚན་པར་གྱུར་ཏོ།། སྟོང་ཕྲག་བཅུའི་ཁོར་ཡུག་རྣམསུ་སྣང་བ་ཚད་མེད་པར་ཁྱབ་ཅིང་གནསོ།། དེ་ཡང་དེའི་དཔལ་བལྟ་བ་འདི་ལྟ་བུ་སྟེ། ལོང་བ་རྣམས་ཀྱིས ་མིག་ཐོབ་བོ།། འོན་པ་རྣམས་ཀྱིས་རྣ་བས་སྒྲ་ཐོསོ།། ལྐུགས་པ་རྣམས་ཀྱིས་སྨྲ་ཤེ་སོ།། སྒུར་པོ་རྣམས་དྲང་པོར་གྱུར་ཏོ།། གོང་པོ་རྣམས་ཀྱིས་འགྲོ་ཤེས་པར་གྱུར་ཏོ།། བཅིངས་པའི་སེམྦ། ་ཅན་ཐམས་ཅད་ནི་རྗེ་སུ་བཅིངས་པ་ལས་གྲོལ་བར་གྱུར་ཏོ།། དམྱལ་བ་ཐམས་ཅད་ཀྱི་མེ་ནི་བར་གྱུར་ཏོ།། ཡི་དགས་ཀྱི་ཡུལ་པ་རྣམས་བཀྲེས་པ་དང་སྐོམ་པ་ནི་བར་གྱུར་ཏོ།། དུད་འགྲོ་རྣམས་ཕན ་རྒྱུན་འཇིགས་པ་མེད་པར་གྱུར་ཏོ།། སེམས་ཅན་ཐམས་ཅད་ཀྱི་ནད་ཞི་བར་གྱུར་ཏོ།། སེམས་ཅན་ཐམས་ཅད་དགའ་བཞིན་དུ་སྨྲ་བར་གྱུར་ཏོ།། རྟ་རྣམས་སྐད་སྙན་པའི་རྣམ་པར་གྱུར་ཏོ།། གླང་པོ་རྣམས ་ནི་སྒྲ་སྒྲོག་སོ།། རོལ་མོ་རྣམས་རང་བྱུང་གི་སྒྲ་སྒྲོག་སོ།། མི་རྣམས་ཀྱི་རྐང་པ་དང་ལག་པའི་རྒྱན་རང་རང་མི་རེག་པས་སོ་སོར་འབྱིན་ཏོ།། ཕྱོགས་ཐམས་ཅད་རབ་ཏུ་དངས་པར་གྱུར་ཏོ།། སེམས ་ཅན་རྣམས་བདེ་བ་བསྐྱེད་པའི་ཕྱིར་རླུང་འཇམ་པོ་ལྡང་བར་གྱུར། ཏོ།། དུས་མ་ཡིན་པར་སྤྲིན་ལ་ཆར་འབབ་པོ།། ས་ལ་ཆུ་བྱུ། ང་ནས་ཕྱོགས་ཐམས་ཅད་ཆུར་གྱུར་ཏོ།། བྱ་རྣམས ་ནམཁའ་ལ་འགྲོ་བ་སྤོང་ངོ་།། ཆུ་ཀླུང་རྣམས་འགྲོ་བ་མེད་པར་གནས།། རྒྱ་མཚོ་ཆེན་པོའི་ཆུ་ནི་མངར་བར་གྱུར་ཏོ།། གནས་ཐམས་ཅད་ཉིད་དུ་ཁ་དོག་ལྔ་པོའི་པདྨས་སའི་སྟེངས་ཐམས་ཅད་ཁྱབ། ་པབཔར་གྱུར་ཏོ།། ཐང་དང་ཆུ་ལས་སྐྱེས་པའི་མེ་ཏོག་རྣམས་ཁ་བྱོ་བར་གྱུར་ཏོ།། ལྗོན་ཤིང་རྣམས་ཀྱི་སྡོང་པོའི་པདྨའི་མེ་ཏོག་གོ།། ཡལ་ག་རྣམས་ལ་ཡལ་ཁའི་པདྨའི་མེ་ཏོག།། འཁྲིལ་ཤིང་རྣམས ་ལ་ཁྲིལ་ཤིང་གི་པདྨའི་མེ་ཏོག་ཁ་བྱེའོ།། ཐང་དང་རྡོའི་སྟེང་དུ་བརྟོལ་ནས་སྟེང་ནས་སྟེང་དུ་བདུན་བདུན་དུ་གྱུར་ནས།། དནྡྷ་པདྨ་ཞེས་བྱ་བ་ཕྱུང་ངོ་།། ནམ་མཁའ་ནས་མཐུར་དུ་པདྨ་འཕྱང་ངོ་།། ཐམས ་ཅད་དུ་མེ་ཏོག་གི་ཆར་འབའོ།། ན་མཁའ་ལ་ལྷའི་རོལ་མོའི་སྒྲ་སྒྲོག་སོ།། སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མེ་ཏོག་དང་བདུག་སྤོས་དང་དྲི་ཆབ་མཆོག་ཏུ་སྐལ་བ་བཟང་བར་གྱུར་ཏོ།། ་འདི་ལྟར་བྱང་ཆུབ་སེམས་དཔའ་མངལ་དུ་ཞུགས་པ་ཉིད་ནས་བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་ཡུམ་གྱི་ཉེ་བར་འཚེ་བ་ཟློག་པའི་ཕྱིར་རལ་གྲི་ལག་དུ་ཐོགས་པའི་ལྷའི་བུ་བཞིས ་བསྲུང་བར་བྱེད་དོ།། བྱང་ཆུབ་སེམས་དཔའི་ཡུམ་ནི་སྐྱེས་པ་ལ་འདོད་ཆགས་མི་སྐྱེ་ཞིང་། རྙེད་པ་དང་གྲགས་པ་ཐོབ་པར་གྱུར་ཏོ།། སྐྱིད་པ་སྐུ་ལ་དུབ་པ་མེད་པར་བྱང་ཆུབ་སེམས་དཔའ་དེ་ཡང་རུམ ་དུ་ཞུགས་ནས། ནོར་བུ་རིན་པོ་ཆེ་རབ་ཏུ་དངས་པ་སྲུང་བུ་དམར་པོ་ལ་རྒྱུས་པ་བཞིན་དུ་མཐོང་ངོ་།། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཞུགས་པའི་རུམ་ཞེས་བྱ་བ་ནི་མཆོད་རྟེན་གྱི་ནང་བཞིན ་དུ་སེམས་ཅན་གཞན་གྱིས་རེག་པ་དང་། ལོངས་སྤྱོད་པར་མི་ནུ། ཉེས་སོ།། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཡུམ་བྱང་ཆུབ་སེམས་དཔའ་འཁྲུངས་ནས་ཞག་བདུན་ནས་དུས ་ལས་འདས་ནས་དགའ་ལྡན་དུ་སྐྱེ་བར་འགྱུར་རོ།། ཇི་ལྟར་ཡང་བུད་མེད་གཞན་ཟླ་བ་བཅུ་ལས་དམན་པ་འམ་ལྷག་པ་འམ། འདུག་པ་འམ། ཉལ་ནས་སྐྱེའོ།། བྱང་ཆུབ་སེམས་དཔའ་ཡུམ་ན ་དེ་ལྟ་བུ་མ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་རུམ་བསྲུངས་ནས་འགྲེང་བ་ལ་སྐྱེའོ།། འདི་ནི་བྱང་ཆུབ་སེམས་དཔའི་ཡུམ་ཐམས་ཅད་ཀྱི་ཆོས་ཉིད་དོ།། ལྷ་མོ་སྒྱུ་འཕྲུལ་མ ་ཆེན་མོ་ཡང་སྣོད་ཀྱི་ནང་གི་འབྲུ་མར་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་རུམ་དུ་འཚོ་ཞིང་རུམ་ཡོངསུ་རྫོགས་ནས་གཉེན་གྱི་གྲོང་དུ་འགྲོའོ།། ཞེས་རྒྱལ་པོ་ཆེན་པོ་རིས་གཙང་གི ་དྲུང་དུ་སྨྲ་སོ།། ལྷ་རིགས་ཀྱི་རྒྱུད་ཀྱི་གྲོང་ཁྱེར་ཆེན་པོ་ལྷ་བསྟན་དུ་བདག་འགྲོ་བར་འདོད་དོ།། རྒྱལ་པོས་ལེག་སོ་ཞེས་བརྗོད་ནས་གནང་ངོ་།། སེར་སྐྱའི་གཞི་དང་། ་གྲོང་ཁྱེར་ལྷ་བསྟན་གཉིས་ཀྱི་བར་གྱི་ལམ་མཚུངས་པར་བྱས་ནས། ཆུ་ཤིང་དང་། བུམ་པ་གང་པ་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པའི་རྒྱན་འཛུགས་སུ་བཅུག་ནས་ལྷ་མོ་གསེར ་གྱི་དོ་ལི་ལ་བཞུགས་ཏེ། བློན་པོ་སྟོང་ཕྲག་གཅིག་གིས་བཏེག་སྟེ། འཁོར་མང་པོ་དང་བཅས་པ་མཐོང་ངོ་།། གྲོང་ཁྱེར་གཉིས་ཀྱི་བར་དུ་ཡང་། གཉིས་ཀའི་གླེགྲོང་ཁྱེར་གནས་པའི ་ལུམ་བི་ནིའི་ཚལ་ཞེས་བྱ་བ་ལ། བཀྲ་ཤིས་པའི་ཤིང་སཱ་ལའི་ཤིང་ཡོད་དོ།། དེའི་དུས་སུ་རྩ་བ་ནས་རྩེ་མོའི་ཡལ་གའི་བར་ཐམས་ཅད་དུ་བར་མ་ཆད་པར་མེ་ཏོག་ཁ་བྱེ་བར ་གྱུར་ཏོ།། ཡལ་གའི་བར་ཉིད་དང་། མེ་ཏོག་གི་བར་ཁ་དོ། ག་སྣ་ལྔ་པའི་བུང་བ་མང་པོ་ལྡིང་བ་དང་། རྣམ་པར་སྣ་ཚོ།། གས་པའི་བྱ་བ་མང་པོའི་ཚོགས་ནི་སྙན་པའི་སྒྲ་དབྱངས ་སྒྲོགས་ཤིང་སྤྱོད་དོ།། ལུམྦི་ནའི་ཚལ་ཐམས་ཅད་ནི་ཤིང་རྟ་སྣ་ཚོགས་པའི་ཆོས་བཞིན་དུ་མཐུ་དང་དབང་ཕྱུག་ནི་རྒྱལ་པོའི་མཛེས་པར་བྱས་པའི་མདུན་ས་ལྟ་བུ་དེ་ལྷ་མོས་གཟིགས ་ནས་ཤིང་སཱ་ལའི་ཚལ་དུ་རྩེ་བར་བསམས་པ་སྐྱེསོ།། བློན་པོ་རྣམས་ཀྱིས་ལྷ་མོ་བཏེག་ནས་ཤིང་སཱ་ལའི་ཚལ་དུ་བཞུག་སོ།། དེ་བཀྲ་ཤིས་པའི་ཤིང་སཱ་ལའི་རྩ་བར་གཤེགས་ཏེ་དེས ་ཤིང་སཱ་ཁྱའི་ཡུལ་ག་བཟུང་བར་སེམས་པར་གྱུར་ཏེ། དེས་ཤིང་སཱ་ལའི་ཡལ་ག་ཤིན་ཏུ་ལེགས་པ་མེ་ལ་སྲོས་ནས་བཀུག་པ་བཞིན་དུ་མདུད་པ་ལ་ལྷ་མོའི་ལག་པར་ཉེ་བར་འཕྱང་ངོ ་དེའི་ལག་པ་བརྐྱང་ནས་ཡལ་གའི་རྩེ་མོ་བཟུང་ངོ་།། དེ་མ་ཐག་ཏུ་ལས་ཀྱི་རླུང་གིས་བསྐྱོད་དོ།། དེ་ནས་དེར་ཕྱོགས་ཀུན་ཏུ་ཡོལ་བ་བྱས་ནས་སྐྱེ་བོ་ཐམས་ཅད་ཕྱིར་རིང་དུ་གྱུར་ཏེ། ཤིངས ་ལའི་ཡལ་ག་བཟུང་ནས་འདུག་པ་ཉིད་ལ་དེ་ལྟར་དེའི་མངལ་ནས་བལྟམ་པར་གྱུར་ཏོ།། དེ་མ་ཐག་རྣམ་པར་དགའ་བའི་སེམས་དང་ལྡན་པའི་ཚངས་པ་བཞི་པོས་གསེར་གྱི་དྲ་བ་བླངས། ་ནས་སླེབ་པོ།། དེ་རྣམས་ཀྱིས་དེར་གསེར་གྱི་དྲ་བས་བྱང་ཆུབ་སེམས་དཔའ་བླངས་ཏེ་ཡུམ་གྱི་མདུན་ན་འདུག་གོ།། ལྷ་མོ་སེམས་སྡུག་བསྔལ་བར་མ་བྱེད་ཅིག། ཁྱེད་ཀྱི་སྲས་དབང ་ཕྱག་དང་གྲགས་པ་དང་བཅས་པ་བལྟམ་སོ།། ཞེས་སྨྲ་སོ།། དེ་ལྟར་ཡང་སེམས་ཅན་གཞན་རྣམས་མའི་རུམ་ནས་འཐོན་པ་ན་མི་གཙང་པས་གོས་ཤིང་སྐྱུག་བྲོ་བ་ཅན་འཐོ ་བྱ་ཆུབ་སེམས་དཔའ་ནི་དེ་ལྟ་བུ་མ་ཡིན་ནོ།། གཞན་མ། ངོ་ཆོས་ཀྱི་ཁྲི་ནས་ཆོས་འཆད་པ་འབབ་པའི་བཞིན་དང་། སྐས་ལ་འབབ་པའི་སྐྱེས་བུ་བཞིན་དུ་ལག་པ་གཉིས ་དང་རྐང་པ་གཉིས་བརྐྱང་ནས་འདུག་པ་ཉིད་བཞིན་ནོ།། མའི་རུམ་ནས་མི་གཙང་བ་ཅུང་ཟད་ཀྱིས་ཀྱང་མ་གོས་པར་དག་ཅིང་འཇིགས་པ་མེད་པ་བཞིན་ནོ།། ཡུམ་ཀ་ཤི་ཀའི་རས་ཀྱི ་ནང་དུ་ནོར་བུ་རིན་པོ་ཆེ་བཅུག་པ་བཞིན་དུ་འོད་འགྱེད་ཅིང་ཡུམ་གྱི་རུམ་ནས་འཐོན་ནོ།། དེ་ལྟར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་དང་བྱང་ཆུབ་སེམས་དཔའི་ཡུམ་དེ་དག་པར་བྱ ་བའི་ཕྱིར་ན་མཁའ་ནས་ཆུའི་རྒྱུན་གཉིས་བབས་པས་བྱང་ཆུབ་སེམས་དཔའ་དང་ཡུམ་གྱི་སྐུ་དག་པར་བྱས་སོ།། དེ་ཡང་གསེར་གྱི་དྲ་བས་བླངས་ནས་ཚངས་པ་འདུག་པའི་ལག། ་ནས་རྒྱལ་བ་ཆེན་པོ་བཞི་རྣམས་ཀྱིས་བཀྲ་ཤིས་པ་དང་། བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་གཟིག་གི་ལྤགས་པས་སྔར་གྱི་བཞིན་དུ་བླང་སོ།། དེ་རྣམས་ཀྱི་ལག་ནས ་མི་རྣམས་ཀྱིས་དུ་གུ་ལའི་རས་ཀྱི་སྟེངས་དུ་བླང་སོ།། མི་རྣམས་ཀྱི་ལག་དུ་བཏང་ནས་ས་ལ་གནས་སོ།། ཤར་ཕྱོགས་ལ་གཟིགས་ཏེ། སྟོང་ཕྲག་དུ་མའི་འཁོར་ཡུག་རྣམས་ཕན་ཚུན་དུ ་མཐོང་ངོ་།། དེ་ལྷ་དང་མི་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་དང་སྡེས་ལ་སོགས་པས་མཆོད་ཅིང་སྐྱེས་བུ་ཆེན་པོ་ཁྱོད་ལྟ་བུ་འདི་ན་མོང་ཁྱོད་ཀྱི་གོང་ན་གཞན་སུ་ཡང་མེད་དོ།། ནས ་སྨྲ་སོ། དེ་བཞིན་དུ་ཕྱོགས་བཞི་དང་མཚམས་བཞི་དང་། འོག་དང་སྟེང་དེ་ཕྱོགས་བཅུ་པོ་ཐམས་ཅད་ལེགས་པར་གཟིགས་ནས་བདག་དང་མཚུངས་པ་མེད་པར ་མཐོང་ངོ་།། དེ་ནས་བྱང་གི་ཕྱོགསུ་གོམ་པ་འདུན་སྤྲོད་དོ།། ཚངས་པ་ཆེན་པོ་གདུགས་དཀར་པོ་འཛིན་ཅིང་འཐ་བ་བྲལ་བས་རྔ་ཡབ་གཡོབ་པ། ལྷ་གཞན་རྣམས ་གྱིས་རྒྱལ་པོ་ལ་ཉེ་ལ་མཁོ་བའི་དངོས་པོ་མ་ལུས་པ་ལག་ཏུ་ཐོགས་ནས་རྗེས་སུ་འགྲོའོ།། དེ་ནས་གོམ་པ་བདུན་པ་ལ་གནས་པ་ན་འཇིག་རྟེན་པ་རྣམས་ལས་བདག་མཆོག ་གོ་ཙེས་པ་ལ་སོགས་པའི་ཤེས་པ་བརྗོད་པའི་གཏམ་བརྗོད་ཅིང་། སེང་གེའི་སྒྲ་སྒྲོགསོ།། བྱང་ཆུབ་སེམས་དཔེའ་ཤཱང་སྐྱེ་བ་གསུམ་དུ་སམ་གྱི་ནུས་ནས་ཐོན་མན་ས ་དུ་བརྗོད་དོ།། སྨན་ཆེན་པོར་སྐྱེས་པ་དང་ཐམས་ཅད་སྒྲོལ་དུ་སྐྱེས་པ་དང་འདིར་སྐྱེས་པའོ།། སྨན་ཆེན་པོ་སྐྱེས་པ་ན་ཡུམ་གྱི་རུམ་ནས་འཐོན་མ་ཐག་ཉིད་དུ་བརྒྱ་བྱིན་ལྷའི་རྒྱལ་པོ་འོངས ་ཏེ་ཙན་དན་གྱི་སྙིང་པོ་ལག་ཏུ་ཐོགས་ནས་སོང་།། དེ་དེ་རྣམས་ཀྱི་ཁུ་ཚུར་དུ་བཅུག་ནས་འཐོན་ནོ།། དེ་ནས་ཡང་ཡུམ་གྱིས་དྲིས་པ། བུ་ཅི་ཁྱེར་ནས་འོངས། མ་སྨན་ཡི་ནོ།། འདིས་སྨན་ཁྱེར་ན ་འོངས་པའི་ཕྱིར་སྙུན་གྱི་ཁྱེའུ་ཞེས་བྱ་བར་མིང་བཏག་སོ།། དེས་སྨན་བླངས་ནས་ཆུའི་སྣོད་ཀྱི་ནང་དུ་བཅུ་གོ།། འོངས་ཤིང་འོངས་པའི་ལོང་པ་དང་འོན་པ་ལ་སོགས་པའི་དེ་རྣམས་དེ་ཉིད་ཀྱི ་ནད་ཐམས་ཅད་ཉེ་བར་ཞི་བས་ན་སྨན་པར་གྱུར་ཏོ།། དེ་ནས་སྨན་ཆེན་པོ་ཞེས་བརྗོད་ཅིང་སྐྱེས་པའི་ཚིག་གི་རྒྱུས་སྨན་ཆེན་པོ་ཉིད་དེའི་མིང་དུ་གྱུར་ཏོ།། གཞན་ཡང་ཐམས་ཅད་སྒྲོལ་དུ། ་སྐྱེས་པ་ན་མའི་རུམ་ནས་སྐྱེས་ཙམ་ན་ལག་པ་གཡས་པ་རྐྱང་ནས་ཡུམ་བདག་ཅག་གི་ཁྱིམ་ན་སྦྱིན་པ་གཏང་རྒྱུ་འདྲ་བདོག་གེ་ཞེས་བརྗེད་ཅིང་ཐོ་ན།། དེ་ནས་དེའི་མས།། བུ་འབྱོརཔ ་དང་ལྡན་པའི་རིགསུ་ཁྱོད་སྐྱེསོ།། བུའི་ལག་པ་རང་གི་ལ། ག་པའི་སྟེང་དུ་བཞག་ཏེ་ནོར་བུ་རིན་པོ་ཆེ་སྟོང་ཕྲག་གཅིག། དགི་སྣོད་བཞ་གོ།། གཞན་ཡང་འདི་སྐྱེས་པ་ན་འདིས་སེང ་གེའི་སྒྲ་སྒྲོག་སོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྐྱེ་བ་གསུམ་དུ་མའི་རུམ་ནས་སྐྱེས་ཙམ་ནས་གཏམ་བརྗོད།། ཇི་ལྟར་ཡ་ང་རུམ་དུ་ཞུགས་ཙམ་དང་བལྟམས་ཙམ་ན་སུམ་ཅུ་རྩ ་གཉིས་སྔོན་གྱི་མཚན་མ་བཞིན་དུ་སྐྱེས་པར་གྱུར་ཏོ།། གཞན་ཡང་གང་གི་ཚེ་བདག་གི་བྱང་ཆུབ་སེམས་དཔའ་ལུམྦི་ནའི་འཚལ་དུ་བལྟམ་སོ།། དེ་མ་ཐག་ཏུ་ལྷ་མོ་སྒྲ་གཅན་འཛིན་གྱི་མ ་དང་བློན་པོ་མདུན་པ་དང་། བློན་པོ་ནིག་པོ་འཆང་ཀ་དང་། རྟའི་རྒྱལ་པོ་བསྔགས་ལྡན་དང་། བྱང་ཆུབ་ཀྱི་ཤིང་དང་། གཏེར་བཞིའི་ཛུམ་པ་སྐྱེས།། དེ་ལ་གཅིག་ལ་རྒྱང་གྲགས་བཞི་དང་། ་གཅིག་ལ་རྒྱང་གྲགས་བརྒྱད་དང་། གཅིག་ལ་རྒྱང་གྲགས་བཅུ་གཉིས་དང་། གཅིག་ལ་རྒྱང་གྲགས་བཅུ་དྲུགོ།། བདུན་པོ་འདི་ལྷན་ཅིག་ཏུ་སྐྱེས་པ་ཡིན།། གྲོང་ཁྱེར་གཅི ་ན་གནས་པའི་མོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཁྲིད་ནས་གྲོང་ཁྱེར་སེར་སྐྱེའི་གཞི་ཁོ་ནར་ཕྱིན་ནོ།། ཉི་མ་དེ་ཉིད་ལ་གྲོང་ཁྱེར་སེར་སྐྱའི་གཞི་ལ་རྒྱལ་པོ་ཆེན་པོ་ཟས་གཙང་གི་སྲས་བོར ་བལྟམ་སོ།། གཞོན་ནུ་འདི་བྱང་ཆུབ་ཤིང་གི་དྲུང་དུ་བཞུགས་ནས་སངས་རྒྱས་སུ་འགྱུརརོ།། ཞེས་པ་ལ་གསུམ་ཅུ་རྩ་གསུམ་གྱི་གནས་ཀྱི་ལྷོ་རྣམས་ཀྱིས་དགའ་བ་དང་ཚིམ་པས་ལག་པ་གྱེན ་དུ་བསྐྱོད་ནས་རྩེ་ཞིང་བསྟོད་པ་བྱེའོ།། དེའི་ཚེ་རྒྱལ་པོ་ཆེ་ན་པོ་ཟས་གཙང་གིས་མཆོད་གནས་སྙོམ་པར་འཇུག་པ་བརྒྱད་ཐོབ་པའི་དཀའ་ཐུབ་པ་ནག་པ་ལྷ་ལེན་ཞེས་བྱ་བ་ཁ་ཟས ་བཟང་པོ་ལ་ལོངས་སྤྱོད།། ཉིན་མོ་ཉི་མ་ལ་མི་གནས་པའི་ཕྱིར་སུམ་ཅུ་རྩ་གསུམ་གྱི་གནསུ་འགྲོ་ཞིང་དེར་བདེ་བར་འདུག་ནས་ལྷ་དེ་རྣམས་བལྟའོ།། ཁྱེད་རྣམས་ཅིའི་ཕྱིར ་འདི་ལྟར་དགའ་བའི་སེམས་ཀྱིས་བརྩེ། བདག་ཀྱང་འདི་རྣམས་ཀྱི་ཆེད་དུ་བྱ་བ་ཁོ་བོ་ལ་སྟོན་ཅིག་ཅེས་དྲིས་སོ།། ལྷ་རྣམས་ཀྱིས་སྨྲས་པ། དྲང་སྲོང་ཆེན་པོ་རྒྱལ་པོ་ཆེན་པོ་ཟས་གཙང་གི ་སྲས་བལྟམ་སོ།། དེས་བྱང་ཆུབ་ཤིང་གི་དྲུང་དུ་བཞུགས་ནས་སངས་རྒྱསུ་གྱུར་ནས་ཆོས་ཀྱི་འཁོར་ལོ་བསྐོའོ།། དེ་ནས་མཐའ་ཡས་པའི་སངས་རྒྱས་ཀྱི་རོལ་མོ་བལྟ་བ་དང་། ཆོས་ཐམས་ཅད ་ཐོབ་བོ་སྙམ་པ་འདི་རྣམས་ཀྱི་རྒྱུ་མཚན་གྱིས་དགའ་བར་གྱུར་ཏོ།། དཀའ་ཐུབ་པས་དེའི་ཆོ་ག་ཐོས་ནས་མྱུར་དུ་ལྟའི་ཡུལ་ནས་ཁབས་ཏེ། རྒྱལ་པོའི་གན་སུ་འོངས་ནས། གདན་བཤམས་པ་ལ ་འདུག་ཏེ། བུ་རྣམས་རྒྱལ་པོ་ཆེན་པོའི་སྲསུ་གྱུར་པ་དེ་བདག་གིས་བལྟའོ་ཞེས་སྨྲསོ།། རྒྱལ་པོས་རྒྱན་དང་ལྡན་པའི་གཞོན་ནུ་བླངས་ནས་དཀའ་ཐུབ་པ་ལ་ཕྱག་བྱ་བའི་ཕྱིར་བྱང་ཆུབ་སེམས ་དཔའི་ཞབས་ཀྱིས་བསྐོར་ནས་དཀའ་ཐུབ་པའི་རལ་པའི་སྟེང་ན་འདུག།། བྱང་ཆུབ་སེམས་དཔས་ཀྱང་དེ་རྣམས་ཀྱིས་ལུས་ཀྱིས་ཕྱག་བྱེད་པར་རིག་པ་གཞན་མདོ།། གལ་ཏེ་མི་ཤེས་པས་བྱང ་ཆུབ་སེམས་དཔའི་དབུ་ལ་དཀའ་ཐུབ་པའི་རྐང་པ་བཞག་ན་དེའི་མགོ་ཚལ་བ་བདུན་དུ་འགས་པར་འགྱུརརོ།། དཀའ་ཐུབ་པས་བདག་ཉམས་པའི་ཕྱིར་དུ་རིགས་པ་མ་ཡིམོ།། སྟན་ལ་ལངས་ནས་བྱང་ཆུབ ་སེམས་དཔའ་ལ་ཐལ་མོ་སྐྱའོ།། རྒྱལ་པོས་ཡ་མཚན་ཆེ་བ་གཟིགས་ནས་རང་གི་སྲས་ལ་ཕྱག་བྱསོ།། དཀའ་ཐུ་བ་པས་འདས་པའི་བསྐལ་པ་འ་ནི་བཅུ་དང་མ་འོངས་པའི ་བསྐལ་པ་བཞི་བཅུ་སྟེ། བསྐལ་པ་བརྒྱད་ཅུ་རྗེསུ་དྲ་ནོ།། བྱང་ཆུབ་སེམས་དཔའི་མཚན་ཉིད་ཕུན་སུམ་ཚོགས་པ་མཐོང་ནས་སངས་རྒྱས་པར་འགྱུར་རམ་མི་འགྱུར་ཞེས་བརྟགས ་བས་ཐེ་ཚོམ་མེད་པས་སངས་རྒྱ་སུ་འགྱུར་བར་རྟོགས་ཏེ།། འདི་ཡ་མཚན་ཆེ་བའི་སྐྱེས་བུ་ཡིན་ནོ་ཞེས་བསམས་ནས་བགངོ་།། དེ་ནས་འདི་ནས་སངས་རྒྱས་ནས་བདག་གིས་མཐོང་ངམ ་མི་མཐོང་ཞེས་བརྟགས་པས་མི་མཐོང་ངོ་།། བར་དུ་དུས་ལས་འདས་ནས་སངས་རྒྱས་བརྒྱ་འམ། སངས་རྒྱས་སྟོང་གཤེགས་ནས་བརྟག་པར་མི་ནུས་པའི་གཟུགས་མེད་པའི་གནས་སུ ་སྐྱེ་བར་ངེས་པར་མཐོང་ངོ་།། འདི་ལྟ་བུའི་ཚུལ་གྱིས་ཡ་མཚན་ཆེ་བའི་སྐྱེས་བུ་མཐོང་བར་མི་ནུས་སོ་སྙམ་སྟེ་བདག་གི་སེམས་ཤིན་ཏུ་སྡུག་བསྔལ་བར་གྱུར་ནས་དུསོ།། དེ་མི་རྣམས ་ཀྱིས་མཐོང་སྟེ། བདག་ཅག་གི་འཕགས་པ་རེ་འགའ་ནི་དགོད་རེ་འག་ནི་ངུ་བའི་རྒྱུ་མཚན་ཅི་ལགས། བདག་ཅག་གི་སྲས་འཕགས་པ་ལ་བར་དུ་གཅོད་པ་འོང ་ངམ་ཞེས་དྲིས་སོ།། འདི་ལ་བར་དུ་གཅོད་པ་མི་འབྱུང་ཞིང་ཐེ་ཚོམ་མེད་པར་སངས་རྒྱས་སུ་འགྱུ་རོ་ཞེས་སྨྲ་སོ།། འོ་ན་གང་གི་ཕྱིར་དུ་ཞེས་དྲིའོ།། འདི་ལྟ་བུའི་ཚུལ་གྱི་སྐྱེས་བུ་སངས་རྒྱས ་པར་འགྱུར་བ་བདག་གིས་མཐོང་བར་མི་འགྱུར་བས་བདག་ཤིན་ཏུ་ངེས་པར་སྡུག་བསྔལ་ལོ།། དེའི་ཕྱིར་རང་གི་ཆེད་དུ་མྱ་ངན་གྱིས་ངུའོ་ཞེས་སྨྲ་སོ།། དེས་ནི་ཅིའི་ཕྱིར་རང་གི་ཉེ་དུ་རྣམས ་ལས་འགའ་ཞིག་གིས་འདི་སངས་རྒྱས་སུ་གྱུར་ནས་མཐོང་བར་འགྱུར་རམ་མི་འགྱུར།། ཞེས་བརྟགས་པས་ཚའོ་ནཱ་ལོ་ཀརཱི་གཞོན་ནུས་མཐོང་ངོ་།། དེ་སྙིང་མོའི་ཁང་པར་སོང་སྟེན་ལ། ་ཀ་གནོན་ནུ་དེ་གངན་ཡོད།། འཕགས་པ་ཁང་པ་ན་ཡོད་དོ།། དེ་བོས་ལ་ཤོག། དེ་རང་གི་གནས་སུ་འོངས་ན་ས་ནཱ་ལ་ཀ་ལ་སྨྲ་སོ།། ཚའོ་རྒྱལ་པོ་ཆེན་པོ་ཟས་གཅག ་གི་རིགས་ཀྱི་བུ་འཁྲུང་སོ།། འདི་ནི་སངས་རྒྱས་ཀྱི་མྱུ་གུའོ།། ལོ་སུམ་ཅུ་རྩ་ལྔ་འདས་ནས་སངས་རྒྱས་སུ་འགྱུར་ཞིང་། ཁྱོད་ཀྱིས་འདི་མཐོང་བར་འགྱུར་བས་ད་ལྟར་ཉིད་དུ་རབ་ཏུ ་བྱུང་བ་གྱིས་ཅིག་ཅེས་སྨྲ་སོ།། བྱེ་བ་བརྒྱད་ཅུ་རྩ་བདུན་གྱི་ནོར་གྱི་རིགས་ལ་སྐྱེས་པའི་གཞོན་ནུས། ཞང་པོ་འདིས་བདག་ལ་དོན་མེད་ཅིང་དགོས་པ་མེད་དོ་ཞེས་བརྗོད་པར་བསམ ་སོད་དེ་མ་ཐག་ཏུ་རང་གི་ཚོང་གནས་སུ་ངུར་སྨྲིག་གི་གོས་ཉིད་དང་སའི་ལྦུ་བཟེང་བླངས་ནས་སྒྲ་དང་ཁ་སྤུ་བྲེགས་ཏེ། ངུར་སྨྲིག་གི་གོས་གྱོན་ནས་གང་ཞིག་འཇིག་རྟེན་པའི་གང་ཟག་གི། ་མཆོག་གི་མཆོག་ལ་བསམས་ཤིང་བདག་རབ་ཏུ་འབྱུང་བར་འགྱུར་རོ་ཞེས་བསམས་ཏེ་བྱང་ཆུབ་སེམས་དཔའི་ཕྱོག་སུ་ཐལ་མོ་སྦྱར་ནས་ཡན་ལག་ལྔའི་ཕྱོག་བྱེའོ།། ལྷུང་བཟེད་སྣོད ་དུ་བཅུག་ནས་ཕྲག་པ་ལ་གཟེར་ཏེ་གསང་ཅན་དུ་གཤེགས་ནས་དགེ་སྦྱོང་གི་ཆོས་བྱེད་དོ།། དེས་མཆོག་ཏུ་མངོན་པོར་རྫོགས་པར་སངས་རྒྱས་པའི་དྲུང་དུ་ཉེ་བར་སོང་སྟེ། ནཱ་ལ་ཀའི་སོ ་སོའི་རྟོགས་པའི་གཏམ་ཐོས་ནས་སླར་ཡང་གངས་ཅན་དུ་གཤེགས་ཏེ་དགྲ་བཅོམ་པ་ཐོབ། མཆོག་ཏུ་རྟོགས་དཀའ་བ་རྟོགས་ནས་ཟླ་བ་བདུན་ཉིད་ཀྱི་ནང་དུ་ཚེ་འདས་ཏེ་གསེར་གྱི ་རིགཅིག་ལ་རྟེན་ནས་འདུག་ཏེ་ལྷག་མ་མེད་པར་ཡོདསུ་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ར་ལས་འདས་སོ།། བྱང་ཆུབ་སེམས་དཔའ་ཡང་ཞག་ལྔ ་ནས་དབུ་འཁྲུ་བར་བྱེད་ཅིང་མིང་འདོགས་པར་རིགས་སོ། ཞེས་བསམས་ནས་རྒྱལ་པོའི་ཕོ་བྲང་ལ་དྲི་བཞིའི་རིགས་ཀྱིས་ཕྱུག་པར་བྱས་ཏེ། རིན་པོ་ཆེ་ལྔའི་མེ་ཏོག་ཅལ་དུ ་བཀྲམ་ནས་ཆུ་མེད་པའི་འོ་མ་བཅོས་པའི་འོ་ཐུག་འཚོད་ཅིང་རིག་བྱེད་གསུམ་གྱི་ཕ་རོལ་ཏུ་སོན་པའི་བྲམ་ཟེ་བརྒྱ་རྩ་བརྒྱད་འགྲོན་དུ་གཉེར་ཏེ་རྒྱལ་པོའི་ཕོ་བྲང་དུ་བཞུགས་ནས། ཁ ་ཟས་བཟང་པོ་ལ་ལོངས་སྤྱོད་ཅིང་བཀུར་སྟི་ཆེན་པོ་བྱས་ནས་མཚན་ཉིད་ཇི་ལྟ་བུ་ཞེས་དྲིས་སོ།། དེ་རྣམས་ལས་དགའ་བྱེད་དང་། རྒྱལ་མཚན་དང་། མཚན་ཉིད་དང་།། རིགས་ཀྱི་སྔགས་པ ་དང་ཀཽ་ཌི་ནྱ་དང་། ལག་པ་ཅན་དང་། ག་ཤིན་རྗེ་བཟང་དང་། ལེགས་སྦྱིན་ཏེ་དེ་རྣམས་དེའི་ཚེ་བྲམ་ཟེ་བརྒྱད་ཡིན་ནོ།། ཡན་ལག་དྲུག་གི་སྔགས་བརྡའ་སྤྱད་ནས་བྲམ་ཟེ་བརྒྱད་པོ་འདི་ལྟ ་བུ་ཉིད་ཀྱི་མཚན་ཉིད་སོ་སོར་བརྗོད་ནས་དགའ་ལྡན་གནས་མའི་མངལ་དུ་ཞུགས་པའི་མཚན་ཉིད་འདི་རྣམས་ཀྱིས་བཤད་དོ།། དེ་རྣམས་ལས་བྲམ་ཟེ་འདུན་གྱིས་འཛུབ ་མོ་གཉིས་བསྒྲེངས་ཏེ་དོན་གཉིས་ལུང་བསྟན་ནོ།། མཚན་ཉིད་འདི་དང་ལྡན་པས་ཁྱིམ་ན་གནས་ན་འཁོར་ལོ་བསྒྱུར་བའི་རྒྱལ་པོར་འགྱུརརོ།། རབ་ཏུ་བྱུང་ན་སངས་རྒྱ་བར་འགྱུར་རོ།། འཁོར་ལོ་བསྒྱུར ་བའི་ཕུན་སུམ་ཚོགས་པ་ཐམས་ཅད་བཤད་པ་རྫོགས་ནས། གཞན་དེ་རྣམས་ཀྱི་ནང་ནས་ཐམས་ཅད་ཀྱི་གཞོན་ཤོས་ཀྱི་རིགས་ནི་ཀཽ་ཌི་ནྱ་བྲམ་ཟེའི་ཁྱེའུའོ་ཞེས་བྱ་བའོ།། བྱང་ཆུབ་སེམ ་དཔའ་དེའི་མའི་མཚན་མཆོག་རྣམས་རྫོགས་པར་བཏགསོ།། འདི་ནི་ཁྱི་གནས་པའི་རྒྱུ་མེད་པས་མཐར་གཅིག་ཉིད་དུ་ཁྱིམ་ན་མི་གནས་པར་སངས་རྒྱའོ།། འཛུབ་མོ་གཅིག་བསྡུ ་ཏེ་འདི་ལྟར་ལུང་བསྟན་ནོ།། འདི་ནི་སྔར་གྱི་གཞི་བྱས་པ་ཉེས་ཕྱིས་མིར་གྱུར་པ་ན་ཤེས་རབ་དང་ལྡན་ནོ།། བྲམ་ཟེ་འ་དུན་ལས་ལྷག་པར་གྱུར་ནས་འདི་ཡི་མཚན་ཉིད་རིགས ་པར་ལྡན་ནས་ཁྱིམ་དུ་གནས་པའི་མིང་ཡང་མེད་དོ།། ཐེ་ཚོམ་མེད་པར་སངས་རྒྱ་བར་འགྱུར་ཏེ་འགྲོ་བ་གཅིག་ལས་གཞན་མ་མཐོང་ངོ་།། དེའི་ཕྱིར་འཛུབ་མོ་གཅིག་བསྒྲེང་ཏེ་འདི ་ལྟར་ལུང་བསྟན་ནོ།། དེ་ནས་བྲམ་ཟེ་དེ་རྣམས་རང་གི་ཁྱིམ་དུ་འགྲོ་ཞིང་བུ་རྣམས་བོས་ཏེ། བུ་བདག་ཅག་རྣམས་རྒན་པོར་གྱུར་པས་རྒྱལ་པོ་ཆེན་པོ་ཟས་གཙང་གི་སྲས་ཐམས་ཅད ་མཁྱེན་པ་ཐོབ་པར་གྱུར་པ་ན་བདག་ཅག་དང་མཇལ་བར་འགྱུར་རམ་མི་འགྱུར་ཆ་མེད་ཀྱིས།། ཁྱོད་དེའི་སྲས་ཀྱིས་ཐམས་ཅད་མཁྱེན་པ་ཐོབ་པར་གྱུར་ནས་དེའི་བསྟན་པ་ལ་རབ་ཏུ་བྱུང ་ཅིག་ཅེས་སྨྲ་སོ།། བྲམ་ཟེ་བདུན་པོ་རྣམས་ཀྱིས་ཀྱང་ཇི་སྲིད་ཚེ་གནས་ཀྱི་བར་ཇི་ལྟར་བྱས་པའི་ལས་རྟོག་སོ།། བྲམ་ཟེའི་ཁྱེའུ་ཀཽ་ཌི་ནྱ་ཉིད་ནད་མེད་པར་གྱུར་ནས་གན་སོ།། དེའི་སེམས་དཔའ་ཆེན ་པོ་བློ་དང་ལྡན་པ་ངེས་པར་འབྱུང་བ་ཆེན་པོས་མངོན་པར་བྱུང་ནས་གོ་རིམས་བཞིན་དུ་སྟེང་རྒྱས་སུ་སོང་ངོ་།། ས་ཕྱོགས་འདི་ནི་ཉམས་དགའ་བས་རིགས་ཀྱི་བུ་ས་ཕྱོགས་འདི་དཀའ་བ་སྤྱོད ་བའི་གནས་སུ་རིགས་པར་སེམས་སྐྱེས་པས་དེར་གནས་ཏེ་སྐྱེས་བུ་ཆེན་པོ་རབ་ཏུ་བྱུང་ངོ་ཞེས་ཐོས་ནས་བྲམ་ཟེའི་བུའི་གནས་སུ་ཉེ་བར་སོང་ངོ་།། ཞེས་སྨྲ་སོ།། གཞོན་ནུ་དོན་གྲུབ་རབ་ཏུ ་བྱུང་ནས་ཐེ་ཚོམ་མེད་པར་དེ་སངས་རྒྱ་བར་འགྱུརརོ།། གལ་ཏྲེ་ཁྱེད་རྣམས་ཀྱི་ཕ་ནད་མེད་པར་གནས་ན། དེ་རིང་ཕྱིན་ནས་རབ་ཏུ་བྱུང་བ་བྱེད་དོ།། གལ་ཏེ་ཁྱོད་ཀྱང་འདོད་ན་འདིར་འོངས་ན ་བདག་གིས་སྐྱེས་བུ་དེའི་རྗེས་སུ་རབ་ཏུ་འབྱུང་བར་བསྟི་འོ།། དེ་ཐམས་ཅད་བདུན་པ་གཅིག་པར་མ་ནུས་པར་སྐྱེ། ཁོ་བ་ནི་འོ་ལས་ཀཽ་རི་ནྱ་གཙོ་བོ་བྱས་ནས་སྐྱེ་བོ་ལྔ་པོ་ར ་ཏུ་བྱུང་སྟེ། དེ་རྣམས་ཀྱི་སྐྱེ་བོ་ལྔ་པོ་ནི་གནས་བརྟན་ལྔ་སྡེ་ཞེས་བྱ་བའི་རིགས་སུ་གྱུར་ཏོ།། གཞན་ཡང་དེའི་ཚེ་རྒྱལ་པོ་འདི་སྐད་དུ་གང་མཐོང་ནས་བདག་གི་བུ་རབ་ཏུ་བྱུང་ཞེས་འདྲིའོ།། ་སྔོན་གྱི་མཚན་མ་བནི་མཐོང་བས་དེ་གང་དང་རྒས་ཞིང་འཁོགས་པ་དང་ན་བ་དང་འཆི་བ་དང་རབ་ཏུ་བྱུང་བའོ།། རྒྱལ་པོས་འདི་རྣམས་གཟུང་ནས་འདི་ལྟ་བུའི་ཚུལ་བདག་གིས་བུ་དང ་ཉེ་བར་འོང་དུ་མ་འཇུག་ཅིག། བདག་གི་སྲས་ཀྱིས་སངས་རྒྱས་ཐོབ་ཀྱང་དོན་མེད་དོ།། བདག་གི་སྲས་སྟོང་ཕྲག་གཉིས་ཀྱི་གླིང་འཁོར་དང་བཅས་པའི་གླིང་ཆེན་པོ་བཞི་པོ་རྣམས་ཀྱི ་དབང་ཕྱུག་གི་བདག་པོའི་རྒྱལ་པོ་བྱེད་ཅིང་དཔག་ཚད་སུམ་ཅུ་རྩ་དྲུག་གི་འཁོར་ཡུག་གི་འཁོར་ནམ་པའི་དབྱིངསུ་གཤེགས་པ་ལ་བལྟ་བར་འདོད་དོ།། སླར་ཡང ་འདི་ལྟར་བརྗོད་ཅིང་འདི་ལྟའི་བུའི་རྣམ་པ་གཞིའི་སྐྱེས་བུ་གཞོན་ནུའི་མོག་ལམ་དུ་འོང་བ་བསྲུང་ཞིང་ཕྱོགས་བཞིར་རྒྱང་གྲགས་བཞི་བཞིར་བསྲུང་བ་བཞགོ།། དེའི་ཉི་མ་ལ་ཡང་བཀྲ་ཤིས ་པའི་གནས་སུ་འདུས་པའི་རིགས་ཀྱི་ཉེ་དུ་སྟོང་ཕྲག་བརྒྱད་བཅུ་པོ་རེ་རེའི་བུ་བརྒྱ་ཡོངསུ་སྟེར་བར་བསམ་སོ།། འདི་སངས་རྒྱས་སུ་འགྱུར་རམ་རྒྱལ་པོར་འགྱུར་རམ་བདག་གི་བུ་རེ་རེ་སྟེར ་རོ་གལ་ཏེ་སངས་རྒྱས་པར་གྱུར་ན་རྒྱལ་རིགས་ཀྱི་དགེ་སྦྱོང་ཉིད་ཀྱིས་མདུན་རྒྱབ་ཐམས་ཅད་དུ་བསྐོར་ནས་འགྲོ་བ་ཡིན་ནོ།། གལ་ཏེ་རྒྱལ་པོར་གྱུར་ན་རྒྱལ་རིགས་ཀྱི ་གཞོན་ནུ་ཉིད་ཀྱིས་མདུན་རྒྱབ་ཀུན་ནས་བསྐོར་ནས་འགྲོ། བོ་ཞེས་སྨྲ་ཞིང་འབུལ་ལོ།། རྒྱལ་པོས་ཀྱང་བྱང་ཆུབ་སེམས་དཔའ་ལ་གཟུགས་མཆོག་དང་ལྡན་པ་སྐྱོན ་ཐམས་ཅད་སྤངས་པའི་ནུ་མ་སྣུན་པ་ཉིད་གནས་པ་བྱིན་ནོ།། བྱང་ཆུབ་སེམས་དཔའ་འཁོར་མཐའ་ཡས་པ་དཔལ་དང་སྐལ་པ་འཕེལ་བ་དང་ལྡན་ནོ།། དེ་ནས་ཉི་མ་ཅིག་ལ་རྒྱལ་པོའི་འབྲས། ་འདེབས་པ་ལ་བཀྲ་ཤིས་བྱེད་དོ།། དེའི་ཉི་མ་ལ་གྲོང་ཁྱེར་ཐམས་ཅད་དུ་ལྷ་གཤེགས་པ་བཞིན་དུ་བརྒྱ་ནོ།། བྲན་དང་ལས་བྱེད་པ་ལ་སོགས་པས་གོས་ལེགས་པོ་གྱོན་ནས།། སྤོས་དང་མེ། ་ཏོག་གི་ཕྲེང་བ་ལ་སོགས་པས་བརྒྱན་པར་བྱས་ནས་རྒྱལ་པོའི་ཕོ་བྲང་གི་ནང་དུ་འདུག་གོ།། རྒྱལ་པོའི་གཉིས་རྣམས་ལ་ཞིང་རྨོ་བ་སྟོང་ཕྲག་གཅིག་རིག་སོ།། སླར་ཡང་དེའི་ཉི་མ ་གཅིག་གི་དམན་པའི་ཞིང་རྨོ་བ་བརྒྱད་བརྒྱ་དང་བཅས་པའི་གླང་གི་གཉའ་ཤིང་གི་ཐག་པ་དངུལ་ལས་བྱས་པ་དང་། རྒྱལ་པོ་འཛིན་པའི་ཞིང་རྨོ་བའི་ཐོད་པ་སླར་ཡང་གསེར་ལ་བྱས ་བར་གྱུར་ཏོ།། གླང་གི་རྭ་གཉིས་ལ་གསེར་གྱིས་སྐུ་སོ།། ཁ་དང་སྐྱེའི་ཐེག་པ་ནི་གསེར་ལའང་བྱསོ།། རྒྱལ་པོའི་འཁོར་ཆེན་པོ་དང་བཅས་པ་བྱོན་ནས་སྲས་བླངས་ཏེ་གཤེག་སོ།། གཞིས ་ཁའི་གནས་ན་ཤིང་འཛམྦུ་གཅིག་ལ་ལོ་མ་མང་པོས་གྲིབ་མ་སྟུག་པོར་གྱུར་པ་ཞིག་ཡོད་པའི་འོག་ཏུ་གཞོན་ནུའི་མལ་སྟན་ཆེན་པོ་བྱས་ནས་སྟེང་དུ་བླ་རེས་གསེར་གྱི་སྐར་མ་དང ་མཚུངས་པ་བྲེས་ཏེ། ལྕགས་རི་ལྟར་ཡོལ་བས་ཕྱོགས་ཀུན་ནས་བསྐོར་ཏེ། རྒྱལ་པོ་བརྒྱན་ཐམས་ཅད་ཀྱིས་བ་རྒྱན་པར་བྱས་ནས་བློན་པོ་འཁོར་དང་བཅས་པ་ཞིང་རྨོ ་བའི་གནསུ་གཤེགས་ཏེ། དེ་ལྟར་རྒྱལ་པོས་གསེར་རྒྱ་མཐོང་བ་བཟང་ངོ་།། གཅིག་གིས་དམན་པའི་བརྒྱདཔའི་དངུལ་གྱི་ཐོད་པ་བློན་པོས་བཟུང་སྟེ། སོ་ནམས ་བྱེད་པའི་སྐྱེ་བོ་རྣམས་ཀྱིས་ཐོང་བ་ལྷག་མ་རྣམས་བསླང་སོ།། དེ་རྣམས་ཀྱི་ཐོང་བ་གཟུང་ནས་དེ་དང་དེར་སྐལ་རྨོའོ།། རྒྱལ་པོས་སླར་ཡང་འདི་ནས་ཕར་འགྲོ་ཞིང་ཕ་རོལ་ནས་ཚུར་འོངས། དེ ་གནས་ཕུན་སུམ་ཚོགས་པར་འགྱུརརོ་ཞེས་བསམས་ནས། བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་བཞུགས་པའི་ནུ་མ་སྣུན་པ་རྣམས་རྒྱལ་པོའི་ཕུན་སུམ་ཚོགས་པར་བལྟའོ།། ་ཡོལ་བའི་ནང་ནས་ཕྱིར་འཐོན་ནོ།། བྱང་ཆུབ་སེམས་དཔའ་དེ་དང་དེར་གཟིགས་པས་གཅིག་ཀྱང་མི་སྣ་།། མྱུར་བར་ལངས་ནས་དཀྱིལ་དཀྲུང་བཅས་ཏེ། རླུང་འབྱུང་བ་དང་རྔུབ་ཅིང ་བཟུང་བས་བསམ་གཏན་དང་པོ་སྐྱེསོ།། ནུ་མ་སྣུན་པ་རྣམས་ཁ་ཟས་ཟ་བའི་ཕྱིར་ཕན་ཚུན་དུ་འགྲོ་ཞིང་དེ་མ་ཐག་ཅུང་ཟད་ཐོགས་པར་གྱུར་ཏོ།། ཤིང་གཞན་རྣམས་ཀྱི ་ཐིབ་མ་མི་ལྡོག་ཅིང་གཞན་ཡང་ཤིང་དེའི་གྲིབ་མ་རྣམས་ཀུན་ནས་གནསོ།། ནུ་མ་སྣུན་པ་རྣམས་ཀྱིས་སྲས་འཕགས་པ་ཞེས་གཅིག་ཏུ་བརྗོད་ཅིང་མྱུར་དུ་ཡོལ་བ་སྟེང་སུ་འཛེས་ཏེ། ནང་དུ་ཞུགས་ནས ་བྱང་ཆུབ་སེམས་དཔའ་མལ་སྟན་ལ་དཀྱིལ་དཀྲུང་གིས་བཞུགས་པ་དེའི་ཆོ་འཕྲུལ་མཐོང་ནས་སོང་སྟེ་རྒྱལ་པོ་ལ་ནུ་སོ།། ལྷ་གཞོན་ནུ་འདི་ལྟ་བུའི་ཚུལ་གྱིས་བཞུག་སོ།། འདི་ལྟར་ཤིང་གཞན་རྣམས ་གྲིབ་མ་མི་བཟློག་གོ།། ཤིང་འཛམྦུའི་གྲིབ་མ་ནི་ཀུན་ནསོ།། རྒྱལ་པོ་མྱུར་དུ་བྱོན་ནས་ཆོ་འཕྲུལ་བལྟ་སྟེ། སྲས་འདི་ལ་ཕྱག་གཉིས་པ་སྟེ་ཞེས་བརྗོད་ནས་སྲས་ལ་ཕྱག་བཙའོ།། དེ་ནས་གོ་རིམས ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་བཅུ་དྲུག་པའི་ན་ཚོང་དུ་རྒྱུ་ར་ཏི།། རྒྱལ་པོས་བྱང་ཆུབ་སེམས་དཔའ་ལ་དུས་གསུམ་དུ་རྗེ་སུཾ་རིགས་པར་ཁང་བཟང་གསུམ་བྱས་ནས་གཅིག་དགུ་ཐོག ་གཅིག་ལ་བདུན་ཐོག། གཅིག་ལྔ་ཐོག།། སྟོང་ཕྲག་པ་ནི་བཅུའི་གར་བྱེད་པའི་བུད་མེད་རྣམས་ཉེ་བར་གནས་པར་བྱའོ།། བྱང་ཆུབ་སེམས་དཔའ་ནི་ལྷ་བཞིན་དུ་ལྷ་དང་འདྲ་བའི་བུད་མེད་རྣམས་འཁོར ་དུ་བྱས་ནས་རྒྱན་གྱིས་བརྒྱན་པའི་བུད་མེད་དུ་མ་དང་བཅས་པ་སྐྱེས་པ་མེད་པའི་རོལ་མོ་སྒྲོགས་པ་འཁོར་དུ་བྱ་སྟེ་ཕུན་སུམ་ཚོགས་པ་ཆེན་པོ་རྗེ་སུ་མྱོང་བར་བྱེད་དོ།། དུས་ཀྱི་རེས་དང་དུས་ཀྱི་རེས་པ་དེ་དང་དེའི ་ཁང་བཟང་དུ་བཞུག་སོ།། གཞན་ཡང་སྒྲ་གཅན་འཛིན་གྱི་མ་དེ་ཉེ་འཙུན་མོ་རྣམས་ཀྱི་གཙོ་མོར་གྱུར་ཏོ།། དེའི་དེ་བཞིན་དུ་ཕུན་སུམ་ཚོགས་པ་ཆེན་པོ་རྗེསུ་མྱོང་བར་བྱེད་དོ།། ཉི་མ་གཅིག་ལ་དེའི་ནང་དུ་འདི་ལྟ ་བུའི་གཏམ་བྱུང་ངོ་།། དོན་གྲུབ་ཅེད་མོས་བརྗེད་ནས་གཤེགས་ཤིང་བཟོ་ཅུང་ཟད་ཀྱང་མི་སློབ་བོ།། གཡུལ་སོ་སོ་ནས་ཉེ་བར་གྱུར་ན་ཅི་བྱེད།། དེའི་ཚེ་བྱང་ཆུབ་སེམས་དཔའ་བོས་ནས། བུ་ཁྱོད་ཀྱི་ཉེ་དུ་རྣམས ་དོན་གྲུབ་བཟོ་ཅུང་ཟད་ཀྱང་མི་སློབ་ཅིང་རྩེད་མོས་གཤེགས་ནས་འགྲོའོ་ཞེས་ཟེར་རོ།། འདིར་གཡུལ་བྱུང་ན་ཇི་ལྟར་བྱེད་ཅེས་བསམས། ལྷ་ངས་བཟོ་བསླབས་པ་ལ་དགོས་པ་མེདོ།། གྲོང་ཁྱེར་གྱི་མི་རྣམས ་བདག་གི་བཟོ་བལྟ་བའི་སེམས་ཡོད་ན་དྲིལ་སྒྲོགས་ཤིག། འདི་ནས་ཞག་བདུན་པ་ལ་ཉེ་དུ་རྣམས་ལ་བཟོ་བསྟན་པར་འགྱིའོ།། རྒྱལ་པོས་དེ་བཞིན་དུ་བྱསོ།། བྱང་ཆུབ་སེམས་དཔའ་སྒྲ་ལ་འཕེན་པ་དང་། ་སྤྲུལ་འཕེན་པ་དང་། གཟུ་ཐོགས་པ་འདུས་པར་བྱས་ནས་སྐྱེ་བོ་མང་པོའི་ནང་དུ་གཞན་གཞུ་ཐོགས་པ་དང་ཐུན་མོངས་མ་ཡིན་པ་ཉེ་དུ་རྣམས་ལ་བཟོ་བཅུ་གཉིས་བསྟན་ནོ།། དེ་རྣམས་མངའ་འཇོམས་པའི་སྐྱེས ་རབས་ལས་འབྱུང་བའི་ཚུལ་བཞིན་དུ་རིགས་པར་བྱའོ།། དེའི་ཉེ་དུ་རྣམས་ཀྱི་ཐེ་ཚོམ་སེལ་ལོ།། གཞན་ཡང་བྱང་ཆུབ་སེམས་ད་པའི་སྐྱེས་མོས་ཚལ་དུ་གཤེགས་པར་བསམས་ནས་ཁ ་སྦྱར་བ་བོས་ཏེ། ཤིང་རྟ་ཆ་སུ་ཆུག་ཅིག་ཅེས་སྨྲ་སོ།། དེས་ལེགསོ་ཞེས་བརྗེད་ཅིང་ཚིག་ཐོས་ནས། ཤིང་རྟ་ཆེན་པོའི་འཁོར་ལོའི་མཆོག་ལ་ཇི་ལྟར་རིགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས། ཀུ་མུ་ཏའི ་འདབ་མའི་མདོག་དང་འདྲ་བའི་བཀྲ་ཤིས་པའི་རྟ་བཞིས་ཤིང་རྟ་ཁྲིད་ནས་བྱང་ཆུབ་སེམས་དཔའ་གཤེགས་སོ།། ཞེས་སྨྲ་སོ།། བྱང་ཆུབ་སེམས་དཔའ་ལྷའི་གཞལ་མེད་ཁང་བཞིན་དུ་ཤིང་རྟ་ལ་ཞོན་ནས ་བསྐྱེད་མོས་ཚལ་གྱི་ཕྱོགསུ་གཤེགས་སོ།། ལྷ་རྣམས་ཀྱིས་གཞོན་ནུ་དོན་གྲུབ་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ནི་ཉེ་བར་གྱུར་ཏོ།། སྔར་གྱི་མཚན་མ་རྣམས་བལྟ་བར་རིག་སོ།། ལྷའི་བུ་གཅིག ་གིས་རྒས་པ་འཁོགས་པ་སོ་བྱི་བ་སྐྲ་དཀར་བསྐུར་བརྒྱའ་གྲུམ་པའི་ལུས་ཅན་ལག་དུ་ཁར་བ་ཐོགས་པ་སྐད་འཛེར་བར་བྱེད་པ་བསྟན་ནོ།། དེ་བྱང་ཆུབ་སེམས་དཔའ་ཁ་ལོ ་བསྒྱུར་བས་མཐོང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་ཁ་ལོ་སྒྱུར་བ་ལ་དྲིས་སོ།། སྐྱེས་བུ་འདི་གང་ཞིག་ཡིན། སྒྲ་ཡང་གཞན་དང་མི་འདྲ་བ་ཇི་ལྟ་བུ།། གཙོ་བོ་ཆེན་པོའི་མདོ་ནས་བྱུང་བ ་གཞིན་འདྲི་བར་བྱའོ།། དེའི་ཚིག་ཐོས་ནས་སྐྱེ་བ་མི་རྟག་ཅིང་སྐྱེས་པར་གྱུར་པ་ཐམས་ཅད་རྒས་པར་འགྱུརརོ་ཞེས་སེམས་སྡུག་བསྔལ་ཞིང་དེ་ཉིད་དུ་བཟློགས་ནས།། རང་གི་ཁང་བཟངས་ཉིད་དུ ་གཤེགསོ།། རྒྱལ་པོས་སྒྱུ་མཚན་ཅིའི་ཕྱིར་བདག་གིས་ངས་པོ་མྱུར་དུ་ལྡོག་པ་ཅིའི་ཕྱིར་དྲིས་སོ།། ལྷ་རྒས་ཤིང་ལ་དགས་པའི་མི་གཅིག་མཐོང་བས་རབ་ཏུ་འབྱུང་ངོ་།། མྱུར་དུ ་ལ་གར་བྱེད་པ་རྣམས་སྟ་གོན་གྱིས་ཅིག། ཕུན་སུམ་ཚོགས་པ་ཉམ་སུ་མྱོང་བར་བྱས་པས་རབ་ཏུ་འབྱུང་བ་རྗེས་སུ་དྲན་པར་མི་འགྱུརརོ་ཞེས་སྨྲས་ནས་སྲུང་བར་བྱེད་པ་སྤེལ་ཏེ་ཕྱོག། ་ཐམས་ཅད་དུ་རྒྱང་གྲགས་བརྒྱད་བརྒྱད་བ་ཞག་གོ།། གཞན་ཡང་ཉི་མ་གཅིག་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་དུ་སྐྱེས་མོས་ཚལ་དུ་གཤེགས་པ་ན་ལྷས་སྤྲུལ་པའི་ནད་པ་ཅིག་མཐོང་ནས། ་སྔར་བཞིན་དུ་དྲིས་སོ།། སེམས་སྡུག་བསྔལ་བར་གྱུར་ཏེ་སླར་ཡང་བཟློག་ནས་རང་གི་ཁང་བཟངས་སུ་གཤེགསོ།། རྒྱལ་པོས་ཡང་དྲིས་པ་ལྔར་དེ་བཞིན་དུ་བྱས་ནས། སླར་ཡང་སྤེལ་ཏེ ་ཐམས་ཅད་དུ་རྒྱང་གྲགས་བཅུ་གཉིས་ཀྱི་ས་རི་ཆར་སྲུང་བར་བྱེད་པ་བཞག་གོ།། ཡང་ཉི་མ་གཞན་ལ་བྱང་ཆུབ་མ་པའི་དེ་བཞིན་དུ་སྐྱེད་མོས་འཚལ་དུ་གཤེགས་པ་ན་ལྷས་སྤྲུལ་པའི་དུས ་ལའངས་པ་ཅིག་མཐོང་ནས་སྔར་བཞིན་དྲིས་ཏེ་སེམས་སྡུག་བསྔལ་བར་གྱུར་ནས་སླར་ཡང་བཟློག་ཏེ་ཁང་བཟངས་དུ་གཤེགས་ནས་རྒྱལ་པོས་དྲིས་པ་སླར་བཞིན་དུ་བྱས་ནས། སླར་ཡང་བསྲུང་བ་སྤེལ ་ཏེ་ཀུན་ནས་བསྐོར་བར་དཔག་ཚད་ཅིག་གི་ཚད་ལ་བསྲུང་བ་བཞག་གོ། སླར་ཡང་ཉི་མ་གཞན་ལ་སྐྱེད་མོས་ཚལ་དུ་གཤེགས་པ་ན་དེ་བཞིན་དུ་ལྷས་སྤྲུལ་པའི་གོས་བཟང་པོ་ལེགས་པ་གྱོན་པའི ་རབ་ཏུ་བྱུང་བ་གཅིག་གཟིགས་ནས། འདིའི་མིང་ཅི་ཞེས་ཁ་ལོ་བ་ལ་དྲིས་སོ།། གང་དུ་ཡང་སངས་རྒྱས་བྱོན་པར་མ་གྱུར་ཅིང་རབ་ཏུ་བྱུང་བའི་ཡོན་ཏན་མི་ཤེས། ལྷའི་མཐུས་སླར་ཡང་ལྷ་རབ ་ཏུ་བྱུང་བ་ཡིན་ཞེས་བརྗོད་དེ། རབ་ཏུ་བྱུང་བའི་ཡོན་ཏན་ལ་བསྔགས་པ་བརྗོད་དོ།། བྱང་ཆུབ་སེམས་དཔའ་རབ་ཏུ་འ་བྱུང་བ་ལ་འདུན་པ་སྐྱེས་ནས་དེའི་ཉིན་མོ་སྐྱེས་མོས་ཚལ་དུ ་གཤེགས་སོ།། སློབ་དཔོན་ཁ་ཅིག་འདི་སྐད་ཟེར་ཏེ། སྔུན་གྱི་མཚན་མ་བཞི་པ་ཉི་མ་ཅིག་ཉིད་ལ་མཐོང་ངོ་ཞེས་ཟེར་རོ།། དེ་ནི་མི་འཐང་ངོ་།། དེ་ལ་ཉིན་མོའི་ཆར་རྩེ་ཞིང་བཀྲ ་ཤིས་པའི་རྫིང་བུར་ཁྲུས་བྱས་ཉི་མ་ནུབ་པ་ན་བཀྲ་ཤིས་པའི་རྡོ་ལེབ་ཀྱི་སྟན་ལ་བཞུག་སོ།། རང་ལ་རྒྱན་གྱིས་བརྒྱན་པར་སེམས་སོ།། དེ་ནས་རྗེས་སུ་འབྲང་བའི་སྐྱེས་བུ་རྣམས་ལ་ཁ་དོག ་སྣ་ཚོགས་པའི་གོས་དང་རྒྱན་རྣམས་པ་སྣ་ཚོགས་པས་བརྒྱན།། མེ་ཏོག་གི་ཕྲེང་བ་དང་སྤོས་དང་བྱུག་པ་ལ་སོགས་པ་བླང་ནས་ཕྱོགས་ཀུན་དུ་བསྐོར་ནས་འདུག་གོ།། དེ་མ་ཐག་པར་བརྒྱ ་བྱིན་སྡོད་པའི་གདན་དྲོ་བར་གྱུར་ཏོ།། གང་ཞིག་བདག་གི་གནས་འདོར་བའི་སེམསུ་ཤིག་ལ་སྐྱེས་པར་གྱུར་ཞེས་བརྟག་སོ།། བྱང་ཆུབ་སེམས་དཔའི་རྒྱན་བྱེད་པའི་དུས་མཐོང་།། ལས་ཐམས ་ཅང་བཟོས་སོ།། ལས་ཐམས་ཅད་པ་གཞོན་ནུ་དོན་གྲུབ་དེ་རང་གི་མཚན་ཕྱེད་ཀྱི་དུས་སུ་ངེས་པར་འབྱུང་བ་ཆེན་པོས་འཐོན་ནོ།། འདི་དེའི་ཕྱི་མའི་རྒྱན་ཡིན་ནོ།། སྐྱེད་མོས་ཚལ། ་དུ་སོང་ལ་སྐྱེས་བུ་ཆེན་པོ་ལྷའི་རྒྱན་གྱིས་བརྒྱན་པར་གྱིས་ཅིག། དེས་དེ་ཐོང་ནས་ལེགས་སོ་ཞེས་བརྗོད་དེ་ལྷའི་མཐུས་དེ་མ་ཐག་པར་ཉེ་བར་སོང་སྟེ།། དེའི་རིམ་གྲོ་བ་དང་མཚུངས་པར་གྱུར ་ནས་རིམ་གྲོ་བའི་ལག་ཏུ་རས་བླངས་ནས་བྱང་ཆུབ་སེམས་དཔའི་དབུ་ལ་བཅིངས་སོ།། བྱང་ཆུབ་སེམས་དཔའ་མགོ་ལ་ལག་པ་རེག་ནས་འདི་མི་མ་ཡིན་ཏེ་ལྷའི་བུ་ཡིན་པར་ཤེས་སོ།། ་བཅིངས་པ་ཙམ་ན་བཅིངས་པའི་དབུའི་ཅོད་པ་ན་ནོར་བུའི་རིན་པོ་ཆེའི་རྣམ་པ་ལ་སྟོང་ཕྲག་གཅིག་གི་དུ་ཀུ་ལའི་རས། ཀྱིས་བཅིངས་སོ།། སླར་ཡང་འཆིང་བ་ན་དུ་ཀུ་ལའི་རས་སྟོང ་ཕྲག་ཅིག་གིས་ལན་བཅུ་དཀྲིས་ནས་སྟོང་ཕྲག་བཅུས་དུ་གུ་ལའི་རས་བཅིངས་སོ།། དབུ་ནི་ཆུང་ཞིག་དུ་གུ་ལ་རྨ་རས་ནི་མིང་བས་ཇི་ལྟར་བཅིངས་ཞེས་མི་འོས་མོ།། དེ་རྣམ ་ཐམས་ཅད་ལ་ལཁྲི་ཞིང་སཱ་ལའི་མེ་ཏོག་གི་ཚད་ཙམ་ཆེ་བའོ།། ཡང་ན་ཀུ་བའི་མེ་ཏོག་གི་ཚད་ཙམ་དུ་གྱུར་ཏོ།། བྱང་ཆུབ་སེམས་དཔའི་དབུ་ཀི་ཛ་ལ་ཀའི་མེ་ཏོག་ལྟར་མཚུངས་པའོ།། ཡང ་ན་ཀུ་སྱཱ་ཀའི་མེ་ཏོག་ལྟར་གྱུར་པའོ།། དེ་ནས་ཐམས་ཅད་ཀྱིས་སོ་སོར་བརྒྱན་ནས་རོལ་མོ་ཐམས་ཅད་རང་རང་སྒྲ་འབྱིན་ཞིང་བྲམ་ཟེ་རྣམས་རྒྱལ་བར་གྱུར་ཅིག་དགའ་བར་གྱུར་ཅིག་ཅེས ་རྣམས་པ་སྣ་ཚོགས་པའི་བཀྲ་ཤིས་ཀྱིས་བསྟོད་པའི་དབྱངས་བྱེད་དོ།། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་མཆོག་གི་ཤིང་རྟ་ལ་ཆི་བ་སོ།། དེའི་ཚེ་གྲགས་འཛིན་མ་ལ་བུ་བཙ་སོ།། རྒྱལ་པོ ་ཟས་གཙང་གིས་ཐོས་ནས་བདག་གི་བུ་དགའ་བར་བྱ་བའི་ཕྱིར་ཕོ་ཉ་བཏང་ངོ་།། བྱང་ཆུབ་སེམས་དཔས་དེས་ཐོས་སྒྲ་གཅན་འཛིན་སྐྱེས་པས་འཆིང་བ་སྐྱེས་སོ་ཞེས་གསུངསོ།། རྒྱལ་པོ ་བདག་གིས་བུ་ལ་ཅིའི་ཕྱིར་འདྲི། དེའི་ཚིག་ཐོས་ཏེ་འདི་ནས་བཟུངས་ཏེ་བདག་གི་ཚའོ་གཞོན་ནུ་སྒྲ་ཅན་འཛིན་ཉིད་མིང་དུ་གྱུར་ཏོ་ཞེས་སྨྲས་སོ།། བྱང་ཆུབ་སེམས་དངས་ཀྱང་གྲགས་པ་ཆེན་པོས། ་ཤིན་ཏུ་དགའ་བ་དང་དཔལ་དང་སྐལ་པ་བཟང་པོ་དང་ལྡན་པའི་གྲོང་ཁྱེར་དུ་གཤེགས་སོ།། དེའི་ཚེ་གཽ་ཏ་མི་སྐེམ་མོ་ཞེས་བྱ་བ་རྒྱལ་རིགས་ཀྱི་བུ་མོ་ཁང་བཟང་གི་སྟེང་དུ་འདུག་པས་གྲོང་ཁྱེར ་ལ་བསྐོར་བ་བྱེད་པའི་བྱང་ཆུབ་སེམས་དཔའི་དཔལ་དང་། ལྡན་པའི་གཟུགས་མཐོང་ནས། དགའ་བ་དང་ཡིད་བདེ་བ། སྐྱེས་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། དེ་ཡི་མ་ནི་ཞི ་བར་འགྱུར།། དེའི་ཕ་ནི་ངེས་པར་ཞི།། དེ་ཡི་བུད་མེད་དེས་ཞིར་གྱུར།། དེ་ཡང་ནི་དེ་བདག་མཚུངས།། བྱང་ཆུབ་སེམ་ས་དཔས་དེ་ཐོས་ནས་བསམས་པ། འདི་འདི་ལྟ་བུར་སྨྲས ་པར་འདི་ལྟ་བུའི་ཚུལ་གྱི་བདག་ཉིད་ཀྱི་ལུས་མཐོང་བས་མའི་སེམས་ཞི་བར་ཕའི་སེམས་ཞི་བར་འགྱུར། སྐྱེ་དགུ་དང་སྐྱེ་དགུའི་བདག་མོའི་སེམས་ཞི་བར་གྱུར་ཞེས་སྨྲའོ།། ཅིའི་ཕྱིར་སེམས ་ཞི་བ་ཞེས་བྱ་བའི་དོན་གང་། དེ་ནས་ཉོན་མོངས་པའི་ཆགས་པ་མེད་པའི་སེམས་ལ་དེ་སྐད་བརྗོད་དོ།། འདོད་ཆགས་ཀྱི་མེ་ཞི་བར་གྱུར་པ་ནི་ནི་བའི་མིང་དུ་གྱུར་ཏོ།། སྐྱོན་གྱི་མེ་དང་གཏི་མུག ་གི་མེ་ཞི་བར་གྱུར་པ་ནི་ཞི་བའི་མིང་དུ་གྱུར་ཏོ།། ང་རྒྱལ་དང་ལྟ་བ་ལ་སོགས་པའི་ཉོན་མོངས་པ་ཀུན་སྐྱེས་པ་ཐམས་ཅད་ཞི་བ་ནི་ཞི་བའི་མིང་དུ་བརྗོད་དོ།། འདི་བདག་ལ་ཚིག་སྙན་པ་བརྗོད ་ཅིང་བདག་ནི་མྱ་ངན་ལས་འདས་པ་ཚོལ་དུ་འགྲོ་ཞིང་ཚོལ་ལོ།། དེ་རིང་ཉིད་ནས་བདག་ཁྱིམ་ན་གནས་པ་སྤངས་ནས་ངེས་པར་འབྱུང་བས་རབ་ཏུ་བྱུང་ནས་མྱ ་ངན་ལས་འདས་པ་ཚོལ་བར་རིགས་སོ།། འདི་ནི་བདག་གི་སློབ་དཔོན་མར་གྱུར་ཏོ།། གཽ་ཏ་མི་སྐེམ་མོ་ལ་འབུམ་ཕྲག་ཅིག་རི་བའི་མུ་ཏིག་གི་དྲ་བ་མགྲིན་པ་ནས་བཀྲོལ་ཏེ་བསྐུར་རོ།། ་དེས་དོན་གྲུབ་གཞོན་ནུ་བདག་ལ་ཆགས་ཤིང་ཞེན་པར་གྱུར་པས་སེམས་རྟེན་བསྐུར་བ་ཡིན་པས། དེས་སེམས་བདེ་བ་སྐྱེས་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ནི་དཔལ་དང་ལྡན་པ ་སྐལ་བ་བཟང་པོ་དང་ལྡན་པའི་རང་གི་ཁང་བཟང་དུ་གཤེ་གས་ནས་དཔལ་གྱི་མལ་སྟན་ལ་གཟིམས་སོ།། དེ་མཐེ་ག་དུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གླུ་དང་གར་རྣམས ་ལེགས་པར་བསླབས་པའི་ལྷའི་བུ་མོ་དང་འདྲ་བའི་གཟུག་ས་མཆོག་དང་ལྡན་པའི་བུད་མེད་རྣམས་ཀྱིས་རྣམ་པ་སྣ་ཚོགས་པའི་རོལ་མོ་བཟུང་ནས་དེ་ལ་ཡོངས་སུ་བསྐོར ་ནས་མངོན་པར་དགའ་བར་བྱེད་ཅིང་གར་དང་གླུ་དང་རོལ་མོ་ལ་སོགས་པ་བྱེད་པར་རྩོམ་མོ།། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ལ་མི་དགའ་བའི་སེམས་ཀྱིས་གར་ལ་སོགས་པ་ལ ་མངོན་པར་དགའ་བ་མེད་པས་ཡུད་ཙམ་གྱི་མནལ་དུ་བཞུད་དོ།། བུད་མེད་དེ་རྣམས་ཀྱང་གང་གི་དོན་དུ་དེང་རྣམས་ཀྱིས་གར་ལ་སོགས་བྱེད་པ་ལ་དེ་མནལ་དུ་གཤེགས་སོ།། ད་ནི་ཅིའི་ཕྱིར་བདག ་ཅག་ངལ་བར་བྱེད་གང་དང་གང་བསླབས་པའི་རོལ་མོ་རྣམས་ལ་བཞག་ནས་ཉལ་ལོ།། དྲི་བཟང་དང་ལྡན་པའི་འབྲུ་མར་གྱི་མར་མེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རབ་ཏུ་སད་ནས་མལ་གྱི ་སྟེང་དུ་དཀྱིལ་དཀྲུངས་གིས་བཞུགས་ནས་གཟིགས་པས་བུད་མེད་རྣམས་རོལ་མོ་བནག་ནས་གཉིད་དུ་སོང་བ་གཟིགསོ།། ཁ་ཅིག་མཆིལ་མ་ལུག་པ་དང་། ཁ་ཅིག་ནི་ལུས་ལ་མཆིལ་མས ་གོས་པའི་དྲི་མ་ཅན་དུ་གྱུར་པ་དང་། ཁ་ཅིག་ནི་སོ་འཆབ་དང་། ཁ་ཅིག་ནི་ངར་ངར་འབྱིན་པ་དང་། ཁ་ཅིག་ནི་རཱ་མ་རྨི་འཆད་པ་དང་། ཁ་ཅིག་ནི་ཁ་འདངས་པ་དང་། ཁ་ཅིན་གོས་ནུས་པ་དང་། འགའ ་ཞིག་གི་ནི་མཚན་མ་སྣང་ངོ་།། བྱང་ཆུབ་སེམས་དཔས་དེ་རྣམས་ཀྱིས་རྣམ་འགྱུར་གཟིགས་ནས་ཐུགས་འཇིགས་པས་འདོད་པ་ལ་མི་དགའ་བར་གྱུར་ཏོ།། དེའི་རྒྱན་དུ་བྱས་པ་ནི་ཉེ་བར་ལྡན་པ ་བརྒྱ་བྱིན་གྱི་ཕོ་བྲང་དང་མཚུངས་པའི་ཁང་བཟང་ཆེན་པོ་ཡངས་ཤིང་རྣམས་པ་སྣ་ཚོགས་པའི་དྲི་ང་བས་གང་པའི་རོ་དང་ལྡན་པའི་དུར་ཁྲོད་དང་མཚུངས་པར་བསམ་སོ།། སྲིད་པ་གསུམ ་པ་མེ་འབར་བའི་ཁྱིམ་དང་མཚུངས་པར་བསམ་སོ།། བདག་ལ་གནོད་པར་བྱེད་པ་དང་། འཚེ་བར་བྱེད་པའོ་ཞེས་ཆེད་དུ་བ། རྗོད་པ་འཆད་ཅིང་ཤིང་དུ་རབ་ཏུ་བྱུང་བར་འདོད་པར་གྱུར ་ཏོ་དེ་བདག་གི་དེ་རིང་ཉིད་ནས་ངེས་པར་འབྱུང་བ་ཆེན་པོས་འཐོན་པར་བསམས་ཏེ་མལ་ནས་བཞེངས་ནས་སྒོ་དང་ཉེ་བར་གཤེགས་ཏེ་འདི་སུ་ཡོད་ཅེས་དྲིས་སོ།། བློན་པོ་མདུན་པ་ཐེམ་པ་ལ ་སྔས་བྱས་ནས་ཉལ་ལོ།། འཕགས་པ་བུ་བདག་བློན་པོ་མདུན་པ་ཡིན་ནོ་ཞེས་སྨྲས་སོ།། ད་ནི་ངེས་པར་འབྱུང་བ་ཆེན་པོས་འཐོན་པར་འདོད་དོ།། བདག་གི་རྟ་ཅིག་ལ་སྐྲ་གྱིས་ཅིག། དེས་ལྷ་ལེགསོ ་ཞེས་བརྗོད་ནས་རྟའི་གྲཝ་ཁྱེར་ཏེ་རྟ་ར་སོང་ནས་དྲི་བཟང་པོ་དང་ལྡན་པའི་འབྲུ་མར་གྱི་མར་མེ་སྤང་བ་སུམ་ནའི་མེ་ཏོག་ཅན་གྱི་དར་གྱི་རྭ་རེས་ཀྱི་འོག་ན་ཤིན་དུ་དགའ་བའི་ས་ཕྱོགས་ལ། ་སྡོད་པའི་རྟའི་རྒྱལ་པོ་སྔགས་ལྡན་མཐོང་ངོ་།། ད་ནི་བདག་གིས་འདི་ཉིད་ཀྱི་སྒྲ་བྱ་བར་རིག་ནས་བསྔགས་ལྡན་ལ་སྒྲ་སྒྲོན་ནོ།། དེས་སྒྲ་སྒྲོན་པར་ཤེས་ནས་འདི་སྒྲ་སྦྲོན་པ་ན ་གློ་སྔ་མས་སོ།། ཉི་མ་གཞན་ལ་སྐྱེད་མོས་ཚལ་དུ་བརྩེད་མོ་ལ་འགྲོ་བའི་དུས་སུ་སྒྲ་འདི་ལྟར་མ་བྱས་སོ།། བདག་གི་སྲས་འཕགས་པ། ད་ནི་ངེས་པར་འབྱུང་བ་ཆེན་པོས་འཐོན་པར་འདོད་པར ་གྱུར་ཏོ།། སྙམ་ནས་སེམས་དགའ་བས་རྟ་སྐད་ཚེར་ཚེར་འདོན་པ་དེའི་སྒྲ་གྲོང་ཁྱེར་ཐམས་ཅད་དུ་གྲགས་པར་བྱེད་པ་སླར་ཡང་ལྷ་རྣམས་ཀྱིས་དེའི་སྒྲ་བཀག་ན་སུས་ཀྱང་མི་ཐོས་པར་བྱས། ་བྱང་ཆུབ་སེམས་དཔས་ཀྱང་བློན་པོ་མདུན་པ་རྟའི་གན་སུ་གཏང་ནས་རེ་ཞིག་བུ་ལ་བལྟ་བར་བསམ་སོ།། གྲག་ས་འཛིན་མའི་གནས་སུ་གཤེགས་ཏེ་སྒོ་ཕྱེ་ནས་དེ་མ་ཐག་པར ་ཉལ་སའི་ནང་དུ་དྲི་བཟང་པོ་དང་ལྡན་པའི་འབྲུ་མར་གྱི་མ་རམེ་སྦར། གྲགས་འཛིན་མ་སུ་མ་ནའི་མེ་ཏོག་དང་། མལ་ལ་ཀིའི་མེ་ཏོག་ལ་སོགས་པའི་མེ་ཏོག་མལ་གྱི་སྟེང་དུ ་ཁལ་ཅིག་ཙམ་བཀྲམ་པའི་སྟེང་དུ་ལག་པ་བཞག་ནས་གཉིད་དུ་སོང་བ་ལ་བྱང་ཆུབ་སེམས་དཔས་སྒོའི་ཐེམ་པའི་སྟེང་དུ་ཞབས་ཡ་ཅིག་བཞག་ཏེ་འཁོད་པས་གཟིག་སོ།། གལ་ཏེ་བདག ་གི་ལྷ་མོའི་ལག་པ་ནས་འཐེན་ནས་རང་གི་བླངས་པར་བསམས་ཏེ། ལྷ་མོ་གཉིད་སད་ན་བདག་ཉིད་འགྲོ་བའི་བར་གཅོད་དུ་འགྱུར་ཞིང་སངས་རྒྱསུ་གྱུར་ནས་བུ་བལྟའོ་སེམས་ཏེ་ཁང ་བཟངས་ནས་བབ་སོ།། སླར་ཡང་སློབ་དཔོན་ཁ་ཅིག་འདི་ན་ལྟར་སྨྲས་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་གཤེགས་པའི་སྔོན་རོལ་གྱི་ཉི་མ་བདུན་གྱི་གོང་དུ་སྐྱེསོ་ཞེས་ཟེར་རོ།། དེ་འདྲ་གཞན ་དུམ་བཤད་པས་དེའི་ཕྱིར་འདི་ཁོ་ན་གཟུང་བར་བྱའོ།། འདི་ལྟར་བྱང་ཆུབ་སེམས་དཔའ་ཁང་བཟང་ནས་བབས་ནས་རྟའི་ར་བ་ཉིད་དུ་གཤེགས་ཏེ། འདི་ལྟར་གསུང་སོ།། བུ་བསྔགས་ལྡན་ཁྱོད་ཀྱིས། ་ད་ནི་ནུབ་ཅིག་སྒྲལ་བར་གྱིས་ཅིག། བདག་ཁྱོད་ཀྱི་དྲིན་གྱིས་སངས་རྒྱས་སུ་གྱུར་ནས་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་སྤྲུལ་བར་བྱའོ།། དེ་ནས་བསྔགས་ལྡན་གྱི་རྒྱབ་དུ ་ཆིབས་སོ།། བསྔགས་ལྡན་གྱི་སྐྱེ་ནས་བཟུང་ནས་མཆུ་རུ་ཁྲུ་བཅཝ་བརྒྱད་པ། དེ་དང་མཐུན་པའི་མཐོ་ཚང་དང་ལྡན་ཞིང་མཐུ་དང་མགྱོགས་པ་དང་ལྡན་ལ་དུང་ཕྱིས་པའི་ཁ་དོག་ལྟར་ཐམས་ཅད ་དཀར་བ་དང་མཚུངས་པའོ།། གལ་ཏེ་ཆེར་སྒྲོགས་པ་འམ་རྨིག་པའི་སྒྲ་སྒྲོགས་པའི་སྒྲས་གྲོང་ཁྱེར་ཐམས་ཅད་གྲགས་པར་འགྱུར་བའོ།། དེང་ཕྱིར་ལྷ་རང་གི་མཐུས་དེ་སུས་ཀྱང་མི་ཐོས་པར ་ངེ་འདི་ལྟར་སྒྲ་སྒྲོགས་པ་བཀག་གོ།། ཁྲ་ཁྲབ་འགྲོ་བའི་རྐང་ལག་གི་རྨིག་པ་རེ་རེ་ལྷའི་ལག་པའི་མཐིལ་དུ་ཉེ་བ། རབ་ཞགོ།། བྱང་ཆུབ་སེམས་དཔས་རྟའི་རྒྱབ་ཀྱི་དབུས་སུ་བཞུན ་སོང་བློན་པོ་མདུན་བརྟའི་མཇུག་པ་ནས་ཟུང་ཅིག་ཅེས་མཆེན་ཕྱེད་ཀྱི་དུས་སུ་སྒོ་ཆེན་པོ་དང་ཉེ་བར་ཕྱིན་ཏོ།། དེའི་ཚེ་སྐུར་ཡང་འདི་ལྟར་རྒྱལ་པོ་ཆེན་པོས་འདི་ལྟར་བྱང་ཆུབ་སེམས་དཔའ་ག ་གི་དུས་སུ་ཡང་གྲོང་ཁྱེར་ཆེན་པོའི་སྒོ་ཕྱེ་ནས་ཕྱི་རོལ་དུ་འགྲོ་བར་མི་ནུས་པར་ཕྱེད་སྒོ་མའི་སྒོ་གླེག་རེ་རེ་ལ་མི་སྟོང་ཕྲག་རེ་རེས་དབྱེ་དགོས་པར་བགོས་སོ།། བྱང་ཆུབ་སེམས་དཔའ་སྟོབས་དང ་ལྡན་པས་གླང་པོ་ཆེའི་གྲངས་བྱེ་བ་སྟོང་ཕྲག་བཅུའི་གླང་པོ་ཆེའི་སྟོབས་འཛིན་ནོ།། མིའི་གྲངས་ཀྱིས་མི་བྱེ་བ་འབུམ་ཕྲག་གཅིག་གི་མོའི་སྟོབས་འཛིན་ནོ།། བྱང་ཆུབ་སེམས་དཔས ་བསམས་པ་གལ་ཏེ་སྒོམ་ཕྱེད་ན། ད་ནི་བསྔགས་ལྡན་གྱི་རྒྱབ་དུ་བཞུགས་པ་ཉིད་དུ་བློན་པོ་མདུན་པས་རྔ་མ་ནས་བཟུང་བ་དང་ལྷན་ཅིག་ཉིད་དུ་བསྔག་ལྡན་བ.རཱར ་བཙིར་ནས་ཁྲུ་བཅཝ་བརྒྱད་པའི་ལྕགས་རིའི་མཐོ་ཚང་ལ་མཆོངས་ཏེ་འདའ་བར་བསམས་སོ།། བློན་པོ་མདུན་པས་བསམས་པ།། གལ་ཏེ་སྒོམ་ཕྱེད་ན་བདག་གི་འཕགས་པ་སྲས་དཔུང་པ་ལ ་ཁྱེར་ནས་ལག་པ་གཡས་པས་བསྔགས་ལྡན་གྱི་གསུམ་པ་མཆན་ཁུང་དུ་བཅུག་ནས་ལྕགས་རི་ལ་མཆོངས་ཏེ་འདའ་བར་བསམ་སོ།། བསྔགས་ལྡན་གྱིས་བསམས་པ། གལ་ཏེ་སྒོ ་མ་ཕྱེད་ན་བདག་གིས་ང་རང་བདག་པོ་ཇིད་ལྟར་རྒྱབ་དུ་བཞུགས་པ་དེ་བཞིན་ཉིད་དུ་བློན་པོ་འདུན་པས་རྔ་མ་ནས་བཟུང་ནས་ལྷན་ཅིག་ཏུ་གནས་པ་ཉིད་དུ་ཁུར ་ནས་ལྕགས་རིལ་མཆོངས་ཏེ་འདར་བར་བསམས་སོ།། གལ་ཏེ་སྒོམ་བྱེད་པར་གྱུར་ན་ཇི་ལྟར་བསམས་པ་དེ་བནི་ན་དུ་གསུམ་པོའི་ནང་ནས་གང་ཡང་རུང་གཅིག་ངེས་པར་འགྱུར ་སླར་ཡང་སྒོ་གསུང་བའི་ལྷ་རྣམས་ཀྱིས་སྒོ་ཕྱེའོ།། དེ་མ་ཐག་ཉིད་དུ་འདུད་ཀྱིས་བྱང་ཆུབ་སེམས་དཔའི་བཟློག་པར་བསམས་ནས་འོངས་ཏེ་ན་མཁའ་ལ་འདུག་ནས་སྨྲས་པ་དྲང་སྲོང་ཆེན ་པོ་ངེས་པར་འབྱུང་བས་མ་འགྲོ་གཅིག། འདི་ནས་ཉི་མ་བདུན་པ་ལ་ཁྱད་ཀྱིས་རིན་པོ་ཆེའི་འཁོར་ལོ་ཐོབ་པར་འགྱུར་རོ།། གླིང་ཕྲན་སྟོང་ཕྲག་གཉིས་ཀྱིས་ཡོངསུ་བསྐོར་བའི་གླིང་ཆེན་པོ ་བཞིའི་རྒྱལ་སྲིད་བྱེད་པར་འགྱུར་རོ།། དྲང་སྲོང་ཆེན་པོ་བཟློག་ཅིག་ཅེས་སྨྲས་སོ།། ཁྱོད་སུ་ཞིག་ཡིན་ཞེས་དྲིས་སོ།། བདག་ནི་འཇིག་རྟེན་གྱི་དབང་པོ་ཡིན་ཞེས་སྨྲསོ།། འདུད་རིན་པོ་ཆེའི་འཁོར ་ལོ་བདག་ལ་ཡོད་པར་བདག་གིས་ཤེས་ཏེ་བདག་ལ་རྒྱལ་པོའི་དགོས་པ་མེདདོ།། སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམསུ་སྒྲ་སྒྲོགས་ཤིང་སངས་རྒྱས་པར་འགྱུར་རོ།། ཞེས་བརྗོད།། བདུད ་ཀྱིས་སྨྲས་པ་འདི་ནས་བཟུང་ནས་འདོད་པའི་རྣམ་པར་རྟོག་པ་འམ། གནོད་སེམས་ཀྱི་རྣམ་པར་རྟོག་པ་འམ། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་སེམས་ལ་བསམས་པའི་དུས་སུ་བུ་བདག ་གིས་ཤེ་སོ་ཞེས་སྨྲས་སོ།། གྲོགས་དང་མ་བྲལ་བར་གྲིབ་མ་བཞིན་དུ་རྗེ་སུ་འབྲེལ་བར་འགྲོའོ།། བྱང་ཆུབ་སེམས་དཔའ་ཡང་འཁོར་ལོ་སྒྱུར་བའི་རྒྱལ་སྲིད་ལག་དུ་ཐོགས་ཀྱང་མཆིལ ་མའི་ཐལ་བ་བཞིན་དུ་ལྟོས་པ་མེད་པར་དོར་ནས་བཀུར་སྟི་ཆེན་པོས་གྲོང་ཁྱེར་ནས་ཕྱིར་འཐོན་ནོ།། དབྱར་ཟླ་འབྲིང་པོའི་ཉ་ལ་མཆོག་གི་སྐར་མ་བྲེའི་དུས་སུ་ཕྱིར་འཐོན་ནས་སླར ་ཡང་གྲོང་ཁྱེར་ལ་བཟློག་ནས་བལྟ་བར་བརྗོད་པར་བ་སམ་སོ།། འདི་ལྟར་བྱང་ཆུབ་སེམས་དཔའི་ཐུགས་ལ་འཁྲུངས་ཙམ་ཉིད་ནའོ།། སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་ལོག ་ནས་བལྟ་བའི་ལས་ཀྱི་བསོད་ནམས་ཁྱོད་ཀྱིས་བྱས་པ་མེད་དམ་ཞེས་བརྗོད་པ་བཞིན་དུ་ས་གཞི་ཆེན་པོ་རྫ་མཁན་གྱི་འཁོར་ལོ་བཞིན་དུ་ཕུག་ནས་བཟློག་གོ།། བྱང་ཆུབ་སེམས་དཔ ་གྲོང་ཁྱེར་ལ་སྔོན་དུ་ཕྱོགས་ཤིང་འཁོང་གྲོང་ཁྱེར་ལ་གཟིགས་ཏེ་དེའི་ས་ཕྱོགས་ཞིག་དུ་བསྔགས་ལྡན་ལྡོག་པའི་མཆོད་རྟེན་གྱི་གནས་གཅིག་བསྟན།། བསྔགས་ལྡན་འགྲོ་བའི་ལམ ་ལ་མངོན་དུ་ཕྱོགས་པོར་བྱས་ནས་བྱོན་ནོ།། བཀུར་སྟི་ཆེན་པོ་དང་དཔལ་དང་བསྐལ་པ་བཟང་པོ་དང་ལྡན་ནོ།། དེའི་ཚེ་ལྷ་རྣམས་ཀྱིས་དེའི་མདུན་དུ་སྟོང་ཕྲག་དྲུག་ཅུའི་མར་མེ་ཆེན་པོ་སྔར ་རྒྱབ་ཀྱི་ཕྱོགས་སུ་ཡང་མར་མེ་ཆེན་པོ་སྟོང་ཕྲག་དྲུག་ཅུ་སྦར་རོ།། གཡས་ཀྱི་ཕྱོག་སུ་ཡང་མང་མེ་ཆེན་པོ་སྟོང་ཕྲག་དྲུག་ཅུ་སྦར་རོ།། གཡོན་གྱི་ཕྱོག་སུ་ཡང་མར་མེ་ཆེན་པོ་སྟོང་། ་ཕྲག་དྲུག་ཅུ་སྦྱར་རོ།། ལྷ་གཞན་རྣམས་ཀྱིས་ཀྱང་འཁོར་ཡུག་གི་རོའི་སྟེང་དུ་གྲངས་མེད་པའི་མར་མེ་སྟོང་ཕྲག་མང་པོ་སྦར་རོ།། ལྷ་གཞན་རྣམས་དང་ཀླུ་དང་འདབ་བཟང་ལ་སོགས་པས་ལྷའི ་སྤོས་དང་མེ་ཏོག་གི་ཕྲེང་བ་དང་ཕྱེ་མ་དང་འདུག་པ་ལ་སོགས་པས་མཆོད་ཅིང་འགྲོའོ།། པཱ་རིཙྪི་ཏྲའི་མེ་ཏོག་ཉིད་དང་མནྡ་རའི་མེ་ཏོག་སྤྲིན་ལྟར་མཐུགས་རྒྱུན་ཏུ་འབབ་པ་བཞིན་དུ་ན་མཁའ ་ལ་རྒྱུན་མི་འཆད་པར་མེ་ཏོག་གི་ཆར་བབས་པར་གྱུར་ཏོ།། ལྷའི་གླུ་དབྱངས་སྒྲོགས་པར་གྱུར་ཏོ།། ཀུན་ནས་བསྐོར་དབང་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱི་རོལ་མོའི་སྒྲ་སྒྲོགས་སོ། ་རྒྱ་མཚོའི་དབུས་སུ་འབྲུག་གི་སྒྲ་སྒྲོགས་པ་བཞིན་ནོ།། ། ར་བོ་གཉེའ་ཤིང་འཛིན་གྱི་འགྲམ་དུ་རྒྱ་མཚོའི་སྒྲ་སྒྲོ། གས་པའི་དུས་བཞིན་དུ་འཇུག།། འདི་ནི་དཔལ་དང་བསྐལ་པ། ་བཟང་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་གཤེགས་པའི་མཚན་གཅིག་ལ་རྒྱལ་སྲིད་གསུམ་སྤངས་ནས་དཔག་ཚད་སུམ་ཅུའི་མཐར་ཡིད་ལྡན་ཞེས་བྱ་བའི་ཆུ་ཀླུང་གི་འགྲམ ་དུ་བཞུད་དོ།། ཙའི་ཕྱིར་ཡང་རྟ་འདིའི་ཕ་རོལ་དུ་ཡང་འགྲོ་བར་མི་ནུས་སམ་མི་ནུས་པ་མ་ཡིན་ཏེ། དེ་ནི་འཁོར་ཡུག་གཅིག་གིས་ནང་དུ་སྔ་དྲོ་གཅིག་ལ་སོང་ནས་བསྐོར་ཏེ་དེ་མ ་ཐག་ཏུ་སྔ་དྲོ་ཉིད་དུ་འོངས་ཞིང་རང་གི་མདུན་དུ་ཁ་ཟས་བྱིན་པ་ཟ་བར་ནུས་སོ།། དེའི་ཚེ་སླར་ཡང་ལྷ་དང་ཀླུ་དང་འདབ་བཟང་ལ་སོགས་པ་ན་མཁའ་ལ་འཁོད་ནས་སྤོས་དང་མེ་ཏོག་གི ་ཕྲེང་བ་ལ་སོགས་པ་བབས་ཏེ་ཛ་སྲིད་རྟའི་བརླའི་བར་དུ་ལུས་ནུབ་པས་འཐོན་པར་མི་ནུས་པ་སྤོས་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་ནི། རལ་པ་ལྟར་བདོན་པར་མི་ནུས་པར་ཤིན་ཏུ་ཐོགས ་བར་གྱུར་ཏོ།། དེའི་ཕྱིར་དཔག་ཚད་སུམ་ཅུ་ཙམ་ཉིད་དུ་སོང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའི་ཆུ་ཀླུང་གི་འགྲམ་དུ་འཁོད་ནས་བློན་པོ་འདུན་པ་ལ་དྲིས་པ།། ཆུ་ཀླུང་འདིའི་མིང་རྩི། ལྷ ་ཡིད་ལྡན་ཞེས་བགྱི་བ་ལགས་སོ།། བདག་ཀྱང་རབ་ཏུ་འབྱུང་བ་ལ་ཡིད་དང་ལྡན་པ་ཞེས་བྱ་བར་གྱུར་ཏོ།། ཞབས་ཀྱིས་རྒྱབ་ཏེ་རྟ་བསྐལ་པར་བྱ་སྟེ། རྟ་ཡིད་མཆོངས་ནས་གླང་བརྒྱད་ཀྱི་སྐད ་ཙམ་གྱིས་ཆུ་ཀླུང་གི་ཞེས་འགྲམ་གྱི་ཕ་རོལ་དུ་འཁོད་དོ།། བྱང་ཆུབ་སེམས་དཔའ་རྟའི་རྒྱབ་ནས་བབས་ཏེ་དངུལ་དང་མཚུངས་པར་བྱེ་མའི་ཕུང་པོའི་སྟེངས་དུ་འཁོད་དོ།། མདུན ་པ་བོས་ནས་ཁྱེད་ཀྱིས་བདག་གི་རྒྱན་རྣམས་དང་བསྔགས་ལྡན་ཁྲིད་ལ་སོང་ཅིག་བདག་རབ་ཏུ་འབྱུང་བར་འགྱུར། རོ།། ལྷ་བདག་ཀྱང་རབ་ཏུ་འབྱུང་དུ་གསོལ།། བྱང་ཆུབ་སེམས ་དཔས། ཁྱོད་ཀྱིས་རབ་ཏུ་འབྱུང་བ་མི་ཐོབ་པས་སོང་ཅིག། ལན་གསུམ་དུ་ཞུས་ཀྱང་མ་སྣང་ངོ་།། རྒྱན་དང་བསྔགས་ལྡན་ལག་པས་གཏད་དེ་བསམས་པ།། བདག་གི་སྒོ་འདི་དགེ་སྦྱོང་དང ་མི་མཐུན་ནོ་སྙམ་ནས་བྱང་ཆུབ་སེམས་དཔའ་གཞན་གྱིས་ཀྱང་སྲ་བྲེག་པར་རུང་བ་གཞན་མེད་དོ།། དེ་ནས་བདག་ཉིད་ཀྱི་རལ་གྲིས་བྲེགས་པར་བསམ་སོ།། ཕྱག་གཡས་པས་རོལ་གྲི ་བཟུང་ནས། ཕྱག་གཡོན་པས་ཅོད་པན་དང་བཅས་པའི་ནོར་བུ་བཟུང་དེ་བཅོད་དོ།། དབུ་སྐྲ་ནི་སོར་གཉིས་པར་གྱུར་ཅིང་།། གཡས་ཕྱོགས་ནས་འཁྱིལ་པས་དབུ་ལ་གནསོ་དེ་རྣམས ་ཇི་སྲིད་འཚོའི་བར་དེ་ཉིད་ཀྱི་ཚང་དུ་གྱུར་ཏོ།། ཁས་སྤུ་ཡང་མེད་པར་གྱུར་ཏོ།། སླར་དབུ་སྐྲ་དང་ཁས་སྤུ་བཞར་མི་དགོས་པར་གྱུར་ཏོ།། བྱང་ཆུབ་སེམས་དཔས་ཅོད ་པན་དང་བཅས་པའི་ནོར་བུ་བཟུང་ནས་གལ་ཏེ་བདག་སངས་རྒྱས་པར་འགྱུར་ན་ན་མཁའ་ལ་འཁོད་ཅིག། མ་ཡིན་ནས་ལ་ལྷུང་བར་གྱུར་ཅིག་ཅེས་ན་མཁའ་ལ་དོར་རོ།། དེའི་གཙུག་གི་ནོར་བུ ་བཅིངས་པ་དཔག་ཚད་ཅིག་གི་ཚད་ཙམ་དུ་སོང་ནས་ན་མཁའ་ལ་འཁོད་དོ།། ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་ལྷའི་མིག་གིས་བལྟས་པས་དཔག་ཚད་གཅིག་གི་ཚད་ཙམ་གྱི་རིན་པོ་ཆེའི ་ཟ་མ་ཏོག་གི་ནང་དུ་བཅུག་ནས་སུམ་ཅུ་རྩ་གསུམ་གྱི་ཕོ་བྲང་དུ་གཙུག་གི་ནོར་བུ་བཞུགས་པའི་མཆོད་རྟེན་བཞེངསོ།། མཆོག་གི་གྲི་ཡི་བསྒོས་པའི་གཙུག་ཕུད་བཅད ་གང་ཟག་མཆོགས་གིས་ནམ་མཁའ་ལ་ནི་དོར།། མིག་སྟོང་། པ་ཡིས་དབུ་སྐྲ་མགོ་སྟེང་བཟུང་།། གསེར་གྱི་ཟ་མ་ཏོག་དུ་ལྷ་གནས་ཁྱེར།། སླར་ཡང་བྱང་ཆུབ་སེམས ་དཔས་བསམས་པ།། ཡུལ་ཀ་ཤི་ཀའི་རས་འདི་དགེ་སྦྱོང་བདག་གི་ཚུལ་དང་འཐུན་པ་མ་ཡིན་ནོ་ཞེས་བསམ་སོ།། དེ་ནས་སངས་རྒྱས་འོད་བསྲུངས་གི་དུས་སུ་སྔོན་གྱི་གྲོགས་པོ ་རྫ་མཁན་ཚངས་པ་ཆེན་པོར་གྱུར་ཏོ།། སངས་རྒྱས་གཅིག་གི་བར་དུ་གྲོགས་པོ་དང་མ་ཕྲད་དོ་ཞེས་བསམས་ཏེ་དེ་ནི་བདག་གི་གྲོགས་པོ་ངེས་པར་འབྱུང་བ་ཆེན་པོས་འཐོན་ནོ།། དགེ ་སྐྱོང་གི་ཡོ་བྱད་འདི་བཟུང་ནས་འགྲོའོ་ཞེས་བསམ་སོ།། ཆོས་གོས་གསུམ་དང་ལྷུང་གཟེང་དང་། སྤུ་གྲི་ཁབ་དང་སྐ་རགས་དང་། ཆུ་ཚགས་དང་བཅས་བརྒྱད་ཡིན་ནོ།། དགེ་སྦྱོང་རྣམས་ལ་རིགས ་ཤིང་མཁོ།། དགེ་སྦྱོང་གི་མཁོ་བའི་ཡོ་བྱད་བརྒྱད་པོ་འདི་བསླབས་ནས་ཕུལོ།། བྱང་ཆུབ་སེམས་དཔས་མཆོད་པར་འོས་པའི་རྒྱལ་མཚན་གྱོན་ནས་རབ་ཏུ་འབྱུང་བ་མཆོག་གི་ཆ་བྱད་བསླངས་ཏེ་མདུན ་བ་ལ་བདག་གི་ཚིག་གིས་མ་དང་ཡབ་ལ་བདག་ལ་ནད་མེད་པར་འགྱུར་རོ་ཞེས་སྨོས་ཅིག་ཅེས་པས་བཏ་།། མདུན་པས་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱས་བསྐོར་བ་བྱས་ནས་སོང་ངོ་།། སླར་ཡང ་བསྔགས་ལྡན་གྱིས་མདུན་པ་དང་བྱང་ཆུབ་སེམས་དཔའ་གསུང་གླེང་བྱས་ཅིང་འདུག་པ་ཐོས་ནས། བདག་ནི་ཇོ་བོ་དང་ད་འཕྲད་པར་མི་འགྱུར་ཞེས་བསམ་སོ།། མིག་ལམ་དུ་སྤངས་ནས་མྱ་ངན་ལ་ཤིན ་དུ་གནས་པ་བསྲན་པར་མ་ནུས་ཏེ་སྙིང་གས་ནས་དུས་ལས་འདས་རར་ཏེ་སུམ་ཅུ་རྩ་གསུམ་གྱི་གནས་སུ་བསྔགས་ལྡན་ཞེས་བྱ་བའི་ལྷའི་འུར་སྐྱེ་སོ།། མདུན་པ་ལ་དང་པོའི་མྱ་ངན་དུ་གྱུར ་པ་ཅིག་གོ།། སླར་ཡང་བསྔགས་ལྡན་དུས་ལས་འདས་པའི་རྒྱུ་མ་ཚན་གྱིས་མྱ་ངན་གཉིས་པས་གཟིར་ཏོ།། ངུ་ཞིང་སྨྲེ་སྔག་ས་འདོན་ཞིང་གྲོང་ཁྱེར་དུ་སོང་ངོ་།། བྱང་ཆུབ་སེམས ་དཔའ་དེའི་ཕྱོགས་ཉིད་དུ་རྗེ་སུ་དགའ་བ་ཞེས་བྱ་བའི་ཨ་སྒྲའི་ཚལ་ཡོད་དོ།། དེར་ཉི་མ་བདུན་ནས་རབ་ཏུ་འབྱུང་བའི་བདེ་བས་གནས་ཤིང་ཉིན་མཚན་འདའོ།། ཉི་མ་གཅིག་ཉིད་ལ་དཔག་ཚད ་སུམ་ཅུའི་ལམ་དུ་ཞབས་ཀྱིས་གཤེགས་ནས་རྒྱལ་པོའི་ཁེབ་དུ་བྱོན་ནོ།། བྱོན་ནས་སྒོ་མཐར་ཆགསུ་བསོད་སྙོམས་ལ་གཤེགས་ཏེ་གྲོང་ཁྱེར་བ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི ་སྐུ་མཐོང་ནས་གླང་པོ་ཆེ་ནོར་སྐྱོང་ཞུགས་པའི་རྒྱལ་པོའི་ཁབ་བཞིན་དང་ལྷ་མ་ཡིན་གྱི་དབང་པོ་ཞུགས་པའི་ལྷའི་གྲོང་ཁྱེར་བཞིན་དུ་ཀུན་དུ་འཁྲུགས་པར་གྱུར་ཏེ། རྒྱལ་པོའི་མི་འོངས ་ཤིང་ལྷ་འདི་ལྟ་བུའི་གཟུགས་ཀྱི་སེམས་ཅན་གཅིག་གྲོང་ཁྱེར་ན་བསོད་སྙོམས་བྱེད་དོ།། ལྷ་འམ་མི་འམ་འདབ་བཟང་སྟེ་འདི་གང་ཡིན་བདག་ཅག་གིས་མ་ཤེས་སོན ་སྨྲ་སོ།། རྒྱལ་པོའི་ཁང་བཟང་གི་སྟེང་དུ་འཁོད་ནས་སྐྱེས་བུ་ཆེན་པོ་མཐོང་སྟེ་ཡ་མཚན་དང་རྨད་དུ་བྱུང་བ་སྐྱེསོ།། མི་ཅིག་བོས་ནས། སོང་ལ་རྟོགས་ཤིག། གལ་ཏེ་མི་མ་ཡིན་པར་གྱུར་ན་གྲོང་ཁྱེར ་ནས་ཕྱི་རོལ་དུ་སོང་སྟེ་མི་སྣང་བར་འགྱུར་རོ།། གལ་ཏེ་ལྷ་ཡིན་པར་གྱུར་ན་ན་མཁའ་ལ་འགྲོའོ།། གལ་ཏེ་ཀླུ་ཡིན་ན་སའི་འོག་ཏུ་འགྲོ་བར་འགྱུརོ།། གལ་ཏེ་མི་ཡིན་ན་ཇི་ལྟར་ཐོབ་པའི་ཁ་ཟས་རའོ་ཞེས ་བསྒོའོ།། སྐྱེས་བུ་ཆེན་པོས་ཀྱང་ཁ་ཟས་འདྲེས་པ་རྣམས་སྔ་ས་ནས་བདག་ལ་འདི་ཙམ་གྱིས་མཆོག་པར་རྟོགས་ཏེ། ནུ། དགས་པའི་སྒོ་ཉིད་ནས་གྲོང་ཁྱེར་གྱི་ཕྱི་རོལ་དུ་འཐོན་ཏེ། རི་སྐྱེའོ། ་ཡི་གྲིབ་མོ་ལ་ཤར་དུ་སྔུན་ཏུ་ཕྱོགས་པས་བཞུགས་ན་ཀྱིཁ་ཟས་ལ་ལོངས་སྤྱོད་པར་བཙམ་སོ།། དེ་ནས་གང་གི་སྒྲ་མ་ཕྱིན་ཅི་ལོག་ཏེ་ཁ་ནས་འཐོན་པའི་རྣམ་པར་བསམས ་བར་གྱུར་ཏོ།། དེ་ནས་དེའི་བདག་ཉིད་ཀྱིས་ལུས་ཀྱིས་འདི་ལྟ་བུའི་ཚུལ་གྱི་ཁ་ཟས་མིག་གིས་མཐོང་བ་ཡང་དཀོན།། དེའི་ཕྱིར་རིག་སོ་སོའི་ཁ་ཟས་ལ་མི་དགའ་བར་སེམས་ནས། འདི་ལྟར་རང ་ལརང་གིས་གདམས་སོ།། དོན་གྲུབ་ཁྱོད་རྙེད་སྨྲ་པའི་འཟའ་བ་དང་འདུང་བའི་རིགས་ལོ་གསུམ་པའི་འབྲས་དྲི་རྣམ་པའི་བཟའ་བ་སྣ་ཚོགས་པའི་རོ་དང་བཅས་པའི་བཟའ་བའི་གནས་སུ་སྐྱེས ་པར་གྱུར་ནས། ཕྱག་ཐར་ཁྲོད་པ་གཅིག་མཐོང་སྟེ། ནམ་དུའང་བདག་ནི་འདི་ལྟ་བུའི་ཚུལ་དུ་གྱུར་ནས་བསོད་སྙོམས་ལ་འགྲོ་ཞིང་ཁ་ཟས་ལོངས་སྤྱོད་དོ།། དེའི་དུས་སུ་བདག་ལ་དེ་ལྟར་འགྱུར་རོ། ་ཞེས་བསམས་ནས་འཐོན་ནོ།། ད་ནི་འདི་ཅི་བྱེད་པ་ཡིན་ཞེས་འདི་ལྟར་རང་ལ་རང་གིས་གདམས་ནས་རྟོགས་པ་མེད་པར་ཁ་ཟས་ལ་ལོངས་སྤྱོད་དོ།། རྒྱལ་པོའི་མིས་འདིའི་འཇུག་པ་མཐོང་ནས་སོང་། ་ཏེ་རྒྱལ་པོ་ལ་སྨྲ་སོ།། རྒྱལ་པོས་ཕོ་ཉ་བའི་བཏམ་ཐོས་ནས་མྱུར་བར་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཐོན་ནས་བྱང་ཆུབ་སེམས་དཔའ་དང་ཉེ་བར་སོང་སྟེ། སྤྱོད་ལམ་ལ་དད་པར་གྱུར་ཏོ།། བྱང་ཆུབ་སེམས ་དཔའ་ལ་དབང་ཕྱུག་ཐམས་ཅད་རྫོགས་པར་ཕུལ་ལོ།། བྱང་ཆུབ་སེམས་དཔས་རྒྱལ་པོ་ཆེན་པོ་བདག་ལ་དངོས་པོའི་འདོད་པ་འམ། ཉོན་མོངས་པའི་འདོད་པའི་དོན་མེད་དོ།། བདག་ནི་མཆོག ་གི་མངོན་པར་རྫོགས་པར་བྱང་ཆུབ་པ་དོན་དུ་གཉེར་བར་འོང་སོ།། རྒྱལ་པོས་རྣམ་པར་སྣ་ཚོགས་པའི་སྦྱིན་པ་བྱིན་ཡང་དེའི་ཐུག་ལ་མི་འཕྲོད་དོ།། ངེས་པར་ཁྱོད་སངས་རྒྱས་པར་འགྱུརརོ། ་སངས་རྒྱས་སུ་གྱུར་ནས་སླར་ཡང་དང་པོར་བདག་གི་རྒ་ང་ཁྱེར་དུ་བྱོན་པར་ཞུ་ཞེས་དམ་བཅའ་བཟུང་།། འདི་ནི།། འདིར་མདོར་སྡུས་པ་སྟེ། རྒྱས་པར་ནི་སླར་ཡང་འདི་རབ་ཏུ ་འབྱུང་བའི་དོན་དང་བཅས་པ་དོན་དང་གཏམ་འདྲི་ནི་བལྟ་ཞིང་རིག་པར་བྱའོ།། བྱང་ཆུབ་སེམས་དཔས་ཀྱང་རྒྱལ་པོ་ལ་དམ་བཙའ་བྱིན་ནས་གོ་རིམས་བཞིན་དུ་སྤྱོད་པ་ལ་གཤེགས་ཤིང་ཀུན ་ནས་ཚོན་དང་། ནག་པོ་ཅན་དང་། འཆར་བྱེད་གསེར་དང་། དགའ་བྱེད་བུའི་གནས་སུ་ཉེ་བར་གཤེགས་ནས་སྙོམས་པར་འཇུག་པ་བསྐྱེད་དེ་སངས་རྒྱས་ཐོབ་པའི་ལམ་ནི་འདི་མ་ཡིན་ནོ།། དེ་ལ ་སྙོམས་པར་འཇུག་པ་སྐྱེས་ཀྱང་དགྱེས་པར་མ་གྱུར་ནས་ལྷ་དང་བཅས་པའི་འཇིག་རྟེན་པའི་རང་གི་སྟོབས་དང་བརྩོན་འགྲུས་རྣམས་ལ་ལེགས་པར་བལྟ་བར་འདོད་པས་དཀའ་བ་ཆེན་པོ ་སྤྱོད་པའི་བསམས་པས། སྟེང་རྒྱ་སུ་བྱོན་ཏེས་ཕྱོགས་འདི་ནི་ཤིན་ཏུ་དགའ་བ་ཡིན་ནོ།། སྙམ་ནས་དེ་ཉིད་དུ་ཉེ་བར་གནས་པར་བྱས་ཏེ་དཀའ་བ་ཆེན་པོ་སྤྱོད་དོ།། དེ་ཡང་ཀཽ་ཌི་ནྱ་ལ་སོགས་པ། ་རབ་ཏུ་བྱུང་བ་ལྔ་གྲོང་དང་གྲོང་རྡལ་དང་རྒྱལ་པོའི་ཕོ་བྲང་རྣམསུ་བསོད་སྙོམས་ལ་རྒྱུ་ཞིང་བྱང་ཆུབ་སེམས་དཔའི་གནས་དེར་འོང་སོ།། དེ་ནས་ལོ་དྲུག་ཏུ་དཀའ་བ་ཆེན་པོ་སྤྱད་དོ།། ད་ནི་སངས་རྒྱ་སུ་འགྱུར ་ད་ནི་སངས་རྒྱས་སུ་འགྱུརརོ་ཞེས་ཞུས་པའི་གནས་ལ་བྱི་དོར་ལ་སོགས་པ་བྱེད་ཅིང་སྐུ་ལ་རིམ་གྲོ་བྱེད་པར་གྱུར་ཏེ། ཉེ་བར་གནས་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ཡང་ཕྱི་མའི་མཐར ་ཐུག་པར་དཀའ་བ་སྤྱད་པར་བསམ་སོ།། ཏིལ་གཅིག་དང་འབྲས་ཀྱི་ཉིག་མ་གཅིག་ལ་སོགས་པའི་ཉི་མ་འདའ་ཞིང་ཐམས་ཅད་དུ་ཡང་ཁ་ཟས་ཐམས་ཅད་སྤང་སོ།། ལྷ་རྣམས་ཀྱིས། ་ཀྱང་བ་སྤུའི་བུ་ག་རེ་རེ་ནས་མདངས་སྟོན་ཏོ།། དེ་ནས་དེའི་ཁ་ཟས་མེད་པར་སྐུ་རིང་པར་གྱུར་ཏེ། གསེར་གྱི་ཁ་དོ།། ག་ཅན་གྱི་སྐུ་ཡང་ནག་པོར་གྱུར་ཏོ།། སྐྱེས་བུ་ཆེན་པོའི ་མཚན་སུམ་ཅུ་རྩ་གཉིས་ཀྱང་མི་སྣང་བར་གྱུར་ཏོ།། ཉི་མ་གཞན་ལ་ཡང་རླུང་དལ་བུས་བསམ་གཏན་བྱེད་ཅིང་སྐུ་ལ་ཟུག་ཟེར་ཆེན་པོ་སྐྱེས་ནས་འདུ་ཤེས་མེད་པར་གྱུར་ཏེ། འཆགས ་པའི་གནས་སུ་འགྱེལ་ལོ།། དེ་ནས་ལྷ་གཅིག་གིས་དགེ་སྦྱོང་གཽ་ཏ་མ་དུས་ལས་འདསོ་ཞེས་བརྗོད་དོ།། གཅིག་གིས་འགྱེལ་བ་ན་དགྲ་བཅོམ་པ་ཐོབ་བོ་ཞེས་བརྗོད་དོ།། དེར་གང ་ཞིག་གིས་དུས་ལས་འདས་སོ་ཞེས་བརྗོད་ནས་དེ་སོང་སྟེ་རྒྱལ་པོ་ཆེན་པོ་ཟས་གཙང་ལ་སྨྲས་པ་ཁྱེད་ཀྱི་སྲས་དུས་ལས་འངསོ།། བདག་གི་སྲས་སངས་རྒྱས་མ་ཐོབ་པར་དུས་ལས་འདས ་ས་མང་ཐོབ་ནས་དུས་ལས་འདས་ཞེས་དྲིས་སོ།། སངས་རྒྱས་ཐོབ་པར་མ་ནུསོ།། དཀའ་བ་སྤྱོད་པའི་གན་སུ་འགྱེལ་ནས་དུས་ལས་འདས་སོ།། འདི་ཐོས་ནས་རྒྱལ་པོ་ཡིད་མ་ཆེས་པར་གྱུར ་ཏོ། བདག་གི་སྲས་སངས་རྒྱས་མ་ཐོབ་པར་དུས་ལས་འདའ་བ་མེད་དོ་ཞེས་བཀག་གོ།། གང་གི་ཕྱིར་སླར་ཡང་རྒྱལ་པོ་ཡིད་མཆེས་ནས་དཀའ་ཐུབ་པ་ནག་པོ་ལྷ་ལེན་གྱིས་ཕྱག་བྱེད་པའི་དུས་དང ་འཛམྦུའི་ཤིང་གི་དྲུང་ཉིད་དུ་ཆོ་འཕྲུལ་མཐོང་བའི་རྒྱུ་མཚན་ཉིད་ཀྱིས་སོ།། སླར་ཡང་བྱང་ཆུབ་སེམས་དཔས་འདུ་ཤེས་ཐོབ་ནས་བཞེངས་སོ།། ལྷ་དེ་སོང་ནས་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་སྲས་པོ ་ནང་མེད་པར་གྱུར་ཏོ་ཞེས་སྨྲསོ།། རྒྱལ་པོས་སྲས་པོ་མི་ནི་བར་བདག་གིས་ཤེསོ་ཞེས་སྨྲས་སོ།། སེམས་དཔའ་ཆེ་ནུ་བོ་ལོ་དྲུག་དུ་དཀའ་བར་བྱེད་ཅིང་འདི་ལྟ་བུའི་སེམས་སུ་གྱུར་ཏེ། ་འདི་ལྟ་བུའི་དཀའ་ཐུབ་སྤྱོད་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ལ། མ་མ་ཡིན་ནོ་ཞེས་བསམས་ནས་ཁ་ཟས་ཅུང་ཟད་ལ་ལོ། ངས་སྤྱོད་པར་བྱེད་ཅིང་གྲོང་རྡལ་རྣམསུ་བསོད་སྙོམས་ལ་རྒྱུ ་བས་བསོད་སྙོམས་སྤྱོད་དོ།། དེ་ནས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གསལ་བར་གྱུར་ཏོ།། སྐུ་གསེར་གྱི་ཁ་དོག་ལྟ་བུར་གྱུར་ཏོ།། དགེ་སློང་ལྔ་སྡེ་ན་རེ་འདིའི་ལོ་དྲུག་དུ་དཀའ་བ་སྦྱང ་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མ་གྱུར་ཏོ།། ད་ནི་གྲོང་ལ་སོགས་པར་བསོད་སྙོམས་སྤྱོད་ཅིང་ཁ་ཟས་བསླངས་ནས་ཟ་སྟེ། རོ་ལ་ཆགས་པར་གྱུར་ན་ཅི་ནུས་འདིས་དཀའ་བ་སྤྱད ་པ་འཁྲུལ་ལོ།། ལུས་ལ་ཁྲུས་བྱེད་པར་འདོད་པས་ལུས་ཀྱི་བ་སྤུ་རེ་རེའི་སྒོར་ཆུ་ཞུག་ནས་འདོད་པའི་ཐིག་ལེར་གྱུར་པ་དང་མཚུངསོ།། བདག་ཅག་དེའི་འདོད་པའི་རྣམ་པར་རྟོགས་པ་ཡོད ་པའི་གནས་སུ་འདུག་པས་ཅི་ཞིག་བྱ།། སྐྱེས་བུ་ཆེན་པོས་སྤངས་ཤིང་རང་རང་གི་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་དཔག་ཚད་འཅཝོ་བརྒྱད་ཀྱི་ལམ་དུ་སོང་། ་དྲང་སྲོང་ལྷུང་བའི་ཚལ་དུ་གནསོ།། དེའི་ཚེ་དེའི་དུས་སུ་སྟེང་རྒྱས་ན་སྡེ་ཅན་གྱི་གྲོང་རྡལ་བ་ནིང་བའི་ཁྱིམ་དུ་སྐྱེས་པའི་ལེགས་སྐྱེས་མ་ཞེས་བྱ་བའི་བུ་མོ་ན་ཚོད་ལྡན་པར་གྱུར་ཏེ་ནྱ་གྲོ་དྷའི་ཤིང ་གཅིག་དོན་དུ་གཉེར་ཏོ།། གལ་ཏེ་བདག་དང་མཉམ་པར་སྐྱེས་པའི་རིགས་ཀྱི་ཁྱིམ་སོང་ནས་དང་པོར་མངལ་ཆགས་ཏེ། བུ་རྙིང་ན་དེ་ལ་ལོ་སོ་སོར་འབུམ་ཕྲག་གཅིག་རི་བའི་གཏོར་མའི ་ཁས་བྱའོ།། དེའི་དོན་དུ་གཉེར་བ་འགྲུབ་བོ།། དེས་སེ། རྣམས་དཔའ་ཆེན་པོ་ལོ་དྲུག་གི་མཐར་དཀའ་བ་སྤྱོད་པ་རྫོ་གས་པར་བྱེད་དོ།། དཔྱིད་ཟླ་ཐ་ཆུང་གི་ཉེ་ལ་གཏོར་མའི ་ལས་བྱེད་པར་སེམས་སོ།། དེའི་སྔུན་ཉིད་དུ་སྟོང་ཕྲག་ག། ཅིག་གི་བ་བཞོན་མ་ཤིང་དངར་གྱི་ནགས་སུ་ཤོང་དང་ཟ་བ་དེ་རྣམས་ཀྱི་འོ་མ་བནོས་ནས་གཞོན་མའི་བ་ལྔ་བརྒྱ ་ལ་བྱིན་ནོ།། དེ་རྣམས་ཀྱི་མ་བཞེས་ནས་པ་བཞོན་མི་ཕྱེད་དང་སུམ་བརྒྱ་ལ་བྱིན་ནོ།། དེ་བཞིན་བཞོན་མ་བཅུ་དྲུག་གི་འོ་མ་བཞོས་ནས་པ་བཞོན་མ་བརྒྱད་ལ་བྱིན་ནོ།། དེ་སྲིད་ཀྱི་འོ་མ ་བསྐུ་མོ་དང་དངར་འ་དང་མདངས་དང་མདོག་དང་ལྡན་པ་དོན་དུ་གཉེར་བ་འདོད་ཅིང་འོ་མ་སྐོའོ།། དེས་དཔྱིད་ཟླ་ཐ་ཆུང་གི་ཉའི་ཉིན་མོའི་སྔ་དྲོ་གཏོར་མའི་ལས་བྱེད་པར་སེམས་ཤིང་མཚན ་མོའི་ནེམ་ལངས་ཁྭའི་དུས་སུ་བ་འཇོ་མཁན་ལངས་ནས་པ་བཞོན་མ་བརྒྱད་པོ་འཇོ་རུ་སོང་བ། བིའུ་བོའི་ནུ་མ་ལ་ཉེ་བར་མ་གྱུར་པར་ཡང་། བའི་ནུ་མའི་གམ་དུ་སྣོད་གསར་བ་ཉེ་བར ་གནས་པ་བྱས་པ་བཙམ་ན་རང་གི་ཆོས་ཉིད་ཀྱིས་འོ་མའི་རྒྱུན་གྱིས་སྣོད་གང་བར་གྱུར་ཏོ།། ལེགས་སྐྱེས་མས་ལ་མཚན་ཆེ་བ་མཐོང་སྟེ། འོ་མ་རང་གི་ལག་པས་ཁྱེར་ནས་སྣོད ་གསར་བར་བླུགས་པ་ལ་རང་གི་ལག་གི་མེ་གང་སྟང་སྟེ་འཚོད་པར་བརྩམས་ནས། དེར་འོ་ཐུག་སྐོལ་བས་ལྦུ་བ་ཆེན་པོ་འཐོན་ནས་གཡས་ཕྱོགསུ་འཁོར་ཞིང་ཐོར་མ་གཅིག་ཙམ ་ཡང་ས་ལ་མ་ལྷུང་ལ། ཐབན་དུ་བཅུང་ཟད་ཀྱང་མེད་དོ།། དེའི་ཚེ་འཇིག་རྟེན་སྐྱོང་བ་བཞི་ཐ་འངས་ནས་ཐ་བསྲུན་པར་བྱེད་དོ།། ཚངས་པ་ཆེན་པོས་ནི་གདུགས་འཛིན་ནོ།། བ ་བྱིན་གྱིས་ནི་ཇི་ལྟར་རིགས་པའི་མེ་གཏོང་བར་བྱེད་དོ།། སྟོང་ཕྲག་གཉིས་ཀྱིས་ཡོངས་སུ་བསྐོར་བའི་གླིང་ཆེན་པོ་ག་བཞིའི་ལྷ་དང་མི་རྣམས་ཀྱིས་ཇི་ལྟར་རིགས་པའི་མདངས་རྣ ་ལྷརང་རང་གི་མཐུས་བསྡུས་ནས་བཅུག་གོ།། མི་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱས་ནས་དུས་གཞན་ལ་ལྷ་རྣམས་ཟན་གྱིས་གོང་བུ་རེ་རེས་མདངས་འཇུག། སླར་ཡང་བྱང ་ཆུབ་པའི་ཉིན་མོ་དང་ཡོངས་སུ་མྱ་ངན་ལས་འདའ་བའི་ཉིན་མོ་སྣོད་ཉིད་དུ་འཇུག་པར་བྱེད་དོ།། ལེགས་སྐྱེས་མས་ཉི་མ་གཅིག་ཉིད་ལ་དེར་རང་ཉིད་གསལ་བར་གྱུར་ནས་ཡ་མཚན་ཆེ་བ ་དུ་མ་མཐོང་སྟེ་ཟན་མོ་རྫོགས་མ་ཞེས་བྱ་བ་བོས་ནས། རྫོགས་མ་དི་རིང་བདག་ཅག་གི་ལྷ་ཤིན་དུ་དགྱེས་པར་གྱུར་ཏེ། བདག་གིས་དེ་རྣམས་ཀྱི་དུས་སུ་འདི་ལྟ་བུའི་ཚུལ་གྱི་ཡ་ཚན་ཆེ་བ ་མ་མཐོང་བས་མྱུར་དུ་སོང་ལ་ལྷའི་གནས་སུ་བྱི་དོར་ལེགས་པར་གྱིས་ཅིག། དེས་ལེགས་སོ་ཞེས་བརྗོད་ནས་འཕགས་མ་དེའི་ཚིག་བཟུང་སྟེ་མྱུར་བ་མྱུར་བར་ཤིང་གི་དྲུང་དུ་ཕྱིན་ནོ།། བྱང་ཆུབ་སེམ ་པཔས་ཀྱང་དེའི་མཚན་མོ་ཆལ་མི་ལམ་ཆེན་པོ་ལྔ་གརིགས་པ་མང་སུ་རྟག་ཅིང་ཐེ་ཚོམ་མེད་པར་བདག་དེ་རིང་སངས་རྒྱས་ཐོབ་པར་འསྲུང་བར་བྱར་སྙམ་དུ་ཞུགས་པམ ་བོར་མཛད་ནས། དེའི་ནུབ་མོ་འདས་ཏེ་སྐུའི་བྱི་དོར་མཛད་ནས་བསོད་སྙོམས་ལ་གཤེགས་པའི་དུས་ཀྱི་སྔ་དྲོ་བྱོན་ཏེ། ཤིང་ནྱ་གྲོ་ངའི་དྲུང་དུ་བཞུགས་ནས་རང་གི་འོད་ཀྱིས་ཤིང་ཐམས་ཅད ་སྣསྡང་བར་མཛད་དོ།། དེ་ནས་ཡང་རྫོགས་མ་དེ་འོངས་ནས་བྱང་ཆུབ་སེམས་དཔའ་ཤིང་གི་དྲུང་ན་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ལ་གཟིགས་ཤིང་གཟིགས་པ་མཐོང་ལ་སྐུ་ལ་འོད་ཟེར ་ཡིན་པ་འང་ས་ཤིང་མས་ཅད་གསེར་གྱི་ཁ་། དུམམང་།། དེས་འདི་ལྟ་མམས་ཏེ།། དེ་རང་བདག། ཀུན་རྫུན་ལ་འབས་ནས་རང་ན་ལན་ཉིད་ཀྱིས་སོ་ཏོ་མ ་ཅིང་འདུགས་ཞེས་བསམས་པས་སེམས་ཚིམ་བརྗོད་ནས་མྱུར་དུ་སོང་སྟེ་ལེགས་སྐྱེས་མ་ལ་དོན་དེ་རྣམས་སྣ་སོ།། ལེགས་སྐྱེས་མས་དེའི་ཚིག་ཐོས་ནས་སེམས་ཚིམ་པར ་གྱུར་ཏེ།། དེ་རིང་ནས་བཟུང་ནས་བདག་གི་བུ་མོ་ཆེན་མོ་གནས་སུ་སྡོད་ཅིག། ཅེས་བུ་མོ་ལ་རྡོ་ལྟར་རིགས་པའི་རྒྱན་ཐམས་ཅིད་བྱིན་ནོ།། སླར་ཡང་གང་གི་ཕྱིར་སངས་རྫས་ཀྱི་ཡོངསུ་རྫོགས་པར ་ཐོབ་པའི་ཉིན་མོ་འབུམ་ཕྲག་གཅིག་གི་གྲངས་ཀྱི་གསེར་གྱི་སྡེར་མ་ཆེན་པོ་ཐོབ་པར་རིག་སོ།། དེའི་ཕྱིར་གསེར་གྱི་སྡེར་མ་ཆེན་པོའི་ནང་དུའོ་ཐུག་ལྡུགས་པའི་སེམས་སྐྱེས་ནས་འབུམ་ཕྲག ་གཅིག་རི་བའི་གསེར་གྱི་སྡེར་མ་ཆེན་པོ་བསླངས་ཏེ། འོ་ཐུག་གཙེས་པའི་ནང་དུ་ཁ་སྦུབ་ནས་བླུག་གློ།། འོ་ཐུག་ཐམས་ཅད་པདྨའི་འདབ་མའི་ནང་གི་ཆུ་བཞིན་དུ་ཆུའི་ཐོགས་པ་གཅིག་ཏུ་གྱུར། ་ནས་གསེར་གྱི་སྡེར་དུ་བྱུང་ངོ་།། གསེར་གྱི་སྡེར་མ་གཅིག་གང་བའི་ཚད་ཙམ་དུ་གྱུར་ཏོ།། དེས་གསེར་གྱི་སྣོད་དེ་ལ་གསེར་གྱི་སྣོད་གཞན་གྱི་བཀབ་ནས་གོས་ཀྱིས་དྲིལ་ཏོ།། ལེགས་སྐྱེས་མ་རྒྱན ་གྱིས་ལུས་ཐམས་ཅད་བརྒྱན་ནས་གསེར་གྱི་སྡེར་མ་དེ་རང་གི་མགོར་བཞག་སྟེ།། མཐུ་ཆེན་པོས་ཤིང་ནྱ་གྲོ་དྷའི་དྲུང་དུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་མཐོང་ནས་ཤིན་དུ་ཡིད་བདེ་བ་སྐྱེས་པར ་གྱུར་ཏོ།། ཤིང་གི་ལྷ་ཡིན་ནམ་ཞེས་བསམས་ནས་བལྟ་བའི་གནས་སུ་དུད་ཅིང་དུད་ཅིང་སོང་སྟེ། མགོའི་སྟེང་གི་གསེར་གྱི་སྡེར་མ་ཕབ་ནས་ཁ་ཕྱེས་ཏེ། གསེར་གྱི་རོལ་པ་སྤྱི་བླུགས་ཀྱིས ་དྲི་བཟང་པོས་བསྒོས་པའི་ཆུ་བཟུང་ནས་བྱང་ཆུབ་སེམས་དཔའ་དང་ཉེ་བར་སོང་སྟེ་འཁོད་དོ།། གྲོགས་པོ་རྫ་མཁན་ཚངས་པ་ཆེན་པོར་གྱུར་པས་ཕུལ་བའི་སའི་ལྷ་བཟེད་ནི་དེ་རྣམས ་ཀྱི་དུས་སུ་བྱང་ཆུབ་སེམས་དཔས་མ་སྤངས་ཀྱང་དེ་དེ་མ་ཐག་ཏུ་མི་སྣང་བར་གྱུར། བྱང་ཆུབ་སེམས་དཔས་ལྷུང་། བཟེད་མ་གཟིག་སོ།། ཕྱག་གཡས་པ་བརྐྱང་ནས་ཆུ་བསླང ་སྟེ་ལེགས་སྐྱེས་མས་སྣོད་དང་བཅས་པ་ཉིད་ཀྱིས་འོ་ཐུག་སྐྱེས་བུ་ཆེན་པོའི་ཕྱག་ཏུ་ཕུལ་ལོ།། སྐྱེས་བུ་ཆེན་པོས་ལེགས་སྐྱེས་མ་ལ་བརྟགས་པ་ན། དེ་རྣམ་འགྱུར་ཤེས་ནས་འཕགས ་ཐ་བདག་གིས་ཡིད་ལ་ཡོངས་སུ་ཕུལ་གྱིས། བཞེས་ལ་ཇི་ལྟར་བཞེད་པ་བཞིན་གཤེགས་པར་ཞུ་ཞེས་ཕྱག་བྱས་ནས། ཇི་ལྟར་བདག་གི་འདོད་པ་ཡོངས་སུ་རྫོགས་པར་གྱུར་ཏོ།། ་འདི་ལྟར་ཉིད་ཀྱིས་ཀྱང་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སྨྲསོ།། འབུམ་ཕྲག་ཅིག་རི་བའི་གསེར་གྱི་སྡེར་མ་ཆེན་པོ་གཅིག་ཤིང་གི་ལོ་མ་རྙིངས་བཞིན་དུ ་པ་མེད་པར་སོང་ངོ་།། བྱང་ཆུབ་སེམས་དཔའ་བཞུགས་པ་ལས་བཞེངས་ནས་ཤིང་ལ་སྐོར་སྟེ། གསེར་གྱི་སྡེར་མ་སྤངས་ནས་ཆུ་ཀླུང་ནེར་ཛ་ནའི་འགྲམ་དུག་ཤེ། ་ཏེ་ངབྱང་ཆུབ་སེམས་དཔའ་གྲངས་མེད་པ་འབུམ་ཕྲག་མང་པོ་རྣམས་ཀྱིས་མངོན་པར་བྱང་ཆུབ་པའི་ཉིན་མོ་བབས་ནས་ཁྲུས་བྱེད་པའི་གནས་སུ་ལེགས་པར་རབ་ཏུ་གནས་པའི་མུ ་གནས་ཞེས་བྱ་བ་ཡོད་དོ།། དེའི་འགྲམ་དུ་བསྡེར་མ་བཞག་སྡེ་བབས་ནས་ཁྲུས་མཛད་དོ།། འབུམ་ཕྲག་དུ་མའི་སངས་རྒྱས་རྣམས་ཀྱི་ན་བཟའ་དང་མཆོད་པར་འོས་པ་གྱོན་ནས ་ཤར་ཕྱོགས་སུ་སྔོན་དུ་ཕྱོགས་པས་བཞུགས་ནས་ཏ་ལ་འི་ཤིང་རྟོག་གི་ནང་གི་རུས་པ་ཅིག་གི་ཚད་ཙམ་དང་མ་ཉམ་པ་གཅིག་གིས་དམན་པའི་ལྔ་བཅུའི་གོང་བུ་བྱས ་ནས་ཆུ་མེད་ཅིང་དངར་བའི་འོ་ཐུག་ཐམས་ཅད་གསོལ་ལོ།། དེ་འདི་ལྟར་གང་གིས་སངས་རྒྱས་སུ་གྱུར་ནས་ཞག་ཞི་བཅུ་ནི་དགུ་རུ་བྱང་ཆུབ་ཀྱི་སྙིང་པོར་བཞུགས་ཏེ ་ནག་བཞི་བཅུ་ཞེ་དགུའི་ཁ་ཟས་སུ་གྱུར་ཏོ།། དེ་རྣམས་ཀྱིས་དུས་སུ་ཁ་ཟས་གཞན་མེད་པ་དང་། ཁྲུས་བྱེད་པ་མེད་པ་དང་། ཞལ་ཤོལ་བ་མེད་པ་དང་། སྐུ་ལུས་ཀྱི་བྱ་བ་བྱེད་པ ་མེད་དོ།། བསམ་གཏན་གྱི་བདེ་བ་དང་། ལམ་གྱི་བདེ་བ་དང་། འབྲས་བུའི་བདེ་བ་ཉིད་ཀྱིས་ཉིན་མཚན་འདའ་འོ།། གཞན་ཡང་དེའི་འོ་ཐུག་གསོལ་ནས་གསེར་གྱི་སྡེར་མ་ཕྱག་ཏུ ་བཞེས་ཏེ། གལ་ཏེ་བདག་ནི་དེ་རིང་སངས་རྒྱས་སུ་འགྱུར་ན། སྡེར་མ་འདི་ཆུའི་སྟེང་དུ་གྱེན་དུ་འགྲོ་བར་གྱུར་ཅིག། མ་ཡིན་ན་ཐུར་ལ་འགྲོ་བར་གྱུར་ཅིག་ཅེས་ཆུ་ལ་དོར་རོ།། དེས ་ཆུའི་རྒྱུན་གྱི་བརླབས་ཆུ་ཀླུང་གི་དབུས་སུ་སོང་ནས་དབུས་ཀྱི་གནས་ཉིད་དུ་རྟ་མགྱོགས་པོར་འགྲོ་བ་བཞིན་དུ། ཁྲུ་བརྒྱད་ཅུའི་ཚད་ཙམ་གྱི་སྟེང་དུ་སོང་ཞིང་། ཆུ་ལན་ཅིག་འཁྱིལ་བས ་བྱིང་ནས་ཀླུའི་རྒྱལ་པོ་ནག་པོའི་གནས་སུ་སོང་ངོ་།། དེ་ནས་སངས་རྒྱས་གསུམ་པོ་རྣམས་ཀྱིས་བཤོས་གསོལ་བའི་གསེར་གྱི་སྡེར་མ་ཆེན་པོ་སིལ་སིལ་ཞེས་སྒྲ་སྒྲོགས་པར་བྱེད ་ཅིང་ཕྱོགས་གཅིག་ཏུ་དེ་རྣམས་ཐམས་ཅད་ཀྱི་འོག་ཏུ་གྱུར་ནས་གནས་སོ།། ཀླུའི་རྒྱལ་པོ་ནག་པོས་དེའི་སྒྲ་ཐོས་ནས་ཁ་སངས་རྒྱས་གཅིག་ཐོབ་པར་གྱུར་ཅིང་། སླར་ཡང་དེ་རིང་སངས ་རྒྱས་ཉིད་ཐོབ་པར་གྱུར་ནས་མང་པོས་བསྟོད་པ་བྱེད་པར་གྱུར་ཏོ།། བྱང་ཆུབ་སེམས་དཔས་ནི་ཆུ་ཀླུང་གི་འགྲམ་ཤིང་སཱ་ལའི་ཚལ་དུ་ཉིན་མོ་བཞུགས་ནས་སྲོད་ཀྱི་དུས་སུ་མེ་ཏོག་ཀུ་མུ ་ངཁ་འབྱེ་བའི་དུས་ལ་ལྷ་རྣམས་ཀྱིས་བརྒྱན་པར་བྱས་ནས།། ཞེང་ལ་གླང་གི་སྐད་བརྒྱད་ཀྱིས་ཐོས་པའི་ཚད་དུ་ལམ་བྱེད་པ་ལ་སེང་གེ་བཞིན་དུ་སྒྲ་བསྒྲགས་ནས། བྱང་ཆུབ ་ཀྱི་ཤིང་ལ་མངོན་པར་ཕྱོགས་པས་བཞུད་དོ།། ཀླུ་དང་གནོ་ད་སྦྱིན་དང་འདབ་བཟང་ལ་སོགས་པ་རྣམས་ཀྱིས་ལྷའི་སྤོས་དང་མེ་ཏོག་ལ་སོགས་པ་དང་། གླུའི་གླུ་དཔྱད་ལ་སོགས ་བས་མཆོད་དོ།། སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་རྣམས་དྲི་བཟང་པོར་གྱུར་ཅིང་མེ་ཏོག་གི་ཕྲེང་བར་གྱུར་ནས་ཐམས་ཅད་ལེག་སོ་ཞེས་བརྗོད་པར་གྱུར་ཏོ།། དེའི་ཆ་རྩ་འཚོ ་བཀྲ་ཤིས་ཤེས་བྱ་བས་རྩ་བླངས་ནས་ལམ་གྱི་སྔོན་དུ་འོངས་ཏེ་སྐྱེས་བུ་ཆེན་པོའི་རྣམ་འགྱུར་རྟོགས་ནས་རྩཝ་སྦར་མོ་བརྒྱད་བུའོ།། བྱང་ཆུབ་སེམས་དཔས་རྫ་བླངས་ནས། བྱང་ཆུབ་ཀྱི ་སྙིང་པོ་དང་ཉེ་བར་གཤེགས་ཏེ་ལྷོ་ཕྱོགས་ཀྱི་ཆར་ཞལ་བྱང་དུ་མངོན་པར་ཕྱོགས་པས་འཁོད་དོ།། དེ་མ་ཐག་པར་ལྷོ་ཕྱོགས་ཀྱི་ཁོར་ཡུག་གིས་བྱིང་ནས་འགྲོ ་བ་ནི་འོག་གནར་མེད་པའི་བར་དུ་གྱུར་པ་བཞིན་ནོ།། ལྷོ་ཕྱོགས་ཀྱི་ཁོར་ཡུག་སྟེང་དུ་ལངས་ནས་འགྲོ་བ་ནི་སྲིད་པའི་རྩེ་མོར་གྱུར་པ་བཞིན་ནོ།། བྱང་ཆུབ་སེམས་དཔས་འདི་ཡང་དག་པར ་རྫོགས་པའི་སངས་རྒྱས་ཐོབ་པའི་གནས་མ་ཡིན་ནོ་ཞེས་དགོངས་ཞིང་བསྐོར་ནས་ནུབ་ཀྱི་ཕྱོགས་ཀྱི་ཆར་གཤེགས་ཏེ་ཤར་ཕྱོགསུ་མངོན་དུ་ཕྱོགས་པས་འཁོད་དོ།། དེ་ནས་ནུབ་ཕྱོགས ་ཀྱི་འཁོར་ཡུག་འོག་དུ་བྱིང་ནས་འགྲོ་བ་ནི་གནད་མེད་པའི་བར་དུ་གྱུར་པ་བཞིན་ནོ།། ཤར་ཕྱོགས་ཀྱི་ཁོར་ཡུག་སྟེང་དུ་ལངས་ནས་འགྲོ་བ་ནི་སྲིང་པའི་རྩེ་མོར་གྱུར་པ་བཞིན་ནོ།། བྱང་ཆུབ་སེམས ་འཁོར་ཅིང་འཁོད་པའི་གནས་ནི་མུ་ཁྱུད་ཀྱི་མཐར་ཐུག་པ། ར་མནན་ཞིང་སོ་སོར་གནས་པའི་ཤིང་རྟའི་འཁོར་ལོ་ཆེན་པོ་ལྟ་བུང་ས་གཞི་ཆེན་པོ་ལ་བྱིང་ཞིང་བྱིང་ནས་འགྲོ། ་བར་གྱུར་ཏེ། བྱང་ཆུབ་སེམས་དཔས་འདི་ནི་བྱང་ཆུབ་ཐོབ་པ་འི་གནས་མ་ཡིན་ནོ་ཞེས་བསྐོར་ནས་བྱང་ཕྱོགས་ཀྱི་ཆར་གཤེགས་ཏེ། ལྷོ་ཕྱོགསུ་སྔུན་དུ་ཕྱོགས་པས་འཁོད་དོ།། དེ་ནས་བྱང ་གི་ཁོར་ཡུག་ས་ལ་བྱིང་ནས་མནར་མེད་ཀྱི་བར་དུ་གྱུར་པ་བཞིན་ནོ།། ལྷོའི་ཁོར་ཡུག་གྱེན་དུ་ལངས་ནས་སྲིད་པའི་རྩེ་མོའི་བར་དུ་གྱུར་པ་བཞིན་ནོ།། བྱང་ཆུབ་སེམས་དཔས་འདི་ནི་བྱང ་ཆུབ་ཐོབ་པའི་གནས་མ་ཡིན་ནོ་ཞེས་བསམས་ཏེ་བསྐོར་ནས་ཤར་ཕྱོགས་ཀྱི་ཆར་གཤེགས་ནས་ནུབ་ཕྱོགས་སུ་སྔུན་དུ་ཕྱོགས་པས་འཁོད་དོ།། སླར་ཡང་ཤར་ཕྱོགས་ཀྱི་ཆར་སངས་རྒྱས ་ཐམས་ཅད་ཀྱིས་དཀྱིལ་དཀྲུང་བཅས་པའི་གནས་དེ་གཡོ་བར་མི་འགྱུར་ཞིང་མི་ལྡེག་གོ།། སེམས་དཔའ་ཆེན་པོས་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་སྤངས་ཤིང་མི་གཡོ་བའི་གནས། ཉོན ་མོངས་པའི་དྲ་བ་ཐམས་ཅད་རྣམ་པར་འཇོམས་པའི་གནས་སུ་རྟོག་སོ།། དེའི་རྩཝ་རྣམས་རྩེ་མོ་ནས་བཟུང་སྟེ་བཀྲམ་ནས་དེ་མ་ཐག་ཏུ་ཁྲུ་བཅུ་བཞི་པའི་ཚད་ཙམ་གྱི་གདན་དུ་གྱུར་ཏོ།། ་དེ་ཡང་དེ་ལྟ་བུའི་ཚུལ་གྱིས་ཇི་ལྟར་བཞག་པ་དེ་བཞིན་དུ་མི་གནས་སོ།། ཇི་ལྟར་གཟུགས་ལ་མཁས་པའི་རི་མོ་བྱེད་པ་རྣམས་ཀྱིས་རི་མོ་བྲིས་པ་བཞིན་དུ་བྱང་ཆུབ་སེམས་དཔས་བྱང ་ཆུབ་ཤིང་གི་སྡོང་པོ་ལ་སྐུ་རྒྱབ་རྟེན་པར་བྱས་ནས་ཞལ་ཤར་དུ་སྔུན་དུ་ཕྱོགས་པར་མཛད་དོ།། བརྟན་པའི་སེམས་སུ་གྱུར་ནས་བདག་གི་ལྤགས་པ་དང་རྒྱུས་པ་དང་རུས་པ་དང་ཁྲག ་དང་ཤ་རྣམས་སྐམ་པར་གྱུར་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཐོབ་པར་དུ་ནི་བསྟན་འདི་ལ། ས་ལུས་བསྐྱོད་པར་མི་བྱའོ།། ཐོག་བརྒྱ་ཕྲག་བབས་ཀྱང ་མི་ཕྱེད་ཅིང་ཕ་རོལ་གྱིས་མི་ཚུགས་པར་སྟན་ལ་དཀྱིལ་དཀྲུང་གིས་བཞུག་སོ།། དེའི་ཚེ་ལྷའི་བུའི་བདུད་ཀྱིས་གཞོན་ནུ་དོན་གྲུབ་བདག་གི་དབང་དུ་བྱེད་པར་འདོད་པས་ད་ནི་བདག་ལས ་འདར་བར་བྱེད་དུ་མི་སྟེར་རོ་ཞེས་བསམས་ནས་འདུད་ཀྱི་དམག་དང་ཉེ་བར་སོང་སྟེ། དོན་འདི་སྨྲས་ཤིང་བདུད་ཀྱི་སྒྲ་ཞེས་པས་སྒྲ་བསྒྲགས་ནས་བདུད་ཀྱི་དམག་ཁྲིད་དེ་འཐོན་ནས། བདུད ་ཀྱི་སྡེ་བདུད་ཀྱི་མདུན་དུ་དཔག་ཚད་བཅུ་གཉིས་ཀྱི་སར་འགྲོའོ།། གཡས་ཕྱོགས་དང་གཡོན་ཕྱོགས་རྣམས་སུ་དཔག་ཚད་བཅུ་གཉིས་འགྲོའོ།། རྒྱབ་ཕྱོགསུ་ཇི་སྲིད་ཁོར་ཡུག་གི ་གནས་མཐར་ཐུག་པར་བྱས་ནས་གནསོ།། སྟེང་དུ་དཔག་ཚད་དགུའོ།། འཁོར་ཐམས་ཅད་ཀྱི་གཏམ་བྱེད་པའི་སྒྲ་དཔག་ཚད་སྟོང་ཕྲག་གཅིག་གི་བར་དུ་ས་གཞི་འབུག ་པ་ཙམ་གྱི་སྒྲ་ཐོས་སོ།། དེ་ནས་ལྷའི་བུའི་བདུད་དཔག་ཚད་ཕྱེད་དང་ཉིས་བརྒྱའི་རིའོ་འོག་དཔག་ཞེས་བྱ་བའི་གླང་པོ་ཆེའི་རྒྱ་དུ་ཞོན་ནས་ལག་པ་སྟོང་ཕྲག་གཅིག་སྤྲུལ་ནས་མཚོན ་ཆ་སྣ་ཚོགས་པ་བླངསོ།། གཞན་ཡང་བདུད་ཀྱི་འཁོར་གྱི་གྲོགས་གཉིས་གཅིག་དང་མཚུངས་པར་མཚོན་ཆའི་རིགས་གཉིས་མི་ལེན་ནོ།། ཁ་དོག་རྣམ་པ་སྣ་ཚོགས་པ་དང་རྣམ་པ་སྣ་ཚོགས ་པའི་གདོང་ཅན་སེམས་དཔའ་ཆེན་པོ་གཞོམ་པར་བྱ་བའི་ཕྱིར་འོངསོ།། སྟོང་ཕྲག་བཅུའི་འཁོར་ཡུག་གི་ལྷ་རྣ་མས་སླར་ཡང་སེམས་དཔའ་ཆེན་པོ་ལ་བསྟོད་པ་བྱེད་ཅིང ་གནས་སོ།། བརྒྱ་བྱིན་ལྷའི་རྒྱལ་པོས་རྣམ་པར་རྒྱལ་བ་བླ་ན་མེད་པའི་དུང་འབུད་ཅིང་འཁོད་དོ།། སླར་ཡང་དུང་དེ་ཁྲུ་རྒྱ་ཉི་ཤུར་གྱུར་ཏོ།། གལ་ཏེ་ལེགས་པར་བུས་ན་ཟླ་བ ་བཞིའི་བར་དུ་རྒྱུན་མི་འཆད་ཅིང་དེ་ནས་རྒྱུན་མི་མཆད་དོ།། ཀླུའི་རྒྱལ་པོ་ནག་པོ་ཆེན་པོས་བརྒྱ་ཕྲག་དུ་མའི་བསྟོད་པ་བྱེད་ཅིང་གནས་སོ།། ཚངས་པ་ཆེན་པོ་གདུགས་དཀར་པོ་བཟུང ་ནས་གནསོ།། སླར་ཡང་བདུད་ཀྱི་དམག་བྱང་ཆུབ་ཀྱི་སྙིང་པོར་འོངས་ཤིང་འོང་སོ།། ལྷ་དེ་རྣམས་གཅིག་ཏུ་འཁོད་པར་མ་ནུས་པས་རང་གིས་གན་སུ་བྲོས་ནས་སོང་ངོ་།། ཀླུའི་རྒྱལ་པོ ་ནག་པོས་བྱིང་ནས་དཔག་ཚད་ལྔ་བརྒྱའི་སྙེ་མ་ཅན་གྱི་ཀླུའི་ཕ་བྲང་དུ་སོང་སྟེ། ལག་པ་གཉིས་ཁ་ལ་བཀས། ཉལ་ལོ།། བརྒྱ་བྱིན་གྱི་རྣམ་པར་རྒྱལ་བ་བླ་ན་མེད་པའི་དུང་རྒྱབ་དུ་བཀལ ་ཏེ་ཁོར་ཡུག་གི་སྟེང་དུ་འཁོད་དོ།། ཚངས་པ་ཆེན་པོས་གདུགས་དཀར་པོ་འཁོར་ཡུག་གི་སྟེང་དུ་བཙུགས་ནས་ཚངས་པའི་འཇིག་རྟེན་དུ་སོང་ངོ་།། ལྷ་གཅིག་གིས་ཀྱང་འཁོད་པར ་མ་ནུས་ཏེ། སྐྱེས་བུ་ཆེན་པོ་ཉིད་གཅིག་པུ་བཞུག་སོ།། བདུད་ཀྱིས་རང་གི་འཁོར་ལ་སྨྲས་པ། བུ་ཟས་གཙང་གི་བུ་དོན་གྲུབ་དང་འདྲ་བའི་སྐྱེས་བུ་གཞན་མེད་པས། བདག་གིས་དེའི ་བདུན་དུ་གཡུལ་འགྱེད་པར་མི་ནུས་ཀྱིས་རྒྱབ་ཀྱི་ཕྱོགསུ་གཡུལ་བགྱིའོ་ཞེས་སྨྲས་སོ།། སྐྱེས་བུ་ཆེན་པོས་ཀྱང་ཕྱོགས་གསུམ་ལ་གརིགས་པས་ལྷ་ཐང་བྲོས་པའི་ཕྱིར་གནས ་ཐམས་ཅད་སྟེང་པར་མཐོང་ངོ་།། གཞན་ཡང་བྱང་ཕྱོགསུཾ་གཟིགས་པས་བདུད་ཀྱི་དམ་ག་རྣམས་བདག་གཞོམ་པའི་ཕྱིར་འོངས་པ་གཟིག་སོ།། འདི་རྣམས་ཀྱི་དམག་གི་ཚོགས་བདག་ཅིག ་པུའི་ཕྱིར་རྩོལ་བ་ཆེན་པོས་ཕ་རོལ་གནོན་པར་བྱེད་ཅིང་གནས་འདིར་འོངས་ཏེ། བདག་གི་མ་འམ་པ་འང་སྤུན་ནམ་སུ་ཡང་རུང་བས་གཉེན་ལས་གཞན་མེདོ།། གཞན་ཡང ་གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་ཉིད་བདག་གིས་དུས་ཡུན་རིང་པོར་གཉེན་ལ་དགའ་བ་བཞིན་གོམས་པ་དེའི་ཕྱིར་བདག་གིས་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་ཕུ་བ་བྱས་ནས། ཕ་རོལ་ཏུ ་ཕྱིན་པ་ཉིད་ཀྱི་མཚོན་ཐོགས་ཏེ། འདིའི་དམག་གི་ཚོགས་རྣམ་པར་གཞོམ་པར་རིག་སོ་སྙམ་ནས་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་ཐུགས་ལ་བསམས་ནས་བཞུག་སོ།། དེ་ནས་ལྷའི་བུའི་བདུད་ཀྱིས ་དོན་གྲུབ་དེ་མ་ཐག་ཏུ་འབྲོས་པར་བྱེད་པར་རིག་སོ་ཞེས་སྨྲས་ནས་རླུང་གི་དཀྱིལ་འཁོར་ཉེ་བར་གནས་ནས་འོང་སོ།། དེ་མ་ཐག་ཁོ་ནར་ཤར་ཕྱོགས་ལ་སོགས་པའི་རླུང་གི་དཀྱིལ་འཁོར་རྣམས ་ལངས་འོངས་ཏེ་དཔག་ཆད་ཕྱེད་དང་ཡང་གཉིས་ལ་སོགས་པའི་ཚད་ཀྱི་རིའི་ཕུང་པོ་བླངས་ནས་ནགས་ཐིབས་པོ་དང་ཤིང་ལ་སོགས་པ་ས་ལ་བཏོན་ཞིང་ཐམས་ཅད་དུ་གྲོང་དང་། ་གྲོང་རྡལ་ཕྱེ་མ་དང་རྣམ་པར་ཕྱེ་མར་བྱེད་པའི་ནུས་པ་ནི་སྐྱེས་བུ་ཆེན་པོའི་བསོད་ནམས་ཀྱི་གཟི་བརྗིད་ཀྱིས་མཐུས་གྱེས་ཏེ། བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས་བློ་གྲོས་ཀྱི་གྲཝ་ཙམ་ཡང་བསྐུལ ་བར་མ་ནུསོ།། དེ་ནས་ཆུ་ཡིས་གཞོམ་པའི་ཕྱིར་འོངས་ནས་གསོད་པར་བསམས་པ་ན་ཆར་པ་ཆེན་པོ་འབབ་ཅིང་གན་སོ།། དེའི་མཐུས་སྟེང་ནས་སྟེང་དུ་བརྒྱ་ཕྲག་དུ་མ་བཙགས་པ་དང་། སྟོང་ཕྲག་དུ་བརྩིགས ་བའི་སྤྲིན་ཆེན་པོ་འདུས་ནས་ཆར་འབེབ་སོ།། ཆར་པའི་རྒྱུན་གྱི་ཤུགས་ཀྱིས་ས་བཞི་འབུགས་པར་གྱུར་ཏོ།། ནགས་ཚལ་དང་ཤིང་ལ་སོགས་པའི་སྟེང་གི་ཆར་སྤྲིན་ཆེན་པོ་འོངས་ནས་སེམས་དཔའ་ཆེན ་པོ་ཆུ་ཐིགས་གཅིག་ཙམ་གྱིས་ཀྱང་སྤང་བར་མ་ནུ་སོ།། དེ་ནས་རྡོ་ཡི་ཆར་པ་བཀུག་ནས་ཆེས་ཆེ་བའི་རིའི་ཕུང་པོ་ངུ་བར་བྱེད་ཅིང་འབར་བར་བྱས་ནས་ན་མཁའ་ནས་འོངས་ཏེ་བྱང་ཆུབ ་སེམས་དཔའི་དྲུང་དུ་འོངས་ནས། ལྷའི་མེ་ཏོག་གི་ཆུན་བུའི་གཟུགས་འབབ་བོ།། དེ་ནས་མཚོན་ཆའི་ཆར་ཐམས་ཅད་བཀུག་ནས་མཚོན་སོ་གཅིག་པ་དང་སོ་གཉིས་པ་དང་རལ་གྲི་དང་མདུང་ཐུང་དང ་སྤུ་གྲི་ལ་སོགས་པའི་མཚོན་ཆ་རྣམ་དུ་བར་བྱེད་ཅིང་འབར་བར་བྱས་ནས་ནམཁའ་ལ་འོངས་ཏེ། བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས་ལྷའི་མེ་ཏོག་དུ་གྱུར་ཏོ།། དེ་ནས་སོལ་བའི་ཆར་བཀུག་ནས་རྒྱ ་སྐྱིགས་ཀྱི་མེ་ཏོག་ཁ་དོག་ཅན་གྱི་སོལ་བ་ན་མཁའ་ནས་བྱང་ཆུབ་སེམས་དཔའི་ཞབས་དྲུང་དུ་ལྷའི་མེ་ཏོག་ཏུ་གྱུར་ནས་འབབ་བོ།། དེ་ནས་ཐལ་བའི་ཆར་འཀུགས་ནས་ཤིན་ཏུ་དྲོ་བ་མེའི་ཁ་དོག ་ཅན་གྱི་ཐལ་བ་ན་མཁའ་ནས་འོངས་ནས་བྱང་ཆུབ་སེམས་དཔའི་ཞབས་དྲུང་དུ་ཙན་དན་གྱི་ཕྱེ་མ་ལྟར་གྱུར་པའི་ཆར་འབའོ།། དེ་ནས་བྱེ་མའི་ཆར་བཀུག་ནས་ཤིན་ཏུ་ཕྲ་བའི་བྱེ་མ་རྣམས་དུ་བར་བྱེད་ཅིང་། ་འབར་བར་བྱས་ནས་ན་མཁའ་ནས་འོངས་ཏེ་བྱང་ཆུབ་སེམས་དཔའི་ཞབས་དྲུང་དུ་ལྷའི་ཕྱེ་མ་ལྟར་གྱུར་ནས་ཆར་འབའོ།། དེ་ནས་འཇིམ་པའི་ཆར་པ་རྣམས་བཀུག་ནས་འཇིམ་པ་རྣམས་དུ་བར་བྱེད ་ཅིང་འབར་བར་བྱས་ནས་ན་མཁའ་ནས་འོངས་ཏེ་བྱང་ཆུབ་སེམས་དཔའི་ཞབས་དྲུང་དུ་ལྷའི་བྱུག་པར་གྱུར་ནས་འབབོ།། དེ་ནས་འདི་བཞིན་དུ་འཇིགས་པར་བྱེད་པས་དོན་གྲུབ་འབྲོས་པར་བྱ་བའི་ཕྱིར ་མུན་པ་ཉེ་བར་གནས་པར་བྱའོ།། དེ་ནི་ཡན་ལག་བཞི་དང་ལྡན་དཔའི་མུན་ནག་ཆེན་པོར་གྱུར་ནས། བྱང་ཆུབ་སེམས་དཔའི་དྲུང་དུ་སླེབ་ནས་ཉི་མའི་འོད་ཀྱིས་མུན་པ་བཅོམ་པ་བཞིན ་དུ་མི་སྣང་བར་གྱུར་ནས་འདི་ལྟར་བདུད་དགུ་པོ་འདི་རླུང་དང་ར་དང་རྡོ་དང་མཚོན་ཆ་དང་སོལ་བ་དང་ཐལ་བ་དང་བྱེ་མ་དང་འཇིམ་པ་དང་མུན་པ་སྟེ། དེ་རྣམས་ཆར་དུ་བབས་ནས་བྱང ་ཆུབ་སེམས་དཔའ་འབྲོས་པར་བྱེད་པར་མ་ནུས་སོ།། ཅིས་བརྗོད་ཅིང་ཙའི་ཕྱིར་སྡོད།། གཞོན་ནུ་འདི་ལ་ཟུང་ཅིག་སྐྱོབ་ཅིག་ཐོན་ཅིག་ཅེས་འཁོར་རྣམས་པོས་རང་གིས་ཀྱང་རིའི་འོག་དཔག་གླང་པོ ་ཆེའི་རྒྱབ་དུ་ཞོན་ནས་འཁོར་ལོའི་མཚོན་ཁ་བསླངས་ཏེ། བྱང་ཆུབ་སེམས་དཔའི་དྲུང་དུ་ཉེ་བར་འོངས་ནས་དོན་གྲུབ་སྟན་ལ་ལོངས་ཅིག། འདི་ཁྱོད་ལ་རིགས་པ་མ་ཡིན་གྱི་ངེད་ལ་རིགས་པ་ཡིན་ནོ་ན ་སྨྲསོ།། སེམས་དཔའ་ཆེན་པོས་དེའི་ཚིག་ཐོས་ནས་འདི་ལྟར་སྨྲ་སོ།། བདུད་ཁྱོད་ཀྱིས་ཕ་རོལ་ཏུ་ཕྱིན་པ་བཅུ་མ་རྫོགས་པ་དང་། ཉེ་བའི་ཕ་རོལ་ཏུ་ཕྱིན་པ་མ་རྫོགས་པ་དང་། དོན་དམ་པའི་ཕ་རོལ་ཏུ ་བྱིན་མ་རྫོགས་པ་དང་། ཆེན་པོ་ལྔ་ཡོང་སུ་གཏོང་བ་མེད་པ་དང་། གཉེན་གྱི་དོན་དུ་སྤྱོད་པ་མེད་པ་དང་། འཇིག་རྟེན་གྱི་དོན་གྱི་སྤྱོད་པ་མེད་པ་དང་། སངས་རྒྱས་ཀྱི་སྤྱོད ་པ་ཡོངསུ་མ་རྫོགས་པས་སྟན་འདི་ཁྱོད་ལ་རིགས་པ་མ་ཡིན་ནོ།། སྟན་འདི་བདག་ཁོ་ན་ལ་རིགས་པ་ཡིན།། བདུད་ཁྲོས་པར་གྱུར་ནས་ཁྲོས་པའི་ཤུགས་བསྲན་པར་མ་ནུས་ཏེ། སྐྱེས་བུ་ཆེན་པོ་ལ ་མཚོན་ཆའི་འཁོར་ལོ་འཕང་སོ།། དེའི་ཕ་རོལ་ཏུ་ཕྱིན་པ་བཅུ་སེམས་པར་བྱེད་ཅིང་བཞུགས་པ་ན་སྟེང་གི་ཆར་མེ་ཏོག་གི་ཕྲེང་བའི་བླ་རེས་བྲེས་པ་བཞིན་དུ་གྱུར་ཏོ།། དེའི་འཁོར་ལོའི་མཚོན་ཆ ་གཞན་ལ་དེ་ཤིན་དུ་ཁྲོས་པས་འཕངས་ཏེ་རྡོ་བ་འཐུག་པོ་དའམ། རྡོ་བ་འཐུག་པོའི་ཀ་བ་འབུགས་ཤིང་འགྲོ་བའོ།། སླར་ཡང་དེ་ནི་དེའི་མེ་ཏོག་གི་བླ་རེསུ་གྱུར་ནས་གནས་པ་ན ་བདུད་ཀྱི་འཁོར་ལྷག་མ་རྣམས་དེ་ནས་སྟན་ལ་ལངས་ཏེའགྲོ་བར་བསམས་ནས་ཆེས་ཆེར་བའི་རོའི་ཕུང་པོ་འཕངས་སོ།། དེ་རྣམས་ཀྱང་སྐྱེས་བུ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་བཅུ ་ལ་སེམས་ཞིང་བཞུགས་པ་ན་མེ་ཏོག་གི་ཆུན་པོར་གྱུར་ནས། ས་ལ་ལྷུང་ངོ་།། ལྷ་རྣམས་ཁོར་ཡུག་གི་མཐར་འཁོད་པ་རྣམས་སྐྱེ་བཏེག་ནས་བལྟ་ཞིང་། མགོ་བོ་སྟེག་ཅིང་བཏེག་ནས ་དོན་གྲུབ་གཞོན་ནུ་མཆོག་གི་སྐུའི་བདག་ཉིད་ཉམས་སམ་སྙམ་ནས་ཅི་བྱེད་ན་ཞེས་བསམས་ཞིང་བལྟའོ།། དེ་ནས་སྐྱེས་བུ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་བྱང་ཆུབ་སེམས ་དཔའ་རྣམས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཉིན་མོ་ཐོབ་པའི་སྟན་བདག་ལ་རིགས་པ་ཡིན་ནོ་ཞེས་བཤད་ནས། འཁོད་པའི་བདུད་ལ་སྨྲ་སོ།། བདུད་ཁྱོད་ཀྱིས་སྦྱིན་པ་གཏང་བའི་དབང ་བོ་སུ་ཡོང་ཞེས་སྨྲ་སོ།། བདུད་འདི་རྣམས་ཐམས་ཅད་བདག་གི་དབང་པོ་ཡིན་ནོ་ཞེས་བདུད་ཀྱི་དམག་རྣམས་ལ་ལག་པ་བརྒྱ་།། དེ་མ་ཐག་པར་བདུད་ཀྱི་འཁོར་རྣམས་ང་ཡང་དབང་པོ་ཡིན་ཞེས ་བརྗོད་པའི་སྒྲས་ས་ག་ནི་ཡང་རལ་བ་བཞིན་དུ་བརྗོད་པའི་སྒྲར་གྱུར་ཏོ།། དེ་ནས་བདུད་ཀྱིས་སྐྱེས་བུ་ཆེན་པོ་ལ་སྨྲས་པ།། དོན་གྲུབ་ཁྱོད་ཀྱིས་སྦྱིན་པ་གཏང་བའི་དངོས་པོ་ལ་དབང་པོ་སུ་ཡོད་ཅེ ་སྨྲ་སོ།། སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་རེ་ཞིག་སྦྱིན་པ་བྱིན་པའི་དངོས་པོ་ལ་སེམས་དང་བཅས་པ་རྣམས་དབང་པོ་ཡིན་ནོ།། སླར་ཡང་བདག་ལ་གནས་འདི་ན་སེམས་དང་བཅས་པའི་དབང་པོ་སུ ་ཡང་མེད་པས་བདག་ཉིད་ཀྱིས་སྐྱེ་བའི་མཐར་སྦྱིན་པ་གཏང་བ་དེ་སྲིད་གནས་པ་ཐམས་ཅད་སྒྲོལ་གྱི་ལུས་ཀྱི་བདག་ཉིད་ལ་གནས་ནས་སྦྱིན་པ་ཆེན་པོ་བདུན་བརྒྱ་པ་བདུན་བྱིན་པའི་དངོས་པོ ་ལ་སེམས་མེད་པའི་ས་གཞི་ཆེན་པོ་འཐུག་པོ་འདི་དབང་པོ་ཡིན་ནོ་ཞེས་ཆོས་གོས་ཀྱི་ནང་ནས་ཕྱག་གཡས་པ་བ་ཏོན་ཏེ། ཐམས་ཅད་སྒྲོལ་གྱི་བདག་ཉིད་ཀྱི་ལུས་སུ་གནས་ནས ་བདག་གིས་སྦྱིན་པ་བདུན་བརྒྱ་པ་བདུན་བྱིན་པའི་དངོས་པོ་དེ་ལ་ཁྱོད་ཀྱིས་དབང་པོ་ཡིན་ནམ་མ་ཡིན་པ་སྨྲོས་ཤིག་ཅེས་ས་ཆེན་པོ་ལ་མངོན་དུ་ཕྱོགས་པས་ཕྱག་བརྐྱང་བ་ན། ས་ཆེན་པོ ་ས་བདག་ནི་དེའི་ཚེ་དབང་པོ་ཡིན་ནོ་ཞེས་སྒྲ་སྒྲོགས་པར་གྱུར་ནས། སྒྲ་ཆེན་པོ་སྒྲོགས་པ་བརྒྱ་དང་སྟོང་ཕྲག་གཅིག་དང་སྒྲ་ཆེན་པོ་འབུམ་ཕྲག་གཅིག་པོ་རྣམས་ཀྱིས་བདུད་ཀྱི་དམག་གི་སྒྲ ་རྣམས་ཟིལ་གྱིས་མནན་པ་བཞིན་དུ་གྱུར་ཏོ།། དེ་ནས་སྐྱེས་བུ་ཆེན་པོ་དོན་གྲུབ་ཀྱི་སྦྱིན་པ་ཆེན་པོ་འབྱིན་པ་ནི་མཆོག་གི་སྦྱིན་པའོ་ཞེས་ཐམས་ཅད་སྒྲོལ་གྱི་སྦྱིན་པ་དྲན་པར་བྱེད་ཅིང་དཔག ་ཚད་ཕྱེད་དང་གཉིས་བརྒྱའི་རིའི་འོག་དཔག་གི་གླང་པོ་ཆེ་དབུས་མོ་ས་ལ་བཙུགས་ནས་འཁོད་དོ།། བདུད་ཀྱི་འཁོར་རྣམས་ཕྱོགས་དང་འཚམས་རྣམ་སུ་བྲོས་ནས་གཉིས་ལམ ་གཅིག་ལ་འགྲོ་བ་མེད་དོ།། མགོ་ཡི་རྒྱན་ཉིད་དང་གྱོན་པའི་གོས་དང་པོར་དོར་ནས་རང་གི་ཕྱོགས་ཕྱོགས་ཉིད་དུ་འབྲོས་སོ།། དེ་ནས་ལྷའི་ཚོགས་རྣམས་ཀྱིས་བདུད་བྲོས་ནས་འགྲོ་བ་མཐོང་སྟེ། བདུད་རྣམས ་ཕམ་པས་དོན་གྲུབ་གཞོན་ནུ་རྒྱལ་བར་གྱུར་ཏོ།། ཞེས་རྒྱལ་བའི་མཆོད་པ་བྱེད་པར་སེམ་སོ།། ཀླུ་ནི་ཀླུ་རྣམས་ལ་བསྐུའོ།། འདབ་བཟང་ནི་འདབ་བཟང་རྣམས་ལའོ།། ལྷ་ནི་ལྷ་རྣམས་ལའོ།། ཚངས་པས ་ནི་ཚངས་པ་རྣམས་ལ་བསྐུའོ།། སྤོས་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་ལག་ཏུ་ཐོགས་ནས་བྱང་ཆུབ་ཤིང་གི་དྲུང་དུ་དཀྱི་ལ་དཀྲུང་གིས་བཞུགས་པའི་སྐྱེས་བུ་ཆེན་པོ་དང་ཉེ་བར་འོང ་སོ།། དེ་ལྟར་བདུད་རྣམས་བྲོས་ནས་སོང་ངོ་།། དཔལ་ལྡནས་ངས་རྒྱས་རྒྱལ་བར་གྱུར།། སྡིག་ཅན་བདུད་ནི་ཕམ་པར་གྱུར།། རབ་དཀར་བྱང་ཆུབ་སྙིང་པོར་སྒྲོགས།། དེ་ཚེ་དྲང་སྲོང་ཀླུ ་ཚོཆོགས་རྒྱལ།། དཔལ་ལྡན་སངས་རྒྱས་རྒྱལ་བར་གྱུར།། སྡིག་ཅན་བདུད་ནི་ཕམ་པར་གྱུར།། རབ་དགའ་བྱང་ཆུབ་སྙིང་པོ་སྒྲོགས།། འདབ་བཟང་ཚོགས་ཀྱི་དྲང་སྲོང་རྒྱལ།། དཔལ་ལྡན་སངས་རྒྱས ་རྒྱལ་བར་འགྱུར། སྡིག་ཅན་བདུད་ནི་ཕམ་པར་གྱུར།། རབ་དགའ་བྱང་ཆུབ་སྙིང་པོར་སྒྲོགས།། སྣ་ཚོགས་དེ་ཚེ་དྲང་སྲོང་རྒྱལ།། དཔལ་ལྡན་སངས་རྒྱས་རྒྱལ་བར་གྱུར།། སྡིག་ཅན་བདུད་ནི་ཕམ ་པར་གྱུར།། རབ་དགའ་བྱང་ཆུབ་སྙིང་པོར་སྒྲོགས།། ཚངས་ཚོགས་དེ་ཆེ་རྒྱལ་བར་སྒྲོགས།། མཐར་སྟོང་ཕྲག་བཅུའི་ཁོར་ཡུག་གི་ལྷ་རྣམས་ཀྱིས་མེ་ཏོག་དང་སྤོས་དང་བྱུག་པ་རྣམས་ཀྱིས་མཆོད ་བར་བྱེད་དོ།། རྣམ་པ་སྣ་ཚོགས་པའི་བསྟོད་པ་བྱེད་ཅིང་འཁོད་དོ།། འདི་ལྟར་སྐྱེས་བུ་ཆེན་པོ་ཉི་མ་མ་ནུབ་པའི་ཚེ་བདུད་རྣམ་པར་བཅོམ་ནས་ཆོས་གོས་ཀྱི་སྟེང་དུ་བྱང་ཆུབ་ཀྱི་ཤིང་གི་འདག། ་མ་མྱུ་གུ་ལྟ་བུ་ལྟུང་ཞིང་བྱི་རུ་དམར་པོས་མཆོད་པར་བྱེད་པ་ལྟ་བུའོ།། ཐུན་དང་པོ་ལ་སྔོན་གྱི་གནས་རྗེསུ་དྲན་པ་ཡེ་ཤེས་ཀྱི་རྟོགས་པ་དང་ཐུན་པར་ལྷའི་སྤྱན་རྣམ་པར་དག་པས། ཡེ་ཤེས ་ཐོབ་པ་དང་། ཐུན་ཐ་མ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡེ་ཤེས་ཐོབ་བོ།། དེ་ནས་རྟེན་འབྲེལ་ཅུ་གཉིས་ཀྱི་རྐྱེན་གྱིས་རྣམ་པར་འཇུག་པ་དང་མི་འཇུག་པའི་ལུགས་ལས་བྱུང་བ་དང་ལུག། ་ལས་བཟློག་པ་དྲན་པར་བྱེད་ཅིང་དྲན་པར་བྱེད་དོ།། སྟོང་ཕྲག་བཅུས་འཇིག་རྟེན་གྱི་ཁམས་ཆུའི་མཐར་ཐུག་པར་བྱས་ནས་ལན་བཅུ་གཉིས་སུ་ཡང་དག་པར་གཡོས་སོ།། སླར་ཡང ་སྐྱེས་བུ་ཆེན་པོས་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་སུ་སྒྲ་ཆེན་པོ་སྒྲོགས་ཤིང་སྐྱ་རེང་ཤར་བའི་དུས་སུཿམས་ཅད་མཁྱེན་པའི་ཡེ་ཤེ་སོ་སོར་མྱོང་ངོ་།། སྟོང་ཕྲག ་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བརྒྱན་བཞིན་དུ་རིགས་པར་གྱུར་ཏོ།། ཤར་ཕྱོགས་ཀྱི་ཁོར་ཡུག་གི་སྟེང་དུ་རྒྱལ་མཚན་དང་བ་དན་བཙུགས་པའི་ཤིམ་བུས་ནུབ་ཀྱི་ཁོར་ཡུག ་གི་སྟེང་དུ་ཆགསོ།། དེ་བཞིན་དུ་ནུབ་ཀྱི་ཕྱོགས་ཀྱི་ཁོར་ཡུག་གི་མཐའི་སྟེང་དུ་རྒྱལ་མཚན་དང་བ་དན་བཙུགས་པའི་ཤམ་བུས་ཤར་གྱི་ཁོར་ཡུག་གི་སྟེང་དུ་ཆགས་སོ།། བྱང་གི་ཕྱོགས ་ཀྱི་འཁོར་ཡུག་གི་སྟེང་དུ་རྒྱལ་མཚན་དང་བ་དན་བཙུགས་པའི་ཤམ་བུ་ལྷོའི་འཁོར་ཡུག་གི་སྟེང་དུ་ཆག་སོ།། ལྷོའི་ཕྱོགས་ཀྱི་འཁོར་ཡུག་གི་སྟེང་དུ་རྒྱལ་མཚན་དང་བ་དན་བཙུགས་པའི ་ཤམ་བུས་བྱང་གི་ཁོར་ཡུག་གི་སྟེང་དུ་ཆག་སོ།། ས་གཞི་ལས་ལངས་པའི་རྒྱལ་མཚན་དང་བ་དན་ཚངས་པའི་གནས་སུ་ཆག་སོ།། ཚངས་པའི་འཇིག་རྟེན་གྱི་གནས ་སུ་བཅིངས་པའི་རྒྱལ་མཚན་དང་བ་དན་ས་བཞིའི་སྟེང་དུ་ཆག་སོ།། སྟོང་ཕྲག་བཅུའི་ཁོར་ཡུག་ལ་མེ་ཏོག་གི་ཤིང་ལ་མེ་ཏོག་ཁ་བྱེའོ།། འབྲས་བུའི་ཤིང་ལ་འབྲས་བུ་མང་པོར་གྱུར་ཏོ།། ་སྡོང་པོ་རྣམས་ལ་སྡོང་པོའི་པདྨའི་མེ་ཏོག་ཁ་བྱེའོ།། ཡལ་ག་རྣམས་ལ་ཡལ་གའི་པདྨའི་མེ་ཏོག་གོ།། འཁྲིལ་ཤིང་རྣམས་ལ་འཁྲིལ་ཤིང་གི་པདྨའི་མེ་ཏོག་གོ།། ན་མཁའ་ནས་ཐུར་དུ་པདྨའི ་མེ་ཏོག་འཆང་ངོ་།། ཐང་དང་རྡོའི་སྟེང་བརྟོལ་ནས་སྟེང་ནས་སྟེང་དུ་བདུན་བདུན་དུ་གྱུར་ཏེ་རྒྱུན་ཆགས་པའི་པདྨའི་མེ་ཏོག་ད་ཞེས་བྱ་བ་ཕྱུང་ངོ་།། སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས། ་ཁྱད་པར་དུ་འཕགས་པའི་མེ་ཏོག་གི་གདན་བཞིན་དུ་གྱུར། ཏོ།། ཁོར་ཡུག་གི་བར་དཔག་ཚད་སྟོང་ཕྲག་བརྒྱད་ཀྱི་འཇིག་རྟེན་གྱི་བར་གྱི་དམྱལ་བ་ཉི་མ་བདུན་གྱི་འོད་ཀྱིས ་ཀྱང་སྣང་བར་བྱེད་པ་མེད་པས་ན་དཀོན་ནོ།། དེ་དང་མཚུངས་པའི་འཇིག་རྟེན་གྱི་བར་གྱི་དམྱལ་བ་པ་དེ་མ་ཐག་ཏུ་སྣང་བར་གྱུར་ཏོ།། དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཙམ་གྱིས་ཟབ་པའི་རྒྱ་མཚོ་ཆེན ་པོའི་ཆུ་དང་པོར་གྱུར་ཏོ།། ཆུ་ཀླུང་རྣམས་ནི་འགྲོ་བ་གནས་སོ།། དམུས་ལོང་རྣམས་ཀྱི་མིགོ་གིས་གཟུགས་མཐོང་ངོ་།། འོན་པ་རྣམས་ཀྱིས་རྣ་བས་སྒྲ་ཐོས་སོ།། གོང་པོ་རྣམས་ཀྱིས་འགྲོ ་ཤེས་པར་གྱུར་ཏོ།། བཅིངས་པའི་སེམས་ཅན་རྣམས་ནི་རྗེས་སུ་བཅིངས་པ་ལས་གྲོལ་བར་གྱུར་ཏོ།། འདི་ལྟར་ཚད་མེད་པའི་དཔལ་དུ་གྱུར་ནས་མཆོད་པ་དང་ཡ་མཚན་པའི་ཆོས་རབ་ཏུ་སྐྱེསོ། ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་སོར་རིག་གོ།། སངས་རྒྱས་ཐམས་ཅད་ཀྱི་བཤད་པ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། སྐྱེ་བོའི་འཁོར་བ་མ་ལུས་པ།། དུག་མེད་རྣམ་པར་དུག་མེད་ཚོལ།། ཁྱིམ ་མེད་པ་ནི་ཚོལ་བ་ན།། སྐྱེ་བའི་སྡུག་བསྔལ་ཡང་ཡང་དང་།། ཁྱིམ་མེད་པ་ནི་མཐོང་བར་གྱུར།། སླར་ཡང་ཁྱིམ་ནི་བྱེད་པ་མེད།། དེ་ཡི་སྡུག་བསྔལ་ཐམས་ཅད་བཅོམ།། དུག་གི་མིང་ཅན་ཁྱིམ་གྱིས ་ཐུང་སེམས་ནི་འདུ་བྱེད་པ་ལ་ས་གྲོལ།། སྲེད་བཟང་ནས་མེད་པར་གྱུར་ཅེས་པ་འདི་ནི་དགའ་ལྡན་གྱི་ཕོ་བྲང་དུ་གནས་པ་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་འདིར་ཐམས་ཅད་མཁྱེན་པ་ཐོབ་པ ་དེ་རྣམས་ཀྱི་གནས་ནི་གླེང་གཞི་བར་མ་ཞེས་བྱ་བ་ཡིན་ནོ།། ། གཞན་ཡང་ཉེ་བའི་གླེང་གཞི་ནོ།། བཅོམ་ལྡན་འདས་མཉན་ཡོང་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ ་ར་བའི་གནས་སུ་བཞུགས་པ་དང་།། ཡངས་པ་ཅན་གྱི་ནག་ས་ཚལ་ཆེན་པོ་ཁང་པ་བརྩེགས་པའི་གནས་སུ་བཅུ་གས་སོ།། དེ་ལྟར་དེ་དང་དེའི་གནས་སུ་བཞུགས་ཤིང་དེ ་དང་དེའི་གནས་ཉིད་ཐོབ་ཅེས་བརྗོད་དོ།། གང་ཅི་ཡང་འདི་ལྟར་བརྗོད་པ་དེ་ནས་ཡང་དེ་དང་པོ་ནས་བཟུང་ནས་འདི་ལྟར་རིག་པར་བྱའོ།། བཅོམ་ལྡན་འདས་བཞུགས་ནས་ཆེད་དུ་བརྗོད་ཅིང་ཆེད ་དུ་བརྗོད་པ་དེ་ལྟ་བུའི་སེམས་སྐྱེས་སོ།། བདག་གིས་བསྐལ་པ་གྲངས་མེད་པ་བཞི་དང་འབུམ་ཕྲག་གཅིག་ལྷག་པ་ནས་དཀྱིལ་དཀྲུང་བཅས་པ་འདིའི་ཆེད་དུ་དུས་འདི་རྣམས་ལ་བདག་གི་མགོ། ་རྒྱན་གྱིས་བརྒྱན་པའི་མགྲིན་པ་ནས་བྲེགས་ཏེ་སྦྱིན་པར་བཏང་བ་དང་། སྤྱན་བཟང་པོ་བཏང་བ་དང་། སྙིང་གི་ཤ་བྲེགས་ནས་བཏང་བ་དང་གཞོན་ནུ་དྲ་བ་འཛིན་དང་འདྲ་བའི་བུ་སྦྱིན་པར་བཏང་བ་དང ་ཀྲྀཥྚི་ཛི་ནའི་གཞོན་ནུ་མ་དང་མཚུངས་པའི་བུ་མོ་སྦྱིན་པར་བཏང་བ་དང་ལྷ་མོ་མ་ཏྲི་དང་མཚུངས་པའི་ཆུང་མ་རྣམས་གཞན་གྱི་བྲན་གྱི་ཕྱིར་སྦྱིན་པར་བཏང་ངོ་།། འདི་ནི ་བདག་གི་འདུག་སྟངས་ཡིན་ནོ།། རྒྱལ་བའི་འདུག་སྟངས་ཡིན་ནོ།། མཆོག་གི་འདུག་སྟངས་ཡིན་ནོ།། འདི་ལ་བདག་བཞུགས་ནས་བསམས་པ་ཐམས་ཅད་ཡོངས་སུ་རྫོག་སོ།། རེ་ཞིག་གཏན ་འདི་ལས་བདག་མི་ལྡང་ངོ་སྙམ་དུ་བསམས་ནས། བྱེ་བ་འབུམ་ཕྲག་དུ་མ་ལ་སྙོམས་པར་ཞུགས་ནས་མཉམ་པར་གནས་ཏེ་ཞག་བདུན་དུ་དེ་ཉིད་དུ་བཞུག་སོ།། དེའི་ཕྱིར་སངས་རྒྱས་ཞེས ་བརྗོད་དོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞག་པ་དུན་དུ་འདུག་སྟངས་གཅིག་གིས་བཞུགས་སོ།། རྣམ་པར་གྲོལ་བ་དང་བདེ་བ་སོ་སོར་རིག་ཅིང་བཞུགས་སོ།། ་གཞན་ཡང་ལྷ་གང་དང་གང་ཞིག་ད་དུང་ཡང་ངེས་པར། དོན་གྲུབ་ལ་བྱ་བ་ཡོད་དམ་འདུག་སྟངས་འདི་ལ་ཞེན་པ་མ་སྦྱངས་པ་དང་རྣམ་པར་རྟོག་པ་ཡོངསུ་བསྐྱེད་དོ་ཞེས་བསམ ་ནས་སྟོན་པས་ལྷ་རྣམས་ཀྱི་རྣམ་པར་རྟོག་པ་མཁྱེན་ནས་དེ་རྣམས་ཀྱི་རྣམ་པར་རྟོག་པ་ཉེ་བར་ཞི་བར་བྱ་བའི་ཕྱིར།། སྟེང་གི་ན་མཁའ་ལ་འདུག་ནས་སོ་སོར་ཆོ་འཕྲུལ་བསྟན་ནོ།། ་བྱང་ཆུབ་ཀྱི་སྙིང་པོར་མཛད་པའི་ཆོ་འཕྲུལ་དང་། ཉེ་དུ་དང་འདུས་པའི་དུས་སུ་མཛད་པའི་ཆོ་འཕྲུལ་དང་། ཀློག་པའི་མདོ་དང་འདུས་པར་མཛད་པའི་ཆོ་འཕྲུལ་ཐམས་ཅད་ཨ་སྠ་སྲུམ ་པ་དང་ཨ་སྒྲའི་ཤིང་གི་དྲུང་དུ་མཛད་པའི་སོ་སོའི་ཆོ་འཕྲུལ་དང་མཚུངས་པར་གྱུར་ཏོ།། འདི་ལྟར་སྟོན་པས་འདི་ལྟ་བུའི་ཆོས་འཕྲུལ་མཛད་ནས་ལྷ་རྣམས་ཀྱི་རྣམ་པར་རྟོགས་ཉེ་བར་ཞི་བར་མཛད ་འདུག་སྟངས་ཀྱིས་བྱང་ཤར་གྱི་ཆར་འཁོར་དེ་འདིའི་འདུག་སྟངས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་སོར་རྟོགས་པར་བྱེད་དོ།། བསྐལ་པ་གྲངས་མེད་པ་བནི་དང་འབུམ་ཕྲག་གཅིག་གིས། ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་འབྲས་བུ་ལྷག་པར་རྟོགས་པའི་འདུག་སྟངས་ཀྱིས་མིག་མི་འཛུམ་པར་ལྟ་ཞིང་ཞག་བདུན་དུ་འཁོད་དོ།། དེའི་གནས་སུ་མིག་མི་འཛུམ་པའི ་མཆོད་རྟེན་ཞེས་བྱ་བ་བྱུང་ངོ་།། དེ་ནས་འདུག་སྟངས་ལ་འཁོད་བའི་གནས་ཀྱི་བར་དུ་འཆག་པར་བྱས་ནས་ཤར་དང་ནུབ་དུ་རིན་པོ་ཆེ་ལ་འཆག་ཅིང་འཆག་པས་ཞག་འདུན་དུ་འཁོད་དོ།། གནས ་དེར་རིན་པོ་ཆེ་ལ་འཆག་པའི་མཆོད་རྟེན་ཞེས་བྱ་བ་བྱུང་ངོ་།། གཞན་ཡང་ཞག་བདུན་པ་བཞི་པ་ལ་བྱང་ཆུབ་ཤིང་གི་བྱེད་ཤར་གྱི་ཆར་ལྔ་རྣམས་ཀྱིས་རིན་པོ་ཆེའི་ཁང་སྤྲུལ་ལོ།། དེང ་འདུག་སྟངས་ཀྱིས་བཞུགས་ནས་ཆོས་མངོན་པའི་སྡེ་སྣ་དམ་ལུས་པར་འདི་རྣམས་མཐརའ་ཡས་པའི་ཚུལ་གྱིས་ཀུན། གནས་པར་སེམས་ཤིང་ཞག་འདུན་བཞུགས་སོ།། ཆོས ་མངོན་པ་པ་སླར་ཡང་འདི་སྐད་སྨྲའོ།། རིན་པོ་ཆེའི་ཁང་པ་ཞེས་བྱ་བ་རིན་པོ་ཆེ་ལས་བྱུང་བའི་ཁང་པ་ཡིན་ནོ་ཞེས་ཟེར་རོ།། བསྡུད་པར་བྱེད་པ་པོ་རྣམས་སླར་ཡང་འདི་སྐད་གསུང་སྟེ། རབ་ཏུ ་བྱེད་པ་འདུན་གྱི་ཆོས་མངོན་པར་རྗེས་སུ་དྲན་པར་བྱེད་པའི་རིན་པོ་ཆེའི་ཁང་པ་ཡིན་ཞེས་གསུང་ངོ་།། གང་གི་ཕྱིར་སླར་ཡང་འདིར་ཚིག་གཉིས་གང་འཐད་དོ།། དེའི་ཕྱིར་འདི་གཉིས ་གའང་གཟུང་བར་བྱའོ།། དེ་ནས་སླར་ཡང་གནས་དེ་རིན་པོ་ཆེའི་ཁང་པའི་མཆོད་རྟེན་ཞེས་བྱ་བ་བྱུང་ངོ་།། འདི་ལྟར་བྱང་ཆུབ་ཤིང་དང་། ཉེ་བ་ཉིད་དུ་ནག་བདུན་པ་བཞི་པ་སོང་ནས་ཞག ་བདུན་པ་ལྔ་པ་ལ་བྱང་ཆུབ་ཤིང་གི་དྲུང་ནས་ར་ལུག་སྐྱོང་བའི་ཤིང་ནྱ་གྲོ་དྷའི་དང་ཉེ་བར་གཤེགས་ནས་དེར་ཡང་ཆོས་ལ་རྣམ་པར་སེམས་པ་ཉིད་ཀྱིས་རྣམ་པར་གྲོལ ་བ་དང་། བདེ་བས་སོ་སོར་རིག་པར་མཛད་ནས་བཞུགས་སོ།། དེའི་ཚེ་ལྷའི་བུའི་བདུད་དུས་འདི་རྣམས་ཀྱི་ཕྱི་མ་ལ་གྲིབ་མ་བཞིན་དུ་ཕྱོགས་གང་དུའང་མ་སྤང་སོ།། བྱང་ཆུབ་སེམས་དཔའ ་ལ་སྐྱོན་ཅུང་ཟད་ཀྱང་མ་མཐོང་ངོ་།། ད་ནི་ངའི་དབང་དུ་བྱ་བ་ལས་འདས་པས་ཡོད་མི་བདེ་བ་ཐོབ་པར་གྱུར་ཅིང་ལམ་ཆེན་པོར་གནས་ནས་རྣམ་པ་བཅུ་དྲུག་གི་རྒྱུ་མཚན་ལ་སེམས་ཤིང་ས་ལ ་རིམོ་བཅུ་དྲུག་འབྲིའོ།། བདག་གིས་འདི་བཞིན་དུ་སྦྱིན་པ། འི་ཕ་རོལ་ཏུ་ཕྱིན་པ་མ་རྫོགས་པ་དེའི་ཕྱིར་བདག་འདིར། ང་འདྲ་བར་མ་གྱུར་ཏོ་ཞེས་རི་མོ་གཅིག་བྲིས་སོ།། དེ་བཞིན ་དུབདག་འདི་དང་མཚུངས་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ངེས་འབྱུང་གི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ་འདོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བདེན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ལྷག་པར་གནས་པའི་ཕ་རོལ་ཏུ་ཕྱིན་པ་དང་། བྱམས་པའི་ཕ་རོལ་ཏུ་ཕྱིན་པ་དང་། བཏང་སྙོམས་ཀྱི་ཕ་རོལ་ཏུ་ཕྱིན ་པ་རྣམས་མ་རྫོགས་སོ།། དེའི་ཕྱིར་བདག་འདི་དང་མཚུངས་པར་མ་གྱུར་ཏོ་སྙམ་ནས་རི་མོ་བཅུ་བྲིས་སོ།། བདག་འདི་དང་མཚུངས་པའི་ཐུན་མོང་མ་ཡིན་པའི་དབང་པོ་མཆོག་གི་གོང ་མའི་ཡེ་ཤེས་སོ་སོར་རིག་པ་ཉེ་བར་གནས་པར་གྱུར་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་མ་རྫོགས་པ་དེའི་ཕྱིར་བདག་འདི་དང་མཚུངས་པར་མ་གྱུར་ཏོ་སྙམ་ནས་རི་མོ་བཅུ་དྲུག་བྲིས་སོ།། དེ་བཞིན ་། དུ་བདག་འདི་དང་མཚུངས་པའི་མཐུན་མོང་མ་ཡིན་པའི་བསམས་པའི་བག་ལ་ཉལ་དང་ཡེ་ཤེས་ཀྱི་ཐུགས་རྗེ་ཆེན་པོ་དང་། སྙོམས་པར་འཇུག་པའི་ཡེ་ཤེས་དང་། སོ་སོར་ཆོ་འཕྲུལ་གྱི་ཡེ་ཤེས ་དང་སྒྲིབ་པ་མེད་པའི་ཡེ་ཤེས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་སོར་གནས་པ་ཉེ་བར་གནས་པར་གྱུར་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་མ་རྫོགས་པ་དེའི་ཕྱིར་བདག་འདི་དང་མཆུད ་པར་མ་གྱུར་ཏོ་སྙམ་ནས་རི་མོ་བཅུ་དྲུག་བྲིས་སོ།། འདི་ལྟར་འདིའི་རྒྱུ་མཚན་སེམས་ཤིང་ལམ་ཆེན་པོར་རི་མོ་བཅུ་དྲུག་བྲིས་ནས་གནསོ།། དེའི་ཚེ་སྲེད་མ་དང་། ཀུན་ཏུ་དགའ་མ་དང་། ་དགའ་མ་སྟེ་གསུམ་པོ་ནི་བདུད་ཀྱི་བུ་མོ་བདག་ཅག་གི་ཕ་ནི་མི་མཐོང་བར་གྱུར་པས་དེ་མ་ཐག་པར་ག་ན་ཡོད་དམ་ཞེས་པལྟ་ཞིང་རྒྱུ་བ་ན་དེ་ཡིད་མི་བདེ་བ་ཐོབ་པར་གྱུར་ཏེ།། ས་ལ ་རི་མོ་བྱེད་པ་མཐོང་ནས་ཕ་དང་ཉེ་བར་སོང་སྟེ་ཕ་གང་གི་ཕྱི་ར་སྡུག་བསྔལ་ཞིང་ཡིད་མི་བདེ་བར་བྱེད་ཞེས་དྲིས་སོ།། ། བུ་མི་དགེ་སྦྱོང་ཆེན་པོ་འདི་བདག་གི་དབང་དུ་བྱེད་པ ་ལས་འདས་སོ་ཞེས་འདི་རྣམས་ཀྱི་དུས་སུ་བལྟས་པས་སྐྱོན་ཅུང་ཟད་ཀྱང་མ་མཐོང་ངོ་།། དེའི་ཕྱིར་བདག་སྡུག་བསྔལ་ཞིང་ཡིད་མི་བདེ་བ་སྐྱེ་སོ།། འདི་ལྟར་གྱུར་ན་དེ་ལྟར་མ་བསམ ་གླཅིག་བདག་ཅག་གསུམ་གྱིས་དེ་དབང་དུ་བྱས་ནས་ཁྲིད་ལ་འོང་ངོ་།། སྨྲས་པ། བུ་མོས་མི་ནུས་ཏེ་སུས་ཀྱང་དབང་དུ་བྱ་བར་མི་ནུས་པས་སྐྱེས་བུ་འདི་ནི་མི་གཡོ་བའི་དད་པ་ལ ་གནས་སོ།། སྨྲས་པ། ཕ་བདག་ཅག་བུད་མེད་ཡིན་པས་ད་ལྟ་ཉིད་དུ་དེ་ལ་འདོད་ཆགས་ཀྱི་ཞགས་པས་བཅིངས་ཏེ་ཁྲིད་ལ་འོང་ངོ་།། ཁྱེད་མ་སེམས་ཅིག། དེ་ནས་བུད་མེད་དེ་རྣམས ་བཅོམ་ལྡན་འདས་དང་ཉེ་བར་སོང་སྟེ་དགེ་སྦྱོང་ཁྱེད་ཀྱི་ཞབས་ལ་བསྙེན་བཀུར་བདག་ཅག་གིས་བགྱིའོ།། ཞེས་སྨྲསོ།། བཅོམ་ལྡན་འདས་ཉིད་ཀྱིས་དེ་རྣམས ་ཀྱི་ཚིག་ལ་ཐུགས་མ་བཏད་དོ།། སྤྱན་རྣམ་པར་གྲོལ་བ་ཡང་མ་གཟིག་སོ།། ཇི་ལྟར་དེ་བླ་ན་མེད་པའི་ཉེ་བར་སྐྱེ་བ་ཟད་པ་རྣམ་པར་གྲོལ་བའི་བསམ་པས་དབེན་པའི་བདེ་བ་ཉིད་ལ་ཉམ ་སུ་མྱོང་བར་མཛད་ཅིང་བཞུགས་སོ།། གཞན་ཡང་བདུད་ཀྱི་བུ་མོ་བསམ་པ་མང་ཞིང་སྐྱེས་བུ་དང་མཚུངས་པའི་སེམས་སོ།། གང་དང་གང་གཞོན་ནུ་ལ་དགའ་བར་འགྱུར་རོ།། ་གང་དང་གང་ཞིག་ན་ཚོད་དང་པོར་གྱུར་པ་ལ་དགའ་བ་དང་། གང་དང་གང་ཞིག་ན་ཚོད་པར་མ་གྱུར་པ་ལ་དགའ་བ་དང་། གང་དང་གང་ཞིག་ན་ཚོད་ཕྱི་མར་གྱུར་པ་ལ་དགའ་བའོ།། ་བདག་གིས་དེ་ལྟ་བུའི་རྣམ་པ་སྣ་ཚོགས་པའི་འོད་ལ་ཆགས་པར་བགྱིའོ་ཞེས་སྨྲས་ནས། བུ་མོ་རེ་རེས་གཞོན་ནུའི་མའི་གཟུགས་ལ་སོགས་པའི་བརྒྱ་ཕྲག་བརྒྱ ་ཕྲག་གིས་བདག་ཉིད་ཀྱི་ལུས་སྤྲུལ་ལོ།། གཞོན་ནུ་མའི་གཟུགས་དང་ལང་འཚོ་མའི་གཟུགས་དང་། དང་པོ་བུ་དང་བུ་མོ་ལན་གཅིག་སྐྱེས་པའི་གཟུགས་དང་། བར་མའི་བུད ་མེད་ཀྱི་གཟུགས་དང་། ལུས་རགས་མོར་གྱུར་ནས་ལན་དྲུག་ཏུ་བཅོམ་ལྡན་འདས་དང་ཉེ་བར་སོང་ནས། དགེ་སྦྱོང་ཁྱོད་ཀྱི་ཞབས་ལ་བདག་ཅག་གིས་བསྙེན་བཀུར་བགྱིའོ་ཞེས ་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་ཚིག་ལ་ཡང་ཐུགས་མ་གཏད་དོ།། ཇི་ལྟར་དེ་བླ་ན་མེད་པའི་ཉེ་བར་སྐྱེ་བ་རྣམ་པར་གྲོལ་ལོ།། གཞན་ཡང་སློབ་དཔོན་གང་ཞིག་འདི ་སྐད་སྨྲའོ།། དེ་རྫུ་འཕྲུལ་དང་ལྡན་པས་བུད་མེད་འོངས་པ་ལ་ལྟ་ཞིང་བཅོམ་ལྡན་འདས་འདི་ལྟ་བུའི་གཟུགས་ཀྱིས་འདི་རྣམས་སོ་བྱི་བ་དང་། སྐྲ་དཀར་པོར་གྱུར་པར་བྱིན་གྱིས་བརླབ་སོ།། ་ཞེས་ཟེར་རོ།། དེའི་ཚིག་གཟུང་བར་མི་བྱའོ།། སྟོན་པས་འདི་ལྟ་བུ་གཟུགསུ་བྱིན་གྱི་བརླབས་པ་མཛད་དོ།། གཞན་ཡང་བཅོམ་ལྡན་འདས་ཀྱིས་ཅི་མཐོང་འདི་ལྟ་བུའི་འབད་པ་བྱེད ་པ་ད་སོང་གཅིག། འདི་ལྟ་བུའི་ཚུལ་གྱིས་འདོད་ཆགས་དང་མ་བྲལ་བ་ལ་སོགས་པའི་མདུན་དུ་བྱ་བར་རིག་སོ།། དེ་བཞིན་གཤེགས་པས་སླར་ཡང་འདོད་ཆགས་སྤངས་ཤིང་ཉེས ་པ་སྤངས་པ་དང་གཏི་མུག་སྤངས་པས་རང་གི་འདོད། ཆགས་སྤངས་པའི་ཕྱིར་རོ།། གང་ཞིག་རྒྱུལ་བ་དེ་ལ་རྒྱལ་མི་ནུས།། གང་ཞིག་འཇིག་རྟེན་འདིར་ནི་རྒྱལ་མི་འགྱུར ་མཐའ་ཡས་སངས་རྒྱས་སྤྱོད་ཡུལ་དེ་མི་གནས།། རྐང་མེད་ཀྱིས་ནི་རྐང་ཡོད་ལ་མི་ནུས།། གང་གི་སྲེད་པའི་དྲི་བཏོན་གྱུར་ནས།། དེ་ལ་སྲེད་པ་རྣམས་ནི་ཅུང་ཟད་མེད།། མཐའ ་སངས་རྒྱས་སྤྱོད་ཡུལ་དེ་ཉིད་ལ།། རྐང་མེད་དེ་ཡིས་རྐང་ཡོད་ལ་མི་ནུས།། འདིར་ནི་སངས་རྒྱས་ཀྱི་ཆོས་མཆོག་གི་སྡེ་ལས་ཚིག་སུ་བཅད་པ་གཉིས་གསུངས་ནས་ཆོས་སྟོན་ཏོ།། བུ་མོ་རྣམས་ལ་བ་ཟེར ་བ་ཡང་བདེན་པ་ཡིན་ནོ།། དགྲ་བཅོམ་པ་བདེ་བར་གཤེགས་པ་འཇིག་རྟེན་ན་མིའི་མཆོག་ཡིན་ནོ་ཞེས་སྨྲས་ནས་ལྷ་དང་ཉེ་བར་སོང་ངོ་།། བཅོམ་ལྡན་འདས་ཀྱིས་ཀྱང་འདིར་ཞག་བདུན་བཞུགས་ནས་གཏང ་ཟུང་གི་གནསུ་གཤེག་སོ།། དེར་ཞག་བདུན་དུ་སྐུ་ལ་ཡུལ་ངན་དང་གྲང་བ་ཞི་བར་བྱ་བའི་ཕྱིར་ཀླུའི་རྒྱལ་པོ་བཏང་ཟུང་ཞེས་བྱ་བ་ལུས་ཀྱི་ལན་བདུན་དུ་དཀྲིས་ནས། གདེང་ག་བྱས།། དྲིའི་གཙང་ཁང་ཤིན་ཏུ ་ཡངས་པར་བཞུགས་པ་བཞིན་རྣམ་པར་གྲོལ་བ་དང་བདེ་བ་སོ་སོར་རིགས་པར་བྱེད་ཅིང་ཞག་བདུན་དུ་བཞུགས་ནས་ཤིང་རཱ་ཛ་ཡ་ཏ་ན་དང་ཉེ་བར་གཤེགསོ།། དེར་ཡང་རྣམ་པར ་གྲོལ་བ་དང་བདེ་བ་སོ་སོར་རིག་པར་བྱེད་པ་ཉིད་ཀྱིས་བཞུག་སོ།། དེ་རྣམས་ཀྱིས་རེ་ཞིག་ཞག་བདུན་ཕྲག་འདུན་ཡོང་སུ་རྫོགསོ།། དེ་རྣམས་ཀྱི་བར་དུ་ཞལ་ཤོལ་བ་མེད་པར་དང་། སྐུལ་བྱི་དོར་བྱེད་པ་མེད་པ་དང ་ཞལ་ཟས་གསོལ་བ་མེད་པར་གྱུར་ཏོ།། བསམ་གཏན་གྱི་བདེ་བ་དང་། ལམ་གྱི་བདེ་བ་དང་། འབྲས་བུའི་བདེ་བ་ཉིད་ཀྱིས་ཉིན་མཚན་འདའོ།། དེ་ནས་དེའི་བདུན་ཕྲག་བདུན་གྱི་མཐར་གཅིག་གིས ་དམན་པའི་ལྔ་བཅུའི་མཐའི་ཉི་མ་ལ་དེར་བཞུགས་ནས། ཤལ་ཤོལ་བའི་ཐུགས་སྐྱེསོ།། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཨཱ་ད་རུང་མཆོག་བླངས་ནས་ཕུལ་ལོ།། སྟོན་པས་དེ་གསོལ་བས་སྐུ ་ངས་པར་གྱུར་ཏོ།། དེ་ནས་བརྒྱ་བྱིན་ཉིད་ཀྱིས་སོ་རྩེའི་ཤིང་ཉིད་ཀྱི་སོ་ཤིང་དང་། ཞལ་ཤོལ་བའི་ཆུ་ཕུལ་ལོ།། སྟོན་པ་ས་སོ་ཤིང་བླངས་ན་སོ་ཐུང་མཚོ་ཆེན་པོ་མ་དྲོས་པའི་ཆུས་ཞལ ་བ་ཤལ།། དེ་ཉིད་དུ་ཤིང་རཱ་ཛ་ཡ་ཏ་ནའི་དྲུང་དུ་བཞུག་སོ།། དེའི་ཚི་ག་གོན་དང་བཟང་པོ་ཞེས་བྱ་བའི་ཚོང་དཔོན་གཉིས་ཤིང་རྟ་ལྔ་བརྒྱ་དང་བཅས་པ་ལྷོ་ཕྱོགས་ཀྱི་ལྗོངས་ནས་ཡུལ་དབུས་སུ་འགྲོ ་བན་ར་ཉིད་ཀྱི་སྔར་གྱི་གཉེར། ལྟར་གྱུར་པས་ཤིང་རྟ་ཐམས་ཅད་བྱིང་ནས་འགྲོ་བར་མི་ནུས་པར་བྱིན་གྱིས་བརླབས་པས་སྟོན་པ་ལ་ཁ་ཟས་སྟེར་བའི་ཕྱིར་སྤྲོ་བ་སྐྱེསོ།། སྦྲང་བསྲུབས་པའི་འཁོར་བའི ་གོང་འུ་བླངས་ནས། བཙུན་པ་བཅོམ་ལྡན་འདས་བཟའ་བ་འདི་ཐུགས་རྗེ་ཆེན་པོ་སྐྱེད་ལ་སོ་སོར་བཞིས་པར་ཞུ་ཞེས་སྟོན་པའི་དྲུང་དུ་ཉེ་བར་འཁོད་དོ།། བཅོམ་ལྡན་འདས་འཐུག་བཞེས་པའི་ཉིད ་། མོ་ཉིད་བྱུང་བཟེད་མི་སྣང་བར་བྱོར་དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་ཕྱག་གིས་ལེན་ནམ་འོན་ཀྱང་ལྷུང་བཟེད་ཀྱིས་སྨྲང་ཞེས་བསམ་སོ།། དེ་ནས་སེམས་ཀྱིས་ཤེས་ནས། ཕྱོགས་བཞིའི་རྒྱལ ་པོ་ཆེན་པོ་བཞི་པོ་རྣམས། ཀྱིས་ནོར་བུ་ཨནྡིན་ལའི་ལྷུང་བཟེད་བླངས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་།། སླར་ཡང་སྲན་མ་མུདའི་ཁ་དོག་ཅན་གྱི་རྡོ་ལས་བྱུང་བའི་ལྷུང་བཟེད ་བ་ནི་ཕུ་ལོ།། བཅོམ་ལྡན་འདས་ཀྱི་ལྷའི་བུ་བཞི་པོ་རྣམས་ལ་རྗེསུ་བརྩེ་བས་ལྷུང་བཟེད་བཞི་པོ་བཞེས་སྟེ་སྟེང་ནས་སྟེང་དུ་བརྩེགས་ནས་བཞག་ཏེ་གཅིག་ཏུ་འགྱུར་བར་བྱིན་གྱིས་བརླབས།། ་བཞི་པོ་ཡང་ལྟ་བའི་ཕྱིར་དུ་ཁ་ལ་རི་མོ་བཞིར་གྱུར་ཏེ། ལྷུང་བཟེད་འབྲིང་པོའི་ཚད་ཅིག་ཏུ་གྱུར་ཏོ།། བཅོམ་ལྡན་འདས་ལ་དེའི་སོ་སོར་ཕུལ་བ་རིན་ཐང་མེད་པའི་རྡོ་ལས་བྱུང་བའི་ལྷུང ་བཟེད་དུ་བཟའ་བའི་ཕྱིར་དུ་བཞེས་ནས་ཡོངསུ་ལོ།། ངས་སྤྱད་ནས་རྗེས་སུ་ཡི་རང་བར་མཛད་དོ།། ཚོང་དཔོན་སྤུ། ན་གཉིས་སངས་རྒྱས་དང་ཆོས་ལ་སྐྱབསུ་འགྲོ་ཞིང་ཚིགས ་གཉིས་པའི་དགེ་བསྙེན་དུ་གྱུར་ཏོ།། དེ་ནས་དེ་རྣམས་ཀྱིས་བཙུན་པས་མཆོད་པར་བྱ་བར་རིགས་པའི་དངོས་པོ་གཅིག་གི་བསླང་ཞེས་ཞུསོ།། དེ་ནས་ཕྱག་གཡས་པ་རང་གི་མགོ་ལ་བྱུག ་ནས་སྐུའི་གདུང་གནང་ངོ་།། དེ་དག་གིས་རང་གི་གྲོང་ཁྱེར་དུ་བྱེད་སོང་ནས་མཆོད་རྟེན་བཞེང་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་དེ་ནས་བཞེངས་ནས་སླར་ཡང་ར་ལུག་སྐྱོང་། ་པའི་ཤིང་ནྱ་ཀློ་དྷ་ཉིད་དུ་གཤེགས་ནས་ཤིང་ནྱ་གྲོ་དྷའི་དྲུང་དུ་པོ་ཞུག་སོ།། དེ་ནས་དེ་ཉིད་དུ་བཞུགས་ཙམ་ཉིད་ན་རང་གིས་ལྷག་པར་རྟོགས་པའི་ཟབ་མོའི་ཆོས་སོ་སོར་བསམ་ཞིང་སངས་རྒྱས ་རྣམས་ཀྱིས་ལྷག་པར་རྟོགས་པ་འདི་ནི་ཆོས་སོ།། གཞན་གྱིས་ཆོས་སྟོན་པར་མི་ནུས་པར་བསམས་ནས་རབ་ཏུ་འཇུག་པའི་རྣམ་པའི་རྣམ་པར་རྟོག་པ་སྐྱེས་སོ།། དེ་ནས་མི ་འབྱེད་ཀྱི་བདག་པོ་ཚངས་པ་འཇིག་རྟེན་ཉམས་པར་འགྱུར་བའི་ཕྱིར་རོ་ཞེས་བསམས་ནས།། སྟོང་ཕྲག་བཅུའི་ཁོར་ཡུག་གི་བརྒྱ་བྱིན་དང་། མཐའ་བྲལ་བཟང་པོ་དང་། དགའ་ལྡན་དང་། འཕྲུལ ་དགར་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་པ་ཆེན་པོ་རྣམས་ཁྲིད་ནས་སྟོན་པའི་དྲུང་དུ་ཕྱིན་ནས།། བཙུན་པ་བཅོམ་ལྡན་འདས་ཆོས་སྟན་ཏུ་གསོལ།། དང་པོའི་ཚུལ་གྱིས་ཆོས་སྙན ་དུ་གསོལ་ཞེས་ཞུས་སོ།། སྟོན་པས་དེ་རྣམས་ལ་གནང་བ་བྱིན་ནོ།། གང་ཞིག་ལ་བདག་གིས་དང་པོར་ཆོས་བསྟན་པར་བྱའོ།། ཞེས་དགོངས་ཤིང་མཁས་པ་ཀུན་ལེན་དེའི་ཆོས་འདི་མྱུར་དུ ་ཤེས་པར་འགྱུར་བའི་ཐུགས་སྐྱེསོ།། སླར་ཡང་གཟིགས་ཏེ། དེ་དུས་ལས་འདས་ནས་ཞག་བདུན་ལོན་པར་རྟོག་སོ།། འཆ། བྱེད་ལ་བརྟགས་པས་དེ་ཡང་དུས་ལ་འདས་པར་མཁྱེན།། ་དགེ་སློང་ལྔ་སྔས་བདག་ལ་བསྙེན་བཀུར་མང་པོ་བྱས་པས། ལྔ་སྡེའི་ཆེད་དུ་བསམས་ནས་དེ་རྣམས་གང་ན་གནས་པ་མི་ན་ཞེས་བརྟག་སོ།། གྲོང་ཁྱེར་བཱ་ར་ཎ་སིའི་རི་དགས་རྒྱུ་བའི ་ནགས་ཚལ་ནི་ཡོད་པར་མཁྱེན་ནོ།། དེར་གཤེགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་དགོངས་ནས་ཞག་འགའ་ཞིག་དུ་བྱང་ཆུབ་ཀྱི་སྙིང་པོ་ཀུན་ཏུ་ཉེ་བ་ཉིད་དུ་བསོད་སྙོམས་མཛད་ཅིང་བཞུན། ་ནས་དབྱར་ཟླ་འབྲིང་པོའི་ཉེལ་གྲོང་ཁྱེར་བཱ་ར་ན་ས་གཤེགས་པར་དགོངས་ནས་ཚེས་བཅུ་བཞིའི་མཚན་གྱི་མཐའ་ནམ་ལངས་པ་ན་ཤིན་ཏུ་སྔ་བ་ཉིད་དུ་ལྷུང་བཟེད་དང་རྣམ་སྦྱར་བསྣམས ་ནས་དཔག་ཚད་བཅཝོ་བརྒྱད་ཡོད་པའི་ལམ་ལ་གཤེགས་ཤིང་ལམ་གྱི་བར་དུ་ཉེ་བར་གནས་པ་ཞེས་བྱ་བའི་འཚོ་བྱེད་གཅིག་གཟིགསོ།། དེ་ལ་རང་གི་སངས་རྒྱས་སུ་གྱུར་པ་བཤད་དོ།། ་ཉི་མ་དེ་ཉིད་ལ་སྲོང་ཀྱི་དུས་སུ་དྲང་སྲོང་ལྷུང་བའི་གནས་སུ་གཤེགས་སོ།། གནས་བརྟན་ལྔ་སྡེས་དེ་བཞིན་གཤེགས་པ་བྱོན་པ་རིང་པོ་ཉིད་ནས་མཐོང་ཏེ། དགེ་སྦྱོང་གིའུ་ཏ་མ་འདི་བཟའ་བ ་མང་པོའི་ཕྱིར་ལུས་ཡོངསུ་རྫོགས་པར་གྱུར།། དབང་པོ་ཡོངས་སུ་རྫོགས་པར་གྱུར།། གསེར་གྱི་ཁ་དོག་ཏུ་གྱུར་ནས་འོང་གིས།། འདི་ལ་ཕྱག་ལ་སོགས་པ་མི་བྱའོ།། འདི་རིགས་ཆེན་པོར་སྐྱེས ་པ་ཙམ་ཡིན་པས་གདན་ཤོམ་པ་ཙམ་འོས་སོ།། དེའི་ཕྱིར་གདན་ཙམ་རིགས་སོ་ཞེས་གཏམ་བྱེད་དོ།། བཅོ་མ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་རྣམས ་ཀྱི་སེམས་དང་སྤྱོད་པ་ཤེས་པར་ནུས་པའི་ཡེ་ཤེས་ཡོད་དོ།། དེ་ཡང་འདི་རྣམས་ཇི་ལྟར་སེམས་པ་ཡིན་ཞེས་བསམས་ནས་སེམས་ཤེས་པ་ཡིན་ནོ།། དེ་ནས་ལྷ་དང་མི་ཐམས ་ཅད་ལ་མཐོང་བ་མེད་པའི་དབང་གིས་ཐམས་ཅད་དུ་ཁྱད་པར་ནུས་པའི་བྱམས་པའི་སེམས་ཡང་དག་པར་བསྡུས་ནས།། མ་མཐོང་བའི་དབང་གིས་བྱམས་པའི་སེམས་ཀྱིས་ཁྱབ ་བར་བཅོམ་ལྡན་འདས་ཀྱིས་བསྒོམས་ནས་དེ་བཞིན་གཤེགས་པ་ཉེ་བར་གཤེགས་ཤིང་གཤེགས་པ་ན།། སྔར་གྱི་བཅའ་ཁྲིམས་རྣམས་གནས་པར་མི་ནུས་པས་ཕྱག་ཕུལ ་ཞིང་བསྲུང་བ་དང་བསྙེན་བཀུར་ཐམས་ཅད་བྱསོ།། གཞན་ཡང་དགེ་སློང་དེ་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་གྲུབ་པ་མི་ཤེས་པའི་ཕྱིར་མིང་བརྗོད་པ་ན་ཚེ་དང་ལྡན་པ ་ཞེས་སྨྲ་བ་ཐ་མལ་པའི་ཚིག་བརྗོད་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བཅོམ་ལྡན་འདས་དང་དེ་བཞིན་གཤེགས་པའི་མིང་དང་ཚེ་དང་ལྡན ་བ་ཞེས་ཐ་མལ་པའི་ཚིག་བརྗོད་པར་མི་རུང་ངོ་།། དགེ་སློང་དག་ད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བདག་ཉིད་སངས་རྒྱས་གྲུབ ་བར་བྱེད་པ་དང་། གདན་བཤམས་པ་མཆོག་ལ་སངས་རྒྱས་བཞུགས་ཏེ།། རྒྱུ་སྐར་བྲེ་མཆོག་གསུམ་འཛེམ་པ་ལ་བྱེ་བ་ཕྲག་བཅོ་བརྒྱད་ཀྱི་ཚངས་པའི་འཁོར་གྱིས་བསྐོར་ནས ་གནས་བརྟན་ལྔ་སྡེ་བོས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོའི་མཐར་བཤད་དོ།། དེ་རྣམས་ལ་གནས་བརྟན་ཀུན་ཤེས་ཀཽ་ཌི་ནྱ་བཤད་པའི་རྗེས་སུ་འབྲངས་ནས་ཡེ་ཤེས་ཐོབ་པ ་མདོའི་མཐར་བྱེ་བ་ཕྲག་བཅཝོ་བརྒྱད་ཀྱི་ཚངས་པ་རྣམས་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ།། སྟོན་པས། དེ་ཉིད་དུ་དབྱར་བཞུག་སོ།། སླར་ཡང་ཉི་མ་གཉིས་པ་ལ། ་གནས་བརྟན་བརླངས་པ་ལ་ཆོས་སྦྱིན་ནོ་ཞེས་བཙུག་ལ་ག་ཁང་དུ་བཞུགས་སོ།། ལྷག་མ་བཞི་པོ་བསོད་སྙོམས་ལ་སོང་ངོ་།། གནས་བརྟན་བརླངས་པས་ཉི་མ་ཕྱེད་ཀྱི་ནང་དུ ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ།། འདི་ལྟ་བུའི་ཐབས་ཉིད་ཀྱིས་སླར་ཡང་ཉི་མ་ཕྱི་མ་ལ་གནས་བརྟན་བཟང་ལྡན་དང་། སླར་ཡང་ཉི་མ་ཕྱི་མ་ལ་གནས་བརྟན་མིང་ཅན་དང་། ་སླར་ཡང་ཉི་མ་ཕྱི་མ་ལ་གནས་བརྟན་རྟ་ཐུལ་རྣམས་དེ་ཐམས་ཅད་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱས་ནས་ཆོས་ཉི་ཤུ་ལ་དགེ་སློང་ལྔ་པོ་འདུས་པ་ལ་བདག་མེད་པའི ་མཚན་ཉིད་ཀྱི་མདོ་སྡེ་བཤད་དོ།། བཤད་པའི་མཐར་གནས་བརྟན་ལྔ་སྡེས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ།། དེ་ནས་སྟོན་པས་རིགས་ཀྱི་བུ་གྲགས་པ་ཉེ་བར་མི་རྟེན་པར་གཟིགས་ནས། ་དེའི་མཚན་མོའི་ཆར་སྡུག་བསྔལ་སེམས་ཀྱི་ཁྱིམ་སྤངས་ནས། འཐོན་པ་ལ་གྲགས་པ་འདིར་ཤོག་ཅེས་བོས་ནས་མཚན་མོ་དེ་ཉིད་ཀྱི་ཆེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་སླར་ཡང་ཉི་མ་གཉིས ་བ་ལ་དགྲ་བཅོམ་པའི་འབྲས་བུ་གྲུབ་པར་བྱེད་དོ།། གཞན་ཡང་སླར་ཡང་གྲོགས་པོ་ལྔ་བཅུ་རྩ་བཞིས་རབ་ཏུ་བྱུང་ཞིང་དགེ་སློང་དུ་གྱུར་ནས་དགྲ་བཅོམ་པར་བྱེད་དོ།། འདི་ལྟར་འཇིག་རྟེན་དུ ་དགྲ་བཅོམ་པ་དྲུག་བཅུ་རྩ་གཅིག་ཏུ་གྱུར་ཏོ།། སྟོན། པས་དབྱར་བཞུགས་ནས་དགག་དབྱེ་བྱས་ཏེ། དགེ་སློང་དྲུག་ཅུ་པོ་རྣམས་ཕྱོགས་ཕྱོག་སུ་གཏང་ནས། རང་ཉིད་སྟེང ་རྒྱས་སུ་གཤེགས་པའི་བར་གྱི་ལམ་ན་རས་བལ་ཅན་གྱི་ཚལ་ནི་དཔག་ཚད་བཅུ་པའོ།། གཞོན་ནུ་བཟང་སྡེ་བརྟུལ་ལོ།། དེ་ནི་མས་ལས་ཐམས་ཅད་ཀྱི་མཐའི་ཕྱི་མ་རྒྱུན་དུ་ཞུགས་པར་གྱུར ་ལང་ཐོག་མ་ནི་ཕྱིར་མི་འོང་དུ་གྱུར་ཏོ།། དེ་རྣམས་ཀྱང་དགེ་སློང་གི་གཟུགས་ཀྱིས་རབ་ཏུ་བྱུང་བ་བགྱིས་ནས་ཕྱོགས་ཕྱོགསུ་བཏང་ཏེ། སྟེང་རྒྱ་སུ་གཤེགས་སོ།། སྟོང་ཕྲག་ཕྱེད་དེང་གསུམ་གྱི་ཆོ་འཕྲུལ ་ལྟ་ཞིང་སྟེང་རྒྱས་འོད་སྲུང་ལ་སོགས་པའི་སྤུན་གསུམ་པོ་དང་རལ་པ་ཅན་སྟོང་ཕྲག་གཅིག་བརྟུལ་བ་དགེ་སློང་གི་གཟུགས་ཀྱིས་རབ་ཏུ་བྱུང་བར་བྱས་ནས་རི་བོ་ག་ཡའི་རྩེ་མོ་ན་སྡོད་པ་རྣམས་ལ ་ཉི་མའི་རྣམ་གྲངས་ཀྱི་མདོ་སྡེ་བསྟན་ནས་དགྲ་བཅོམ་པར་བྱས་ཏེ། དེས་དགྲ་བཅོམ་པ་སྟོང་ཕྲག་རྣམས་འཁོར་དུ་བྱས་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཁས་བླངས་བྱིན་པ་དགྲོལ་བར་བྱ། ་བའི་དགོངས་པས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དང་ཉེ་བའི་ཤིང་དངར་གྱི་ཚལ་དུ་བྱོན་ནོ།། སྐྱེད་མོས་ཚལ་སྐྱོང་པ་རྣམས་ཀྱིས་སྟོན་པ་བྱོན་ནོ་ཞེས་རྒྱལ་པོ་ལ་སྨྲ་སོ།། རྒྱལ་པོས་ཐོས། ་ཏེ་ཁྲི་ཁྲག་བཅུ་གཉིས་ཀྱི་བྲམ་ཟེ་དང་ཁྱིམ་བདག་འཁོར་དུ་བྱས་ནས་སྟོན་པ་དང་ཉེ་བར་སོང་སྟེ་འཁོར་ལོ་སྣ་ཚོགས་པའི་སྟེང་དུ་གསེར་གྱི་བླ་རེས་དང་འདྲ་བའི་འོད་ཟེར་ཕྱོགས་ཕྱོགསུ་འདྲ། ་ཞིང་བཞུགས་པའི་དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་ལེགས་པར་བྱས་ནས་འཁོར་དང་བཅས་པ་ཕྱོགས་གཅིག་ཏུ་འཁོད།། དེ་ནས་ཡང་བྲམ་ཟེ་རྣམས་དང་ཁྱིམ་བདག ་ལ་སོགས་པ་འདི་ལྟ་བུའི་སེམས་སུ་གྱུར་ཏེ། འོན་ཀྱང་དགེ་སྐྱོང་ཆེན་པོས་སྟེང་རྒྱས་འོད་སྲུང་གི་རྗེ་སུ་ཚངས་པ་སྤྲོ་དད་པ་སྤྱད་དམ། ཡང་ན་སྟེང་རྒྱས་འོད་སྲུང་གིས་དགེ་སྦྱོང ་ཆེན་པོའི་རྗེ་སུ་ཚངས་པར་སྤྱོད་པ་སྤྱད་ཅེས་བསམས་མོ།། 6མ་ལྡན་འདས་ཀྱིས་དེ་རྣམས་ཀྱི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས་གནས་བརྟན་ལ་ཚིག་སུ་བཅད་པ་གསུང ་སོ་སྟེང་རྒྱས་གནསུ་གནས་ནས་ཅི་ཞིག་མཐོང་།། སྦྱིན་སྲེག་འདོར་བའི་རྒྱུ་མཚན་ཅི་ཞིག་སྨྲ།། འོད་བསྲུང་འདི་ཡི་དོན་ནི་དྲི་བར་བྱ།། ཁྱོད་ཀྱི་ཇི་ལྟར་སྦྱིན་བསྲེག་སྤོང་བ་ཡིན།། གནས་བརྟན ་གྱིས་ཀྱང་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་ནས།། གཟུགས་དང་སྒྲ་དང་དེ་བཞིན་རོ་དང་དྲི།། བུད་མེད་འདོད་པ་ཡང་ནི་མཆོད་སྦྱིན་སྤྱོད།། འདི་རྣམས་དྲི་མ་ལེགས་པར་རྟོགས་བྱས་ནས།། ་དེ་ཕྱིར་མེ་ཡི་སྦྱིན་བསྲེག་འདི་སྤང་སོ།། ཚིག་སུ་བཅད་པ་འདི་བརྗོད་ནས་རང་ཉིད་ཉན་ཐོས་ཀྱི་འདོད་པ་གསལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་ཞབས་ཀྱི་བོལ་དུ་མགོ་བོས་རེག་ནས ་བདག་སྟོན་པ་བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཡིན་ནོ་ཞེས་སྨྲསོ།། ཤིང་ཏཱ་ལ་གཅིག་དང་ཤིང་ཏཱ་ལ་གཉིས་དང་ཤིང་ཏཱ་ལ་གསུམ་དང་ཇི་སྲིད་དུ་ཤིང་ཏཱ་ལ་འདུན་གྱི་ཚད་ཙམ་དུ་ན་མཁའ་ལ ་འཕགས་ནས་བབས་ཏེ་དེ་བཞིན་གཤེགས་པ་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཆོ་འཕྲུལ་བལྟ་ཞིང་མི་མང་པོ་རྣམས་ཀྱིས་ཨ་མ་ཧོ་སངས་རྒྱས་ཀྱི་མཐུ་ཆེན་པོས་འདི ་ལྟ་བུའི་བལྟ་བ་བསྟན་པས་དགྲ་བཅོམ་པ་ཞེས་བྱ་བ་ལ་སེམས་ཤིང་།། སྟེང་རྒྱས་འོད་བསྲུང་གི་བལྟ་བའི་དྲ་བ་བཅད་དེ་བཞིན་གཤེགས་པས་བརྟུལ་ནས་སྟོན་པའི་ཡོན་ཏན་ཉིད་བརྗོད ་བཅོམ་ལྡན་འདས་ཀྱིས་ཁོ་བོས་འདི་ད་ལྟ་ཁོ་ན་མ་ཡིན་པར་སྟེང་རྒྱས་འོད་བསྲུང་བཅུའོ།། འདས་པ་ཉིད་དུའང་འདི་ངས་བརྟུ་ལོ་ཞེས་བརྗོད་ནས་དོན་འདི་འདས་པ་ན་མི་སྦྱིན་ཆེན་པོ་འོད་བསྲུང ་གི་སྐྱེས་རབ་སུ་བཤད་པའི་བདེན་པ་བཞི་པོ་གསལ་བ། བསྟན་ནོ།། དེའི་མད་ལ་ཡུལ་མ་ག་དྷའི་རྒྱལ་པོ་ལཁོ་ཁྲི་ཕྲག་བཅུ་གཅིག་དང་བཅས་པས་རྒྱུན་དུ་ཞུགས་འ ་འབྲས་བུ་ཐོའོ།། ཁྲི་ཕྲག་གཅིག་དགེ་བསྙེན་དུ་གྱུར་ཏོ།། རྒྱལ་པོ་སྟོན་པ་དང་ཉེ་བ་ཉིད་དུ་འདུག་སྟེ་བསླབ་པའི་གཞི་ལྔ་སོ་སོར་རབ་ཏུ་ཐོས་ནས་སྐྱབསུ་སོང་སྟེ་སང་གི་གདུགས ་ཆོད་ལ་འགྲོན་དུ་གཉེར་ནས། སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས་སེང་ངོ་།། སླར་ཡང་སང་གི་སྔ་དྲོ་ཉིད་བཅོམ་ལྡན་འདས་མཐོང་བ་དང་མ་མཐོང་བ་རྒྱལ་པོའི་ཁབ ་ན་གནས་པ་རྣམས་ཀྱིས་བྱེ་བ་ཕྲག་བཅཝོ་བརྒྱད་ཀྱི་གྲངས་ཀྱི་མི་རྣམས་དེ་བཞིན་གཤེགས་པ་བལྟ་བར་འདོད་པས་སྔ་དྲོ་ཉིད་རྒྱལ་པོའི་ཁབ་ནས་ཤིང་དངར་གྱི་ཚལ་དུ་སོང་སྟེ་རྒྱང ་གྲགས་བཅུ་གཉིས་མི་ཤོང་བར་ཤིང་དངར་གྱི་ཚལ་ཐམས་ཅད་རྒྱུན་མི་མཆད་པར་གྱུར་ཏོ།། མི་ཐམས་ཅད་ཀྱིས་སྟོབས་བཅུ་པའི་གཟུགས་མཆོག་ཐོབ་པར་འདོད་པ ་བདག་ཉིད་ཀྱི་སྐུ་ལ་བལྟ་བས་ཚོམས་པར་མ་ནུསོ།། འདི་ལྟ་བུའི་ས་གཞིའི་ཁ་དོག་ཡིན་ནོ།། འདི་ལྟ་བུའི་གཟུགས་ཀྱི་གནསུ་དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་བཟང་པོ་ལ་སོགས ་པའི་རབ་ཏུ་བྱེད་པ་ཐམས་ཅད་ཀྱང་གཟུགས་ཀྱི་སྐུ་དཔལ་གྱི་བསྔགས་པར་བྱ་བར་འོ་སོ།། འདི་ལྟར་གཟུགས་མཆོག་ཐོབ་པའི་སྟོབས་བཅུ་པའི་སྐུ་ལྟ་བའི་ཕྱིར་མི་མང་པོ་རྒྱུན་མི་མཆོད།། ་སྐྱེད་མོས་འཚལ་དང་། ལམ་དུ་དགེ་སློང་གཅིག་གིས་ཀྱང་ཕྱི་རུ་འཐོན་པའི་སྐྱབས་མེད།། ཉི་མ་དེའི་དུས་ན་བཅོམ་ལྡན་འདས་ཀྱི་གདུགས་ཆོད་ཡོད་པ་ལྟ་བུར་གྱུར་ཏོ།། དེ་མ་ཐག་པར ་བརྒྱ་བྱིན་སྡོང་བའི་སྟན་དྲོ་བའི་རྣམ་པར་མཐོང་སྟེ།། དེས་རྣམ་པར་རྟག་སོ།། དེའི་རྒྱུ་མཚན་ཤེས་ནས་བྲམ། ཟེའི་ཁྱེའུའི་གཟུགསུ་མངོན་པར་སྤྲུལ་ཏེ། སངས་རྒྱས་དང ་ཆོས་དང་དགེ་འདུན་སོ་སོ་ལ་ཇི་ལྟར་རིགས་པའི་བསྟོད་པ་བརྗོད་པར་བྱེད་དོ།། སྟོབས་བཅུ་པའི་སྔུན་དུ་ཆས་ནས་ལྷའི་མཐུས་ཡིས་ལམ་ཐོབ་པར་བྱས།། འདུལ་ཞིང་འདུལ་བའི། ་གྲོགས་སྔོན་བཅས་བྲམ་ཟེ་རྣམ་གྲོལ་རལ་པ་དང་།། སེང་གེའི་གཟུགས་ཀྱིས་འཐོན་ནས་ནི།། བཅོམ་ལྡན་རྒྱལ་པོའི་ཁབ་ནང་བྱོན།། གྲོལ་ཞིང་གྲོལ་བའི་གྲོགས་སྔོན་བཅས།། བྲམ ་ཟེ་རྣམ་གྲོལ་རལ་བ་དང་། སེང་གེའི་གཟུགས་ཀྱིས་འཐོན་ནས་ནི།། བཅོམ་ལྡན་རྒྱལ་པོའི་ཁབ་ནང་བྱོན།། བརྒལ་ཞིང་བརྒལ་བའི་གྲོགས་སྔོན་བཅས།། བྲམ་ཟེ་རྣམ་གྲོལ་རལ་པ་དང་།། སེང་གེའི་གཟུགས། ་ཀྱིས་འཐོན་ནས་ནི།། རྒྱལ་པོའི་ཁབ་ནང་བཅོམ་ལྡན་བྱོན།། བཅུ་པོ་གསུང་བའི་སྟོབས་བཅུ་པ།། ཆོས་བཅུ་ལ་མཁས་བཅུ་ལ་གནས།། སྟོང་ཕྲག་བཅུའི་འཁོར་དང་ལྡན།། བཅོམ་ལྡན་རྒྱལ ་པོའི་ཁབ་ནང་བྱོན།། ཚིག་སུ་བཅད་པ་འདིས་ནི་སྟོན་པ་ལ་བསྔགས་པས་བསྟོད་ཅིང་སྔུན་དུ་འགྲོ་བའི་མི་རྣམས་ཀྱིས་བྲམ་ཟེའི་ཁྱེའུའི་གཟུགས་ཀྱི་དཔལ་མཐོང་ནས་བྲམ་ཟེའི ་ཁྱེའུ་འདི་ཤིན་ཏུ་གཟུགས་བཟང་བའོ།། སླར་ཡང་སྔར་མཐོང་བ་མདོ་ཞེས་བསམས་ནས་བྲམ་ཟེའི་ཁྱེའུ་འདི་གང་ན་གནས་པ་ཡིན།། གང་ཞིག་གི་ཡིན་ཞེས་སྨྲསོ།། དེ་ཐོས་ནས་བྲམ ་ཟེའི་ཁྱེའུས་སྨྲས་པ། གང་ཞིག་བསྟན་ཐམས་ཅད་དུལ།། གང་ཟག་བཟླ་མེད་སངས་རྒྱས་ཏེ།། དགྲ་བཅོམ་བདེ་གཤེགས་འཇིག་རྟེན་དུ།། དེ་ནི་བདག་གི་ཉིད་པར་གནས ་ཚིགསུ་བཅད་པ་བརྗོད་དེ་སྟོན་པས་བརྒྱ་བྱིན་གྱིས་སྐམ་ས་ཕྱེ་བའི་ལས་དུ་དགེ་སློང་སྟོང་ཕྲག་གཅིག་འཁོར་དུ་བྱས་ནས་རྒྱལ་པོའི་ཁབ་ཀྱི་ནང་དུ་གཤེགས་སོ།། རྒྱལ་པོས་སངས ་རྒྱས་ལ་སོགས་པའི་དགེ་འདུན་ལ་སྦྱིན་པ་ཆེན་པོ་ཕུ་ལོ།། བཙུན་པ་བདག་དཀོན་གཆོ་ག་གསུམ་སྤངས་ནས་སྡོད་པར་མི་ནུ་སོ།། དུས་དང་དུས་མ་ཡིན་པར་བཅོམ་ལྡན་འདས་དང་ཉེ་བར ་འོང་བར་འདོད་དོ།། ཤིང་དང་ཅན་གྱི་སྐྱེ་མོས་ཚལ་ཤིན་ཏུ་ཐག་རིང་ངོ་།། སླར་ཡང་བདག་ཅག་གི་འོད་མའི་ཚལ་ཞེས་བྱ་བ་འདི་ཤིན་ཏུ་ཉེ་བས་གཤེགས་པ་དང་། འོང་བ་ཤིན་ཏུ་ཉེ་བས་སངས ་རྒྱས་ལ་འོས་པའི་གནས་ལགས་པས། བཞེས་པར་ཞུ། དེས་གསེར་གྱི་རིལ་བ་སྤྱི་བླུགས་ལ་མེ་ཏོག་གི་དྲིས་བསྒོས་ཏེ། ནོར་བུའི་ཁ་དོག་ཅན་གྱི་ཆུ་བླངས་འོད་མའི་ཚལ་ཡོངསུ་གཏོང་ཞིང་སྟོང ་བཅུ་པའི་ཕྱག་དུ་ཆུ་བསྒྲེངས་ནས་དེར་ཀུན་དགའ་ར་བ་བཞེས་ནས་སངས་རྒྱས་ཀྱི་བསྟན་པའི་གཞི་ཞེས་བརྗོད་ཅིང་ས་གཞི་ཆེན་པོ་གཡོསོ།། འཛམ་བུ་གླིང་གི་ནང་ནས ་འོད་མའི་ཚལ་སྤངས་པའི་ས་གཞི་གཡོས་པ་འདི་བཞེས་ཏེ་སྡེ་གཞན་ནི་མེད་དེ།། སིང་གྷ་གླིང་གི་གཙུག་ལག་ཁང་ཆེན་པོ་སྤངས་ནས་ས་གཞི་གཡོས་པ་འདི་བཞེས་ཏེ། སྡེ་གཞན་ནི་མདོ ་སྟོན་པས་འོད་མའི་ཚལ་གྱི་ཀུན་དགའ་ར་བ་བཞེས་ནས་རྒྱལ་པོ་ལ་རྗེ་སུ་ཡི་རང་བར་མཛད་ཅིང་།། སྟན་ལ་བཞེངས་ཏེ། དགེ་སྦྱོང་གི་དགེ་འདུན་འཁོར་དུ་བྱས་ནས་འོད་མའི་ཚལ་དུ་བྱོན། ་དེའི་ཚེ་དེའི་དུས་ན་ཤཱ་རིའི་བུ་དང་།། མཽཏྤལ་གྱི་བུ་ཀུན་དུ་རྒྱུ་གཉིས་པོ་རྒྱལ་པོའི་ཁབ་ལ་རྟེན་ནས་གནས་ཤིང་།། བདུད་རྩི་ཚོལ་བར་སེམས་སོ།། དེའི་ནང་ནས་ཤཱ་རིའི་བུས་གནས་བརྟན ་རྟཐུལ་བསོད་སྙོམས་ལ་ཞུགས་པ་མཐོང་བས་སེམས་རབ་ཏུ་དངས་པར་གྱུར་ཏེ་བཟའ་བ་བྱིན་ནས་ཆོས་རྣམ་ས་གང་དག་རྒྱུ་ལས་བྱུང་བ་དང་ཞེས་པའི་ཚིགས་བཅད ་ཐོས་པས།། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ།། རང་གི་གྲོགས་པོ་ཀུན་ཏུ་རྒྱུ་མཽངྒ་ལ་ལ་ཡང་ཚིག་སུ་བཅད་པ་དེ་ཉིད་སྨྲསོ།། དེས་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ།། དེ ་གཉིས་ཀྱིས་ཀྱང་རང་ཉིད་རྒྱལ་བ་ལ་བལྟས་ནས་རང་གི་འཁོར་དང་བཅས་པ་སྟོན་པའི་དྲུང་དུ་རབ་ཏུ་བྱུང་།། དེ་རྣམས་ལས་མཽདྒལ་གྱི་བུ་ཆེན་པོ་ཞག་བདུན་ནས་དགྲ་བཅོམ་པ་ཐོབ་བོ།། གནས ་བརྟན་ཤཱ་རིའི་བུས་ཟླ་བ་ཕྱེད་ནས་དགྲ་བཅོམ་པ་ཐོབ་པ་སྟེ། དེ་གཉིས་པོ་ཡང་སྟོན་པའི་ཉན་ཐོས་གི་མཆོག་ཏུ་གནས་པར་གཟུང་།། གནས་བརྟན་ཤཱ་རིའི་བུས་དགྲ་བཅོམ་པ་ཐོབ ་པའི་ཉིན་མོ་ཉིད་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་འདུས་པ་དང་པོར་བྱསོ།། སླར་ཡང་དེ་བཞིན་གཤེགས་པས་འོད་མའི་ཚལ་དེ་ཉིད་དུ་བཞུག་སོ།། དེའི་ཚེ་རྒྱལ་པོ་ཆེན་པོ་ཟས་གཙང ་གིས་བདག་གི་སྲས་ལོ་དྲུག་དུ་དཀའ་བ་བཅད་ནས་མཆོག་གི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་ནས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་དུ་བཞུགས ་སོ་ཞེས་པ་ཐོས་ནས་བློན་པོ་ཕན་ཚུན་རྣམས་འོས་ཏེ་འདིར་ཤོག་ཅིག་སྐྱེས་བུ་སྟོང་ཕྲག་གཅིག་གི་འཁོར་ཁྲིད་དེ། རྒྱལ་པོའི་ཁབ་དུ་སོང་ལ་ངའི་ཚིག་གིས་ཁྱེད་ཀྱི་ཡབ་རྒྱལ་པོ ་ཆེན་པོ་ཟས་གཙང་ཁྱེད་བལྟ་བར་འདོད་ཅེས་བརྗོད་པས་བདག་གི་སྲས་ཁྲིད་ལ་ཤོག་ཅེས་སྨྲ་སོ།། བློན་པོས་ཀྱང་ལྷ་དེ་བཞིན་འགྱིའོ་ཞེས་རྒྱལ་པོའི་གསུང་སྤྱི་བོས་བླངས ་ནས་སྐྱེས་བུ་སྟོང་ཕྲག་གཅིག་གི་འཁོར་དེ་ཁྲིད་དེ། མྱུར་བ་ཉིད་དུ་དཔག་ཚད་དྲུག་ཅུའི་ལམ་དུ་སོང་ནས་སྷོ། བས་བཅུ་པ་འཁོར་བཞིའི་ནང་དུ་བཞུགས་ནས་ཆོས ་སྟོན་པའི་དུས་སུ་བཙུག་ལག་ཁང་དུ་བཞུགསོ།། དེ་རྒྱལ་པོས་བཏང་བའི་དོན་རེ་ཞིག་བཞག་ནས་འཁོར་ཐམས་ཅད་ཀྱི་མཐར་འཁོད་དེ་སྟོན་པའི་ཆོས་བསྟན་པ་ཐོས་ནས་ཇི་ལྟར ་འཁོད་པ་ཉིད་བཞིན་དུ་སྐྱེས་བུ་སྟོང་ཕྲག་གཅིག་དང་ལྷན་ཅིག་དུ་དགྲ་བཅོམ་པ་ཐོབ་ནས་རབ་ཏུ་འབྱུང་བར་ནུ་སོ།། བཅོམ་ལྡན་འདས་ཀྱིས་བཙུན་པ་རྣམས་འདིར་ཤོག་ཅེས་ཕྱག་བརྒྱའོ།། ཐམས ་ཅད་དེ་ཉིད་དུ་རྫུ་འཕྲུལ་ལས་བྱུང་བའི་ལྷུང་བཟེད་དང་ཆོས་གོས་གསུམ་བཟུང་ནས། ལོ་བརྒྱ་ལོན་པའི་གནས་བརྟན་ལྟ་བུར་གྱུར་ཏོ།། དགྲ་བཅོམ་པ་ཐོབ་པའི་དུས་ནས་བཟུང་སྟེ། སླར་ཡང ་འཕགས་པ་ཞེས་བྱ་བར་ཞིག་བར་མར་གནས་པར་གྱུར་ཏེ། རྒྱལ་པོས་བཏང་བའི་སྤྲིང་ཡིག་སྟོབས་བཅུ་པ་ལ་མ་བརྗོད།། རྒྱལ་པོས་གཏང་བའི་མི་རྣམས ་ལས་གཅིག་ཀྱང་མ་བྱུང་ཞིང་སྤྲིང་ཡིག་ཀྱང་མ་ཐོས་སོ།། འདིར་ཤོག་ལ་ཁྱེད་སོང་ཅིག་དང་དེ་ལྟ་བུའི་ངེས་པས་བློན་པོད་གཞན་གཅིག་བཏངོ་།། དེས་སོང་ནས་ཡང་སྔར་བཞིན་དུ་འཁོར་དང ་བཅས་པ་དགྲ་བཅོམ་པ་ཐོབ་ནས་ཅང་མི་གསུང་བར་གན་སོ།། རྒྱལ་པོས་དེ་ལྟ་བུར་ངེས་པས་སྐྱེས་བུ་སྟོང་ཕྲག་རེ་རེའི་འཁོར་དང་བཅས་པའི་བློན་པོ་དགུ་བཏ་།། ཐམས་ཅད་རང་གི ་དོན་རྫོགས་པར་བྱས་ནས་ཅང་མི་སྨྲ་བར་གྱུར་ཏེ་དེ་ཉིད་དུ་དཀན་སོ།། རྒྱལ་པོས་སྤྲིང་ཡིག་ཙམ་གྱི་ལོ་རྒྱུས་ཀྱང་མཐོབ་བོ་ཞེས་བསམས་ནས། མི་འདི་རྣམས་ངལ་མི་དགའ་བའི་རྒྱུ ་མཚན་གྱིས་སྤྲིང་ཡིག་ཙམ་གྱི་ལོ་རྒྱུས་ཀྱང་མི་བརྗོད།། སུ་ཞིག་ངའི་ཚིག་བཞིན་བྱེད་པར་སེམས་རྒྱལ་པོས་མི་ཐམ་ས་ཅད་ལ་བརྟགས་པས་ནག་པོ་འཆར་ཀ་མཐོང་།། དེ་ཡང ་རྒྱལ་པོའི་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་བློན་པོ་ཡིན་ནོ་ནང་མ་ཡིན།། ཤིན་ཏུ་ཐུགས་ཆེས་པ་ཡིན་ནོ།། དེ་བཞིན་གཤེགས་པ་དང་ལྷན་ཅིག་ལ་ཉིན་གཅིག་དུ་སྐྱེས་པ་ཡིནོ།། དེ་དང་ལྷན་ཅིག ་ཏུ་རྩེ་བའི་གྲོགས་པོ་ཡིན།། དེ་ནས་བློན་པོ་རྒྱལ་པོས་བོས་ཏེ། བུ་ནག་པོ་འཆར་ཀ་བདག་གི་སྲས་བལྟ་བར་འདོད་པས་སྐྱེས་བུ་སྟོང་ཕྲག་དགུ་བཏང་ཏེ་མི་གཅིག་ཀྱང་འོངས་ནས་སྤྲིང་ཡིག་ཙམ ་གྱི་ལོར་རྒྱུས་ཅི་ཡང་མ་བྱུང་། སླར་ཡང་ཐམས་ཅད་ནད་ཀྱི་ཐེབས་པ་ཡིན་ནམ་ཚེའི་བར་ཆད་དུ་གྱུར་པ་ཡིན་ནམ། བདག་འཚོ་བ་ཉིད་ཀྱི་བར་དུ་སྲས་པོ་བལྟ་བར་འདོད་དེ་དག་གི་བུ་བལྟ་བར་ནུས་ས། ་ཞེས་སྨྲ་སོ།། ལྷ་ནུས་ལག་སོ།། གལ་ཏེ་རབ་ཏུ་ཕྱུང་ཡང་བལྟ་བར་ནུསོ།། བུ་ཁྱོད་རབ་ཏུ་བྱུང་བ་འམ་མ་བྱུང་ཡང་། ང་སྲས་པོ་བལྟའོ་ཞེས་སྨྲ་སོ།། དེས་ལྷ་ལེག་སོ་ཞེས་རྒྱལ་པོའི་གསུང་བླངས་ནས། ་རྒྱལ་བའི་ཁབ་དུ་སོང་སྟེ། སྟོན་པ་ཆོས་སྟོན་པར་དུསུ་འཁོར་རྣམས་ཀྱི་མཐར་འཁོད་དེ་ཆོས་ཐོས་ནས་འཁོར་དང་བཅས་པ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏེ་དགེ་སློང་གི་དངོས་པོར་སོ ་སོར་གནསོ།། སྟོན་པ་སངས་རྒྱསུ་གྱུར་ནས་དང་པོའི་ལོ་ལ་དྲང་སྲོང་ལྷུང་བའི་གནསུ་དབྱར་བཞུགས་སྟེ། དགག་དབྱེ་བྱས་ནས་སྟེང་རྒྱ་སུ་གཤེགས་ཤིང་དེར་ཟླ་བ་གསུམ་གཞུགས་ཏེ། རལ་པ་ཅན ་སྤུན་རྣམས་བརྟུལ་ནས་དགེ་སློང་སྟོང་ཕྲག་གཅིག་གི་འཁོར་དང་བཅས་པ་དགུན་ཟླ་འབྲིང་པོའི་ཉ་ལ་རྒྱལ་པོའི་ཁབ་དུ་གཤེགས་ནས་ཟླ་བ་གཉིས་བཞུག་སོ།། དེ་རྣམས་ནི་གྲོང་ཁྱེར་བཱ་ར་ན ་སེ་ནས་ཡོངས་པའི་བར་སྟེ་ཟླ་བ་ལྔ་སོང་ཞིང་དགུན་གྱི། དུས་ཐམས་ཅད་འདསོ།། གནས་བརྟན་འཆར་ཀ་འོངས་ནས། ཞག་འདུན་དང་བརྒྱད་སོ་།། དེས་དཔྱིད་ཟླ་ར་བའི་ཉ་ལ་བསྡུ ་པ་དགུན་གྱི་དུས་འདས་ནས་དབྱིང་ཁའི་དུས་སུ་སླབ་པ་དང་། མ་རྣམས་ཀྱིས་འབྲུ་རྣམས་བླངས་ཏེ། ཕྱོགས་ཕྱོགས་ནས་ལམ་དུ་བྱུང་བས་རྩ་རྣམས་ལྗང་གུར་གྱུར་ཏོ།། ས་གཞི་དང་ན་གཙལ་གྱི། ་ཤིང་ལ་སོགས་པ་མེ་ཏོག་ཤིན་ཏུ་མང་བ་ཁ་བྱེ་བ་ནི་ལམ་དུ་འགྲོ་བའི་དུསོ།། སྟོབས་བཅུ་པའི་ཉི་དུ་དང་ཕྲད་པར་བྱེད་པའི་ལམ་དུ་འགྲོ་བའི་དུས་ཡིན།། དེ་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཉེ་བར ་སོང་ནས། བཙུན་པ་ལྗོན་ཤིང་དེ་ནི་ལྗང་གུར་གྱུར།། ཤིང་གི་ལོ་མས་ལ་དུད་པ་ཟླ་བ་དང་། དེ་རྣམས་བར་ནས་འོད་ཟེར་འགྱེད་པ་ཡིན།། དཔའ་བོ་ཆེན་པོ་གཉེན་གནས་གཤེགས་པའི་དུས།། ་། ཅང་མིདྲི་མི་དྲང་ཞིང། མུ་གེ་དང་ནི་བཀྲེས་པ་མེད། ས་སྟེང་ཤིང་རྣམས་ལྡང་གུ་གྱུ་རྔུབ་པ་ཆེན་པོ་དུས་པ་གྲུམ་ཚིག་སུ་བཅད་འདྲུག་ཅུ་ཙམ་གྱིས་སྟོབས་བཅུ་པ་ལ་རིགས་ཀྱི་གྲོང་ཁྱེར་དུག་ཤེགས ་པའི་ཕྱིར་བསྔགས་པར་འོས་པའི་བསྔགས་པ་བརྗོད་པའོ།། དེ་ནས་སྟོན་པ་ལ་འཆར་ཀས་དབྱངས་སྙན་པོས་གཤེགས་པའི་བསྔགས་པར་འོས་པའི་བསྔགས་པ་གསུང་སོ།། བཙུན་པ་ཁྱེད་ཀྱི་ཡབ་རྒྱལ་པོ་ཆེན ་པོ་ཟས་གཙང་བལྟ་བར་འདོད་པས་ཉེ་དུ་རྣམས་རྗེ་སུ་འཛིན་པར་ནུ། ལེག་སོ་འཆར་ཀ། ཉེ་དུ་རྣམས་རྗེ་སུ་བཟུང་བར་འགྱིའོ་ཞེས་དགེ་སློང་གི་དགེ་འདུན་ལ་སྨྲས་ཅིག། གཤེགས་པའི་གནས་ཐམས་ཅད་ལ་བྱི་དོར ་གྱིས་ཤིག་ཅེས་སྨྲོས་ཤིག། བཙུན་པ་ལེག་སོ་ཞེས་གནས་བརྟན་སོ་ངན་སོ།། བཅོམ་ལྡན་འདས་ཀྱིས་ཡུལ་ཨ་གྣ་དང་མ་ག་དྷ་ན་གནས་པའི་རིགས་ཀྱི་བུ་རྣམས་སྟོང་ཕྲག་བཅུ་དང་བཅས་པ་གྲོང་ཁྱེར་སར ་སྐྱའི་གནས་པའི་སྟོང་ཕྲག་བཅུ་པོ་ཐམས་ཅད་ཟག་བཟང་བའིད་གེ་སློང་འཁོང་དུ་བྱས་ནས་རྒྱལ་པོའི་ཁབ་ནས་ཕྱི་རོལ་དུ་འཐོན་ཏེ།། ། ཉི་མ་རེ་རེ་ལ་དཔག་ཚད་དེརེ་འགྲོད་ཅིང་རྒྱལ་པོའི་ཁབ་ནས ་དཔག་ཚད་དྲུག་ནུའི་གྲོང་ཁྱེར་སེར་སྐྱའི་གཞིར་ཟླ་བ་གཉིས་ཀྱིས་སླེབ་པར་དགོངས་ཤིང་བུལ་བ་ཡང་མ་ཡིན་མྱུར་བ་ཡང་མ་ཡིན་པར་འབྲིང་པོར་གཤེག་སོ།། གནས་བརྟན་གྱིས་ཀྱང་བཅོམ་ལྡན་འདས་བྱོན་ནོ ་ཞེས།། རྒྱལ་པོའི་དྲུང་དུ་སྨྲའོ་ཞེས་བསམས་ནས་ནམ་མཁའ་ལ་སོང་སྟེ་རྒྱལ་པོའི་གནསུ་སླེབ་པར་གྱུར་ཏོ།། རྒྱལ་པོས་གནས་བརྟན་གཟིགས་ནས་ཐུགས་ཚིམ་པར་གྱུར་ཏེ། གདན་བཤམས་པ་ལ་གཞུགསུ་བཅུ་གོ། ་རང་ལ་བྱེད་པ་བཞིན་བཅོས་ནས་རོ་སྣ་ཚོགས་པའི་བཟའ་བས་ལྷུང་བཟེད་བཀང་ནས་ཕུལ་ནས་ཕུའོ།། གནས་བརྟན་ལངས་ནས་འགྲོ་བར་བསམས་པ་དང་། བུ་བཞུགས་ལ་གསོལ་ཅིག། རྒྱལ་པོ་ཆེན་པོ་སྟོན་པ། ་དང་ཉེ་བར་སོང་སྟེ་བཟའོ།། སླར་ཡང་བུ་སྟོན་པ་གན་ཡོད། སྟོང་ཕྲག་ཉི་ཤུའི་དགེ་སློང་འཁོར་དུ་བྱས་ནས་རྒྱལ་པོ་ཆེན་པོ་ཉིད་བལྟ་བའི་ཕྱིར་བྱོན་ནོ།། རྒྱལ་པོ་ཐུགས་ཚིམས་པར་གྱུར་ནས་སྨྲས་པ། ཁྱེད་འདིགས ་ལ་བདག་གི་སྲས་གྲོང་ཁྱེར་འདིར་མ་བྱོན་གྱི་བར་ལ་འདི་ཉིད་ནས་ལྷུང་བཟེད་དུ་བཟའ་བ་ཁྱེར་ལ་སོང་ཅིག་ཅེས་སྨྲསོ།། གནས་བརྟན་གྱི་རྒྱལ་པོའི་གསུང་མཉན་ཏེ་རྒྱལ་པོས་གནས་བརྟན་གྱི་བཟའ་བ ་གསོལ་ཟིན་པ་དང་ལྷུང་བཟེད་བཀྲུས་ནས། དྲི་བཟང་པོའི་ཕྱེ་མས་བྱུགས་ཏེ་བཟའ་བ་མཆོག་གིས་གང་པར་བྱས་ནས་དེ་བཞིན་གཤེགས་པ་ལ་ཕུལ་ཅིག་ཞེས་སྨྲས་ནས་གནས་བརྟན་གྱི་ལག་པར་བྱིན། ་གནས་བརྟན་མི་ཐམས་ཅད་ཀྱིས་མཐོང་བ་དང་ལྷུང་བཟེད་ནམཔ་ཛྭ་ལ་ལཕག་སོ།། རང་ཉིད་ཀྱང་ནམཁའ་ལ་གཤེགས་ནས་བཟའ་བའི་ལྟུང་བཟེད་འཟུང་སྟེ། སྟོན་པའི་ཕྱག་ཏུ་ཕུལ་ནས་སྟོན ་པས་ཀྱང་དེང་བཟའ་བ་ལ་ལོངས་སྤྱོད་དོ།། གནས་བརྟེན་ཐབས་འདི་ས་ཉི་མ་རེ་རེ་བཞིན་དུ་བཟའ་བ་ཕུལ་ལོ།། སྟོན་པས་ཀྱང་ལམ་རྨྱི་བར་དུ་རྒྱལ་པོ་ཉིད་ཀྱི་གདུགས་ཚོད་ལ་ལོངས་སྤྱོད་དོ།། ་གནས་བརྟན་གྱིས་ཀྱང་གདུགས་ཆོད་ལ་ལོངས་སྤྱོད་པའི་མཐར་ཉི་མ་རེ་རེ་བཞིན་དུ་དེ་རིང་འདི་ཙམ་ནས་བཅོམ་ལྡན་འདས་བྱོན་ནོ།། དི་རིང་འདི་ཙམ་དུ་བཅོམ་ལྡན་འདས་བྱོན་ཞེས་པ་དང་། སངས་རྒྱས ་ཀྱི་ཡོན་ཏན་ཡང་དག་པར་ལྡན་པ་ཉིད་བརྗོད་ཅིང་རྒྱལ་རིས་ཐམས་ཅད་སྟོན་པ་མ་མཐོང་བ་ཉིད་ཀྱིས་སྟོན་པའི་དྲུང་དུ་རང་ཉིད་ཀྱི་སེམས་དངས་པར་མཛད།། དེའི་རྒྱུ་མཚན་གྱིས་གནས་བརྟན་ལ་བཅོམ ་ལྡན་འདས་ཀྱིས་དགེ་སློང་དག་བདག་གི་ཉན་ཐོས་ཀྱི་ནང་ནས་རིགས་དད་པར་བྱེད་པ་རྣམས་ཀྱི་མཆོག་གང་ཡིན་འདི་ནི་འཆར་གཅེས་པའོ།། འདི་མཆོག་ཏུ་བཟུང་བས་ཤཱཀྱ་བ་རྣམས་ཀྱིས་ཀྱང་བཅོམ་ལྡན ་འདས་རྗེསུ་བྱོན་པའི་སྔུན་ལ་བདག་ཅག་གི་ཉི་དུའི་གཙོ་བོ་བལྟའོ་ཞེས་འདུས་ནས། བཅོམ་ལྡན་འདས་བཞུགས་པའི་གནས་རྟོགས་ཅིང་ཤཱཿ་ནྱ་གྲོ་དྷའི་ཀུན་དགའ་ར་བ་ཡིད་དུ་འོང་བསྟ ་གོན་བྱསོ།། དེར་ཐམས་ཅད་ཉེར་བ་སྔོགས་བྱས་ནས་སྤོས་དང་མེ་ཏོག་སོ་སོ་ལག་དུ་ཐོགས་ཏེ། བསུ་བ་བྱེད་ཅིང་རྒྱན་ཐམས་ཅད་ཀྱིས་སོ་སོར་བརྒྱན་ནས། གཞོན་ནུ་དང་གཞོན་ནུ་མ་གྲོང་ཁྱེར་གྱི་ཁྱེའུ་དང ་བུ་མོ་སྔར་དང་པོར་བཏང་བ་རྣམས་དང་། དེ་ནས་རྒྱལ་པོའི་གཞོན་ནུ་དང་གཞོན་ནུ་མ་དག་དེ་རྣམས་ཀྱི་བར་རང་རང་གིས་སྤོས་དང་མེ་ཏོག་དང་ཕྱེ་མ་ལ་སོགས་པས་མཆོད་པ་བྱེད་ཅིང་། བཅོམ་ལྡན་འདས ་ཀྱིས་བཞེས་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ཉིད་དུ་བྱོན་ནོ།། དེརབཅོམ་ལྡན་འདས་ཀྱིས་སྟོང་ཕྲག་ཉི་ཤུའི་ཟག་པ་ཟད་པའི་དགེ་སློང་འཁོར་དུ་བྱས་ནས་བདན་བཤམས་པ་མཆོག་ལ་སངས། ་རྒྱས་བཞུག་སོ།། ཤཱཀྱའི་རིགས་ནི་ང་རྒྱལ་དང་ལྡན་པ་ཡིན།། སེམས་རྩུབ་པ་ཡིན་པས་འདི་ནི་དོན་གྲུབ་གཞོན་ནུ་ངེད་དང་ལྷ། ན་ཅིག་གཞོན་ནུ་ཡིན།། ད་ནི་ཕུ་པོ་ཡིན།། འདི་ནི་སྲིང་མོའི་བུ ་ཡིན་ནོ།། འདི་ནི་ཚ་འོ་ཡིན་ཞེས་བསམས་ནས་ཁྱེའུ་དང་རྒྱལ་པོའི་གཞོན་ནུ་ཞེས་སྨྲས་ཏེ།། ཁྱེད་ཀྱི་ཕྱག་གི་བདག་ཁྱེད་ཀྱི་རྒྱབ་དུ་བསྡོད་དོ་ཞེས་བསམ་སོ།། དེ་རྣམས་དེ་བཞིན་དུ་གནས་ནས། བཅོམ་ལྡན་འདས ་ཀྱིས་དེ་རྣམས་ཀྱི་བསམ་པ་གཟིགས་ནས། གཉེན་རྣམས་བདག་ལ་ཕྱག་མི་བྱེད་པར་འདོད་ཀྱང་ད་ལྟ་ཕྱག་བྱེད་དུ་བཞུགས་དགོས་ཏེ། མངོན་པར་ཤེས་པའི་གཞི་དང་ཡེ་ཤེས་དང་བསམ་གཏན་དང་ལྡན་པར ་འཇུག་པ་བསྐྱེད་དགོས་སྙམ་སྟེ། གཞེངས་ནས་ན་མཁའ་ལ་གཤེགས་སོ།། དེ་རྣམས་ཀྱི་མགོ་ལ་ཞབས་ཀྱི་རྡུལ་བ་བཞིན་དུ་ཨ་སྒྲ་བསྲུང་བའི་ཨ་སྒྲའི་ཤིང་གི་དྲུང་དུ་སོ་སོའི་ཆོ་འཕྲུལ་དང་མཚུངས་པར་ཆོ་འཕྲུལ ་མཛད་དོ།། རྒྱལ་པོས་དེ་ལ་མཚན་ཆེ་བ་མཐོང་ངོ་ཞེས་སྨྲསོ།། བཅོམ་ལྡན་འདས་ཁྱེད་འཁྲུངས་པའི་ཉིན་མོ་དཀའ་ཐུབ་པ་ནག་པོ་ལྷ་ལན་གྱིས་ཕྱག་བྱེད་ཅིང་ཉེ་བར་གནས་པས་ཁྱེད་ཀྱིས་ཞབས་བསྐྱོད ་པ་བྲམ་ཟེའི་སྤྱི་བོ་ལ་ཉེ་བར་གན་སོ།། དེ་མཐོང་ནས་བདག་གིས་ཀྱང་ཁྱེད་ལ་ཕྱག་བྱསོ།། འདི་ནི་བདག་གི་ཕྱག་དང་པོ་ཡིན།། བཀྲ་ཤིས་པའི་འབྲུ་འདེབས་པའི་ཉིན་མོ་འཛམྦུའི་ཤིང་གི་གྲིབ་མའི་དཔལ ་ཀྱི་ལམ་སྟན་ལ་ཁྱེད་བཞུགས་པ་ན་ཤིང་འཛམྦུའི་གྲིབ་མས་མ་བཏང་བར་མཐོང་བའི་ཚེ་ཡང་ཞབས་ལ་ཕྱག་བྱསོ།། འདི་ནི་བདག་གིས་ཕྱག་གཉིས་པ་ཡིནོ།། ད་ལྟ་ནི་བདག་གིས་སྔར་མ་མཐོང་བའི ་ཆོ་འཕྲུལ་ཡང་མཐོང་བས་ཁྱེད་ཀྱི་ཞབས་ལ་ཕྱག་འགྱིད་དོ།། འདི་ནི་བདག་གི་ཕྱག་གསུམ་པ་ཡིན་ནོ།། སླར་ཡང་རྒྱལ་པོས་བཅོམ་ལྡ་ན་འདས་ལ་ཕྱག་བྱེད་ཅིང་། ཕྱག་བྱེད་པར་མི་ནུས་པའི་ཤཱཀྱ ་རིགས་གཅིག་ཀྱང་མེད་དོ།། ཐམས་ཅད་ཀྱིས་ཀྱང་ཕྱག་བྱེད་པ་ཉིད་དོ།། དེ་ནས་བཅོམ་ལྡན་འདས་ལ་ཉེ་དུ་རྣམས་ཀྱིས་ཕྱག་བྱེ་ད་ཅིང་ན་མཁའ་ལས་བབས་ནས་གདན་བཤམས་པའི ་མཆོག་གི་གུང་ལ་བཞུག་སོ།། བཅོམ་ལྡན་འདས་བཞུགས་ནས་ཉེ་དུ་རྣམས་དང་འདུས་པར་གྱུར་པ་ཐམས་ཅད་སེམས་གཅིག་ཏུ་གན་སོ།། དེ་ནས་སྤྲིན་ཆེན་པོ་ལས་པདྨའི་འདབ་མ་ལ་ཆུ་མི་འཆགས་པ ་ལྟ་བུའི་ཆར་འབེབས།། ཆུ་ཟངས་ཀྱི་མདོག་ཅན་ས་ལ་སྒྲ་སྒྲོགས་ཤིང་འབབ་བོ།། འབང་པར་འདོད་པ་རྣམས་འབང་ངོ་།། འབང་པར་མི་འདོད་པ་རྣམས་མི་འབང་ངོ་།། ཐིགས་པ་ཙམ་ཡང་མི་ལྟུང་ངོ་། ་དེ་མཐོང་ནས་ཐམས་ཅད་དུ་ཡ་མཚན་པ་དང་རྨད་དུ་བྱུང་བ་སྐྱེ་སོ།། ཨེ་མ་ཧོ་ངོ་མཚར་མེ། ཨེ་མ་ཧོ་རྨད་དུ་བྱུང་ཞེས་བརྗོད་པར་བྱེད་དོ།། སྟོན་པས་འདི་ཁོ་ན་མ་ཡིན་གྱི་བདག་གི་ཉི་དུ་དང་ཕྲད་པ་ན་པདྨའི་འདབ་མ་ཆུ། ་མི་འཆགས་པ་ལྟ་བུའི་ཆར་འབབ་ཤིང་འདས་པའི་དུས་སུའང་ངས་ཕབ་པོ།། འདིའི་དོན་བྱུང་བ་ནི་ཐམས་ཅད་སྒྲོལ་གྱི་སྐྱེ་རབས་སུ་བཤད་དོ།། ཆོས་སྙན་པ་ཐོས་ཐམས་ཅད་ལངས ་ཏེ་ཕྱག་བྱས་ནས་སོང་ངོ་།། གཅིག་གིས་ཀྱང་རྒྱལ་པོ་དང་རྒྱལ་ཚབ་དང་བློན་པོ་རྣམས་སང་བདག་གི་གནས་སུ་བསོད་སྙོམས་ཁྱེར་འོང་ངོ་ཞེས་སྨྲ་བ་སོང་བ་དེ་རྣམས་ལས་གཅིག་ཀྱང་མ་བྱུང་། ་སྨོན་པས་སླར་ཉི་མ་གཉིས་པ་ལ་སྟོང་ཕྲག་ཉི་ཤུའི་དགེ་སློང་འཁོར་དུ་བྱས་ནས་གྲོང་ཁྱེར་སེར་ཀྱའི་གཞིར་བསོད་སྙོམས་ལ་བཞུད་དོ།། གང་ཞིག་འགྲོན་དུ་གཉེར་བ་དང་། ལྷུང་བཟེད་ཁྱེར་བ་སུ ་ཡང་མེད་དོ།། བཅོམ་ལྡན་འདས་སྒོ་དྲུང་དུ་འཁོད་དེ་རྣམ་པར་བརྟགས་པས་ཇི་ལྟར་སྔོན་གྱི་སངས་རྒྱས་རྣམས་ཀྱི་རིགས་ཀྱི་གྲོང་ཁྱེར་དུ་བྱོན་བསོད་སྙོམས་མཛད་པ་བཞིན་དུ་གང ་ལྟར་རིགས་པར་མི་ཆེན་པོའི་ཁྱིམ་དུ་འགྲོ་ཞིང་། ཡང་ན་གོ་རིམས་བཞིན་དུ་བསོད་སྙོམས་སྤྱོད་དོ།། དེ་ནས་སངས་རྒྱས་གཅིག་གིས་ཀྱང་ཇི་ལྟར་རིགས་པར་གཤེགས་པ ་མ་མཐོང་བས་བདག་གིས་ཀྱང་ད་ནི་འདིའི་རིག་སོ།། འདིའི་སྔོན་གྱི་སངས་རྒྱས་ཀྱི་རིགས་བཞིན་དུ་བདག་གིས་ཀྱང་རིགས་པར་བཟུང་བར་བྱའོ།། བདག་གི་ཉན་ཐོས་ཀྱང་བདག་ཉིད་བཞིན ་བརྗེས་སུ་སློབ་ཅིང་བསོད་སྙོམས་ལ་རྫོགས་པར་བྱོན་ནོ།། འཁོད་པའི་ཁྱིམ་ནས་བཟུང་ནས་གོ་རིམས་བཞིན་དུ་བསོད་སྙོམས་ལ་སྤྱོད་དོ།། འཕགས་པ་གཞོན་ནུ་དོན་གྲུབ་བསོད་སྙོམས ་ལ་གཤེགས་སོ་ཞེས་བརྗོད་དོ།། ཉིས་ཐོག་དང་སུམ་ཐོག་ལ་སོགས་པའི་ཁང་བཟང་རྣམསུ་སྟེང་གི་སྒོ་ཆུང་ཕྱེ་ནས་མི་ཐམས་ཅད་བལྟ་བར་གྱུར་ཏེ་ལྷ་མོ་སྒྲ་གཅན་འཛིན་གྱི་ཡུམ ་ཡང་འཕགས་པའི་བུ། གྲོང་ཁྱེར་འདི་ཉིད་དུ་རྒྱལ་པོ་ཆེན་པོའི་མཐུས་གསེར་གྱི་དོ་ལི་ལ་སོགས་པ་ལ་ཞོན་ཏེ་དེ་རིང་ནས་སྐྲ་དང་ཁ་བུ་བྲེགས་ཤིང་ངུར་སྨྲིག་གི་གོས་གྱོན་ནས། སྣོད་ལག་དུ་ཁྱེར་ཏེ། ་བསོད་སྙོམས་ལ་འགྲོ་བ་མཛེས་སམ་མི་མཛེས་ཞེས་སྟེང་གི་སྒོ་ཆུང་ཕྱེ་ནས་བལྟའོ།། སྣ་ཚོགས་པའི་འདོད་ཆགས་དང་བྲལ་བ་ཡང་དག་པར་འབར་ཞིང་སྐུ་ལུས་ཀྱི་འོད་ཀྱི་གྲོང་ཁྱེར་གྱི་སྟེང་ཐམས ་ཅད་སྣང་བར་མཛད་དེ། འདོམ་གང་བའི་འོད་ཀུན་ནས་སྐོར་ཞིང་རབ་ཏུ་གསལ་བ་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་རྒྱན་པས་སངས་རྒྱས་ཀྱི ་དཔལ་དཔེ་མེད་པར་རྣམ་པར་གསལ་བ་མཐོང་ངོ་།། བཅུག་ཏོར་ནས་བཟུང་ནས་ཞབས་ཀྱིས་མཐིལ་གྱི་བར་དེ་སྲིད་དེ།། དབུ་སྐྲ་གཡས་མཁྱིལ་འཇམ་ནག་སྡུམ་པ་དང་།། དཔྲལ་བཛྲ ་མེད་ཉི་མའི་མཐིལ་བཞིན་ནོ།། སྐུ་དང་འཚམས་པའི་ཤ། ངས་ནི་མཐོ་བ་དང་། མི་ཡི་སེང་གེ་འོད་ཟེར་གསལ་བར་མ་ཛད།། འདི་ལྟ་བུ་ལ་སོགས་པའི་མེའི་སེང་གེ་ཚིགས་སུ ་བཅང་བས་མངོན་པར་བསྟོད་དོ།། ཁྱེད་ཀྱི་སྲས་པོ་བསོད་སྙོམས་ལ་སྤྱོད་དོ་ཞེས་རྒྱལ་པོ་ལ་སྨྲསོ།། རྒྱལ་པོའི་སེམས་སྡུག་བསྔལ་བས་གོས་ནས་བཟུང་སྟེ་མྱུར་ཞིང་མྱུར་བར་ཕྱིར་འཐོན ་སྟེ། བཅོམ་ལྡན་འདས་ཀྱི་དྲུང་དུ་འཁོད་ནས་སྨྲས་པ། ཅི་བཙུན་པ་བདག་ཅག་ངོ་ཚ་བས་ཅིའི་དོན་དུ་བསོད་སྙོམས་མཛད།། དགེ་སློང་འདི་རྣམས་ཀྱི་བཟའ་བ་བདག་གིས་སྟེར་བར་མི་ཤེས་བསམས ་པ་ཡང་དག་ཡིན་ནམ་ཅི་ལགས། རྒྱལ་པོ་ཆེན་པོའི་རིགས་ཀྱི་སྤྱོད་པ་ཡིན་ནོ།། བཙུན་པ་བདག་ཅག་ཤཱཀྱའི་རིགས་ཞེས་བྱ་བའི་རིག་སོ།། དེ་ལ་རྒྱལ་རིགས་གཅིག་ཀྱང་བསོད་སྙོམས་བྱེད་པའི་མིང ་ཙམ་ཡང་མེད་དོ།། རྒྱལ་པོ་ཆེན་པོའི་རིགས་ཞེས་བྱ་བ་ནི་ཁྱོད་ཀྱི་རིགས་འདི་ཡིན་ནོ། ཀར་སྩལ་པ། རྒྱལ་པོ་ཆེན་པོ་མི་གྱེས་པ་མ་མཛད་ཅིག་། སླར་ཡང་བདག་ཅག་གིས། ་མར་མེ་མཛད་དང་ཀོ་ཌིནཱ་དང་འོད་བསྲུང་ཞེས་བྱ་བ་འདི་སངས་རྒྱས་ཀྱི་རིགས་ཡིན་ནོ།། འདི་རྣམས་དང་གཞན་སངས་རྒྱས་སྟོང་ཕྲག་དུ་མས་ཀྱང་བསོད་སྙོམས་སྤྱོད་ཅིང་འཚོ་བར་མཛད་ལ། སྲང་གི་དབུས ་འཁོད་པ་ཉིད་དོ།། བག་མིང་ལྷག་མར་བྱེད་པ་མེད། ཆོས་ལ་སྤྱོད་ཅིང་ལེགས་པར་སྤྱོད།། ཆོས་ལ་སྤྱད་ན་བདེ་བ་འབྱུང་།། འཇིག་རྟེན་འདི་དང་ཕྱི་མར་བདེ།། ཆོས་ཀྱི་རྐང་པའི་ཚིག་སུ་བཅད་པ ་འདི་བསྟན་ཅིང་བཤད་དོ།། ཚིག་སུ་བཅད་པའི་མཐར་རྒྱལ་པོས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ།། ཆོས་སྤྱོད་པ་ནི་ལེ་གས་པར་སྤྱོད།། ཉེས་པར་སྤྱོད་པ་མི་བྱ་ཞིང་།། ཆོས་སྤྱང ་པ་ཡིས་བདེ་བ་འབྱུང་།། འཇིག་རྟེན་འདི་དང་ཕ་རོལ་ཏུའོ།། ། སླར་ཡང་ཆོས་ཀྱི་རྐང་པའི་ཚིགས་སུ་བཅད་པ་འདི་ཐོས་ནས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ།། ཆོས ་སྐྱོང་བའི་སྐྱེས་རབས་ཐོབ་ནས་ཕྱིར་མི་འོང་གི་འབྲས་བུ་ཐོབ་པར་གྱུར་ཏོ།། འཆི་བའི་དུས་སུ་གདུགས་དཀར་པོའི་འོག་ཏུ་དཔལ་གྱི་མལ་སྟན་གྱི་སྟེང་དུ་གཟིམས་པ་ཉིད་ན་དགྲ་བཅོམ་པ་ཐོབ ་བོར་གྱུར་ཏོ།། དགོན་པར་གནས་ནས་དཀའ་ཐུབ་སྦྱོང་བ་རྒྱལ་པོ་ལ་དགོས་པ་མེད་དོ།། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་ནས། སླར་ཡང་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་བ.རུག ་སྟེང་འཁོར་དང་བཅས་པ་ཁང་བཟངས་ཆེན་པོའི་སྟེང་དུ་སྤྱན་དྲངས་ནས་གྱ་ནོམ་པའི་བཟའ་བ་དང་བཅས་པ་རྣམས་དྲང་སོ།། གདུགས་ཆོད་ཟིན་པའི་མཐར་སྒྲ་གཅན་འཛིན་གྱི་མ་མ་གཏོག ་པའི་བཙུན་མོ་འཁོར་དང་བཅས་པ་ཐམས་ཅད་འོངས་ནས་བཅོམ་ལྡན་འདས་ལ་ཕྱག་བྱསོ།། གཞན་ཡང་དེས་འཁོར་གྱི་མི་རྣམས་ལ་འཕགས་པའི་བུ་ལ་ཕྱག་གྱིས་ཞེས་བརྗོད་ནས། ་གལ་ཏེ་ཁོ་མོ་ལ་ཡོན་ཏན་ཡོད་ན་འཕགས་པའི་བུ་རང་ཉིད་ཀྱི་གནས་སུ་འབྱོན་ནོ།། བྱོན་པ་ཉིད་ན་དེ་ལ་ཕྱག་བྱེད་དོ་ཞེས་བརྗོད་ནས་མ་འོང་སོ།། རྒྱལ་པོས་ལྷུང་བཟེད་བཟུང་ནས་བཅོམ་ལྡན་འདས ་ཉན་ཐོས་མཆོག་གཉིས་དང་བཅས་པ་རྒྱལ་པོའི་བུ་མོའི་ཁང་བཟངསུ་གཤེགས་ཏེ། རྒྱལ་པོའི་བུ་མོ་རང་ཉིད་ཇི་ལྟར་མོས་པའི་ཕྱག་བྱེད་ཅིང་གཞན་དང་འགལ་བ་ཅུང་ཟད་ཀྱང་མ་བྱེད་ཅེས། ་ནས་གདན་བཤམས་པ་མཆོག་གི་གུང་ལ་བཞུག་སོ།། མྱུར་དུ་འོངས་ནས་བྱིན་པ་བཟུང་སྟེ། ཞབས་ཀྱི་སྟེང་དུ་མགོ་ཏོ་བཞག་ནས་ཇི་ལྟར་འདོད་པའི་ཕྱག་བྱས།། རྒྱལ་པོ་དང ་རྒྱལ་པོའི་བུ་མོས་བཅོམ་ལྡན་འདས་ལ་དགའ་བ་མང་། པོས་ཡོན་ཏན་ལ་སོགས་པས།། ཡོན་ཏན་དང་ལྡན་པར་བརྗོ་ད་ནས། བཙུན་པ། བདག་གི་བུ་མོས་ཉིད་ཀྱིས་གོས་ངུར ་སྨིག་གྱོན་པ་ཐོས་ནས། དེ་ནས་བཟུང་སྟེ་དེང་གི་བར་དུ་གོས་ངུར་རླིག་གྱོན་ནོ།། ཉིད་ཀྱིས་གདུགས་ཚོད་ལན་གཅིག་གསོལ་བ་ཐོས་ནས་བུ་མོས་ཀྱང་བཟའ་བ་ལན་གཅིག་ཟོསོ།། ཉིན་ཀྱིས་མལ ་སྟན་ཆེན་པོ་སྤངས་པ་ཐོས་ནས། ཉལ་ཁྲི་ཆུང་པ་ལ་ཉལོ།། ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་དང་སྤོས་ལ་སོགས་པ་ལ་སྲེད་པ་མེད་པ་ཐོས་ནས། མེ་ཏོག་གི་ཕྲེང་བ་དང་སྤོས་ལ་སོགས་པ་ལ ་ཆགས་པ་མེད་པ་སྐྱེ་སོ།། རང་གི་ཉེ་དུ་རྣམས་བདག་གིས་གསོའོ་ཞེས་འཕྲིན་བསྐུར་ནས། གཉེན་གཅིག་ལ་ཡང་ལྟ་བ་མི་འདུའོ། བཅོམ་ལྡན་འདས་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ནི ་བདག་གི་བུ་མོ་ཡིན་ནོ་ཞེས་གསོལ་ཏོ།། རྒྱལ་པོ་ཆེན་པོ་ཡང་ཚན་མི་ཆེའོ།། འདི་ལྟ་ཁྱེད་བསྲུང་བར་བྱེད་པའི་རྒྱལ་པོའི་བུ་མོ་ཡེ་ཤེས་ཡོངསུ་མ་སྨིན་པར་རང་གིས་བསྲུང་།། སྔར ་བསྲུང་བ་མེད་ཅིང་རི་ལ་སོགས་པ་ལ་འགྲོ་ན། ཡེ་ཤེས་ཡོངསུ་མ་རྫོགས་པར་རང་གིས་བསྲུང་སོ་ཞེས་བསྲུངས་ནས། མི་འམ་ཅི་ཟླ་བའི་སྐྱེས་རབས་གསུངས་ཏེ། གདན་ལས་བཞེངས་ནས་གཤེགསོ།། ཉི་མ ་གཉིས་པ་ལ་རྒྱལ་བུ་གཞོན་ནུ་དགའ་བོ་རྒྱལ་པོར་དབང་བསྐུར་བ་དང་། ཁང་པ་གསར་བའི་ནང་དུ་ཞུགས་ཏེ་བཀྲ་ཤིས་པའི་བག་མ་བླངས་ནས་ཉེ་བར་གནསོ།། དེའི་ཁྱིམ་དུ་གཤེགས་ནས་གཞོན་ནུ ་ལྷུང་བཟེད་ཟུང་ཅིག་ཅེས་རབ་ཏུ་དབྱུང་བར་དགོངས་ནས་བཀྲ་ཤིས་བརྗོད་དོ།། གདན་ལ་བཞེངས་ནས་གཤེགས་སོ།། ལྗོངས་ཀྱི་དགེ་བའི་བུ་མོས་འགྲོ་བ་མཐོང་ངོ་།། འཕགས་པའི་བུ་མྱུར་དུ་ཤོག་ཅེས ་བརྗོད་ནས་བལྟའོ།། དེས་ཀྱང་བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་དོ། བཟུང་བར་མ་ནུས་ནས་གཙུག་ལག་ཁང་ཉིད་དུ་གཤེགས།། ། བཅྡོཾས་དེ་ལ་འདོད་པ་མེད་པ་ཉིད་ཀྱང་རབ་ཏུ་འབྱུང་བ་བྱེད།། ་འདི་ལྟར་བཅོམ་ལྡན་འདས་གྲོང་ཁྱེར་སེར་སྐྱར་གཤེགས་ཤེས་ཉི་མ་གསུམ་པ་ལ་དགའ་བོ་རབ་ཏུ་བྱུང་བར་བྱའོ།། ཉི་མ་བདུན་པ་ལ་སྒྲ་ཅན་འཛིན་གྱི་མས། གཞོན་ནུ་རྒྱན་གྱིས་བརྒྱན་ནས། བཅོམ་ལྡན ་འདས་ཀྱི་དྲུང་དུ་བཏ་།། བུ་སྟོང་ཕྲག་ཉི་ཤུའི་དགེ་སློང་འཁོར་དང་བཅས་པ་འདི་རྣམས་ལྟོས། གསེར་གྱི་ཁ་དོག་ཅན་གྱི་ཚངས་པའི་གཟུགས་ཀྱི་མདོག་ཅན།། དགེ་སྦྱོང་འདི་ནི་ཁྱེད་ཀྱི་ཡའོ།། འདི་ལ ་གཏེར་ཆེན་པོ་ཡོད་ཅིང་དེ་འཐོན་པ་ནས་བཟུང་ནས་གཏེར་མཐོང་བ་མེད་དོ།། སོང་ལ་ནོར་སློངས་ཅིག། བདག་ཁྱེད་ཀྱི་བུ་གཞོན་ནུ་ཡིནོ།། རྒྱལ་པོར་དབང་བསྐུར་བོ་ཐོབ་ནས་འཁོར་ལོ་སྒྱུར་བ་ལ་དབང ་བྱེད་པར་འགྱུར་རོ།། བདག་ལ་ནོར་གྱི་དོན་དུ་ནོར་རྩལ་དུ་གསོལ།། ཡབ་གྱི་ནོར་བུ་བདག་ཡིན་ནོ།། ཞེས་གསོལ་ཅིག་ཅེས་སྨྲས་པ་དང་། གཞོན་ནུ་བཅོམ་ལྡན་འདས་དང་ཉེ་བར་སོང་སྟེ། ཁབ་ཀྱི་དྲུང་དུ ་དགའ་བ་སྐྱེསོ།། སེམས་སྤྲོ་བར་གྱུར་ཏོ།། དགེ་སྦྱོང་དེ་ཁྱེད་ཀྱི་གྲིབ་མ་ནི་དེའོ་ཞེས་བརྗོད་ནས། གཞན་ཡང་རང་གི་རིགས་པས་བརྗོད་ཅིང་འཁོད་དོ།། བཅོམ་ལྡན་འདས་གདུགས་ཚོད་ཀྱི་མཐར ་རྗེ་སུ་ཡི་རང་བ་མཛད་ནས་གདན་ལ་བཞེངས་སྟེ་གཤེག་སོ།། གཞོན་ནུས་བདག་ལ་དགེ་སློང་ནོར་སྩལ་དུ་གསོལ། བདག་ལ་དགེ་སློང་ནོར་སུལ་དུ་གསོལ། བཅོམ་ལྡན་འདས་ཀྱི་རྗེ་སུ་འབྲང ་ནས་བཅོམ་ལྡན་འདས་ཀྱིས་གཞོན་ནུ་ཕྱིར་ལོག་ལ། ངའི་རྗེ་སུ་མ་འགྲོ་ཞེས་པ་དང་། རྗེ་སུ་འབྲང་བ་རྣམས་ཀྱང་བཅོམ་ལྡན་འདས་དང་འགྲོགས་ནས་བྱོན་ཏེ། ལྡོག་པར་མ་ནུས་ནས། གཞོནུར ་བཅོམ་ལྡན་འདས་དང་ལྷན་ཅིག་ཀུན་དགའ་ར་བ་ཉིད་དུ་ཕྱིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བསམས་པ། འདི་ཡབ་ཀྱི་ནོར་འདོད་ཅིང་འཇིག་རྟེན་པའི་ནོར་ནི་འཚེ་བ་དང་བཅས ་པ་ཡིན། དེ་ནི་གཞོན་ནུ་ལ་བྱང་ཆུབ་སྙིང་པོ་དེས་ཐོབ་པའི་འཕགས་པའི་ནོར་རྣམ་པ་བདུན་བྱི་ནོ།། འཇིག་རྟེན་ལས་འདས་པའི་ནོར་གྱི་བདག་པོ་བྱེད་པར་འགྱུར་བར་དགོངས་ནས། ཚེ་དང་ལྡན་པ ་ཤཱ་རིའི་བུ་བོས་ཏེ། དེའི་ཕྱིར་ན་ཤཱ་རིའི་བུ་ཁྱོད་ཀྱིས་གཞོན་ནུ་སྒྲ་གཅན་འཛིན་རབ་དུ་ཕྱུང་ཞེས་བརྗོད་ནས་རབ་ཏུ་བྱུང་བ་བྱསོ།། སླར་ཡང་རྒྱལ་པོ་གཞོན་ནུའི་སྡུག་བསྔལ་ཆེར་སྐྱེས་ཏེ་བསྲན ་པར་མ་ནུས་ནས། བཅོམ་ལྡན་འདས་ཀྱི་གན་སུ་ཕྱིན་ཏེ། བཙུན་པ་འཕགས་པ་མ་དང་ཕོ་ཡོས་རྗེ་སུམ་གནང་བའི་བུ་རབ་ཏུ་འབྱུང་བར་བྱེད་པ་མ་ལེག་སོ་ཞེས་དམ་པ་བསླང་སོ།། བཅོམ་ལྡན་འདས་ཀྱིས ་དེ་ལ་དམ་པ་བྱིན་ནོ།། སླར་ཡང་ཉིན་མ་གཉིས་པ་ལ་རྒྱལ་པོའི་གནསུ་གདུགས་ཚོད་གསོལ་ནས་ཕྱོགས་གཅིག་ཏུ་འཁོད།། རྒྱལ་པོས་བཙུན་པ་ཉིད་དཀར་བ་སྤྱོད་པའི་དུས་སུ ་ལྷ་གཅིག་བདག་གི་དྲུང་དུ་ཉེ་བར་འོངས་ནས་ཁྱེད་ཀྱི་བུ་དུས་ལས་འདསོ་ཞེས་སྨྲ་སོ།། དེའི་ཚིག་ལ་ཡིད་ཆེས་པ་མེད་ཅིང་། བདག་གི་སྲས་བྱང་ཆུབ་མ་ཐོབ་བར་དུ་དུས་ལས་འདའ་བར་མི་བྱེའོ།། དེའི ་ཚིག་བདག་གིས་བཀག་གོ་ཞེས་བརྗོད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟ་ཇི་ལྟར་ཁྱོད་ཡིད་ཆེས་པར་བྱེད། སྔར་རུས་པ་མཐོང་ནས་ཁྱེད་ཀྱི་བུ་ཤིའི་ཞེས་ཟེར་བ་ལ་ཡིད་ཆེས་པར་མ ་བྱསོ།། འདིའི་དོན་འབྱུང་བ་ནི་ཆོས་སྐྱོང་བ་ཆེན་པོའི་སྐྱེས་རབ་སུ་བཤདོ།། གཏམ་གྱི་མཐར་རྒྱལ་པོས་ཕྱིར་མི་འོང་བའི་འབྲས་བུ་ལ་གན་སོ།། དེ་ལྟར་བཅོམ་ལྡན་འདས་ཀྱི་ཡབ་འབྲས་བུ་གསུམ ་ལ་སོ་སོར་གནས་ནས་དགེ་སློང་གི་དགེ་འདུན་འཁོར་དུ་བྱསོ།། སླར་ཡང་རྒྱལ་པོའི་ཁབ་དུ་གཤེགས་ནས། བསིལ་བའི་ཚལ་དུ་གཞུག་སོ།། དེའི་ཚེ་ཁྱིམ་བདག་མགོན་མེད་ཟས ་སྦྱིན་གྱིས་ཤིང་རྟ་ལྔ་བརྒྱའི་ནོར་ཁྱེར་ནས་རྒྱལ་པོའི་ཁབ་དུ་རང་ཉིད་དགའ་བའི་གྲོགས་ཀྱི་ཁང་པར་སོང་སྟེ། དེས་སངས་རྒྱས་བཅོམ་ལྡན་འདས་བྱོན་ཞེས་པ་ཐོས་ནས་ཤིན་སྔ་བར་ལྷའི ་མཐུས་སྒོ་ཕྱེ་སྟེ། སྟོན་པའི་དྲུང་ཏུ་བར་སོང་ནས་ཆོས་ཐོས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ།། ཉི་མ་གཉིས་པ་ལ་སངས་རྒྱས་ལ་སོགས་པའི་དགེ་འདུན་ལ་སྦྱིན་པ་ཆེན་པོ་ཕུལ། ་གཉེན་ཡོད་དུ་གཤེགས་པའི་ཕྱིར་དུ་སྟོན་པའི་དྲུང་དུ་དམ་བཅས་བསླངས་ནས་བར་གྱི་ལམ་དཔག་ཚད་བཞི་བཅུ་རྩ་ལྔའི་གནསུ་འབུམ་ཕྲག་རེ་རེའི་ནོར་བྱིན་ནས་དཔག་ཚད་རི་རེའི་གཙུག་ལག ་ཁང་བྱསོ།། རྒྱལ་བྱེད་ཚལ་བྱེ་བ་ཕྲག་བཅོ་བརྒྱད་ཀྱི་དབྱིགས་གིས་ཉོས་ནས་ལས་ཁ་གསར་བ་བྱེད་ཅིང་དབུསུ་སྟོབས་བཅུ་པའི་དྲིའི་རྩང་ཁང་བྱེའོ།། དེ་ལ་བསྐོར་བ་རྣམས་ལ་གནས་བརྟན་ཆེན ་པོ་བརྒྱད་བཅུའི་བཞུགས་གནསོ།། ཚིག་ཐོག་དང་ཉིས་ཐོག་དང་ཁང་པ་རིང་པོ་དང་། བསྟི་གནས་ལ་སོགས་པའི་བཞུགས་གནས་དང་། རྫིང་བུ་དང་། འཆགས་དང་། མཚན་མོའི་བཞུགས་གན ་དང་ང་ཉིན་མོའི་བཞུགས་གནསོ།། བྱེ་བ་ཕྲག་བཅོ་བརྒྱད་ཀྱི་ནོར་སྤེལ་སྟེ། ཡིད་དུ་འོང་བའི་ས་ཕྱོགས་ཡིད་ལ་མཐང་པའི་གཙུག་ལག་ཁང་བྱེདོ།། སྟོབས་བཅུ་པ་བྱོན་པའི་ཕྱིར་དུ་ཕོ་ཉ་བ་བཏང་ཏེ། ་སྟོན་པས་ཕོ་ཉེ་བའི་འཕྲིན་གསན་ནས་དགེ་སློང་གི་དགེ་འདུན་ཆེན་པོ་འཁོར་དུ་བྱས་ཏེ། རྒྱལ་པོའི་ཁབ་ནས་ཕྱིར་བྱོན་ཏེ་གོ་རིམས་བཞིན་དུ་གྲོང་ཁྱེར་གཉེན་ཡོད་དུ་བྱོན་ནོ།། གཙོ་བོ་ཆེན ་པོ་ཡང་གཙུག་ལག་ཁང་ཆེན་པོ་སྟ་གོན་བྱས་ནས་དེ་བཞིན་གཤེགས་པ་རྒྱལ་བྱེད་ཚལ་དུ་བྱོན་པའི་ཉིན་མོ་བུ། རྒྱན་ཐམས་ཅད་ཀྱིས་བརྒྱན་ནོ།། སླར་ཡང་བརྒྱན་པ་ཉིད་ཀྱི ་གཞོན་ནུ་ལྔ་བརྒྱ་དང་བཅས་པ་བཏང་།། དེ་འཁོར་དང་བཅས་པ་ཁ་དོག་ལྔའི་གོས་ཡང་དག་པར་འབར་བའི་རྒྱལ་མཚན་ལྔ་བརྒྱ་ཐོགས་སྟོབས་བཅུ་པའི་མདུན་དུ་སོང་བར་གྱུར་ཏོ།། དེ་རྣམས ་ཀྱི་ཕྱི་མ་ལ་ལེགས་བཟང་ཆེན་མོ་དང་། ལེགས་བཟང་མ་ཆུང་བ་དེ་བུ་མོ་གཉིས། གཞོན་ནུ་མ་ལྔ་བརྒྱ་དང་བཅས་པ་གསེར་གྱིས་གང་བའི་བུམ་པ་ལག་པར་ཐོགས་ནས་ཕྱིར་འཐོན་ནོ།། དེའི་ཕྱི ་མ་ལ་ཚོང་དཔོན་གྱི་ཆུང་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་བུས་མེད་ལྔ་བརྒྱ་དང་བཅས་པ་གསེར་གྱིས་གང་བའི་སྡེར་མ་ཆེན་པོ་ཐོགས་ནས་ཕྱིར་འཐོན་ཏོ།། ཐམས་ཅད་ཕྱིན་ནས་ཚོང་དཔོན་རང ་གཉིད་གོས་པབཟང་པོ་གྱོན།། དེ་བཞིན་དུ་གོས་བཟང་པོ་གྱོན་པའི་ཚོང་དཔོན་ལྔ་བརྒྱ་དང་བཅས་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ངོ་།། བཅོམ་ལྡན་འདས་ཀྱི་འཁོར་དགེ་བསྙེན་འདི། ་རྣམས་མདུན་དུ་བྱས་ནས། དགེ་སློང་གི་དགེ་འདུན་ཆེན་པོ་རྣམས་འཁོར་དུ་བྱས་ཏེ། རང་ཉིད་ཀྱི་སྐུ་ལུས་ཀྱི་འོད་ཀྱིས་གསེར་གྱི་བཅུད་ཀྱི་གོང་བུ་ལྟ་བུ་དང་མཚུངས་པ་དང་།། ནགས་ཚལ་གྱི་བར ་དུ་སྣང་བར་མཛད་ཅིང་མཐའ་ཡས་པའི་སངས་རྒྱས་ཀྱི་རོལ་པ་སངས་རྒྱས་ཀྱི་དཔལ་ཟླ་མེད་ཅིང་མཚུངས་པ་མེད་པ་རྒྱལ་བྱེད་ཚལ་གྱི་ནང་དུ་བྱོན་ནོ།། དེ་ནས་མགོན་མེད་ཟས་སྦྱིན་གྱིས་ཞུས ་པ་བཙུན་པ་གཙུག་ལག་ཁང་འདི་ཇི་ལྟ་བུ་ལ་དབུལ་བར་བགྱི། ཁྱིམ་བདག་གཙུག་ལག་ཁང་འདི་འོང་བ་དང་འགྲོ་བའི་དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་ཅིག། ལེགསོ་བཅོམ་ལྡན ་འདས་ཞེས་ཚོང་དཔོན་ཆེན་པོས་གསེར་གྱི་རིལ་པ་སྤྱི་བླུགས། བླངས་ནས་སྟོབས་བཅུ་པའི་ཕྱག་ཏུ་ཆུ་བསྒྲེངས་ཏེ་རྒྱལ་བྱེད་ཚལ་གྱི་གཙུག་ལག་ཁང་འདིའི་འགྲོ་བ་དང་འོངས ་པའི་ཕྱོགས་བ་ཞིའི་སངས་རྒྱས་ལ་སོགས་པའི་དགེ་འདུན་ལ་སྦྱིན་ཞེས་ཕུ་ལོ།། སྟོན་པས་གཙུག་ལག་ཁང་བཞེས་ནས་རྗེ་སུ་ཡི་རང་བ་མཛད་དོ།། གྲང་དང་དྲོ་བས་མི་ཉམས་ཤིང་།། དེ་ལྟར ་རི་དྭག་ས་ལ་སོགས་པའི།། སྡིག་སྦྲུལ་དང་ནི་སྦྲང་བུ་དང་།། བ་མོ་དང་ན་ཆེར་བསོ།། དེ་ལྟར་རླུང་དང་ཤིན་དུ་དྲོ།། སོ་སོར་ལུས་ལ་གོས་པ་དང་།། ཁང་ནང་གནས་ནས་བདེ་བ་སྐྱེས།། ཁང་པར་བསམ ་གཏན་ལྷག་མཐོང་རྣམས།། དགེ་འདུན་གཙུག་ལག་ཁང་འབུལ་བ།། སངས་རྒྱས་མཆོག་གིས་བསྔགས་པར་མཛད།། སྐྱེས་བུ་མཁས་པས་དེའི་ཕྱིར། བདག་ཉིད་ཀྱི་ནི་ཕྱིར་དུ་ནི།། དགའ་བས ་གཙུག་ལག་ཁང་བྱེད་པ། མང་དུ་ཐོས་པ་གནས་པ་ཡིན། དེ་རྣམས་ཅིན་བཔའ་དང་བཏུང་།། གོས་དང་མལ་ཆ་སྟན་དང་ནི། རྣམས་སེམས་ནི་དྲང་པོས་དབུལ།། རབ་ཏུ་དང་པའི་སེམས་ཀྱིསོ།། ་དེས་ནི་དེ་ལ་ཆོས་བསྟན་ཏོ།། སྡུག་བསྔལ་ཐམས་ཅད་ཉེར་ཞིའི་ཕྱིར།། གང་དེའི་ཆོས་ནི་རྟོགས་པ་དང་།། རྟེན་མེད་མྱ་ངན་འདས་པར་བྱེད།། ཅེས་བྱ་བའི་གཙུག་ལག་ཁང་གི་ཕན་ཡོན་བཤད།། ་མགོན་མེད་ཟས་སྦྱིན་གྱིས་ཉི་མ་གཉིས་པ་ནས་བཟུང་ནས་སྦྱིན་པ་གཏོང་བའི་མགོ་བརྩམ་སོ།། ས་ཁམས་བྱས་པའི་ཁང་བཟང་ནི་ཟླ་བ་བཞིས་གྲུའོ།། སླར་ཡང་མགོན་མེད་ཟས་སྦྱིན་གྱི་གཙུག་ལག ་ཁང་ཆེན་པོ་ཟླ་བ་དགུས་གྲུབ་བོ།། གཙུག་ལག་ཁང་ཆེན་པོ་ལ་ཡང་བྱེ་བ་སྟོང་ཕྲག་བཅོ་བརྒྱང་ཉིད་སོང་ངོ་།། འདི་ལ་གཙུག་ལག་ཁང་ཆེན་པོ་འདི་ཉིད་ལ་བྱེ་བ་ཕྲག་ལྔ་བཅུ་རྩ་བཞིའི་ནོར་ཡོངསུ ་བཏང་ངོ་།། སླར་ཡང་འདས་པའི་བཅོམ་ལྡན་འདས་རྣམ་པར་ག། ཐིགས་ཀྱི་དུས་སུ་ཚོང་དཔོན་ཀུན་གྱི་གྲོགས་ཞེས་བྱ་བས་གསེར་གྱི་གླང་པོའི་རྐང་པའི་རྨིག་རྗེས་ལྟ་བུའི་ས་གན ་ཉོས་ནས།། གནས་འདི་ཉིད་དུ་དཔག་ཚད་གཅིག་གི་དགེ་འདུན་གྱི་ཀུན་དགའ་ར་བ་བྱའོ།། བཅོམ་ལྡན་འདས་གཙུག་ཏོར་ཅན་གྱི་དུས།། དཔལ་འཕེལ་ཞེས་བྱ་བའི་ཚོང་དཔོན་གྱི་བུས་གསེར་གྱི་སྡེར ་མ་རྒྱུན་མི་འཆད་པས་ཉོས་པའི་ས་གཞིའི་གནས་དེ་ཉིད་རྒྱང་གྲགས་བཅུ་གཉིས་ཀྱི་ཚད་ཙམ་གྱི་དགེ་འདུན་གྱི་ཀུན་དགའ་ར་བ་བྱསོ།། བཅོམ་ལྡན་འདས་ཐམས་ཅད་སྐྱོབ་ཀྱི་དུས་སུ་ཚོང ་དབེན་བཀྲ་ཤིས་ཞེས་བྱ་བས་གསེར་གྱི་ས་གཞི་གསེར་གྱི་རྐང་པའི་རྗེས་ལྟ་བུའི་ས་གཞི་ཉོས་ནས་གནས་དེ་ཉིད་དུ་དཔག་ཚད་ཕྱེད་ཀྱི་དགེ་འདུན་གྱི་ཀུན་དགའ་ར་བ་བྱསོ།། བཅོམ་ལྡན་འདས་ལོག ་པ་དང་སེལ་གྱི་དུས་ཚོང་དཔོན་འཕོ་བ་མེད་པ་ཞེས་བྱ་བས་གསེར་གྱི་ཕ་གུ་ལྟ་བུ་རྒྱུན་མི་འཆད་པའི་ས་གཞི་ཉོས་ནས་གནས་དེ་ཉིད་དུ་རྒྱང་གྲགས་བཞིའི་ཚད་ཀྱི་དགེ་འདུན། ་གྱི་ཀུན་དགའ་ར་བ་བྱསོ།། བཅོམ་ལྡན་འདས་གསེར་ཐུབ་ཀྱི་དུས་སུ་ཚོང་དཔོན་དྲག་པོ་ཞེས་བྱ་བས་གསེར་གྱི་རུས་སྦལ་རྒྱུན་མི་འཆད་པ་ལྟ་བུའི་ས་གཞི་ཉོས་ནས་གནས་དེ་ཉིད་དུ་རྒྱང་གྲགས་གཉིས ་ཀྱི་ཚད་ཀྱི་ཀུན་དགའ་ར་བ་བྱསོ།། བཅོམ་ལྡན་འདས་འོད་བསྲུང་གི་དུས་ཚོང་དཔོན་བཀྲ་ཤིས་བཟང་པོ་ཞེས་བྱ་བས་གསེར་གྱི་ཕ་གུ་རྒྱུན་མི་འཆད་པ་ལྟ་བུས་ས་གཞི་ཉོས་ནས་གནས་དེ་ཉིད་དུ ་རྒྱང་གྲགས་གཅིག་གི་ཚད་ཀྱི་ཀུན་དགའ་བ་བྱསོ།། སླར་ཡ་དང་བདག་ཅག་གི་བཅོམ་ལྡན་འདས་ཀྱི་དུས་སུ་ཚོང་དཔོ་ན་མགོན་མེད་ཟས་སྦྱིན་གྱིས་བྱེ་བ་ཕྲག་བཅོ་བརྒྱད་ཀྱི ་དབྱིག་གིས་གསེར་གྱི་འདྲ་མེན་དུ་བྱས་པ་རྒྱུན་མི་འཆད་པ་ལྟ་བུས་ས་གཞི་ཉོས་ནས་གནས་དེ་ཉིད་དུ་རྒྱང་གྲགས་ཕྱེད་ཀྱི་ཀུན་དགའ་ར་བ་བྱསོ།། གནས་འདི་སངས་རྒྱས ་ཐམས་ཅད་ཀྱིས་མ་སྤངས་པའི་གནས་ཡིན་ནོ།། འདི་ལྟར་བྱང་ཆུབ་ཆེན་པོའི་སྙིང་པོའི་དྲུང་དུ་ཐམས་ཅད་མཁྱེན་པའི་ཡིས་ཐོབ་པ་ཇི་སྲིད་པ་ནས་ཡོངསུ་མྱ་ངན་ལས་འདས་པའི་མཐར་ཐུགས་པ་དེ་སྲིད་དུ་གང ་དང་གང་གི་གནསུ་བཅོམ་ལྡན་འདས་བདག་བཞུགས་པ་འདི་ནི་ཉེ་བའི་གླེང་གཞི་ཞེས་བྱ་བའོ།། དེའི་ལུས་ཀྱིས་སྐྱེས་རབས་ཐམས་ཅད་དུ་བསྔགས་པར་མཛད།། སྐྱེས་པ་རབས་ཀྱི་གླེང་གཞི་བཤད་པ་རྫོག་སྷོ།། ་བཎྜི་ཏ་ཨཱ་ནནྡ་ཤཱའི་ན་བ་སྔ་ནས་དང་། མང་དུ་ཐོས་པའོ་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས།། སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ ་བསྒྱུར་ཅིང་ནུས་སྟེ་གཏན་ལ་བབ་པའོ།། སའི་སྟེང་དུ་ཉི་ཟླ་ལྟར་གྱུར་ཅིག། 6་རྒྱ་གར་སྐད་དུ། ཨཱ་རྠན་ཊི་ཡ་སཱུ་ཧཱ། བོད་སྐད་དུ། ལྕང་ལོ་ཅན་གྱི་ཕོ་བྲང་གི་མདོ།། འཕགས་པ་དཀོན་མཆོག་གསུ། ་