CLOSE WINDOW

L202: las rnam par 'byed pa
Wyliee-texts produced with BDRC’s OCR application

པ། ཚིགས་བཅུ་གཅིག་པ་སྟེ། ལས་གདགས་པ་བཤད་པ་གསུམ་པ་རྫོགས་སུ།། རྒྱ་གར་སྐད་དུ། ཀརྨྨའི་བླང་ཀ། བོད་སྐད་དུ། ལས ་རྣམ་པར་འབྱེད་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་མ ་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་། ཤམ་ཐབས་བནབས ་ལྷུང་བཟེད་བསྣམས་ཏེ། མཉན་དུ་ཡོད་པར་བསོད་སྙོམས་ཀྱི་ཕྱིར་གཤེགས་ནས། མཐར་ཆགསུ་མཉན་དུ་ཡོད་པར་བསོད་སྙོམས་བཞེས་ཏེ། ཏེའུ་ཏེ་ཡའི་བུ་བྲམ་ཟེའི ་ཁྱེའུ་ནེ་ཙོའི་ཁྱིམ་ག་ལ་བ་དེར་གཤེག་སོ།། དེའི་ཚེ་ཏེའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོའི་ཁྱིམ་དེ་ན། ཁྲི་རས་ཀོ་ནི་ཀ་བཏིང་བའི་སྟེང་ན། ཁྱི་དུང་ཞེས་བྱ་བ་འདུག་སྟེ། ཁར་གནོད ་རྡོ་བ་ཁར་བླངས་པ་ལ། འབྲས་ཅན་དང་། ཤ་བསྲེས་པའི་ཁྲུད་མ་འཐུང་བ་ལས། ཁྱི་དུང་གིས། བཅོམ་ལྡན་འདས་སྒོ་དྲུང་ན་བཞུགས་པ་མཐོང་སྟེ། མཐོང་ནས་ཀྱང་འའུ་ཞེས ་གཟུག་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱི་དུང་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། ཁྱི་དུང་ཁྱོད་ཀྱི་ཞེས་བྱ་བ་ལས་འའུ་ཞེས་གཟུགས་པར་གྱུར་ན། དེས་ཀྱང་མ ་དུལ་ལམ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཁྱཽ་དུང་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ། ཡིད་མ་རངས་ནས་རས་ཀོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། ཁྲིའི་འོག་ན། ག ་ཁུང་གི་ཤིང་གི་ཝལ་འདུའོ།། དེའི་ཆ་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ན་རྩོ་བྱ་བ་ཞིག་གི་ཕྱིར། ཕྱི་རོལ་ཏུ་བྱུང་བ་ལས། དེ་ནས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་བྱིའུ་ནེ་ཙེ་སླར་ལོག་དང་། ་ཏེ་ལའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙེས་ཁྱི་དྲུང་ཁྲིའི་འོག་ན་གཏོར་ཁུང་གཽ་ལ་ལ་འདུག་པ་མཐོང་ངོ་།། མཐོང་ནས་ཀྱང་མང་མི་ལ། སྨྲས་པ། ཁྱོད་ཀྱིས་ཁྱི་དུང་འོད་ལ་ཅི་ཞིག་སྨྲས ་བདག་ཅག་གང་གིས་ཀྱང་བྱི་དུང་ལ་ཅི་ཡང་མ་སྤྲའོ།། དེ་ལྟ་ལགས་མོད་ཀྱི་དགེ་སྦྱོང་གི་རུང་མཁྱེན་པར་གྱུར་ཏེ། བྱི་དུང་གིས་དགེ་སྦྱོང་གོའུ་ཏམ་སྒོ་དྲུང་ན་བཞུགས ་པ་མཐོང་ངོ་།། མཐོང་ནས་ཀྱང་འའུ་ཞེས་གཟུགས་པ་དང་། དགེ་སྦྱོང་གོའུ་ཏ་མས། དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱི་དུང་ཁྱོད་ཀྱི་ཞེས་བྱ་བ་ལས་ལེའུ་ཞེས་ཟུགས་པར ་གྱུར་ན། དེས་ཀྱང་མ་དུལ་ལམ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཁྱི་དུང་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ་ཡི་མ་རངས་ནས། རས་ཀོ་ནི་ཀ་གཏིང་བའི་བྲི་ལས་བབས་ཏེ། བྲིའི་འོག ་ན་གཏོར་ཁུང་གི་ཤིང་གི་ཝ་ལ་འདུའོ།། དེ་ནས་བྲམ་ཟེའི་ཁྱེའུ་ནེ་ཙོ་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ། ཡི་མ་རངས་ནས། མཉན་དུ་ཡོད་པ་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི ་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་དེར་སོང་ངོ་།། དེའི་ཚེ་བཅོམ་ལྡན་འདས་དགེ་སློང་བརྒྱ་ཕྲག་དུ་མའི་འཁོར་གྱི་མདུན་ཆོས་སྟོན་ཅིང་བཞུགས་ཏེ། བཅོམ ་ལྡན་འདས་ཀྱིས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་མེ་ཙོ་རྒྱང་རིང་པོ་ནས་འོང་བ་གཟིགས་སོ།། གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཏོའུ་ཏེ་ཡའི་བུ ་བྲམ་ཟེའི་ཁྱིའུ་ནེ་ཙོ་རྒྱང་རིང་པོ་ནས་འོང་བ་མཐོང་ངམ། བཙུན་པ་དེ་ལྟ་ལག་སོ།། གལ་ཏེ་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་འདིའི་ཚེ་འཆི་བའི་དུས་བྱས་པར་གྱུར་ན་ནི། ལུས་དང ་བྲལ་ནས་ཤི་བའི་འོག་ཏུ། དཔེར་ན། མདའ་སྟེའུ་ཀ་འཕངས་པ་དེ་བཞིན་དུ། ངན་སོང་ངན་འགྲོ་རྣམ་པར་ལྟུང་བ། སེམས་ཅན་དམྱལ་བ་རྣམ་སུ་སྐྱེ་བར་འགྱུར་ཏེ། འདི་དག་འདི ་ལ་སེམས་རབ་ཏུ་བྲོས་པའི་ཕྱིར་རོ།། སེམས་རབ་ཏུ་ཁྲོས་པའི་རྒྱུས། དེ་ལྟར་འདི་ནི་སེམས་ཅན་ཁ་ཅིག་ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་རྣམ་པར་ལྟུང་གསེམ ་ཅན་དམྱལ་བ་རྣམསུ་སྐྱེ་བར་འགྱུར་རོ།། དེ་ནས་དགེ་སློང་ཞིག་གིས་དེའི་ཚེ། ཚིག་སུ་བཅད་དེ་སྨྲས་པ། འདི་ན་གང་ཟག་ཁ་ཅིག་ནི།། རབ་ཏུ་སེམས་ཁྲོས་གྱུར་གཟིགས་ནས།། ་སྟོན་པས་དགེ་སློང་ཚོགས་རྣམས་ལ།། དོན་དེ་ཉིད་ནི་ལུང་བསྟན་ཏོ།། ཀྱེ་མ་གསོན་པའི་མི་འདི་ནི།། ད་མི་ཆི་བའི་དུས་བྱེད་ན།། དེ་ཡི་སེམས་ནི་ཁྲོས་པའི་ཕྱིར།། སེམ་ཅན་དམྱལ ་བ་རྣམསུ་སྐྱེ། དེ་བཞིན་གཤེགས་ལ་སེམས་ཁྲིས་པ།། དེའི་རྒྱུས་ནི་སེམས་ཅན་རྣམས།། དཔེར་ན་མངའ་ནི་འཕངས་པ་བཞིན།། དེ་ལྟར་ངན་འགྲོར་འགྲོ་བར་འགྱུར།། དེ་ནས ་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་དང་། ལྷན་ཅིག་ཏུ་མངོན་ཏུ་ཀུན་དགའ་བར་བྱ་བ་དང་། ཡང ་དག་པར་ཆགས་པར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ།། ཏོའུ་ཏ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གོའུ་ཏ་མ་ཁྱོད་བདག་གི་ཁྱིམ་དུ་བྱོན་ཏམ། བྲམ་ཟེའི་ཁྱེའུ་ཕྱིན་ཏོ།། གོའུ་ཏ་མ་ཁྱོད་ཀྱིས་བདག་གི་ཁྱི་དུང་ལ། ཅི་ཞིག་མ་གསུངས་སམ། ་བྲམ་ཟེའི་ཁྱེའུ་ང་འདིར་སྔ་དྲོ་ཆོས་གོས་དང་ཤམ་ཐབས་འགོས་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། མཐར་གྱིས་མཉམ་དུ་ཡོད་པ ་བསོད་སྙོམས་བླངས་ནས། ཁྱོད་ཀྱི་ཁྱིམ་ག་ལ་བ་དེར་སོང་སྟེ། ཕྱིན་ནས། སྒོ་དྲུང་ན་འདུག་པ་དང་། དེའི་ཚེ་ཁྱི་དུང་རས་ཀོ་ནི་ཀ་བཏིང་བའི་ཁྲིའི་སྟེང་ན་འདུག་ཅིང་། ་ཁར་གནོང་རྡོ་བའི་ཁར་བླངས་པ་ལ། འབྲས་ཅན་དང་ཤ་བསྲེས་པའི་ཁྲུད་མ་འཐུང་བ་ལས། ཁྱི་དུང་གིས་ང་སྒོ་དྲུང་ན་འདུག་པ་མཐོང་སྟེ། མཐོང་ནས་ཀྱང་གཟུགས་པ་དང་། ངས་དེ ་ལ་སྨྲས་པ་གྱི་དུང་ཁྱོད་ཀྱེ་ཞེས་བྱ་བ་ལས་འའུ་ཞེས་ཟུགས་པར་གྱུར་ན། དེས་ཀྱང་མ་དུལ་ལམ་ཞེས་དེ་སྐད་ཅེས་སྨྲས་པ་དང་། ཁྱི་དུང་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ་ཡི་མར ་ནས། རས་ཀ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། ཁྲིའི་འོ་ག་ན་ག་། གི་ཝ་ལ་འདུག་གོ།། གོའུ་ཏམ་ཁྱོད་ཀྱིས་བྱི་དུང་ཆེ་སྔ་མ་ལ་བདག་གི་ཅིར་མཆི་མཁྱེན་མ ་བྲམ་ཟེའི་ཁྱེའུ་ཁ་རོག་འདུག་ལ་ང་ལ་དོན་འདི་མ་འདྲི་ཤིག། ཁྱོད་ཀུན་ཏུ་གནོད་སེམསུ་འགྱུར་བ་དང་། མི་བཟོད་བ་དང་། སེམས་ཡིད་མི་བདེ་བར་འགྱུར་དུ་འོང་ངོ་།། ལན་གཉིས ་ལན་གསུམ་དུ་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཆོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གོའུ་ཏ་མ་ཁྱོད་ཀྱིས་བྱི་དུང་ཚེ་སྔ་མ་ལ་བདག་གི་ཅིར་མོ་ཆེ་མ་ཁྱེན་ཏམ ་ལྡན་འདས་ཀྱིས་ཀྱང་ལན་གཉིས་ལན་གསུམ་དུ། ཏོ་རུ་ཏ་ཡེའི་བུ་བྲམ་ཟེའི་ཁྱེའུ་མཅོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྲམ་ཟེའི་ཁྱེའུ་ཁ་རོག་འདུག་ལ། ང་ལ་དོན་འདི་མ ་ཤིག། ཁྱོད་ཀུན་ཏུ་གནོང་སེམ་བུ་འགྱུར་བ་དང་། མི་བཟོད་པ་དང་། སེམས་ཡིད་མི་བདེ་བར་འགྱུར་དུ་འོང་ངོ་།། བྲམ་ཟེའི་ཁྱེའུ་ཁྱོད་ལན་གསུམ་གྱི་བར་དུ་དོན་འདི་ངེས་པར་མཐོག ་པས། འདྲིན་དེའི་ཕྱིར་བྲམ་ཟེའི་ཁྱེའུ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ།། བྲམ་ཟེའི་ཁྱེའུ་ཁྱོད་ཀྱི་ཕ་ཏོའུ་ཏེ་ཡ་གང་ཡིན་པ་དེ་ལུས་དང་བྲལ་ནས། དམན་པ ་ཁྱིའི་གནསུ་སྐྱེསོ།། ཀྱེ་གོའུ་ཏ་མ་བདག་གི་པ་ཏོའུ་ཏེ་ཡ་ནི་མཆོད་སྦྱིན་བགྱིས་པ། སྦྱིན་བསྲེག་བགྱིས་པ། མཆོད་སྡོང་བསྒྲེང་བ་ལགས་ན། དེ་ཅིའི་སླད་དུ་འདི་ལྟར་འགྱུར།། དེ་ནི་ལུས ་དང་བྲལ་ནས། ཚངས་པའི་འཇིག་རྟེན་བཟང་པོར་སྐྱེ་བར་འགྱུར་རོ།། བྲམ་ཟེའི་ཁྱེའུ་ཁྱོད་ཀྱི་བ་ཏོའུ་ཏེ་ཡ་ནི། ང་རྒྱལ་ལས་ང་རྒྱལ་ཉིད་ཀྱིས་དམན་པ་ཁྱིའི་གནས་སྐྱེསོ།། བྲམ་ཟེའི ་ཁྱེའུ་གལ་ཏེ་ངས་སྨྲས་པ་ལ་ཡིད་མི་ཆེས་ན། བྲམ་ཟེའི་ཁྱེའུ་ཁྱོད་དེའི་ཕྱིར་རང་གི་ཁྱིམ་དུ་སོང་ལ་ཕྱིན་པ་དང་། ཁྱི་དུང་ལ་འདི་སྐད་དུ་གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་ཏེ་ཡར ་གྱུར་པ་ལྡ་ན། ར་ས་ཀོ་ནི་ཀ་བཏིང་བའི་ཁྲི་ལ་འདུག་ཤིག་ཏུས་སྨྲོས་ཤིག། ཁྲི་ལ་འདུག་པ་དང་ཚིག་འདི་སྐད་དུ་གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་པ་ཙའུ་ཏེ་ཡ ་གྱུར་པ་ལྔ་མཁར་གནོང་རྡོ་བའི་ཁར་བླངས་པ་ལ་འབྲས་ཅན་དང་ཤ་བསྲེས་པའི་ཁྲུང་མ་འཐུངས་ཤིག་ཅེས་སྨོས་ཤིག། འཐུང་ན་དེ་ལ་ཚིག་འདི་སྐད་དུ་གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ ་ཕ་ཧོའུ་ཏེ་ཡང་གྱུར་པ་ལྟ་ན། ཁྱོད་འཆི་བའི་དུས་ཀྱི་ཚེ། བདག་དབང་བ་གང་ཡོད་པ་ང་ལ་མ་བསྟན་པ་དེ་སྟོན་ཅིག་ཅེས་སྨྲོས་ཤིག་དང་སྟོན་པར་འགྱུརརོ།། དེ་ནས་དོའུ་ཏེ་ཡའི་བུ་བྲམ་ཟེའི ་ཁྱེའུ་ན་ཙོས་བཅོམ་ལྡན་འདས་ཀྱིས་གསུངས་པ་བཟུང་སྟེ་ཀུན་ཆུབ་པར་བྱས་ནས། རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཁྱི་དུང་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་བྱི་དུང ་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་ཏེ་ཡར་གྱུར་པ་ལྟ་ན། རས་ཀོ་ནི་ཀ་བཏིང་བའི་བྲིལ་འདུག་ཤིག། ཁྲི་ལ་འདུག་ནས། དེ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་ཁྱི་དུང ་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་ཏེ་ཡར་གྱུར་པ་ལྟ་ན། ཁར་གཞོང་རྡོའི་ཁར་བླངས་པ་ལ་འབྲས་ཅན་དང་། ཤ་བསྲེས་པའི་ཁྲུད་མ་འཐུངས་ཤིག། འཐུངས་ནས་དེ་ལ་འདི་སྐད ་ཅེས་སྨྲསོ།། གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་ཏེ་ཡར་གྱུར་པ་ལྟ་ན། ཁྱོད་འཆི་བའི་དུས་ཀྱི་ཚེ། བདག་དབང་བ་གང་ཡོད་པ་ང་ལ་མ་བསྟན་པ་དེ་སྟོན་ཅིག། དེ་ནས་ཁྱི་དུང ་རས་ཀོ་ནི་ཀའི་བཏིང་བའི་ཁྲི་ལས་བབས་ཏེ། གནས་ཁྱིམ་རྙིང་པ་ཞིག་ཡོད་པ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཁྲིའི་ནང་པ་བཞིའི་གནསུ་རྐང་ལག་གི་སྡེར་མོས ་འབྲུའོ།། འབུ་སུ་ནི་སྣས་སྣོམ་མོ།། ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཅོས། དེ་ནས་གསེར་དངུལ་བརྡུངས་པ་དང་། སི་ལ་མ་ལྕགས་བཟངས་བཞི་དང་། དབུས་ནས་གསེར་གྱི ་བ་དང་། རིལ་བ་རྙེད་དོ།། དེ་ནས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ན་ཙོས། གསེར་དེ་སྦས་ནས་དགའ་མགུ་ཞིང་རབ་ཏུ་དགའ་སྟེ་རངས་ནས། དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། མཉན་དུ་ཡོད ་པ་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་།། དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་ཆོས་བསྟོན་ཅིང་བཞུགས་ཏེ། བཅོམ་ལྡན་འདས་ཀྱི ་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཅོ་རྒྱང་རིང་པོ་ནས་འོང་བ་གཟིག་སོ།། གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཏོའུ་ཏ་ཡའི་བུ་བྲམ་ཟེའི ་ཁྱེའུ་ནེ་ཙོ་རྒྱང་རིང་པོ་ནས་འོང་བ་མཐོང་ངམ། བཙུན་པ་དེ་ལྟ་ལག་སོ།། གལ་ཏེ་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་འདིའི་ཚེ་འཆི་བའི་དུས་བྱས་པར་གྱུར་ན་ནི། དཔེར་ན་མདའ ་སྟེའུ་ཀ་འཕངས་པ་དེ་བཞིན་དུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། འདི་ལྟར་དེས་ང་ལ་སེམས་དད་པར་བྱས་པའི་ཕྱིར་རོ།། དགེ་སློང་དག་སེམ ་དད་པའི་རྒྱུས། དེ་ལྟར་འདི་ན་སེམས་ཅན་ཁ་ཅིག་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། དེ་ནས་དགེ་སློང་ཞིག་གིས་དེའི་ཚེ ་ཚིག་སུ་བཅད་དེ་སྨྲས་པ།། འདི་ནི་གང་ཟག་ཁ་ཅིག་ནི།། རབ་ཏུ་སེམས་དང་གྱུར་གཟིགས་ནས།། སྟོན་པས་དགེ་སློང་ཚོགས་རྣམས་ལ།། དོན་དེ་ཉིད་ནི་ལུང་བསྟན་ཏོ།། ཀྱེ་མ་གསོན ་པའི་མི་འདི་ནི།། ད་ནི་འཆི་བའི་དུས་བྱེད་ན།། དེའི་སེམས་ནི་དད་པའི་ཕྱིར།། ལྷ་རྣམས་ནང་དུ་སྐྱེ་བར་འགྱུར་ར།། དེ་བཞིན་གཤེགས་ལ་སེམས་དད་པ།། དེ་ཡི་རྒྱུས ་ན་སེམས་ཅན་རྣམས།། དཔེར་ན་མདའ་ནི་འཕངས་པ་བཞིན།། དེ་ལྟར་བཟང་འགྲོར་འགྲོ་བར་འགྱུར།། དེ་ནས་ཏོའུ་ཏེ། ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་བཅྡོཾས་ག་ལ་བ་དེར་སོང་སུ ་ཕྱིན་པ་དང་། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་མདུན་དུ་ཀུན་དགའ་བར་བྱ་བ་དང་། ཡང་དག་པར་ཆགས་པར་བྱ་བའི་གཏན་རྣམ་པ་མང་པོ་བྱས་ནས། ཕྱོགས་གཅིག་ཏུ་འདུག།། ཏོའུ ་ཡའི་བུ་བྲམ་ཟེའི་བྱེའུ་ནེ་ཙོ་ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། བྲམ་ཟེའི་ཁྱེའུ་ཅིངས་ཇི་ལྟར་ལུང་བསྟན་པ་དེ་དེ་བཞིན་དུ་འགྱུར ་། ཏམ། ཀྱེ་གོའུ་ཏ་མ་མང་དེ། ཇི་ལྟར་གོའུ་ཏམ་ཁྱོད་ཀྱིས་ཁྱི་དུང་ལུང་བསྟན་པ་དེ་དེ་བཞིན་ནོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སྐད་དུ་སྐབས་དབྱེ་བར་གནང་ན། ་གོའུ་ཏ་མ་ཁྱོད་ལ་བདག་ཞུ་བ་གཞན་འགའ་ཞིག་ཀྱང་ཞུའོ།། བྲམ་ཟེའི་ཁྱེའུ་ཅི་འདོད་པ་དྲིས་ཤིག་ཀྱེ་གོའུ་ཏ་མ་རྒྱུ་གང་དང་རྐྱེན་གང་གིས་འདིར་སེམས་ཅན་ཁ་ཅིག་ཚེ་ཐུང་བ ་དང་། ཚེ་རིང་བ་དང་། ནད་མང་བ་དང་། ནད་ཉུང་བ་དང་། མདོག་སྡུག་པ་དང་། མདོག་མི་སྡུག་པ་དང་། དབང་ཆུང་བར་གྲགས་པ་དང་། དབང་ཆེ་བར་གྲགས་པ་དང་། རིགས་བཙུན ་པ་དང་། རིགས་དམའ་བ་དང་། ཚིག་བཟུང་བར་འོས་པ་དང་།། ཚིག་བཟུང་བར་མི་འོས་པ་དང་། ལོངས་སྤྱོད་ཆེ། བ་དང་། ལོངས་སྤྱོད་ཆུང་བ་དང་། ཤེས་རབ་འཆལ་པ་དང་། ་ཤེས་རབ་ཆེན་པོར་གྱུར་པ། ཀྱེ་གོའུ་ཏ་མ་ལས་གང་གི་རྣམ་པར་སྨིན་པས། སེམས་ཅན་འདི་དག་ལས་སྣ་ཚོག་སུ་གདའ། བྲམ་ཟེའི་ཁྱེའུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ ་ཡིད་ལ་ཟུང་ཤིག་དང་བཤད་དོ།། བྲམ་ཟེའི་ཁྱེའུ་སེམས་ཅན་རྣམས་ནི་ལས་བདག་གིར་འགྱུར་བ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་ཅན་ལས་ལ་སྟོན་པ་སྟེ། བྲམ ་ཟེའི་ཁྱེའུ་སེམས་ཅན་རྣམས་ནི་ལས་ཀྱིས་འདི་ལྟ་སྟེ། དམན་པ་དང་། མཆོག་དང་འབྲིང་དང་། མཆོག་དང་མཐོན་པོ་དང་། དམའ་བ་དང་། ངན་པ་དང་། བཟང་པོ་རྣམསུ་རྣམ་པར་ཕྱེའོ།། ་གོའུ་ཏ་མ་ཁྱོད་ཀྱིས་མདོར་བཤད་དོ་རྣམ་པར་མ་ཕྱེད་པ་འདི་བདག་གིས་དོན་རྒྱ་ཆེར་མ་འཚལ་ཏོ།། བྲམ་ཟེའུ་ཁྱེའུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང ་བཤད་དོ།། སེམས་ཅན་རྣམས་ཀྱི་ལས་སྣ་ཚོགས་དང་། ཉོན་མོངས་པ་སྣ་ཚོགས་དང་། ལྟ་བ་སྣ་ཚོགས་དང་། སྤྱོད་པ་སྣ་ཚོགས་རིག་ནས། ལས་ནག་པོ་དང་། དཀར་པོ་རྣམས་ཀྱི་འབྲས ་བུ་རྣམས་པར་སྨིན་པ་བརྗོད་པ་བྱ་སྟེ། བྲམ་ཟེའི་ཁྱེའུ་ལས་ནག་པོས་ནི་ངན་སོང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་ཀྱི་ནང་དུ་སྐྱེའོ།། ལས་དཀར་པོས་ནི ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེའོ།། བྲམ་ཟེའི་ཁྱེའུ་ཚེ་ཐུང་བར་འཐུང་བར་འགྱུར་བའི་ལས་ཀྱང་ཡོད། ཚེ་རིང་བར་འགྱུར་བའི་ལས་ཀྱང་ཡོད་ནད་མང་བར་འགྱུར་བའི་ལས་ཀྱང་ཡོད། ་ན་ཉུང་བར་འགྱུར་བའི་ལོས་ཀྱང་ཡོད། མདོག་མི་སྡུག་པར་འགྱུར་བའི་ལས་ཀྱང་ཡོད། མཛེས་པར་འགྱུར་བའི་ལས་ཀྱང་ཡོད། དབང་ཆུང་བར་གྲགས་པར་འགྱུར་བའི་ལས ་ཀྱང་ཡོད། དབང་ཆེ་བར་གྲགས་པར་འགྱུར་བའི་ལས་རྒྱ་ང་ཡོད། རིགས་བཙུན་པར་འགྱུར་བའི་ལས་ཀྱང་ཡོད། རིགས་དམའ་བར་འགྱུར་བའི་ལས་ཀྱང་ཡོད། ལོང་སྤྱོད ་ཆེན་པོར་འགྱུར་བའི་ལས་ཀྱང་ཡོད། ལོངས་སྤྱོད་ཆུང་བར་འགྱུར་བའི་ལས་ཀྱང་ཡོད། ཤེས་རབ་འཆལ་བར་འགྱུར་བ་འི་ལས་ཀྱང་ཡོད། ཤེས་རབ་ཆེན་པོར་འགྱུར་བའི་ལས་ཀྱང ་ཡོད། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། དུད་འགྲོར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། ཡི་དྭག་སུ་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། མིའི་འཇིག་རྟེན ་དུ་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། འདོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། གཟུགས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། གཟུགས ་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བའགྱུར་བའི་ལས་ཀྱང་ཡོད། ངེས་པར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། སྐྱེ་བར་འགྱུར་བར་མ་ངེས་པའི་ལས་ཀྱང་ཡོད། ཡུལ་གཞན་དུ ་རྣམ་པར་སྨིན་པར་འགྱུར་བའི་ལས་ཀྱང་ཡོད། བྱས་ལ་བསགས་པ་མ་ཡིན་པའི་ལས་ཀྱང་ཡོད། བསགས་ལ་མ་བྱས་པའི་ལས་ཀྱང་ཡོད། བྱས་ལ་བསགས་པའི་ལས་ཀྱང་ཡོད། ་མ་བྱས་ལ་མ་བསགས་པའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམསུ་སྐྱེས་ཏེ། སེམས་ཅན་དམྱལ་བ་པའི་ཚེ་ཡོང་སུ་རྫོགས་པར་ཟད་པར ་བྱས་ནས། འཆི་འཕོ་བའི་ལས་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམ་སུ་སྐྱེས་ཏེ། སེམས་ཅན་དམྱལ་བ་པའི་ཚེ་ཕྱེད་ཟད་པར་བྱས ་ནས། འཆི་འཕོ་བའི་ལས་ཀྱང་ཡོད།། ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམསུ་སྐྱེས་མ་ཐག་ཏུ། འཆི་འཕོ་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང ་ཟག་སྔར་བདེ་བར་གྱུར་ལ། ཕྱིས་སྡུག་བསྔལ་བར་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སྔར་ཡང་སྡུག་བསྔལ་བར་གྱུར། ཕྱིས་བདེ་བར་འགྱུར་བའི་ལས ་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སྔར་ཡང་བདེ་བར་གྱུར་ལ། ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སྔར་ཡང་སྡུག་བསྔལ་བར་གྱུར ་ལ་ཁྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས་ཀྱང་ཡོད།། ལས་གང་དང་ལྡན་ན། གང་ཟག་ཕྱུག་པོར་གྱུར་ལ། གཏོང་བ་དང་ལྡན་པའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་ཕྱུག ་པོར་གྱུར་ལ། སེར་སྣ་ཅན་དུ་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་དབུལ་པོར་གྱུར་ལ། གཏོང་བ་དང་ལྡན་པའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག ་དབུལ་པོར་གྱུར་ལ། སེར་སྣ་ཅན་དུ་འགྱུར་བའི་ལས་ཀྱང་ཡོད། གང་ཟག་གང་གིས་ཚེ་ཟད་པར་གྱུར་ལ། ལས་མ་ཟད་པའི་གང་ཟག་ཀྱང་ཡོད། གང་ཟག་གང་གིས་ལས་ཟད་པར་གྱུར ་ལ། ཚེ་མ་ཟད་པའི་གང་ཟག་ཀྱང་ཡོད། གང་ཟག་གང་གི་ཚེ་ཡང་ཟད་པར་གྱུར་ལ། ལས་ཀྱང་ཟད་པའི་གང་ཟག་ཀྱང་ཡོད། གང་ཟག་གང་གི་ཚེ་ཡང་མ་ཟད་ཅིང་ལས་ཀྱང་མ་ཟད་ལ། དེའི ་ཉོན་མོངས་པ་རྣམས་ཟད་པའི་གང་ཟག་ཀྱང་ཡོད། ལུས་བདེ་བར་གྱུར་ལ་སེམས་ཀྱིས་མ་ཡིན་པའི་གང་ཟག་ཀྱང་ཡོད། སེམས་བདེ་བར་གྱུར་ལ། ལུས་མི་བདེ་བའི་བའི་གང་ཟག་ཀྱང ་ཡོད། ལུས་བདེ་བར་གྱུར་ལ། སེམས་ཀྱང་བདེ་བའི་གང་ཟག་ཀྱ་ང་ཡོད། ལུས་ཀྱང་མི་བདེ་བར་གྱུར་ལ། སེམས་ཀྱང་ང་མི་བདེ་བའི་གང་ཟག་ཀྱང་ཡོད། ལས་གང་དང་ལྡན་ན། གང ་ཟག་ངན་སོང་རྣམ་སུ་སྐྱེས་ལ། གཟུགས་བཟང་བ་དང་། བལྟ་ན་སྡུ་ག་པ་དང་། མཛེས་པ་དང་། མདོག་སྣུམ་པ་དང་། ལྤགས་པ་སྣུམ་པ་དང་། མིག་ཏུ་སྡུག་པར་འགྱུར་བའི་ལས་ཀྱང་ཡོད། ལས ་གང་དང་ལྡན་ན། གང་ཟག་ངན་སོང་རྣམ་སུ་སྐྱེས་ལ། མདོག་མི་སྡུག་པ་དང་། ལུས་རྩུབ་པ་དང་། བལྟ་ན་མི་སྡུག་པ་དང་། ལྟ་བ་དང་མི་མཐུན་པར་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང ་ལྡན་ན། གང་ཟག་ངན་སོང་རྣམསུ་སྐྱེས་ལ། དྲི་མི་ཞིམ་པ་དང་། དབང་པོ་མི་གསལ་བ་དང་། དབང་པོ་མི་རྣོ་བར་འགྱུར་པའི་ལས་ཀྱང་ཡོད། བྲམ་ཟེའི་ཁྱེའུ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ ་ངག་ཡང་དག་པར་བླངས་པའི་རྒྱུས་ཕྱིར་རོལ་གྱི་དངོས་པོ་བཅུ་ཆུད་པར་སྣང་། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས ་པོཔ་བཅུ་ཕུན་སུམ་ཚོགས་པར་སྣང་སྟེ། འདི་ནི་མདོར་བསྟན་པའོ།། དེ་ལ་ཚེ་ཐུང་བར་འགྱུར་བའི་ལས་གང་ཞེ་ན། ཚེ་ཐུང་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། སྲོག་གཅོད་པ་དང་། ་སྲོག་གཅོད་པ་ཡང་དག་པར་འཛིན་ཏུ་འཇུག་པ་དང་། སྲོག་གཅོད་པའི་སྔགས་པ་སྨྲས་པ་དང་། སྲོག་གཅོད་པ་ལ་རྗེ་སུ་ཡི་རང་བ་དང་། མངལ་ནས་ཟགས་པར་བྱེད་པ་དང་། མངལ ་ནས་ཟགས་པར་བྱ་བར་ཡང་དག་པར་འཛིན་ཏུ་འཇུག་པ་དང་། མི་མཛའ་བ་ཤི་ན་ཡིད་དགའ་བ་དང་། མི་མ་ཛའ་བ་ཤི་བར་དགའ་བ་དང་། གང་དུ་སྲོག་ཆགས་མང ་པོ་གསོད་པའི་ལྷ་རྟེན་འཛུགས་པ་དང་། གཡུལ་འགྱེད་པ་ལ་ལྟ་བ་ནི་བཅུ་པའོ།། ཆོས་བཅུ་པོ་དེ་དག་ནི་ཚེ་འ་ཐུང་བར་འགྱུར་བ་སྟེ། ལས་འདི་ནི་ཚེ་ཐུང་བར་འགྱུར་བ ་དེ་ལ་ཚེ་རིང་བར་འགྱུར་བའི་ལས་གང་ཞེ་ན། ཚེ་རིང་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། སྲོག་གཅོད་པ་སྤོང་བ་དང་། སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན ་འཇུག་པ་དང་། སྲོག་གཅོད་པ་སྤོང་བའི་བསྔགས་པ་སྨྲ་བ་དང་། སྲོག་གཅོད་པ་སྤོང་བ་ལ་རྗེ་སུ་ཡི་རང་བ་དང་། གསད་པར་ཆད་པའི་གང་ཟག་རྣམས་རབ་ཏུ་ཐར་པར་བྱེད ་བ་དང་། དུད་འགྲོའི་སྐྱེས་གན་སུ་གྱུར་པའི་སྲོག་ཆགས་གསད་པར་ཆད་པ་རྣམས་རབ་ཏུ་ཐར་པར་བྱེད་པ་དང་། འཇིགས་སྐྲག་པ་རྣམས་ལ་མི་འཇིགས་པའི་སྦྱིན་པ་དང་། མངོ། ་མེད་པ་རྣམས་ལ་སྙིང་རྗེ་བའི་སེམས་དང་ལྡན་པ་དང་། ནད་པ་རྣམས་ལ་བྱམས་པ་ཉེ་བར་སྒྲུབ་པ་དང་། ལེན་པ་རྣམས་ལ་ཟས་སྦྱིན་པའོ།། ཆོས་བཅུ་པོ་དེ་དག་ནི་ཚེ་རིང་བར ་འགྱུར་བ་སྟེ། ལས་འདི་ནི་ཚེ་རིང་བར་འགྱུར་བའོ།། དེ་ལ་ནད་མང་བར་འགྱུར་བའི་ལས་གང་ཞེ་ན། ནད་མང་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ཁུ་ཚུར་དང་ཐལ་མོ་ལ ་སོགས་པས་རྡེག་པ་དང་། ཁུ་ཚུར་དང་ཐལ་མོ་ལ་སོགས་པས་རྡེག་པ་ཡང་དག་པར་འཛིན་དུ་འཇུག་པ་དང་། ཁུ་ཚུར་དང་ཐལ་མོ་ལ་སོགས་པས་རྡེག་པའི་བསྔགས་པ་སྨྲ་བ་དང་། ཁུ་ཚུར་དང་ཐལ་མོ ་ལ་སོགས་པས་རྡེག་པ་ལ་རྗེ་སུ་ཡི་རང་བ་དང་། ཕ་མ་ན་པར་སྒྲུབ་པ་དང་། འཕགས་པ་རྣམས་ན་བར་སྒྲུབ་པ་དང་། མི་མཛའ་བ་རྣམས་ནད་ཀྱི་བཏབ་ན་ཡིད་དགའ་བ་དང་། མི་མཛའ་བ་རྣམས་ནད་སོས ་ན་ཡིད་མི་དགའ་བ་དང་། སྨན་མ་ཡིན་པ་སྦྱིན་པ་དང་། ཟས་མ་ཞུ་བ་ཟ་བ་ནི་བཅུ་པའོ།། ཆོས་བཅུ་པོ་དེ་དག་ནི་ནད་མ་ང་བར་འགྱུར་བ་སྟེ། ལས་འདི་ནི་ནད་མང་བར་འགྱུར་བའོ།། ་ལ་ནང་ཉུང་བར་འགྱུར་བའི་ལས་གང་ཞེ་ན། ནད་ཉུང་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ཁུ་ཚུར་དང་ཐལ་མོ་ལ་སོགས་པས་རྡེག་པ་སྤོང་བ་དང་། ཁུ་ཚུར་དང་ཐལ་མོ་ལ ་སོགས་པས་རྡེག་པ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། ཁུ་ཚུར་དང་། ཐལ་མོ་ལ་སོགས་པས་རྡེག་པ་སྤོང་བའི་བསྔགས་པ་སྨྲ་བ་དང་། ཁུ་ཚུར་དང་ཐལ་མོ་ལ་སོགས་པས་རྡེག་པ ་སྤོང་བ་ལ་རྗེ་སུ་ཡི་རང་བ་དང་། ཕ་མ་ནད་ཀྱིས་བཏབ་ན་རིམ་གྲོ་བྱེད་པ་དང་། འཕགས་པ་རྣམས་ནད་ཀྱིས་བཏབ་ན་རིམ་གྲོ་བྱེད་པ་དང་། མི་མཛེའ་བ་ནད་ཀྱིས་བཏབ་ན་ཡིད་མི་དགའ་བ་དང ་།། མི་མཛའ་བ་ནད་སོས་ན་ཡིད་དགའ་བ་དང་། ནད་པ་ལ་སྨན་སྦྱིན་པ་དང་ཁ་ཟས་ཞུ་བར་གྱུར་ནས་ཟ་བ་ནི་བཅུ་པའོ།། ཆོས་བཅུ་པོ་དེ་དག་ནི་ནང་ཉུང་བར་འགྱུར་བ་སྟེ། ལས་འདི ་ནད་ཉུང་བར་འགྱུར་བའོ།། དེ་ལ་མདོག་མི་སྡུག་པར་འགྱུར་བའི་ལས་གང་ཞེ་ན། མདོག་མི་སྡུག་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ཁྲོ་བ་དང་འཆབ་པ་དང་། ་ཏུ་འཛིན་པ་དང་། འཚིག་པ་དང་། ཕ་མའི་བསྔགས་པ་མ་ཡིནི་སྨྲ་བ་དང་། འཕགས་པ་རྣམས་ཀྱི་བསྔགས་པ་མ་ཡིན་པ་སྨྲ་བ་དང་། འཕགས་པའི་ཡོངསུ་སྤྱད་པ་མ་རུང་བར ་བྱེད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་སེ་མར་མེའི་འོད་ཀྱི་བར་དུ་གཅོད་པ་དང་། གང་ཟག་མདོག་མི་སྡུག་པ་རྣམས་ལ་དབང་ཟ་བ་དང་། གོ་ཙང་སྦྲ་མེད་པར་སྤྱོད་པ ་ནི་བཅུ་པའོ།། ཆོས་བཅུ་པོ་དེ་དག་ནི་མདོག་མི་སྡུག་པར་འགྱུར་ར་བ་སྟེ། ལས་འདི་ནི་མདོག་མི་སྡུག་པར་འགྱུར་བའོ།། དེ་ལ་མཛེས་པར་འགྱུར་བའི་ལས་གང་ཞེ་ན། མཛེས་པར ་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། མི་ཁྲོ་བ་དང་། གས་སྦྱིན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྡོ་ཐལ་གྱིས་ཉུག་པ་དང་། གཅུགས་ལག་ཁང་ཕྱག་དང་བྱེད་པ་དང ་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་ཁང་པ་འཕྱག་པོ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་འཕྱེ་བ་དང་། ཕ་མའི་བསྔགས་པ་སྦ་བ་དང་། འཕགས་པ་རྣམས་ཀྱི་བསྔགས ་བ་སྨྲ་བ་དང་། གང་ཟག་མདོག་མི་སྡུག་པ་རྣམས་ལ་མི་བརྙས་པ་དང་། གཙང་སྦྲ་སྤྱོད་པ་ནི་བཅུ་པའོ།། ཚེས་བཅུ་པོ་དེ་དག་ནི་མཛེས་པར་འགྱུར་བའོ།། དེ་ལ་དབང་ཆུང་བར་གྲགས ་པར་འགྱུར་བའི་ལས་གང་ཞེ་ན། དབང་ཆུང་བར་གྲགས་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ཕ་རོལ་གྱི་རྙེད་པ་ལ་ཕྲག་དོག་བྱེད་པ་དང་། ཕ་རོལ་གྱི་རྙེད་པ་ལ་ཡིད་མི ་དགའ་བ་དང་ཕ་རོལ་གྱི་མ་རྙེད་པ་ལ་ཡིད་དགའ་བ་དང་། ཕ་རོལ་གྱི་གྲགས་པ་དང་། བསྔགས་པ་དང་། བརྗོད་པ་དང་། སྒྲ་དང་ཚིག་སུ་བཅད་པ་ལ་ཡིད་མི་དགའ་བ་དང་། ཕ་རོལ་གྱི་གྲགས་པ་དང་། ་བསྔགས་པ་དང་བརྗོད་པ་དང་། སྒྲ་དང་ཚིག་སུ་བཅད་པ་མ་ཡིད་དགའ་བ་དང་། ཕ་མ་ལ་བརྙས་པ་དང་། འཕགས་པ་རྣམས་ལ་བརྙས་པ་དང་། དགེ་བ་རྩ་བ་ཆུང་ངུ་ཡང་དག་པར་འཛིན ་ཏུ་འཇུག་པ་དང་། དགེ་བའི་རྩ་བ་ཆེན་པོའི་རྒྱུན་གཅོད་པ་དང་། གང་ཟག་དབང་ཆུང་བར་གྲགས་པ་རྣམས་ལ་དབང་ཟ་པའོ།། ཆོས་བཅུ་པོ་དེ་དག་ནི་དབང་ཆུང་བར་གྲགས་པར་འགྱུར ་བ་སྟེ། ལས་འདི་ནི་དབང་ཆུང་བར་གྲགས་པར་འགྱུར་བའོ།། དེ་ལ་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་གང་ཞེ་ན། དབང་ཆེ་བར་གྲགས་པར་འགྱུར་བའི་ཆོས་བཅུ་སྡེ་བཅུ ་ཞེ་ན། ཕ་རོལ་གྱི་རྙེད་པ་ལ་པྲ་དོག་མེད་པ་དང་། བེ་རོལ་རྙེད་པ་ལ་ཡིད་དགའ་བ་དང་། ཕ་རོལ་གྱིས་མ་རྙེད་པ་ལ་ཡིད་མི་དགའ་བ་དང་། ཕ་རོལ་གྱི་གྲགས་པ་དང་། བསྔགས་པ་དང་། བརྗོད་པ ་དང་སྣངང་ཚིག་སུ་བཅད་པ་མ་ཡིན་པ་ལ་ཡིད་མི་དགའ་བ་དང་། ཕ་རོལ་གྱི་གྲགས་པ་དང་། བསྔགས་པ་དང་བརྗོད་པ་དང་། སྒྲ་དང་ཚིགསུ་བཅད་པ་ལ་ཡིད་དགའ་བ་དང་བྱང་ཆུབ་ཏུ ་སེམས་བསྐྱེད་པ་དང་། གདུགས་སྦྱིན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་ཁང་པ་བྱེད་པ་དང་། དགེ་བའི་རྩ་བ་ཆུང་ངུ་རྒྱུན་མི་གཅོད་པ་དང་། དགེ་བའི་རྩ་བ་ཆེན་པོ་ཡ ་འཛིན་ཏུ་འཇུག་པའོ།། ཆོས་བཅུ་པོ་དེ་དག་ནི་དབང་ཆེ་བར་གྲགས་པར་འགྱུར་བ་སྟེ། ལས་འདི་ནི་དབང་ཆེ་བར་གྲགས་པར་འགྱུར་བའོ།། དེ་ལ་རིགས་དམའ་བར་འགྱུར ་བའི་ལས་གང་ཞེ་ན། རིགས་དམའ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ཁེངས་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མར་མི་ཤེས་པ་དང་། པར་མི་ཤེས་པ་དང་། དགེ་སྦྱོང་དུ་མི ་ཤེས་པ་དང་། བྲམ་ཟེར་མི་ཤེས་པ་དང་། ཁྱིམ་གྱི་གཙོ་བོ་ལ་རིམ་གྲོ་མི་བྱེད་པ་དང་། ཕ་མ་ལ་མི་ལྡང་བ་དང་། པགས་པ་རྣམས་ལ་མི་ལྡང་བ་དང་། རིགས་དམའ་བར་སྐྱེས་པའི་གོང ་ཟག་རྣམས་ལ་དབང་ཟ་བའོ།། ཆོས་བཅུ་པོ་དེ་དག་ནི་རིགས་དམའ་བར་འགྱུར་བ་སྟེ། ལས་འདི་ནི་རིགས་དམའ་བར་འགྱུར་བའོ།། དེ་ལ་རིགས་བཙུན་པར་འགྱུར་བའི་ལས་གང་ཞེ་ན། རིགས ་བཙུན་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། མ་ཁེང་ས་པ་དང་། ངའོ་སྙམ་པའི་ང་རྒྱལ་མེད་པ་དང་། མར་ཤེས་པ་དང་། པར་ཤེས་པ་དང་། དགེ་སྦྱོང་དུ་ཤེས་པ་དང་། ་བྲམ་ཟེར་ཤེས་པ་དང་། ཁྱིམ་གྱི་གཙོ་བོ་ལ་རིམ་གྲོ་བྱེད་པ་དང་། ཕ་མ་ལ་ལྡང་བ་དང་། འཕགས་པ་རྣམས་ལ་ལྡང་བ་དང་། རིགས་དམའ་བར་སྐྱེས་པའི་གང་ཟག་རྣམས་ལ་དབང་མ ་ཟ་བའོ།། ཆོས་བཅུ་པོ་དེ་དག་ནི་རིགས་བཙུན་པར་འགྱུར་བའོ།། དེ་ལ་ལོངས་སྤྱོད་ཆུང་བར་འགྱུར་བའི་ལ་གང་ཞེ་ནི། ལོངས་སྤྱོད་ཆུང་བར་འགྱུར་ཟེའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། མ ་བྱིན་པར་ལེན་པ་དང་། མ་བྱིན་པར་ལེན་པ་ཡང་དག་པར་འཛིན་ཏུ་འཇུག་པ་དང་། མ་བྱིན་པར་ལེན་པའི་བསྔགས་པ་སྨྲ་བ་དང་། མ་བྱིན་པར་ལེན་པ་ལ་རྗེ་སུ་ཡི་རང་བ་དང་། ཕ་མ ་འཚོ་བ་རྒྱུན་གཅོད་པ་དང་། འཕགས་པ་རྣམས་ཀྱི་འཚོ་བ་རྒྱུན་གཅོད་པ་དང་། ཕ་རོལ་གྱི་རྙེད་པ་ལ་ཡིད་མི་དགའ་བ་དང་། ཕ་རོལ་གྱིས་མ་སྙེད་པ་ལ་ཡིད་དགའ་བ་དང་། ཕ་རོལ་གྱི ་སྦེང་པའི་བར་ཆང་བྱེད་པ་དང་། མུ་གེ་བྱུང་ན་དགའ་བ་ནི་བཅུ་པའོ།། ཆོས་བཅུ་པོ་དེ་དག་ནི་ལོངས་སྤྱོད་ཆུང་བར་འགྱུར་བ་ཏེ་ལས་འདི་ནི་ལོང་སྤྱོད་ཆུང་བར་འགྱུར་བའོ།། དེ་ལ་ལོངས ་སྤྱོང་ཆེན་པོར་འགྱུར་བའི་ལས་གང་ཞེ་ན། ལོངས་སྤྱོད་ཆེན་པོར་འགྱུར་པའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། མ་བྱིན་པར་ལེན་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་ཡང་དག ་པོར་འཛིན་ཏུ་འཇུག་པ་དང་། མ་བྱིན་པར་ལེན་པ་སྤོང་བའི་བསྔགས་པ་སྨྲ་བ་དང་། མ་བྱིན་པར་ལེན་པ་སྤོང་བ་ལ་རྗེས་སུ་ཡི་རང་བ་དང་། པ་མ་ལ་འཚོ་བ་སྦྱིན་པ་དང་། འཕགས་པ ་རྣམས་ལ་འཚེ་བ་སྦྱིན་པ་དང་། ཕ་རོལ་གྱི་མ་རྙེད་པ་ལ་ཡིད་མི་དགའ་བ་དང་། ཕ་རོལ་གྱི་རྙེད་པ་ལ་ཡིད་དགའ་བ་དང་། ཕ་རོལ་གྱི་རྙེད་པའི་བར་ཆད་མི་བྱེད་པ་དང་ལོ་ལེག ་ན་མངོན་པར་དགའ་བ་ནི་བཅུ་པའོ།། ཆོས་བཅུ་པོ་དེ་དག་ནི་ལོངས་སྤྱོད་ཆེན་པོར་འགྱུར་བ་སྟེ། ལས་འདི་ནི་ལོངས་སྤྱོད་ཆེན་པོར་འགྱུར་བའོ།། དེ་ལ་ཤེས་རབ་འཆལ་པར་གྱུར་པའི་ལས ་གང་ཞེམ་ཤེས་རབ་འཆལ་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལ་གང་ཟག་དགེ་སྦྱོང་དང་། བྲམ་ཟེ་མབས་པ་དང་། མབས་པའི་གྲངསུ་གཏོགས་པ་གང་ཡིན་པ་དེ་དག ་གི་གན་དུ་འགྲོ་ཡང་ཡོངསུ་འདྲི་བར་མི་བྱེད། མི་བསྙེན་མི་སྟེན། བསྙེན་བཀུར་མི་བྱེད་པ་དང་། འཆལ་པའི་ཤེས་རབ་ཅན་ལ། སྟེན་ཅིང་སྟེན་ཏེ། བསྙེན་བཀུར་བྱེད་པ་དང་། མཁས་པ ་། རྣམས་ཀྱི་མི་འཇིགས་པ་གཅོད་པ་དང་། ལེགས་པར་བཤད་པ་རྣམས་ཡོངསུ་སྤོང་བ་དང་། ཉེས་པར་བཤད་པ་རྣམས་ཀུན་ཏུ་འཛིན་པ་དང་། དམ་པའི་ཆོས་མ་ཡིན ་ཡོངསུ་སྟོན་པ་དང་། དམ་པའི་ཆོས་ཡོངསུ་སྤོང་བ་དང་། ཆོས་སྨྲ་བ་རྣམས་ལ་ལེགས་སོ་ཞེས་བྱ་བ་མི་སྦྱིན་པ་དང་། ལོག་པར་ལྟ་བ་བསྔགས་པར་བྱེད་པ་དང་། ཡང་དག་པར་ལྟ་བ་ལ ་སྨོད་པའོ།། ཆོས་བཅུ་པོ་དེ་དག་ནི་ཤེས་རབ་འཆལ་པར་འགྱུར་བ་སྟེ། ལས་འདི་ནི་ཤེས་རབ་འཆལ་པར་འགྱུར་བའོ།། དེ་ལ་ཤེས་རབ་ཆེན་པོར་འགྱུར་བའི་ལས་གང་ཞེ་ན། ་རབ་ཆེན་པོར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལ་གང་ཟག་དགེ་སྦྱོང་དང་། བྲམ་ཟེ་མཁས་པ་མཁས་པའི་གྲངསུ་གཏོགས་པ་གང་ཡིན་པ་དེ་དག་གི་གན་དུ་འགྲོ་སྟེ ་ཡོངསུ་འདྲི་ཞིང་། ཡོངསུ་འདྲི་བར་བྱེད་ལ། སྙེན་ཅིང་སྟེན་ཏེ། བསྙེན་བཀུར་བྱེད་པ་དང་། ཤེས་རབ་འཆལ་པ་ཅན་རྣམས་ལ་མི་སྟེན་མི་སྟེན། བསྟེན་བཀུར་མི་བྱེད་པ ་དང་། མཁས་པ་རྣམས་ལ་མི་འཇིགས་པ་ཉེ་བར་སྒྲུབ་པ་དང་། ལེགས་པར་ཤད་པ་རྣམས་ཡང་སུ་མི་སྤོང་བ་དང་། ཉེས་པར་བཤད་པ་རྣམས་ཡོང་སུ་སྤང་བ་དང་། དམ་པར ་ཆོས་ཡོངསུ་མི་སྤོང་བ་དང་། དམ་པའི་ཆོས་མ་ཡིན་པ་ཡོངསུ་སྤོང་བ་དང་། ཆོས་སྨྲ་བའི་གང་ཟག་རྣམས་ལ་ལེག་སོ་ཞེས་བྱ་བ་སྦྱིན་པ་དང་། ལོགས་པར་ལྟ་བ་ལ་སྨོད་པ་དང་། ཡང ་དག་པར་ལྟ་བ་ལ་བསྔགས་པར་བྱེད་པའོ།། ཆོས་བཅུ་པོ་དེ་དག་ནི་ཤེས་རབ་ཆེན་པོར་འགྱུར་བ་སྟེ། ལས་འདི་ནི་ཤེས་རབ་ཆེན་པོར་འགྱུར་བའོ།། དེ་ལ་སེམས་ཅན་དམྱལ་བ ་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ལུས་ཀྱི་ཉེས་པར་སྤྱོད་པ་ཆེ་བ་དང་། ངག་གི་ཉེས་པར་སྤྱོད་པ་ཆེ་བ་དང་། ་ཡིད་ཀྱི་ཉེས་པར་སྤྱོད་པ་ཆེ་བ་དང་། ཆེད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། མེད་པར་ལྟ་བ་དང་། བྱེད་པ་མེད་པར་ལྟ་བ་དང་། བྱས་པ་མི་གཟོ་བ་དང་། མཚམས་མེད་པའི་ལས ་ལ་སྐུར་པ་འདེབས་པ་དང་། ལོག་པར་ལྟ་བ་ཡང་དག་པར་འཛིན་ཏུ་འཇུག་པ་པ་ནི་བཅུ་པའོ།། ཚེས་བཅུ་པོ་དེ་དག་ནི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་སྟེ། ལས་འདི་ནི་སེན ་དམྱལ་བར་སྐྱེ་བར་འགྱུར་བའོ།། དེ་ལ་དུད་འགྲོར་སྐྱེ་བར་འ་གྱུར་པའི་ལས་གང་ཞེ་ན། དུད་འགྲོར་སྐྱེ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ལུས་ཀྱི་ཉེས་པར་སྤྱོད་པ་འབྲིང ་དང་། ངག་གི་ཉེས་པར་སྤྱོད་པ་འབྲིང་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་འབྲིང་དང་། འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་ལས་སྣ་ཚོགས་དང་། ཞེ་སྡང་གིས་ཀུན་ནས་བསླང ་བའི་ལས་སྣ་ཚོགས་དང་། གཏི་མུག་གིས་ཀུན་ནས་བསླང་བའི་ལས་སྣ་ཚོགས་དང་། རུང་བ་མ་ཡིན་པའི་སྦྱིན་པ་དང་། དམན་པའི་མིང་གིས་གཤེ་བ་དང་། སྨོན་ལས་གྱིས་འགྱུར ་བ་འདི་ལྟ་སྟེ། སེང་གེའི་སྐྱེས་པའི་རབས་ལྟ་བུ་དང་ངག་གི་ཉེས་པར་སྤྱོད་པས་འགྱུར་བ་བྲམ་ཟེ་དབྱར་བྱེད་སྤྲེའུ་བསྐྱེས་པ་ལྟ་བུའོ།། ཆོས་བཅུ་པོ་དེ་དག་ནི་དུད་འགྲོར་སྐྱེ་བར་འགྱུར ་བ་སྟེ། ལས་འདི་ནི་དུད་འགྲེར་སྐྱེ་བར་འགྱུར་བའོ།། དེ་ལ་ཡི་དགསུ་སྐྱེ་བར་འགྱུར་བ་གང་ཞེ་ན། ཡི་དག་སུ་སྐྱེ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ལུས་ཀྱི་ཉེས་པ ་། སྤྱོད་པ་ཆུང་བ་དང་། ངག་གི་ཉེས་པར་སྤྱོད་པ་ཆུང་བ་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་ཆུང་བ་དང་། ཆགས་པ་དང་། ཡང་བས་ཆགས་པ་དང་། ལོག་པར་འཚོ་བ་དང་། ་སེར་སྣ་བྱེད་པ་དང་། སྦྱིན་པ་འགྲོག་པ་དང་། བཀྲེས་ཤིང་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་དང་། དངོས་པོ་ལ་ཆགས་བཞིན་དུ་འཆི་བའི་དུས་བྱེད་པའོ།། ཆོས་བཅུ་པོ་དེ་དག ་ནི་ཡི་དྭག་སུ་སྐྱེ་བར་འགྱུར་བ་སྟེ། ལས་འདི་ནི་ཡི་དྭག་སུ་སྐྱེ་བར་འགྱུར་བའོ།། དེ་ལ་མིར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། མིར་སྐྱེ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ ་ནང་སྲོག་གཅོང་བ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕ་མ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་བ་དང་། བརྣབ་སེམས ་དང་། གནོད་སེམས་དང་། ལོག་པར་ལྟ་བ་མི་དགེ་བའི་ལ་ས་ཀྱི་ལམ་བཅུ་པོ་འདི་དག་སྤོང་བའོ།། ཆོས་བ་ཅུ་བོ་དེ་དག་ནི་མིར་སྐྱེ་བར་འགྱུར་བ་སྟེ། ལས་འདི་ནི་མིར ་སྐྱེ་བར་འགྱུར་བའོ།། དེ་ལ་འདོད་པ་ན་སྦྱོང་བའི་ལྷར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལེགས་པར་སྦྱངས་པ་ལ་མཉམ་པར་གཞག་པ་སྟེ། ་ལོས་འདི་ནི་འདོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ།། དེ་ལ་གཟུགས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་པའི་ལས་གང་ཞེ་ན། ཏིང་འཛིན་གྱིས་ལེགས་པར་མཉམ་པར་གཞག་པ། ་ག་པ་དང་བཅས་པའི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། ལས་འདི་ནི་གཟུགས་མ་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ།། གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བ ་ལས་གང་ཞེ་ན། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། བཞི་གང་ཞེ་ན། གཟུགས་ཀྱི་འདུ་ཤེས་རྣམས་ལས་རྣམ་པ་ཐམས་ཅད་དུ་ཡང་དག་པར་འདས་ཏེ། ཐོགས ་པའི་འདུ་ཤེས་རྣམས་ནུབ་ནས། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ན་མཁའ་མཐའ་ཡསོ་ཞེས་ན་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ ་དང་། ན་མཁའ་མཐའ་ཡས་སྐྱེ་མཆེད་ལས་རྣམ་པ་ཐམས་ཅད་དུ་ཡང་དག་པར་འདས་ནས། རྣམ་པར་ཤེས་པ་མཐའ་ཡ་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མོ་ཆེད་ཉེ་བར་བསྒྲུབ ་ཉེ་གནས་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་རྣམ་པ་ཐད་དུ་ཡང་དག་པར་འདས་ནས་ཅི་ཡང་མེ་དོ་ཞེས་ཅི་ཡང་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས ་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ལས་རྣམ་པ་ཐམས་ཅད་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆོད་ཉེ་བར་བསྒྲུབས་ནས་གནས་པ་སྟེ། ་ལས་འདི་ནི་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ།། དེ་ལ་ངེས་པར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། དགེ་བའི་ལས་གང་བྱས་ནས། འདིས་བདག་འདི་ལྟ་བུ་ཞིག་ཏུ ་སྐྱེ་བར་གྱུར་ཅིག་ཅེས་ཡོང་སུ་བསྔོ་བ་དང་། མཚམས་མེད་པ་ལྔ་རྣམས་ཏེ། འདི་ནི་ངེས་པར་སྐྱེ་བར་འགྱུར་བའོ།། དེ་ལ་སྐྱེ་བར་འགྱུར་བར་མ་ངེས་པའི་ལས་གང་ཞེ་ན། དགེ་བའི་ལས་གང ་བྱས་ནས། ཅིར་ཡང་ཡོངསུ་མི་བསྔོ་བ་སྟེ། ལས་འདི་ནི་སྐྱེ་བར་འགྱུར་བར་མ་ངེས་པའོ།། དེ་ལ་ཡུལ་གཞན་དུ་རྣམ་པར་སྨིན་པར་འགྱུར་བའི་ལས་གང་ཞེ་ན། འདིར་དགེ་བ་དང་མི ་དགེ་བའི་ལས་གང་བྱས་པ། ཡུལ་གཞན་དུ་སོང་ནས། རྣམ་པར་སྨིན་པར་འགྱུར་བ་སྟེ། དཔེར་ན་ཚོང་པ་མཛའ་བོའི་བུ་མོ་ལྟ་བུ་སྟེ། ལས་འདི་ནི་གཞན་དུ་རྣམ ་པར་འགྱུར་བའོ།། དེ་ལ་བྱས་ལ་བསགས་པ་མ་ཡིན་པའི་ལས་གང་ཞེ་ན། ལས་གང་བྱས་ནས་ངོ་ཚ་བ་དང་། འཛེམ་པ་དང་། འགྱོད་པ་དང་། སྨོད་པ་དང་། འཆགས་པ་དང་། འཐོལ ་བ་དང་། འདོར་བ་དང་། སྤོང་བ་དང་། མ་འོངས་པ་ན་སྙོམས་པར་བྱེད་པ་སྟེ། ལས་འདི་ནི་བྱས་ལ་བསགས་པ་མ་ཡིན་པའོ།། དེ་ལ་བསགས་ལ་མ་བྱས་པའི་ལས་གང་ཞེ་ན། ལས་གང ་ལུས་ཀྱིས་ཡོངསུ་རྫོགས་པར་བྱ་བ་དེ། སེམས་ཀྱིས་ཡོངས་སུ་རྫོགས་པར་བྱས་ཤིང་། ཚིག་ཏུ་ཡང་ལས་འདི་བྱའོ།། ཞེས་སྨྲས་ལ་དེ་མ་བྱས་པ་སྟེ། ལས་འདི་ནི་བསགས་ལམ ་བྱས་པའོ།། དེ་ལ་བྱས་ལ་བསགས་པའི་ལས་གང་ཞེ་ན་ལ་ས་གང་བྱས་ནས་ངོ་མི་ཚ་བ་དང་། མི་འཛེམ་པ་དང་། མི་འགྱོད་པ་དང་། མི་སྨོད་པ་དང་། མི་འཆགས་པ་དང་མི་འཐོལ ་བ་དང་། མི་འདོར་བ་དང་། མི་སྤོང་བ་དང་། མ་འོངས་པ་ན་སྡོམ་པར་མི་བྱེད་པ་སྟེ། ལས་འདི་ནི་བྱས་ལ་བསགས་པའོ།། དེ་ལ་མ་བྱས་ལ་མ་བསགས་པའི་ལས་གང་ཞེ་ན། ལས་གང ་ཆེད་དུ་མ་བསགས་པར་བྱས་པ་སྟེ། ལས་འདི་ནི་མ་བྱས་ལ་མ་བསགས་པའོ།། ངལ་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམ་སུ་སྐྱེས་ཏེ། སེམས་ཅན་དམྱལ་བ ་པའི་ཚེ་ཡོང་སུ་རྫོགས་པས་ཟད་པར་བྱས་ནས། འཆིའཕ་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིས་སེམས་ཅན་དམྱལ་བར་འགྱུར་བའོ་ལས་བྱས་ཤིང་། བསགས་པ ་གྱུར་ལ། དེ་ལས་དེས་ངོ་མི་ཚ་བ་དང་། མི་འཇམ་པ་དང་། མི་འགྱོད་པ་དང་། མི་སྨོང་བ་དང་། མི་འཆགས་པ་དང་། མི་འཐོལ་བ་དང་། མི་འདོར་བ་དང་། མི་སྤོང་བ་དང་། མི་གཤུང་བ་དང་། ་སྨོད་པར་མི་བྱེད་པ་དང་། ཡང་གནོད་པར་བྱའོ་ཞེས་ཤར་གཉེར་བ་ཚོལ་བ་སྟེ། དཔེར་ན་ལྷ་སྦྱིན་ལྟ་བུའོ།། འདི་ནི་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམསུ ་སྐྱེས་ཏེ། སེམས་ཅན་དམྱལ་བ་པའི་ཚེ་ཡོང་སུ་རྫོགས་པར་ཟད་པར་བྱས་ནས། འཆི་འཕོ་བའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམསུ ་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་པར་བྱས་ནས། འཆི་འཕོ་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིས་སེམས་ཅན་དམྱལ་བར་འགྱུར་བའི་ལས་བྱས ་ནས་ངོ་ཚ་བ་དང་། འཛེམ་པ་དང་། འགྱོད་པ་དང་། སྨོད་པ་དང་། འཆགས་པ་དང་། འཐོལ་བ་དང་། འདོར་བ་དང་། སྤོང་བ་དང་། མ་འོངས་པ་ན་སྡོམ་པར་བྱེད་པ་སྟེ། འདི་ན ་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམསུ་སྐྱེས་ཏེ། སེམས་ཅན་དམྱལ་བ་པའི་ཚེ་ཕྱེད་ཟད་པར་བྱས་ནས། འཆི་འཕོ་བའི་ལས་སོ།། དེ་ལ་ལས་གང་དང་ལྡན ་ན། གང་ཟག་སེམས་ཅན་དམྱལ་བ་རྣམསུ་སྐྱེས་མ་ཐག་ཏུ་འཆི་འཕོ་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིས་སེམས་ཅན་དམྱལ་བར་འགྱུར་བའི་ལས་བྱས་ཤོང ་བསགས་པར་གྱུར་ལ། དེ་ལས་དེ་བྱས་པས། ངོ་ཚ་བ་དང་། འཛེམ་པ་དང་། འགྱོད་པ་དང་། སྨོད་པ་དང་། འཆགས་པ་དང་། འཐོལ་བ་དང་། འདོར་བ་དང་། སྤོང་བ་དང་། ་།། ཤིན་ཏུ་ཡིད་ལ་གཙིགས་པ་ཡིན་ཡང་ཡིད་ལ་གཙིགས་པ་དེས། ལས་དེ་སེལ་བར་མི་ནུས་པ་སྟེ། དཔེར་མ་རྒྱལ་པོ་མ་སྐྱེས་དགྲས་པ་བསད་པ་ལྔ་བུའོ།། དེ་སྐད་དུ ་ཤིན་ཏུ་མི་བཟང་ལས་རྣམས་བྱས་པ་ནི། བདག་ལ་སློང་དང་རབ་ཏུ་བཤགས་པ་དང་། སྡོམ་པར་བྱེད་པས་དེ་དག་བསྲབས་འགྱུར་གྱི། ཤིན་ཏུ་རྩ་ནས་ཕྱིན་ཅེས་མི་སྨྲའོ།། ཞེས་གསུངས ་སོ།། འདི་ནི་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམ་སུ་སྐྱེས་མ་ཐག་ཏུ་འཆི་འཕོ་བའི་ལསོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་སྔར་བདེ་བར་གྱུར་ལ། ་ཕྱིས་སྡུག་བསྔལ་བར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་སྦྱིན་པ་སྦྱིན་པ་ན། ཡིད་རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ལ་བྱིན་ནས ་ནི་འགྱོད་པ་ཡིན་ཏེ། གང་ཟག་དེ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེ་བ་ན། བྱུག་པ་དང་། ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བ་དང་། ནོར་དང་ཡོ་བྱད་མང་པ་དང་། བདག་དབང་བ་མང ་བ་དང་། མཛའ་ཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གེ་གཉེན་མཚམས་མང་བ་དང་། མཛོད་དང་བང་བ་ཡོངསུ་གང་བའི་ཁྱིམ་རྣམསུ་སྐྱེ་བར་འགྱུར་ཏེ། ཁྱིམ་དེ་ལྟ་བུ་དག་ཏུ ་སྐྱེས་ནས། ཤིན་ཏུ་སྐྱིད་ལ་བཞོན་པ་ལ་ཞོན་ཞིང་བདེ་བར་སྤྱོད་ལ། དེའི་ལོངས་སྤྱོད་དེ་དག་ཕྱིས་ཡོངསུ་ཉམས་ཤིང་། ཡོངསུ་ཟད་པར་འགྱུར་ཏེ། དེའི་གཞིས་སྡུག་བསྔལ་བར་འགྱུ ་བསྟེ། འཛིན་ལས་གང་དང་ལྡན་ན། གང་ཟག་སྔར་བདེ་བར་འགྱུར་ལ། ཕྱིས་སྡུག་བསྔལ་བར་འགྱུར་བའི་ལས་སོ།། ལས་རྣམ་པར་འབྱེད་པ། ་ཞེས་བྱ་བ།། བམ་པོ་གཉིས་པ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་སྔར་སྡུག་བསྔལ་བར་གྱུར་ལ་ཕྱིས་བདེ་བར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག ་འགའ་ཞིག་སྦྱིན་པ་སྦྱིན་པ་ན། སྡུག་བསྔལ་བར་འཇུག་ཅིང་། སྡུག་བསྔལ་བར་སྦྱིན་པ་བྱིན་ནི་མི་འགྱོད་པར་གྱུར་ཅིང་། དགའ་བ་དང་ཡིད་བདེ་བ་སྐྱེས་པ་ཡིན་ཏེ། གང་ཟག་དེ ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེ་བ་ན། དབུལ་པོ་བཟའ་བ་དང་བཏུང་བ་དང་ཁ་ཟས་ཉུང་བ་སྡུག་བསྔལ་བས་འཚེ་བའི་ཁྱིམ་རྣམསུ་སྐྱེ་བར་འགྱུར་ཏེ། དེར་སྡུག་བསྔལ་བར་བཟ ་བ་དང་། བགྲོ་བ་རྙེད་ལ་དེས་ཚེ་གྲངས་སུ་གྱུར་པ་དང་། ལོངས་སྤྱོད་དེ་དག་འཕེལ་ཞིང་རྒྱས་པར་འགྱུར་བ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་སྔར་སྡུག་བསྔལ་བར ་གྱུར་ལ། ཕྱིས་བདེ་བར་འགྱུར་བའི་ལསོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་སྔར་ཡང་བདེ་བར་གྱུར་ལ། ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་གང་ཞེ་ན། ་འདི་ལ་གང་ཟག་འགའ་ཞིག་སྦྱིན་པ་སྦྱིན་པ་ན། ཡིད་དགའ་བཞིན་ཏུ་བྱིན་ཏེ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། བྱིན་ནས་ཀྱང་མི་འགྱོད་པ་ཡིན་ཏེ། གང་ཟག་དེ་གང་གི་ཚེ་མི་རྣམས ་ཀྱི་ནང་དུ་སྐྱེ་བ་ན། ཕྱུག་པ་ད་ང་། ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བ་དང་། ནོར་དང་ཡོ་བྱད་མང་བ་དང་། བདག་དབང་བ་མང་བ་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་ད་དང ་སྣག་གི་གཉེན་མཚམས་མང་བ་དང་མཛོད་དང་། བང་བ་ཡོངསུ་གང་བའི་ཁྱིམ་རྣམསུ་སྐྱེ་བར་འགྱུར་ཏེ། ཁྱིམ་དེ་ལྟ་བུ་དག་ཏུ་སྐྱེས་ནས། ཤིན་ཏུ་སྒྱིད་ལ་བཞོན་པ་ལ ་ནོན་ཞིང་བདེ་བར་སྤྱོད་ལ། དེའི་ལོངས་སྤྱོད་དེ་དག་ཕྱིས་ཀྱང་འཕེལ་བ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་སྔར་ཡང་བདེ་བར་འགྱུར་ལ་བྱིས ་ཀྱང་བདེ་བར་བའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་སྔར་ཡང་སྡུག་བསྔལ་བར་གྱུར་ལ། ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས་གང་ཞེ་ན། འདི ་གང་དག་འག་འ་ག་གེ། བའི་བཤེས་གཉེན་དང་བྲལ་བར་གྱུང་། དེ་སུས་ཀྱང་སྦྱིན་པ་ཡང་དགུ་པར་འཛིན་ཏུ་མ་འཅུག་པ་ཡོན། དེས་ཀྱང་སྦྱིན་པ་ཅི་ཡང་མཐུན ་ཡིན།། དེས་སྡིག་པའི་ལས་ཀྱང་ཅི་ཡང་མ་བྱས་ཤིང་མ་གྲགས་པ་ཡིན་ཏེ། གང་ཟག་དེ་གང་གི་ཚེ་མི་རྣམ་དས་ཀྱི་ནང་དུ་སྐྱེ་བ་ན། དབུལ་པོ་བཟའ་བ་དང་། བརྒྱ ་བ་དང་། ཁ་ཟས་ཉུང་ག་སྡུག་བསྔལ་བས་འཆི་བའི་ཕྱི། རྣམ་སུ་སྐྱེ་བར་འགྱུར་ཏེ། དེ་དེར་སྐྱེས་ནས་སྡུག་སྔལ་བར་འཐོའ་བ་དང་། བག་བ་རྙེད་པར་མི་འགྱུར་ལ། ་དེའི་ལོངས་སྤྱོད་དེ་དག་བྱིས་ཀྱང་མི་འཕེལ་བ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་སྔར་ཡང་སྡུག་བསྔལ་བར་གྱུར་ལ། ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས།། ་དེ་ལ་ལས་གོང་དང་ལྡན་ན། གང་ཟག་ཕྱུག་པོར་གྱུར་ལ། གཏོང་བ་དང་ལྡན་པའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིས་སྣོད་བཟང་པོར་གྱུར་པ་རྣམས་ལ། སྦྱིན ་པ་དཔག་ཏུ་མེད་པ་བྱིན་པ་ཡིན། དེས་གཏོང་བ་གམས་པར་བྱས་པ་ཡིན་ཏེ། དེས་བསོད་ནམས་དག་བསྒོམས་པས། ཕྱུག་པོར་འགྱུར།། གཏོང་བ་བསྒོམས་པས་གཏོང་འདོད་། ་ལྡན་པར་འགྱུར་ཏེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ཕྱུག་པར་གྱུར་ལ་གཏོང་བ་དང་ལྡན་པའི་ལསོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་བླུང་པོར་གྱུར་ལ། སེར་སྣ་ཅན ་དུ་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིས་སྣོད་དུ་གྱུར་པ་རྣམས་ལ། སྦྱིན་པ་ཅུང་ཟད་ཙམ་བྱིན་པ་ཡིན་གྱི། དེ་གཏོང་བ་ལ་ཆེར་གོམས་པར་མ་བྱས་པ་ཡིན ་གང་ཟག་དེ་གང་གི་ཚེ་མིའི་ནང་དུ་སྐྱེ་བ་ན། ཕྱུག་པ་དང་། ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བ་དང་། ནོར་དང་ཡོ་བྱད་མང་བ་དང་། བདག་དབང་བ་མང་བའི་ཁྱིམ་རྣམསུ་སྐྱེ་བར་འགྱུར་ཏེ། ་སྣོད་བཟང་པོ་རྣམས་ལ་ཕུལ་བ་ནི། སྐྱེད་པར་འགྱུར། གཏོང་བ་ལ་གོམས་པར་མི་བྱས་པས་ནི་སེར་སྣ་ཅན་དུ་འགྱུར་ཏེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ཕྱུག་པོར་གྱུར་ལ། ་སེར་སྣ་ཅན་དུ་འགྱུར་བའི་ལསོ།། དེ་ལ་ལས་གང་དང་ལྡན་མ་གང་ཟག་དབུལ་པོར་གྱུར་ལ། གཏོང་བ་དང་ལྔ་ན་བར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ ་ཞིག་གིས་སྣོད་གྱུར་པ་ཡིན་པ་རྣམས་ལ་སྦྱིན་པ་མང་དུ་བྱིན་པ་ཡིན་ཏེ། དེ་འབོར་བ་ན་འཁོར་བའི་ཚེ། བསོད་ནམས་དེ་དག་ཡོངསུ་ཉམས་ཤིང་། ཡོངསུ་ཟད་པར་འགྱུར།། གཏོང་བའི ་རྒྱུ་ཡང་ཕྱི་ཕྱིར་ཞིང་བསྒོམས་པ་ཡིན་ཏེ། དེབསོད་ནམས་ཡོངསུ་ཟད་བའི་ཕྱིར། དབུལ་པོར་འགྱུར། སྔན་གམས་པར་བྱས་པས། གཏོང་བ་དང་ལྡན་པར་འགྱུར་ཏེ། འདི་ནི་ལས་གང་། ་དང་ལྡན་ནོ། གང་ཟག་དབུལ་པོར་གྱུར་ལ། གཏོང་བ་དང་ལྡན་པའི་ལསོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་དབུལ་པོར་གྱུར་ལ། སེར་སྣ་ཅན་དུ་འགྱུར་བའི་ལས་གང་ཞེ་ན། ་རྡུལ་གང་ག་གྶ་པ་ག་ལྡ་ལ་དུ། ས་བ་ཡང་དག་པ་རྫུན་པ་མསངས་ཅ་གྱུ་པ་མ་ཡ ་མར། སྡིག་པའི་ལས་ཀྱང་མཐུས་ཤིང་མ་བསགས་པ་ཡིན་ཏེ། གང་ཟག་དགང་གི་ཚམ་རྣམས་ཀྱི་རང་དུ་བྲེབ་ན། དབུལ་པོ་བཟའ་བ་དང་བཏུང་བ་དང་། ཁ་ཟས་ཉྫ ་རྫུ་སྨྲ་མ་མ་རྣམ་རྣམས་ཀྱི་བར་འགྱུར། དང་སྡུག་བཕྲུལ་བར་བརྡའ་བང་ཐོག་བརྙེད་པར་འགྱུར་དུ།། གཏང་འམ་པ་རྣམས་པ ་བྲེལ་ཞིང་སེར་སྡེ་མན་དུ་འགྱུར་ཏེ། འདི་ནི་ལས་གང་ད་ལྔ་ནི། གང་ཟག་དབུལ་བར་གྱུར་ལ། སེར་ཉྫ་ཙ། དུ་འགྱུར་བའི་ལ་ལོ།། དེ་ལ་ལས་གང་དང་ལྡནན ་གང་དག་ལུས་འདྲི་བར་ཧཱུ~ཾ་ག་སེམས་ཀྱིས་མ་ཡིན་པ་ལས་གང་ཞེ་ན། བསོད་ནམས་བྱས་པལས་སེཾའི་སྐྱེས་སྟེ། དཔར་ན་འཁར་མོས་སྦྱར་བའི་རྒྱལ་བ ་སྟེ་རྐང་དག་འདི་ནི་ལུས་མེད་པར་གྱུར་ལ། སེམས་ཀྱིས་མམན་པ།། ངལ་ལས་གང་དང་ལྡནན། གང་ནག་སེམས་ཅད་པར་གྱུར་ལ། ལུས་ཀྱིས་མ་མན་པའི་ལས་གང་ན་ན། ་རྣམས་མ་རྒྱས་པའི་དགྲ་ཙ་ཙམ་པ་སྐྱེ། ཡང་མགནས་ཏན་ལ་ཀུར་ཙིཀཱ་ལྱཱ་ནུ་སྟེ། གང་ཚིག་འདི་ནི་སེམས་བདེ་བར་གྱུར་ལ། ལུས་ཀྱིས་མ་ཡིན་པའོ།། དེ་ལ་ས ་འི། སེམས་ཚང་བད་ཙང་གང་དག་གང་ནི། ཟམ་ང་རྣམས་བྱས་པའི་དགྲ་ཅོ་མའི་སྟེ། དབར་ན།། གནས་བརྟན་ཤེས་ལ་ལ~ཾ་བུ་སྟེ། གང་དག་འདི་ནི་ལུས་ཀྱང་བ་ལ་མ ་ཀྱང་བདེ་བའོ།། དེ་ལ་ལུས་ཀྱང་མི་བདེ་ལ། སེམས་ཀྱང་མི་བདེ་བའི་གང་ཟག་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་མ་བྱས་པའི་ས་སའི་སྐྱེ་བོ་སྟེ། གང་ཟག་འདི་ནི་ལུས་ཀྱང་མི་བདེ་ལ། ་སེམས་ཀྱང་མི་བདེ་བའོ།། དེ་ལ་གང་ཟག་གང་གི་ཚེ་ཟད་པར་གྱུར་ལ། ལས་མ་ཟད་པ་གང་ཞེ་ན། གང་ཟག་གང་སེམས་ཅན་དམྱལ་བ་ཤི་འཕོས་ལ། སེམས་ཅན་དམྱལ་བར ་སྐྱེ་བ་དང་། དུད་འགྲོ་ནས་ཤི་འཕོས་ལ། དུད་འགྲོར་སྐྱེ་བ་དང་། ཡི་དགས་ལས་ཤི་འཕོས་ལ། ཡི་དག་སུ་སྐྱེ་བ་དང་། ལྷ་ལས་ཤི་འཕོས་ལ། ལྷར་སྐྱེ་བ་དང་། མི་ལས་ཤི་འཕོས་ལ། ་མཽར་སྐྱེ་བ་སྟེ། གང་ཟག་འདི་ཚེ་ཚེ་ཟད་པར་གྱུར་ལ། ལས་མ་ཟད་པའོ།། དེ་ལ་གང་ཟག་གང་གི་ལས་ཟད་པར་གྱུར་ལ། ཚེ་མ་ཟད་པའི་གང་ཟག་གང་ཞེ་ན། གང་ཟག་གང ་སྔར་བདེ་བར་གྱུར་ལ། ཕྱིས་སྡུག་བསྔལ་བར་གྱུར་པ་དང་།། སྔར་སྡུག་བསྔལ་བར་གྱུར་ལ། ཕྱིས་བདེ་བར་གྱུར་པ་སྟེ། གང་ཟག་དེ་ནི་ལས་ཟད་པར་གྱུར་ལ་ཚེ་མ་ཟད ་པའོ།། དེ་ལ་གང་ཟག་གང་གི་ལས་ཀྱང་ཟད་ལ། ཚེ་ཡང་ཟད་པའི་གང་ཟག་གང་ཞེ་ན་གང་ཟག་གང་སེམས་ཅན་དམྱལ་བ་ནས་ཤི་འཕོས་ཏེ། དུད་འགྲོར་སྐྱེ་བ་དང་། དུད་འགྲོ་ནས་ཤི ་འཕོས་ཏེ། ཡི་དག་སུ་སྐྱེ་བ་དང་། ཡི་དྭགས་ལ་ཤི་འཕོས་ཏེ། ལྷ་མ་ཡིན་གྱི་ནང་དུ་སྐྱེ་བ་དང་། ལྷ་མ་ཡིན་ལས་ཤཾ་འཕོས་ཏེ། མིའི་ནང་དུ་སྐྱེ་བ་དང་། མི་ལས་ཤི་འཕོས་ཏེ། ལྷའི་ནང་དུ་སྐྱེ་བ་སྟེ། ་གང་ཟག་དེ་ནི་ཚེ་ཡང་ཟད་ལ། ལས་ཀྱང་ཟད་པའོ།། དེ་ལས་གང་ཟག་གང་ཚེ་ཡང་མ་ཟད་ཅིང་། ལས་ཀྱང་མ་ཟད་ལ། དེའི་ཉོན་མོངས་པ་རྣམས་ཟད་པའི་གང་ཟག་གང་ཞེ་ན། རྒྱུན ་ཏུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་སྟེ། གང་ཟག་དེ་ནི་ཚེ་ཡང་མ་ཟད་ཅིང་། ལས་ཀྱང་མ་ཟད་ལ། དེའི་ཉོན་མོངས་པ ་རྣམས་ཟད་པ་ཡིན་ནོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམསུ་སྐྱེས་ལ། གཟུགས་བཟང་བ་དང་། མཛེས་པ་དང་། བལྟ་ན་སྡུག་པ་དང་། མདོག་སྣུམ་པ་དང་། ལྤགས ་བསྡུམ་པ་དང་། མིག་ཏུ་སྡུག་པར་འགྱུར་བའི་ལས་གང་ཞེ་ན། འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་ངང་ཚུལ་ངན་པ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམ ་སྐྱེས་ལ། གཟུགས་བཟང་བ་དང་། བལྟ་ན་སྡུག་པ་དང་། མཛེས་པ་དང་། མདོག་སྣུམ་པ་དང་། ལྤགས་པ་སྨྲ་བར་འགྱུར་བའི་ལསོ།། དེ་ལ་ལས་གང་དང་ལྡན་ན། གང ་ཟག་ངན་སོང་རྣམསུ་སྐྱེས་ལ་མདོག་མི་སྡུག་པ་དང་ལུས་རྩུབ་པ་དང་། བལྟ་བ་དང་མི་འཐུན་པར་འགྱུར་བ་འི་ལས་གང་ཞེ་ན། ཞེ་སྡང་གིས་ཀུན་ནས་བསླང་བའི་ངང ་ཚུལ་ངན་པ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སྐྱེས་ལ། མདོག་མི་སྡུག་པ་དང་། ལུས་རྩུབ་པ་དང་། བལྟ་ན་མི་སྡུག་པ་དང་། བལྟ་བ་དང་མི་འཐུན་པར ་འགྱུར་བའི་ལས།། དེ་ལ་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམ་སུ་སྐྱེས་ལ། དྲི་མི་ནི་མི་པ་དང་། དབང་པོ་མི་གསལ་བ་དང་། དབ་བ་མི་རྣོ་བར་འགྱུར་བའི་ལས་གང་ཞེ་ན། ་གཏི་མུག་གིས་ཀུན་ནས་བསླང་བའི་ངང་ཚུལ་ངམ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སུ་སྐྱེས་ལ། དྲི་མི་ཞིམ་པ་དང་། དབང་བ་མི་གསལ་བ་དང་། ་དབང་པོ་མི་རྣོ་བར་འགྱུར་བའི་ལས་སོ།། དེ་ལ་མི་དགེ་བཅུའི་ལས་ཀྱི་ལམ་འདི་དག་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་བཅུ་ཆུང་པར་སྣང་བ་གང་ཞེ་ན། སྲོག ་གཅོད་པའི་རྣམ་པར་སྨིན་པས་ནི། སའི་མཐུ་ཡོངསུ་ཉམས་པར་འགྱུར་རོ།། མ་བྱིན་པར་ལེན་པའི་རྣམ་པར་སྨིན་པས་ནི། སེར་བ་དང་། བྱེད་པ་དང་། སྲིན་དང་། མུ་གེ་ལ་སོགས ་པ་འབྱུང་བར་འགྱུར་རོ།། འདོད་པ་ལ་ལོག་པར་གཡེམ་པའི་རྣམ་པར་སྨིན་པས་ནི། བཙའ་དང་། ས་འབབ་པ་དང་། རྡུལ་དང་། རླུང་དང་། ཆར་དྲག་པོ་འབྱུང་བར་འགྱུར་རོ།། ་བརྫུན་དུ་སྨྲ་བའི་རྣམ་པར་སྨིན་པས་ནི། དྲི་མི་ཞིམ་པར་འགྱུར་རོ།། ཕྲ་མའི་རྣམ་པར་སྨིན་པས་ནི། མཐོན་དམན། ངམ་གྲོགས་དང་། འདམ་རྫབ་དང་། གཡངས་དང་། ལྡག་ལྕིག་དང་། ་ངན་སྐྱུགས་ཀྱི་ལྡན་ལྗིན་འབྱུང་བར་འགྱུར་རོ།། ངག་རྩུབ་པའི་རྣམ་པར་སྨིན་པས་ནི། འབྲས་བུ་ངན་པ་དང་། རེག་དུ་མི་བཟོད་པ་དང་། གསེག་མ་དང་། གྱོ་མོ་དང་། ་ཚེར་མོ་ཚང་ཚིང་དག་འཐུང་བར་འགྱུར་རོ།། ཚིག་ཀྱལ་བའི་རྣམ་པར་སྨིན་པས་ནི། རྩ་ཚང་ཚིང་དང་། ནགས་ཐིབ་ས་པོ་དང་། འཁྲི་ཤིང་ཚེར་མ་ཚང་ཚིང་ཅན་དག་འབྱུང ་བར་འགྱུར་རོ།། བརྣབ་སེམས་ཀྱི་རྣམ་པར་སྨིན་པས་ནི། ལོ་ཏོག་ལ་སོགས་པ་འབྲས་བུ་ཉུང་ངུ་འབྱུང་བར་འགྱུར་རོ།། གནོད་སེམས་ཀྱི་རྣམ་པར་སྨིན་པས་ནི། འབྲས་བུ་དང་། ས ་བོན་ཚ་བ་དང་། ཁ་བ་འབྱུང་བར་འགྱུར་རོ།། ལོག་པར་ལྟ་བར་ཡང་དག་པར་བླངས་པའི་རྒྱུས་ནི། འབྲས་བུ་མེད་པ་དང་། ཉུང་བའི་ས་བོན་འབྱུང་བར་འགྱུར་ཏེ། མི་དགེ་བ་བཅུའི་ལས ་།། ཀྱི་ལམ་འདི་དག་ཡང་དག་པར་བླངས་པའི་རྒྱུས་ཕྱི་རོལ་གྱི་དདུས་པོ་བཅུ་ཆུང་པར་སྡང་ངོ་།། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་པའི་རྒྱུས་རྒྱ ་རོལ་གྱི་དངོས་པོ་བཅུ་ཕུན་སུམ་ཚོགས་པར་སྣང་སྟེ། བཅུ་གང་ན་ན། སྲོག་གཅོད་པ་སྤངས་པའི་རྣམ་པར་སྨིན་པས་ནི། སའི་མཐུ་མེད་པར་མི་འགྱུར་རོ།། མ་བྱིན་པར་ལེན་པ་སྤངས ་པའི་རྣམ་པར་སྨིན་པས་ནི། སེར་བ་དང་། བྱི་བ་དང་། སྲིན་དང་། མུ་གེ་ལ་སོགས་པ་འབྱུང་བར་མི་འགྱུར་རོ།། འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་རྣམ་པར་སྨིན་པས་ནི། ་བཙའ་དང་། ས་འབབ་པ་དང་། རྡུལ་དང་། རླུང་དང་། ཆར་དྲག་པོ་འབྱུང་བར་མི་འགྱུར།། བརྫུན་དུ་སྨྲ་བ་རྣམ་པར་སྤངས་པའི་རྣམ་པར་སྨིན་པས་ནི། དྲི་མི་ཞིམ་པ་འབྱུང་བར ་མི་འགྱུར་རོ།། ཕྲ་མ་སྤངས་པའི་རྣམ་པར་སྨིན་པས་ནི། དམ་གྲོག་དང་། གཡང་ས་དང་། འདམ་རྗེབ་དང་། ངན་སྐྱུགས་ཀྱི་ལྡན་ལྗིན་དང་། དོང་རྣམས་འཐུང་བར་མ ་འགྱུར་རོ།། ངག་རྩུབ་པོ་སྤངས་པའི་རྣམ་པར་སྨིན་པས་ནི། གསེག་མ་དང་། གྱོ་མོ་དང་། གྱོ་དུམ་གྱི་རེག་པ་འབྱུང་བར་མི་འགྱུར་རོ།། ཚིག་ཀྱལ་པ་སྤངས་པའི་རྣམ་པར་སྨིན་པས ་ནི། རྩཝ་ཚང་ཚིང་དང་། ནགས་ཐིབས་པོ་དང་། ཚོར་མ་ཚང་ཚིང་རྣམས་འབྱུང་བར་མི་འགྱུར་རོ།། བརྣབ་སེམས་སྤངས་པའི་རྣམ་པར་སྨིན་པས་ནི། ལོ་ཏོག་ལ་སོགས་པ་འབྲས ་བུ་དང་བཅས་པ་འབྱུང་བར་འགྱུར་རོ།། གནོད་སེམས་སྤངས་པའི་རྣམ་པར་སྨིན་པས་ནི། ལོ་ལེགས་པ་དང་། འབྲས་བུ་དང་། ས་བོན་མི་ཁ་པ་དང་། མི་ཚ་བ་རྣམས་འབྱུང་བར ་འགྱུར་རོ།། ལོག་པར་ལྟ་བ་སྤངས་པའི་རྣམ་པར་སྨིན་པས་ནི། འབྲས་བུ་མེད་པ་དང་། ཆུང་བ་མ་ཡིན་པའི་ས་བོན་རྣམས་འབྱུང་བར་འགྱུར་ཏེ། དགེ་བ་བཅུའི་ལས་ཀྱི ་ལམ་བཅུ་པོ་འདི་དག་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་བཅུ་པོ་འདི་དག་ཕུན་སུམ་ཚོགས་པར་སྣང་ངོ་།། བྲམ་ཟེའི་ཁྱེའུ་སྲོག་གཅོད་པའི་ཉེས་དམིགས་བཅུ་པོ་འདི ་ངག་རིག་པར་བྱ་སྟེ། བཅུ་གང་ཞེ་ན། ཤར་གཉེར་བ་མང་བ་དང་། མཐོང་ན་ཡིད་དུ་མི་འོང་བ་དང་། སྡིག་པ་རྣམས་སེམས་པ་དང་། དེ་ལ་སེམས་ཅན་རྣམས་འཇིགས་པར་འགྱུར་བ ་དང་མི་བདེ་བཞིན་ཉལ་ཞིང་། མི་བདེ་བཞིན་སད་པ་དང་། སྡིག་པ་ཅན་གྱི་རྨི་ལམ་རྨི་བ་དང་། རྨུགས་ཏེ་འཆི་བའི་དུས་བྱེད་པར་འགྱུར་བ་དང་། འགྱོད་པར་འགྱུར་བ་དང་། ཚེ ་ཐུང་བར་འགྱུར་བའི་ལས་བྱེད་ཅིང་སོགས་པ་དང་། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་ན་མ་པར་ལྟུང་བ། སེམས་ཅན་དམྱལ་བ་རྣམས་སྐྱེ་བར་འགྱུར ་རོ།། མ་བྱིན་པར་ལེན་པ་ལ་ཞེས་དམིགས་བཅུར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། ཁོ་ན་བཅུག་སུ་འགྱུར་བ་དང་། དོགས་པར་འགྱུར་བ་དང་། དུས་མ་ཡིན་པར་རྒྱུ་བ་དང་། དགོངས་ཀར་རྒྱུ ་བ་དང་། སྡིག་པའི་གྲོགས་པོས་ཡོངསུ་ཟིན་པ་དང་། དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྤངས་པ་དང་། ངང་ཚུལ་ངན་པ་དང་། རྒྱལ་པོའི་གནོད་པ་དང་། ཆད་པའི་གནས ་པ་འབྱུང་བ་དང་། ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་བའི་ལས་བྱེད་ཅིང་། སོགས་པ་དང་། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན ་དམྱལ་བ་རྣམསུ་སྐྱེ་བར་འགྱུར་བའོ།། འདོད་པ་ལ་ལོག་པར་གཡེམ་པ་ལ་ཉེས་དམིགས་བཅུར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། གང་དག་གི་ཆུང་མ ་ལ་ཉལ་པོ་བྱེད་པ་དེ་དག་དེ་ལ་གླེགས་ཚོལ་བར་འགྱུར་བ་དང་། དེའི་ཆུང་མ་དང་རྩོད་པར་འགྱུར་བ་དང་། དེའི་མི་དགེ་བའི་ཆོས་འཕེལ་བར་འགྱུར་བ་དང་། དེའི་དགེ་བའི ་ཆོས་ཡོངསུ་འགྲིབ་ཅིང་ཡོངསུ་ཟད་པར་འགྱུར་བ་དང་། བདག་མ་སྦས་ཤིང་མ་བསྲུངས་པ་དང་། དེའི་བུ་དང་ཆུང་མ་དང་། ནོར་རྣམས་མ་སྦས་ཤིང་མ་བསྲུངས་པ་དང་། ་དོགས་པར་འགྱུར་བ་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་ཡིད་མི་རྟོག་པ་དང་། བྱི་བ་བྱེད་པ་དང་། བཅས་པར་འགྱུར་བའི་ལས་བྱེད ་ཅིང་སོགས་པ་དང་། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོ་ང་ངན་འགྲོར་རྣམ་པར་ལྟུང་བ། སེན་དམྱལ་བ་རྣམས་སྐྱེ་བར་འགྱུར་བའོ།། བརྫུན་དུ་སྨྲ་བ་ལ་ཉེས་དམིགས་བཅུར ་རིག་པར་བྱེ་སྟེ། བཅུ་གང་ཞེ་ན། དེ་ཁ་མརྣམ་པར་འགྱུར་བ་དང་། དེའི་ལུས་ལས་ལྷ་རྣམས་མི་འཕོངས་པ་དང་། མི་མ་ཡིན་པ་རྣམས་ཀྱིས་དེ་ལ་གླགས་རྙེད་པར་འགྱུར་བ་དང་། བདེན་པ་སྨྲས་ཀྱང ་དེ་ལ་སུ་ཡང་ཡིད་ཆེས་པར་མི་འགྱུར་བ་དང་། བརྫུན་སྨྲ་བར་འགྱུར་བ་དང་། ཡིད་ཆེས་པར་བྱ་བའི་གནས་རྣམ་སུ་མཁས་པ་རྣམས་དེ་ལ་དྲི་བར་བྱ་བར་མི་སེམས་པ་དང་། དེའི་བདེན་པ་མ་ཡི ་པའི་བསྔགས་པ་དང་། བརྗོད་པ་དང་། སྒྲ་དང་ཚིག་སུ་གཙང་བ་མ་ཡིན་པ་འབྱུང་བ་དང་། གཟུང་བའི་ཚིག་ཏུ་མི་འགྱུར་བ་དང་། སྐུར་པ་འདེབས་པར་འགྱུར་བའི་ལས་བྱེད་ཅིང་སོགས་པ་དང་ལུས ་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམསུ་སྐྱེ་བའོ།། འབྲུ་དང་། འབྲས་བུའི་ཆང་བག་མེད་པའི་གནས་ལ་ཉེས་དམིགས་སུམ་ཅུ ་རྩ་དྲུག་ཏུ་རིག་པར་བྱ་སྟེ། སུམ་ཅུ་རྩ་དྲུག་གང་ཞེ་ན། ཚེ་འདི་ལ་ནོར་ཟད་པ་དང་། ནད་ཀྱི་གཞིར་འགྱུར་བ་དང་། འཐབ་པ་དང་། མཚང་འབྲུ་བ་དང་། རྩོད་པ་འཕེལ་བ་དང་། གསང་བའི ་གནས་སྟོན་པ་དང་། ཤེས་རབ་ཉམས་པར་བྱེད་པ་དང་། མ་ཐོབ་པའི་ལོངས་སྤྱོད་རྣམས་མི་ཐོབ་པ་དང་། ལོངས་སྤྱོད་ཐོབ་པ་རྣམས་ལས་ཡོངསུ་ཉམས་པར་འགྱུར་བ་དང་། གསང་རྡོལ ་བར་འགྱུར་བ་དང་། ལས་ཀྱི་མཐའ་རྣམས་ཡོངསུ་ཉམས་པ་དང་། མྱ་ངན་གྱི་རྩ་བར་འགྱུར་བ་དང་། ཉམས་ཆུང་བར་འགྱུར་བ་དང་མར་མི་ཤེས་པར་འགྱུར་བ་དང་། པར་མི་ཤེས་པར ་འགྱུར་བ་དང་། དགེ་སྦྱོང་དུ་མི་ཤེས་པར་འགྱུར་བ་དང་། བྲ་མ་ཟེར་མི་ཤེས་པར་འགྱུར་བ་དང་། རིགས་ཀྱི་ག་ཙོ་བོ་ལ་རིམ་གྲོ་མེད་པར་འགྱུར་བ་དང་། སངས་རྒྱས་ལ་གུ ་པར་མི་འགྱུར་བ་དང་། ཆོས་ལ་གུས་པར་མི་འགྱུར་བ་དང་། དགེ་འདུན་ལ་གུས་པར་མི་འགྱུར་བ་དང་། སྡིག་པའི་གྲོགས་པོ་ས་ཡོངསུ་ཟིན་པར་འགྱུར་བ་དང་། དགེ་བའི་བཤེས་གཉེན ་གྱིས་རྣམ་པར་སྤངས་པ་དང་། ངོ་ཚ་མེད་པར་འགྱུར་བ་དང་། འཛེམ་པ་མེད་པར་འགྱུར་བ་དང་། དབང་པོའི་སྒོ་མ་བསྡམས་པར་འགྱུར་བ་དང་། བུད་མེད་རྣམས་ལ་ཤིན་ཏུ་བག་མེད་པར ་འགྱུར་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་མི་མཐུན་པ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་བཙུན་པ་རྣམས་ཀྱིས་སྨད་པར་འགྱུར་བ་དང་། དམ ་།། པའི་ཆོས་མ་ཡིན་པ་ཡོང་སུ་འཛིན་པ་དང་། དམ་པའི་ཆོས་ཡོངསུ་སྤངས་པ་དང་། ཡིད་ཆེས་པར་བྱ་བའི་གན་སུ་མཁས་པ་རྣམས་ཀྱིས་དེ་གནག་པར་མི་བསམ་པ་དང་། ་བག་མེད་པས་གཡེལ་བ་དང་། དེ་ལ་མྱ་ངན་ལས་འདས་པ་རིང་བར་འགྱུར་བ་དང་། མྱོས་པར་འགྱུར་བ་དང་། མྱོས་པར་འགྱུར་བའི་ལས་བྱེད་ཅིང་། སོགས་པ་དང་། ལུས་དང་བྲལ ་ནས། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བ་རྣམསུ་སྐྱེ་བའོ།། བྲམ་ཟེའི་ཁྱེའུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནི། བཅུ་པོ་འདི ་དག་སྟེ། བཅུ་གང་ཞེ་ན། རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བ་འཐོབ་པ་དང་། རྒྱ་ཆེ་བའི་གཟུགས་དང་། རྒྱ་ཆེ་བའི་གཡོག་འཁོར་དང་། རྒྱ་ཆེ་བའི་མཆོད་པ་དང་། བཀུར་སྟི་དང་། རྒྱ་ཆེ ་ནོར་དང་། རྒྱ་ཆེ་བའི་ཐོས་པ་དང་། རྒྱ་ཆེ་བའི་དད་པ་དང་། རྒྱ་ཆེ་བའི་དྲན་པ་དང་། རྒྱ་ཆེའི་ཤེས་རབ་དང་། རྒྱ་ཆེ་བའི་རྟོགས་པ་ཐོབ་པ་སྟེ། བཅུ་པོ་དེ་དག་ནི། དེ་བཞིན་ག ་བའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་སྟེ། མདོག་གསེར ་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་། མཛེས་ཏེ་མིག་ཏུ་སྡུག་པར་འགྱུར་བ་དང་། སྐད་སྙན་ཅིང་གཟུང་བའི་ཚིག་དུ་འགྱུར་བ་དང་། བག་ཆ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་། ལྷ་དང ་མི་རྣམས་དགའ་བར་འགྱུར་བ་དང་། གཟི་བརྗིད་ཆེན་པོར་འགྱུར་བ་དང་། གཟི་བརྗིད་ཆེན་པོའི་གང་ཟག་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་།། བྱང་ཆུབ ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངསུ ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་འདི་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱགས་པའི ་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བ་དང་། བལྟ་ན་སྡུག་པ་འགྱུར་བ་དང་། མཛེས་པར་འགྱུར་བ་དང་། སྐད་སྙན་པར་འགྱུར་བ་དང་། དེའི་འདོད་ཆགས་དང་ཞེ་སྡང ་དང་། གཏི་མུག་སྲབ་པར་འགྱུར་བ་དང་། ལམ་དུ་འགྲོ་ན་རྩ་བ་དང་། གསེག་མ་དང་། གྱོ་མོ་རྣམས་མེད་པར་འགྱུར་བ་དང་། བཙུན་པའི་རིགསུ་སྐྱེ་བར་འགྱུར་བ་དང་། ་ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིསུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངསུ་མྱ་ངན་ལས་འད་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ ་ཕྱགས་པའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་གདུགས་ལྟ་བུར་འགྱུར་བ་དང་། ལུས་ལ ་གདུང་བ་མེད་པར་འགྱུར་བ་དང་། སེམས་ལ་གདུང་བ་མེད་པར་འགྱུར་བ་དང་། འཇིག་རྟེན་གྱི་རྟེན་དུ་འགྱུར་བ་དང་། བདག་པོར་འགྱུར་བའི་ལས་བྱེད་ཅིང་སོགས་པ་དང་། འཁོར་ལོས ་སྒྱུར་བའི་རྒྱལ་སྲིད་ཡང་དང་ཡང་འཐོབ་པ་དང་། དབང་ཆེ་བར་གྲགས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐ་རིསུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངསུ་མྱ་ངན ་ལས་འདའ་བ་སྟེ། བཅུ་པོ་འདི་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བར་འགྱུར་བ་དང་། སྒྲ་སྙན་པར་འགྱུར་བ་དང་། ཡིད་དུ་འོང་བ་སྨྲ་བ་དང་ལྡན་པར་འགྱུར་པ་དང་། ཀ་ལ་བིང་ཀའི ་སྒྲ་ལྟ་བུར་སྨྲ་བ་དང་ལྡན་པར་འགྱུར་བ་དང་། གཟུང་བའི་ཚིག་ཏུ་འགྱུར་བ་དང་། རབ་ཏུ་དགའ་བར་འགྱུར་བ་དང་། ཀུན་ཏུ་དགའ་བོའི་རྒྱ་ཆེན་པོའི་སྒྲ་འཐོབ་པ་དང་། ལོངས་སྤྱོད་ཆེ ་བར་འགྱུར་བ་དང་། མཐོ་རིསུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་དབུལ་བའི ་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་ངན་དབུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་རྒྱལ་མཚན་ལྟ་བུར་འགྱུར་བ་དང་། མཛའ་བཤེས ་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་ཀྱིས་བསྟེན་བསྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་པ་དང་། ཕྱོགས་དང་ཕྱོགས་མཚམས ་སུ་དེའི་གྲགས་པ་དང་། བརྗོད་པ་དང་། སྒྲ་དང་ཚིགསུ་བཅད་པ་མངོན་ཏུ་འབྱུང་བ་དང་། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་འགྱུར་བ་དང་། སྐྱེ་བ་གཞན་རྣམསུ་ཆེ ་རིང་ཞིང་རིང་དུ་གནས་པར་འགྱུར་བ་དང་། དབང་ཆེ་བར་གྲགས་པར་འགྱུར་བ་དང་། རིགས་བཙུན་པར་སྐྱེ་བར་འགྱུར་བ་དང་། ལོངས་སྤྱོད་ཆེན་པོར་འགྱུར་བ་དང་། མཐོ་རིས་སྐྱེ་བར ་འགྱུར་བ་དང་། མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་ཕུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད ་རྟེན་ལ་གོས་ཕུལ་བའི་ཕན་ཡོན་བཅུ་གཉིས་སྟེ། བཅུ་གཉིས་གང་ཞེ་ན། མཛེས་ཤིང་བལྟ་ན་སྡུག་པར་འགྱུར་བ་དང་། ལྤགས་པ་འཇམ་པ་དང་། ལྤགས་པ་སྣུམ་པ་དང་། ལྤགས ་པ་སྲབ་པ་དང་། དེའི་ལུས་ལ་རྡུལ་དང་། དྲི་མ་མི་འཆགས་པ་དང་། དེའི་གོས་བཟང་པོར་འགྱུར་བ་དང་། གདིང་བ་དང་། བགོ་བ་ཕྲ་མོ་རྙེད་པར་འགྱུར་བ་དང་། ངོ་ཚ་ཤེས་པ ་དང་། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པར་འགྱུར་བ་དང་།། མཐོང་ན་དགའ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིསུ་སྐྱེ་བར་འགྱུར་བ་དང་། མྱུར་དུ ་ཡོངསུ་མྱ་ངན་ལས་འདའ་བ་སྟེ། བཅུ་གཉིས་པ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གོས་ཕུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཚ ་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་། དེའི་སྣའི་དབང་པོ་ནམ་ཡང་ཉམས་པར་མི་འགྱུར་བ་དང་། ལུས་ཀྱི་དྲི ་ང་བ་རྣམ་པར་དག་པར་འགྱུར་པ་དང་། དྲི་ཞིམ་པོ་འབྱུང་བར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་རྣམ་སུ་དེའི་ཚུལ་ཁྲིམས་ཀྱི་དྲིའི་ངད་ལྡང་བར་འགྱུར་བ་དང་། འཇིག ་རྟེན་གྱིས་མངོན་ཏུ་འགྲོ་བར་བྱ་བར་འགྱུར་བ་དང་། སྡུག་པའི་ཆོས་རྣམས་འཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིསུ་སྐྱེ་བར་འགྱུར་བ་དང ་མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི ་མཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་ཕྲེང་བ་ལྟ་བུར་འགྱུར་བ་དང་། ལུས་ཀྱི་དྲི་ང་བ་རྣམ་པར་དག་པར་འགྱུར་བ་དང་། ཕྱོགས་དང ་ཕྱོགས་མཚམས་རྣམསུ་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་ངད་ལྡང་བ་དང་། རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་། བརྒྱན་པར་འགྱུར་བ་དང་། གཡོག་འཁོར་མི་བྱེད་པར་འགྱུར་བ ་དང་། སྐྱེས་པ་དང་། བུད་མེད་རྣམས་ཀྱི་ཡིད་དུ་འོང་བར་འ་གྱུར་པ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རི་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོང་སུ་མྱ་ངན་ལས ་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མ་ཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན ་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང་། ཤའི་མིག་རྣམ་པར་དག་པར་འགྱུར་བ་དང་། ལྷའི་མིག་འཐོབ་པར་འགྱུར་བ་དང་། དགེ་བ་དང་། མི་དགེ་བའི་ཆོས ་རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ་དང་། མ་རིག་པ་དང་། གཏི་མུག་གི་མུན་པ་སེལ་བ་དང་། ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་བ་དང་། དེ་འཁོར་བ་ན་འཁོར་བའི་ཚེ། ནམ་དུ ་ཡང་མུན་པ་ན་གནས་པར་མི་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་བའི་བན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན ་སྤོས་ལྟ་བུར་འགྱུར་བ་དང་། སྣའི་དབང་པོ་རྣམ་པར་དག་པར་འགྱུར་བ་དང་། ལུས་ཀྱི་དྲི་མི་ཞིམ་པ་རྣམ་པར་དག་པར་འགྱུར་བ་དང་། རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་། གཟུགས ་བཟང་བར་འགྱུར་བ་དང་། འཇིག་རྟེན་གྱིས་མངོན་ཏུ་འགྲོ་བར་འགྱུར་བ་དང་། སྡུག་པའི་ཆོས་རྣམས་འཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་ལ་ངའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས ་པའི་མཆོད་རྟེན་ལ་རོལ་མོ་སེལ་སྙན་ཕུལ་བའི་ཕན་པོ་ན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་ཞིང་། བལྟ་ན་སྡུག་པར་འགྱུར་བ་དང་། སྐད་སྙན་པར་འགྱུར་བ་དང་། ་ཡིད་དུ་འོང་བར་སྨྲ་བ་དང་ལྡན་པར་འགྱུར་བ་དང་། གྲགས་པ་དང་ལྡན་པར་འགྱུར་བ་དང་། གཟུང་བའི་ཚིག་ཏུ་འགྱུར་བ་དང་། རྟག་ཏུ་དགའ་བར་འགྱུར་བ་དང་། ཀུན་དགའ་བའི་སྒྲ ་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་དང་། ཁང་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རི་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི ་མཆོད་རྟེན་ལ་རོལ་མོ་སིལ་སྙན་ཕུལ་པོའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོ་ཆེན་བྱེད་པའི་ཕན་ཡོན་བཅོ་བརྒྱད་དེ། བཅོ་བརྒྱད་གང་ཞེ་ན། རྒྱ་ཆེན་པོའི་བྱམ། ་སྐྱེ་བར་འགྱུར་བ་ཐོབ་པ་དང་། གཟུགས་བཟང་བར་འགྱུར་བ་དང་། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང་། དབང་ཆེ་བར་གྲགས་པར་འགྱུར་བ ་དང་། གཡོག་འཁོར་ཆེན་པོར་འགྱུར་བ་དང་། གཡོག་འཁོར་མི་བྱེད་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བ་འགྱུར་བ་དང་། མངོན་ཏུ་འགྲོ་བར་བྱ་བར་འགྱུར་བ་དང་། ་རྟེན་དུ་འགྱུར་བ་དང་། ཕྱོགས་བཅུར་བརྗོད་པ་དང་། སྒྲ་དང་ཚིག་སུ་བཅད་པ་རྒྱ་ཆེན་པོ་མངོན་ཏུ་འབྱུང་བར་འགྱུར་བ་དང་། ལྷ་དང་མིས་མཆོད་པར་འགྱུར་བ་དང་། ནོར་ཆེན་པོ ་མང་པོ་དང་ལྡན་པར་འགྱུར་བ་དང་། འཁོར་ལོས་སྒྱུར་བའི་སྲིད་འཐོབ་པར་འགྱུར་བ་དང་། ཚེ་དང་ལྡན་པརའ་གྱུར་པ་དང་། ལུས་རྡོ་རྗེའི་ཚོགས་ལྟར་འགྱུར་བ་དང ་ལུས་མཚན་དང་། དཔེ་བྱད་ཀྱིས་བརྒྱན་པར་འགྱུར་བ་དང་། མཐོ་རི་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ། བཅོ་བརྒྱད་པོ་དེ་དག་ནི་དེ་བཞིན ་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་ནོ།། ཁྲི་སྟན་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་བླ་མའི་གནས་སུ་འགྱུར་བ་དང་། བསྔགས་པར་འགྱུར་བ། ་དང་། སྐྱེ་བོ་མང་པོ་ལ་གྲགས་པ་དང་། བརྗོད་པ་དང་། སྒྲ་དང་ཚིགས་སུ་བཅད་པ་མང་པོ་མངོན་ཏུ་འབྱུང་བར་འགྱུར་བ་དང་། བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་བ་དང་། བཞོན ་པ་དང་། ཁྲི་སྟན་དང་། རིམ་གྲོ་བྱེད་པ་དང་། མི་ལྡན་པར་མི་འགྱུར་བ་དང་། འཇིག་རྟེན་གྱིས་མངོན་ཏུ་འགྲོ་བར་བྱ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། དབང ་ཆེ་བར་གྲགས་པར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་ཁྲི་སྟན་སྦྱིན་པའི་ཕན་ཡོན་ནོ།། ལྷམ་སྦྱིན་པའི ་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། དེ་བཞོན་པ་རྣམས་ཀྱིས་བྲེལ་བར་མི་འགྱུར་བ་དང་། རྐང་པ་ལེགས་པར་གནས་པར་འགྱུར་བ་དང་། ལམ་དུ་འགྲོ་ན་སྟོབས་དང་ལྡན་པར་འགྱུར་བ ་དང་། དེའི་ལུས་ངལ་བར་མི་འགྱུར་བ་དང་། དེ་འགྲོ་ན་ཚེར་མ་དང་། གསེག་མ་དང་། གྱོ་མོ་རྣམས་ཀྱིས་རྐང་པ་སྣད་པར་མི་འགྱུར་བ་དང་། རྫུ་འཕྲུལ་ཐོབ་པར་འགྱུར་བ་དང་། ་དེ་རིམ་གྲོ་བྱེད་པ་དང་མི་ལྡན་པར་མི་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བ.རའ་གྱུར་པ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ ་སྟེ། བཅུ་པོ་དེ་དག་ནི་ལཱམ་སྦྱིན་པའི་ཕན་ཡོན་ནོ།། སྣོད་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན།། འཛི་གརྟེན་གྱི་ཡོན་ཏན་གྱི་སྣོད་ལྟ་བུར་འགྱུར་བ་དང་། མདོག ་སྣུམ་པར་འགྱུར་བ་དང་། སེམས་ཀྱི་རྒྱུད་མཉེན་པར་འགྱུར་བ་དང་། སྐོམ་པར་མི་འགྱུར་བ་དང་། སྐོམ་ན་ཡང་ཆུ་འབྱུང་བར་འགྱུར་བ་དང་། ཡི་དག་སུ་སྐྱེ་བར་མི་འགྱུར ་བ་དང་། ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ། བཅུ་པ ་དེ་དག་ནི་སྣོད་སྦྱིན་པའི་ཕན་ཡོན་ནོ།། ཁ་ཟས་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། ཚེ་རིང་བར་འགྱུར་བ་དང་། ཁ་དོག་དང་ལྡན་པར་འགྱུར་བ་དང་། སྟོབས་དང་ལྡན ་པར་འགྱུར་བ་དང་། དྲན་པ་དང་ལྡན་ཞིང་། སྤོབས་པ་དང་ལྡན་པར་འགྱུར་བ་དང་། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་། འཁོར་བདུན་པར ་འགྱུར་བ་དང་། ལྷ་དང་མི་རྣམས་འདུན་ཞིང་། དགའ་བར་འགྱུར་བ་དང་། མཐོ་རིསུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག ་ནི་ཁ་ཟས་སྦྱིན་པའི་ཕན་ཡོན་ནོ།། བཞོན་པ་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ན་ན། རྐང་པ་ཤིན་ཏུ་གཞོན་པར་འགྱུར་བ་དང་། རྐང་པ་ཤིན་ཏུ་གནས་པར ་འགྱུར་པ་དང་། རྐང་པས་འགྲོ་ན་ལུས་ངལ་བར་མི་ལ་གྱུར་པ་དང་། བདེ་བར་འགྱུར་བ་དང་། མི་མཛ་འ་བ་མང་བར་མི་འགྱུར་བ་དང་། རྫུ་འཕྲུལ་གྱི་རྐང ་པ་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་དང་། བཞོན་པ་རྣམ་ས་ཀྱིས་བྲེལ་བར་མི་འགྱུར་བ་དང་། རམི་གྲོ་བྱེད་པ་དང་། མི་ལྡན་པར་མི་འགྱུར་བ་དང་། མཐོ་རིསུ་སྐྱེ་བར་འགྱུར་བ ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་བཞོན་པ་སྦྱིན་པའི་ཕན་ཡོར་ནོ།། གནས་སྦྱིན་པའི་ཕན་ཡོན་རབ་ཏུ་མང་སྟེ། མང་པོ་གང་ཞེ་ནོ།། དེ་ལ་འཇིགས ་པ་མི་འབྱུང་ངོ་།། གདིང་བ་དང་། བགོ་བ་ཤིན་ཏུ་འཇམ་པོ་རྙེད་པར་འགྱུར་རོ།། ལྷ་དང་མི་རྣམས་ཀྱི་འདོད་པའི་ཕན་ཡོན་ལྔ་རྙེད་པར་འགྱུར་རོ།། གལ་ཏེ་འདོད་དེ་མ་ལ ་ཀྱེ་མ་བདག་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག། ཅེ་འམ། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག་ཅེས་འམ། ཁྱིམ་བདག ་ཤིང་ས་ལ་ཆེན་པོ་ལྟ་བུའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ།། གལ་ཏེ་འདོད་དེ་ཀྱེ་མ་བདག་གྲོང་གི་གཙོ་བོར་གྱུར་ཅིག་ཅེ་འམ། གྲོང་ཁྱེར་གྱི ་གཙོ་བོར་གྱུར་ཅིག་ཅེ་འམ། གྲོང་རྡལ་གྱི་ག་ཙོ་བོར་གྱུར་ཅིག་ཅེའམ། རི་བྲེགས་ཀྱི་རྒྱལ་པོར་གྱུར་ཅིག་ཅེའམ། རྒྱལ་ཕྲན་དུ་གྱུར་ཅིག་ཅེའམ། རྒྱལ་པོ་བཙན་པར་གྱུར ་ཅིག་ཅེ་འམ། དེའི་སྨོན་པ་དེ་དེ་བཞིན་དུ་གྲུབ་པར་འགྱུར་རོ།། གལ་ཏེ་འདོད་དེ་གླིང་གཅིག་གི་རྒྱལ་པོར་གྱུར་ཅིག་ཅེ་འམ། གླིང་གཉིས་ཀྱི་རྒྱལ་པོར་གྱུར་ཅིག་ཅེའམ། གླིང ་གསུམ་གྱི་རྒྱལ་པོར་གྱུར་ཅིག་ཅེའམ། འཁོར་ལོས་སྒྱུ་བའི་རྒྱལ་པོར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ།། གལ་ཏེ་འདོད་ཏེ་རྒྱལ་ཆེན་བཞིའི་རིས ་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་གྲུབ་པར་འགྱུར་རོ།། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། ་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་གྲུབ་པར་འགྱུར་རོ།། གལ་ཏེ་འདོད་དེ་མ་ལ་ཀྱེ་མ་བདག ་ཚངས་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་གྲུབ་པར་འགྱུར་རོ།། ཚངས་པའི་མདུན་ན་འདོན་པ་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད ་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེང་དང་། བསོད་ནམས་འཕེལ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མོ་གདུང་བ་དང་། གྱ་ནོམ ་སྣང་དང་། ལེགས་པར་མཐོང་དང་། འོག་མིན་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་གྲུབ་པར་འགྱུར་རོ།། གལ་ཏེ་འདོད་ཏེ། ་ནམ་མཁའ་ཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེསུ་ཉེ་བར་འགྲོ་བ་རྣམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣམས་དང་། ཅི་ཡང་མེད་པའི ་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣམས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་། སྐལ་བ་མཉམ་པར ་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་གྲུབ་པར་འགྱུར་རོ།། གལ་ཏེ་འདོད་དེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོནཿབྱའོ་ཞེ་ན། དེའི་སྨོན་པ་དེ་གྲུབ་པར་འགྱུར་རོ།། གལ ་འདོད་དེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། རང་བྱང་ཆུབ་མངོན་ཏུ་ཞེ་ན། དེའི་སྨོན་པ་དེ་གྲུབ ་པར་འགྱུར་རོ།། གལ་ཏེ་ཏེ་འདོད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་གྲུབ་པར་འགྱུར ་ཏེ། མང་པོ་དེ་དག་ནི་གནས་སྦྱིན་པའི་ཕན་ཡོན་ནོ།། སྐོམ་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་འགྱུར་བ་དང་། འཕྲལ་བ ་དག་ཅིང་། འཛུམ་པའི་བཞིན་དུ་འགྱུར་བ་དང་། ཡོན་ཏན་དང་ལྡན་པར་འགྱུར་བ་དང་། སེམས་ཀྱི་རྒྱུད་མཉེན་པར་འགྱུར་བ་དང་། སྐོམ་པར་མི་འགྱུར་བ་དང་། ་སྐོམ་ན་ཡང་ཆུ་འབྱུང་བར་འགྱུར་བ་དང་། ཡི་དྭགས་སུ་སྐྱེ་བར་མི་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར ་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་སྐོམ་སྦྱིན་པའི་ཕན་ཡོན་ནོ།། རབ་ཏུ་འབྱུང་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། དེ་བུ་དང་ཆུང་མ་དང་། ནོར་ལ ་སྲེད་པར་མི་འགྱུར་བ་དང་། དེ་འདོད་པ་ཡོངསསུ་འཛིན་པར་མི་འགྱུར་བ་དང་། དགོན་པར་གནས་པ་ལ་དགའ་བ་རྙེད་པ་དང་། སངས་རྒྱས་ལ་གུས་པར་འགྱུར་བ་དང་། ་བདུད་ཀྱི་སྤྱོད་ཡུལ་རྣམ་པར་སྤོང་བ་དང་། བདེ་འགྲོ་ཐོ་བ་པར་བྱེད་པའི་ཆོས་རྣམས་ཡོངས་སུ་ཚོལ་བ་དང་། ངན་འགྲོ་ཐོབ་པར་བྱེད་པའི་ཆོས་རྣམས་རྣམ་པར ་སྤོང་བ་དང་། ལྷ་དང་མིར་སྨོན་པར་བྱེད་པ་དང་། རྟག་ཏུ་དེ་བཞིན་གཤེགས་པའི་གསུང་རབ་ཏུ་འབྱུང་བ། རྙེད་པ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར ་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ་བཅུ་པོ་དེ་དག་ནི་རབ་ཏུ་འབྱུང་བའི་ཕན་ཡོན་ནོ།། དགོན་པ་ལ་གནས་པའི་ཕན་ཡོན་ནོ་བཅུ་ཏེ་བཅུ་གང་ཞེ་ན། འདུ་འཛིན་རྣམ་པར་སྤོང་བ ་དང་། རབ་ཏུ་དབེན་པ་ལ་བསྟེན་པ་དང་། དེའི་སེམས་བསམ་གཏན་ལ་དམིགས་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྨོན་པ་དང་། དགའ་བ་དང་། ་བདེ་བ་དང་། ཡིད་བདེ་བ་ལུས་ལ་སྐྱེད་པ་དང་། དེ་ལ་བར་དུ་གཅོད་པ་མི་འབྱུང་བ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་རྒྱ་ཆེར་ཤེས་པར་འགྱུར་བ་དང་། ་ཞི་གནས་ཐོབ་པ་དང་། ལྷག་མཐོང་བྱ་སྟེ། བཅུ་པོ་དེ་དག་ནི་དགོན་པ་ལ་གནས་པའི་ཕན་ཡོན་ནོ།། བསོད་སྙོམས་པའི་ཕན་ཡོན་བཅུ་སྟེ། བཅུ་གང ་ནེ་ན། དེ་འགྲོ་བ་ལ་གོམས་པར་འགྱུར་བ་དང་། དེ་སྤྱོད་ཡུལ་གོམས་པར་འགྱུར་བ་དང་། དེང་རྒྱལ་བཅོམ་པར་འགྱུར་བ་དང་། བདག་རྙེད་པ་ལ་སྦྱོར་བ་དང ་གཞན་དག་ཀྱང་བསོད་ནམས་ལ་རབ་ཏུ་འགོད་པ་དང་། སྟོན་པའི་བསྟན་པ་ཡོངས་སུ་སྟོན་པ་དང་། ཕྱི་མའི་སྐྱེ་བ་ལ་སྣང་བར་བྱས་པར་འགྱུར་བ་དང་། ཚངས་པ་མཚུངས་པར ་སྤྱོད་པ་རྣམས་ལ་འམ་ང་བ་མེད་པར་བྱས་པར་འགྱུར་བ་དང་།། དམའ་བའི་སེམས་ཉེ་བར་གཞག་པར། འགྱུར་བ་དང་། བསོད་སྙོམས་ཀྱིས་ཡོངསུ་དུལ་བའི ་དགེ་སློང་ཕྱོགས་ལ་མུན་པ་མེད་པར་སྣང་བའོ།། འཇིགས་པ་མེད་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིགས་པ་མེད་པར་གྲོང་དུ་འཇུག་པ་དང་། འཇིགས་པ་མེད ་པར་གྲོང་ནས་འབྱུང་བ་དང་། འཇིགས་པ་མེད་པར་ཁྱིམ་རྣམསུ་འགྲོ་བ་དང་། འཇིགས་པ་མེད་པར་འཁོར་ལ་ཆོས་སྟོན་པ་དང་། འཇིགས་པ་མེད་པར་དགེ་འདུན་གྱི་ནང་དུ ་འཇུག་པ་དང་། འཇིགས་པ་མེད་པར་སློབ་དཔོན་དང་། མཁན་པོའི་དྲུང་དུ་འགྲོ་བ་དང་། འཇིགས་པ་མེད་པར་བྱས་པའི་སེམས་ཀྱིས་སློབ་མའི་གན་དུ་འགྲོ་བ་དང ་འཇིགས་པ་མེད་པར་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཡོངས་སུ་སྦྱོར་བ་དང་། འཇིགས་པ་མེད་པར་ཁ་ཏོན་འདོན་པ་དང་།། ་འཇིགས་པ་མེད་པར་འཆི་བའི་དུས་བྱེད་པའོ།། བྲམ་ཟེའི་ཁྱེའུ་དེ་ལྟར་ན། སེམས་ཅན་རྣམས་ནི་ལས་བདག་གིར་འགྱུར་བ། ལས་ཀྱི་སྐྱེ་གནས་ཅན་ལས་ཀྱི་བགོ་སྐལ ་ལ་སྤྱོད་པ། ལས་ལ་རྔོན་པ་སྟེ། སེམས་ཅན་རྣམས་ནི་ལས་ཀྱིས་བཙུན་པ་དང་། དམའ་བ་དང་། དམན་པ་དང་། བཟང་པོར་རྣམ་པར་ཕྱེའོ།། ཞེང་ངས་གང་སྨྲས་པ་དེ་ནི། ་ལས་འདི་ལས་བསམས་ཏེ་སྨྲས་སོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ།། བཅོམ་ལྡན་འདས་ལ་སེམས་མངོན་པར་དང་ངོ་།། དེ ་ནས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས། བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ།། གོའུ་ཏ་མ་ཁྱོད་མཉན་དུ་ཡོད་པར་དགེ་སྙེན་གྱི་ཁྱིམ་དག་ཏུ་གཤེགས་པར་དགོངས ་བལྟ་ན། དེ་ལྟར་ཏོའུ་ཏེ་ཡའི་ཁྱིམ་དུ་ཡང་གཤེགས་པ་དགོངས་སུ་གསོལ།། དེས་ནི་ཏོའུ་ཏེ་ཡའི་ཁྱིམ་དུ་ཡིན་རིང་བའི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ།། ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུངས་པས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙེ་ལ་གནང་བ་མཛད་དོ།། །། དེ་ནས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཅེས། བཅོམ ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ། རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱིས་གནང ་བས་སོང་ངོ་།། ལས་རྣམ་པར་འབྱེད་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དྲན་ཤཱི་ལ་དང་། མུ་ནི་བར་མ་དང་། ཞུ་ཆེན་གྱི་ལོ་རྒྱ་བ་ན་། ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ནས་གཏན་ལ་བབ་པའོ།། རྒྱ་གར་སྐད་དུ། ཨརྱཱ་སུ་བ་དཿཔྲ་བྷ་སད་ཏམ་སུ་ཛན་དྲ ་