CLOSE WINDOW

L201b: 'phags pa yongs su mya ngan las 'das pa chen po'i mdo
Wyliee-texts produced with BDRC’s OCR application

པའི་མདོ་རྫོགས་སྷོ།། བསྟན་པ་སྔ་ངར་བའི་ཚེ་འགྱུར་བ་ལས་གང་གསར་ཆད་ཀྱིས་མ་བཙས་པའོ།། རྒྱ་གར་སད་དུ།། ཨརྱ་མ་ཧཱ་པ་རི་ནི་ར་བཱ་ན་སཱུ་ཏྲ་ཁོད ་སྐད་དུ། འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམ་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས ་གཅིག་ན། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ཆེན་པོ་གྱད་ཀྱི་ཉ་འཁོར། ཤིངས་ལ་ཟུང་གི་ཚལ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས ་ཅིག་ཏུ་བཞུགས་ཏེ། དེ་ཕྱི་མའི་དུས་དང་ཉེ་བར་འགྱུར་བ་དང་། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ང་ཡོངསུ་མྱ་ངན་ལས་འདས། ་ནས་ལོ་བརྒྱ་ཕྲག་དང་པོ་ལ་ནི། བསྟན་པ་ལ་ཆོས་ལ་བླ་མར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་ཆོས་ཀྱི་ཀུན་དགའ་ར་བ་ལ་དགའ་བ་དང་ལྡན་པར་གནས་པར་འགྱུར ་ཞིང་ཤེས་པ་ལ་མཁས་པ་དང་། ཤེས་རབ་དམ་པ་དང་ལྡན་པའི་རང་བཞིན་ཅན་དུ་འགྱུར་རོ།། ཀུན་དགའ་བོ་ཡང་དེའི་ཚེ་ན། རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་འཛམ་བུའི་གླིང ་གི་དབང་ཕྱུག་ལ་དབང་བྱེད་པར་འགྱུར་ཏེ། དེང་ཡོངསུ་མྱ་ངན་ལས་འདས་པའི་སྐུ་གདུང་གི་རིང་བསྲེལ་གྱི་མཆོད་རྟེན་རྒྱ་ཆེར་བྱེད་པར་འགྱུར་རོ།། ཀུན་དགའ་བོ་ང་ཡོངསུ་མ ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉིས་པ་ལ་ནི། བསྟན་པ་རྣམ་པར་གྲོལ་བའི་སྙིང་པོ་ཅན་དུ་འགྱུར་རོ།། ཉན་ཐོས་རྣམས་ཀྱང་ང་ལ་སྟོན་པར་རྟོག་ཅིང་། སྨོན་པར ་མཁས་པར་བྱེད་པར་འགྱུར་རོ།། ཀུན་དགའ་བོ་ང་ལོ།། ངསུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གསུ་མ་པ་ལ་ནི། བསྟན་པ་རྩ་སྙིང་པོར་བྱེད་པར་འགྱུར་རོ།། ངའི ་ཉན་ཐོས་རྣམས་ཀྱང་གཉི་གའི་ཆ་ལས་རྣམ་པར་གྲོལ་བར་འགྱུར་བའི་ལུས་ཀྱིས་མངོན་སུམ་དུ་བྱེད་ཅིང་། མཐོང་བས་ཐོབ་པ་དང་། ཤེས་རབ་ཀྱིས་རྣམ་པར་འགྲོལ་བར ་འགྱུར་རོ།། ཀུན་དགའ་བོ་ང་ཡོངསུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་བཞི་པ་ལ་ནི། བསྟན་པ་ལ་རྣམ་པར་དབྱེན་པ་སྙིང་པོར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང ་ནང་དུ་ཡང་དག་འཇོག་ལ་དགའ་བར་འགྱུར་རོ།། ཀུན་དགའ་བོ་ང་ཡོངསུ་མྱ་ངན་ལས་འདས་ལོ་བརྒྱ་ཕྲག་ལྔ་པ་ལ་ནི། བསྟན་པ་ལ་ཟློས་ལ་བླ་མར་བྱེད་པར་འགྱུརརོ།། ངའི་ཉན ་།། ཐོས་རྣམས་ཀྱང་ཆོས་ཀྱི་ཀུན་དགའ་ར་བ་ལ་མངོན་པར་དགའ་བར་འགྱུརརོ།། ཀུན་དགའ་བོང་ཡོངསུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་དྲུག་པ་ལ་ནི་བསྟན་པ་ལ་ཀློག་པ ་དང་། འདོན་པ་ལ་མངོན་པར་དགའ་བར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་བརྩོན་འགྲུས་རྩོམ་པར་འགྱུར་རོ།། ཀུན་དགའ་བོ་ང་ཡོངསུ་མྱ་ངན་ལས་འདས་ནས། ལོ་བརྒྱ་ཕྲག་བདུན་པ་ལ ་ནི། བསྟན་པ་ལ་མཆོད་པ་སྙིང་པོར་བྱེད་པར་འགྱུར་རོ།། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ ་ཡིན་པ་རྣམས་བསྟན་པ་ལ་བསྙེན་བཀུར་བྱེད་ཅིང་བླ་མར་བྱེད་པར་འགྱུར་བ་དང་། རྗེད་པར་འགྱུར་བ་དང་། མཆོད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་རྙེད་པ་དང ་བཀུར་སྟི་དང་། ཚིག་སུ་བཅང་བ་ལྷུར་ལེན་པར་འགྱུརརོ།། ཀུན་དགའ་བོ་ཡོངསུ་མྱ་ངན་ལས་འདས་ནས། ལོ་བརྒྱ་ཕྲག་བརྒྱད་པ་ལ་ནི། བསྟན་པ་ལ་ཞལ་ཏ་བྱེད་པར ་འགྱུར་གངའི་ཉན་ཐོས་རྣམས་ཀྱང་ཕམ་ཚུན་གནོད་པ་བྱེད་པར་འགྱུར་ཞིང་། ཡི་གེ་ལ་སེམས་པར་ལྟ་བ་ལ་མཁས་པ་དང་། མཁན་པོ་དང་། སློབ་དཔོན་ལ་མ་གུས་པ་དང་། ཤེས ་བཞིན་མེད་པར་གནས་པར་འགྱུར་བ་དང་སྤུ་དང་ལྡན་ཞིང་རང་ཉིད་སྐྱེས་བུ་ངན་པའི་ཚིག་ཏུ་སྨྲ་བ་དང་། དགེ་འདུན་དང་། མཆོད་རྟེན་གྱི་ནོར་ཁྱིམ་ན་གནས་པ་དང་། རྒྱལ་བའི་ཕོ་བྲང་དུ་བསྡུ ་བ་བྱས་ནས། རྣམ་པར་འཇིག་པར་བྱེད་པར་འབྱུང་བར་འགྱུར།། ཀུན་དགའ་བོ་ང་ཡོངསུ་མྱ་ངན་ལས་འདས་ནས་ལ་བརྒྱ་ཕྲག་དགུ་པ་ལ་ནི། བསྟན་པ་ལས་སྙིང་པོར་བྱེད་པར ་རོ།། ངའི་ཉན་ཐོས་རྣམས་ཀྱང་ཁྱིམ་གྱི་བྱ་བའི་ལས་བྱེད་པ་ལ་བརྩོན་པར་འགྱུར་ཏེ། ཞིང་གི་ལས་ཀྱི་མཐའ་ལ་དགའ་བ་དང་། འཚོང་ལ་མངོན་པར་དགའ་བ་དང་། འདོད་པ་ལ་རབ་ཏུ་འཇུག ་ཅིང་ཕོ་ཉར་གཏོང་བས་འཚོ་བ་བསྒྲུབ་པར་འགྱུར་བ་དང་། ལེ་ལོ་ཅན་དུ་འགྱུར་བ་དང་། དེ་བཞིན་གཤེགས་པས་ལེགས་པར་བཅས་པའི་བརླབ་པ་རྣམས་བསྲུངས་པར་མི་འགྱུར་རོ།། ་ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་སྟོང་གིས་ནི་བསྟན་པ་ལ་གཏམ་གྱི་སྙིང་པོར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་གཏམ་སྣ་ཚོག་ལ་མངོན་པར་དགའ་བ ་དང་ལྡན་པར་འགྱུར་ཞིང་། གང་གི་འཇིག་རྟེན་ལས་འདས་པའི་སངས་རྒྱས་ཀྱི་གསུང་འདི་ལྟ་སྟེ། མང་ཡི་སྡེ་དང་། དབྱངས་ཀྱིས་བསྙང་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིག ་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གནི་འི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུའི་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི ་སྡེ་དང་། རྨང་དུ་བྱུང་བའི་སྡེ་དང་། ཆོས་རྣམ་པར་གཏན་ལ་དབབ་པར་བསྟན་པའི་སྡེ་རྣམས་སྤངས་ནས། སྦྱོར་བ་གཞན་དང་ལྡན་པར་འགྱུར་ཏེ། འདི་ལྟ་སྟེ། རྒྱལ་པོའི་གཏམ་དང་། ཀུན ་པའི་གཏམ་དང་། ཐབ་མོའི་གཏམ་དང་། ཟས་ཀྱི་གཏམ་དང་། བཏུང་བའི་གཏམ། གྲོགས་ཀྱི་གཏམ་དང་། བདག་གི་གཏམ་དང་། ཁྱད་པར་གྱི་གཏམ་དང་། གཞོན་ནུའི་གཏམ་དང་། གཞོན་ནུ ་མའི་གཏམ་དང་། གྲོང་ཁྱེར་གྱི་གཏམ་དང་། རྒྱ་མཚོའི་གཏམ་སྟེ། དེ་ལྟ་བུ་ལ་སོགས་པའི་གཏམ་རྣམས་ལ་ངེས་པར་དགའ་བར་འགྱུརརོ།། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱང་ངའི་དམ་པའི ་ཆོས་སྤོང་བར་བྱེད་པར་འགྱུར།། ཆོས་འདུལ་བ་འདི་ལ་བཏང་སྙོམ་སུ་བྱེད་པར་འགྱུར་རོ།། གང་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་སྟེ། དེ་དག ་ཀྱང་ལུས་མ་བསྒོམས་པ་དང་། ཚུལ་ཁྲིམས་མ་བསྒོམས་པ་དང་། ཤེས་རབ་མ་བསྒོམས་པ་དང་། འཐབ་པར་བྱེད་པ་དང་། འཚང་འབྲུ་ཞིང་རྩོད་པ་བྱེད་པར་འགྱུརརོ།། ལྷུང་བཟེད་བཟང་པོ་དང་། ཆོས་གོས་བཟང ་བར་བརྩོན་ཞིང་ལོ་བརྒྱར་བསྲུངས་པར་བྱ་བའི་ཕྱིར་ཚུལ་ཁྲིམས་ཀྱང་མྱུར་དུ་འདོར་བར་འགྱུརརོ།། འདི་ལྟ་སྟེ་སྡིག་པ་ལ་ངེས་པར་སེམས་ཤིང་འདྲེས་པས་སྡིག་པ་དང་། ཡིད་མི་བདེ་བ་ལ་སོགས་པ་དེ ་བཞིན་དུ་ལོ་བརྒྱར་བསགས་པའི་དགེ་བའི་རྩ་བ་རྣམས་ཀྱང་མྱུར་དུ་འཇིག་པར་བྱེད་པར་འགྱུརརོ།། ཀུན་དགའ་བོ་ང་ཡོངསུ་མྱ་ངན་ལས་འདས་ནས་ལོ་སྟོང་ཅིག་བརྒྱ་ནས། དགེ་སློང་ཚུལ ་ཁྲིམས་འཆལ་བ་རྣམས་འབྱུང་བར་གྱུར་པ་ནི། འཁོར་དང་གཡོག་མང་བར་འགྱུརརོ།། ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་འཁོར་ཉུང་ཞིང་གཡོག་ཉུང་བར་འགྱུརརོ།། དེ་ནས་ཚེ་དང་ལྡན་པ ་ཀུན་དགའ་བོ་སྡུག་བསྔལ་བ་དང་། ཡིད་མི་བདེ་བར་གྱུར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་འདུལ་བ་འདི་ལ་སྙིང་པོར་གྱུར་པ་གང་ལགས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ཞི་གནས་དང་། ལྷག་མཐོང་དང་། རྣམ་པར་ཐར་པལ་སྒོ་གསུམ་སྟེ། ཀུན་དགའ་བོ་འདི་དག་ནི་ཆོས་འདུལ་བ་འདི་ལ་སྙིང་པོ་ཡིན་ནོ།། ཀུན་དགའ ་བོ་དགེ་སློང་ཚུལ་ཁྲིམས་འཆལ་པ་རྣམས་ཀྱིས། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་གཤེ་ཞིང་འཚང་འབྲུ་བར་འགྱུར་ཏེ། དེ་དག་ཐམས་ཅད་ནི་ལུས་དང་བྲལ་ཞིང་། འཆི་བའི་འོག་ཏུ་ངན ་འགྲོ་ངན་སོང་དུ་རྣམ་པར་ལྟུང་ནས་སྡུག་བསྔལ་བར་འགྱུར་རོ།། དེའི་ཚེ་གང་ཞིག་ཁྲོ་བ་མེད་པ་བྱེད་པར་གྱུར་པ། དེ་དག་ཐམས་ཅད་ནི་བདེ་འགྲོ་རྣམསུ་སྐྱེ་བར་འགྱུརརོ།། བཅོམ་ལྡན་འདས་ཀྱིས ་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་དང་། ཐ~ཾད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། མ་མཁའ་ལྡིང་དང་། དྲི་ཟར་བཅས་པའི ་འཇིག་རྟེན་ཡི་པས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ངོ་།། འཕགས་པ་མོ་ངསུ་མྱ་ངན་ལས་འདས་པ་ཆེན་པོའི་མ་རྫོགས་སྷོ།། ་རྒྱ་གར་གྱི་མཁན་པོ་ཀ་མ་ཏ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར།། རྒྱ་གར་སྐད་དུ། ཀར་མ་ཕྲད་ཉ་བ་ཏི། ཁོང་སྐད་དུ། ལས་གདགས་པ ་