CLOSE WINDOW

L201a: tshe 'pho ba ji ltar 'gyur ba zhus pa'i mdo
Wyliee-texts produced with BDRC’s OCR application

བློ་གྲོས་ཀྱིས་བསྐུར་བའོ།། རྒྱ་གར་སྐད་དུ། ཨཱ་ཡུཿཡ་བ་བྷུཾཏྲ་གྲཏ་སཱུ་ཏྲ། བད་སྐད་དུ། ཚེ་འཕོ་འཇི་ལྟར་འགྱུར་བ་ཞུས་པའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔ ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོ་ལྡན་འདས་གྲོང་ཁྱེར་ཆེན་པོ་སེར་སྦྱར། ཁྱིམ་བདག་ཐམས་ཅད་འདུལ་བའི་དུས་ལ་བབ་པར་གཟིགས ་ནས། དེ་དག་དད་པ་སྐྱེ་བར་བྱ་བའི་ཕྱིར། འཁོར་ལྔ་བརྒྱ་དང་བཅས་པར་གཤེགས་པ་ལས། དེའི་ཚེ་ཤཱཀྱ་དགའ་སྐྱེས་ཞེས་བྱ་བ་དང་ལ་བབ་པ། གཉེན་གྱི་སྐྱེ་བོ་ཐམ་ཅད་ལ་རབ་ཏུ ་གཅེས་པ། མི་ཐམས་ཅད་ཀྱིས་བཀུར་བའི་གནས་སུ་གྱུར་པ་ཞིག། ཚེ་འཕོས་པའི་ཕུང་པོའི་དྲུང་ན། དེའི་བུ་དང་ཆུང་མ་དང་། སྤུན་དང་། གཡོག་འཁོར་རྣམས་ཀྱིས།། ཆོ་ང་རྒྱ་ཆེ་མོ། ་དང་། གོས་དང་། རྒྱན་སྣ་ཚོགས་པ་ཡང་བསགས། གསེར་དངུལ་དང་། མུ་ཏིག་དང་། ཤེལ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་པ་ཡང་བསགས། བཟའ་བ་དང་བཏུང་བ་རོ་ཞིམ ་པོ་མང་རབ་སྣ་ཚོགས་པ་ཡང་བསགས་ཏེ། སྒྲ་སྔགས་འདོན་ཅིང་དག་འ་སྐྱེས་ལ་གསོལ་ལོ་ཞེས་མཆོད་པ་བྱེད་པ་དང་། རྒྱལ་པོ་ཟས་གཙང་མས་བསམས་པ། ་ལྟར་ཚེ་འཕོས་པ་མཆོད་ཅིང་གསོལ་བ་དང་། རྗེད་པ་ནི་བྲམ་ཟེ་དག་གི་སྣང་ལས་ཟེར་ན། འདི་དག་ལ་སྨན་པ་དང་། བདེ་བ་ཅི་ཡོད་པ་བཅོམ་ལྡན་འདས་ལ་དྲིའོ་སྙམ་ནས། ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་ཚེ་འཕོས་པ་ཇི་ལྟར་འགྱུར་བའི་དོན་ཞུ་བར་འཚལ་ན ་སྐབས་དབྱེ་བར་ཅི་གནང་། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་ཅི་དང་ཅི་བཞེད་པ་ཞུས་ཤིག་དང་། རྒྱལ་པོ་ཆེན་པོའི ་ཤཱ་བྱུག།། ངཤཱ་ས་པཀའ་སྩམ་པ་དང་། མ་ལྡན་ནས་ལ་རྟུལ་བམན་པས་འདི་ས་ཀྱིས་རྣམ་པ ་འངས་འཇིག་རྟེན་འདི་ནས་ཅ་ལརྡུ་མམ་པའི་སེམས་ཅན་རྣམས་པ་རོལ་དུ་སྐྱེ་བ་། ལྷ་རྣམས་ཀྱང་ལྷར་སྐྱེའམ། དེ་བཞིན་དུ་མ་དང་། དུད་འགྲདང། ཡི་དགས་དང་། དམྱལ ་བ་རྣམས་ཀྱ་། མི་དང་དུང་འགྲོ་དང་། ཡཾ་དྭགས་དང་། དམྱལ་བ་རྣམ་སུ་འཕོས་པོ་རིགས་མ་འདྲེས་པ་རྣམས་སྟེ་འམ། བཅོམ་ལྡན་འདས་གཞམ་ཡང་ལྷ་རྣམས་ཆེ་འཐོས་པ ་སོགས་པ་གཞན་རྣམ་སུ་སྨྲ་འམ། ར་བའིད་མེ་དང་། དུང་འགྲོ་ང་། ཡི་གས་དང་། དམྱལ་པ་རྣམས་ཆེ་འལས་ན་ཡང་ལྔ་ལ་སོགས་པ་གཞན་ནམསུ་ཡང་སྐྱེ་བར་འགྱུར། ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་འདི་ནས་ཆེའི་བོས་ན།། ཡེ་མེད་པར་གྱུར་ཏེ། མེ་ཤི་བའི་ཐལ་བ་བཞིན་དུ་གྱུར་ནས། སྐྱེ་བ་ཡེ་མོ་ཚཆིས་སམ། ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་ནས། པ་དང་མེས་པོ་དང་ཡང་མེས་ལ་སོགས་པ་ཐོག་མ་མེད་པ་ནས། བཟུང་བའི་བར་དུ་བརྒྱུད་པའི་རིགས་འཐུན་པ ་རྣམས། འཇིག་རྟེན་ཕ་རོལ་དུ་སྐྱེ་བ་མི་ལེན་པར་འདི་བཅི་སྦྱང་བ་བཞིན་འགྲོགས་ཏེ་གནས་སོ་ཞེས་འཇིག་རྟེན་པ་མཆིན། དེ་ལྟར་ལགས་སམ། བཅོམ་ལྡན་འདས་གཞན་ཡང ་འཛིན་ཕྱུག་དྲེགས་རྒྱགས་པ་རྣམས། ཕ་རོལ་ཏུ་ཡང་ཕྲུག་དྲེགས་རྒྱགས་པར་འགྱུར་རམ། འདི་ན་དབུལ་རྒུད་ཉམས་ཆུང་བ་རྣམས། ཕ་རོལ་ཏུ་ཡང་དབུལ་ཆུང་རྣམས་ཆུ ་བར་འགྱུར་རམ། འོན་ཏེ་དེ་གཉིས་མི་འདྲ་བར་ཕན་ཚུན་བསྣོལ་མར་འགྱུར། བཅོམ་ལྡན་འདས་གཞན་ཡང་འདི་ན་རྟ་དང་། གླང་པོ་ཆེ་ལ་སོགས་པ་ཞོན་པ་དང་། འདི་མ་གོས་གྱོན་པ ་དང་། རྒྱ་ན་ཐོགས་པ་དང་། འདི་མ་ཟས་བཟའ་བ་དང་། བཏང་བ་དང་ལྡན་པ་རྣམས་ཤི་འཕོས་ནས་ཕ་རོལ་ཏུ་ཡང་དེ་བཞིན་དུ་ཞོན་པ་དང་། གྱོན་པ་དང་ཟ་ཞིང་འཐུང་ངོ་ཞེས་འཇིག ་རྗེན་པ་དག་མཆིན།། དེ་ལྟར་ལགས་སམ། བཅོམ་ལྡན་འདས་གཞན་ཡང་འདི་ནས་ཤི་འཕོས་པ་ལ། ཕ་མ་འམ། སྤུན་ནམ། བུ་ལ་སོགས་པ་ཉེ་རིས་རྣམས་ཀྱིས་བཟའ་བ་དང་། ་བཏུང་བ་ཉུང་ངུ་གཏང་བ་འམ། བསྔོས་པ་ཡང་བསྐལ་པ་མང་པོའི་བར་དུ་ཟད་པར་མི་འགྱུར་བར་ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན། དེ་ལྟར་ལགས་སམ། ་བཅོམ་ལྡན་འདས་གཞན་ཡང་སེམས་ཅན་འདི་ནས་ཚེ་འཕོས་པ་ལ། ཕ་མ་འམ། སྤུན་ནམ་བུ་ལ་སོགས་པ་ལ་གཏམ་བྱས་ཏེ། ཚིག་ཅི་སྨྲས་པ། གཟུགས ་བྱང་ཅི་འདྲ་བ་དེ་དག་ཚེ་འཕོས་ནས། ཕྱིས་པ་མ་འམ། སྤུན་ནམ། བུ་ལ་སོགས་པ་སྔོན་ཚེམ་འཕོས་པའི་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲ་བ་དང་། གཟུགས་བྱང་དག་སྟོན ་མཐོང་བ་དང་ཐོས་པ་ཡོད་ཅེས་འཇིག་རྟེན་པ་དག་མཆི་མ། དེ་ལྟར་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་མ ་རྒྱལ་པོ་ཆེན་པོ་ཤི་འཕོས་ནས། ལྷ་རྣམས་ལྷར་སྐྱེ་བ་ལ་སོགས་པ་འདྲ་བ་ལྟར་མ་ལགས་ཏེ། ལྷ་རྣམས་ཚེ་འཕོས་པ་ཡང་ལྷར་སྐྱེས་ནས། འགྲོ་བ་རིས་གཞན་རྣམསུ་མ ་སྐྱེ་བ་ལགས་པ་ནས། དེ་བཞིན་དུ་མི་ལ་སོགས་པ་འགྲོ་བ་གཞན་རྣམས་ཀྱང་ཚེ་འཕོས་ནས། འགྲོ་བ་གཞན་དང་གཞན་རྣམསུ་མི་སྐྱེ་བར་རང་རང་གི་སྔ་མའི་རིགས་རྣམས ་སུ་སྐྱེ་བ་ལགས་ན། ཀྱེ་རྒྱལ་པོ་ཆེན་པོ་མི་རྣམས་དང་པོ་ལྷ་ལས་གྱུར་པ་ལགས་ན། ངན་སོང་གསུམ་པོ་རྣམས་ནི་མི་རྣམས་ཀྱིས་མི་དགེ་བ་སྤྱད་པ་ལས་གྱུར་པ་ལགས་པའི་ཕྱིར། ་གང་ལྷ་ལ་སོགས་པ་ཚེ་འཕོས་པ་དེ། འགྲོ་བ་རིས་གཞན་དང་གཞན་རྣམསུ་སྐྱེ་བ་ལག་སོ།། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་། རྒྱལ་པོ་ཆེན་པོས་འདྲི་བ་ལྟར་ལགས་ན་ནི། ད་ལྟར ་གྱི་འགྲོ་བ་རིས་དྲུག་པོ་རྣམས་མང་བ་དང་ཉུང་བ་རྣམས་ཇི་ལྟར་ཡོད་པ་བཞིན་དུ། དུས་ཐམས་ཅད་དུ་དེ་ལྟར་འགྱུར་བར་རིགས་ན། མི་རྣམས་ལས་མི་དགེ་བ་སྤྱད་པ་མང ་བའི་རྒྱུས་ངན་སོང་གསུམ་པོ་རྣམས་ཕྱིར་ཞིང་མང་བ་ལ་གཟིགས། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་ད་ལྟར་གྱི་དགྲ་བཅོམ་པ་འདི་དག་ནི་མི་ལས་གྱུར་པ་ལགས་ན། ་འགྲོ་བ་རིགས་སོ་སོ་མ་འདྲེས་པར་ཡང་རིགས་སོ་སོར་སྐྱེ་ན་མི་རིག་སོ།། དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ཡང་མི་རིགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་དེའི་ཕྱིར་ན། ལས་དགེ་བ་དང་མི་དགེ ་བའི་དབང་གིས་མཐོ་རིས་དང་ངན་སོང་ལ་སོགས་པར་རིས་ཐ་དད་པར་སྐྱེ་བར་འགྱུར་རོ།། ཀྱེ་རྒྱལ་པོ་ཆེན་པོ་ལྷ་རྣམས་ཚེ་འཕོས་ནས། མི་ལ་སོགས་པ་གཞན་རྣམས་སུ་སྐྱེ་འམ། ཞེས ་བྱ་བ་ལ་སོགས་པ་དྲིས་པ་ནི་དེ་དེ་བཞིན་ཏེ། དེ་དེ་ལྟར་ལག་སོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་སེམས་ཅན་ཐམས་ཅད་ཚེ་འཕོས་ནས་ཡེ་མེད་པར་གྱུར་ཏེ། མེ་ཤི་བའི་ཐལ་བ་བཞིན་དུ ་སྐྱེ་བ་ཡེ་མ་མཆིས་སམ་ཞེས་གསུངས་པ་ནི་དེ་ལྟར་མ་ལགས་ཏེ། ཀྱེ་རྒྱལ་པོ་ཆེན་པོར་ནས་བོན་ཡོང་ན་འབྲས་བུ་འབྱུང་སྟེ། ཚེ་འདིས་བོན་ལྟ་བུ་ལས་ཚེ་ཕྱི་མ་འབྲས་བུ་ཡོད་དོ།། ་རྒྱལ་པོ་ཆེན་པོ་ཉི་མ་ཤར་ནས། ཁད་ཀྱིས་ནུབ་སྟེ། རྨག་དུ་གྱུར་པ་ལས་ཡང་ནང་བར་འཆར་བ་བཞིན་དུ། ཚེ་འདི་འཕོས་ནས་ཡང་སྐྱེ་བ་ཕྱི་མ་ལེན་ཏོ།། ཀྱེ་རྒྱལ་པོ་ཆེན་པོ ་ཆོ་འཕོས་ནས་ཕྱི་མར་སྐྱེ་བ་ཡེ་མ་མཆིས་ན་འགྲོ་བ་རྣམས་ཟད་པར་རིག་སོ།། ཀྱེ་རྒྱལ་པོ་ཆེན་པོ་ཕྱི་རོལ་གྱི་རྩ་དང་ཤིང་རྣམས་དུས་ཀྱི་དབང་གིས་བསྐམས་པ་དེ་ཡང་ཕྱིར་སྐྱེའོ།། ་དེ་བཞིན་དུ་སེམས་ཅན་རྣམས་ལས་དང་ཉོན་མོངས་པ་དུས་འགྱུར་བ་དང་འདྲ་བའི་དབང་གིས་སྐྱེ་བ་དང་འཆི་བར་འགྱུར་རོ།། དེའི་ཕྱིར་ན་རྒྱལ་པོ་ཆེན་པོ་ཆེ་ཕྱི་མངེས་པར་ཡོད ་པར་མཁྱེན་པར་མཛོད་ཅིག། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་ནས། ཕ་དང་མེས་པོ་དང་། ཡང་མེས་ལ་སོགས་པ ་ཐོག་མ་མེད་པ་ནས་བཟུང་བའི་བར་དུ། གཅིག་ནས་ཅིག་ཏུ་བརྒྱུད་པའི་རིགས་འཐུན་པ་རྣམས་འཇིག་རྟེན་ཕ་རོལ་ན་སྐྱེ་བ་མི་ལེན་པར་འདི་ན་ཅི་སྤྱོད་པ་བཞིན་འགྲོགས་ཏེ་གནས ་ཞེས་འཇིག་རྟེན་པ་དག་མཆི་ན།། དེ་ལྟར་ལགས་སམ་ཞེས་གསུང་བ་ནི། ཀྱེ་རྒྱལ་པོ་ཆེན་པོ་འཛིན་པ་དང་བུ་ལ་སོགས་པ་གཅིག་ལ་གཅིག་སྣང་བ་ནི་གཟུགས་དངོས་པོ་ཅན ་ཅིག་ལ་གཅིག་སྣང་གི། སེམས་གཅིག་གིས་གཅིག་མཐོང་བ་ནི་མ་ཡིན་ཏེ། གཟུགས་ཀྱི་ཕུང་པོ་འདིར་བཞག་སྡེ་མེད་ན། ཕ་རོལ་ན་སེམས་གཅིག་ལ་གཅིག་ཇི་ལྟར་སྣང་སྟེ ་འགྲོགས། ཚེ་འཕོས་པའི་ཕ་དང་མེས་པོ་ཡང་མེས་ལ་སོགས་པ། ད་ལྟར་ཚེ་མ་འཕོས་པའི་བུ་ཚ་གཟུགས་ཡོད་པས་ཀྱང་མི་མཐོང་ན། ཕ་རོལ་ནཚེ་འཕོས་པའི ་ལུས་མེད་པས་ཕ་དང་མེས་པོ་དང་། ཡང་མེས་ལ་སོགས་པ་གཟུགས་མེད་པ་ཇི་ལྟར་མཐོང་ནས་འགྲོགས། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་འཛིན་པ་དང་། བུ་དང་སྤུན་མང་པོ ་འགྲོགས་པའི་དུས་ན། ཡང་གཟུགས་སོ་སོར་སྣང་བ་ལས་མ་གཏོགས་པ། རང་གི་སེམས་ཀྱང་རང་གིས་མི་མཐོང་ན། སྤང་དང་སྤུན་གྱི་སེམས་གཅིག་གིས་གཅིག་ལྷ་ག་ལ ་མཐོང་ན། ཚེ་འཕོས་ནས་ཇི་ལྟར་མཐོང་སྟེ། ཕ་རོལ་ན་སྤང་དང་སྔུན། མེས་པོ་དང་ཡང་མེས་ལ་སོགས་པ་ཇི་ལྟར་སྣང་ནས་འགྲོགས། ཀྱེ་རྒྱལ་པོ་ཆེན་པོ་ཐོག་མ་མེད་པའི་དུས ་ན། དེ་བས་སྔ་བ་མེད་པའི་མེས་པོ་དང་། ད་ལྟའི་བུ་ཆ་རྣམས་ཕ་རོལ་ན་འགྲོགས་ན། ང་ལྟ་མིའི་རུས་རིགས་དང་། ཕྱོགས་དང་རིགས་མི་གཅིག་པ་ཐ་དད་པ་མང་པོ་རྗེ ་སྙེད་པ་རྣམས་སོ་སོར་དགྲར་གྱུར་པ་རྣམས་དང་། གནས་གང་ན་འདུག་པ་དང་། རུས་རིགས་གཅིག་པ་དང་། སྐད་དང་ཆ་ལུགས་མ་ཐོས་པ་དང་མ་མཐོང་བ་དག་ཀྱང་ཐོག་མ་མེས་པ ་གཅིག་ལས་གྱེས་པ་ཡིན་ན། ད་ལྟར་སྤང་དང་སྤུན་དང་མེས་པོ་ལ་སོགས་པ་འགྲོགས་པ་མི་འགྲོགས་ཀྱི་མཚམས་སྤུན་དང་སྤང་གང་ལ་བཟུང་། དང་པོ་མེས་པོ་ནས་བཟུང་སྟེ། ད་ལྟར ་སྤུན་དང་སླད་ཀྱི་བར་དུ་བརྒྱུད་པ་རྣམས་ཀྱང་ད་ལྟར་གྱི་སྤད་དང་སྤུན་འདྲ་བར་སོ་སོ་ན་བརྩེ་ཞིང་གདུང་བར་འདྲན་གང་གང་ནི་འགྲོགས་གང་གང་ནི་མི་འགྲོགས་ད་ལྟར་གྱི་མི་རྣམས ་སོ་སོ་ནས་བདག་ཅག་གི་མེས་པོ་འདི་ཡིན་ནོ་ཞེས་ཕྱོགས་དང་རིས་བཟུང་སྟེ། བདག་ཅག་འདི་དང་པ་གཅིག་གི་བུའོ་ཞེས་ཕྱོགས་དང་རི་སུ་བཅད་ནས། དེ་དག་གིས་མེས་པོ་ཞེས་སོ་སོར་བཟུང ་དེ་ཀུན་གྱི་ཡང་པ་དང་མེས་པོ་དང་ཡང་མེས་དང་ཞེ་མེས་ནས་དང་པོའི་མེས་པོ་ལ་ཐུག་གི་བར་དུ་བརྒྱུད་པ་ནི་ད་ལྟར་སོ་སོ་ན་བདག་ཅག་གི་མེས་པོ་ཞེས་བཟུང་བ་ཡིན་ན། འཇིག་རྟེན་པ ་དག་སྨྲ་བ་ལྟར་འདི་ན་ཚེ་འཕོས་ནས་སྐྱེ་བ་མི་ལེན་པར་ཕ་རོལ་ན་སྤང་དང་སྤུན་འགྲོགས་ན། ད་ལྟར་རུས་རིགས་དང་། ཕྱོགས་མི་གཅིག་པ་དང་། དགྲར་གྱུར་པ་ཀུན་ཀྱང་ཕྱོགས་གཅིག ་ནས་འགྲོགས་དགོས་སོ།། ཀྱེ་རྒྱལ་པོ་ཆེན་པོ་ད་ལྟར་རྒྱ་ཚེ་འདི་གཟུགས་ཅན་དངོས་པོར་སྣང་བ་ཡང་། མུན་པ་དང་། ཕག་ན་འདུག་པ་དག་གིས་གཅིག་མི་མཐོང་ན་ཚོ་འཕོས ་པའི་སེམས་གཟུགས་མེད་ཀྱིས། གཅིག་གིས་གཅིད་རྗེ་ལྟར་མཐོང་ནས་འགྲོགས་པར་འགྱུར། ཀྱེ་རྒྱལ་པོ་ཆེན་པོ་ད་ལྟར་གྱི་སེཾན་གཟུགས་དང་ལྡན་པས་ཀྱང་མི་མཐོང ་བའི་གནས་ཡུལ་མི་གཅིག་པ་དང་། གནས་ཐ་དད་པ་དག་ལ་རང་གི་གཟུགས་སྣང་བར་སྟོན་མི་ནུས་མ། ཚེ་འཕོས་ནས་ཇི་ལྟར་གཟུགས་སྣང་བར་སྔོན་ནུས། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་པ ་ཁ་ཅིག་གིས་གྲགས་པ་དང་རྙེད་པ་དག་བཙལ་བའི་ཕྱིར། བཟླས་པའི་གཏམ་གྱིས་གཞན་སླུ་བར་བྱེད་པ་ལ་གསན་པར་མི་རིག་སོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས། འདི་ན་བྱུག་དྲེགས ་རྒྱགས་པ་རྣམས། ཕ་རོལ་ཏུ་ཡང་ཕྱག་དྲེགས་རྒྱགས་པར་འགྱུར་རམ། འདི་ན་དབུལ་ཆུང་ཉམས་ཆུང་བ་རྣམས་ཕ་རོལ་ཏུ་ཡང་དབུལ་རྒུད་ཉམས་ཆུང་བར་འགྱུར་རམ། འོན་ཏེ་དེ ་། གཉིས་མི་འདྲ་བར་ཕན་ཚུན་བསྔལ་བར་འགྱུར་ཞེས་གསུངས་པ་གང་ཡིན་པ་དེ་ནི། ཀྱེ་རྒྱལ་པོ་ཆེན་པོ་སེན་རྣམས་ཚེ་མ་འཕོས་པའི་སྐྱེ་བ་འདི་ལ་ཡང་། ལ་ལ་སྐྱེས་མ ་ཐག་ཏུ་ཕྱུག་དྲེགས་རྒྱགས་པར་གྱུར་པ་ལས། ལོ་ལྔ་བཅུ་དང་དྲུག་ཅུ་ནས་འཁོགས་པའི་བར་དུ་དབུལ་ཆུང་ཉམས་ཆུང་བ་ཡང་ཡོད། ལ་ལ་སྐྱེས་གཞོན་དར་བའི་ཚེ་ལ་དབུལ་རྒུད་པས། ལོ ་ལྔ་བཅུ་དང་དྲུག་ཅུ་ནས། འཁོགས་པའི་བར་དུ་ཕྱུག་དྲེགས་རྒྱགས་པ་དག་ཡོད་ན། ཚེ་འཕོས་ནས་བྱུག་དབུལ་མི་རྟག་པ་ལྟ་ཅི་སྨོས། ཀྱེ་རྒྱལ་པོ་ཆེན་པོ་དཔེར་ན་འཇིག་རྟེན་ན། ་དང་ཤིང་ལ་སོགས་པ་དྲོ་བ་དང་རླན་པའི་རྐྱེན་ཚོགས་པའི་ཚེ་ནི། ལོ་མ་དང་འདབ་མ་རྒྱས་པར་འགྱུར་ལ། གྲང་ཞིང་རླན་མེད་པའི་རྐྱེན་གྱིས་སྐམས་པར་འགྱུར་བ་བཞིན་དུ་སྦྱིན ་བ་ལ་སོགས་པའི་རྐྱེན་གྱིས་ནི། ཕྱུག་དྲེགས་རྒྱགས་པར་འགྱུར་ལ་རྐུ་འཕྲོག་དང་། སེར་སྣའི་དབང་གིས་ནི་དབུལ་རྒུད་པར་འགྱུརརོ།། ཀྱེ་རྒྱལ་པོ་ཆེན་པོ་སྦྱིན་པ་རྒྱུན་མ ་ཆད་པས། ཚེ་རབས་ནས་ཚེ་རབ་སུ་ཕྱུག་དྲེགས་རྒྱགས་པ་ཡང་ཡོད། ཕྱོགས་ཆ་དང་སྦྱིན་པ་ལ་འགྱོད་པ་བྱས་པས་ཚེ་འགའ་དང་ཚེ་སྟོད་ལ་དབུལ་རྒུད་པ་ཡང་ཡོད། དུས་ཐམས ་ཅད་དུ་རྐུ་འཕྲོག་དང་སེར་སྣང་ག་ལ་གནས་པས། ཚེ་རབས་ནས་ཚེ་རབ་སུ་དབུལ་རྒུད་པ་ཡང་ཡོད། རྐུ་འཕྲོག་དང་སེར་སྣ་ལ་འགྱོད་པ་བྱས་པས། ཚེ་འགའ་འམ། ཚེ་སྟོང་སླད་ལ་ཕྱག ་དྲེགས་པ་ཡང་ཡོད་དེ། ཀྱེ་རྒྱལ་པོ་ཆེན་པོ་སྦྱིན་པའི་རྐྱེན་གྱིས་དབུལ་རྒུད་པ་ཡང་མི་འབྱུང་ངོ་།། སེར་སྣའི་དབང་གིས་ཕྱུག་དྲེགས་པ་ཡང་མི་འབྱུང་ངོ་།། ཕྱུག་དྲེགས་པ་དང་དབུལ ་རྒུད་པ་འདི་གཉིས་ཚེ་སྔ་ཕྱི་ལ་རྗེ་བ་ཡང་མ་ལག་སོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་འདི་ནརྟ་དང་གླང་པོ་ཆེ་ལ་སོགས་པ་ཞོན་པ་དང་། འདི་ན་གོས་གྱོན་པ་དང་། རྒྱན་ཐོགས ་པ་དང་། འདི་ན་ཟས་བཟའ་བ་དང་། བཏུང་བ་དང་ལྡན་པ་རྣམས། ཚེ་འཕོས་ནས་ཕ་རོལ་ན་ཡང་དེ་བཞིན་དུ་ཞོན་པ་དང་། གྱོན་པ་དང་། ཟ་ཞིང་འཐུང་ཞེས་འཇིག་རྟེན་པ་དག་མཚན། ་དེ་ལྟར་ལགས་སམ་ཞེས་འདྲི་བ་ནི། ཀྱེ་རྒྱལ་པོ་ཆེན་པོ་མི་རྣམས་ཚེ་འཕོས་པའི་ཚེ། ལས་དགེ་སྡིག་གང་སྤྱད་པ་བཞིན་མཐོ་རིས་དང་ངན་སོང་དག་དུ་སྐྱེ་བ་ལེན་སྟེ། རྒྱལ་པོ ་ཆེན་པོ་འཇིག་རྟེན་པ་དག་མཆི་བ་ལྟར་མ་ལགས་སོ།། ཚེ་འཕོ་བ་འདིའི་ཆ་ལུགས་ལྟར་སྣང་བ་ནི་ཁར་སྡོང་གི་ཁམས་འདི་ན་དྲི་ཟའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ ་བསམ་གྱིས་མི་ཁྱབ་པ་མཐའ་ཐུག་པ་མེད་པ་ཡོད་དེ། དྲི་ཟ་འཆི་ཀའི་སེམས་ལ་ཉེ་བར་འཇུག་པ་ཞེས་བྱ་བའི་རིགས་ཡོད་དེ། དེས་དྲི་ཟའི་ཟས་འཚལ་བའི་ཕྱིར་ཚེ ་རབས་སྔ་མའི་ལུས་དང་། གོས་དང་རྒྱན་དང་ཆ་ལུགས་ལྟ་བུ་དག་སྤྲུལ་པར་བྱེད། ཚེ་འཕོས་པ་དེའི་ཆ་ལུགས་དང་། གཏམ་དག་བྱེད་ཅིང་། སྤྲུལ་པ་སྟོན་པ་ཡང་ཡོད་དོ།། ཀྱེ་རྒྱལ ་པོ་ཆེན་པོ་འདི་ལ་གཞན་ཡང་ཡོད་དེ། དྲི་ཟ་ལ་མ་གཏོགས་པ་གཞན་ཡང་གནོད་སྦྱིན་དང་། ཤ་ཟ་དང་། འབྱུང་པོ་ལ་སོགས་པས་ཚེ་འཕོས་པའི་བ་འམ། བུ་འམ། སྤུན་ལ་སོགས་པ ་བསླུ་བའི་ཕྱིར། མི་མ་ཡིན་པ་དེས་འཇིག་རྟེན་པའི་རྫུ་འཕྲུལ་གྱིས། ཚེ་འཕོས་པའི་གཏམ་ཚིགས་ས་ལམ་དང་། ལོ་རྒྱས་དག་ཤེས་པར་བྱས་ནས། མི་མ་ཡིན་པ་དེའི་བྱིན་གྱིས་ཕ་མ ་། ལ་སོགས་པས་མཐོང་བ་དང་། རྨི་ལམ་དུ་འབྱུང་བ་ཡང་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་གཞན་ཡང་ཡོད་དེ། སྤང་སྤུན་ལ་སོགས་པ་ཡུན་རིང་པོར་ལྡན་ཅིག་པའི་བག ་ཆགས་རྟས་པས་མཐོང་བ་དང་། རྨི་ལམ་དུ་སྣང་བ་ཡང་ཡོད་དེ། དཔེར་ན་མི་ཞིག་གིས་ད་ལྟར་ཚེ་མ་འཕོས་པའི་རང་གི་ཕ་མ་འམ། སྤུན་ཟླ་འམ། བྲན་ཁོལ་ལམ་གཞན་སུ་ཡང་རུང ་པ་དག་དང་འགྲོགས་པ་དང་། ལོང་སྤྱོད་ཀྱི་བདེ་བ་འམ། དགྲ་རྐུན་དང་། འཐབ་རྩོད་ལ་སོགས་པ་བདེ་བ་དང་། སྡུག་བསྔལ་གང་ཡང་རུང་བ་དག་རྨིས་མ། མི་ངེས་རྨིས་པ་བཞིན་དུ། གང ་རྨིས་པའི་ཕ་མ་འམ། སྔུར་ཟླ་འམ། ཟོ་ཁོལ་ལམ། ཁ་ཞན་སུ་ཡང་རུང་བའི་རྨི་ལམ་ན་སྣང་བདེར་ཚོར་བ་ཡོད་ན་ནི། རྨིས་པ་དེ་འདེན་པ་ཡིན་ན།། དེ་རྨིས་པའི་ཕ་མ་འམ། སྦྱིན་ཟླ་ལ ་བྲམ་རོལ་ལམ། གཞན་སུ་ཡང་རུང་བ་རྨི་ལམ་དུ་སྣང་བ་དེ་བདེན་པར་ཇི་ལྟར་གཟུང་། ཀྱེ་རྒྱལ་པོ་ཆེན་པོ་ཆེ་མ་འཕོས་པ་ཡང་གཅིག་གིས་རྨིས་གཅིག་གིས་མི་ཚོར་ན ་འཕོས་པའི་རྨིས་པ་ཚེ་འཕོས་པ་དེ་ཡིན་པར་ག་ལ་འགྱུར་ཏེ། བག་ཆགས་རྟས་པ་ཡིན་ནོ།། ཀྱེ་རྒྱལ་པོ་ཆེན་པོ་བག་ཆགས་ལགས་པའི་དཔེ་ནི་གཞན་ཡང་མཆིས་ཏེ། མི་ཞིག་སྔོན ་ཚེ་སྟོང་ལ་མཆིས་པའི་མབར་དང་ཁང་པ་དང་། གྲོང་གང་ཡིན་པ་ཞིག་བོར་སྟེ། ཡུལ་གཞན་ཞིག་དུ།། ཚེ་སྣང་ལ་འདུག་པ་ན། སྔོན་གྱི་གྲོང་དེ་ཡང་ཞིག་སྟེ། སྔོན་མི་འདྲ་བ་ལས། མི་ངས་སྔོན་གྱི ་བའི་དབྱིབས་དང་། རྒྱ་ཅི་འདྲ་བ་མ་ཞིག་པ། མ་འདྲམས་པ་རྨིས་ན། གྲོང་དང་ཁང་པ་དེ་ལ་སེམས་ཡོད་ན་ནི།། ཁང་པ་དེའི་སེམས་སྡང་དུ་རུང་ན། ཁང་པ་དང་། གྲོང་དེས་རྡོ་བེམ་པོ་ཡིན་ན། མི་ངེས་མི ་པདེ་ཅིའི་ཕྱིར་བག་ཆགས་རྔས་པ་མ་ཡིན།། དེ་བཞིན་དུ་ཚེ་འཚོ་འཕོས་པའི་ངན་བརྟགས་དང་བཅས་པ་ཡང་ཁང་པ་ཞིག་པ་རྨིས་པ་དང་འདྲ་སྟེ། ཚེ་འཕོས་པའི་སེམས་ཀྱང་ལས་གར་འཐུན ་པར་སྐྱེ་བ་བླངས་ཟིན་ན། དེ་སྣང་དུ་བཏུ་བ་འམ། ཀྱེ་རྒྱལ་པོ་ཆེན་པོ་དེའི་ཕྱིར་བག་ཆགས་མཐུ་རྣས་པའི་དབང་གིས། ཚེ་འཕོས་པའི་གཏན་ཚིགས་དང་། ཆ་ལུགས་མཐོང་བ་དང་རྨིས་པ ་ཡི་ནོ་ཀཾ་དེ་བཞིན་དུ་རལ་གྲི་ལ་སོགས་པའི་གོ་མཚོན་ཐོགས་པ་དང་། གོས་དང་། རྒྱན་ལ་སོགས་པ་གྱོན་པ་དང་། ན་དང་གླང་པོ་ཆེ་ལ་སོགས་པ་ཞོན་པར་སྣང་བ་དང་། རྨི་ལམ་འགྱུར་བ་ཡང་བག ་ཆགས་སྣང་བ་ཡིན་ཏེ། ཁང་པའི་དཔེ་བཞིན་དུ་རིགས་པར་བྱའོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་འདི་ནས་ཤི་འ་ཕོས་པ་ལ། ཕ་མ་འམ། སྤུན་ནམ་བུ་ལ་སོགས་ཉེ་རིས་རྣམས་ཀྱིས ་བཟའ་བ་དང་། གཏུང་བ་ཉདུ་ཉུ་ངུར་གདད་པ་དང་། བསྔོས་པ་ཡང་བསྐལ་པ་མང་པོའི་བར་དུ་ཟད་པར་མི་འགྱུ་ར་བར་ཟ་ཞིང་འཐུངོ་ཞེས་འཇིག་རྟེན་པ་དག་མཆི་ན། དེ་ལྟར་ལགས ་སམ་ཞེས་འདྲེ་བ་ནི། ཀྱེ་རྒྱལ་པོ་ཆེན་པོ་གླིང་བཞི་པ་ནས་སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་དང་སྟོང་གསུམ་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དཔག ་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་ཐང་ན། བཟའ་བ་དང་བཏུང་བ་ཉུ་དུ་ཉུང། དུས་ཐམས་ཅད་དང་། བསལ་པ་མང་པོར་ཟ་བའི་སེམས་ཅན་གཟིགས་སམ། གསན་ནམ། ཀྱེ་རྒྱལ་པོ་ཆེན ་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཅི་བསམས་པའི་འདོད་པ་འབྱུང་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡོད་པ་ཡང་། སྔོན་བསྐལ་པ་མང་པོར་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས ་པ་ལས་བྱུང་བ་ཡིན་ཏེ།། གནམ་ནས་བབས་པ་དང་། གློ་བུར་དུ་བྱུང་བ་ནི་མ་ཡིན་ན། བཟའ་བ་དང་བཏུང་བ་ཉུང་ངུ་བ་ཉུད་དེ་བསལ་བ་མཐའི་བར་དུ་མ་ཟད་པ་དེ་རིགས་ལགས་ས། ་ཀྱི་རྒྱལ་པོ་ཆེན་པོ་ཆེ་མ་འཕོས་པའི་ཕས་སྡང་དང་། སྤུན་གཅིག་ལ་གཅིག་འབྲེལ་བར་འཛིན་པ་ཕན་པར་འདོད་པ་རྣམས། ད་ལྟར་མ་ཤི་བ་ལུས་དང་ལྡན་པ་ཡང་གཅིག་ཡུལ་གཞན་དུ་སོང་ན། ་དེ་ལ་ཕ་མ་འམ། བུ་འམ་སྤུན་གང་ཡང་རུང་བས། ཟས་སྐོམ་མང་བར་སྦྱིན་ནོ།། གསོལ་ལོ་ཞེས་བསྔོས་པ་ཡང་། ཡུལ་གཞན་དུ་སོང་བའི་རྨི་ལམ་དུ་ཡང་མི་འབྱུང་ན། དངོས་པོར་དྲ་ཞིང་འཇུང ་བ་ལྷ་ག་ལ་ཡོད་ན། ཚེ་འཕོས་ནས་ལུས་དང་བྲལ་བ་ལ།། བསྔོས་ཤིང་གཏང་བ་ཟ་ཞིང་འཐུང་བ། ལྔ་ག་ལ་ཡོ་ད། ཀྱེ་རྒྱལ་པོ་ཆེན་པོ་ཆེ་འཕོས་ནས་སེམས་ལུས་དང་བྲལ་བ་དེས། ་ཤུ་དང་སྤུན་ལ་སོགས་པས་གཏད་པའི་ཟས་དང་། སྐོམ་པ་སྔོས་པ་ཅན་འདི་དག་སེམས་དངོས་པོ་མེད་པ་གཟུ་གས་མེད་པས། ཇི་ལྟར་བདག་པོ་བྱེད་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ་བཟའ་བ་དང་། བཅས་པ་ནི་ལུས་ཡོད་པའི་ཡན་ལག་གི་རྩོལ་བ་ལ་རག་ལུས་ན། སེམས་ལ་ལུས་ཀྱི་ཡན་ལག་དེའི་རྩོལ་བ་ཡོད་དམ། རྒྱལ་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས ་དེ་ལྟར་ལགས་ན། ཚེ་འཕོས་པ་ལ་འདི་ན་ཕན་འདོགས་པའི་བཟའ་བཏུང་དང་། བནོན་པ་དང་། གོས་དང་། རྒྱན་གཏོང་བ་འདི་དག་ལ་དོན་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཆེ་འཕོས་པ་དེས་ལས་གང་སྤྱད་པའི་རྣམ་པར་སྨིན་པས་འགྲོ་བ་རིས་ཐ་དད་པ་གང་དུ་སྐྱེ་བ་ལེན་པ་དེ་ལ། མི་དགེ་བ་དང་མ་འབྲེལ་བའི་བསོད་ནས་ཀྱི ་ཆོག་སུ་འགྱུར་བའི་ལས་དགེ་པ་སྣ་ཚོགས་པས་བས་ས་ན། མཛུ་རིས་དང་ཐར་པར་ཡང་སྐྱེལ་གལ་ཏེ་སྐྱེ་བབླངས་པ་ཞིག་ལ། བསོད་ནམ་སུ་འགྱུར་བའི་ལས་དགེ་པཞིག་འདུང་ན། སྟེ ་བ་བླངས་པ་དེས་ནོར་རྙེད་པ་དང་། ལོ་ལེགས་པ་དང་། འདོད་པའི་ལོངས་སྤྱོད་འཕེལ་བ་དང་། འགྲོ་བ་གཞན་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བར་འགྱུར་བའི་ཕན་པ་ཡོད ་ཚེ་འཕོས་པ་སྐྱེ་བ་མི་ལེན་པར་གཤིན་གྱི་འཇིག་རྟེན་ཡོད་ནས། བཟའ་བ་ཏུང་དང་། གནོན་པ་དང་། གོས་དང་། རྒྱན་དག་བདག་པོ་བྱེད་པ་ནི་མ་ཡིན་ནོ།། ཀྱེ་རྒྱལ་པོ་ཆེན་པོ་འཇིག ་རྟེན་པ་དག་གང་གིས་མཐོང་བ་དང་། ཕ་མ་ལ་སོགས་པས་རྨི་ལམ་དུ་རྨིས་ཏེ། ཚེ་འཕོས་པ་ལ་བསྔོས་པས་གཤིན་དེ་བཟའ་བཏུང་གིས་མགུའོ།། བཞོན་པ་ཞོན་ནོ།། གོས ་གོན་ནོ།། རྒྱན་ཐོག་སོ་ཞེས་སྨྲན། དེ་ལྟར་སྣང་བ་དེ་ཡང་བཟའ་བཏུང་གིས་མི་མགུའོ།། ནོན་པ་མད། གོས་མི་གོན་ནོ།། རྒྱན་མི་ཐོག་སོ།། དེ་ལྟར་སྣང་བ་དག་དྲི་ཟ ་ཀའི་སེམས་ལ་ཉེ་བར་འཇུག་པ་དང་། མི་མ་ཡིན་པ་དག་གིས་དེ་ལྟར་སྣང་བར་བྱེད་པ་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་སེམས་ཅན་དག་འདི་ནས་ཚེ་འཕོ་ཀ་ན། ཕ་མ་འམ།། ་སྤུན་ནམ་བུ་ལ་སོགས་པ་ལ་གཏམ་བྱས་པ་དང་། ཚིག་ཅི་སྨྲས་པ་དང་། གཟུགས་ཅི་འདྲ་བ་དག། དེ་ཚེ་འཕོས་ནས་བྱིས་པ་མ་དང་། སྤུན་ནམ་བུ་ལ་སོགས་པ་ལ་སྔོན་ཚེམ་འཕོས་པའི ་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲ་བ་དང་། གཟུགས་བྱད་སྟོན་ཏེ། དེ་ལྟར་མཐོང་བ་དང་། སྟོན་པ་ཡང་ཡོད་ཅེས་འཇིག་རྟེན་པ་དག་མཆི་ན། དེ་ལྟར་ལགས་སམ་མ་ལགས་ཞེས་འདྲི ་བ་ནཾ། ཀྱེ་རྒྱལ་པོ་ཆེན་པོ་སྨྲ་བ་ནི་ལུས་ཡོད་པའི་ཁ་ལྕེ་ལ་བརྟེན་ནས་སྨྲ་བ་ལགས་ན། ཚེ་འཕོས་པའི་ལུས་ནི་འདིར་བཞག་ན། སེམས་གཟུགས་མེད་པ་དེ་ཇི་ལྟར་སྨྲ། དེ ་སྟེ་ཤི་བ་དེ་ལ་ལུས་ཡོད་དོ་ཞེས་ཟེར་བ་ནི་སྐྱེ་བ་བླངས་པ་ཡིན་ཏེ། དེ་ལ་ཕ་མ་དགོས་པས་གཤིན་གྱི་འཇིག་རྟེན་ཡང་མེད་དོ།། ཀྱེ་རྒྱལ་པོ་ཆེན་པོ་དེ་ལྟ་བུའི་ཚེ་མ་འཕོས་པའི་མཚན་མདང ་དམ་རྟགས་དང་བཅས་པའི་འཇིག་རྟེན་པ་གང་དག་སྨྲ་བ་ནི། དྲི་ཟ་ཁྱབ་བྱེད་ཅེས་བྱ་བའི་རིགས་ཡོད་པས་བྱེད་དེ། དཔེར་ན་རླུང་ཆེན་པོས་ཐང་དང་ཀླུང་ཡངས་པ་དག་ཏུ་དུས་གཅིག་ཏུ་རླུང ་ལྡང་བ་བཞིན་དུ། འཆི་འཕོ་བ་ཐམས་ཅད་ཀྱི་སེམས་ལ་ཁྱབ་པར་བྱེད་པའི་རིགས་དྲི་ཟ་པི་ཙན་ཞེས་བྱ་བ་དང་། གནོད་སྦྱིན་སྒྲ་འདོད་ཀྱི་རིགས་དང་། འབྱུང་པོ་བ་ར་ཧི་ན་ཏི་ཀུན་ཏུ ་གཏོགས་འདོད་ཅེས་བྱ་བ་དག་གིས་བསྒྲུབས་ནས། མི་མ་ཡིན་དེ་དག་གིས་ཤི་བ་དེས་སྔོན་གཏམ་བྱས་པ་དང་། ཆ་ལུགས་ཀྱི་ངན་རྟགས་དག་འཇིག་རྟེན་པ་དག་བསླུ་བའི་ཕྱིར ་སྟོན་ཅིང་སྨྲ་བ་དག་ཡིན་ནོ།། དེའི་ཚེ་ལྔས་བྱིན་དེ་ན་འདུག་པས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུང་བ་དེ་ལ་ཡིད་མཆེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་རོ།། ་གོའུ་ཏམ་སེན་ཚེ་འཕོས་ནས། ཅིར་འགྱུར་བའི་ངན་རྟགས་ཕ་རོལ་ན་ཡོད་པ་དང་། མེད་པ་བཀའ་སྩལ་བ་དེ། གོའུ་ཏ་མས་ཐོག་མ་སུ་ལ་གསན། དུས་ནམ་གྱི་ཚེ་མཁྱེན་པར་མཛད། ་གསན་པ་དང་མཁྱེན་པར་མཛད་པའི་གྲོགས་པོ་སུ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷས་བྱིན་ངས་ནི་རང་གི་ལུས་བཏང་བ་ལ་སོགས ་བ་དཀའ་བ་མང་པོ་དག་བསྐལ་པ་གྲངས་མེད་པར་སྤྱད་དེ།། སྒྲིབ་པ་ཐམས་ཅད་ནི་སྦྱངས། ཚོགས་ཆེན་པོ་ཡང་དག་པར་བསགས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་སྟེ། འདས་པའི ་དུས་ན་སྔོན་བྱུང་བ་དང་། ད་ལྟར་གྱི་དུས་ན་ཕྱོགས་བཅུ་མཐའ་ཡས་པ་ན་ཤེས་བྱ་གང་དག་ཅི་ཡོད་པ་དང་། མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་ཤེས་བྱ་ཐམས་ཅད་ལ་མི་མཁྱེན ་པར་གྱུར་པ་གང་ཡང་མེད་དེ། དཔེར་ན་འཛམ་བུའི་གླིང་འདིར་ཉི་མ་ཤར་བ་མ་ཡན་སྔ། ངས་གཅ་དེ་ཁང་དང་རིམ་གྱིས་ཤར་བ་མ་ཡིན་སྟེ། དུས་གཅིག་ཏུ་གསལ་བར་ཤར་བ་བཞིན་དུ། ་ཤེས་བྱ་ཐམས་ཅད་སྐད་ཅིག་གཅིག་ལ་མཁྱེན་པའི་ཕྱིར་དང་། ང་ནི་རྣམ་པ་ཐང་མཁྱེན་པའི་ཡེ་ཤེས་མངའ་བ་ཞེས་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་ལ་ཡང་ལྔས་བྱིན་ཡིད་མ ་ཆེས་ནས་ཐང་མཁྱེན་པ་མངའ་བ་དེ་ཚད་མེད་པའི་ཕྱིར། འཛམ་བུའི་གླིང་འདི་ན་ཤིང་གི་རིས་ཙན་དན་དང་། པླག་ཤ་དང་སེང་ལྡེང་ལ་སོགས་པ་ཤིང་ཐ་དད་པ་བརྒྱ་སྟོང་བྱེ་བ ་དག་བཅད་དེ། སོ་སོར་བསྲེགས་ནས་ཐལ་བའི་པུར་མ་བྱས་ནས་རང་གིས་མི་ནོར་བར་བྱ་བའི་ཕྱིར། ཐལ་བ་ལ་ཤིང་གང་དང་གང་གི་མིང་ཡི་གེར་བཏགས་ཏེ། བཅོམ་ལྡན་འདས་ཀྱི ་དྲུང་དུ་སོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཁྱོད་ལ་ཐ~ཾད་མཁྱེན་པའི་ཡེ་ཤེས་མངའ་ན། འདི་ཤིང་གང་གི་ཐལ་བ། འདི་ཤིང་གང་གི་ཐལ་བ ་ལགས་ཞེས་ཐར་ཆགསུ་ཐལ་བའི་ཕུར་མ་ཐམས་ཅད་བསྟན་པ་ལས། བཅོམ་ལྡན་འདས་ཀྱིས་ཤིང་གང་གི་ཐལ་བ་ཡིན་པ་མ་ནོར་བར། འདི་ནི་ཙན་དན་གྱི་ཐལ་བའོ།། འདི་ནི་བླག ་ཤའི་ཐལ་བའོ།། དི་ནི་སེང་ལྡེང་གི་ཐལ་བར།། ཞེས་ཐལ་བའི་ཕུར་མ་ཐམས་ཅད་མནོར་བར་བཤད་པ་ལས། ལྔས་བྱིན་བཅོམ་ལྡན་འདས་ལ་རྣམ་པ་ཟང་མཁྱེན་པ ་ཡེ་ཤེས་མངའ་བར་ཡིད་ཆེས་པར་གྱུར་ཏོ།། ཚེ་འཕོས་བཅིར་འགྱུར་བ་གསུངས་པ་བདེན་པར་བསམས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་བསྟོད་དོ།། བཅོམ་ལྡན་འདས་ནི་ཀུན ་མཁྱེན་ལགས། ཤིང་མང་ཐལ་བའི་བྱེ་བྲག་རྣམས། མ་གཟིགས་མ་གསན་ངེས་པར་མཁྱེན།། ཚེ་འཕོ་ཅིར་འགྱུར་གསུངས་པ་ངེས། ཞེས་བསྟོད་ནས་སྤོབས་པ་མེད་པར་གྱུར་ཏོ།། དེའི ་ཚེ་ཤཱཀྱ་མིང་ཆེན་དེ་ན་འདུག་པས་ཚོ་འཕོས་པ་ཅིར་འགྱུར་བ་བཀའ་སྩལ་པ་ལ་ཡིད་མཆེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཚེ་འཕོས་པ ་སེམས་ཅན་རྣམས་ཅིར་འགྱུར་བ་གསུངས་པ་དེ་མངོན་སུམ་དུ་གཟིག་སམ། འོན་ཏེ་གཞན་ཞིག་ལ་གསན་པ་ལ་གས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། མིང་ཆེན་པོའི་སངས་རྒྱས་ཀྱི་སྤྱན་གྱིས་མི་གཟིགས་པ་ནི་འཇིག་རྟེན་ན་མེད་དེ། སྐྱུ་རུར་རློན་པ་ལག་མཐིལ་དུ་བཞག་ན། ལག་པའི་བྱེ་བྲག་ཐམས་ཅད་གསལ་བ ་དེ་བཞིན་དུ་དུས་གསུམ་གྱི་ཤེས་བྱ་ལངས་མ་གཟིགས་པ་ཅི་ཡང་མི་མངའ་སྟེ་ཐོས་པ་ལ་བཛིན་པ་ནི་མ་ཡིན་ནོ།། ང་སྐད་ཅེས་བཀའ་སྩལ་པ་དང་། ཤཱས་མིང་ཆེམ་གྱིས་ཐམ ་གཟིགས་པ་དེ། བདེར་བརྫུན་ཉམས་སང་པའི་ཕྱིར། སེར་སྐྱའི་གྲོང་ཁྱེར་ཆེན་པོར་སང་སྟེ། ཁྱི་མ་ཇི་སྙེད་མང་བ་ལ་འབྲས་ཀྱི་ཐུར་མར་རི་བླངས་ཏེ། རང་གིས་འབྲས་ཀྱི་ཕུར་མ་གང་ལ ་བླངས་པ་མི་ནོར་བར་བྱ་བའི་ཕྱིར། ཤཱཀྱ་གང་ལ་བླངས་པའི་མིང་རྣམས་བྲིས་ཏེ། འབྲས་ཕུར་མའི་ནང་དུ་བཅུག་ནས། འབྲས་ཀྱི་ཕུར་མ་གླང་པོ་ཆེའི་ཁལ་ལོངས་པ་གཅིག་དང་། བཅོམ ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་མི་གཟིགས་པ་མ་མཆིས ་ན་འབྲས་ཀྱི་ཕུར་མ་འདི་དག་མི་དབྱེ་བར་ཤཱཀྱ་གང་གང་གི་འབྲས་གང་གང་ལགས་པ་གཟིགས་པར་མཛོད་ཅིག་ཅེས་གསོལ་ནས། གླང་པོ་ཆེའི་ཁལ་གྱི་འབྲས་ཀྱི་ཕུར་མ་རྣམས་དྲུང ་བཞག་པ་ལས། བཅོམ་ལྡན་འདས་ཀྱིས་འབྲས་ཀྱི་ཕུར་མ་རེ་རེ་བླངས་ཤིང་། འདི་ཤཱཀྱ་དགྲ་བྱེད་ཀྱིའོ།། འདི་ཤཱཀྱཀའིའོ།། འདི་ཤཱཀྱ་འདོད་སྲེད་ཀྱིའོ།། ཞེས་བྱ་བ་ལ་སོགས ་པ་འབྲས་ཕུར་མ་རེ་རེ་ལ་ཤཱཀྱ་འདིའི་འོ་ཞེས་མིང་མ་ནོར་བར་རིམ་པར་རྫོགས་པར་གསུངས་པ་ལས། བཅོམ་ལྔ་ན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་ཐ~ཾད་གཟིགས་པ ་ལ་ཤཱཀྱ་མིང་ཆེན་ལ་སོགས་པ་ཐམས་ཅད་ཡིད་ཆེས་ཏེ། བཅོམ་ལྡན་འདས་ཀྱིས་ཚེ་འཕོས་པ་ཅིར་འགྱུར་བ་བཤད་པ་ནི་ངེས་སོ་སྙམ་ནས། བཅོམ་ལྡན་འདས་ལ་བསྟོད་པ། སངས་རྒྱས ་སྤྱན་གྱིས་ཐད་གཟིགས། འཇིག་རྟེན་པ་ལྔར་བརྫུན་མི་མངའ།། ཤཱཀྱའི་གྲོང་ཁྱེར་ཇི་སྙེད་པའི།། འབྲས་ཀྱི་ཕུར་མ་མནོར་མཁྱེན།། སེམས་ཅན་ཚེ་འཕོས་ཕ་རོལ་ན། ཇི་ལྟར་སྣང་བ་འཇིག ་རྟེན་བརྫུན།། བཅོམ་ལྡན་འདས་ཀྱིས་གསུངས་པ་མེད་།། ཀུན་གཟིགས་ཁྱོད་ལ་ཕྱག་འཚལ་བསྟོད། ཞེས་བསྟོད་ནས་སྤོབས་པ་མེད། མི་སྨྲ་བར་འདུག་གོ།། དེ་ནས་ཡབ་རྒྱལ་པོ་ཆེན་པོས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ་དག་བགྱིས་པས། དེའི་རྣམ་པར་སྨིན་པ་མི་ཟད་པ ་མྱོང་བར་འགྱུར་བ་དག་གིས་ཇི་ལྟར་བགྱིས་ན་བདེ་བ་ཐོབ་པར་འགྱུར་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་གང་དག་གིས་མཚམས ་མེད་པ་ལ་སོགས་པའི་ལས་མི་དགེ་བ་བྱས་པ་དག་གིས། སྒྱུ་མེད་པའི་སེམས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པར་བྱས་ཏེ། སེམས་ཐག་པ་ནས་བཤགས་ན་འབྱུང་བར་འགྱུར་རོ།། འཆི་བའི ་ཚེ་མི་དགེ་བ་སྔར་བྱས་པ་དག་ལ་འགྱོད་པ་བསྐྱེད་དེ། ས་ངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབསུ་གསོལ་ན་སྡིག་པ་འབྱང་བར་འགྱུར་རོ།། ་མཐོ་རིསུ་ཡང་སྐྱེ་བར་འགྱུར་རོ།། ཚེ་ཕྱི་མ་མེད་པའི་འདུ་ཤེས་བསྐྱེད་པར་མི་བྱའོ།། སྐྱེ་བ་ལེན་པ་ནི་དབང་ཕྱུག་དང་། འདོད་རྒྱལ་དང་། གྱི་ན་ལ་སོགས་དག་གིས་བྱེད་པར་མི ་བལྟའོ།། འཇིག་རྟེན་གྱི་བདེ་བ་དང་། འཁོར་བ་ཐམས་ཅད་ལ་ཆགས་པར་མི་བྱའོ།། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་འཕོ་སྟེ། སྐྱེ་བ་ལེན་པ་རྟག་པ་འཕོ་བ་ཡང་མ་ཡིན་ནོ།། ་ཆད་པ་འགགས་ཏེ་མེད་པ་ཡང་མ་ཡིན།། རྒྱུ་མེད་པ་ཡང་མ་ཡིན་ནོ།། རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ནོ།། བྱེད་པ་པོས་བྱས་པ་ཡང་མ་ཡིན་ཏེ། ལས་དང་ཉོན་མོངས་པ་རྒྱུ་རྐྱེན་ཚོགས ་བ་ལས་སྐྱེ་བར་བལྟའོ།། རྒྱལ་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་སོན་རྣམས་ཚེ་འཕོས་ནས་སྐྱེ་བ་ལེན་པ་དེ། དེ་ལྟར་རྟག་པ་ཡང་མི་འཕོ་ཆད་པ་ཡང་མ་ལགས། རྒྱུ་རྐྱེན་མེད་པ ་ཡང་མ་ལགས་བྱེད་པ་པོས་ཀྱང་མ་བྱས་འཇིག་རྟེན་ཕ་རོལ་ཏུ་སྐྱེ་བ་ཡང་འགྲུབ་པ་དེ་རྟོགས་པར་དཀའ་ན། འདི་ལ་འཐུན་པའི་དཔེ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་འཐུན་པའི་དཔེ་བརྒྱད་ཡོད་དེ། བླ་མས་ཁ་ཏོན་བརྗོད་པ་སློབ་མས་ཤེས་པའི་དཔེ་དང་། མར་མེ་ལས་མར་མེ་འབྱུང་བའི་དཔེ་དང་། མེ་ལོང་ལ་གཟུགས ་བརྙན་འབྱུང་བའི་དཔེ་དང་། རྒྱ་ལས་རྒྱའི་འབུར་དང་། རི་མོ་འབྱུང་བའི་དཔེ་དང་། མེ་ཤེལ་ལས་མེ་འབྱུང་བའི་དཔེ་དང་། ས་བོན་ལས་མྱུ་གུ་འབྱུང་བའི་དཔེ་དང་། སྦྱར་ཞེས་བརྗོད་པ ་འགྲམ་ཆུ་ལྡང་བའི་ད་པེ་དང་། བྲག་ཆའི་སྒྲ་རྣམས་ཀྱི་དཔེས་རྟོགས་པར་བྱ་སྟེ། ཀྱེ་རྒྱལ་པོ་ཆེན་པོ་དཔེ་བརྒྱ་དཔོ་འདི་དག་གིས། སྔ་མ་སྔ་མས་ན་ཕྱི་མ་རྣམས་འབྱུང་བ ་ཡང་ཡོད་པ་ནི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ།། ཕྱི་མ་ཕྱི་མ་ནི་སྔ་མ་སྔ་མ་རྣམས་ལས་འབྱུང་བས། རྒྱུ་མེད་པ་ལས་འབྱུང་བ་མ་ཡིན་པའི་དཔེ་དང་། ཆད་པ ་འགག་པ་མ་ཡིན་པའི་དཔེའོ།། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་དཔེ་འདི་དག་ནི། རྐྱེན་གསུམ་གསུམ་ཚོགས་པ་ལས་འབྱུང་སྟེ། བླ་མ་དང་སློབ་མ་དེ་གཉིས་དབང་པོ་རྣམས་སྐྱོན ་མེད་པ་ལས་ཁ་ཏོན་འབྱུང་ཞིང་སྒྲ་ཤེས་པའོ།། མར་དང་སྡོང་བུ་དང་སྣོད་ཚོགས་པ་ལས་མར་མེ་འབྱུང་ངོ་།། ནམཁའ་དང་པ་དང་། གདོང་དང་མེ་ལོང་ཚོགས་པ་ལས་གཟུགས་པ་རྙན་འབྱུང ་པོ་རྒྱ་དང་འཇིམ་པའི་གོང་བུ་དང་སྐྱེས་བུའི་ལག་པའི་རྩོལ་བ་རྣམས་ཚོགས་པ་ལས་འབུར་དང་རི་མོ་འབྱུང་།། ཤེལ་དང་ཉི་མའི་འོད་དང་རྩཝ་ཤིང་ཚོགས་པ་ལས་མི་འབྱུང་ངོ་།། ་། ས་བོན་དང་ས་གཞི་དང་བརླན་པ་རྣམས་ཚོགས་པ་ལས་མྱུ་གུ་འབྱུང་།། ཚྭ་དང་ཚྭ་འཐུང་མྱོང་བ་དང་། སྐྱུར་ཞེས་བརྗོད་པ་ལས་འགྲམ་ཆུ་ལྡང་།། མིས་བརྗོད་པའི་སྒྲ་དང་སྒྲ་དྲག་པོ ་གཞན་མེད་པ་དང་། རི་བྲག་རྣམས་ཚོགས་པ་ལས་བྲག་ཆ་འབྱུང་སྟེ། དེ་དག་ནི་སེན་སྐྱེ་བ་ནི་བྱེད་པ་པོས་མ་བྱས་ཏེ་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་གྱིས་བསྐྱེད་པའི་དཔེའོ།། ཀྱེ་རྒྱལ་པོ་ཆེ ་པོ་གཞན་ཡང་བླ་མ་ནི་ཚེ་འདིའི་དཔེའོ།། སློབ་མ་ནི་ཚེ་ཕ་རོལ་གྱི་དཔེའོ།། ཁ་ཏོན་ནི་རྣམ་པར་ཤེས་པ་ཉིང་མཚམས་སྦྱོར་བའི་དཔེའོ།། མར་མེ་སྔ་མ་ནི་ཚེ་འདིའི་དཔེའོ།། ཕྱི་མ་ནི་ཕ་རོལ་གྱི་དཔེའོ ་མར་མེ་སྔ་མ་ལས་ཕྱེ་མ་བྱུང་བ་སྔ་མ་ཡོད་པ་ནི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ།། ཕྱི་མདེ་སྔ་མ་ལས་བྱུང་བ་རྒྱུ་མེད་པ་ལས་མ་བྱུང་བའི་དཔེའོ།། མེ་ལོང་ནི་ཚེ་འདི་ཡོད་པའི་སྒོ་ནས ་ཕྱི་མ་ཡང་ཡོད་ལ། དངོས་པོ་ཡང་མི་འཕོ་ཞིང་ཕ་རོལ་ཡང་ཡོད་པའི་དཔེའོ།། རྒྱ་ནི་འདིར་ལས་ཅི་སྤྱད་པ་འཐུན་པར་ཕ་རོལ་དུ་ཡང་སྐྱེ་བ་ལེན་པའི་དཔེའོ།། མེ་ཤེལ་ནི ་འགྲོ་བ་རིས་མི་འདྲ་བ་ནས་མི་འདྲ་བར་སྐྱེ་བའི་དཔེའོ།། ས་བོན་ནི་འགགས་ནས་མེད་པར་མི་འགྱུར་བའི་དཔེའོ།། སྐྱུར་ནི་མྱོང་བའི་ལས་ཀྱིས་སྐྱེ་བ་ལེན་པའི་དཔེའོ།། སྒྲ་ནི་རྒྱུ་རྐྱེན་ཚོགས ་ནས་གནོད་པའི་རྐྱེན་གཞན་མེད་ན་སྐྱེ་བ་ལེན་སྟེ། གཅིག་པ་དང་ཐ་དད་པ་མ་ཡིན་པའི་དཔེའོ།། ཀྱེ་རྒྱལ་པོ་ཆེན་པོ་བརྒྱད་པོ་འདི་ཚང་བར་མ་སྨོས་པར། འགའ་ཞིག་བསྟན་ནི་དབང་ཕྱུག ་དང་། འདོད་རྒྱལ་དང་། གྱི་ན་དང་། རྒྱུ་མེད་པར་སྨྲ་བ་དག་གིས་དགེ་སྦྱོང་གོའུ་ཏ་མའི་དཔེ་འདི་དག། ཁ་ཏོན་གྱི་དཔེ་འདི་ནི་ཕུང་པོ་དང་རྣམ་པར་ཤེས་པ་གཉིས་མ་བྲལ་བར་ཕ་རོལ་དུ་རྣམ་པ ་ཤེས་པ་འཕོ་བར་འགྱུར་ཞེས་སྨྲ་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། མར་མེའི་དཔེ་ནི་འདི་དང་ཕ་རོལ་གཉིས་གར་ཕུང་པོ་དུས་གཅིག་ཡོད་དོ་ཟེར་བ་དགག་པའི་ཕྱིར་དཔེ ་ལྷག་མ་རྣམས་བསྟན་ཏོ།། མེ་ལོང་གི་དཔེ་ནི་འདྲ་བའི་དཔེ་ཡིན་པས་བྱ་པོ་ཝམ་ལ་པོར་སྐྱེ། དཀར་པོ་ལས་དཀར་པོར་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། ་རྒྱའི་དཔེ་ནི་ལྷ་འཕོས་པ་ལྷར་སྐྱེ། མི་འཕོས་པ་མིར་སྐྱེ་བ་ལ་སོགས་པ་ངེས་པའོ་ཞེས་ཟེར་བ་དག་དགག་པའི་ཕྱིར། དཔེ་ལྷག་མ་རྣམས་བསྟན་ཏོ།། མེ་ཤེལ་གྱི་དཔེ་ནི་མི་འདྲ་བའི་དཔེ་ཡིན་པས། ་དགེ་བས་ངན་སོང་དང་མི་དགེ་བས་མཐོ་རིས་འགྲུབ་བོ།། ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། ས་བོན་གྱི་དཔེ་ནི་ཤེས་པ་གཅིག་ལས་མང་པོར་འཕེལ ་ལོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། སྐྱར་གྱི་དཔེ་ནི་མྱོང་བའི་དཔེ་ཡིན་པས། ལྷའི་ལོ་རྒྱུས་ཡོད་པ་དག་དགེ་བའི་བསོད་ནམས་མ་བྱས་ཀྱང་ལྔར ་སྐྱེའོ།། ངན་སོང་གི་ལོ་རྒྱུས་ཡོད་པ་དག། མི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དེཔེ་ལྷག་མ་རྣམས་བསྟན་ཏོ།། སྨྲའི་དཔེ་ནི་བྱེད་པ་པོའི་དཔེ་ཡིན་པས་རྨུ ་རྐྱེན་ལས་མ་བྱུང་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། དེའི་ཕྱིར་དཔེ་བརྒྱད་བསྟན་ཏོ།། ཀྱེ་རྒྱལ་པོ་ཆེན་པོ་ཆེ་ཞིག་སྟེ་ཕ་རོལ་ཏུ་སྐྱེ་བ་མེད། ཆད་པ་དང་འགག ་ཡང་མ་ཡིན་ནོ།། ཚེ་འདི་དངོས་པོ་རྟག་པ་མ་ཉམས་པར་ཕ་རོལ་ཏུ་འཕོ་བ་ཡང་མ་ཡིན་ནོ།། ཚེ་འདི་ལ་མ་རྟེན་པར་ཕ་རོལ་ཏུ་སྐྱེ་བ་ལེན་པ་ཡང་མ་ཡིན་ནོ།། བདག་གིས་སྐྱེ་བ་འདི་བླངངོ་ཞེས ་བསམས་པས་ཀྱང་སྐྱེ་བ་མི་ལེན་ནོ།། བདག་གིས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལ་བསྟེན་ཏེ། མཐོ་རིསུ་སྐྱེ་བར་བྱའོ།། སྙམ་པས་ཀྱང་མ་ཡིན་ནོ།། བདག་མཐོ་རིས་དང་ངན་སོང་གར ་འདོད་པར་སྐྱེ་བར་བྱའོ་སྙམ་པས་ཀྱང་མ་ཡིན་ནོ།། ཅི་ཡང་མ་བྱས་ཏེ་རྒྱུ་རྐྱེན་ལ་བཅན་མི་དགོས་པར་སྐྱེའོ་སྙམ་པས་ཀྱང་མ་ཡིན།། ཕུང་པོ་འདི་ཞིག་སྟེ་ཤི་ནས་ཅི་ཡང་མེད་ཞེས་སྨྲ་བ་ཡང་ཡིན་ནོ།། ་འདིར་ཚེ་འཕོས་ནས་ཕ་རོལ་ན་གཤིན་གྱི་ཁམསུ་མུ་ཆག་སུ་མཆིས་པས་འདི་ན་ཅི་སྤྱོང་བྱེད་དེ། སྐྱེ་བ་མི་ལེན་ཞེས་ཟེར་བ་ཡང་མ་ཡིན་ནོ།། ཚེ་འདིའི་རྣམ་པར་ཤེས་པ་མ་འགགས་པར ་རྣམ་པར་ཤེས་པས་སྐྱེ་བ་ལེན་ཞེས་ཟེར་བ་ཡང་མ་ཡིན་ནོ།། འདི་དང་ཕ་རོལ་གཉི་གར་ཕུང་པོ་དུས་གཅིག་ཡོ་ད་ཅེས་ཟེར་བ་ཡང་མ་ཡིན་ནོ།། གྲུམ་པོ་ལས་གྲུམ་པོར་སྐྱེ། དཀར ་པོ་ལས་དཀར་པོར་སྐྱེ། ཞེས་བྱ་བ་ལ་སོགས་པ་ཡང་མ་མི་ན་ནོ།། ལྷ་ཚེ་འཕོས་པ་ཡང་ལྷར་སྐྱེའོ་ཞེས་ཟེར་བ་ཡང་མ་ཡིནོ།། དགེ་བ་དང་ངན་སོང་དང་། མི་དགེ་བས་མཐོ་རིས ་འགྲུབ་ཟེར་བ་ཡང་མ་ཡིན་ནོ།། ཤེས་པ་གཅིག་ལས་མང་པོ་འཕེལ་བ་ཡང་མ་ཡིན།། དགེ་བར་བྱ་ཀྱང་ལྷར་སྐྱེ་བ་དང་། མི་དགེ་བ་མ་བྱས་ཀྱང་ན་སོང་དུ་སྐྱེ་བ་ཡང་མ་ཡིནོ།། སྐྱེ་བ་ནི་བྱེད་པ ་པོས་བྱས་པ་ཡང་མ་ཡིན་ནོ།། དེ་དག་ཅིའི་ཕྱིར་མ་ཡིན་ཞེ་ན།། ཁ་དོན་གྱི་དཔེ་ལ་གང་དག་གིས་རྣམ་པར་ཤེས་པ་འདི་མ་འགགས་པར་ཕ་རོལ་ཏུ་སྐྱེ་བོ་ལེན་ཞེས་ཟེར་བའི་སྦྱོར་བས་ལ ་ཕྱིརས་བོན་གྱི་དཔེ་བསྟན་ཏེ། ས་བོན་དེ་མ་རུལ་བར་མྱུ་གུ་སྐྱེ་ན་ནི། བདག་ཏུ་སྨྲ་བ་དག་བདེན་ན། ས་བོན་དེ་རུལ་ནས་སྔ་མ་ལས་གྱུར་ཏེ། མི་འདྲ་བར་གྱུར་པ་ལས་མྱུ་གུ་སྐྱེའོ།། མར་མེའི ་དཔེ་ལ་གང་གིས་མར་མེ་གཅིག་ལས་གཅིག་སྔར་ན་གཉི་ག་ཡོད་པས་འདི་དང་ཕ་རོལ་གཉི་གར་ཕུང་པོ་དུས་གཅིག་ཡོད་དོ་ཞེས་ཟེར་བའི་སྐྱོན་བསལ་བའི་ཕྱིར་སྒྲའི་དཔེ་བསྟན་ཏེ། བྲག་ཆ་ནི་མིས ་མ་བརྗོད་པར་སྒྲ་མི་གྲག་སྟེ། དུས་གཅིག་ཏུ་མི་འབྱུང་བས་ཕུང་པོ་ཡང་དུས་གཅིག་ཏུ་མི་འབྱུང་ངོ་།། མེ་ལོང་གི་དཔེ་ལ་འདྲ་བའི་ཕྱིར་ཆུབ་སྦ་ཕུམ་པོར་སྐྱེ་བ་དག་དགག་པའི་ཕྱིར། མེ་ཤེལ་གྱི་དཔེ ་བསྟན་ཏེ། མེ་ཤེལ་ལས་དེ་མི་འདྲ་བའི་དཔེ་འབྱུང་བའི་ཕྱིར།། རྒྱ་དཔེ་ནི་ལྔ་ཚེ་འཕོས་པ་ལྷོར་སྐྱེ། མི་ཆེ་འཕོས་པ་མིར་སྐྱེའོ་ཞེས་ཟེར་བབས་ལོ་བའི་ཕྱིར།། ཁ་ཅོན་གྱི་དཔེ་བསྟན་པ ་དཔེ་ནི་བླ་མ་ཡིན་ལ། ཕ་རོལ་གྱི་དཔེ་ནི་སློབ་མ་ཡིན་ཏེ་ཐ་དད་པས་བླ་མ་ཡང་སློབ་མ་མ་ཡིན། སློབ་མ་ཡང་བླ་མ་མ་ཡིན་པའི་ཕྱིརརོ།། མེ་ཤེལ་གྱི་དཔེ་ནི་མི་འདྲ་བའི་དཔེ་ཡིན་ཏེ། དག་བ ་ངན་སོང་མི་དགེ་བས་མཐོ་རིས་སོ་ཞེས་ཟེར་བ་བསལ་བ་འི་ཕྱིར། མར་མེའི་དཔེ་བསྟན་ཏེ། མར་མེ་ལས་མར་མེ་མི་འདྲ་བ་མ་བྱུང་གི། མར་མེ་ལས་མར་མེ་འབྱུང་བ་བཞིན ་དགེ་བས་མཐོ་རིས་མི་དགེ་བས་ངན་སོང་ནི་རིགས་པའོ།། ས་བོན་གྱི་དཔེ་ལ་ཤེས་པ་འཕེལ་ཞེས་ཟེར་བ་དག་དགག་པའི་ཕྱིར་རྒྱའི་དཔེ་བསྟན་ཏེ། རྒྱའི་རི་མོ་ཅི་འདྲ་བ་དེ་ལས་འཇིམ ་པའི་གོང་བུ་ལ་ཡང་རི་མོ་གཞན་མི་འབྱུང་བའི་ཕྱིར་རོ།། སྐྱུར་གྱི་དཔེ་ལ་གང་དག་གིས་ལྷའི་ལོ་རྒྱུས་མྱོང་བ་དག་དགེ་བ་མ་བྱས་ཀྱང་སྐྱེ་བ་ཟད་དུ་ལྷར་སྐྱེ། ངན་སོང་གི་སྡུག་བསྔལ་མྱོང ་བདག་མི་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ངན་སོང་དུ་སྐྱེའོ་ཞེས་ཟེར་བ་དགག་པའི་ཕྱིར་མེ་ལོང་གི་དཔེ་བསྟན་ཏེ། མེ་ལོང་ལ་བཞིན་ཅི་འདྲ་བ་སྣང་བ་བཞིན་དུ་དགེ་བ་དང་མི་དགེ ་། བའི་འབྲས་བུ་འདྲ་བ་བསྣོལ་ནས་མི་འདྲ་བར་སྦྱོར་བ་འགལ་བའི་ཕྱིར་རོ།། སྒྲའི་དཔེ་ལ་མི་བྱེད་པ་པོས་བྱས་པ་མ་ཡིན་ཏེ། མེས་སྐད་མ་བསྔགས་པར་བྲག་ཆ་མི་འཐུང ་བ་བཞིན་དུ། བྱེད་པ་པོས་མ་བྱས་པར་སེན་རྣམས་མི་སྐྱེའོ།། ཞེས་ཟེར་བདེ་བསལ་བའི་ཕྱིར། སྦྱང་གི་དཔེ་བསྟན་ས། སྔར་འཐུངས་པ་དང་ཟ་མྱོང་བའི་ཕྱིར་བརྗོད་པས་འགྲམ་ཆུ་ལྡང་བ་བཞིན་དུ ་ལས་དང་ཉོན་མོངས་པ་སྔར་སྤྱད་པའི་དབང་གིས་ཕྱིས་སྐྱེ་བ་ལེན་ནོ།། ཀྱེ་རྒྱལ་པོ་ཆེན་པོ་སེ་ནི་སྐྱེ་བ་དང་། འཇིག་རྟེན་འདི་དང་ཕ་རོལ་དུ་འཕོ་བ་དང་། ཇི་ལྟར་འགྱུར་བ་དག་ནི་དེ་ལྟར་མཁྱེན ་བར་མཛོད་ཅིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ལ། འཁོར་འདུས་པ་ཐམས་ཅད་ཡིད་རངས་ས་མངོན་པར་བསྟོད་དོ།། འཆི་འཕོ་བ་ཇི་ལྟར་འགྱུར་བ་བསྟན ་པའི་མདོ་རྫོགས་སྷོ།། བསྟན་པ་སྔ་ངར་བའི་ཚེ་འགྱུར་བ་ལས་གང་གསར་ཆད་ཀྱིས་མ་བཙས་པའོ།། རྒྱ་གར་སད་དུ།། ཨརྱ་མ་ཧཱ་པ་རི་ནི་ར་བཱ་ན་སཱུ་ཏྲ་ཁོད ་