| Wylie | e-texts produced with BDRC’s OCR application |
དེའི་ལེའུ་སྟེ་ལྔ་བཅུ་རྩ་གཉིས་པའོ།། ། འཛངས་བླུན་ཞེས་བྱ་བའི་མདོ་རྫོགས་སོ།། ། རྒྱ་ནག་ལས་འགྱུར་བར་སྣང་།། རྒྱ་གར་སྐད་དུ། གན་ཊཱི་ས་མ་ཡ་སཱུ་ཏྲ། བོད་སྐ་དུ། ་གན་ཌིའི་དུས་ཀྱི་མདོ།། བཅོམ་ལྡན་འདས་འཇམ་དཔལ་གཞནུར་གྱུར་པ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ ་ཀ་ལན་དཀའི་གནས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློ་ང་རྣམས་ལ་བོས་ཏེ་བཀའ་སྩལ་པ། དགེ་སློ་ང་དག་ལ་ལོ་རྣམས་ཀྱི་དུས་བཤད་པར་བྱ་ཡིས། དེ་ལེགས ་པར་ཉོན་ཅིག། དགེ་སློང་རྣམས་དགུན་ཟླ་ར་བའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་བདུན་ག་ཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་ཕྱེད་དང་ལྔ་ནི་དུས་མ་ཡིནོ།། ཟླ་བ་ཕྱེད་དང་གཉིས་པ་ལ་ནི ་རྐང་པ་བརྒྱད་ག་ཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་དྲུག་ནི་དུ་མ་ཡིན་དགུན་ཟླ་འབྲིང་པོའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་དགུ་ག་ཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བདུན ་ནི་དུས་མ་ཡིན།། ཟླ་བ་གཉིས་པ་ལ་ནི་རྐང་པ་བཅུ་ག་ཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བརྒྱད་ནི་མ་ཡི་མོ།། དགུན་ཟླ་ཐ་ཆུངས་ཀྱི་ཟླ་བ་བྱེད་དང་པོ་ལ་ནི་རྐང་པ་བཅུ་གཅིག་ག་འི་དྲི ་ཡིན་ལ། སོར་གྱིས་དམན་པའི་རྐང་པ་དགུ་ནི་དུས་མ་ཡི་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་བཅུ་གཉིས་གཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བཅུ་ནི་དུས་མ་ཡིནོ།། དཔྱིད་ཟླ་ར་བ ་བྱེད་དང་པོ་ལ་ནི་རྐང་པ་བཅུ་གཅིག་ག་ཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་དགུ་ལ་ནི་དུས་མ་ཡི་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་བཅུ་ག་ཎ་ཌིའི་དུས་ཡིན་ལ། སོར ་གྱིས་དམན་པའི་རྐང་པ་བརྒྱད་ནི་དུས་མ་ཡིནོ།། དཔྱིད་ཟླ་འབྲིང་པོའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་དགུ་གཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བདུན་ནི་མ་ཡིན་ནོ།། ་ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་བརྒྱད་ག་ཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་དྲུག་ནི་དུས་མ་མི་ནོ།། དཔྱིད་ཟླ་ཐ་ཆུངས་ཀྱི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ ་བདུན་ག་ཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་ལྔ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་དྲུག་ག་ཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ ་བཞི་ནི་དུས་མ་ཡིན་ནོ།། དབྱར་ཟླ་ར་བ་ཕྱེད་དང་པོ་ལ་ནི་རྐང་པ་དྲུག་ག་ཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བཞིནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་ལྔ་ག་ཎ་ཌིའི ་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གསུམ་པ་ནི་དུས་མ་ཡི་ནོ།། དབྱར་ཟླ་འབྲིང་པོའི་ཟླ་བ་བྱེད་དང་པོ་ལ་ནི་རྐང་པ་བཞི་གཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གསུ ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་བཞི་ག་ཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གཉིས་ནི་དུས་མ་ཡིན་ནོ།། དབྱེར་ཟླ་ཐ་ཆུངས་ཀྱི་ཟླ་བ་བྱེད་དང་པོ་ལ་ནི་རྐང ་། གསུམ་གཅ་ང་དུས་ཡིར་ལ། སེར་གྱིས་དམན་པའི་རྐང་པ་གཉིས་ནི་དུས་མ་ཡིན་ནོ།། ཟླ་བ་བྱེད་གཉིས་པ་ལ་རྐང་པ་གསུམ་གཎ་ཊིའི་དུས་ཡིན་ལ། སོར་གྱིས་དམམ་པ ་རྐང་པ་གཉིས་ནི་དུས་མ་ཡིན་ནོ།། སྔོན་ཟླ་ར་བའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་གསུམ་གཏ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་ཕྱེད་དང་གསུམ་མི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས ་པ་ལ་རྐང་པ་གཉིས་གཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བྱེད་ནི་དུས་མ་ཡིན་ནོ།། སྔོན་ཟླ་འབྲིང་པོའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་བཞི་གཎ་ཌིའི་དུས་ཡིན་ལ། སོར ་གྱིས་དམན་པའི་རྐང་པ་གཉིས་ནི་དུས་མ་ཡིན།། ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་བཞི་ག་ཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གཉིས་ནི་དུས་མ་ཡིན་ནོ།། ་སྔོན་ཟླ་ཐ་ཆུངས་ཀྱི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་ལྔ་ག་ཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གསུམ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་དྲུག ་གཎ་ཌིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བཞི་ནི་དུས་མ་ཡིན་ནོ།། །། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། གཎ་ཌིའི་དུས་མདོ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་དི་པ་མ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་དགེ་བའི ་བློ་གྲོས་ཀྱིས་བསྐུར་བའོ།། རྒྱ་གར་སྐད་དུ། ཨཱ་ཡུཿཡ་བ་བྷུཾཏྲ་གྲཏ་སཱུ་ཏྲ། བད་སྐད་དུ། ཚེ་འཕོ་འཇི་ལྟར་འགྱུར་བ་ཞུས་པའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔ ་