| Wylie | e-texts produced with BDRC’s OCR application |
ཡང་།། དམ་པོང་མ། ད་ཁྱེན་པ་ལ་ཕྱག་བར་ལའོ།། ་པའི་རྒྱུ། སེཾ་ས་ཐར་པང་ཤད་ཀྱིས་འབང་པས་བྱིན་ཅིག། སྙུན་པ ་ད་ནི་འཇིག་རྟེན་གསུ་དུ་གྲགས།། ངར་འི་རེས་སྒྲ་སེང་གི ་མིཛད་བེརྙེས་པ།། ཞབས་ལ་ཚངས་དང་ང་གཙུག་གི ་ནེར་དུས་གཏུགས།། སྡུག་བསྔལ་རྒྱ་མཆོགཏིང་མཐའ་མེད་རྒལ ་།། པ།། འགྲོ་བའི་གཙེལ་སྤྱི་བོས་ཕྱག་འཚལ་ཏེ།། ཐམས་ཅད་མཁྱེན་པའི་བསླང་གནི ་དཀོན་མཆོག་སྣོད།། འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ།། སངས་རྒྱས་འདུལ་བ་གངས ་ཆེན་མཚོ།། གཏིང་མཐའ་མེད་པ་ཐམས་ཅད་ཀྱི།། གནས་པའི་སྙིང་དང་སྙིང་པོ་ན།། ་སེར་ཐར་པ་འདི་ཡིན་ནོ།། འདི་ནི་དམ་ཆོས་རྒྱལ་པོ་ཡི།། ཆོས་ཀུན་གྱི་ནི་འདྲེན་པའི་མཆོག། འདི་ན ་དགེ་སློང་ཚེང་ཚེགས་ཀྱི།། བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན།། ཚུལ་ཁྲིམས་འཆལ་པས་ཟིན ་རྣམས་ཀྱི།། གདུག་པ་རྣམས་སེལ་སྨན་འདི་ཡིན།། འདི་ནི་ལང་འཚེ་རྣམ་འཁྲུལ་བའི།། རྐང་གཉིས་གཞོན་ནུ ་ལྕགས་ཀྱུ་ཡིན།། འཚེ་བས་ཟབ་པའི་འཁོར་བ་ལས།། སྦྲེལ་བའི་རྒལ་ཐབས་འདི་ཡིན་ཏེ།། འདི་ནི་བཟང ་འགྲོར་འགྲོ་བ་ཡི།། ངེས་པའི་ཆུ་ལོན་ཟབ་པ་ཡིན།། འདི་ནི་ཉོན་མོངས་པ་མ་བདེ་ལམ།། རྒྱལ་པོ ་ཡི་ནི་འདྲེན་པ་མཆོག། འདི་ནི་ཐར་པའི་གྲོང་འཇུག་པའི།། ཐེམ་སྐོས་གཞི་དང་འདྲ་བར་གནས ་ང་ནི་མྱ་ངན་འདས་གྱུར་ན།། འདི་ནི་ཁྱེད་ཀྱི་སྦྱིན་པའོ་ཞེས།། རང་བྱུང་ཉིད་ཀྱིས་གུས་བཅས་པས།། ་ནན་ཏན་དགེ་སློང་ཚོགས་མདུན་བསྟོད།། སངས་རྒྱས་ཤེས་པའི་སྒྲ་འདི་ཡང་།། འཇིག་རྟེན་དག ་། ན་རབ་ཏུ་དཀོན།། མི་ཉིད་རྙེད་པ་ཤིན་ཏུ་དཀོན།། རབ་ཏུ་འབྱུང་བ་ཤིན་ཏུ་དཀོན།། དེ་བཞིན ་རབ་ཏུ་བྱུང་རྣམས་ཀྱི།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དཀན།། ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་།། ་གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ།། འཇིག་རྟེན་སངས་རྒྱས་འབྱུང་བ་དང་།། མི་དང་རབ་ཏུ་འབྱུང་བ་དང་། ་ཚུལ་ཁྲིམས་ཕུན་སུ་མཚོགས་པ་དང་།། གྲོགས་བཟང་རྙིང་ད་ཀའ་རྙེད་གྱུར་ནས།། མཁས་པ ་བདག་ལེ་ལེགས་འདོད་ཅིང་།། དེ་དག་འབྲས་བཅས་བྱེད་འདོད་པས།། སྡོམ་བརྩོན ་རྣམས་ཀྱིས་སོ་སོར་ཐར།། མཉན་པའི་ཕྱིར་ནི་འབད་པར་བྱ།། དགེ་སློང་དབང་འདུལ་ཀུན་དབང་པོ། ་སངས་རྒྱས་མི་འགྱུར་རབ་བྱུང་བ།། ངེས་པར་ཐར་པ་འདོད་ནམས་ཀྱིས།། སོ་སོར་ཐར་པ་རྟག་ཏུ ་སྲུངས།། བསྐ་པ་བྱེ་བ་རྣམས་སུ་ཡང་།། སེ་སེར་ཐར་པ་ཐོས་པ་དང་།། གཟུང་དང་འཛིན་པ་རྙེད་དཀའ་ཞིང་།། སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ།། སངས ་རྒྱས་རྣམས་ནི་འབྱུང་པོ་བདེ།། ཆོས་བསྟན་པ་ཡང་བདེ་བ་ཡིན།། དགེ་འདུན་འཐུན་པ་བདེ་བ་སྟེ།། འཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ།། འཕགས་པ ་རྣམས་ནི་མཐོང་བ་བདེ།། དམ་པ་དག་དང་འགྲོགས་པ་བདེ།། བྱིས་པ་རྣམས་ནི་མ་མཐོང་ན།། རྟག་ཏུ་བདེ་བ་ཉིད་དུ་འགྱུར།། ཚུལ་ཁྲིམས་ལྡན་པ་མཐོང ་བ་བདེ།། མང་དུ་ཐོས་པ་མཐོང་བ་དང་།། ཡང་སྲིད་རྣམས་པར་གྲོལ་བའི།། དགྲ་བཅོམ་པ་དག་མཐོང་བ་དདེ།། འཇུག་ངོགས་བདེ་བའི ་ཆུ་ཀྲུང་དང་།། ཆུས་ལ་གོམས་པའི་སྐྱེ་བེ་བང་།། ཤེས་རབ་ཐོབ་པར་གྱུར་པ་དང་།། དེ་རང་རྒྱལ་ཟད་པ་དང་།། ངེས་པར་བྱས་ཤིང་དབང་པོ ་ཐུལ་བ་དག། དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང་།། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ།། ལང་ཚེ་ཡོལ་བ་རྣམས་ཀྱི་གནས་པ་བ།། འཕགས་མ་དག ་སིབ་རྣམས་ཀྱི་འདས་པ་དང་ལྷག་མ་ཇི་ཙམ་པ་དེ་ཙམ་མོ།། འཕགས་མ་དག་རྒ་བ་དང་ན་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པར ་འགྱུར། ཆེས་ཀྱི་རི་རབ་ཀྱང་འཇིག་པར་འགྱུར། ཆེས་ཀྱི་ཤིང་ལྗོན་པའང་འཆག་པར་འགྱུར། ཆོས་ཀྱི་འཁོར་ལོ་ཡང་ཉམས་པར་འགྱུར།། ་། ཆོས་ཀྱི་སྒྲེན་མའང་འཆི་བར་འགྱུར།། ཆོས་ཀྱི་རྒྱ་མཚོ་ཡང་སྐམས་པར་འགྱུར་ལ། མ་རིག་པའི་མུན་གནག་ནི་མཐུ་ཆེ་བར་འགྱུར ་སྒྲུབ་པར་བྱེད་པ་ནི་ཡོངས་སུ་ཉམས་པར་འགྱུར་ཏེ། སྒྲུབ་པ་པོ་དག་མེད་ན་ཡུན་མི་རིང་བར་འཇིག་རྟེན་འདི་ན་སྣང་བ་མེད་པར་འགྱུར་བས་དེའི་ཕྱིར། འཕགས ་མི་དག་འོག་ཡེང་བས་རྣལ་འབོར་དུ་བྱའོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་།། ག ་ཡང་གང་དག་དེ་ལྟ་བུ་དང་། འཐུན་པའི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་། བག་ཡོད་པས་འཐོབ་བོ།། བཅོམ ་ལྡན་འདས་ཀྱི་ཉན་ཐོས་ཀྱི་ངགེ་འདུན་ནི་དེན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པས་དགེ་འདུན་ཐོག་མར་བྱ་བ་ཅི་ཡོད།། འཕགས་མ་དག་མ ་ལྤགས་པ་རྣམས་ལ་འདུན་པ་དང་། ཡོངས་སུ་དག་པ་དྲིས་ཤོག། དྲིས་ནས་ཀྱང་བརྗོད་པར་བྱའོ།། ཤཱཀྱ་སོང་གི་དེ་ལ་ནི།། སོར་མོ་བཅུ་ཡིས་ཐལ ་སྦྱར་ནས།། སོ་སོར་ཐར་པ་གདོན་པར་བྱས།། གདུལ་བའི་དོན་དུ་ང་ལས་ཉོན།། ཐོས་ནས་དྲང་སྲོང་ཆེན་པོ་ཡིས།། ཇི་སྐད་གསུངས་བཞིན་བསྒྲུབ་བྱ ་ཞིང་། ཁ་ན་མཐེ་པ་རྣམས་ལ།། བརྩོན་ཅིང་བྱེད་པ་ཉིད་དུ་གྱིས།། རྟག་ཏུ་འབད་པས་བདའ་བ་ཡི།། སེམས་རྔ་ཁ་བླ་ན་དཀའ་བ་ལ།། འཐུན་པའི་གཟོར ་དེང་བརྒྱབ་པ་ཡི།། སྲབ་ནི་སོ་སེར་ཐར་འདི་ཡིན།། ཆེ་བ་གང་དག་དག་ཙམ་གྱིས། ལྡེག་ནི་མཚམས་ལས་མི་འདའ་བ།། དེ་དག་མི་རྟ་བཟང་པོ ་ཉེན་མོངས་གཡུལ་ལས་ངེས་རྒྱས་འགྱུར།། སུ་ལ་སྲབ་འདི་མེད་པ་དང་། ནམ་དུའང་འདོད་པར་མི་འགྱུར་བ།། དེ་དག་ཉོན་མོངས་གཡུལ ་གྱིས་དཀྲུགས།། འཇོག་འབྲལ་རྣམ་པར་འཁྱམས་པར་འགྱུར།། དགེ་འདུན་འཕགས་མ་རྣམས་གསན་དུ་གསེལ། དང་དགེ་འདུན་གྱི་གསེ་སྦྱོང་བཅུ ་བཞི་པ་འམ། བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན།། དགེ་འདུན་གྱིས་གནང་བར་མཛད་དང་། ་དགེ་འདུན་གྱི་གསེ་སྦྱོང་མཛད་དེ། སོ་སེར་ཐར་པའི་མདོ་གདོན་པ་གདོན་ཏོ།། འདི་ནི་གསོལ་བའོ།། འཕགས་ན་ངག་བདག ་ཅག་གསོ་སྦྱོང་བྱས་ཏེ། བདག་གིས་སོ་སོར་ཐར་པའི་མྱིང་གདོན་གྱིས་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་གྱིས་ཤིག་དང་། བདག་གིས་ཁྱེད ་ལ་བཤང་།། ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་འཐོལ་ཅིག། ལྟུང་བ་མེད་ན་ཅང་མ་སྨྲ་ཤིག། ཅང་མི་སྨྲ་ན་བདག་གིས་འཕགས་མོ་དག ་ཡོངས་སུ་དག་པར་རིག་པར་བྱའོ།། ཇི་ལྟར་སོ་སོར་དྲིས་ནས།། དགེ་སློང་མིས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་མའི་འཁོར་འདི་ལྟ་བུར་ཡང་ལ ་།། གསུམ་གྱི་བར་དུ་བསྒྲགས་པར་བ་པ་ཡིན་ནོ།། ཡང་དགེ་སློང་མ་གང་དགེ་སློང་མའི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པར་ལྟུང་བ་ཡོད་ལ ་དྲན་བཞིན་དུ་མི་འགྲོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ།། འཕགས་མ་དག་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཚེས་སུ ་གསུངས།། དེ་བས་ན་དགེ་སློང་ན་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་བཞིན་དེ་མཐོང་བ་མཐོལ་བར་བའོ།། མཐིལ་ན་བདེ་བ་ལ་རེག་པར ་གནས་པར་འགྱུར་རོ།། མ་མཐིལ་མ་བཤགས་ན་མི་འགྱུར་རོ།། འཕགས་མི་དག་བདག་གིས་སོ་སོ་ར་ཐར་པའི་མདོ་གདོན་པའི་གླེང་བཞི་བཏོན་ཟིན་ཏོ།། ་དེ་ལ་བདག་གིས་འཕགས་མ་དག་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་དྲིའོ།། ཅི་འདི་ལ་ཁྱེད་སོ། ངསུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། ་འདི་ལ་འཕགས་མ་ངག་ཡོངསུ་དག་ན་འདི་ལྷོར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། སྡོམ་ལོ། མི་ཚངས་སྤྱོད་དང་རྐུ་བ་དང་།། མི་གསོད་བརྫུན་དུ་སྨྲ་བ་དང་།། པ་གིའི ་བུ་དང་སྤོས་འཚོང་ཁྱེའུ།། མཛའ་མོ་དང་ནི་གྲེ་སྐྱེས་པོའོ།། འཕགས་མ་དག་ཕམ་པར་འགྱུར་བའི་ཆོས་བརྒྱད་པ་འདི་དག་ནི་ཟླ་བ་ཕྱེད་བྱེད་ཅིང་སོ་སོར་ཐར་པའི ་མདོ་གདོན་པ་ལས་འབྱུང་།། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་སློབ་པ་ཉམས་པར་མི་ཚངས ་པར་སྐྱེད་པ་འཁྲིག་པའི་ཆོས་བསྟེན་ན་ཐ་ན་དུད་འགྲོའི་སྐྱེ་གནས་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བའོ།། ཡང་དགེ་སློང ་མ་གང་གཞན་དག་གི་གྲེང་ན་འདུག་པ་དང་དགོན་པ་ནི་འདུག་པ་མ་བྱིན་པར་ལེན་པ་རྐུ་བའི་གྲངསུ་གཏོགས་པ་བླངས་ན་ཇི་ཙམ་མ་བྱིན་པར་བླངས་པས་དེ་རྒྱལ་པོ་འོམ་བློན་པོ་ཆེན་པོ ་བཟུང་ནས་དེ་ལ་འདི་སྐད་ཅེས། ཀྱེ་བུད་མེད་ཁྱོད་ནི་རྐུན་མའོ་བྱིས་པའི་བླུན་མེའོ།། སྐུ་བའོ་ཞེས་ཟེར་ཞིང་གསོད་དམ་འཆིང་ངོམ། སྤུག་ཀྱང་རུང་སྟེ། དགེ་སློང་མ་དེ་ལྟར་མ ་བྱིན་པར་ལེན་ན་དགེ་སློང་མ་དེ་ཡང་ཕམ་པར་འགྱུར། བི་ཡིན་གྱིས་གནས་པར་མི་བའོ།། ཡང་དགེ་སློང་མ་གང་མི་འམ་མིར་འཆགས་པ་ལ་བསམས་བཞིན་དུ་རང་གིས་ལག ་དར་ཏེ་སྲེག་གཙང་ངམ། དེ་ལ་མཚན་བིན་ནམ། དེ་ལ་མཚན་ཐོགས་པ་གཉེར་ཏོམ། དེ་ལ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ ་འདི་སྐད་ཅེས་ཀྱི་མི་ཁོད་འཚེ་བ་སྡིག་པོ་མི་གཙང་བ་ངན་པ་འདིས་ཅི་ཞིག་པ། ཀྱེ་མི་ཁོད་གསོན་པ་བས་ཤི་བླའོ་ཞེས་ཟེར་ཞིང་།། སེམས་ཀྱི་འདོད་པ་དང་སེམས་ཀྱི་ཀུན་ཏུ་རྟོགས་པ་དག་གི ་རྣམ་གྲངས་དུ་མས་དེ་འཚེར་བཅུག་མ།། དེ་ལ་འཆི་བའི་སྔགས་པ་བརྗེད། དེ་ཡོང་རྩེན་པ་དེས་དུས་བྱས་ན། དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། ཡང་དགེ་སློང ་གང་མངོན་པར་མི་ཤེས་ཤིང་ཡོང་སུ་མི་ཤེས་ལ་མིའི་ཆོས་བླ་མ་མཐའ་དང་འཕགས་པ་དང་པོ་བྲག་ཐོབ་པ་དང་ཤེས་པ་དང་མཐོང་བ་དང་རེག་པར་སྤྱོད་པ་མེད་ལ། དེ་བཞིན་དུ་འདི་ཤེས་འང ་།། མཐོང་ངོ་ཞེས་ཁས་འཆེས་པ་ལས་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་འདི་སྐད་ཅེས་འཕགས་པ་དག་བདག་རྒས ་ནི་མི་ཤེས་པར་ཤེསོ་ཞེས་སྨྲས། མ་མཐོང་བར་མཐོང་ཞེས་སྨྲས་ཏེ་གསེག་གསེབ་བརྫུན་དུ་སྨྲས་ཞེས་ཟེར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ་དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡི ་གྱིས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་མིག་མན་ཆད་པུས་མོ་ཡན་ཆད་ཀྱི་བར་དུ་རྣམ་པ་དང་ཉུག་པ་བདག་གི ་བྱེད་ན་དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཆགས་པར་གྱུར་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག་གཞོགས་སྟེགས་དང་། འཕྱ ་གཡེང་དང་། ཅབ་ཧྲལ་དང་། ཡུལ་ཕྱོགས་དང་། བརྡ་དང་། མཚན་མ་དང་། སྐྱེས་པ་འོང་བ་དང་འགྲེ་བ་བདག་གིར་བྱེད་པ་དང་། གང་དུ་སྐྱེས་པས་བུད་མེད་བགྲེང་དུ་རུང་བ་དེ་ལྟ་བུ ་ཕྱོགསུ་ལུས་བཀན་པ་གཞི་བརྒྱད་པོའི་གནས་འདི་ལྟ་བུ་དགེ་སློང་མས་བྱས་ན་དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་དགེ་སློང་མ ་ཞིག་ལ་ཕམ་པར་འགྱུར་བ་བྱུང་བར་ཤེས་བཞིན་དུ་འཆབ་པར་བྱེད་ཅིང་གང་གི་ཚེ་དེ་ཉམས་སམ། ཤི་འམ། འཁྱམས་སམ། ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲེས་པར་གྱུར་པ་དེ ་ཚེ་འདི་སྐད་ཅེས། འཕགས་མ་དག་བདག་གིས་དགེ་སློང་མ་དེ་ལ་ཇི་ལྟར་ཕམ་པར་གྱུར་པ་བྱུང་བར་སྔ་ནས་ཤ་སཽ་ཞེས་ཟེར་ན། དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར ་མི་བྱའོ།། ཡང་དགེ་སློང་མ་གང་དགེ་སློང་གི་དགེ་འདུན་འཐུན་པས་དགེ་སློང་གང་ལ་གནས་ནས་དབྱུང་བའི་ལས་བྱས་ཏེ་དགེ་སློང་མའི་དགེ་འདུན་འཐུན་པས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ ་བྱིན། སྐྲ་འགྲེང་བར་གྱུར། སྐྲ་འཕྱང་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་བསྐྱོད། མཚུངས་པ་ཉེ་བར་སྟེན་ལ། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ ་བར་ཤེས་བཞིན་དུ་དེ་ལ་འདི་སྐད་ཅེས། འཕགས་པ་ཁྱོད་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག། མཚུངས ་པ་ཉེ་བར་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར་གསོལ་བར་མ་བྱེད་ཅིག། བདག་གིས་འཕགས་པ་ཁྱོ་རད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། བོར་བུ་དང་། ་སྐ་རགས་དང་། ཀླག་པ་དང་། ཁ་ཏོན་བྱ་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། འཕགས་པ་ལ་ཅི་དང་ཅི་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་ཟེར་ན་དགེ ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱོད་དགེ་སློང་གི་དགེ་འདུན་འཐུན་པས་དགེ་སློང་གང་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད། དགེ་སློང་མའི་དགེ་འདུན ་འཐུན་པས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པ། སྐྲ་འགྲེང་བར་འགྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་བསྐྱོད། མཚུངས་པ ་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར་གསོལ་བར་ཤེས་བཞིན་དུ་དེ་ལ་འདི་སྐད་ཅེས་འཕགས་པ་ཁྱོད་སྐྲ་འགྲེང་བར་གྱུར་སྒྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་བསྐྱོད་ཅིག། མཚུངས་པ་ཉེ་བར་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། བདག་གིས་འཕགས་པ ་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། བོར་བུ་དང་། སྐ་རགས་དང་། ཀླག་པ་དང་། ཁ་ཏོན་བྱ་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། འཕགས་པ་ལ་ཅི་དང་ཅིས་བྲེལ་བ ་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་དེ་སྐད་མ་ཟེར་ཅིག། འཕགས་མ་ཁྱོད་གནས་ནས་དབྱུང་བའི་རྗེསུ་ཕྱོགས་པའི་གཞི་འདི་ལྟ་བུ་ཐོང་ཤིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་ལ ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བསྒོ་བ་ན་གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པ ་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉི་ས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ ་མི་གཏོང་ན་དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། འཕགས་མ་དག་བདག་གིས་ཕོམ་པར་འགྱུར་བའི་ཆོས་བརྒྱད་པོ་དག་བསྟན་ཟིན་ཏོ།། དགེ་སློང་མས ་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན་ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་ཕམ་པར་འགྱུར་བ་ཡིན་ཏེ། དགེ་སློང་མ་རྣམས་དང་ལྷན་ཅིག་གནས་པ་དང་། ལོངས་སྤྱད་དུ་མི ་དབང་གིས་གནས་པར་མི་བྱའོ།། དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲི ་འདི་ལ་འཕགས་མ་དག་ཡོངསུ་དག་ན་འདི་ལྟར་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། སྡོམ་ལ། སྨན་བྱེད་པ་དང་གཞི་མེད་དང་།། གསུམ་པ་བག་ཙམ་ཆ་ལས་ལེན།། བདེ་བ་ཅི་ཡང་རུང་བར་། ་ལྔ་པ་ཆགས་པ་མེད་པ་སྟེ།། མཚན་མེ་ཉིད་མོ་ལམ་འགྲོ་དང་།། ནུ་ཀླང་ཕ་རོལ་ཡིད་འབྲུ་རོ།། འཕགས་མ་དག་དགེ་འདུན་ལྷག་པའི་ཆོས་ཉི་ཤུ་པོ་འདི་དག་ནི་ཟླ་བ་བྱེད་བྱེད་ཅིང་སོ་སོར་ཐར ་ངའི་མདོ་གདོན་པ་ལས་འབྱུང་།། ཡང་དགེ་སློང་མ་གང་བུད་མེད་ལ་སྐྱེས་པའི་ཚིག་དང་། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ་མཛའ་ན་མོ་ཉིད་སྨན་བྱེད་ན་ཐ་ན་ཐང་འགའ་ཕྲད་པ ་ལ་ཡང་རུང་སྟེ། ཆོས་འདི་ནི་དང་པོར་ལྟུང་བར་འགྱུར་བ་འཐུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་རས་ཅི་རས་ཀྱང་འདི་ཚངས ་པར་སྤྱད་པ་དང་བྲལ་སྙམ་ནས་དགེ་སློང་མ་དག་ལྟུང་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུ་མ་དྲིས་ཀྱང་རུང ་རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ་དགེ་སློང་མི་ཡང་ཞེ་སྡང་ལ་གནས་ཤིང་ཞེ་སྡང་གིས་སྨྲསོ་ཞེ་ན་ཆེས་འདི་ཡང་དང་པོར་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག ་རའོ།། ཡང་དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དཔྲལོ་སྙམ་ནས་དགེ་སློང་ལ་དག་པ་ལྟུང་བ་མེད་པ་ལས་གཞན་གྱིས་མ་ཡིན་པ ་དང་འཐུན་པ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་རྩོད་པ་དེ་ཡང་གཞན་གྱི་མ་མ་ཡིན་པ་དང་འཐུན་པས་བག་ཙམ་ལས ་།། བསམས་པ་ཙམ་གྱིས་བླངས་པར་གྱུར་ལ། དགེ་སློང་མ་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་ཞེ་ན། ཆེས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་@ ་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་ཆགས་པར་གྱུར་ལ་སྐྱེས་པ་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱེད་ན་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང ་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་དགེ་སློང་མ་ཞིག་ལ་འདི་སྐད་ཅེས་ཀྱི་ཁོད་ཆགས་པར་མ་གྱུར་ན་ཆགས་པ་མེད་པས་སྐྱེས་པ་ཆགས་པར་གྱུར་པ་ལས ་ཡང་རུང་བ་བདག་གིར་བྱར་རུང་ངོ་ཞེས་ཟེར་ན། ཆོས་འདི་ཡང་དང་པོ་ས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་གཅིག་པུ་མཚན་མ ་དབྱར་ཁང་ནས་འབྲལ་བར་བྱེད་ན། ཆོས་འདི་ཡང་དང་པོས་ལྟུང་བིར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུ་ན་ལྷག་མའོ།། ཡང་དགེ་སློང་མ་གང་གཅིག་པུ་ཉིན་པ ་དབར་ཁང་ནས་འབྲལ་བར་བྱེད་ན་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་གཅིག་པུ་ལམ་དུ་ཞུགས་ཤིང ་འགྲོ་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་གཅིག་པུ་ཆུ་ཀླུང་གི་ཕ་རོལ་ཏུ་རྒལ་ན་ཆོས་འདི་ཡང་དང་བས ་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་བུད་མེད་གང་ཞིག་ཚེགས་པ་ཡིད་འཐུན་པ་བདག་པོས་ཡོངསུ་གཏང་བ་རྒྱལ་པོས་རྗེས ་གནང་བར་ཤེས་བཞིན་དུ་རབ་ཏུ་འབྱིན་ན། ཆོས་འདི་ཡང་དང་པོས་ལྡང་བར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། སྡོམ་ལ། ཤི་བའི་ནོར་རྫས་ལེན་པ་དང་།། དགེ་སློང ་ལ་བཟོད་བྱེད་དང་།། སྤོས་དང་འཐབ་ཀྲོལ་བྱེད་པ་དང་།། སྟེན་དང་སྟེན་དུ་འཇུག་པ་དང་།། དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས།། སུན་འབྱིན་བཀའ་བློ་མི་བདེ་བའོ།། ཡང་དགེ་སློང་མ་གང་ཤི ་བའི་ནོར་རྫས་ཆགས་རྒྱ་དད་ན་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་དགེ་སློང་མ་ཞིག་ལ་དགེ་སློང་མའི་དགེ ་འདུན་འཐུན་པས་གནས་ནས་དབྱུང་བའི་ལས་བྱས་པར་ཤེས་བཞིན་དུ་དེ་མཚམས་ཀྱི་ཕྱི་རོལ་དུ་ཁྲིད་བཟོད་པ་གསོལ་དུ་བཅུག་ན་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང ་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་འདི་སྐད་ཅེས་སངས་རྒྱས་གཏོང་།། ཆོས་གཏོང་ངོ ་དགེ་འདུན་གཏོངངོ་།། ཤཱཀྱའི་བུ་དགེ་སློང་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་མ་ཡིན་གྱི། དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ ་ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་གཞན་དག་ཀྱང་ཡོད་ཀྱིས་དེ་དག་ལས་ཚངས་པས་སྤྱོད་པ་སྤྱོད་ཞེས་ཟེར་ན་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱེ ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་འདི་སྐད་ཅེས་སངས་རྒྱས་གཏོང་།། ཆོས་གཏོང་།། དགེ་འདུན་གཏོངངོ་།། ཤཱཀྱའི་བུའི་དགེ་སློང་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན ་ལྡན་པ།། ངེས་པ། དགེ་བའི་ཆོས་ཅན་མ་ཡིན་གྱི། དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ངེས་པ། དགེ་བའི་ཆོས་ཅན་གནན་དག་ཀྱང་ཡིད་ཀྱིས་དེ ་ལས་ཚངས་པར་སྤང་པ་སྤོད་དོ་ཞེས་མ་ཟེར་ཅིག། འཕགས་མ་ཁྱེད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐེང་ཤིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒྲེ་བར་བ། ཡང་དག་པར་བསྟན་པར ་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གལ་ཏེ་གཞི་དེ་གཏེང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆེས་འདི་ནི་ལན་གསུམ་གྱི་བར་གྱིས་ལྟུང་བ ་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། ཡང་དགེ་སློང་མ་གང་འཐབ་ཀྲོལ་བྱེད་ཅིང་གནས་པ་ལ་དགེ་སློང་མ་རྣམས་ཀྱིས་པུ་ནུ་མེ་ཁྱོད་འཐབ་ཀྲོལ་མོ ་ག་མཚང་ལ་འདྲ་ཤིག། མ་རྩོད་ཅིག། མ་འགྱེད་ཅིག་ཅེས་དེ་སྐད་བསྒོ་སྟེ་དེ་ལྟར་བཟློག་ན་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས ་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་དགེ་སློང་མ་འཐབ་ཀྲོལ་བྱེད་པ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེ་དོ་ཞེས་ཟེར་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས ་ཀྱིས་འདི་སྐད་པུ་ན་མོ་ཁྱེད་དགེ་སློང་མ་རྣམས་ཀྱི་འཐབ་ཀྲོལ་མ་བྱེད་ཅིག། འཚང་མ་འདྲུ་ཤིག། མ་རྩོད་ཅིག། མ་འགྱེད་ཅིག་ཅེས་དེ་སྐད་ཅེས་བསྒྲེ་སྟེ་དེ་ལྟར་བཟློག་པ་ན། འདི་སྐད་ཅེས ་འདིར་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་དགེ་སློང་འཐབ་ཀྲོལ་བྱེད་པ་ཁ་ཅིག་ནི་སྐྲོང ་པར་བྱེད་ལ་ཁ་ཅིག་ནི་སྐྲོད་པར་མི་བྱེད་ཞེས་མ་ཟེར་ཅིག། ཕུ་ནུ་མོ་ཁྱོད་འདུན་པས་འགྲོ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒྲེ་བར་བྱ་སྟེ། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལགས། གལ་ཏེ་མི ་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལ་ན་གསུམ་དུ་འདི་ཡང་དག་པར་བསྒོ་བར་བྱའོ།། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག ་པར་བསྒོ། ཡང་དག་པར་བསྟན་པ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོ་ས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་ལའོ།། ཡང་དགེ་སློང་མ་གང་བུད་མེད་དང་གཞོག་སྟེགས་དང་། འཕྱར་གཡང་དང་། ཙབ་ཧྲལ་གྱི་རྒྱུར་གྱུར་པ་དག་གིས་སྡེ་ཞིང་གནས ་པར་བྱེད་ལ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་པུ་ནུ་མོ་ཁྱོད་བུད་མེད་དང་སྡེ་ཞིང་གནས་པར་མ་བྱེད་ཅིག་སྡེ་ཞིང་གནས་ནས་གཞོགས་སྟེགས་དང་། འབར་གཡེང་དང་། ་ཙབ་ཧྲ་ལ་དག་མ་བྱེད་ཅིག། དགེ་སློང་མ་ཁྱེད་ཐ་དད་དུ་གྱིས་ཤིག། ཁྱེད་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་ཤེས་པར་བྱའི།། འགྲིབ་པར་ནི་མ་ཡི་ཞེས་བཅཝ ་བར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒྲེ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར ་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒྲེ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒྲེ། ཡང་དག་པར་བསྟན་པ་ན། གལ་ཏེ་ག་ནི་དེ ་གཏེང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆེས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང ་དགེ་གླེསློང་མའི་དགེ་འདུན་འཐུན་པས་དགེ་སློང་མ་གང་དག་ཐ་དད་དུ་གནས་པར་བསྒྲེ་བ་སྡེ་ཞིང་གནས་པ་དེ་བསྟང་སྟེ་ཐ་དད་དུ་གནས་པར་ཤེས་བཞིན་དུ་ང་གཉིས་ཀྱི་གན་དུ་སེ ་སྟེ། འདི་སྐད་ཅེས་པུ་ནུ་མེ་ཁྱེད་ཐ་དད་དུ་གནས་པར་མ་བེ་ཅིག་ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འབྲི་བ་ཉི་དུ་ཤེས་པར་བའི་འཕེལ་བར་ནི་མ་ཡིན།། ཁྱེད ་གཉིས་སྡེ་ཞིང་གནས་པར་གྱིས་ཤིག། ཁྱེད་གཉིས་སྡེ་ཞིང་གནས་ནས་དགེ་བའི་ཆེས་འཕེལ་བ་ཉི་དུ་ཤེས་པར་བྱའི་འབྲི་བར་ནི་མ་ཡིན་ཞེས་ཟེར་ན་དགེ་སློང་མ་དེ་ལ་དགེ་སློང་མ ་རྣམས་ཀྱིས་འདི་སྐད་ཅེས་པུ་ནུ་མོ་ཁྱོད་དགེ་སློང་མ་གང་དག་སྡེ་ཞིང་གནས་ནས་གཞོགས་སྟེགས་དང་། འབར་གཡེང་དང་། ཙབ་ཧྲལ་བྱེད་པ་ལས་དེ་གཉིས་ཐ་དད་དུ་གནས་པར་བྱ། ་ཤེས་བཞིན་དུ་འདི་སྐད་ཅེས་པུ་རུ་མོ་ཁྱོད་གཉིས་ཐ་དད་དུ་གནས་པར་མ་བྱེད་ཅིག། ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་བའི་ཆེས་རྣམས་འབྲི་བ་ཉིད་ཤེས་པར་བྱའི་འཕེལ་བར་ནི་མ་ཡིན ་ཁྱེད་གཉིས་སྡེ་ཞིང་གནས་པར་གྱིས་ཤིག། ཁྱེད་གཉིས་སྡེ་ཞིང་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི་འབྲི་བར་ནི་མ་ཡིན་ཞེས་མ་ཟེར་ཅིག། པུ་ནུ་མ་ཁུང་སྡིག་པ་ཅན ་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གའིཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན ་གཞི་དེ་གཏོང་བར་བྱ་བའི་པིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒྲེ་བར་བ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར ་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང ་དགེ་སློང་མ་གང་དགེ་འདུན་འཐུན་པ་དབྱེ་བའི་ཕྱིར་རྡུལ་བར་བྱེད་ཅིང་དབ་བྱེད་པར་འགྱུར་བའི་རྩོད་པ་ཡང་དགེ་བར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་ན་དགེ་སློང་མ་དེ་ལ ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱོད་དགེ་འདུན་འཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག། དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ ་ཏུ་བཟུང་སྟེ་མ་འདུག་ཤིག། དགེ་འདུན་འཐུན་པར་གྱིས་ཤིག། དགེ་འདུན་འཐུན་མི་བྱེད། ཀུན་ཏུ་དགའ་མི་རྗོད། མཆོག་གཅིག་འདོན་པ་གཅིག། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུ ་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་གནས་པར་འགྱུར་གྱིས་འཕགས་མི་ཁྱེད་དགེ་འདུན་འབྱེད་པའི་གནི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་ལ ་།། དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང ་དག་པར་བསྒྲེ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ར་གནི་དེ་གཏེང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས ་འདི་ཡང་ལན་གསུམ་གྱིས་ལྡང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། དགེ་སློང་མ་དེའི་གྲོགས་བྱེད་པའི་དགེ་སློང་མ་མི་མཐུན་པར་སྨྲ་བ་ཉིད་ཀྱིས་རྗེསུ་ཕྱོགས་པ ་གཅིག་གམ་གཉིས་སམ་མིང་པོ་དག་ཡོད་ཅིང་།། གལ་ཏེ་དེ་དག་དགེ་སློང་མ་རྣམས་ལ་འདི་སྐད་ཅེས། འཕགས་མ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་། དགེ་སློང་མ་འདིས ་ཅི་ཡང་མ་སྨྲ་ཤིག། དེ་ཅིའི་ཕྱིར་ཞེ་ན། འཕགས་མ་དག་དགེ་སློང་མ་འདི་ནི་ཆེས་སླ་བ། འདུལ་བ་སྨྲ་བ། དགེ་སློང་ང་མ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ ་བཟུང་སྟེ་རྗེསུ་བ་སྙད་འདོགས་པར་བྱེད་པ། དགེ་སློང་མ་འདི་ནི་ཤེས་བཞིན་དུ་སླའི། མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང ་འདོད་ཅིང་བཟོད་ཞེས་ཟེར་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་མ་འདི་ལ་ཅི་ཡང་མ་སྨྲ་ཤིག། ་དེ་ཅིའི་ཕྱིར་ཞེ་ན། འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་མ་འདི་ནི་ཆོས་དང་འདུལ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེསུ་ཐ་སྙད་འདོགས་པར་བྱེད ་པ་དགེ་སློང་མ་འདི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་ནི་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མ་འདི་གང་འདོད་ཅིང་བཟེད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ།། ཞེས་མ་ཟེར་ཅིག། དེ་ཅིའི་ཕྱིར ་ན་འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྫ་སུ་ཐ་སྙད་འདོག་པར་བྱེད་པ། དགེ་སློང་མ་འདི་ནི་མི་ཤེས ་བཞིན་དུ་སྨྲའི་ཤེས་པར་སྨྲ་བ་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་འཕགས་མ་དག་བཟོད་པར་མ་བྱེད་ཅིག། འཕགས་མ་དག་ཁྱེད་དགེ་འདུན་འབྱེད ་འདོད་པར་མ་བྱེད་པར་འཕགས་མ་དག་དགེ་འདུན་འཐུན་པ་དག་ཉིད་དུ་འདོད་པར་གྱིས་ཤིག། འཕགས་མ་དག་དགེ་འདུན་འཐུན་པར་གྱིས་ཤིག། དགེ་འདུན་འཐུན་མི་བྱེད། ཀུན་ཏུ་དགའ་མི་རྩོད ་མཆོག་གཅིག་འདོན་པ་གཅིག། ཆུ་དང་འོ་མ་འདྲེས་པ་ལྟ་བུ་གྱུར་ལ། སྟེན་པའི་བསྟན་པ་གསལ་བར་བྱེད་ན་བ་དེ་བ་ལ་རེག་པར་གནས་པར་འགྱུར་གྱིས། འཕགས་མ་དག ་དགེ་འདུན་འབྱེད་པའི་རྗེ་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འོད་ཐོང་ཤིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་ན་གལ་ཏེ་གཞི་དེ་གཏོང་ན ་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང ་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆེས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ ་།། འདུན་ལྷག་མའོ།། དགེ་སློང་མ་རབ་ཏུ་མང་པོ་དག་གྲང་ངས་གྲོང་རྡལ་ཞིག་ན་ཉེ་བར་རྟེན་ཅིང་གནས་པར་གྱུར་ལ་དེ་དག་ཅང་ཁྱིམ་སུན་འབྱིན་པ་སྡིན་པའིས ་ཀུན་ཏུ་སྤྱོད་པར་གྱུར་ཅིང་དེ་དག་གིས་ཁྱིམ་དག་སུན་འབྱིན་པར་མཐོང་ངམ་ཐོས་སམ་རབ་ཏུ་ཤེས་སམ། དེ་དག་སྡིག་པ་ཀུན་ཏུ་སྤྱོད་པར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ན། དགེ ་སློང་མ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་དག་ཁྱེད་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བར ་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཀྱིས། འཕགྲས་མ་དག་ཁྱེད་འདི་ན་གནས་པས་ཆོག་གིས་གནས་འདི་ནས ་ཀྱང་དེང་ཤིག་ཅེས་བསྒོ་བར་བྱའོ།། གལ་ཏེ་དེ་དག་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་འཕགས་མ་དག་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ ་གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེདདོ་ཞེས་ཟེར་ན་དགེ ་སློང་མ་དེ་དག་ལ་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱེད་དེ་སྐད་ཅེས་འཕགས་མ་དག་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང ་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལ་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་མི་བྱེདདོ་ཞེས་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། ་དགེ་སློང་མ་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན།། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་འཕགས་མ་དག་ཉིད་ཁྱིམ ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བ་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ ་ཤེས་པའི་ཕྱིར་ཏེ། འཕགས་མ་དགེ་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལགས། གལ་ཏེ་མི་གཏོང་ན་གཞི་དེ ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡ་ང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱ། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར ་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་ག་ཏང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པས་དགེ་འདུན་ལྷག་མའོ།། འདི་ན ་དགེ་སློང་མ་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ། དེ་ལ་དགེ་སློང་མ་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་བདེ་བར་གཤེགས་པའི་མདོ ་གཏོགས་པ་རྣམས་ཀྱིས་ཆོས་དང་འཐུན་པ་དང་འདུལ་བ་དང་འཐུན་པར་སྨྲ་བ་ན། འཕགས་མ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཅིག། བདག་ཀྱང་དགེ་ཡང ་རུང་སྡིག་ཀྱང་རུང་འཕགས་མ་དག་ལ་ཅི་ཡང་མི་སྨྲའོ།། འཕགས་མ་དག་གིས་བདག་ལ་མིག་གི་ལམ་ཐོང་ཤིག། ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ནས་བདག་ཉིད ་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁོད་དགེ་སློང་མ་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། ་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་འཐུན་པ་དང་འདུལ་བ་དང་འཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་འཕགས་མས ་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག། དགེ་སློང་མ་རྣམས་ཀྱིས་འཕགས་མ་ལ་ཆོས་དང་འཐུན་པ་དང་། འདུལ་དང་འཐུན་པར་སྨྲས་པ་ན་འཕགས་མ་ཡང་དགེ་སློང་མ་རྣམས་ལ་ཆོས ་དང་འཐུན་པ་དང་། འདུལ་བ་དང་འཐུན་པར་སྨྲོས་ཤིག། འདི་ལྟ་སྟེ། ཅིག་ལ་ཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། ཅིག་ལ་ཅིག་འདོམས་ཤིང་རྗེསུ་སྟོན་པ་དང་། ཅིག་ལ ་ཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས ་འཕགས་མ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད ་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མཽ་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན ་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར ་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། འཕགས་མ་དག་བདག་གིས་དགེ་འདུན་ལྷག་མའི་ཆོས་ཉི་ཤུ་པོ་དག་བཏོན་ཟིན་ཏོ།། དེ་དག་ལས་བཅུ་གཉིས་ནི་ལྟུང་བ་དང ་ཉིད་ཀྱིསོ།། བརྒྱད་ནི་ལན་གསུམ་གྱི་བར་གྱིསོ།། དགེ་སློང་མས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ་ཇི་སྲིད་ཤེས་བཞིན་དུ་འཆབ་པར་བྱེད་པ་དེ་སྲིད་དེ་མི་འདོད་བཞིན ་སྤོ་བ་བའོ།། དགེ་སློང་མས་མི་འདོད་བཞིན་དུ་སྤོ་བ་བྱས་ནས་དེའི་འོག་ཏུ་ཟླ་བ་ཕྱེད་ཀྱི་བར་དུ་གཉི་གའི་དགེ་འདུན་མགུ་བར་བྱ་བ་སྤང་བར་བྱའོ།། དགེ་སློང་མས་མགུ་བར་བྱ་བ ་སྤྲད་ནས་དབྱུང་བ་ལ་ཐོགས་ཏེ། ཆོས་དང་འཐུན་པར་བྱས་ལ་གཉི་གའི་སེམས་མགུ་བར་བྱས་ནས་གང་ན་གཉི་གའི་དགེ་འདུན་བཞི་བཅུའི་ཚོགས་ཡོད་པ་དེར་དག ་སློང་མ་དབྱུང་བར་བྱའོ།། གཉི་གའི་དགེ་འདུན་བཞི་བཅུར་གཅིག་གིས་མ་ཚང་བའི་ཚོགས་ཀྱིས་དགེ་སློང་མ་དེ་འབྱིན་པར་བྱེད་ན་དགེ་སློང་མ་དེ་ཡིད་མ་བྱིན་ལ། གཉི་གའི་དགེ་འདུན་པ ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ། དེ་ལ་དེ་ནི་ཚིག་ཡི་ནོ།། དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་དྲི་བར་བྱའོ།། ཅི་འདི་ལ་ཁང་ཡོངསུ་དག་གམ་ཞེས ་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་འཕགས་མ་དག་ཡོངསུ་དག་ན་འདི་ལྟར་ཅང་མི་སྨྲ་བས་ངོ་དེ་བཞིན་དུ་འཛིན་ཏོ།། སྡོམ་ལ། འཆུང་བ་འབྲལ་པོ་འཇོག་པ་དང་། འབྲུ ་ནི་ལེན་པ་དང་།། སློང་དང་སྟོང་གཡོགས་སྨང་གཡོགས་བཅས།། རིན་ཐང་སོ་སོར་སྐུར་བའོ།། འཕགས་མ་དག་སྤང་བའི་ལྟུང་བྱེད་ཀྱི་ཆས་སུམ་ཅུ་རྩ་གསུམ་པོ་འདི ་ངག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་།། དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ནས་ཞག་བཅུའི་བར་དུ་གོས་ལྷག་པ་རུང་བ་མ་བྱས་པ་བཅང་བར ་བྱའོ།། དེ་ལས་ལྷག་པར་འཆང་ན་སྤང་བའི་ལྟུང་བྱེདོ།། དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་ལྔ་ལས་གང་ཡང་རུང་བ་དང་མཚམས་ཀྱི ་རོལ་ཏུ་འདྲང་བར་བྱེད་ན་དགེ་འདུན་གྱིས་གནོང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད།། དགེ་སློང་མས་ཆོས་གོས་ཟིན་པ་སྲ་བརྐྱང་ཕྱུང་ནས་དུས་མ་ཡིན་པའི་གོས་ཤིག་རྙེད་ལ་འདོད ་དགེ་སློང་མ་དེས་གོས་བླང་བར་བྱའོ།། བླངས་ནས་གལ་ཏེ་ལང་ས་ན་མྱུར་བ་ཁོ་ནར་གོས་བྱས་ཏེ་བཅང་བར་བྱའོ།། གལ་ཏེ་མི་ལངས་ན་ཁ་མ་ལངས་པ་ཁ་སྐོང་བའི་གོས ་ལ་ར་བ་ཡོད་ན་དགེ་སློང་མ་ངས་གོས་དེ་ཟླ་བ་གཅིག་གི་མཐར་བཞག་པར་བྱའོ།། དེ་ལས་འདས་པར་འཇོག་ན་སྤང་བའི་ལྟུང་བྱེདདོ།། ཡང་དགེ་སློང་མ་གང་དགེ་སློང་ཉེ་དུ་མ་ཡིན་པའི ་གོས་རྙིང་པ་འཁྲུ་འམ། འཚེད་དམ། འཆགས་ན་སྤང་བའི་ལྟུང་བྱེདདོ།། ཡང་དགེ་སློང་མ་གང་དགེ་སློང་ཉེ་དུ་མ་ཡིན་པ་ལས་གོས་ལེན་ན་བརྗེ་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད། ་ཡང་དགེ་སློང་མ་གང་ཁྱིམ་བདག་གམ་ཁྱིམ་བདག་གི་རླུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་གོས་སློང་ན་དུས་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད།། དེ་ལ་དུས་ནི་འདི་ཡིན་ཏེ། གེ ་རླུང་མགས་ཐོགས་སམ། གོས་བངས་གས། གམ་ཚིག་སམ། གས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་ན་ནི་དུས་ཡིན། དགེ་སློང་མ་གོས་གྲགས་སམ། མས་ཚིག་གས། གས་རྒྱུ ་གིས་ཁྱེར་རམ། ཆོས་གོས་ཆུས་ཁྱེར་ན། ཁྱིམ་བདག་གམ་ཁྱིམ་བདག་གིས་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སེང་ལ་བླང་བར་བྱའོ།། གལ་ཏེ་དེ་ལ་བྲམ་ཟེ་འམ། ཁྱིམ་བདག་དང་པོ ་ཅན་ཞིག་གོས་མང་པོ་སྟོབས་ལ་འདོད་ན་དགེ་སློང་མ་དེས་དེ་ལས་གོས་སྟོད་གཡོག་དང་སྨད་གཡོགས་བཅས་པའི་མཐར་ཐུགས་པ་བླང་བར་བྱའོ།། དེ་ལས་ལྷགས་པར་ལེན ་ན་སྤང་བའི་ལྟུང་བ།། དགེ་སློང་མའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་འདི་དག་སྤགས་ནས་བདག་གི་གོས་ཀྱི་རིན་འདི་དག་གིས་གོས ་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་པ་དང་། དེ་ལ་གོས་རུང་བ་དུསུ་བསྐོན་ནོ། སྙམ་པ་ལས་དེ་ནས་གལ་ཏེ་དགེ་སློང་མ་དེ་ལས་སྔར་མ ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ནས་འདི་སྐད་ཅེས། ཚེ་དང་ལྡན་པས ་བདག་གིས་ཕྱིར། གོས་ཀྱི་རིན་དག་སྤགས་པའི་གོས་ཀྱི་རིན་དེ་དག་གིས་ཚེ་དང་ལྡན་པ་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་བདག་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་སྨྲས ་ཏེ་གོས་གྲུབ་ནི་སྤང་བའི་ལྟུང་བྱེདདོ།། དགེ་སློང་མའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་སོ་སོ་དག་སྤགས་ནས་བདག་ཅག་གཉིས་ཀྱིས ་། གིས་ཀྱི་ན་མོ་གདི་ཀྱི་ད་ལྟ་བུ་སོ་སོ་བ་འདི་དག་ཉོས་ལ་དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་པ་དང་། བདག་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་གེས་རུང་བ་དུསུ་བསྙེན་མ་སྙམ་པ ་ལས་དེ་ལ་གལ་ཏེ་དགེ་སློང་མ་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་འགའ་ཞིང་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་ལ་ཡིན་པའི་གན ་དུ་སོང་ནས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བདག་གི་ཕྱིར་གོས་ཀྱི་རིན་སོ་སོ་བ་གང་དག་སྤགས་པའི་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་ཚེ་དང་ལྡན་པ་དག་གིས་འདི་དང་འདི་ལྟ ་བུ་སོ་སོ་བ་དག་ཉོས་ལ། གཉི་ག་འདུས་ཏེ་བདག་ལ་གོས་རུང་བ་ཅིག་དུསུ་སྐོན་ཅིག་ཅེས་སྨྲས་ཏེ་གོས་གྲུབ་ན་སྤང་བའི་ལྟུང་བྱེདོ།། དགེ་སློང་མའི་ཕྱིར་རྒྱལ་པོ་འམ། བློན་པོ་ཆེན ་འམ། བྲམ་ཟེ་འམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མི་འ་མ། ཡུལ་གྱི་མི་འམ། ནོར་ཅན་ནམ། ཚོང་དཔོ། ནམ། དེད་དཔོརན་གྱིས་པོ་ཉའི་ལག་ཏུ་གོས་ཀྱི་རི་རང ་བསྐུར་བར་གྱུར་ལ། དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་དགེ་སློང་མ་ག་ལ་བ་དེར་སོང་སྟེ། དགེ་སློང་མ་དེ་ལ་འདི་སྐད་ཅེས་འཕགས་མ་མཁྱེན་པར་མཛོད་ཅིག། ཁྱོད་ལ ་རྒྱལ་པོ་འམ། བློན་པོ་ཆེན་པོ་འམ། བྲམ་ཟེ་འམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མི་འམ། ཡུལ་གྱི་མི་འམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ཆེ་གེ་མོས་གོས་ཀྱི་རིན ་འདི་དག་བསྐུར་གྱིས་འཕགས་མ་ཐུགས་བརྩེ་བའི་སླད་དེ་དག་བཞེས་ཤིག་ཅེས་ཟེར་ན། དགེ་སློང་མ་དེས་པོ་ཉ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་པོ་ཉ་དགེ་སློང་མ་དག་ནི་གོས ་ཀྱི་རིན་དག་ལེན་དུ་མི་རུང་སྟེ། བདག་ཅག་གོས་རུང་བ་དུསུ་རྙེད་ན་ལེན་ཏོ་ཞེས་བརྗོད་པར་བྱའོ།། གལ་ཏེ་པོ་ཉ་དེ་དགེ་སློང་མ་དེ་ལ་འདི་སྐད་ཅེས་འཕགས་མ་རྣམས་ཀྱི་ཞལ་ཏ་བགྱིད ་པ་འཕགས་མ་རྣམས་ཀྱི་ཞལ་ཏ་ཉམསུ་ལེན་པ་གང་ལགས་པ་འགའ་མཆིས་སམ་ཞེས་ཟེར་ན། དགེ་སློང་མ་གོས་འདོད་པས་ཕོ་ཉ་འདི་ནི་དགེ་སློང་མ་རྣམས་ཀྱི་ཞལ་ཏ་བྱེད་པ ་སྟེ་འདི་ནི་དགེ་སློང་མ་རྣམས་ཀྱི་ཞལ་ཏ་ཉམ་སུ་ལེན་པའོ་ཞེས་ཀུན་དགའ་ར་བ་འམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ།། དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དག་ཁྱེར་ནས་ཞལ ་བྱེད་པ་ག་ལ་བ་དེར་འགྲོ་བར་བྱ་ཞིང་བྱིན་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱི་ས་ཤིག། ཁྱེད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་འདི ་དང་འདི་ལྟ་བུ་ཞིག་ཉོས་ལ་དགེ་སློང་མ་མིང་འདི་ཞེས་བྱ་བའོ། ས་པ་དང་དེ་ལ་གོས་རུང་བ་དུས་སྐོན་ཅིག་ཅེས་པ་རྗོད་པར་བྱའོ།། དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ ་ཤིན་ཏུ་ལགས་པར་ཡང་དག་པར་བསྒོ་ཞིང་ཡང་དག་པར་བསྟན་ནས། དགེ་སློང་མ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་དགེ་སློང་མ་དེ་ལ་འདི་སྐད་ཅེས། འཕགས་མས་ཞལ ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས་དེའི་གན་དུ་བཞུད་ཅིག་དང་། དེས་ཁྱོད་ལ་གོས་རུང་བ་དུས་སྐོན་པར་འགྱུ་རོ་ཞེས ་བརྗོད་པར་བྱའོ།། དགེ་སློང་མ་གོས་འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་ལ་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད།། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག ་། གེས་འདོད་དོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ། དྲན་པར་བྱའོ།། ལར་གཉིས་ལར་གསུམ་དུ་བསྐུལ་ཞིང་དྲན་པར་བྱས་པ་ན་གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན ་ལེགས། གལ་ཏེ་མ་གྲུབ་ན་ལན་བཞི་ལན་ལྔ་ལར་དྲུག་གི་བར་དུ་ཕྱོགསུ་ཅང་མི་སྨྲ་བར་བསྡད་པར་བྱའོ།། ལན་བ་ནི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགསུ་ཅང་མི་སྨྲ་བར་བསྡད་པ་རགལ ་ཏ་གེས་གྲུབ་ན་དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་ན་དེ་ནི་དེའི་འོག་ཏུ་གོས་བསྒྲུབ་པའི་ཕྱིར། རྩལ་ཏེ་གོས་གྲུབ་ན་སྤང་བའི་ལྟུང་བྱེད།། གལ་ཏེ་མ་གྲུབ་ན་ཕྱོགས་གང་ན་གོས་ཀྱི་རིན ་དེ་དག་འོངས་པ་དེར་བདག་འགྲོ་བར་བྱའོ།། ཡང་ན་ཡིད་བརྟན་པའི་ཕོ་ཉ་ལས་ཚེ་དང་ལྡན་པ་དག་གིས་དགེ་སློང་མ་ཆེ་གེ་མོའི་ཕྱིར་གོས་ཀྱི་རིན་བསྐུར་བ་དེ་དག་ནི་དགེ་སློང་མ་དེ ་དོན་ཅི་ཡང་མ་གྲུབ་ཀྱི་ཤེས་པར་གྱིས་ཤིག། ཚེ་དང་ལྔ་ན་པ་དག་གིས་རང་གི་ནོར་ནུད་མ་གསན་ཅིག་ཅེས་སྤྲིང་བར་བྱ་སྟེ། དེ་ལ་དེ་ནི་ཆེ་ག་ཡི་ནོ།། སྡོམ་ལ། གསེར་དངུལ ་མངོན་ཚན་ཉོ་ཚོང་དང་།། རོང་དང་འཐག་པ་སྐྱེད་པ་དང་།། བྱིར་ཕྲོགས་བསྔོས་དང་བསོག་འཇོག་དང་།། འཆང་དང་བྱིན་གྱིས་མི་རློབ་པའོ།། ཡང་དགེ་སློང་མ་གང་རང་གི་ལག་གིས་གསེར་དང ་དངུལ་ལེན་ཏམ་ལེན་དུ་འཇུག་ན་སྤང་བའི་ལྡང་བདོ།། ཡང་དགེ་སློང་མ་གང་མངོན་མཚན་ཅན་གྱི་སྤོང་པ་སྣ་ཚོགས་བྱེད་ན་སྤང་བའི་ལྡང་བྱེདདོ།། ཡང་དགེ་སློང་མ་གང་ཉོ་ཚོང་རྣམ་པ ་སྣ་ཚོགས་བྱེད་ན་སྤང་བའི་ལྗང་བྱེ།། ཡང་དགེ་སློང་མ་གང་ལྷུང་བཟེང་ལྷན་པ་ལྔ་མེད་པ་སྤང་བཟེད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེང་གསར་པ་གཞན་ཚིལ་ཞིང ་གྲུབ་ན་སྤང་བའི་ལྟུང་བྱེ།། ཡང་དགེ་སློང་མ་དེས་ལྷུང་བ་ཟད་དེ་དགེ་སློང་མའི་འཁོར་ལ་དབུལ་བར་བྱའོ།། དགེ་སློང་མ་འཁོར་དེའི་ལྷུང་བཟེད་མཐར་གྱུར་པ་གང་ཡིན་པ་དེ་དགེ་སློང ་མ་དེ་ལ་དགེ་སློང་མི་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་བྱ། བཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆགས་པའི་མཐར་ཐུག་པའི་བར་དུ་ཁད་ཀྱིས་དལ་བུས་ངལ་དུས ་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིནོ།། ཡང་དགེ་སློང་མ་གང་རང་གིས་བླངས་པའི་དོག་པ་ཐ་ག་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་ན་གོས་གྲུབ་ན་སྤང ་བོའི་ལྗང་བྱེད།། དགེ་སློང་མའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་པ་ལས། དེ་ན་གལ་ཏེ་དགེ་སློང་མ་དེ་ལ་སྔར ་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་ན་ཐ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ། འདི་སྐད་ཅེས་མ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག། གོས་འདི་ཁོ་མོའི་ཕྱིར ་འཐག་གིས་ཚེ་དང་ལྡན་པ་ཐ་ག་པ་གོས་འདི་ནང་ཆེ་བ་དང་། ཁྲུན་རིང་བ་དང་། ཐར་གྱིས་ཞག་པ་དང་། ཐག་རན་བཟང་པོ་ལེགས་པར་གྱིས་ཤིག། ཚེ་དང་ལྡན་པ་ཐ་ག་པ་ཁོ་མོས་གླ ་རྔར་འདི་ལྟ་སྟེ། བཟའ་བ་འམ། བཅའ་བ་འམ། བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ཞེས་སྨྲས་ནས། དེ་ལ་གལ་ཏེ་དགེ་སློང་མ་དེས་གོས་སྒྲུབ་པའི་ཕྱིར་གླ་རྔན་འདི་ལྟ་སྟེ། བཅའ་བ་འ ་བཟའ་བ་འམ། བཟའ་རྒྱུ་ཅུང་ཟད་ཅིག་བྱིན་ཞིང་གོས་གྲུབ་ན་སྤང་བའི་ལྡང་བྱེད།། ཡང་དགེ་སློང་མ་གང་དགེ་སློང་མ་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ་ཡི་མ་རངས་ནས་འབྲོག་གམ་འབྲེག་དུ་འཇུག་ཅིང་། དེ་ལ་འདི་སྐད་ཅེས་དགེ་སློང་མ་ཁྱོད་ལ་གོས་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཅེས་ཟེར་ན། དགེ་སློང་མ་དེ་ལ་ལྷག་མ ་ཡོད་ན་དེ་ལ་ཕྱིར་སྦྱིན་པར་བྱ་ཞིང་བཏང་ན་སྤང་བའི་ལྟུང་བྱེདོ།། ཡང་དགེ་སློང་མ་གང་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་ལ་རྒྱུར་དུ་འཇུག་ན་སྤང་བའི་ལྟུང་བྱེད། ་ལྡན་འདས་ཀྱིས་དགེ་སློང་མ་ན་པ་རྣམས་ལ་ཕན་པ་སོ་སོར་བསྟན་པར་བྱ་བའི་སྨན་གང་དག་བཀའ་སྩལ་པ་འདི་ལྟ་སྟེ། ནུན་མར་དང་། འབྲུ་མར་དང་། བུ་རམ་དང་། སྦྲང་རྩི་དང་། ་བུ་རམ་གྱི་དབུ་བ་དེ་དག་ལས་དགེ་སློང་མ་ན་བས་འདོད་ན་རང་གིས་ཞག་བདུན་གྱི་བར་བྱིན་གྱིས་བརླབས་ཏེ་གསོག་འཇོག་གིས་ཡོངསུ་སྤྱད་པས་ཡོངསུ་ལོང་སྤྱོད་པར་བྱའོ།། ་དེ་ལས་འདས་པར་ཡོངསུ་ལོངས་སྤྱོད་པར་བྱེད་ན་སྤང་བའི་ལྟུང་བྱེད།། དགེ་སློང་མས་ལྷུང་བཟེད་ལྷག་པ་ཞག་གཅིག་གི་བར་དུ་བཅང་བར་བྱའོ།། དེ་ལས་འདས་པར ་འཆང་ན་སྤང་བའི་ལྟུང་བྱེད།། ཡང་དགེ་སློང་མ་གང་ཆོས་གོས་བྱིན་གྱིས་བརླབ་དུ་རུང་བ་ཉི་མ་དང་པོ་ལ་འམ་ཟླ་བའི་ཕྱེད་བྱེད་ཅིང་བྱིན་གྱིས་མི་རློབ་ན་སྤང་བའི་ལྟུང་བྱེད།། སྡོམ་ལ ་འབྱིན་དང་མི་འབྱིན་སློང་བ་དང་། གོས་དང་གོས་རྒྱུ་མལ་ཆ་རྒྱུ།། དབྱར་ཁང་རྒྱུ་དང་སྐྱེ་བོ་དང་།། དགེ་འདུན་བཅིངས་བཀྲོལ་ལྕི་ཡང་།། ཡང་དགེ་སློང་མ་གང་དུས་མ་ཡིན་པར་སྲ་བརྐྱང ་འབྱིན་ན་སྤང་བའི་ལྟུང་བྱེད།། ཡང་དགེ་སློང་མ་གང་དུས་སུ་སྲ་བརྐྱང་མིའི་བྱིན་ན་སྤང་བའི་ལྟུང་བྱེད།། ཡང་དགེ་སློང་མ་གང་བདག་གི་ཕྱིར་མངོན་མཚན་སློང་ན་སྤང་བའི་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་དགཞན་གྱི་ཆེད་རྙེད་པའི་གོས་ཟསུ་བྱས་ཏེ་བཟའ་བའི་ཕྱིར་འཛེག་ན་སྤང་བའི་ལྟུང་བྱེ།། ཡང་དགེ་སློང་མ་གང་གོས་ཀྱི་ཆེད་རྙེད་པ་གང་ཡང་རུང་བ་ཟས་བྱས་ཏེ ་བཟའ་བའི་ཕྱིར་འཇོག་ན་སྤང་བའི་ལྟུང་བྱེ་དོ།། ཡང་དགེ་སློང་མ་གང་མལ་ཆའི་ཚེ་དུ་རྙེད་པ་གང་ཡང་རུང་བ་ཟ་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་ན་སྤང་བའི་ལྟུང་བྱེདདོ།། ཡང་དག ་སློང་མ་གང་ད་བར་ཁང་གི་ཆེད་དུ་རྙེད་པ་གང་ཡང་རུང་བ་ཟ་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་ན་སྤང་བའི་ལྟུང་བྱེདདོ།། ཡང་དགེ་སློང་མ་གང་དགེ་སློང་མའི་སྐྱེ་བོ་མང་པོའི་ཕྱིར་སྤེར ་དུ་བཅུག་པའི་རྙེད་པ་གང་ཟག་ལ་ཡོངསུ་སྦར་ན་སྤང་བའི་ལྟུང་བ་དོ།། ཡང་དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་གྱི་ཕྱིར་སྦོར་དུ་བཅུག་པའི་རྙེད་པ་གང་ཟག་དག་ལ་ཡོངསུ ་སྦྱར་ན་སྤང་བའི་ལྟུང་བྱེད།། ཡང་དགེ་སློང་མ་གང་ཆག་ས་པར་གྱུར་པས་ཐུམ་པོ་བཅིངས་ཤིང་བཅིངས་ཤིང་འགྲོལ་དུ་བཅུག་ན་སྤང་བའི་ལྟུང་བྱེད།། ཡང་དགེ་སློང་མ ་གང་གོས་ལྕིང་དང་རིན་ཐང་ལྕི་བ་འཆང་ན་སྤང་བའི་ལྟུང་བྱེདོ།། ཡང་དགེ་སློང་མ་གང་ལྕིང་ཡང་བ་རིན་ཐང་ལྕི་བ་འཆང་ན་སྤང་བའི་ལྟུང་བྱེ།། སྡོམ་ལ། སྲིན་བལ་འབའ་ཞིག་མ ་གཉིས་དང་།། དྲུག་དང་མཐོ་གང་ལམ་དང་ནི།། འཁྲུ་དང་འིཆང་དང་རྟ་དང་དགོན།། རས་ཆེན་མ་གཏོགས་ལྷག་མ་ཡིན།། འཕགས་མ་དག་བདག་གིས་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ ་ཅུ་རྩ་གསུམ་པོ་དག་བཏོན་ཟིན་ཏོ།། དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེཁྱད་ཡོངསུ་དག་གི་ཞེས་ལན་གཉིས་ལན་གསུམ ་། དུ་དྲིའོ།། འདི་ལ་འཕགས་མ་དག་ཡོངསུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། དགེ་སློང་མའི་སོ་སོར་ཐར་པའི་མདོ།། ། བམ་པོ་གཉིས་པ་སྟེ་ཐམ ་སྤྱི་སྡོམ་ལ། བརྫུན་དང་ས་བོན་འདུག་གནས་དང་།། སྲོག་ཆགས་བདེ་དང་དུད་འགྲོ་དང་།། རྐུ་བ་དང་ནི་ཟས་བཅས་པ།། དེ་དག་ཐུན་མོང་ཡིན་པར་འདོད།། སྡོམ་ལ། བརྫུན་སྐྱོན་དགེ་སློང་ཕྲ་མ ་སྐྱོ་སྔགས་བྱེད་དང་སྟོན་པ་དང་།། འདོན་དང་གནས་ངན་ལེན་དང་ཆོས།། བཤེས་ངོར་བྱེད་དང་ཁྱད་གསོང་།། འཕགས་མ་དག་ལྟུང་བྱེད་ཀྱི་ཆོས་བརྒྱ་བརྒྱད་ཅུ་པོ་འདི་དག་ནི་ཟླ་བ་ཕྱེད་བྱེ ་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་།། ཤེས་བཞིན་དུ་བརྫུན་དུ་སྨྲ་ན་ལྟུང་བྱེད།། མི་ཡི་སྦྱིན་ནས་སྨྲ་ན་ལྟུང་བྱེད།། དགེ་སློང་མ་ལ་ཕྲ་མ་བྱེད་ན་ལྟུང་བྱེད།། ཡང་དགེ་སློང་ས ་གང་དགེ་འདུན་འཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པ་ཤེས་བཞིན་དུ་ཡོང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད། དེ།། ཡང་དགེ་སློང་མ་གང་སྐྱེས་པའི་ཡུལ་ལ་ཚིག་ལྔ་ལ ་དྲུག་ལས་ལྷག་པར་ཆོས་སྟོན་ན་རིག་པའི་བུད་མེད་མ་གཏོགས་ཏེ་ལྟུང་བྱེའོ།། ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་། ཚིག་གིས་ཆོས་འདོན་ན་ལྟུང་བྱེད།། ཡང ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད།། ཡང་དགེ་སློང་མ་གང་གང་ཟག་བསྙེན་པར ་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པར་སྨྲ་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་སྔར་ལེགས་པར་རུང་བར་བྱས་ནས་དེའི་འོག་ཏུ་འདི་སྐད་ཅེས་འཕགས་མ་དག་འདི་ལྟར་བཤེས་ངོར་བྱས ་ཏེ་དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གི་གང་ཟག་ལ་བསྔོས་ཞེས་ཟེར་ན་ལྟུང་བ་དོ།། ཡང་དགེ་སློང་མ་གང་ཟླ་བ་བྱེད་བྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་ན་འདི་སྐད་ཅེས་འཕགས ་མ་དག་གང་དག་གིས་དགེ་སློང་མ་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོ ་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་ཞིག་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ལྟུང་བྱེད།། སྡོམ་ལ། ས་བོན་འཕྱ་བ་བསྒོ་བ་དང་།། ཁྲི་དང་གདིང་དང་ཕྱིས་གནོན་དང་།། འབྱུང་བ་དང ་ནི་འདེབས་པ་དང་།། རིམ་པ་གཉི་སུ་རྩིག་པའོ།། ས་བོན་གྱི་ཚོགས་སམ་འབྱུང་པོའི་གནས་འཇིག་ཏུ་འཇུག་ན་ལྟུང་བྱེའོ།། 2པ་འམ་གཞོག་འཕྱས་བྱེད་ན་ལྟུང་བྱེའོ།། བསྒོ་བ་རྣ་ལ་གཟོན ་ན་ལྟུང་བ།། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཁྲི་འམ། ཁྲིའུ་འམ། སྟན་ནང་ཚངས་ཅན་ནམ། ལ་བའམ། སྔས་སམ། གོར་བུ་གླ་གབ་མེད་པར་བཏིང་ངམ་འདིང་དུ་བཅུ་པ ་ནས་མ་སྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་མ་འཁོད་པ་ལ་ཡང་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེ་དོ།། ཡང་དགེ་སློང་མ་གང་དགེ་འདུན་གྱི ་དབར་ཁང་དུ་རྩཝ་གདིང་བ་འམ། ལོ་མའི་གདིང་བ་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་གཙུག་གམ། དགེ་སློང་མ་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་དེ་འོང་བའི ་རྐྱེན་མ་གཏོགས་ཏེ་ལྟུང་བྱེདོ།། ཡང་དགེ་སློང་མ་གང་དགེ་འདུན་གྱི་དབྱར་ཁང་ནས་དགེ་སློང་མ་སྔ་ནས་འཁོད་པར་ཤེས་བཞིན་དུ་ཕྱིས་འོས་ནས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར ་དེ་ཉིད་རྐྱེན་དུ་བྱས་ཏེ་བྱིས་གནོར་བྱས་ནས་སྟན་ལ་ཉལ་ལམ་འདུག་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་དགེ་འདུན་གྱི་དབར་ཁང་གི་སྟེང་གི་ན་མཁའ་ལ་ཐོག་བོར་བར་ཁྲི་འམ ་ཁྲིའུ་རྩ་བ་འབྱུང་བར་ཤེས་བཞིན་དུ་ལྗིད་ཀྱིས་པབ་སྟེ་འདུག་གམ། ཉལ་ན་ལྟུང་བྱེ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་སྲེག་ཆགས་དང་བཅས་པའི་ཆུས་རྩ་འམ། ལྕི་བ་འམ། ས་ལ ་འདེབས་སམ། འདེབ་སུ་འཇུག་ན་ལྟུང་བྱེ།། དགེ་སློང་མེས་དབྱར་ཁང་ཆེན་པོ་ཞིག་རྩིག་གམ་རིག་ཏུ་འཇུག་ན་སྒོའི་སྦུབས་དང་། རྟེན་པ་དང་། སྣང་བའི་གནས་ཅི་ཙམ་པའི་འདུ་ཤེས ་ཀྱིས་བརྟག་པ་ནས་བཟུང་སྟེ། ཕ་གུ་རིམ་པ་གཉིས་སམ་གསུམ་བརྩིག་པར་བྱའོ།། དེ་ལས་ལྷག་པར་རིག་པར་རྩིག་ན་ལྟུང་བྱེདོ།། སྡོམ་ལ། འདུག་གནས་གཅིག་དང་ཕྱེ་དང་ནི། ་བཅའ་བ་དང་ནི་སྟོབས་པ་དང་།། འདུས་པ་དང་ནི་དུས་མིན་དང་ཀགསོག་འཇོག་དང་ནི་ཁ་ནས་མིད།། དག་སློང་མ་གང་འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང ་མ་གང་མི་ན་བས་བསོད་སྙོམས་གཅིག་བཟའ་བར་བྱའོ།། དེ་ལས་ལྷག་པར་ཟ་ན་ལྟུང་བྱེ།། དགེ་སློང་མ་རབ་ཏུ་མང་པོ་དག་ཁྱིམ་རྣམསུ་དོང་བ་ལ་གལ་ཏེ་དེ་དག་ལས་བྲམ་ཟེ ་འམ་ཁྱིམ་བདག་དད་པ་ཅན་དག་གིས་ཕྱེ་དང་ཁུར་བ་དག་དུས་ཀྱིས་སྟོབས་པར་གྱུར་ལ་འདོད་ན་དགེ་སློང་མ་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ་གསུམ་དུ་བླང་བར་བྱའོ།། ་ལས་ལྷག་པ་ལན་ན་ལྟུང་བྱེདོ།། ལྷུང་བཟེད་གང་བ་གཉིས་སེམ་གསུམ་བླངས་ནས་ཕྱི་རོལ་ཀུན་དགའ་ར་བར་དོང་ལ་དགེ་སློང་མ་འཁོད་པ་རྣམས་ལ་ཡང་བགོ་བཤའ་བྱ། བདག་དག་ཀྱང ་བཟའ་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིནོ།། ཡང་དགེ་སློང་མ་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་ལྷག་པོར་མ་བྱས་པར་བཅའ་བ་འམ་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེདོ།། ཡང་དགེ་སློང ་གང་ཤེས་བཞིན་དུ་དགེ་སློང་མ་ཟས་ཟོས་ཟིན་ཅིང་སྤངས་པ་ལ་སྐབས་ཚོལ་ཅིང་ཅི་ནས་ཀྱང་དགེ་སློང་མ་འདི་ཉེས་པ་དབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས་འཕགས་མ་འདི ་འཚོ་ཤིག། འདི་ཟོས་ཤིག་ཅེས་ལྷག་པོར་མ་བྱས་པའི་བཟའ་བ་དང་། བཅའ་བ་དུས་ཀྱིས་སྟོབས་པར་བྱེད་ན་ལྟུང་བྱེདདོ།། འདུས་ཏེ་ཟ་ན་དུས་མ་གཏོགས་ཏེ་ལྟུང་བདོ།། དེ་ལ་དུས་ནི་འདི་ཡིན་ཏེ། ་ན་བ་དུ་སོ་ལས་དུསོ།། ལམ་དུསོ།། གྲུར་ཞུགས་པ་དང་། འདུས་པ་ཆེན་པོ་དང་། དགེ་སྦྱོང་གི་ཟས་དུས་ཏེ། དེ་ལ་དེ་ནི་དུས་ཡི་ནོ།། ཡང་དགེ་སློང་མ་གང་དུས་མ་ཡིན་པར་བཅའ་བ་འམ། ་བཟའ་བོ་འཆའ་འམ་ཟ་ན་ལྟུང་བྱེ།། ཡང་དགེ་སློང་མ་གང་བཅའ་བ་འམ་བཟའ་བ་གསོག་འཇོག་བྱས་པ་ཟ་བ་འམ་འཆའ་ན་ལྟུང་བྱེའོ།། ཡང་དགེ་སློང་མ་གང་བྱིན ་ལེན་མ་བྱས་པར་ཁ་ནས་མེད་པའི་ཟས་ཟ་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེདོ།། སྡོམ་ལ། སྲོག་ཆགས་བཅས་དང་གཅེར་བུ་དང་།། དམག་ལ་ལྷ་དང་ཞག་གཉིས་དང་།། བཤམས ་པ་འཁྲུགས་དང་སྡིག་པ་དང་།། བཟས་པ་དང་ནི་གནས་ངན་ལེན།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ལྟུང་བྱེ་དོ།། ཡང་དགེ་སློང་མ་གང་གཅེ ་མོ་འམ། ཀུན་ཏུ་རྒྱུ་འམ། ཀུན་ཏུ་རྒྱུ་མོ་ལ་རང་གི་ལག་ནས་བཟའ་བ་དང་། བཅའ་བ་བྱིན་ན་ལྟུང་བྱེ།། ཡང་དགེ་སློང་མ་གང་དམག་ཆས་པ་ལ་ལྔར་འགྲོ་ན་ལྡང་དང་།། དགེ་སློང་མ་ང ་ང་ལ་ལྟར་འགྲོ་བ་དེ་ལྟ་བུའི་རྐྱེན་འགའ་ཞིག་བྱུང་ན་དགེ་སློང་མ་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ།། དེ་ལས་ལྷག་པར་གནས་ན་ལྟུང་བྱེ།། ་དགེ་སློང་མ་ཞག་གཉིས་དམག་དེའི་ནང་ན་གནས་པའི་ཚེ་ཡང་གལ་ཏེ་བཤམས་པ་འཁྲུག་ཏུ་འགྲོ་འམ། རྒྱལ་མཚན་གྱི་ཚོགས་མཆོག་གམ། དཔུང་གི་ཚོགས་སམ། གཡུལ ་བཤམས་པའི་དམག་ལ་ལྟ་བ་ཉམསུ་མྱོང་བར་བྱེད་ན་ལྟུང་བྱེ།། ཡང་དགེ་སློང་མ་གང་ཁྲེས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་སློང་མ་རྡེག་ན་ལྟུང་བྱེད། ་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མི་རངས་ནས་དགེ་སློང་མ་ལ་སྡིག་པར་གཟིས་ན་ཐ་ན་ཐལ་མོས་ཀྱང་རུང་སྟེ་ལྟུང་བྱེདདོ།། ཡང་དགེ་སློང་མ་གང་ཤེས་བཞིན ་དུ་དགེ་སློང་མའི་གནས་ངན་ལེན་གྱི་ལྟུང་བ་འཆ་བར་ལྟུང་བྱེདོ།། སྡོམ་ལ། བདེ་དང་མེ་དང་འདུན་པ་དང་། བསྙེན་པར་མ་རྫོགས་ཆེས་དང་སྨྲ།། དགེ་ཚུལ་ཁ་དོག་བསྒྱུར་བ ་དང་།། རིན་པོ་ཆེ་དང་ཚ་བའི་དུས།། ཡང་དགེ་སློང་མ་གང་ཀླན་ཀ་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་མ་ལས་ཀླན་ཀ་བཙལ་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་མི་འདི ་སྐད་ཅེས་འཕགས་མ་ཚུར་ཤོག། ཁྱོད་ཁྱིམ་དག་ཏུ་འདོང་དང་། དེར་ཁྱོད་ལ་བཅའ་བ་དང་བཅའ་བ་བསོད་པ་ཇི་ཙམ་འདོད་པ་སྦྱིན་དུ་གཞུགོ་ཞེས་སྨྲས་ནས་དེས་དེ་ལ་སྦྱིན་དུ ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས་འཕགས་མ་ཁེ་མེ་ལ་ཁྱེད་དང་ལན་ཅིག་སྨྲ་འམ་འདུག་པ་བདེ་བ་མ་ཡིན་གྱི། འདི་ལྟར་ཁོ་མོ་གཅིག་པུ་ཁཾ་ན་སྨྲ་འམ་འདུག་ན་བདེ་བས་ཁྱེད་སོ ་ཤིག་ཅེས་ཟེར་ན་ལྟུང་བྱེ།། ཡང་དགེ་སློང་མ་གང་མིན་པར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ་རེག་ཏུ་འཇུག་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་ད། ་སློང་མ་ལ་འདུན་པ་ཕུལ་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་སྤོང་བའི་ཆོ་སུ་བྱེད་ཅིང་འདི་སྐད་ཅེས་དགེ་སློང་མ་འདུན་པ་ཕྱིར་བྱིན་ཅིག་ཁྱོད་ལ་མི་སྦྱིན་ཞེས ་ཟེར་ན་ལྟུང་བ་དེ།། ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་འདི་སྐད་ཅེས ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཚེ་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཙོ་ད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ ་བདག་གིས་ཤེསོ་ཞེས་ཟེར་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་དང་། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་གསུངས་པ ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེསོ་ཞེས་དེ་སྐད་མ་ཟེར་ཅིག། བཅོམ་ལྡན་འདས་ལ་སྐུ ་པ་མ་བདབས་ཡིག། བཅོམ་ལྡན་འདས་ལ་སྐུར་པས་ལགས་པར་མི་འགྱུརརོ།། བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་།། འཕགས་མ་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དགེ་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། འཕགས་མ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོབ ་ཤིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏེང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏེང་ན་གཞི་དེ་གཏོང ་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ ་བཏེང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་དུ་མ་བྱས་པའི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ ་དག་མ་སྤངས་པ་དང་། གཏམ་འདྲེ་བར་བྱེད། དེབས་པར་སྨྲ་བར་བྱེད། ཀུན་ཏུ་གནས་པར་བྱེད། ཀུན་ཏུ་ལོངས་སྦེད་པ་ར་བྱེད་ཅིང་དེ་དག་དང་ལྷན་ཅིག་གནས་རིག་ཏུ་ཉལ་ན་ལྟ ་བྱེད།། དགེ་ཚུལ་མ་ཞིག་ཀྱང་འདི་སྐད་ཅེས། འདི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་རྣམས་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གསུང་བ་གང་དག་ཡིན་པ་དེ་དག ་བསྟན་ཀྱང་བར་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་ཞེས་ཟེར་ན། དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད ་དགེ་ཚུལ་མ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེསོ་ཞེས་མ་ཟེར་ཅིག། བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག། བཅོམ་ལྡན་འདས་ལ་སྐུར་པས་ལེགས ་མི་འགྱུརརོ།། བཅོམ་ལྡན་འདས་ནི་དེ་སྐད་མི་གསུང།། དགེ་ཚུལ་མ་འདོད་པས་བར་དུ་གཅོད་པ་དག་ནི་བར་དུ་གཅད་པ་ཉིད་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུམ་ཏེ། ་དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས་དགེ་ཚུལ་མ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒྲེ་བར་བྱའོ།། དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས ་ཀྱིས་དེ་སྐད་བསྒོ་བ་ནི་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང ་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལགས། གལ་ཏེ་མི་གཏོང་ན་དགེ་ཚུལ་མ ་ལ་དགེ་སློང་མ་རྣམས་ཀྱིས་དེང་ཕྱིན་ཆད་དགེ་ཚུལ་མ་ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོ ་པའོ་ཞེས་མ་ཟེར་ཅིག། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག། དགེ་སློང་མ་རྣམས་དང་དགེ་ཚུལ་མ་ལྷན ་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དང་ཚུན་ཆད་ཁྱོད་ལ་མེད་དེ་བུད་མེད་གཏི་མུག་ཅན་ཁྱོད་བསྙིལ་གྱིས་གཞན་དུ་སོང་ཤིག་ཅེས་བསྒོ་བར ་བྱའོ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་མ་ཉེ་བར་འཇོག་པར་བྱེད་དམ། ཉེ་བར་སྟོན་པར་བྱེད་དམ། ཀུན་ཏུ་ལོངས་སྤྱོད་པར་བྱེད་དམ། ཀུན་ཏུ་གན ་། པར་བྱེད་དམ། དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་གིས་སར་པ་ཞིག་རྙེད་ན་ཁ་བསྒྱུར་བ་གསུམ་པོ་སྔོན་པོ་འམ། དམར་པོ་ལ ་ངུར་སྨྲིག་ལས་གང་ཡང་རུང་བར་ཁ་བསྒྱུར་བར་བྱའོ།། གལ་ཏེ་དགེ་སློང་མས་གོས་སར་པ་ཁ་བསྒྱུར་བ་གསུམ་པོ་སྔོན་པོ་འམ། དམར་པོ་འམ། ངུར་སྨྲིག་ལས་གང་ཡང་རུང་བ་ཁ་མ ་བསྒྱུར་བར་ཀུན་ཏུ་ལོང་སྤྱོད་པར་བྱེད། ཀུན་ཏུ་གནས་པར་བྱེད་ན་ལྟུང་བྱེདདོ།། ཡང་དགེ་སློང་མ་གང་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ་ལེན་དུ་འཇུག་ན། ཀུན་དག ་ར་བིར་གཏོགས་པ་ན་འདུག་གམ་གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ལྟུང་བྱེའོ།། དགེ་སློང་མས་ཀུན་དགའ་ར་བར་གཏོགས་པ་ན་རིན་པོ་ཆེ་འམ། རིན་པོ་ཆེར་སྨོས་པ ་འདུག་པ་ལ་འདི་སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡི་ནོ།། བཅོམ་ལྡན་འདས་ཀྱིས་ཟླ་བ་བྱེད་ཕྱེད་ཅིང་ཁྲུས ་བྱ་བར་གསུངས་པ་དེ་ལས་དུས་མ་ཡིན་པར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད།། དེ་ལ་དུས་ནི་འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་བྱེད་དང་གཉིས་དབྱར་རྣམས་ཀྱི་དང་པ ་དང་ཟླ་བ་ཕྱེད་དང་གསུམ་པོ་འདི་ནི་ཚ་བའི་དུསོ།། ལྷག་མ་ནི་ན་བའི་དུསོ།། ལས་དུསོ།། ལམ་དུ་སོ།། རླུང་དུ་སོ།། ཆར་དུསོ།། རྫི་ཆར་དུས་ཏེ། དེ་ལ་དེ་ནི་དུས་ཡིནོ།། སྡོམ་ལ། དུད་འགྲོ་འགྱོད་པ ་སོར་མོ་དང་།། རྩེ་དང་ལྷན་ཅིག་དངངས་བྱེད་དང་།། སྦེད་པ་དང་ནི་གཞི་མེད་དང་།། བུད་མེད་མེད་པར་ལི་མེ་འགྲོ་བའོ།། ཡང་དགེ་སློང་མ་གང་བསམས་བཞིན་དུ་དུད་འགྲོའི་སྐྱེ་གནསུ་ག ་ངའི་སྲོག་ཆགས་གསོད་ན་ལྟུང་བྱེདདོ།། ཡང་དགེ་སློང་མ་གང་བསམས་བཞིན་དུ་ཅི་ནས་ཀྱང་དགེ་སློང་མ་འདི་ཡུད་ཙམ་ཞིག་ཀྱང་བདེ་བ་ལ་མི་རེག་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ ་བྱས་ཏེ། དགེ་སློང་མ་ལ་འགྱོད་པ་སྐྱེད་ན་ལྟུང་བྱེ།། སོར་མོས་ག་ག་ཚིལ་བྱེད་ན་ལྟུང་བྱེད།། ཆུ་ལ་རྩ་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་སྐྱེས་པའི་ཡུལ་དང་ལྷན་ཅིག་གནས ་གཅིག་ཏུ་ཉལ་ན་ལྟུང་བྱེའོ།། ཡང་དགེ་སློང་མ་གང་དགེ་སློང་མ་ལ་དངངས་པར་བྱེད་དམ། དངངས་པར་བྱེངདུ་འཇུག་ན་ཐ་ན་གཞད་གང་བུ་བར་བསམས་ཀྱང་རུང་སྟེ་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་དགེ་སློང་མ་འམ། དགེ་སློབ་མ་འམ། དགེ་ཚུལ་མའི་ལྷུང་བཟེད་དམ། ཆོས་གོས་སམ་དྲ་བ་འམ། ཕོར་བུ་འམ། སྐ་རགས་སམ། དགེ་སྦྱོང ་གི་འཚེ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ་སྦེདུ་འཇུག་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་བར ་གྱུར་ནས་དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་སྐུར་ན་ལྟུང་བྱེ།། ཡང་དགེ་སློང་མ་གང་བུད་མེད་མེད་པར་སྐྱེས་པ་དང་འགྲོན་ལམ་དུ་འགྲོན ་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ།། སྡོམ་ལ། རྐུ་བ་དང་ནི་རྐོ་དང་།། འགྲོན་དུ་བོས་དང་བསླབ་པ་དང་།། འཐབ་དང་མི་སྨྲ་འགྲོ་བ་དང་།། མི་གུས་ཚང་འཐུང་དུས་མིན་པའོ།། ཡང་དག ་སློང་མ་གང་དོན་འཐུན་རྐུན་མ་དང་ལྷན་ཅིག་འགྲོ་ནི་ལམ་དུ་འགྲོ་མ། ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད།། ཡང་དགེ་སློང་མ་གང་རང་གི་ལག་པས་ས་རྐོ་འམ། རྐོར་འཇུག་ན་ལྟུང་བྱེད། ་། ཡང་དགེ་སློང་མས་ཟླ་བ་བཞིར་འགྲོན་དུ་བོས་པ་བདག་གིར་བྱའོ།། དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད།། སོ་སོར་འགྲན་དུ་བོས་པ་དང་། ཡང་ཡང་འགྲོ་ན ་བོས་པ་དང་། དུས་ཀྱིས་འགྲོན་དུ་བོས་པ་དང་། རྟག་ཏུ་འགྲོན་དུ་བོས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡི་ནོ།། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ཀྱིས་འཕགས་མ ་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན་དེ་དག་ལ་འདི་སྐད་ཅེས་བདག་དགེ་སློང་མ་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་འདྲ ་བའི་བར་དུ་བྱིས་པ་རྨོངས་པ། མི་གསལ་ག་མི་མཁས་པ་ཁྱོད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་པ་ཞེས་ཟེར་ན་ལྟུང་བྱེད།། དགེ་སློང་མ་ཀུན་ཤེས་པར་འདོད་པས ་བསླབ་པ་དེ་ལ་བསླབ་པར་བྱའོ།། དགེ་སློང་མ་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམ་ས་ལ་ཡང་དྲི་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིནོ།། ཡ ་དགེ་སློང་མ་གང་དགེ་སློང་མ་རྣམས་དང་འཐབ་པར་གྱུར། མཚ་འདྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཞིང་འཁོད་པ་ལ། དགེ་སློང་མ་འདི་དག་ཇི་སྐད་ཟེར་བ་དེ་བདག ་གིས་མཉན་ཏེ། དེ་ལྟ་དེ་ལྟར་ཐ་སྙད་གདགས་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་ཅང་མི་སྨྲ་བར་ཉན་ནས་འདུག་ན་ལྟུང་བྱེདོ།། ཡང་དགེ་སློང་མ་གང་དགེ་འདུན་གྱིས་ཆོས་ད་། ་འཐུན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཤིང་འགྲོ་ན། དགེ་སློང་མ་འདུག་པ་ལ་མི་སྨྲ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད།། གུས ་པར་མི་བྱེད་ན་ལྟུང་བྱེད།། འབྲུའི་ཆང་དང་། བཅས་པའི་ཆང་མྱོས་པར་འགྱུར་བ་འཐུང་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་དུས་མ་ཡིན་པར་གྲེང་དུ་འགྲོ་ཞིང་དགེ་སློང་མ་འདུག་པ་ལ ་སྨན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད།། སྡེ་མ་ལ། ཟས་བཅས་སྐྱ་རེང་ད་གདེད་དང་།། ཁབ་རལ་དང་ནི་ཁྲི་རྐང་དང་།། བདལ་དང་གདིང་དང་གཡན་པ་དང་།། བདེ་བར་གཤེགས་པའི ་གསོ།། ཡང་དགེ་སློང་མ་གང་ཟས་དང་བཅས་པའི་ཁྱིམ་དུ་འགྲོན་དུ་བོས་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ཞིང་ཁྱིམ་པ་འདུག་པ་ལ་མི་སྒོ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད། 5 ་དགེ་སློང་མ་གང་ནམ་མ་ལངས་སྐྱ་རེང་མ་ཤར་བར་རིན་པོ་ཆེ་དག་གམ་རིན་པོ་ཆེར་སྐྱེས་པ་དག་མ་བསུམ་པར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྒོ་གཏན་ནམ་སྒོ་གཏན་གྱི ་འཁོར་ལས་འདས་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད།། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་བྱེད་ཅིང་སོ་སེར་བ.རཔའི་མདེ་གདེན་པ་འདོན་པའི་ཚེ། འདི་སྐད་ཅེས་འ ་མ་དག་འདི་ལྟར་ཆེས་འདི་ཡང་མདོའི་ནང་དུ་གཏོགས་མདོའི་ནང་དུ་འདུས་པར་བདག་གིས་གདོད་ཤེསོ་ཞེས་ཟེར་ལ། དེ་ལ་གལ་ཏེ་དགེ་སློང་མ་རྣམས་ཀྱིས་ཀྱང་དགེ་སློང་མ་འདི་སྔོན་གསོ་སྦྱོ ་གི་ལས་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ཤིང་ལན་མང་དུ་ལྟ་ཅི་སྨོས་ན། དགེ་སློང་མ་དེ་མི་ཤེས་པས་མི་འགྲོལ་བས་དེ་ལྟུང་བ་གང་བྱུང་བ་ཆེས་བཞིན་དུ་བྱེད་དུ་གཞུག་གི ་སྟེང་དུ་ཁྱེད་ཟླ་བ་ཕྱེད་བྱེད་ཅིང་སེ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཆེ་གུས་པར་བྱས་ཏེ་ཆེས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བད་ཏེ་མི་བྱེད། ཡིད་ལ་བད་དེ་མི ་། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་པས། དགེ་སློང་མ་ཁྱོད་ཀྱིས་མ་རྙེད་པ་རྙེད་རྙེད་པ་མ་ཡིན ་ཞིང་ཉེས་པ་རྙེད་དེ་ལེགས་པ་རྙེད་པ་མ་ཡིནོ་ཞེས་འགྱེད་པར་བྱའོ།། དགེ་སློང་མ་དེ་ལ་འགྱོད་པར་བྱ་བ་ནི་དེ་ཡིན་ཏེ་ལྟུང་བྱེདེ།། ཡང་དགེ་སློང་མ་གང་བ་སོ་འམ། རུས་པ་འམ། རྭ་ལས་ཁབ ་བྱེད་དུ་འཇུག་ན་བཅག་ནས་ལྟུང་བྱེ།། དགེ་སློང་མས་དགེ་འདུན་གྱི་ཁྲི་འམ་ཁྲིའུ་བྱེད་དུ་འཇུག་ན་རྩ་བ་བུ་ཁར་འཇུག་པ་མ་གཏོགས་པར་བདེ་བར་གཤེགས་པའི་སེར་བརྒྱད ་ཚད་བྱེད་དུ་གཞུག་པར་བྱའོ།། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཁྲི་འམ་ཁྲིའུ་ལ་ཤིང་ངམ་ཤིང་བལ་བདལ་ལམ་བདལ་དུ ་བཅུག་ན་བསྡུས་ནས་ལྟུང་བྱེདོ།། དགེ་སློང་མས་གདེང་བ་བྱེད་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཤིག། དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་བདེ་བར་གཤེགས་པའི ་མཐེའི་མཐོ་དང་། ཞང་དུ་མཐོ་ཕྱེད་དང་ངོ་དོ།། སྲིད་མཐོ་གང་གིས་སྲིངས་ཤིང་། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད།། ཡང་དགེ་སློང་མས་གཡན་པ་དགབ་པ་བྱེདུ་འཇུག ་ན་ཚད་བཞིན་དུ་བྱེད་དུ་ཆུག་ཤིག། དེ་ལ་གཡན་པ་དགབ་པའི་ཚད་ནི་འདི་ཡིན་ཏེ། སྲིད་བང་བར་གཤེགས་པའི་མཐོའི་མཐོ་བཞི།། ཞེང་དུ་མཐོ་དེའོ།། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བ་ཅད ་ནས་ལྟུང་བྱེད།། ཡང་དགེ་སློང་མ་གང་བདེ་བར་གཤེགས་པའི་ཆེས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱདུ་འཇུག་གམ། བདེ་བར་གཤེགས་པའི་ཆེས་གོས་ལས་ལྷག་པར་བྱེད་འཇུག་ན་ལྟུང ་བྱེད།། དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐེའི་མཐོ་བཅུ།། ཞེང་དུ་མཐོ་དྲུག་སྟེ། དེ་ལ་དེ་ནི་བདེ་བར་གཤེགས་པའི་ཆེས ་གོས་ཀྱི་ཚདོ།། དེ་ལྟར་བདུན་ཅུ་རྩ་གཉིས་པོ་དེ་དག་ནི་དགེ་སློང་དང་ཐུན་མོང་ཡིན་པར་འདོད་དོ།། དགེ་སློང་མ་རྣམས་ཀྱི་བརྒྱ་རྩ་བརྒྱད་ནི་འོག་ནས་འབྱུང་སྟེ། སྤྱི་སྡོམ་ལ། མ་ལེན་འདྲིདི ་དང་ནད་གཡེག་དང་།། ཉན་དང་ཁྲེ་གཅིག་པུ་ཤེལ་ཅི།། ། མཆིལ་ལྷམ་སྒེག་སྐྱ་ཆོས་དང་ནི།། འདུན་དང་མི་འགྲོ་ཐ་མ་ཡིན།། སྡོམ་ལ། མ་ལོན་འཁོར་དང་འཁོར་མང་པོ།། བཅུ་གཉིས ་ཉི་ཤུ་ཁྱིམ་སོ་གཉིས།། མ་བསླབས་པ་དང་བསླབས་པ་དང་།། ཆོས་འཚོང་སྡེ་ཚན་བསྡུས་པ་ཡིན།། ཡང་དགེ་སློང་མ་གང་བདག་ཉིད་བསྙེན་པར་རྫོགས་ནས་ལོ་གཉིས་མ་ལེན་པར ་གཞན་རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བདོ།། ཡང་དགེ་སློང་མ་གང་འཁོར་ཉེ་བར་འཇོ་གན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་འཁོར་མང་པོ་ཉེ་བར་འཇོག་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེའོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དུ་མེད་ཁྱིམ་སོ་བཟུང་བ་ལོ་བེཅུ་གཉིས ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེ་དོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་ཁྱིམ་སོ་མ་བཟུང་བ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་བུད་མེད་ཁྱིམ་ས་མ་བཟུང་བ་ལོ་བཅུ་གཉིས་ལེན་ཀྱང་ལ་གཉིས་ཆེས་དྲུག་དང་རྗེ་སུ་འཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་མ་བྱིན་པར་བསྙེན་པར་རྫོག ་པར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་བུད་མེད་ཁྱིམ་སོ་མ་བཟུང་བ་ལོ་ཉི་ཤུ་ལོན་ཡང་ལོ་གཉིས་ཆོས་དྲུག་དང་རྗེ་སུ་འཐུན་པའི་ཆོས་དྲུག་ལ་བསླབ་པར ་སྡོམ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་བུད་མེད་ལོ་གཉིསུ་ཆོས་དྲུག་དང་རྗེ་སུ་འཐུན་པའི་ཆོས་དྲུག་ལ་མ་བརླབས་པ་བསྙེན་པར ་རྫོགས་པར་བྱེད་ན་ལྟུང་བྱེདོ།། ཡང་དགེ་སློང་མ་གང་ལོ་གཉིསུ་ཆོས་དྲུག་དང་རྗེསུ་འཐུན་པའི་ཆོས་དྲུག་ལ་བསླབས་པ་བསྙེན་པར་རྫོགས་པར་མི་བྱེད་ན་ལྟུང་བྱེད།། ཡང ་དགེ་སློང་མ་གང་བུད་མེད་བསྙེན་པར་རྫོགས་པར་འདོད་པ་ལ་འདི་སྐད་ཅེས་གལ་ཏེ་ཁོ་མོ་ལ་གོས་སྦྱིན་པ་ལྟ་ན། དེའི་ཕྱིར་ཁྱོད་བསྙེན་པར་རྫོགས་པར་བྱའོ་ཞེས་ཟེར་ན་ལྟུང་བྱེད།། ་སྡོམ་ལ། འདྲིང་དང་ལོ་རི་མ་གནང་དང་།། འཁྲུལ་སྦྲམ་མྱ་ངན་རྩབ་ཀྲོལ་དང་།། ཕན་མི་འདོགས་དང་མི་འདྲེན་དང་།། བསླབས་པ་དག་ལ་མི་སློབ་པའོ།། ཡང་དགེ་སློང ་མ་གང་ཁྱིམ་བདག་མོ་ལ་འདི་སྐད་ཅེས་ཁྱོད་ཁྱིམ་སོ་ཐོང་ཤིག་དང་ཕྱིས་རབ་ཏུ་འབྱུང་བ་མི་དགའོ་ཞེས་སྨྲ་བ་དེའི་འོག་ཏུ་རབ་ཏུ་འབྱིན་ན་ལྟུང་བྱེད།། ཡང་དགེ་སློང་མ ་གང་ལོ་རེ་རེ་ཞིང་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་བདག་པོས་མ་གནང་བ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཤེས་བ ་དུ་བུད་མེད་འཁྲུལ་པ་མི་རབ་ཏུ་འབྱིན་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་སྦྲུམ་མ་རབ་ཏུ་འབྱིན་ནི་ལྟུང་བྱེད།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུང་མེད ་མྱ་ངན་གྱིས་གཟིར་བ་རབ་ཏུ་འབྱིན་ན་ལྟུང་བྱེད་དེ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་ཅབ་ཀྲོལ་ཅན་རབ་ཏུ་འབྱིན་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ངམ་བསྐྲུ། ་པར་རྫོགས་པར་བྱས་ནས་པར་མི་འདེགས་ན་ལྟུང་བྱེདོ།། ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པར་བྱས་པ་དག་ལ་བར་ཆད་མཐོང་བ་མི་འདྲེན་ན་ལྟུང་བྱེད།། ཡང ་དགེ་སློང་མ་གང་རབ་ཏུ་བྱུང་ངམ་བསྙེན་པར་རྫོགས་པར་བྱས་ནས་བསླབ་པ་དག་ལ་སློབ་ཏུ་མི་འཇུག་ན་ལྟུང་བྱེད།། སྡོམ་ལ། ནད་གཡོག་རྒྱ་སྐྱེགས་སོར་མོ་དང་།། ཐལ་མེ་སྤུ་དང་དབེན ་གཉི་དང་།། བླ་གབ་མེད་པ་གཉིས་དང་ནི།། རྣ་བར་བཤུབ་ཅི་ང་སྨྲ་བའོ།། ཡང་དགེ་སློང་མ་གང་ལྷན་ཅིག་གནས་པ་དང་། ཉེ་གནས་ན་བ་དག་ལ་ནད་གཡོག་མི་བྱེད་ནི་ལྟུང་ངོ།། ་ཡང་དགེ་སློང་མ་གང་རང་གི་བསྟེན་པར་བྱ་བའི་ནང་དུ་རྒྱུ་སྐྱིགས་ཀྱི་ཆང་བུ་བཅུག་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་བསྟེན་པར་བྱ་བའི་ནང་དུ་སེར་མོའི་ཚིག་སཾ ་གཉིས་བཟླས་ཏེ་འཁྲུ་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་བསྟེན་པར་བྱ་བ་ལ་ཐལ་མེས་སྡིག་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་གསང་བའི་ཕྱོགས་ཀྱི་སྤུ་འཇོག་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་ཁྱིམ་པ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་ན་འགྲེང་ན་ལྟུང་བྱེ།། ཡང་དགེ་སློང་མོ་གང་དགེ་སློང་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པར་འགྲེང་དེ་ལྟུང་བྱེད།། ་ཡང་དགེ་སློང་མ་གང་ཁྱིམ་པ་དང་ལྷན་ཅིག་བླ་གབ་མེད་པ་ན་འགྲེང་ན་ལྟུང་བྱེའོ།། ཡང་དགེ་སློང་མ་གང་དགེ་སློང་དང་ལྷན་ཅིག་བླ་གབ་མེད་པ་ནི་འགྲེང་ན་ལྟུང་བྱེ།། ཡང་དགེ་སློང་ས ་།། གང་ཁྱིམ་པའི་རྣ་བར་བཤུབ་ཅིང་སྨན་ལྟུང་བྱེའོ།། སྡོ་མ་ལ། ཉན་དང་དགེ་སློང་རྣམ་གཉིས་དང་།། རིག་པ་གཉིས་དང་རྨ་འགྲེལ་དང་།། བུ་དང་ཁྱིམ་དང་མ་རྟགས་དང ་མཚན་མོ་གཅིག་པ་ཉལ་བའོ།། ཡང་དགེ་སློང་མ་གང་ཁྱིམ་པ་ལས་རྣར་བ་ཤུབ་ཅིང་སྨྲ་བ་ཉན་ན་ལྟུང་བྱེདོ།། ཡང་དགེ་སློང་མ་གང་དགེ་སློང་གི་རྣར་བཤུབ་ཅིང་སྨན་ལྟུང ་བྱེད་དོ།། ཡང་དགེ་སློང་མ་དགེ་སློང་གི་རྣར་བཤུབ་ཅིང་སྨྲ་བ་ཉན་ན་ལྟུང་བྱེདདོ།། ཡང་དགེ་སློང་མ་གང་ཁྱིམ་པ་ལས་རིག་པ་ལེན་ར་ལྟུང་ངོདོ།། ཡང་དགེ་སློང་མ་གང་ཁྱིམ་པ ་ལས་རིག་པ་ཀློག་ར་ལྟུང་བྱེདོ།། ཡང་དགེ་སློང་མ་གང་སྒྱུར་ཐབས་ཀྱིས་རྨ་བཅིངས་ཤིང་བཅིངས་ཤིང་འགྲོལ་དུ་འཇུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་ལ་གང་བུ་འཆང་ན་ལྟུང ་བྱེད།། ཡང་དགེ་སློང་མ་གང་ཁྱིམ་བདག་ལ་མ་དྲིས་པར་ཁྱིམ་གཞན་དུ་མཚན་མོ་ཉལ་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་ལ་བརྟགས་པར་མཚན་མ་སྐྱབས ་ཡོད་པར་ཉལ་ར་ལྟུང་བྱེདདོ།། ཡང་དགེ་སློང་མ་གང་དགེ་སློང་མ་གཞན་མེད་པར་གནས་ཁང་དུ་མཚན་པོ་ཉལ་ན་ལྟུང་བྱེད་དོ།། སྡོམ་ལ། ཁྲི་གཅིག་ལ་ནི་ཉལ་བ་དང་།། དྲི་ལ་ཕྱི ་བྱེད་པ་རྣམ་ལྔ་དང་།། བཀྲུ་བཤ་ལ་བྱེད་དང་དྲི་ཞིམ་དང་།། འབྲུ་མར་དང་ནི་ཆུ་ཁྲུས།། ཡང་དགེ་སློང་མ་གང་དགེ་སློང་མ་དང་ལྷན་ཅིག་ཁྲི་གཅིག་གི་སྟེང་དུ་ཉལ་ན་ལྟུང་བྱེ་།། ཡང ་དགེ་སློང་མ་གང་རང་གི་ལུས་ལ་དགེ་སློང་མ་དྲིལ་ཕྱི་བྱེད་འཇུག་ན་ལྟུང་བྱེ།། ཡང་དགེ་སློང་མ་གང་རང་གི་ལུས་ལ་དགེ་སློབ་མ་དྲིལ་ཕྱི་བྱེད་དུ་བཅུག་ན་ལྟུང་བ་།། ཡང་དག ་སློང་མ་གང་རང་གི་ལུས་ལ་ཁྱིམ་པ་མེ་དྲལ་ཕྱི་བྱེད་དུ་བཅུག་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་རང་གི་ལུས་ལ་ཀུན་ཏུ་རྒྱུ་མེ་དྲིལ་ཕྱི་བྱེད་དུ་བཅུག་ན་ལྟུང་དེ།། ཡང་དགེ་སློང་མ ་གང་རང་གི་ལུས་ལ་བུད་མེད་བཀྲུ་བཤལ་བྱེད་བཅུག་ན་ལྟུང་བདོ།། ཡང་དགེ་སློང་མ་གང་རང་གི་ལུས་ལ་རྫས་དྲི་ཞིམ་པོ་སྐུད་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་རང་གི་ལུས་ལ་འབྲ ་མར་གྱི་ཚིགས་མ་སྐུད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ལག་པ་སྦྲེལ་ཏེ་ནུར་ཁྲུས་བྱེད་ན་ལྟུང་བྱེད།། སྡོམ་ལ། པུ་ཤེལ་ཅི་དང་སོ་མངས་དང་།། སྨེག་ཤད་གསུམ་དང་སྐྲ་བསྙེན ་དང་། རྒྱན་དང་བྲོ་རྡུང་གླུ་ལེན་དང་།། རོལ་མོ་བྱེད་དང་གདུགས་ཐོགས་པའོ།། ཡང་དགེ་སློང་མ་གང་པུ་ཤ~ཾལ་ཅིས་སྒྲ་འཆད་ན་ལྟུང་བྱེའོ།། ཡང་དགེ་སློང་མ་གང་སོ་མངས་ཀྱིས་སྐྲ་འམ ་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་སྨིག་ཤད་ཀྱིས་སྐྲ་འམ། ན་ལྟུང་བྱེདོ།། ཡང་དགེ་སློང་མ་གང་པུ་ཤེལ་ཅི་དང་སོ་མངས་སྨིག་ཤད་དང་གསུམ་ཅར་གྱིས་སྐྲ་འཆད་ན་ལྗང ་བྱེད།། ཡང་དགེ་སློང་མ་གང་སྐྲ་བརྙན་ཐོགས་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་ཁྱིམ་པ་མོའི་རྒྱད་ཐོགས་ན་ལྟུང་བྱེའོ།། ཡང་དགེ་སློང་མ་གང་བྲོ་རྡུང་ན་ལྟུང་བདེ།། ཡང་དགེ་སློངས ་གང་གླུ་ལེན་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་རེལ་མ་བྱེད་ན་ལྟུང་བྱེའོ།། ཡང་དགེ་སློང་མ་གང་གདུགས་ཐོགས་ནི་ལྟུང་བྱེད།། སྡེ་མ་ལ། མཆིལ་ལྷམ་ཁྱེའུ་ཕྱིས་གནོད་དང་།། སྟན ་སྐུད་པ་ཁྱིམ་ལས་དང་།། རྗེན་པ་འཚོད་དང་གོས་དང་ནི།། ཟས་འཚོང་བ་དང་ལྟོ་མདུ།། ཡང་དགེ་སློང་མ་གང་མཆི་ལེ་ལྷམ་གྱོན་ན་ལྟུང་བྱེའོ།། ཡང་དགེ་སློང་མ་གང་ཁྲིལ་འདུག་པ ་།། བསྙེན་བཀུར་ཉམ་སུ་ལེན་པར་བྱེད་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་ཁྱིམ་གཞན་དུ་མ་བསྒྲེ་བར་སྟན་ལ་ཕྱིས་གདོན་བྱས་ཏེ་འདུག་ན་ལྟུང་བདེ།། ཡང་དགེ་སློང་མ་གང ་ཆེས་སྟེན་པ་ན་ཁྱིམ་པའི་སྟན་སྤྲད་པ་མ་གཏད་པར་འགྲེར་ལྟུང་བྱེད།། ཡང་དགེ་སློང་མ་གང་སྐུད་པ་འཁལ་ན་ལྟུང་བདེ།། ཡང་དགེ་སློང་མེ་གང་ཁྱིམ་གྱི་ལས་བད་ན་ལྟུང་བྱེད ་ཡང་དགེ་སློང་མ་གང་རྗེན་པ་འཚེད་ན་ལྟུང་བ་དེ།། ཡང་དགེ་སློང་ལ་གང་དགེ་སློང་མའི་ཚེགས་ཀྱི་གོས་བདག་གིར་བྱེད་ན་ལྟུང་བྱེདོ།། ཡང་དགེ་སློང་མ་གང་ངས་འཚེང་ན་ལྟུང ་བྱེ་། ཡང་དགེ་སློང་མ་གང་ལྟོ་མདུན་གྱི་ཟས་ཟོས་ནས་སྟན་ལས་ལངས་ཏེ་ཡང་ཟ་ན་ལྟུང་བྱེ།། སྡོམ་ལ། སྒོག་སྐྱ་སྨེ་གབ་ཆུ་གོས་དང་།། འཁྲུར་འཇུག་པ་དང་དགེ་སློང་གིས། ་རྗེ་དང་བསྔགས་པ་ཁྱིམ་དང་ནི།། གནས་དང་རྙེད་པའི་ས་ར་སྣའོ།། ཡང་དགེ་སློང་མས་སྒེག་སྐྱ་ཟོས་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་སྨེ་གབ་མི་འདང་ལྟུང ་བྱེད།། ཡང་དགེ་སློང་མ་གང་ཆུ་གོས་མི་འཆང་ར་ལྟུང་བྱེདོ།། ཡང་དགེ་སློང་མ་གང་བཀྲུ་བཤལ་བ་ལ་གོས་འཁྲུར་འཆོལ་ན་ལྟུང་བྱེ་དོ།། ཡང་དགེ་སློང་ལ་གང་དགེ་སྦྱོང་གི ་གོས་ཁྱིམ་པ་ལ་བགོ་ཕྱིར་སྦྱིན་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་འཁོར་གཙོ་བ་ལ་ཆོས་གོས་སྣམ་སྦྱར་རྗེས་ན་ལྟུང་བྱེ།། ཡང་དགེ་སློང་ལ་གང་བསྔགས་པ་ལ ་སེར་སྔ་བྱེད་ར་ལྟུང་བྱེད།། ཡང་དགེ་སློང་མ་གང་ཁྱིམ་པ་ལ་སེར་སྣ་བྱེད་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་གནས་ལ་སེར་སྣ་བྱེད་ནི་ལྟུང་བ།། ཡང་དགེ་སློང་མ་གང་རྙེད་པ་ལ ་སེར་སྣ་བྱེད་ན་ལྟུང་བྱེད།། སྡོམ་ལ། ཆོས་དང་སྐྲོད་པ་རྣམ་གཉིས་དང་།། གླེང་དང་མནའ་འདིར་རྡེག་པ་དང་།། བསྐས་ཐབས་སྤྲོ་དང་དུ་འཐོར་དང་།། འཁྲུག་ལེང་ཡལ་བར་འདོར་བའོ།། ་ཡང་དགེ་སློང་མ་གང་ཆོས་ལ་སེར་སྣ་བྱེད་ན་ལྟུང་བྱེདདོ།། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དབྱར་ཁང་ནས་དགེ་སློང་ལ་སྐྲོད་ན་ལྟུང་བྱེད་དོ། ་ཡང་དགེ་སློང་མ་གང་ཁྱིམ་གཞན་ན་དགེ་སློང་མ་སྔ་ནས་གནས་པར་ཤེས་བཞིན་དུ་བྱེས་འོངས་ཏེ་སྦེད་པར་བྱེད་ན་ལྟུང་བྱེའོ།། ཡང་དགེ་སློང་མ་གང་ལེགས་པར་མཐོང་བ་དང ་ཐོས་པ་དང་། དོགས་པ་མེད་པར་དགེ་སློང་མའི་ལྟུང་བ་གླེན་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་མནའ་འདོར་ན་ལྟུང་བྱེ་དེ་།། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར ་གྱུར་ཏེ་ཡིད་ལ་རངས་ནས། བདག་ཉིད་ལ་རྡེག་ན་ལྟུང་བྱེད། ཡང་དགེ་སློང་མ་གང་དགེ་སློང་མའི་ཚོགས་ལ་བ་རྙས་ཐབས་བྱེད་ན་ལྟུང་བྱེ་དོ།། ཡང་དགེ་སློང་མ་གང་ད ་སློང་མའི་ཚོགས་ལ་སྤྲོ་ན་ལྟུང་བྱེདདོ།། ཡང་དགེ་སློང་མ་གང་འཁོར་གཙོ་བོ་ལ་ཆུ་འཐོར་ན་ལྟུང་བྱེད།། ཡང་དགེ་སློང་ལ་གང་མཐུ་ཡོད་བཞིན་དུ་དགེ་སློང་མ་རྣམས་ཀྱི་འཁྲུག ་ལོང་ཡལ་བར་འདོར་ན་ལྟུང་བྱེད་དོ།། སྡོམ་ལ། འདུན་པ་གདམ་ངག་དབྱར་གནས་དང་།། དགག་དབྱེ་གསོ་སྦྱོང་སྲ་བརྐྱང་དང་།། དབྱུང་དང་གོས་འགྱེད་དབྱར་ཁང་དང་།། དཔེར་གྱི ་ནང་དུ་ལྗོངས་སྨྲ་བའོ།། ཡང་དགེ་སློང་མ་གང་ཞག་ལེན་པའི་འདུན་པ་འབུལ་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་ཟླ་བ་བྱེད་བྱེད་ཅིང་དགེ་སློང་ལ་གང་མ་ངག་དང་རྗེསུ་བསྟན་པའི ་། ཉན་ན་ལྟུང་བྱེའོ།། ཡང་དགེ་སློང་མ་གང་དགེ་སློང་མེད་པའི་གནསུ་དབྱར་གནས་ཡཔས་ལེན་ན་ལྟུང་བྱེ།། ཡང་དགེ་སློང་མ་གང་དབྱར་གནས་པས་གཉིས་ཀའི་དག ་འདུན་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱིས་དགག་དབྱེ་བྱེད་ན་ལྟུང་བྱེདདོ།། ཡང་དགེ་སློང་མ་གང་དགེ་སློང་མེད་པར་གསོ་སྦྱོང་བྱེད་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་བུལ་པོ་སྲ་བསྐྱང་སྦྱོར་དུ་འཇུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་སྲ་བརྐྱང་དབྱུང་བའི་ཐབས་བག་ཡངསུ་བྱ་བའི་ཚོགས་པ་ལི་སྤྲིན་ན་ལྡིང་བྱེདདོ།། ཡ ་དགེ་སློང་མ་གང་གོས་འགྱེད་པའི་ཕྱིར་བག་ཡང་སུ་བྱ་བའི་ཕྱིར་ཚོགས་པ་སྦྱིན་པར་མི་བྱེད་ན་ལྟུང་བྱེདདོ།། ཡང་དགེ་སྦྱོང་མ་གང་དབྱར་ཁང་མ་གཏད་པར་དེ་ནས་གཞན་དུ་འགྲོ་ན ་ལྟུང་བྱེད།། ཡང་དགེ་སློང་མ་གང་དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང་བྱེའོ།། སྡོ་མ་ལ། མི་འགྲོ་དགོས་པ་མི་མཐུན་དང་།། འཐབ་ཀྲོལ་བྱེད་དང་འདྲི་བ་དང་། ་གཅིག་པུ་སྔོ་དང་མ་བལྟས་པའོ།། སྡེ་ཚན་ཐ་མར་བྱས་པ་ཡིན།། ཡང་དགེ་སློང་མ་གང་དབྱར་གནས་པའི་འོག་རོལ་ཏུ་རྒྱང་གྲགས་ཀྱི་མཐར་མི་འགྲོ་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་ཡུལ་འཁོར་དོགས་པ་དང་བཅས་པར་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང་བྱེདོ།། ཡང་དགེ་སློང་མ་གང་ཡུལ་འཁོར་མི་མཐུན་པ་དང་བཅས་པར་ལྗོངས ་རྒྱུ་ཞིང་འགྲོ་ན་ལྟུང་བྱེདདོ།། ཡང་དགེ་སློང་མ་གང་གནས་གཞན་དུ་འཐབ་ཀྲོལ་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་སྐབས་མ་ཕྱེ་བར་འདྲི་ན་ལྟུང་བྱེད།། ཡང་དགེ་སློང་མ ་གང་གཅིག་པུ་པྲི་སར་འགྲོ་ན་ལྟུ་བྱེའོ།། ཡང་དགེ་སློང་མ་གང་རྩཝ་སྔོན་པོའི་སྟེང་དུ་བཤང་གཅི་འདོར་ན་ལྟུང་བྱེད།། ཡང་དགེ་སློང་མ་གང་རིག་པའི་ཕག་ཏུ་མ་བལྟས་པར་བཤང་གཅི་འང ་ལྟུང་བྱེད།། བར་སྔ་མ་ལ། ཐུར་མོངས་མིན་པ་བརྒྱ་རྩ་བརྒྱད།། དགེ་སློང་བུན་མོང་བདུན་ཅུ་གཉིས།། བརྒྱ་དང་བརྒྱད་དུར་གནས་པ་དག། ལྟུང་བྱེད་འབའ་ཞིག་གྱུར་པ་ཡིན།། གླེང་དང་མ་བསྐུས ་ཉི་ནུབ་དང་།། ཟས་དང་ཆོས་གོས་གཉིས་དག་དང་།། དོན་འཐུན་གྲུ་དང་དབེན་པ་གཉིས།། སྦྱོར་བཅུག་ཡང་ཡང་བསོད་པ་དང་།། ཉལ་སར་འདུག་དང་འགྲེང་བ་དང་།། རྡང་དང་ཉི་ཤུ་མ་ལོན་དང་།། ་རས་ཆེན་ལྟུང་བ་བཅོ་བརྒྱད་དོ།། བསྐོལ་བའི་ལྷག་མ་འདིར་འདོད་དོ།། འཕགས་མ་དག་བདག་གིས་ལྟུང་བྱེད་ཀྱི་ཆོས་བརྒྱ་བརྒྱད་དུ་པཾ་དག་གཏོན་ཟིན་ཏོ།། དེ་ལ་བདག་གིས་འཕགས་མ ་དག་ལ་ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་ལན་གཉིས་ལན་གསུ་མ་དུ་དྲིའོ།། འདི་ལ་འཕགས་མ་དག་ཡོངས་དག་ན་འདི་ལྟར ་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། སྡོམ་ལ། འོ་མ་ཞོ་དང་མར་དང་ནི།། ཞུན་མར་འབྲུ་མར་སྦྲང་རྩི་དང་།། དབུ་བ་ཉ་ཤ་ཤ་དང་ནི།། ཤ་སྐམ་བསླབ་སྡོམ་བྱིན་པའོ།། འཕགས་མ་དག ་སོ་སོར་བཤགས་པར་བྱ་བའི་ཆོས་བཅུ་གཅིག་པོ་འདི་དག་ནི་ཟླ་བ་བྱེད་བྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་།། ཡང་དགེ་སློང་མ་གང་མིན་པར་གཞན་གྱི་ཁྱིམ ་ནས་བདག་གིས་དོན་དུ་འོ་མ་བསླངས་ཏེ་འཐུང་ན་དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ། དགེ་སློང་མ་རྣམས་ལ་འཕགས་མ་དག་བདག་ལ་སྨད་པར་བྱ་བའི་གནས་མི་རིགས ་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ནི་སོ་སོར་བཤགས་པར་བྱ་བའོ།། ཡང་དགེ་སློང་མ་གང་མིན་བར་གན ་གྱི་ཁྱིམ་ནས་བདག་གི་དོན་དུ་ཞོ་དང་། མར་དང་། ཞུ་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་མ་བླངས་ཏེ་འཐུངས་སམ་ཟོས་ན་དགེ ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ། དགེ་སློང་མ་རྣམས་ལ་འཕགས་མ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོ ་བཤག་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ།། སློབ་པ་དག་གི་ཁྱིམ་གང་དག་ན་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ ་གྱུར་པ་ལ་དགེ་སློང་མ་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོས་ལྡམ་པ་དེ་ལྟ་བུ་དག་ཏུ་སྔར་འགྲོན་དུ་མ་བོས་པར་སོང་སྟེ། རང་གི་ལག་གིས ་བཅའ་བ་དང་། བཟའ་བ་བླངས་ནས་འཆའ་འམ་ཟ་ན་དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ། དགེ་སློང་རྣམས་ལ་འཕགས་མ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་འདི་ཡང་སོ་སོར་ཆགསོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ།། འཕགས་མ་དག་བདག ་གིས་སོ་སོར་བཤགས་པར་བྱ་བའི་ཆོས་བཅུ་གཅིག་པོ་འདི་དག་བཏོན་ཟིན་ཏོ།། དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེད ་ཡོངསུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་འཕགས་མ་དག་ཡོངསུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། སྡོམ་ལ།། མ་ཐབས་ལ་ནི་རྣམ ་བརྒྱད་དང་།། སྟོད་གཡེགས་ལ་ནི་རྣམ་གསུམ་དང་།། ཤིན་ཏུ་སྔམས་ལ་སོགས་པ་དྲུག། མགོ་གཡོགས་ལ་སོགས་རྣམ་པ་ལྔ།། འབྱོང་ལ་སོགས་པ་རྣམ་པ་ལྔ།། ལུས་ལ་སོགས་པ ་རྣམ་པ་ལྔ།། འདུག་པར་བྱ་བ་བརྒྱད་དག་དང་།། བྱིར་ལེན་བྱ་བ་བརྒྱད་རྣམ་སོ།། འཕགས་མ་དག་བསླབ་པར་བྱ་བའི་ཆོས་མང་པོ་འདི་དག་ནི་ཟླ་བ་ཕྱེད་བྱེད་ཅིང་སོ་སོར་ཐར་པའི་མདོ ་གདེན་པ་ལས་འཐུང་།། ཤམ་ཐབས་ཟླུམ་པོར་བསྒོ་བར་བསླབ་པར་བྱའོ།། ཧ་ཅང་བརྫེས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང་། ་ཏ་ལའི་ལོ་མ་ལྟར་མ་ཡིན་པ་དང་།། འབྲུའི་བུར་མ་ལྟར་མ་ཡིན་པ་དང་།། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡི་ན་པ་དང་། ཤམ་ཐབས་རྙེད་པ་སྣང་བར་མི་བགོ་བ ་སློབ་པར་བྱའོ།། ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ།། ཆོས་གོས་ཧ་ཅང་བརྫེས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པར་བསྒོ་བར་བསླབ་པར་བྱའོ།། ཤིན་ཏུ ་བསྡམས་པ་དང་། ལེགས་པར་བཤེས་པ་དང་། སྐྲ་སྤྱད་པ་དང་། མིག་གཡེང་བར་མི་བྱ་བ་དང་། གཉའ་ཤིང་གང་ཙམ་ལྟ་ཞིང་འགྲོ་བ་དང་། ཆགས་པར་གྱུར་ཅིང་ཁྱིམ་གཞན་དུ་མི ་བར་བསླབ་པར་བྱའོ།། མགོ་མི་གཡོག་པ་དང་། མི་བརྫེ་བ་དང་། མི་གཟར་བ་དང་། གཉའ་གོང་དུ་མི་སྣོལ་བ་དང་། ལྷག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ།། ་། མི་འབྱོང་བ་དང་། མི་བསྐྱང་བ་དང་། ཙོག་པུ་མ་ཡིན་པ་དང་། བྲང་བས་མ་ཡིན་པ་དང་། དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ།། ལུས་མི་བསྒྱུར་བ ་དང་། ལག་པ་མི་དགྱེག་པ་དང་། མགོ་མི་བསྒྱུར་བ་དང་། ཕྲག་པ་མི་སྤྲད་པ་དང་། ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ།། སྟན་ལ་མ་བརྟགས་པ་དང་། ལུས་བམ? ་ཅད་ཀྱི་ལྕིད་ཀྱིས་མི་དབབ་པ་དང་། རྐང་པ་མི་བསྣོལ་བ་དང་། བརླ་མི་བསྣོལ་བ་དང་། ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པ་རྐང་པ་མི་འགུག་པ་དང་། རྐང་མི་གདང་བ་དང་། འདོམ ་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ།། ལེགས་པར་ཟས་བླང་བར་བསླབ་པར་བྱའོ།། མུ་དང་ཁ་ད་ཆད་དུ་མ་ཡིན་པ་དང་། ཆོད་མ་དང་མཉམ་པར་མ་ཡིན ་པ་དང་ཐར་ཆགསུ་དང་། ལྷུང་བཟེད་ལ་ལྟ་བ་དང་། བཅའ་བ་དང་། བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟ་ད་པ་དང་། ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཆོད་པ ་མི་དགབ་པ་དང་། ཚད་མས་འབྲས་ཆན་མི་དགབ་པ་དང་། བཅའ་བ་དང་། བཟའ་བའི་སྟེང་དུ་ལྷུང་བཟེད་མི་བཟོད་པར་བསླབ་པར་བྱའོ།། སྡོམ་ལ། ཟས་ལ་ལེགས་པར་བྱ་བ་དྲུག ་ཙུག་ཙུག་ལ་སོགས་རྣམ་པ་ལྔ།། འབྲུ་ནས་ཐ་དད་བྱེད་པ་ལྔ།། ལག་པ་ལྡག་ལ་སོགས་པ་ལྔ།། ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ།། ཧ་ཅང་ཁམ་ཆུང་བ་འམ། ཧེ ་ཅང་ཁམ་ཆེ་བ་མ་ཡིན་པ་དང་། ཁམ་རན་པ་དང་། ཁམ་མ་གཟས་པར་ཁ་མི་གདང་བ་དང་། ཁ་ཁམས་ཀྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ།། ཙུག་ཙུག་མི་བྱེ་བ་དང་། ལྷག ་བ་དང་། དཀན་མི་ཏོག་པ་དང་། ཁམས་བྲོར་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱའོ།། ལག་པ་མི་བལྡག་པ་དང་། ལྷུང་བཟེད་མི་བྱེག་པ་དང་། ལག་པ་མི་སྤྲུག་པ་དང་། ་ལྷུང་བཟེད་མི་སྙམ་པ་དང་། མཆོད་རྟེན་འདྲ་བར་བཅོས་ཏེ་ཟས་མི་བཟའ་བར་བསླབ་པར་བྱའོ།། སྡོམ་ལ། འཕྱ་ལ་སོགས་པ་རྣམ་པ་བཞི།། ལྷུང་བཟེད་ལ་ཡང་རྣམ་པ་བཅུ།། འགྲེ ་བར་བྱེད་ལ་སོགས་པ་ལྔ།། མགོ་གཡོགས་ལ་སོགས་རྣམ་པ་ལྔ།། དོ་ཀེར་ཅན་ལ་སོགས་པ་ལྔ།། གླང་ཆེན་ལ་སོ་གས་བཞོན་པ་ལྔ།། ལག་ན་འཁར་བ་ལ་སོགས་དྲུག། ན ་རྣམ་པ་གསུམ་རྣམ་སོ།། དྲུང་ན་འདུག་པའི་དགེ་སློང་མའི་ལྷུང་བཟང་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱའོ།། ལག་པ་ཟས་དང་འཕགས་པས་ཆུ་སྣང ་ལ་མི་བཟུང་བར་བསླབ་པར་བྱའོ།། དྲུང་ན་འདུག་པའི་དགེ་སློང་མ་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱའོ།། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ནུ་ཟས་དང་འ ་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ།། ལྷུང་བཟད་ཀྱི་ནང་དུ་ཟས་ཀྱིས་ལྷག་མ་བླགས་ཏེ་མི་དབོ་བར་བསླབ་པར་བྱའོ།། འོག་གཞི་མེད་པའི་ས་ཕྱོགསུ་ལྷུང་བཟེད་མི་བཞག ་པར་བསླབ་པར་བྱའོ།། གང་ཁ་མ་ཡིན་པ་དང་། གཡང་ཁ་མ་ཡིན་པ་དང་། དཀན་གཟར་པོ་མེ་ཡིན་པར་ལྷུང་བཟད་བཞག་པར་བསླབ་པར་བྱའོ།། འགྲེང་སྡེ་ལྷུང་བཟད་མི་བཀྲུ་བར ་།། བསླབ་པར་བྱའོ།། གང་ཁ་མ་ཡིན་པ་དང་། གཡང་ཁ་མ་ཡིན་པ་དང་། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱའོ།། འབབ་ཏུ་དྲག་པའི་རྒྱུན་ལས ་བཟློག་སྡེ་ལྷུང་བཟེད་ཀྱིས་རྐུ་མི་བཅུ་པར་བསླབ་པར་བྱའོ།། མི་ན་བར་འདུག་པ་ལ་འགྲང་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར ་བསླབ་པར་བྱའོ།། མི་ན་བར་སྟེན་མཐེན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་མདུན་དུ་འགྲེ་བ་ལེ་ཕྱི་ནས་འགྲོ་ཞིང་ཆོས་མི ་བཤད་པར་བསླབ་པར་བྱའོ།། ཡི་ན་བར་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་མགོ་གཡོགས་པ་དང་། བརྫེས་པ ་དང་། གཟར་བ་དང་། གཉིའི་གོང་དུ་བསྣོལ་བ་དང་། ལྷགས་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་སྐྲ་དོ་ཀར་ཅན་དང་། ཞྭ་གྱེན་པ་དང་། ་མགོ་ཅོད་པན་ཅན་དང་། མགོ་ཕྲེང་བ་ཅན་དང་། མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་གླང་པོ་ཞོན་པ་དང་། རྟ་ཞོན་པ་དང་། ཁྱོགས་ན་འདུག་པ་དང་། ་བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་ལག་ན་འཁར་བ་ཐོགས་པ་དང་། ལག་ན་གདུགས་ཐོགས་པ་དང་། ་ལག་ན་མཚོན་ཐོགས་པ་དང་། ལག་ན་རལ་གྲི་ཐོགས་པ་དང་། ལག་ན་དགྲ་ཆ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་འགྲེང་སྟེ་བཤ ་གཅི་མི་བྱ་བར་བསླབ་པར་བྱའོ།། མི་ན་བར་ཆུའི་ནང་དུ་བཤང་གཅི་དང་། མཆིལ་མ་དང་། སྣབས་དང་སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱའོ།། གནོད་པ་བྱུང་བ་མ་ག ་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཇིག་པར་བསླབ་པར་བྱའོ།། འངགས་མ་དག་བདག་གིས་བསླབ་པའི་ཆོས་མང་པོ་དག་བཏན་ཟིན་ཏོ།། དེ་ལ་བདག་གིས་འཕགས་མ ་དག་ལ་རི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱོད་ཡོངསུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་འཕགས་མ་དག་ཡོངསུ་དག་ན་འདི་ལྟར་ཅ ་མི་སྨྲ་བས་དེ་བཞིན་དུ་འཛིན་ཏོ།། སྡོམ་ལ། མངོན་སུམ་དྲན་པ་མ་མྱོས་དང་།། དེ་བཞིན་གང་མང་ངོ་བོ་ཉིད།། རྩཝ་རྣམས་པ་གྲམ་པ་ལྟ་བུ་དང་།། ཁས་བླང་བར་ཡང་བྱ་བའོ།། འཕག ་མ་དག་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་ནི་ཟླ་བ་ཕྱེད་བྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་།། མངོན་སུམ་གྱིས་འདུལ་བར་འོས་པ་ལ་མངོན ་སུམ་གྱིས་འདུལ་བ་སྦྱིན།། དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན།། མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྐྱེ་ནོ།། གང་ཚུལ་ཤིང་མ ་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོ་སྐྱེ་ནོ།། དེའི་ངོ་བོ་ཉིད་ཚུལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་ཚོལ་བ་སྦྱིནོ།། རྩཝ་བཀྲམ་པ་ལྟ་བུར་འོས་པ་ལ་རྩ་བཀྲམ་པ་ལྟ་བུ་སྤྲིན ་གང་ཁས་བླང་བར་འོས་པ་ལ་ཁས་བླང་བར་བྱའོ།། རྩོད་པ་བྱུང་བར་གྱུར་པ་རྣམས་རྩོད་པ་ཞི་བའི་ཆོས་བདུན་པོ་འདི་དག་གིས་ཆོས་དང་། འདུལ་བ་དང་སྟོན་པའི་བསྟན་པ་ཇི་ལ ་བ་བཞིན་དུ་དུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱའོ།། འཕགས་མ་དག་བདག་གིས། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ།། དེ་ལ་བདག ་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱོད་ཡོངསུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་འཕགས་མ་དག་ཡོངས་དགན ་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། འཕགས་མ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླང་གཞི་བརྟེན་ཟིན་ཏེ།། ཕམ་པར་འགྱུར་བའི་ཆོས་བརྒྱད་དང་། ་དགེ་འདུན་ལྷག་མའི་ཆོས་ཉི་ཤུ་དང་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་རྩ་གསུམ་དང་། ལྟུང་བྱེད་ཀྱི་ཆོས་བརྒྱ་བརྒྱད་ཅུ་དང་སོ་སོར་བཤགས་པར་བྱ་བའི་ཆོས་བཅུ་ག ་དང་བསླབ་པའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་གཏོན་ཟིན་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པ ་རྫོགས་པའི་སངས་རྒྱས་དེའི་མདོར་གཏོགས་ཤིང་བསྡུས་པ་ནི་འདི་དག་གི། གང་གཞན་ནས་འབྱུང་བའི་ཆོས་ཀྱི་རྗེསུ་འཐུན་པའི་ཆོས་དེ་ལ་ཡང་། ཁྱེད་རྣམས་འདུམ་པ ་དང་། འཐུན་པ་དང་དགའ་བ་དང་མི་བརྩོད་པར་སེམས་ཀུན་ཏུ་བསྲུང་བ་དང་། དྲན་པ་དང་བག་ཡོད་པས་རྣལ་འབྱོར་དུ་བྱའོ།། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི།། མྱ་ངན ་འདས་པ་མཆོག་ཅེས་སངས་རྒྱས་གསུང་།། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་།། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིནོ།། མིག་ལྡན་འགྲོ་བ་ཡོད་པ་ཡིས།། ཉམ་ང་བ་དག ་བཞིན་དུ།། མཁས་པས་འཚོ་བའི་འཇིག་རྟེན་འདིར།། སྡིག་པ་དག་ནི་ཡོངསུ་སྤང་།། སྐུར་པ་མི་གདབ་གདོད་མི་བྱ།། སོ་སོར་ཐར་པ་འམ་བསྡམས་པར་བྱ།། ཟས་ཀྱི་ཆོད་ཀྱང ་རིག་པར་བྱ།། བས་མཐའི་གནསུ་གནས་པར་བྱ།། ལྷག་པའི་སེམས་ལ་ཡང་དག་སྦྱོར།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཇི་ལྟར་བུང་བ་མེ་ཏོག་ལས།། ཁ་དོག་དྲི་ལ་མི ་གནོད་པར།། ཁུ་བ་བཞིབས་ནས་འཕུར་བ་ལྟར།། དེ་བཞིན་ཐུབ་པ་གྲོང་དུ་རྒྱུ།། བདག་གི་རིགས་དང་མི་རིགས་ལ།། བརྟག་པར་བྱ་སྟེ་བཞིན་རྣམས་ཀྱི།། མི་མཐུན་པ་དང་གན ་རྣམས་ཀྱི།། བྱས་དང་མ་བྱས་རྣམས་ལ་མིན།། ལྷག་པའི་སེམས་ལ་བག་བྱ་སྟེ།། ཐུབ་པའི་ཐུ་བ་གཞི་རྣམས་ལ་བསླབ།། ཉེར་ཞི་རྟག་ཏུ་དྲན་ལྡན་པའི།། སྐྱོབ་པ ་མྱ་ངན་མེད་པ་ཡིན།། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ།། ལེགས་བསྡམས་དགྲ་སོགས་མི་འགྱུར། དགེ་དང་ལྡན་པས་སྡིག་པ་སྤོང་།། ཉོན་མོངས་ཟད་པས་མྱ ་འདའ།། སྡིག་པ་ཐམས་ཅད་མི་བྱ་སྟེ།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངསུ་གདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ལུས་ཀྱི་སྡོམ་པ་ལེགས་པ ་སྟེ།། ངག་གི་སྡོམ་པ་ལེགས་པ་ཡིན།། ཡིད་ཀྱི་སྡོམ་པའང་ལེགས་པ་ཡིན།། ཐམས་ཅད་དུ་ནི་སྡོམ་པ་ལེགས།། ཀུན་ཏུ་བསྡམ་པའི་དགེ་སློང་ནི།། སྡུག་བསྔལ་ཀུན་ལས་རབ་ཏུ ་དགྲོལ།། ངག་རྣམས་བསྲུངས་ཞིང་ཡིད་ཀྱིས་རབ་སྔ་མས་ཏེ།། ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་།། ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན།། དྲང་སྲོང་གསུངས་པའི ་།། ནི་ཐོབ་པར་འགྱུར།། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ།། འཁོར་བ་འཇིགས་དང་གསེར་ཐུབ་འོད་སྲུང་དང་།། ཤཱཀྱ་ཐུབ་པ་གོའུ་ཏམ་ལྷ་ཡི་ལྷ།། མི ་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད།། འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག། སངས་རྒྱས་དཔའ་བོ་བདུན་པོ་དག། གྲགས་ལྡན་རྣམས་ཀྱི་སོ་སོ་ཐར།། འདི་ན་རབ་ཏུ་རྒྱས་པར་བཏོན།། ་ལ་སངས་རྒྱས་རྣམས་དང་གང་།། སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས།། འདི་ལ་གུས་དང་བཅས་གྱུར་པས།། འདུས་མ་བྱས་པ་ཐོས་པར་གྱིས།། བརྩམ་པར་བྱ་ཞིང་འབྱུང ་བར་བྱ།། སངས་རྒྱས་བསྟན་ལ་འཇུགས་པར་བྱ།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།། འཆི་བདག་སྡེ་ནི་གཞོམ་པར་བྱ།། གང་ཞིག་རབ་ཏུ་བག་ཡོད་པར།། ཆོས་འདུལ ་འདི་ལ་སྤྱོད་འགྱུར་ལ།། སྐྱེ་བའི་འཁོར་བ་རབ་སྤངས་ནས།། སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། ཕན་ཚུན་ཚུལ་བྲི་མས་བསྲུང་བ་དང་།། བསྟན་པ་འཕེལ་བར་བྱ ་ཕྱིར།། སོ་སོར་ཐར་པ་འདི་བཏོན་པས།། དགེ་འདུན་གྱིས་ནི་གེས་སྦྱོང་བྱས།། གང་གི་ཕྱིར་ནི་མདོ་བསྟོན་དང་།། གང་ཕྱིར་གསོ་སྦྱོང་བྱས་གྱུར་པས།། ཚུལ་ཁྲིམས་དེ་ན་བསྲུང་བ ་སྟེང་གཡག་རྔའི་རྩེ་མོ་ཇི་བཞི་ནོ།། སོ་སོར་ཐར་པ་བཏོན་པ་ཡིན།། བསོད་ནམས་གྲུབ་པ་གང་ཡོད་པ།། དེས་ནི་འཇིག་རྟེན་མ་ལུས་པ།། ཐུབ་དབང་གོ་འཕང་ཐོབ་པར་ཤེག ་དགེ་སློང་མའི་སོ་སོར་ཐར་པའི་མདོ་རྫོགས་སྷོ།། ། དབང་ཕྱུག་དམ་པའི་མངའ་བདག། དཔལ་ལྷ་བ་ཅན་པོའི་བཀའ་ལུང་གིས་འཕགས་པ་གཞི་བ ་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ་ཁྱེད་ཅིག་ཅེས་པརྣམས་ཏེ་བསྒོ་བར་བྱམ།། དལ་བཞམས་ཀྱི་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གསལ་བ་དང་བན་ལས་ཀྱི་ང་ང་ནས་བ ་བར་དུའོ།། དེ་ལ་གསལ་བ་དང་བཞིའི་ལས་ཀྱིས་བསྒྲེ་བ་ན། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་འཐབ་མོ་བྱེད་ཅིང་ག ་ལ་དགེ་སློང་མ་རྣམས་ཀྱིས་པུ་ནུ་མོ་ཁྱེད་འཐབ་མོ་མ་བྱེད་ཅིག་ཅེས་སྨྲས་པ་ན། དེ་ཁྲོས་ནས་འདི་སྐད་ཅེས་གང་གི་ཕྱིར་འབབ་མོ་བྱེད་པ་ཁ་ཅིག་ལ་རི་སྨྲ་བར་བྱེད་ལ་གནན་ལ ་ནི་སྨྲ་བར་མི་བྱེད་པས། འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བའོ།། ཞེ་སྡང་གིས་འགྲོ་བའོ།། གཏི་མུག་གིས་འགྲོ་བའོ།། འཇིགས་པས་འགྲོ་བའོ།། ཞེས་ཟེར་བའི་དགེ་སློང ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། གང་གི་ཕྱིར། འཐབ་མོ་བྱེད་པ་ཁ་ཅིག་ལ་ནི་སྨྲ་བར་བྱེད་ལ། གཞན་ལ་ནི་སླ་བར་མི་བྱེད་པས། འདི་ན་དགེ་སློང་མ ་ཁ་ཅིག་འདུན་པས་འགྲོ་བའོ།། ཞེ་སྡང་གིས་འགྲོ་བའོ།། གཏི་མུག་གིས་འགྲོ་བའོ།། འཇིགས་པས་འགྲོ་བའོ་ཞེས་མ་ཟེར་ཅིག། དགེ་སློང་མ་འདི་དག་ནི་འདུན་པས་འགྲོ་བ་མ་ཡི ་ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་པས། ཁྱོད་ཀྱིས་འདི་སྐད་ཅེས་འདུན་པས་འགྲོ་བའོ།། ཞེ་སྡང་གིས་འགྲོ་བ། ་གཏི་མུག་གིས་འགྲོ་བའོ།། འཇིགས་པས་འགྲོ་བའོ།། ཞེས་བྱ་བའི་ཚིག་གི་ལམ་དེ་ལྟ་བུ་ཐོང་ཤིག་ཅེས་བརྗོད་པར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་ཅེས ་བརྗོད་པ་ན། གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན། གཞི་དེ་གཏོང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒྲེ་བར་བྱ། ཡང་དག་པ ་བསྟན་པར་བྱའོ།། ལར་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན། ཆོས་འདི་ཡང ་ལན་གསུམ་གྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུ་རོ།། དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མེའོ།། འཐབ་མེ་བྱེད་ཅིང་གནས ་ལ་ཞེས་བྱ་བ་ནི། ཕྱོགས་གཉིསུ་གྱུར་པ་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིསོ།། ཕུ་ནུ་མེ་ཐབ་མོ་མ་བྱེད་ཅིག་ཅེས་བྱ་བ་ནི་ཕྱོགས་གཉིསུ་མ་བྱེད ་ཅིག་ཅེས།། ཁྲོས་ནས་ཞེས་བྱ་བ་ནི་ཡིད་མི་བདེ་ནས་སོ། འདི་སྐད་ཅེས་གང་གི་ཕྱིར་ཟབ་མོ་བྱེད་པ་ཁ་ཅི་ག་ལ་ནི་སྨྲ་བར་བྱེད་ལ། ཁ་ཅིག་ལ་ནི་སྨྲ་བར་མི་བྱེད་པས་ཞེ ་བྱ་བ་ནས། འཇིགས་པས་འགྲོ་བའོ་ཞེས་བྱ་བའི་བར་དུ་ཟེར་བའི་དགེ་སློང་མ་དེ་ལ་ཞེས་བྱ་བ་ནི། སྦོམ་དགའ་མོ་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ཆེས་འདི་པའི་རྣམས ་ཀྱིསོ།། འདི་སྐད་ཅེས་བྱ་བ་ནི་བཞམས་ཏེ་བསྒོ་བ་སྔ་མ་ཇི་ལྟ་བཞིན་དུ་བསྒོ་བར་བྱ་བའོ།། བཞམས་ཏེ་བསྒོ་བ་ན། གཞི་དེ་གཏོང་བ་དེ་ལྟ་ན་ལེགས་ཤེས་བྱ་བ་ནི། དེ་ལྔར་བཟང་བའི ་ཇི་སྟེ་གཏོང་བར་མི་བྱེད་ན་ཞེས་བྱ་བ་ནི་འདན་པས་འགྲོ་བའོ་ཞེས་བྱ་བ་ལ་སོགས་པའི་ཚིག་དེའི།། ལན་གཉིས་ལན་གསུམ་གྱི་བར་ད་ཡང་དག་པར་བསྒྲེ།། ཡང་དག་པར་བསྟན་པ ་