CLOSE WINDOW

L180: 'phags pa srid pa 'pho ba zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྫོགསྷོ།། རྒྱ་གར་གྱི་མཁན་པོ།། བིང་དྱ་ཀ་ར་སིང་ཧ་དང་། ལོ་ཙཱ་བ་བན་ངེས་ཡེ་ཤེས་སྙིང་པོས་བསྒྱུང་བ། རྒྱ་གར་སྐད་དུ། ཨཱརྱ་བྷ་བ་སང་ཀྲན་ཏི་ནཱ་མ་མཧཱ ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། འདི་སྐད་བདག་གིས ་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན། དགེ་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་ནས། ཆོས་སྟོན་ཏེ། ་ཚངས་པར་སྤྱོད་པ། ཐོག་པར་དག་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ།། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ་ཡོངསུ་དག་པ་ཡོངས་བྱང་བ། ཡང་དག ་བར་སྟོན་ཏོ།། དེའི་ཚེ་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུ་གས་ཅན་སྙིང་པོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི ་མཐུ་ཆེན་པོས་འོད་མའི་རལ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས ་ནས། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་ཇི་ལྟར་ན་ལས་བགྱིས་ཤིང་བསུགས་པ་འགགས་ནས། ཡུན་རིང་དུ་ལགས་པ་འགུམ་པའི་དུས་ཀྱི་ཆ་ཉེ་བར་གནས་ཤིང་ཡིད་ལ་མངོན་ཏུ་འགྱུར་ལགས། འདུ་བྱེད་ཐང་སྟོང་པ་ལ ་ཇི་ལྟར་ལས་རྣམས་ཆབ་མི་འཚལ་བར་གངལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་ངྒའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སིང ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། མི་ཞིག་ཉལ་བའི་རྨི་ལམ་ན། ཡུལ་གྱི་བུད་མེད་བཟང་མོ་དང་། ལྷན་ཅིག་ཏུ་ཡོངསུ་སྤྱོད་པ་རྨིས་ལ། དེ་ཉལ་བ ་ལས་སད་ནས། ཡུལ་གྱི་བུད་མེད་བཟང་མོ་དེ་དྲན་ན། རྒྱལ་པོ་ཆེན་པོ་འཛི་ཇི་སྙམ་དུ་སེམས། རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་དེ་ཡོད་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ ་མཆིས་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། འོ་ན་གང་རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་ལ་མངོན་པར་ཞེན་པའི ་མི་དེ་ཅི་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། ཅོམ་ལྡན་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྔ་ན་འདས་རྨི་ལམ་གྱི་ཡུལ་གྱི་བཟང་མོ་དང་། ཤིན ་མ་མཆིས་ཤིང་། མི་དམིགས་ལགས་ན། དེ་དང་ཡོངསུ་སྤོང་པ་ལྟ་ག་ལ་མཆིས་ཏེ། འདི་ལྟར་མི་དེ་ནི་ཕོངས་ཤིང་། དུབ་པའི་སྐལ་པ་ཅན་དུ་འགྱུར་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀྵ ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་། མིག་གིས་གཟུགས་རྣམས་མཐོང་ན། ཡིད་བདེ་བར་འགྱུར་བའི་གཟུགས་རྣམས་ལ་མངོན་པར ་ཞེན་ཏེ། མངོན་པར་ཞེན་པར་གྱུར་ནས། རྗེསུ་ཆགས་པར་འགྱུརོ།། ཀུན་ཏུ་ཆགས་པར་འགྱུར་རོ།། ཀུན་ཏུ་ཆགས་ནས། འདོད་ཆགས་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། ག་མུམ ་ལས་བྱུང་བ་དང་། ལུས་དང་། ངག་དང་། ཡིད་ཀྱིས་མངོན་པར་འདུ་བྱེད་དེ། ལས་དེ་མངོན་པར་འདུ་བྱས་པར་གྱུར་ནས་འག་གོ།། འགག་པ་ནི། ཤར་ཕྱོགསུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ ་ཕྱོགསུ་མ་ཡིན། ནུབ་ཕྱོགསུ་མ་ཡིན། བྱང་ཕྱོགསུ་མ་ཡིན། སྟེང་དུ་མ་ཡིན། འོག་ཏུ་མ་ཡིན། ཕྱོགས་མཚམ་སུ་བརྟེན་ཏེ། གནས་པ་མ་ཡིནོ།། དུས་གཞན་ཇི་ཙམ་ཞིག་ན། འཆི་བའི་དུས་དང་། ་ཆོད་ཉེ་བར་གནས་པའི་ཚེ། དེ་དང་སྐལ་པ་འདྲ་བའི་ཚེ། དེ་དང་སྐལ་པ་འདྲ་བའི་ལས་ཟད་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ། འདི་ལྟ་སྟེ་དཔེར་ན། ཉལ་ཉལ་བ་ལས་སང་བའི་མིའི་ཡུལ ་གྱི་བུད་མེད་བཟང་མོ་ལྟ་བུར་ལས་དེ་ཡིད་ལ་མངོན་དུ་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལྟར། རྣམ་པར་ཤེས་པ་ཐ་མ་འགག་ཅིང་། སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་ངོ་།། ་ཡང་ན་ནི་ལྷའི་ནང་དུ། ཡང་ན་ནི་མིའི་ནང་དུ། ཡང་ན་ནི་སེམ་ས་ཅན་དམྱལ་བ་རྣམས། ཡང་ན་ནི་དུད་འགྲོ་རྣམསུ། ཡང་ན་ནི་ཡིད་དྭགས་རྣམསུ་འབྱུང་བར་འགྱུརརོ།། རྒྱལ་བ ་ཆེན་པོ།། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ། གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པ་དེ་དང་སྐལ་པ་འདྲ་བའི་སེམས་ཀྱི་རྒྱུད་འབྱུང་ངོ་།། རྒྱལ་པོ་ཆེན་པོ་དེ་ལ་ཆོས ་གང་ཡང་། འཇིག་རྟེན་འདི་ནས། འཇིག་རྟེན་ཕ་རོལ་ཏུ་འཕོ་བ་ཡང་མེད་ལ་འཆི་འཕོ་དང་། སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་དེ་ལ་གང་། རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི།། ་འཆི་འཕོ་ཞེས་བྱ། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའོ།། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོ།། རྣམ་པར་ཤེས་པ་དང་པོ ་སྐྱེ་བའི་ཆར་གཏོགས་པར་འགྱུར་བའི་ཚེ་གང་ནས་ཀྱང་མི་འོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་དང་བྲལ་བའི་ཕྱིར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ ་ཐ་མ་ནི། རྣམ་པར་ཤེས་པ་ཐ་མས་སྟོང་། འཆི་འཕོ་ནི་འཆི་འཕོ་སྟོང་། ལས་ནི་ལས་ཀྱིས་སྟོང་། རྣམ་པར་ཤེས་པ་དང་པོ་ནི། རྣམ་པར་ཤེས་པ་དང་པོས་སྟོང་། སྐྱེ་བ་ནི་སྐྱེ་བས་སྟོང་ལ། ་ལས་རྣམས་ཆུད་མི་ཟ་བར་མངོན་པར་ཡང་ཡོད་དོ།། རྒྱལ་པོ་ཆེན་པོ།། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་འགགས་མ་ཐག་ཏུ། བར་མ་ཆད་པར་གང་ལ། རྣམ་པར་སྨིན་པ ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་འབྱུང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེ་གས་པས་དེ་སྐད་གསུངས་ནས། སྟོན་པས་གཞན ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། འདི་དག་ཐམས་ཅད་མིང་ཙམ་སྟེ།། འདུ་ཤེས་ཙམ་དུ་གནས་པ་ཡིན།། བརྗོད་པ་ལ་ས་ནི་གཞན་གྱུར་པ། བརྗོད་པར་བྱ་བ་ཡོང་མ་ཡིན ་མིང་ནི་གང་དང་གང་གིས།། ཆོས་རྣམས་གང་དང་གང་བརྗོད་པ།། དེ་ལ་དེ་ནི་ཡོདང་མ་ཡིན།། འདི་ནི་ཆོས་རྣམས་ཆོས་ཉིད་དོ།། མིང་གིས་མིང་ཉིང་སྟོང་པ་སྟེ། མིང་ནི་མིང་གིས་ཡོང་མ་ཡིན། ་མིང་མེད་པའི་ཆོས་རྣམས་ཀུན།། མིང་གིས་ཡོངསུ་བརྗོད་པར་བྱས།། ཆོས་རྣམས་འདི་དག་ཡོད་མིན་ཏེ།། རྡོག་པ་ལས་ནི་ཀུན་ཏུ་འབྱུང་།། གང་གིས ་སྟོང་པར་རྣམ་རྟོག་པ།། རྟོག་པ་དེ་ཡང་འདི་ན་མེད།། མིག་གིས་གཟུགས་ནི་མཐོང་ངོ་ཞེས།། ཡང་དག་གཟིགས་པས་གང་གསུངས་པ།། འཇིག་རྟེན་ལོག་པའི་ངང་ཅན་ལ།། ཀུན་རྫོབ ་བདེན་པར་དེ་བསུངསོ།། འཚོགས་ནས་མཐོང་ཞེས་གང་དག་ཏུ།། འདྲེན་པས་རབ་ཏུ་བསྟན་མཛད་པ།། དེ་ནི་དོན་དམ་གདགས་པའི་སར།། བློ་དང་ལྡན་པས་བཀའ་སྩལ་ཏོ།། མིགས ་གཟུགས་རྣམས་མི་མཐོང་ཞིང་།། ཡིད་ཀྱིས་ཆོས་རྣམས་མི་རིག་པ།། དེ་ནི་བདེན་པ་མཆོག་ཡིན་ཏེ།། དེ་ལ་འཇིག་རྟེན་མི་དཔོག་སོ།། བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ ་ནས།། ཡུལ་མ་བ་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི ་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོང་ངོ་།། འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོག་སྷོ།། ། ་རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། དཱ་ནཱ་ཤི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ཏེ ་གཏན་ལ་ཕབ།། གླེགས་བམ་དུ་མ་ལ་གཏུགས་ཤིང་། ཞུས་དག་ཅི་ལྕོགས་བགྱིས། རྒྱལ་བའི་སྟན་པ་རྒྱས་པར་ཤོག།། རྒྱ་གར་སྐད་དུ། ཨཱརྱ་ཀ་ར་ཎཱ་བྱུང་ཧ ་