| Wylie | e-texts produced with BDRC’s OCR application |
མདོ་རྫོག་སྷོ།། ། རྒྱ་གར་སྐད། ཨཱརྱ་ཏ་ཐཱ་ག་ཏ་པྲ་བིམ་པ། པྲ་ཏི་ཤཱ་ཨ་ནུ་ཤང་ས། སམ་བརྣ་ནཱ་མ་དྷརྨ་པརྱ་ཡང་། བོད་སྐད་དུ། འཕགས་པར། ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལོ།། འདི་སྐད་བདག་གིས ་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུག་སོ།། དེའི་ཚེ་དགེ་སློང་རབ་ཏུ་མང་པོ་དག ་ཅིག་རིམ་གྲོའི་གནསུ་ལྷགས་ཏེ་འདུས་ནས། བར་སྐབས་དེར་གཏམ་འདི་ལྟ་བུ་ཞིག་གླེང་སོ།། ཁྱེད་ཅག་བྲམ་ཟེ་འམ། ཁྱིམ་བདག་དད་པ་ཅན་ཐོས་པ་འཛིན་པ། ཐོས་པ་བསུག་པ། ་དགེ་བ་ཇི་ལྟར་བྱ་ཞེས་ཚོལ་བ། ངོ་བཞིན་གཤེགས་པའི་གཟུགས་བརྙན་བྱ་སྤྲོ་བ་སྐྱེད་པ་དག་སྣང་ལ། དེ་དག་གལ་ཏེ་བདག་ཅག་གི་དྲུང་དུ་ལྷག་ནས། བཙུན་པ་བདག་དེ་བཞིན ་གཤེགས་པའི་གཟུགས་བསྟན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ། ཕན་ཡོན་ཅི་ཙམ་ཞིག་མཆིས་པར་རིག་པར་བགྱི་ཞེས་རྨེད་ན། དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད ་པ་ལ་ཕན་ཡོན་ཅི་ཙམ་ཞིག་ཡོད་པ། བདག་ཅག་གིས་མི་ཤེས་ཏེ། དེའི་ཚེ་དེ་དག་ལ་བདག་ཅག་གིས་ཇི་ལྟར་ཆོས་དང་འཐུན་པར་ལན་གདབ་པར་བྱ། གང་དོན་འདི་དག་ཉིད་ནི། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེ་ན་པ། ཐམས་ཅད་གཟིགས་པ། ཐེ་ཙོམ་ཐམས་ཅད་གཅོད ་བར་མཛད་པ། སྟོན་པ་དེ་ལ་བདག་གིས་ཞུའོ།། འོན་ཏང་བཅོམ་ལྡན་འདས་དེ་བདག་ཅག་ལ་ལུང་སྷོ། ན་བར་མཛད། བདག་ཅག་གིས་དེ་བཞིན་དུ་བཟུང་ནས། ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་རྣམས་ལ་རྒྱ་ཆེར་ཕྱེ་སྟེ་ལན་གདབ་པར་བྱའོ་ཞེས་བགྲོ་སོ།། དེ་ནས་དགེ་སློང་རབ་ཏུ་མང་པོ་དག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིནས ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས་དགེ་སློང་མང་པོ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། བཙུན་པ་བདག་ཅག་དགེ་སློང་རབ་ཏུ་མང་པོ་དག་རིམ་གྲོའི་གནས་དེར་ལྷགས་ཏེ། འདུས་བྱས་པ་དང་། བར་དེར་བཀའ་མཆིད་འདི་ལྟ་བུ་ཞིག་གླེངས་ཏེ་ཁྱེད་ཅག་བྲམ ་ཟེ་འམ། ཁྱིམ་བདག་དད་པ་ཅན་ཐོས་པ་འཛིན་པ། ཐོས་པ་སྩོགས་པ། དགེ་བ་ཇི་ལྟར་བགྱི་ཞེས་ཚོལ་བ་དེ་བཞིན་གཤེགས་པའི་གཟུགས་བརྙན་གྱི ་བར་སྤྲོ་བ་བསྐྱེས་པ་དག་གདའ་ལ་དེ་དག་གལ་ཏེ། བདག་ཅག་གི་དྲུང་དུ་མཆིས་ནས། བཙུན་པ་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན ་ཅི་ཙམ་ཞིག་མཆིས་པར་རིག་པར་བགྱི་ཞེས་རྨེད་ན། དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པ་ལ་ཕན་ཡོན་ཅི་ཙམ་ཞིག་མཆིས་པ་བདག་ཅག་གིས་མ་འཚལ་ན། དེའི་ཚེ་དེ ་ངག་ལ་བདག་ཅག་གིས་ཇི་ལྟར་ཆོས་དང་འཐུན་པར་ལན་གདབ་པར་བགྱི། གང་དོན་དེ་དག་ཉིད་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིག་ས་པ། ཐེ་ཙོམ་ཐམས་ཅད་གཅོད་པར་མཛད་པ། སྟོན་པ་དེ་ལ་བདག་ཅག་གིས་ཞུ་བར་བགྱིའོ།། འོན་ཀྱང་བཅོམ ་ལྡན་འདས་དེ་བདག་ཅག་ལ་ལུང་སྟོན་པར་མཛད་དེ། བདག་ཅག་གིས་དེ་བཞིན་དུ་བཟུང་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ལ་རྒྱ་ཆེར་ཕྱེ་སྟེ། ལན་གདབ་པར་བགྱིའོ།། ་སྙམ་བགྱིད་དོ།། བཙུན་པ་བཅོམ་ལྡན་འདས་དོན་དེ་དག་ཉིད་བདག་ཅག་ཞུ་ཞིང་མཆིས་ན། བཙུན་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ་ཕན ་ཡོན་ཅི་ཙམ་ཞིག་མཆིས་པར་རིག་པར་བགྱི། དགེ་སློང་དག་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་། ་བདེ་བའི་ཕྱིར་ཞུགས་ཏེ། ཁྱེད་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་དག་ཉིད་ཞུ་བར་སེམས་པ་ལེགསོ་ལེག་སོ།། དགེ་སློང ་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བསྟན་པར་བྱའོ།། དགེ་སློང་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན ་འདི་ལྔ་ཡོད་ཏེ་ལྔ་གང་ཞེ་ན། གཞལ་མེད་ཁང་ཆེན་པོར་གནས་པ་དང་། བོང་སྡེང་བཟང་པོར་གྲགས་པ་དང་། སྤྲོ་བ་མང་བ་དང་། ཚེ་རིང་བ་དང་། གྲགས་པ་དང་། ལྡན་པ་དང་། ་བདེ་བ་མང་བ་སྟེ། དགེ་སློང་དག་འདི་ནི་དེ་བཞིན་གཤེ་གས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོ་འི་ཕན་ཡོན་དང་པོ་ཡིན་ནོ།། གཞན་ཡང་ཕྱུག་པ་དང་། ་ནོར་མང་བ་དང་། ལོངས་སྤྱོད་ཆེ་བ་དང་། ནོར་རྫས་དང་།། ཡོ་བྱད་མང་བ་དང་། བདག་དབང་བ་བདག་གིར་བྱ་བ་མང་བ་དང་། ནོར་དང་འབྲུ་དང་། དབྱིག་དང་། གསེར ་དང་། མཛོད་དང་། བང་བའི་ཚོགས་མང་བ་དང་། རྟ་དང་གླང་པོ་ཆེ་དང་། བ་ལང་དང་ལུག་དང་། བྲན་དང་བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་མང་བ་དང་། བློན་པོ ་དང་མཐའ་བཤེས་དང་། གཉེན་དང་། སྣག་གི་གཉེན་མཚམས་མང་པོར་འགྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི ་ཕན་ཡོན་གཉིས་པ་ཡིན་ནོ།། དགེ་སློང་དག་གཞན་ཡང་གཟུགས་བཟང་བ་དང་། བལྟ་ན་སྡུག་པ་དང་། མཛེས་པ་དང་། མདོག་གསེར་ལྟར་བཟང་བ་དང་། མགོ་གདུགས་ལྟར་ཟླུམ ་བ་དང་། ལག་པ་རིང་བ་དང་། འབྲལ་བ་དབྱེས་ཆེ་བ་དང་། སྨིན་མཚམས་པར་མ་ཆང་པ་དང་། ཡན་ལག་ཉིང་ལག་ཐམས་ཅད་དང་ལྡན་པ་དང་། རྒྱན་ཐམས ་ཅད་ཀྱིས་བརྒྱན་པར་འགྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གསུམ་པ་ཡིན་ནོ།། དགེ་སློང་དག་གཞན ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་། བུ་སྟོང་གིས་བསྐོར་བར་འགྱུར་ཏེ། དེའི་བུ་འམ་ཆུང་མ་འམ། བྲན་ནམ་ཉེ་བར་འཚོ་བ ་གང་ཡིན་པ་དེ་དག་ཐམས་ཅད་དེ་ལ་གུས་པར་ཉན་པ་དང་། བཀའ་ཉན་པར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག ་སྦྱིན་པ་པོའི་ཕན་ཡོན་བཞི་པ་ཡིན་ནོ།། དགེ་སློང་ངག་གཞན་ཡང་དེའི་ལུས་དང་བྲལ་ན། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུརརོ།། ་དེས་སྐྱེས་ནས་ལྷའི་རྒྱལ་པོ་ཁྱད་པར་ཅན་ལྷ་དང་། ལྷའི་བུ་མོ་རྣམས་ཀྱི་རྟེན་དུ་འགྱུར་ལ་གནས་བཅུ་པོ་ལྷའི་ཚེ་དང་། ལྷའི་མདོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། ་ལྷའི་དབང་ཕྱུགས་ལ་དབང་བྱེད་པ་དང་། ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིས་དགའ་བར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི ་གཟུགས་བརྙན་གང་ཟག་སྦྱིན་པ་པོའི་ཕན་ཡོན་ལྔ་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས ་པ་ལ་ཡིད་རངས་ཏེ། མངོན་པར་སྟོང་ངོ་།། འཕགས་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་གཞག་པའི་ཕན་ཡོན་ཡང་དག་པར་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས ་རྫོགསྷོ།། ། རྒྱ་གར་གྱི་མཁན་པོ་དྷརྨ་ཀ་ར་དང་། ལོ་ཙཱ་བ་བན་དྷེ་ཡེ་ཤེས་སྙིང་པོས་བསྒྱུར། བན་དྷེ་དཔལ་བརྩེགས་ཀྱིས་ཞུ་ཆེན་བགྱིས་ཏེ། བསྟན་ལ་ཕབ་པ།། ་རྒྱ་གར་སྐད་དུ། ཨཱརྱ་བུད་དྷ་ཨ་ནུ་སྨི་ཏེ། བོད་སྐད་དུ། འཕགས་པ་སངས་རྒྱས་རྗེསུ་དྲན་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། འདི་ལྟར་བཙོ ་