| Wylie | e-texts produced with BDRC’s OCR application |
རྒྱ་ལས་འགྱུར་བའི་བརྡའ་སྙིང་པར་སྣང་།། ། རྒྱ་གར་སྐད་དུ། བ་ཧུད་དྷཱ་ཏུ་ཀ་སཱུ་ཏྲེ། བོད་སྐད་དུ། ཁམས་མང་པོའི་མདོ།། འཇམ་དཔལ་གཞོན་ནུར་གྱུར་པ་ལ ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་མཉན་ཡོད་ནི། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུག་སོ།། ་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་པུ་དབེན་པར་སོང་སྟེ། ནང་དུ་ཡང་དག་བཞག་ན། སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྟེ། འཇིགས་པ་གང ་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱའི། མཁས་པ་ལས་ནི་མ་ཡིན་ནོ།། ཡམས་ཀྱི་ནང་གང་ད་ག་དང་། གནོད་པ་དང་། ནད་འགྲོ་བ་དང་། འཁྲུགས་པ ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི། བྱིས་པ་ལོས་སྐྱེའི། མཁས་པ་ལས་ནི་མ་ཡིན་ནོ་སྙམོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱེ་མ་རེང་ནང་དུ་ཡང་དག་པར་འཇོག ་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག། ཕྱོགས་གཅིག་ཏུ་འདུག་ནས། ་ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདིར་བདག་གཅིག་པུ་དབེན་པར་མཆིས་ཏེ། ནང་དུ་ཡང་དག་བཞག་ན། སེམས་ལ ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་ནི་མ་ལག་སོ།། ཡམས ་ཀྱི་ནང་གང་དག་དང་། གནོད་པ་དང་། ནང་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི། བྱིས་པ་ལས་སྐྱེའི། མཁས་པ་ལས་ནི་མ་ཡིནོ་སྙམོ།། ་ཀུན་དགའ་བོ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། དཔེར་ན་དའདམ་བུ་སྐམ་པོའི་ཁང་པ་འམ། རྩཝ་སྐམ་པོའི་ཁང་བ་འམ། སོགས་མ་སྐམ་པོའི་ཕུང་པོ་དག་མི་བཏང་ན། ་དེ་རྣམས་ཀྱང་ཚིག་པར་བྱེད་དོ།། དེ་བཞིན་དུ་འཇིག་ས་པ་གང་དག་འབྱུང་ཞིང་། སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་ནི་མ་ཡིན་ནོ།། ་ཁམས་ཀྱི་ནང་གང་དག་དང་། གནོད་པ་དང་། ནད་འགྲོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་ནི་མ་ཡིན།། ་ཀུན་དགའ་བོ་འདས་པའི་དུས་སུ་འཇིགས་པ་གང་དག་འབྱུང་ཞིང་སྐྱེས་པ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེས་ཀྱི། མཁས་པ་ལས་ནི་མ་ཡིན་ནོ།། ཡམས་ཀྱི་ནང་གང་དག་དང ་གནོད་པ་དག་དང་། ནང་འགྲོ་བ་དང་། འཁྲུག་པ་གང་དག་བྱུང་ཞིང་སྐྱེས་པ་དེ་དག་ཐམས་ཅད་ནི་བྱིས་པ་ལ་སྐྱེས་ཀྱི། མཁས་པ་ལས་ནི་མ་ཡིན།། ཀུན་དགའ་བོ་མ་འོངས་པའི་དུས ་འཇིགས་པ་གང་དག་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེ་བར་འགྱུར་གྱི། མཁས་པ་ལས་ནི་མ་ཡིན་ནོ།། ཡམས་ཀྱི་ནང་གང་དག་དང་། ་གནོད་པ་དང་། ནང་འགྲོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་ནི་མ་ཡིནནོ།། ཀུན་དགའ་བོ་དེ་ལྟར་ན་འདས་པ་དང་། མ་འོངས ་བ་དང་། ད་ལྟར་བྱུང་བའི་དུས་ངག་དུ་འཇིགས་པ་དང་བཅས་པ་ནི་བྱིས་པའོ།། འཇིགས་པ་མེད་པ་ནི་མཁས་པའོ།། ཡམས་ཀྱི་ནང་དང་བཅས་པ་ནི་བྱིས་པའོ།། ཡམས་ཀྱི་ནང་མེད་པ་ནི ་མཁས་པའོ།། གནོད་པ་དང་བཅས་པ་ནི་བྱིས་པའོ།། གནོད་པ་མེད་པ་ནི་མཁས་པའོ།། ནང་འགོ་བ་དང་བཅས་པ་ནི་བྱིས་པའོ།། ནད་འགྲོ་བ་མེད་པ་ནི་མཁས་པའོ།། འཁྲུགས ་བ་དང་བཅས་པ་ནི་བྱིས་པའོ།། འཁྲུག་པ་མེད་པ་ནི་མཁས་པའོ།། ཀུན་དགའ་བོ་འཇིགས་པ་དང་། ཡམས། ཀྱི་ནང་དང་གནོད་པ་དང་། ནང་འགྲོ་བ་དང་། འཁྲུག་པ་དག་ནི ་བྱིས་པ་ཡིན་གྱི། མཁས་པ་ནི་མ་ཡིན་པར་ཤེས་པར་བྱའོ།། ཀུན་དགའ་བོ་དེ་ལྟ་བས་ནི་བྱིས་པའི་ཆོས་དང་། མཁས་པའི་ཆོས་ཁོང་དུ་ཆུད་པར་བྱའོ།། བྱིས་པའི་ཆོས་དང་། མཁས ་པའི་ཆོས་དག་ཀྱང་ཁོང་དུ་ཆུད་ནས་ཀྱང་བྱིས་པའི་ཆོས་ནི་སྤང་བར་བྱའོ།། མཁས་པའི་ཆོས་ནི་ཡང་དག་པར་བླང་བར་བྱ་སྟེ། ཀུན་དགའ་བོ་དེ་ལྟར་དེ་བཞིན་དུ་བསླབ་པར་བྱའོ།། བཙུན་པ། ་ཇི་ཙམ་གྱིས་ནི། བྱིས་པ་བྱིས་པ་ཞེས་བྱ་བའི་གྲང་སུ་མཆི་བ་ལགས། ཀུན་དགའ་བོ་བྱིས་པ་ནི་ཁམས་ལ་མཁས་པ་མ་ཡིན་པ་དང་། སྐྱེ་མཆེད་ལ་མཁས་པ་མ་ཡིན་པ་དང་། རྗེན་ཅིང ་འབྲེལ་བར་འབྱུང་བ་ལ་མཁས་པ་མ་ཡིན་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་མ་ཡིན་པ་སྟེ། ཀུན་དགའ་བོ་དེ་ཙམ་གྱིས་ན། བྱིས་པ་བྱིས་པ་ཞེས་བྱ་བའི་གྲངསུ་འགྲོ་བ་ཡིན། ་བཙུན་པ་ཇི་ཙམ་གྱིས་ནི། མཁས་པ་མཁས་པ་ཞེས་བྱ་བའི་གྲངསུ་མཆིས་པ་ལགས། ཀུན་དགའ་བོ་མཁས་པ་ནི་ཁས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང ་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡིན་ཏེ། ཀུན་དགའ་བོ་ཇི་ཙམ་གྱིས་ན། མཁས་པ་མཁས་པ་ཞེས་བྱ་བའི་གྲངསུ་འགྲོ་བ་ཡིན་ནོ།། ་བཙུན་པ་ཇི་ཙམ་གྱིས་ན་མཁས་པ་ཁམས་ལ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི་ཁམས་བཅོ་བརྒྱད་པོ།། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ ་བར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་། ་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ་ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། ཀུན་དགའ་བོ་དེ་ལྟར་ན་ཁམས་བཅོ་བརྒྱད་པོ་ཡང་དག ་བ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིནོ།། གཞན་ཡང་ཁམས་དྲུག་པོ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་རླུང་གི་ཁམས་དང་། ནམཁའི་ཁམས་དང་། རྣམ་པར ་ཤེས་པའི་ཁམས་ཡང་དག་པར་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན།། ་གཞན་ཡང་ཁམས་དྲུག་པོ་འདོད་པའི་ཁམས་དང་། གནོད་སེམས་ཀྱི་ཁམས་དང་། རྣམ་པར་འཚེ་བའི་ཁམས་དང་། ངེས་པར་འབྱུང་བའི་ཁམས་དང་། གནོད་སེམས་མེད་པའི་ཁམས ་དང་། རྣམ་པར་འཚེ་བ་མེད་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན ་ཡང་ཁམས་དྲུག་པོ་བདེ་བའི་ཁམས་དང་། སྡུག་པ་སྦྲུལ་གྱི་ཁམས་དང་། ཡིད་བདེ་བའི་ཁམས་དང་། ཡིད་མི་བདེ་བའི་ཁམས་དང་། བཏང་སྙོམས་ཀྱི་ཁམས་དང་། ་མ་རིག་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས ་བཞི་པོ་ཚོར་བའི་ཁམས་དང་། འདུ་ཤེས་ཀྱི་ཁམས་དང་། འདུ་བྱེད་ཀྱི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང ་ཁམས་གསུམ་པོ།། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིནོ།། གཞན་ཡང་ཁམས ་གསུམ་པོ་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་འགོག་པའི་ཁམས་ངག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡི་ནོ།། གཞན་ཡང་ཁམས་གསུམ་པོ་འདས ་པའི་ཁམས་དང་། མ་འོངས་པའི་ཁམས་དང་། ད་ལྟར་བྱུང་བའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་དམན་པའི་ཁྲིམས ་དང་། བར་མའི་ཁམས་དང་། གྱ་ནོམ་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤེས་མཐོང་བ་ཡིན།། གཞན་ཡང་ཁམས་གསུམ་པོ་དགེ་བའི་ཁམས་དང་། མི་དགེ་བའི་ཁམས ་དང་། ལུང་དུ་མ་བསྟན་པའི་ཁམས་ངག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིནོ།། གཞན་ཡང་ཁམས་གསུམ་པོ་སློབ་པའི་ཁམས་དང་། མི་སློབ་པའི་ཁམས་དང་། སློབ་པ ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཁམས་ངག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གཉིས་པོ་ཟག་པ་བཅས་པའི་ཁམས་དང ་ཟག་པ་མེད་པའི་ཁམས་ངག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡི་ནོ།། གཞན་ཡང་ཁམས་གཉིས་པོ་འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས ་ངག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡི། ནོ།། ཀུན་དགའ་བོ་དེ་ཙམ་གྱིས་ན། མཁས་པ་ཁམས་ལ་མཁས་པ་ཡིན་ནོ།། བཙུན་པ་ཇི་ཙམ་གྱིས་ན། མཁས་པ ་སྐྱེ་མཆེད་ལ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི། སྐྱེ་མཆེད་བཅུ་གཉིས་པོ་མིག་གི་སྐྱེ་མཆེད་དང་གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། ་སྣའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆོད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆོད་དང་། ཆོས་ཀྱི་སྐྱེ་མཆེད་དག་ཡང་དག ་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། ཀུན་དགའ་བོ་ང་ཙམ་གྱིས་ན། མཁས་པ་སྐྱེ་མཆེད་ལ་མཁས་པ་ཡིན།། བཙུན་པ་ཇི་ཙམ་གྱིས་ན། མཁས་པ་རྟེན ་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཉིད་ལུགས་བཞིན་འབྱུང་བ་དང་། ལུགས་ལས་བཟློག་པ་འདི་ལྟ་སྟེ ་འདི་ལྟར་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང ་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱི་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན ་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྣེ་སྔ་གས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། ་འཁྲུག་པ་དག་འབྱུང་ཞིང་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཤིག་འབྱུང་བར་འགྱུར་རོ།། འདི་ལྟ་སྟེ། འདི་མེད་པས་འདི་མི་འབྱུང་། འདི་འགགས་པས་འདི་འགག་སྟེ། འདི་ལྟར ་མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས། རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགགས་པས། མིང་དང་གཟུགས་འགག། མིང་དང་གཟུགས་འགག ་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགག་པས། རེག་པ་འགག། རེག་པ་འགགས་པས། ཚོར་བ་འགག། ཚོར་བ་འགགས་པས། སྲེད་པ་འགག། སྲེད་པ་འགགས་པས། ལེན་པ། ་འགག། ལེན་པ་འགགས་པས། སྲིད་པ་འགག། སྲིད་པ་འགག་པས་སྐྱེ་བ་འགག། སྐྱེ་བ་འགགས་པས། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ་ཡིད་མི་བདེ་བ་དང་། འཁྲུག་པ་དག་འགག་ཅིང་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཤིག་འགག་པར་འགྱུར་བ་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། ཀུན་དགའ་བོ ་དེ་ཙམ་གྱིས་ན། མཁས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཡིན་ནོ།། བཙུན་པ་ཇི་ཙམ་གྱིས་ན། མཁས་པ་གནས་དང་། གནས་མ་ཡིན་པ་ལ་མཁས་པ་ལགས། ཀུན་དགའ ་བོ་མཁས་པ་ནི་གནས་ལས་གནས་དང་། གནས་མ་ཡི་ན་པ་ལས། གནས་མ་ཡིན་པ་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིནོ།། ཀུན་དགའ་བོ་འདི་ནི་གནས་མ ་ཡིན་ཞིང་པོ་སྐབས་མེད་པ་སྟེ། གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་དང་། ཡིད་ཀྱིས་ཉེས་པར་སྤྱད། པའི་རྣམ་པར་སྨིན་པ་འདོད་པ་དང་། སྡུག་པ་དང་། དགའ་བ ་དང་། ཡིད་དུ་འོང་བ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྦྱང ་རྣམ་པར་སྨིན་པ་འདོད་པ་མ་ཡིན་པ་དང་། སྡུག་པ་མ་ཡིན་པ་དང་། དགའ་བ་མ་ཡིན་པ་དང་། ཡིད་དུ་འོང་བ་མ་ཡིན་པ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་ཡིན།། ཀུན ་དགའ་བོ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་པ་སྟེ། གང་ལུས་ཀྱིས་ལེགས་པར་སྤང་བ་དང་། ངག་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་མ་ཡིན་པ ་དང་། སྡུག་པ་མ་ཡིན་པ་དང་། དཔའ་བ་མ་ཡིན་པ་དང་། ལི་དུ་འོང་བ་མ་ཡིན་པ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ན་གནས་མ་ཡིན་ནོ།། འདི་ནི་གནས ་ཡིན་ཏེ། གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་བ་དང་། སྡུག་པ་དང་། དགའ་བ་དང་། ཡིང་དུ་འོང་བ་དང་མངོན་པར ་འགྲུབ་པར་འགྱུར་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་གི་སྐབས་མེད་པོ་ནི། གང་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱད། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱད་ནས། ་རྒྱུ་དང་རྐྱེན་དེས་ལུས་ཞིག་ནས། བདེ་འགྲོ་མཐོ་རས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་ག་ནས་མ་ཡིནོ།། འདི་ནི་གནས་ཡིན་ཏེ།། གང་ལུས་ཀྱིས་ཉེས ་བོར་སྦྱད་པ་སྤྱད། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་བ་སྤྱད་ནས། རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་ཤི་ཕན། ཆང་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ ་བ་དག་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་ཡིན།། གནས་མ་ཡིན་ཞིང་གི་སྐབས་མེད་པ་ནི་གང་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱད། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱང་ན ་རྒྱུ་དེ་དང་རྐྱེན་ངེས་ལུས་ཞིག་ནས། ཤི་ཕན་ཆད་ངན་སོང་ངན་འགྲོ་རྣམ་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས ་ཡིན་ཏེ། གང་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱད། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་བ་སྤྱད་ནས། རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང ་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་འཇིག་རྟེན་དུ་གང་སྔ་ཕྱི་མེད་པར་འབྱུང་བ་འདི་ནི་གནས ་མ་ཡིན་ཏེ། གང་གཅིག་འབྱུང་བ་འདི་ནི་གནས་ཡིན།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་འཁོར་ལོས་སྒྱུར་བ་གཉིས་འཇིག་རྟེན་དུ་གང་སྔ་ཕྱི་མེད་པར་འབྱུང་བ་འདི་ནི་གནས ་མ་ཡིན་ཏེ། གང་གཅིག་འབྱུང་བ་འདི་ནི་གནས་ཡིནོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི། གང་བུང་མེང་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་དང་། བརྒྱ་བྱིན་ཉིད་དང་། ཚངས ་པ་ཉིད་དང་། བདུད་ཉིད་བྱེད་པར་འགྱུར་བ་དང་། རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་། བླ་ན་མེད་པར་ཡ་ང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར ་འཚང་རྒྱ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སྐྱེས་པ་གང་ཡིན་པའོ།། གནསམ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལྟ་བ་ཕུན་སུམ་ཆོག ་བའི་གང་ཟག་བསམས་བཞིན་དུ་ཕ་དང་མ་དང་། དགྲ་བཅོམ་པ་གསོད་པར་འགྱུར་བ་དང་། དགེ་འདུན་གྱི་དབེན་བྱེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག ་འབྱིན་པར་འགྱུར་བ་ནི་གནས་མ་ཡིན།། འདི་ནི་གནས་ཡིན་ཏེ། སོ་སོའི་སྐྱེ་བོ་གང་ཡིན་པའོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག ་བསམས་བཞིན་དུ་སྲོགས་ཆགས་ཀྱི་སྲོག་གཅོད་པར་འགྱུར་བ་དང་། བསླབ་པ་བཏང་ནས་ཉམས་པ་ལ་འཇུག་པ་འགྱུར་བ་དང་། འདི་ལས་ཕྱི་རོལ་པ་གཞན་དག་ལ་ཡོན་གནས་སུ ་ཚོལ་བར་འགྱུར་བ་དང་། འདི་ལས་ཕྱི་རོལ་པ་གཞན་དག་ལ་སྟོན་པར་ལྟ་བར་འགྱུར་བ་དང་། དགེ་མཚན་དང་། བཀྲ་ཤིས་དག་གིས་དག་པར་ཡིད་ཆེས་པར ་འགྱུར་བ་དང་། དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ་དེ་དག་ཤེས་པར་བྱ་བ་ཤེས་ཤིང་བལྟ་བར་བྱ་བ་མཐོང་ངོ་སྙམ་ནས། དགེ་སྦྱོང་དང་བྲམ་ཟེ་གཞན་དག་གིས་ངོར་རྟོག་ཅིང ་ངོར་ལྟ་བར་འགྱུར་བ་དང་། སྲིད་པ་བརྒྱད་པ་མངོན་པར་བསྒྲུབས་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སོ་སོའི་སྐྱེ་བོ་གང་ཡིན་པའོ།། གནས་མ་ཡིན་ཞིང ་གོ་སྐབས་མེད་པ་ནི། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགསུ་གྱུར་པ་དང་། མྱ་ངན་ལས་འདས་པར་མི ་འགྱུར་བ་གང་སྒྲིབ་པ་ལྔ་པོ་མ་སྤངས་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞག་ནས། གནས་པར་འགྱུར་བ་འདི་ནི་གནས་མ་ཡིནོ།། ། ་འདི་ནི་གནས་ཡིན་ཏེ། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགསུ་གྱུར་པ་དང་། མྱ་ངན་ལས་འདས་པར་མི་འགྱུར་བ ་གང་སྒྲིབ་པ་ལྔ་པོ་སྤངས་པས་ནི། དྲན་པ་ཉེ་བར་བཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞག་ནས་གནས་པར་འགྱུར་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་པོ ་སྐབས་མེད་པ་ནི་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགསུ་གྱུར་པ་དང་། མྱ་ངན་ལས་འདས་པར་མི་འགྱུར་བ་གང་སྒྲིབ ་བ་ལྔ་པོ་མ་སྤངས་པས་ནི། དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞག་པ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པ་འདི་ནི་གནས་མ་ཡིནོ།། འདི་ནི་གནས ་ཡིན་ཏེ། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུང་པའི་ཕྱོགསུ་གྱུར་པ་དང་། མྱ་ངན་ལས་འདས་པར་མི་འགྱུར་བ་གང་སྒྲིབ་པ་ལྔ ་པོ་སྤངས་པས་ནི། དྲན་པ་ཉེ་བར་བཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་གཞག་ནས་གནས་པ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པར་འགྱུར་བ་འདི་ནི་གནས་ཡིན།། ་གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེ་ད་པ་དང་། ཆུང་བའི་ཕྱོགསུ་གྱུར་པ་དང་། མྱ་ངན་ལས ་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་མ་སྤང་བས་ནི། དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་གཞག་ནས་གནས་པ་ན། བྱང་ཆུབ་ཀྱི་ཡན ་ལག་བདུན་སྒོམས་ཏེ། རང་བྱང་ཆུབ་མངོན་ཏུ་བྱེད་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི ་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམས་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགསུ་གྱུར་པ་དང་། མྱ་ངན་ལས ་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་སྤངས་པས་ནི། དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་གཞག་ནས་གནས་པ་ན། བྱང་ཆུབ་ཀྱི་ཡན་ལག་བསྒོམ ་སྟེ། རང་བྱང་ཆུབ་མངོན་ཏུ་བྱེད་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི།། ་གནས་ཡིན་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན། མཁས་པ་གནས་དང་། གནས་མ་ཡིན་པ་ལ་མཁས་པ་ཡིན་ནོ།། བཙུན་པ་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར ་གཟུང་བར་བགྱི། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ནི་ལེའུ་བཞི་པ་ཞེས་བྱ་བར་ཡང་ཟུང་ཤིག། ཆོས་ཀྱི་མེ་ལོང་ཞེས་བྱ་བར་ཟུང་ཤིག། བདུད་རྩིའི་རྔ་བོ་ཆེ་ཞེས་བྱ་བར ་ཟུང་ཤིག། ཁམས་མང་པོ་པ་ཞེས་བྱ་བར་ཟུང་ཤིག། དེ་བས་ན་ཁམས་མང་པོ་ཞེས་བྱ་བ་ནི། ཆོས་ཀྱི་རྣམ་གྲངས་འདིའི་ཚིག་བླ་དགས་ཡིན་ནོ།། ཁམས་མང་པོ་ཞེས་བྱ་བའི། ་མདོ་རྫོག་སྷོ།། ། རྒྱ་གར་སྐད། ཨཱརྱ་ཏ་ཐཱ་ག་ཏ་པྲ་བིམ་པ། པྲ་ཏི་ཤཱ་ཨ་ནུ་ཤང་ས། སམ་བརྣ་ནཱ་མ་དྷརྨ་པརྱ་ཡང་། བོད་སྐད་དུ། འཕགས་པར། ་