| Wylie | e-texts produced with BDRC’s OCR application |
། མཚུངས་པའི་གྲོག་སུ་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དི་སྐད་ཅེས་བཀའ་སྩལ་ནས།། འཁོར་འདུས་པ་ཐམས་ཅད་རང་གི་གནསུ་དོང་སྟེ། བསོད་ནམས་མངོན་པར་འདུ་བྱེད་ཅིང་། ་རབ་ཏུ་དགའ་བས་དགའ་བཞིན་དུ་སྤྱོད་པར་གྱུར་ཏོ།། འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བའི་མདོ།། རྫོགས་སྤོ།། ། ཞུ་ཆེན་གྱི་ལོ་ཙཱ་བ་བན་རྗེ་ཆོས་གྲུབ་ཀྱིས་རྒྱ་གར་དང ་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཤིཀྵ་ཏྲ་ཡ་ནཱ་མ་སཱ་ཏྲ། བོད་སྐད་དུ། བསླབ་པ་གསུམ་གྱི་མདོ་ཞེས་བྱ་བ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བག་ལ་ཚ་ལོ།། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག། ན། བཅོམ་ལྡན་འདས་ཡུལ་སྦེང་བྱེད་ན་ལྗོས་རྒྱུ ་བདག་ཟོང་སྐྱིལ་བུ་སྔོན་དུ་བྱོན་ཏེ། གྲོང་སྐྱིལ་བུ་ཅན་གྱི་གྲོང་གྲོ་ང་ཕྱོག། སཱ་ཀྲི་ཤྲཱི་ས་ལའི་ཚལ་ནཱ། དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐུབས་གཅིག་ཏུ་ནུས།། དེ་ནས་བརྩམ། ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དཀའ་སྩལ་པ། དགེ་སློང་དག་འདི་དག་ནི་ཚུལ་ཁྲིམས་ཡིན་ནོ།། འདི་ནི་འཛིན་ཡིན་ནོ།། འདི་ནི་ཤེས་རབ་ཡིན་ནོ།། དགེ་སློང་དག་ཚུལ ་བྲིམས་ལ་གོམས་པར་བྱས་ན། ཏིང་འཛིན་ལ་ཡུན་རིང་དུ་གནས་པར་འགྱུར།། ཏིང་འཛིན་ལ་གོམས་པར་བྱས་ན། ཤེས་རབ་ཐོབ་པར་འགྱུར།། ཤེས་རབ་ལ་གོམས་པར ་བྱས་ནས།། འདི་ལྟ་སྟེ། འདོད་ཆགས་དང་།། ཞེ་སྡང་དང་། གཏི་མུག་དག་ལས།། སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུརརོ།། དེ་ལྟར་སེམས ་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བའི་འབོགས་པའི་ཉན་ཐོས་ཀྱིས་ནི།། བདག་གི་ཟག་པ་འདི་ཟད་དོ།། ཚངས་པར་སྤྱོད་པ་ནི་བསྟེན་ཏོ།། བྱ་བ་ནི་བྱས་སོ།། འདི་ལས་སྲིད་པ་གཞན་མི ་ཤེས།། ཞེས་ཡང་དག་པ་ཁོ་ནར་ཤེས་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ།། བཅོམ་ལྡན་འདས་ཀྱིས་གསུངས་པ ་ལ་མངོན་པར་བསྟོད་དོ།། །། བསླབ་བ་གསུམ་གྱི་མདོ། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨརྱ་ཀཱ་ཡ་ཏཱི་ན་མ་མ་ཧཱ་ཡཱ་ན་སཱ་ཏྲ། ངོང་སད་དུ། འཕགས་པ་སྐུ་གསུན ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས ་རྒྱལ་པོའི་ཁང་བྱ་རྒོད་ཕུང་པོ་རེ་རི་ལ་བཞུག་སོ།། བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་པ་དང་། ལྷ་དང་ཀླུ་དང་། འཁོར་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་ཏེ། ་བཅོམ་ལྡན་འདས་ལ་བཀུར་སྟིར་བགྱིད་ཅིང་མཆོད་དོ།། དེའི་ཚེ་འཁོར་དེས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་འདུག་པ་སྟན་ལས་ལངས་ནས། བཅོམ་ལྡན་འ ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལ་སྐུ་དུ་མངའ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔའི་སྙིང་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་སྐུ ་གསུམ་མང་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ་གསུམ་ནི་རང་བཞིན་རྣམ་པར་དག་པ་ནི་ཆོས ་