| Wylie | e-texts produced with BDRC’s OCR application |
གཅིག་སྟེ་རྫོག་སྷོ།། །། སྔོན་རྒྱ་ལས་འགྱུར་བའི་རྙིང་པ་སྐད་གསར་གྱིས་མ་བཅོས་པར་སྣང་།། ། བོད་སྐད་དུ། འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བ ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱང ་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགསོ་།། དེའི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཚད་མེད་པ་དང་། ལྷ་དང་མིའི་འཁོར་མང་བས ་ཡོངསུ་བསྐོར་ཅིང་། སེམས་རྩེ་གཅིག་ཏུ་ཆོས་ཉན་པ་དགྲ་ལ་ཆོས་སྟོན་པར་མཛོད།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སེམས་ཅན་རྣམས་ཀྱི་ཆེད་དུ། བཅོམ་ལྡན་འདྲ ་པ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ད་ལྟར་འཇིག་རྟེན་ན་རྣམ་པ་གཅིག་ཏུ་མིར་སྐྱེས་པར་མཚུངས་པ་ལ། ཁ་ཅིག་ནི་སྡུག་ཅིང་ཁ་ཅིག་ནི་བྱད་བཞིན་མི་སྡུག་པ ་ཁ་ཅིག་ནི་དཔའ་ཞིང་། ཁ་ཅིག་ནི་ཞན་པ་དང་། ཁ་ཅིག་ནི་དཔྲལ་ཞིང་། ཁ་ཅིག་ནི་ཕྱུག་པ་དང་། ཁ་ཅིག་ནི་སྡུག་བསྔལ་ཞིང་། ཁ་ཅིག་ནི་བདེ་བ་དང་ལྡན་པ་དང་། ཁཅིག་ནི ་། ཡ་རབ་སུ་གྱུར་ཅིང་། ཁ་ཅིག་ནི་མ་རབ་སུ་གྱུར་ཏེ། སྒྲ་དབྱངས་མི་མཚུགས་ཤིང་། སྐད་ཐ་དད་པར་གྱུར་པ་དང་། ཁ་ཅིག་ནི་ལོ་བརྒྱར་ལོན་ཀྱང་འཆི་བར་མི་འགྱུར་ལ། ་ཁ་ཅིག་ནི་ལོ་སུབ་ཅུ་ལོན་ནས་སྔར་མགུམ་པ་དང་། ཁ་ཅིག་ནི་ལོ་བཅཝ་ལྔ་ལོན་ནས་གློ་བུར་འཆི་བ་དང་། ཁ་ཅིག་ནི་མའི་མངལ་ཉིད་དུ་འགུམ་པ་དང་། ཁ་ཅིག་ནི་བྱད་བཞིན་སྡུག ་ཅིང་མཛེས་དང་། ཁ་ཅིག་ནི་དབུལ་ཞིང་མ་རབ་སུ་གྱུར་ལ་བྱང་བཞིན་མ་སྡུག་པ་དང་། ཁ་ཅིག་ནི་ཕྱུག་ཅིང་ཡ་རབས་སྐྱེ་བ་དང་། ཁ་ཅིག་ནི་དཔའ་ཞིང་དམན་པར་གྱུར་ལ། ཁ་ཅིག ་ནི་ཞན་ཅིང་རིགས་མཐོན་པོར་སྐྱེས་པ་དང་། ཁ་ཅིག་ནི་སྡུག་བསྔལ་ཞིང་ཚེ་རིང་བ། ཁ་ཅིག་ནི་བདེ་ཞིང་ཚེ་ཐུང་བ་དང་། ཁ་ཅིག་ནི་དགེ་བ་སྤྱད་ཀྱང་། ནིངས་སྐྱོན་དང་བཅས་པར ་འགྱུར་ལག་ཁ་ཅིག་ནི་སྡིག་པ་བགྱིས་ཀྱང་བསོད་ནམས་ཀྱི་ཕན་ཡོན་ཐོབ་པ་དང་། ཁ་ཅིག་ནི་ཚེ་ཞིང་དཀར་ཡང་མིག་ལ་ཡོར་གྱུར་ཅིང་མི་གསལ་ལ། ་ཁ་ཅིག་ནི་སྡེ་ཞིང་གནག་ཀྱང་མངལ་བྱད་དང་ལྡན་པ་དང་། ཁ་ཅིག་ནི་ཐུང་ཞིང་བོང་ཐུང་ཡང་། སེམས་རྩལ་དང་ལྡན་པ་དང་། ཁ་ཅིག་ནི་རིང་ཞིང་བོང་ཆེན་ཡང་གཞན་དག ་གི་གཡོག་བགྱིད་པ་དང་། ཁ་ཅིག་ནི་བུ་ཚ་མང་ལ། ཁ་ཅིག་ནི་གཅིག་པུ་གནས་པ་དང་། ཁ་ཅིག་ནི་སླང་རོལ་དུ་རྒྱུ་ཞིང་བཀྲུས་པ་དང་། གྲང་བ་དག་གི་ཉེན་པར་འགྱུར། ཁ་ཅིག་ནི ་ཁྱིམ་ན་གནས་ཀྱང་ལོས་ཟས་དག་ལ་དགའ་འབྱོར་པ་དང་། ཁ་ཅིག་ནི་གཞོན་པའི་ཚེ་དབུལ་ཞིང་ཕོངས་ལ། རྒས་པའི་ཚེ་གདོད་ཕྱུག་པོར་འགྱུར་བ་དང་། ཁ་ཅིག་ནི་ཡུས ་མ་མཆིས་བཞིན་དུ་ཡང་། ནོངས་པ་མ་མཆིས་བར་ནན་གྱིས་གོ་ར་ར་སྩལ་བ་དང་། ཁ་ཅིག་ནི་ཕ་མ་ཡང་སྙིང་རྗེ་དང་ལྡན་པ། བུ་ཡང་སྲི་ཞུ་ཆེ་ཞིང་མདོ་སྡེ་དང་གཙུག་ལག ་བི་དེན་གླེང་བར་བགྱིད་ལ། ཁ་ཅིག་ནི་ཕོ་ནུ་བེ་སོ་སོར་ཕྱེ་ནས་འཐབ་ཅིང་རྩོད་པར་བགྱིདང་པ་དང་། ཁ་ཅིག་ནི་ཁང་ཁྱིམ་དག་བརྩིགས་ནས། འབྱོར་པ་སྣ་ཚོགས་དང་ལྡན་ལ། ཁ་ཅིག ་ནི་ཁང་ཁྱིམ་མ་མཆིས་པས། གཞན་དག་ལ་རྟེན་པ་དང་། ཁ་ཅིག་ནི་བྱ་འདབ་ཆགས་བཞིན་དུ་ཤིང་དང་ཐང་ལ་གནས་པ་དང་། ཁ་ཅིག་ནི་གཅན་ཟན་གྱི་རྣམ་པ་དང་མཚུངས ་ཤིང་སྤུའི་གོས་དང་ལྡན་པ་ཟ་སུ་རྩ་འཚལ་ཞིང་ཁྲག་འཐུང་བ་དང་། ཁ་ཅིག་ནི་ཡི་གེ་མ་འཚལ་བ་དང་། ཁ་ཅིག་ནི་ཅི་ཡང་མ་བགྱིས་པར་བདེན་པར་རྣམ་པར་སྨིན་པ་མྱོང ་བར་འགྱུར་ལ། ཁ་ཅིག་ནི་སླ་བར་བགྱིད་པའི་གན་ས་ཀྱང་མི་རྙེད་པ་དང་། ཁ་ཅིག་ནི་དབང་པོ་གསལ་བས་ཤེས་པ་དང་ལྡན་ལ། ཁ་ཅིག་ནི་དབང་པོ་མི་གསལ ་བས་ཤེས་པ་དང་ལྡན་པ་དང་། ཁ་ཅིག་ནི་བཙལ་ན་གདེད་ཐོབ་པར་འགྱུར་ལ། ཁ་ཅིག་ནི་བཙལ་བར་ཡང་རྙེད་པར་འགྱུར་བ་དང་། ཁ་ཅིག་ནི་ཕྱུག་ཀྱང་སར་སྣ་ཚ་ལ། ཁ་ཅིག ་ནི་དབུལ་པོར་གྱུར་ཀྱང་གཏོང་བ་ལ་དགའ་བ་དང་། ཁ་ཅིག་ནི་ཚིག་སྨྲས་པ་རྣམས་མཉེན་ཞིང་དེས་ལ། ཁ་ཅིག་ནི་ཚིག་པ་རྣམས་གཏུམ་ཞིང་བརླད་པ་དང་། ཁ་ཅིག་ནི་མང ་བེ་ཀུན་གྱིས་བཀུར་ཞིང་སྙིང་དུ་སྡུག་པར་འགྱུར་ལ། ཁ་ཅིག་ནི་མང་པོ་ཀུན་གྱིས་ཐག་རིང་དུ་སྤོང་བར་བགྱིད་པ་དང་། ཁ་ཅིག་ནི་བྱམས་པའི་སེམས་ཀྱིས་སྲོག་ཆགས ་། གསོ་བར་བགྱིད་ལ་ཁ་ཅིག་ནི་སྲོག་ཆགས་དཔག་ཏུ་མ་མཆིས་བདག་གསོད་པར་བགྱིད་པ་དང་། ཁ་ཅིག་ནི་ཡངས་པ་མང་པོ་ཀུན་གྱིས་ཡིད་དུ་མཆི་བར་འགྱུར་ལ། ་ཁ་ཅིག་ནི་གཞན་དག་གིས་སྤོང་བར་བགྱིད་པ་དང་། ཁ་ཅིག་ནི་ཆུང་མ་དང་གྱོས་སྐྱུག་ལ་སོགས་པས་སྔ་བར་འགྱུར་ལ། ཁ་ཅིག་ནི་གཉེན་བཤེས་ཀུན་དགའ་བར་འགྱུར་བ ་དང་། ཁ་ཅིག་ནི་ཆོས་ཀྱི་ཚིག་མཉམ་པར་དགའ་བ་དང་། ཁ་ཅིག་ནི་མདོ་སྡེ་ཐོས་ནས་གཉིད་ལེག་བགྱིང་པ་དང་།། ཁ་ཅིག་ནི་དཔའ་ཞིང་རྩལ་དང་ལྡན་ཡང་ཞེས་མ་མཆིས ་ལ། ཁ་ཅིག་ནི་ཚིག་འབྲུ་དང་དོན་དག་ལ་སློབ་པར་མོས་པ་དང་། ཁ་ཅིག་ནི་དུད་འགྲོའི་དབྱིབས་ཐ་དད་བ་སྣ་ཚོགས་བགྱིས་པ་དག་གདའ་ན། བཅོམ་ལྡན་འདས་དེ་དག ་གི་འབྲས་བུ་གང་ལགས་པ་རྒྱ་ཆེར་བཀས་བཤང་དུ་གསོལ་འཁོར་མང་པོ་རྣམས་ཀྱིས་ཟོས་ཤིང་རྟག། ས་པར་འགྱུར་ལ་སེམས་རྩེ་གཅིག་ཏུ་དགེ་བ་ལ ་གཞོལ་བར་འགྱུར་བ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དཔའ་བོ་ཁྱོད་ཀྱིས་ཇི་སྐད་དྲིས་པ་དེ་དེ་བཞིན་ཏེ། རྣམ་པར་སྨིན་པ་མྱོང་བར་མི་མཚུངས ་པར་གྱུར་པ་དེ་དག་ཐམས་ཅད་ནི། ཚེ་འབས་སྔ་མ་དག་ལ་སེམས་ཅན་སྤྱོད་པ་མི་མཉམ་པའི་དབང་བས་ན། ཐ་དད་པའི་བྱེ་བྲག་བརྒྱ་སྟོང་མང་པོ་མྱོང་བར་གྱུར་པ་ཡིན ་ཏེ། ཚེ་འདི་ལ་བྱང་བཞིན་སྡུག་པ་གང་ཡིན་པ་དེ་ནི། བཟོད་པ་དང་དུ་བླངས་པས་ལས་འོངས་པ་ཡིནོ།། བྱང་མི་སྡུག་པ་གང་ཡིན་པ་དེ་ནི། ཁོང་ཁྲོ་བ་ལས་འོང་བ་ཡིན ་ནོ།། མིར་གྱུར་ཀྱང་དངུལ་པོར་གྱུར་པ་གང་ཡིན་པ་དེ་ནི།། སེར་སྣ་བྱས་པ་ལས་འོངས་པ་ཡིནོ།། མིར་གྱུར་ཀྱང་ཕྱུག་པོར་གྱུར་པ་གང་ཡིན་པ་དེ་ནི། སྦྱིན་པ་བཏང་བ་ལས་འོངས་པ་ཡིན་ནོ།། ་ཡ་རབས་མཐོན་པོར་གྱུར་པ་གང་ཡིན་བདེ་ནི། གཞན་དག་ལ་གུས་པར་ཕྱག་བྱས་པ་ལས་འོངས་པ་ཡིན།། མ་རབ་སུ་གྱུར་པ་གང་ཡིན་པ་དེ་ནི།། ང་རྒྱལ་བྱས་པ་ལས་འོངས་པ ་ཡིན་ནོ།། མིར་གྱུར་ཀྱང་ལུས་རིང་ཞིང་བོང་ཆེ་བ་གང་ཡིན་པ་དེ་ནི།། གུས་པས་བཀུར་བསྟི་བྱས་པ་ལས་འོངས་པ་ཡིན་ནོ།། ལུས་ཐུང་ངུ་གང་ཡིན་པ་དེ་ནི།། ཆོས་ལས་བརྙས་པ ་ལས་འོངས་པ་ཡིནོ།། མིར་གྱུར་ཀྱང་བཀའ་བློ་མི་བདེ་བ་དེ་ནི། སྔོན་ལུག་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མནག་ཅིང་རིང་བ་གང་ཡིན་པ་དེ་ནི། དེ་བཞིན ་གཤེགས་པའི་སྣང་བ་བསྒྲིབས་པ་ལས་འོངས་པ་ཡིནོ།། མིར་གྱུར་ཀྱང་མཆུ་མ་སྡུག་པ་གང་ཡིན་པ་དེ་ནི། མཆོད་རྟེན་གྱི་ཟས་མྱངས་པ་ལས་འོངས ་བ་ཡི་ནོ།། མིར་གྱུར་ཀྱང་མིག་དམར་བ་གང་ཡིན་པ་དེ་ནི། མའི་སེར་སྣང་བྱས་པ་ལས་འོངས་པ་ཡིནོ།། མིར་གྱུར་ཀྱང་མིག་མི་གསལ་བ་གང་ཡིན་པ་དེ་ནི།། ཁྭའི ་མིག་ཁྲུས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་ལྐུག་པ་གང་ཡིན་པ་དེ་ནི། ཆོས་ལས་སྐུར་པ་བཏབ་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་འོན་པ་གང ་ཡིན་པ་དེ་ནི། ཆོས་ཐོས་པར་མི་དགའ་བ་ལས་འོངས་པ་ཡིནོ།། མིར་གྱུར་ཀྱང་སོ་རྣོན་པོར་གྱུར་པ་གང་ཡིན་པ་དེ་ནི། རུང་བ་འཆའ་ཞིང་ཤ་ཟ་བ་ལས་འོངས་པ་ཡིན།། ་། མིར་གྱུར་ཀྱང་སྣ་དགྱེ་བོར་གྱུར་པ་གང་ཡིན་པ་དེ་ནི། དྲི་མི་རིམ་པ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་ལས་འོངས་པ་ཡིནོ།། མིར་གྱུར་ཀྱང་མཆུ་ཤེ་ར ་གྱུར་པ་གང་ཡིན་པ་དེ་ནི། ཉའི་འགྲམ་པ་ཕུག་པ་ལས་གྱུར་པ་ཡིནོ།། མིར་གྱུར་ཀྱང་སྐྲ་སེར་པོར་གྱུར་པ་གང་ཡིན་པ་དེ་ནི། བག་གི་སྤུ་བཏོག་པ་ལས་འོངས་པ་ཡིན།། མི ་གྱུར་ཀྱང་རྣ་བ་ལ་བ་གང་ཡིན་པ་དེ་ནི། གཞན་དག་གི་རྣ་བ་ཕུག་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་ལུས་ཀྱི་ཤ་བྲུར་ལྟ་ཐར་གྱུར་པ་གང་ཡིན་པ་དེ་ནི། གེས་ཡང་ནིང ་སྲབ་པ་དག་བགོས་ནས། དེ་ནས་དེ་བཞིན་གཤེགས་དབའི་སྐུ་གཟུགས་ཀྱི་སྤྱན་སྔར་འོངས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་མདོག་གནག་པ་གང་ཡིན་པ་དེ་ནི། ་བཞིན་གཤེགས་པའི་སྐུ་གཟུགས་ཁྱམས་ངག་གི་འོག་ཏུ་བཞག་ནས་དུད་པས་བདུག་པ་ལས་གྱུར་པ་ཡིནོ།། མིར་གྱུར་ཐང་རྐང་ལག་འབོར་གྱུར་པ ་གང་ཡིན་པ་དེ་ནི། མཁན་པོ་དང་བླ་མ་རྣམས་མཐོང་ཡང་ལྡང་བ་མེད་པ་ལས་གྱུར་པ་ཡིནོ།། མིར་གྱུར་ཀྱང་སྒུར་པོར་གྱུར་པ་གང་ཡིན་པ་དེ་ནི། གོས་ཡང་ཞིང་སྲབ་པ ་ངག་བགོས་ནས། ཕན་ཚུན་དུ་འགྲོ་བའི་ཚེ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་རྒྱབ་ཀྱིས་ཕྱོགས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་བྲལ་བ་མི་སྡུག་པ ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་མཐོང་བའི་ཚེ་ཕྱག་ཀྱང་མི་བྱེད་ལ། ལག་པས་འཕྲལ་བར་བརྡབས་པ་ལས་གྱུར་པ་ཡིན།། མིར་གྱུ་ཀྱང་གཉའ་བ་ཐུང་བ་གང ་ཡིན་པ་དེ་ནི། བླ་མ་དག་མཐོང་ནས་མགོ་སྦས་དེ་དྲོས་ནས་འབྱོལ་བ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་རྟག་པར་སྙིང་ན་གང་ཡིན་པ་དེ་ནི། སེམས་ཅན་གྱི་ལུས་ཀྱི་ཡན་ལག་བཅ ་ཅིང་འཏུབས་པ་ལས་གྱུར་པ་ཡིནོ།། མིར་གྱུར་ཀྱང་མཛེ་ཅན་དུ་གྱུར་པ་གང་ཡིན་པ་དེ་ནི། ཉེས་པ་མེད་པར་གཞན་དག་གི་ནོར་བླངས་པ་ལས་གྱུར་པ་ཡིན།། མིར་གྱུར་ཀྱང་དབུགས ་ཐུང་བ་གང་ཡིན་པ་དེ་ནི། དགུན་གྲང་བའི་དུས་ཀྱི་ཚེ། གཞན་དག་ལ་ཟས་གྲང་མོ་དག་བྱིན་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་བུ་ཁྱེའུ་དང་བུ་མོ་མེད་པར་གྱུར་པ་གང ་ཡིན་པ་དེ་ནི། བྱ་མང་པོ་དག་གི་ཀུ་གུ་བསད་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ནས་བུ་ཆེ་མང་བ་གང་ཡིན་པ་དང་ནི། སེམས་ཅན་གསོ་བར་དགའ་ལས་འོངས་པ་ཡིན ་ནོ།། མིར་གྱུར་ཀྱང་ཚེ་རིང་བ་གང་ཡིན་པ་དེ་ནི། བྱམས་པའི་སེམས་དང་ལྡན་པ་ལས་འོང་། ས་པ་ཡིནོ།། མིར་གྱུར་ནས་ཚེ་ཐུང་བ་གང་ཡིན་པ་དེ་ནི ་སྲོག་ཆགས་མང་པོ་བསད་པ་ལས་གྱུར་པ་ཡིནོ།། མིར་གྱུར་ནས་ཕྱག་པོར་གྱུར་པ་གང་ཡིན་པ་དེ་ནི། སྦྱིན་པ་བཏང་བ་ལས་གྱུར་པ་ཡིནོ།། མིར་གྱུར་ནས་རྟ་དང ་ལྡན་པ་གང་ཡིན་པ་དེ་ནི། དཀོན་མཆོག་གསུམ་ལྟ་རྟ་དང་ཤིང་རྟ་ཕུལ་བ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ནས་དབང་པོ་གསལ་བ་གང་ཡིན་པ་དེ་ནི།། མ ་རྗེ་འདྲི་ཞིང་ཁ་ཏོན་འདོན་པ་ལས་གྱུར་པ་ཡི་ནོ།། མིར་གྱུར་ཀྱང་དབང་པོ་མི་བསལ་བ་གང་ཡིན་པ་དེ་ནི། དུད་འགྲོའོ་གནས་ནས་འོངས་པ་ཡིན།། མི་གྱུར ་། ཀྱང་གཞན་གྱི་བྲན་དང་བྲན་མོ་བྱེད་པ་གང་ཡིན་པ་དེ་ནི། བུ་ལོན་ཆགས་པ་ལས་འོངས་པ་ཡིནོ།། མིར་གྱུར་ཀྱང་མི་བརྟན་ཅིང་ཡང་བ་གང་ཡིན་པ་དེ་ནི། སྔོན་གྱི་སྒོ ་བྱས་པ་ལས་འོངས་པ་ཡིནོ།། མིར་གྱུར་ཀྱང་མཛེ་ནད་ཀྱིས་བཏབ་པ་གང་ཡིན་པ་དེ་ནི། དཀོན་མཆོག་གསུམ་རྣམ་པར་ཤིག་པ་ལས་གྱུར་པ་ཡིནོ།། མིར་གྱུར་ཀྱང་རྐ་ལག ་འཇམ་འགྲུས་སུ་གྱུར་པ་གང་ཡིན།། སེམས་ཅན་གྷྲི་ན་ལག་དམ་དུ་བཅིངས་པ་ལས་འོངས་པ་ཡི་ནོ།། མིར་གྱུར་ཀྱང་ལུས་ལ་རྨ་དང་ཤུ་བ་འབྱུང་ཞིང་ཡུན་རིང་པོར་སྨན་པ ་དབང་བྱས་ཀྱང་སོས་སུ་མི་བཏུབ་པ་གང་ཡིན་པ་དེ་ནི།། སེམས་ཅན་ལ་བརྡེག་བརྩོག་བྱས་པ་ལས་འོངས་རབ་ཡིན།། མིར་གྱུར་ཀྱང་རང་བཞིན་མི་ལྡན་པ་གང་ཡིན ་བ་ད་ན~ཾ། སྡིག་སྦྲུལ་བྱས་པ་ལས་འོངས་པ་མི་ན་ནོ།། མིར་གྱུར་ཀྱང་དབང་པོ་དྲུག་ཚང་བ་ག་བ་ཡིན་པ་ད་ནི། ཚུལ་ཁྲིམས་བསྲུངས་པ་ལས་འོངས་པ ་ཡིན་ནོ།། མིར་གྱུར་ཀྱང་དབང་པོ་རྣམས་མ་ཚང་བ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་འཆལ་བ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གཙང་སྦྲ་མེད་པ་གང་ཡིན ་བ་དེ་ནི། ཕག་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ནས་གྷ་གར་ལ་དགར་བ་གང་ཡིན་པ་དེ་ནི། རོལ་མོ་མཁན་བྱས་པ་ལས་འོངས་པ་ཡིན་ནོ།། མི ་གྱུར་ཀྱང་འདོད་ཆེན་པ་གང་ཡིན་པ་དེ་ནི། བྱི་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གཉའ་བར་ལྔ་བ་ཡོད་པ་གང་ཡིན་པ་དེ་ནི། གཅིག་པུ་བསྣོགས ་པ་ལས་འོངས་པ་ཡི་ནོ།། མིར་གྱུར་ནས་ཁོ་དྲི་གནམ་པ་གང་ཡིན་པ་དེ་ནི། ཚིག་ངན་གྱིས་གཞན་ལ་སྤྱོས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་བ་མཚན་དང་མི ་ལྡན་པ་དེ་ནི། ཁྱི་དང་བག་རྣམས་ཀྱི་རླིག་པ་བཅད་པ་ལས་གྱུར་པ་ཡི་ནོ།། མིར་གྱུར་ནས་ལྕེ་ཐུང་བ་གང་ཡིན་པ་དེ་ནི། དབེན་པ་དག་ཏུ་བླ་མ་དག་ལ་ཚིག་མི་སྙན་པ་བརྗོད ་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གཞན་གྱི་ཆུང་མ་ལ་གཡེམ་པར་དགའ་བ་དེ་ནི་ཤི་འཕོས་ནས་བྱ་དང་བ་དག་ཏུ་ལྟུང་བར་འགྱུརརོ།། མིར་གྱུར་ཀྱང་བདག་དང ་ཉེ་ཞིང་གཉེན་དུ་འབྲེལ་བ་དག་ལ་གཡམ་པར་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་བྱེའུ་མཆིལ་པ་དག་ཏུ་ལྟུང་བར་འགྱུ་རོ།། མིར་གྱུར་ནས་མདོ་སྡེ་དང ་བསྟན་བཅོས་དག་ལ་སེར་སྣ་བྱེད་ཅིང་ཤེས་པ་སྦས་ནས་གཞན་དག་ལ་མི་སྟོན་པ་གང་། ཡིན་པ་དེ་ནི། ཤི་འཕོས་ནས་ཤིང་སྲིད་དག་ཏུ་སྐྱེ་བ ་འགྱུར་རོ།། མིར་གྱུར་ནས་མདའ་གཞུ་ཐོགས་ཤིང་གནོན་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཀླ་ཀློ་ཅན་དུ་ལྟུང་བར་འགྱུར་རོ།། རྔོན་པ་བྱེད་ཅིང ་སྲེག་ཆགས་བསོད་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་འཕར་སྤྱང་དག་ཏུ་ལྟུང་བར་འགྱུརརོ།། འགྲོ་རྒྱན་དང་མེ་ཏི་ཐོགས་པ་ལ་མངོན་པར ་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་གཅིན་རྟུག་སྲིན་དུ་བྱེ་བར་འགྱུ་རོ།། གོས་འང་འི་གྱོན་པར་དགར་བ་དེ་ནི། ཤི་འཕོས་ནས་སྲིན་བུ་མཇུག་རིངས་བྱེད་པར ་། འགྱུར་རོ།། ཉལ་ཞིང་ཟ་བར་མངོན་པར་དགའ་བ་དེ་ནི། ཤི་འབོས་ན་བག་ཏུ་སྐྱེ་བར་འགྱུར་རོ།། གོས་མཚོན་ཅན་གྱོན་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི ་ཤི་འཕོས་ནས་བྱའུ་ཁྲའུ་བྱེད་བར་འགྱུརོ།། གཞན་གྱི་ཚིག་ཟློས་ཤིང་བུ་རེ་བྱེདང་མངོན་པར་དགའ་བ་དྲ་ནི། ཤྲི་འཕོས་ནས་བྱ་ན་མོ་བྱེད་པར་འགྱུར་རོ།། པ་མ་བྱེད་པ ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སྦྲུལ་ལུས་པོ་ཆེ་དོག་ཏུ་སྐྱེ་བར་འགྱུར་རོ།། ཉེས་པ་མེད་པར་དགྲ་ལྀ་རྣམ་པར་འཚོ་བ་གང་ཡིན་པ་དེ་ནི། ཤི་འ ་ནས་སྲིན་བུ་འོན་དུ་འཛིན་པའི་སེམས་དང་བཅས་པ་དག་ཏུ་སྐྱེ་བར་འགྱུརརོ།། གཞན་གྱི་དབེན་བྱེད་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་སྲིན་བྱ་དག་ཏུ་སྐྱེ་བར་འགྱུར ་དམོད་མེད་ཚིག་སྨྲ་བ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཝ་དག་ཏུ་སྐྱེ་བར་འགྱུར།། གཞན་དག་ཀློག་ཅིང་མངོན་པར་དག ་བགང་ཡིན་པ་དེ་ཤི་འཕོས་ནས་རི་དགས་ཤི་བའི་རིག་སུ་སྐྱེ་བར་འགྱུར་རོ།། ཚེ་སྔ་མ་ལ་ཤིང་གི་ལྷམ་གོན་ནས་དྲི་གཙང་ཁང་དུ་ཞུགས་པ་གང་ཡིན་པ་དེ་ནི། ་འདི་ལ་རྟའི་རིགསུ་སྐྱེ་བར་འགྱུ་རོ།། ཚེ་ལྔ་མ་ཕྱེན་གཏོང་བ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། སྲིད་བུ་གནམ་པོའི་རིག་སུ་སྐྱེ་བར་འགྱུརརོ།། ཚེ་སྔ་མ ་ལ་དགེ་འདུན་གྱི་གཏུན་དང་རང་ཐོག་ཡོངསུ་སྐྱེད་པོ་གང་ཡིན་པ་དེ་ནི། ཚེ་འདི་ལ་སྲོག་ཆགས་སྲིན་བུ་མགོ་རྫབས་པ་དག་ཏུ་སྐྱེ་བར་འགྱུརརོ།། ཚེ་སྔ་མ་འཞན། ་ངག་གི་ཟས་ཀྱི་བགེགས་བྱས་ན།། ཚེ་འདི་ལ་ཤིང་སྲིན་བྱེད་བར་འགྱུ་རོ།། དགེ་འདུན་གྱི་ཆུ་བརྐུས་ནས་ཡོངསུ་སྤྱང་བ་གང་ཡིན་པ་དེ་ནི། ཚེ་འདི་ལ་ཉ་དང་ཆུ་སྲིན་དག་ཏུ་སྐྱེ ་བར་འགྱུརརོ།། དགེ་འདུན་གྱི་གཞི་དག་ལ་མི་གཙང་བ་འདོར་བ་གང་ཡིན་པ་དེ་ནི། གཤང་གཅིའི་ནང་དུ་སྲིན་བུ་དག་ཏུ་སྐྱེ་བར་འགྱུརརོ།། དགེ་འདུན་གྱི་ཤིང་ཏོ ་བརྐུས་པ་གང་ཡིན་པ་དེ་ནི། འཇིམ་རྫབ་ཟ་སྲིན་བུ་བྱེད་པར་འགྱུར་རོ།། དགེ་འདུན་གྱི་བཀོར་བརྐུས་པ་གང་ཡིན་པ་དེ་ནི། རང་ཐག་འདྲི་བའི་གླང་དང་བོང་བུ་བྱེད་པར་འགྱུར། ་དགེ་འདུན་གྱི་དཀོར་ལ་ནན་གྱིས་སློང་ནིང་སྔ་སྦྱིན་བྱེད་ན། ཕུག་རོལ་དཀར་པོ་བྱེད་པར་འགྱུརོ།། དགེ་འདུན་ལ་འཕྱ་ཞིང་སྨོང་བར་བྱེད་ན་བླང་གི་གཉའ་བའི་སྲིན ་བླང་སྟེ་བར་འགྱུརརོ།། དགེ་འདུན་གྱི་ཚང་ལྔ་མིཟོས་ན་ཚོང་མའི་སྲིན་བུར་སྐྱེ་བར་འགྱུར། དགེ་འདུན་གྱི་བྲི་བསྟན་ལ་འདུག་ན་སའི་སྲིན་བུ་མཇུག ་རིངསུ་སྐྱེ་བར་འགྱུརརོ།། འདུན་གྱི་ཡོ་བྱད་སྣ་ཚོགས་དག་ལ་ཡོངསུ་སྤྱོད་པར་བྱེད་ན་བྱེ་མ་ལེལ་དུ་སྐྱེ་བར་འགྱུརརོ།། རུས་པ་དག་ཐོགས་ནས་གཙུག་ལག་ཁང་དུ ་བྱེད་ན་བྱ་མཆུ་རིངསུ་སྡེ་པར་འགྱུརརོ།། དམར་རྩི་དུང་དཀར་རྩི་དག་མཆུ་ལ་བསླུས་ནས་གཙུག་ལག་ཁང་དུ་འཇུག་པར་བྱེད་ན་བྱ་མ་ཆུང་མར་ངག་ཏུ་སྐྱེ་བར་འགྱུར། ་བོས་ཆོམ་ཅན་བགོས་ཏེ་གཙུག་ལག་ཁང་དུ་འགྲོ་བར་བྱེད་ན་བྱ་བ་དོག་སེར་པོ་དག་ཏུ་སྐྱེ་བར་འགྱུརརོ།། ཁྱོ་ཤུག་གཙུག་ལག་ཁང་དུ་གནས་ནས་ཉལ་པོ་བྱས་མབྱམ། ་།། སྔོན་དག་ཏུ་སྐྱེ་བར་འགྱུརརོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བརྫིས་ན་རྔ་མའི་ལུས་བྱེད་པར་འགྱུར་རོ།། ལྷམ་བགོས་ཏེ་དེ་བཞིན་གཤེགས་པའི་དྲི་གཙང ་ཁང་དུ་འགྲོ་བར་བྱེད་ན།། སྦལ་པར་སྐྱེ་བར་འགྱུར་རོ།། ཆོས་ཉན་པའི་ཚེ་བླག་ཅོར་ཟེར་ན་ནི་བྱ་ལྕེ་བརྒྱ་པ་དག་ཏུ་སྐྱེ་བར་འགྱུརརོ།། དགེ་སློང་མ་གཙང་མ་སུམ་པར་བྱེད་ན ་ཤི་འབས་ནས་སེམས་ཅན་དམྱལ་དེའི་གནས་ལྕགས་ཀྱི་བྲག་ཕུག་ཏུ་ལྟུང་ཞིང་རལ་གྱི་འཁོར་ལོ་བརྒྱ་སྟེང་དུ་མ་ཅིག་ཏུ་བབས་ནས་ལུས་གཅོད་པར་འགྱུརརོ།། དེ་ནས ་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས་པ་ལྟར་དགེ་འདུན་གྱི་རྫས་ཡོངསུ་སྐྱེད་པ ་གང་ལགས་པ་དེ་དག་ལ་ཡང་དག་པར་ཤིན་ཏུ་ལྕི་བ་ཞི་། ལགས་པར་གྱུར་ན། སྦྱིན་བདག་པ་ནི་བཻ་ཇི་ལྟ་གཙུག་ལག་ཁང་དུ་མཆི་ནིང་བ ་བསྟི་དང་།། ཕྱག་འཚལ་བར་བགྱིང་བ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གཙུག་ལག་ཁང་དུ་འགྲོ་བ་ལ་སེམས་རྣམ་པ་གཉིས ་ཡོད་དོ།། དགེ་པའི་སེམས་དང་། མི་དགེ་བའི་སེམས་གང་ཡིན་ཡིན་པའོ།། དགེ་བ་སེམས་ཤེས་བྱ་བ་ནི་ཇི་ལྟ་བུ་ཞེ་ན། གང་གིས་གཙུག་ལག་ཁ ་དུ་ཕྱིན་ནས།། དེ་བཞིན་གཤེགས་པ་མཐོང་ན་ཕྱག་བྱེད་པ་དང་། དགེ་འདུན་མཐོང་ན་གུས་པར་བཀུར་བསྟི་བྱས་ནས། མདོ་སྡེའི་དོན་འདྲི་བར་བྱེད་པ་དང་། ་སྔོན་པ་ཡང་དག་པར་བླངས་ནས་ཉེས་པ་འཆགས་པར་བྱེད་པ་དང་། ནོར་རྫས་ངག་ཡོངསུ་བཏང་ནས་དཀོན་མཆོག་གསུམ་གྱི་ཞལ་ཏ་བྱེད་པ་དང་། ལུས་དང་སྲེག་ལ་འཕངས ་བ་མེད་པར་ཆོས་ཆེན་པོ་ཡོངསུ་སྲུང་ཞིང་ཡང་དག་པར་འཛིན་པར་བྱེད་པའི་གང་ཟག་དེ་ལྟ་བུ་དག་ནི་གོམ་པ་གཅིག་འདོར་བར་བྱེད་ན་ཡང་། ལྷའི་གཞལ་མེད་ཁང་དྲུང་འུ་འོང ་ནིང་། མ་འོངས་པ་ན་ཁྱིམ་བདག་ཤུག་དེ་བབཞིན་དུ་རྣམ་པར་སྨིན་པའི་འབྲས་བུ་མྱོང་བར་འགྱུར་བ་གང་ཡིན་པ་དེ་ནི། སྡེས་བུ་མཆོག་ཏུ་དགེ་བ་ཞེས་བྱའོ།། མི་དགེ ་བའི་སེམས་ལྡན་པ་ཇི་ལྟ་བུ་ཞེ་ན། སེམས་ཅན་ལ་ལ་ཞིག་གཙུག་ལག་ཁང་དུ་འཇུག་པའི་ཚེ། དགེ་འདུན་ལ་སློངས་མོ་དང་། གཡར་པོ་དང་སྔ་སྦྱིན་འད ་ཤིག་བྱ་བར་སེམས་པ་དང་། དགེ་འདུན་གྱི་སྟེ་ན་ཚོལ་ཞིང་རྩེ་གཅིག་ཏུ་རྣམ་པར་བཤིག་པ་འབར་ཤིག་ཏུ་འདོད་པ་དང་།། དགེ་སློང་དང་། ་དགེ་འདུན་གྱི་ཟས་ཟོས་ན་ཡང་སེམས་ལ་གནོད་པ་ཅི་ཡང་མེད་ཅིང་། ཁུར་བ་དང་།། ཤིང་ཏོག་དང་། ལྡུམ་ལྡམ་ངག་ཁྱེར་ནས། རང་གི་ཁྱིམ་དུ་འགྲོ ་བར་བྱེད་པའི་གང་ཟག་དེ་ལྟ་བུ་དག་ཤི་འཕོས་སུ་ཐུག་ཏུ་ལྤགས་ཀྱི་ཟླ་ལུམ་ཟླ་བའི་སེམས་ཅན་དམྱལ་བར་ལྟུང་ཞིང་། ཟངས་ཀྱི་ནང་དུ་བཙོ་བ་དང་། སྦར་བའི ་མེས་བསྲེགས་པ་དང་། རལ་འགྲི་ལྟ་བུའི་རི་ལོ་མ་ཅན་གྱི་ལྗོན་ཤིང་ལ་འཛེག་པ་ལ་སོགས་པའི་སྡུག་བསྔལ་གང་ཡང་མི་མྱོང་བ་མེད་པར་འགྱུར་ཏེ། འདི་ནི ་། སྐྱེས་བུ་མཆོག་མི་དགེ་བ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུར་དགའ་བོ་འདི་ནི་ངས་མ་འོངས་པའི་དུས་ནི་སློབ་མ་རྣམས་ལ་རྗེ་སུ་བསྟན་པ ་ཡིན་གྱིས།། བག་ཡོད་པར་བསྒྲིམས་ཏེ།། དགོན་མཆོག་གསུམ་པོ་དག་ལ་ཉེས་མི་བྱེད་པ་དང་། ནུར་བའི་སེམས་སྐྱེ་བ་མེད་པར་དེ་བཞིན་གཤེགས་པའི་བཀའ ་སྩལ་བ། བཞིན་བྱེད་ན། དེ་བཞིན་གཤེགས་པ་བྱམས་པ་འཇིག་རྟེན་དུ་བླང་བའི་ཚེ། ཡོངསུ་མྱ་ངན་ལས་འདའ་བར་འགྱུར་བ་ཐེ་ཙོམ་མེད་དོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་བ། ཚེ་འདི་ལ་གཞན་གྱི་ལུས་ལས་གོས་བཤུས་ཏེ། འབྲོག་པར་བྱེད་ན། ཤི་འཕོས་ནས་གྲང་བའི་སེམས་ཅན་དམྱལ་བར་ལྟུང་བང ་གཞན་ཡང་དར་གྱི་སྲིན་བུར་སྐྱེས་ནས་འཚོད་པར་འགྱུརརོ།། ཚེ་འདི་ལ་སྐུ་གཟུགས་དང་། མདོ་སྡེ་འི་སྤྱན། སྔར་མར་མེ་སྦར་བ་མངོན་པར་མི་དག ་ན། ཤི་འཕོས་ནས་རི་འཁོར་ཡུགྶ་གི་བར་ན་སེམས་ཅན་དམྱལ་གནས་མུན་ནག་ཡོད་པ་དག་ཏུ་ལྟུང་བར་འགྱུའོ།། ཚེ་འདི་ལ་སེམས་ཅན་གྱི་སྲོག་བཅད ་བས་དམྱལ་ཞིང་གཏུབ་པར་བྱེད་ན།། ཤི་འཕོས་ནས་སེམས་ཅན་དམྱལ་བ་མཚོན་ལྟར་རབ་ཏུ་རྣོ་བོའི་རི་ལ། རལ་གྱི་ལོ་མ་ཅན་གྱི་ལྗོན་ཤིང་འཛེག་པ ་ངག་ཏུ་ལྟུང་བར་འགྱུརརོ།། ཚེ་འདི་ལ་ཁ་ཅིག་སྡིག་གཏོང་ཞིང་རྔོན་པ་བྱེད་པར་མངོན་པར་དགའ་ཁ་དེ་དག་ནི། ཤི་འཕོས་ནས་སོག་ལས་འདྲི་བའི་སེམས ་ཅན་དམྱལ་བར་འགྱུརརོ།། ཚེ་འདི་ལ་མང་དུ་འདོད་པས་ལོག་པར་གཡེམ་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཟངས་ཀྱི་ཀ་བ་རབ་ཏུ་འབར་བ་ལ་འཇུག་པ་དང་། ཟུགས ་ཀྱི་བྲི་རབ་ཏུ་ཆེ་བ་ལ་ཉལ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཆུང་མ་མང་པོ་འཆང་བ་གང་ཡིན་པ་ང་ནི། ལྕགས་ཀྱི་རང་ཐག་ཏུ་འཛག ་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།། ཚེ་འདི་ལ་ཁྱིམ་ཐབ་མང་པོ་འདོག་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སྦྲུལ་གདུག་པ་བང་དང་ལྡན་པའི་སེམས ་ཅན་དམྱལ་བར་ལྟུང་བར་འགྱུར།། ཚེ་འདི་ལ་སྤོ་ང་བསྲེགས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་མེར་མེར་རབ་ཏུ་ཆེ་བ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང ་བར་འགྱུར།། ཚེ་འདི་ལ་བབ་དང་བྱ་རྣམས་བཤུ་ཞི་ང་འཇོག་པ་གང་ཡིན་པ་དེ་ནི། ཤི་འཕོ་ས་ནས་ཟངས་དག་ཏུ་འཚོད་པའི་སེམས་ཅན ་དམྱལ་བ་དག་ཏུ་ལྷུང་བར་འགྱུར།། ཚེ་འདི་ལ་ཕག་དང་ཁྱིའི་གླིབ་བྱིན་གང་ཡིན་པ་དེ་ནི། ཤི་འཕོས་ནས་རྡོ་ཟུར་དང་ལྡན་པའི་སེམས་ཅན་དམྱལ་བར ་ལྟུང་བར་འགྱུརརོ།། ཚེ་འདི་ལ་འཆང་འཇུངས་ནས་མྱོས་པར་བྱས་པ་གང་ཡིན་པ་དེ་ནི།། ཤི་འཕོས་ནས་ལྕགས་ཁུ་འཐུངས་པའི་སེམས་ཅན་དམྱལ་བར ་ལྟུང་བར་འགྱུརརོ།། ཚེ་འདི་ལ་སེམས་ཅན་གྱི་ལུས་ཀྱི་ཡན་ལག་བཅད་ཅིང་གཏུབས་པ་གང་ཡིན་པ་ང་ནི། ཤི་འཕོས་ནས་ལྕགས་ཀྱི་འཁོར ་ལོ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།། ཚེ་འདི་ལ་དགེ་འདུན་གྱི་ཤིང་རྡོག་བརྐུས་པ་གང་ཡིན་འདེནི། ཤི་བོས་ནས་ལྕགས་ཀྱི་ཐུ་ལུམ་ཟ་བའི་སེམས ་ཅན་དམྱལ་བར་ལྟུང་བར་འགྱུརརོ།། ཚེ་འདི་ལ་ངག་གི་རྒྱུ་དང་ཤ་ཟོས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྡན་ལྗིན་གྱིས་གང་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།། ཚེ་འདི ་ལ་ཉ་གསོན་པོར་ཟོས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་མཚོན་ཆ་དང་། དབྱིག་པ་དང་། རལ་གྱི་ས་ཅན་གྱི་ལྗོན་ཤིང་དང་ལྡན་པའི་སེཾནི་དམྱལ་བར་ལྟུང་བར་འགྱུརརོ།། ཚེ་འདི་ལ ་མ་ཡང་མོར་གྱུར་ནས་ཆུང་མ་སྔན་མའི་བུ་དག་ལ་ནེ་རབ་བྱས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་མེ་རབ་ཏུ་འབར་བའི་ཤིང་རྟ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར ་ཚེ་འདི་ལ་ཕྲ་མ་བྱས་ནས་དཀྲུགས་མ་བྱས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཀྱི་ཐོང་ཤོལ་གྱི་ས་རྨོ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།། ་འདི་ལ་མི་སྙན་པས་གཞན་དག་ལ་སྤྲོ་བ་གང་ཡིན་པ་དེ་ནི། ཤི་འབས་ནས་ལྕེ་རབ་ཏུ་འབྱིན་པའི་སེམས་ཅན་དམྱལ་བར་ལྡང་བར་འགྱུརརོ།། ཚེ་འདི་ལ་བརྫུན་མང་དུ་སྨྲས་པ་གང ་ཡིན་པ་དེ་ནི། ཤི་འཕོས་ནས་ལྕེ་ལྕོགས་ཀྱི་གཟེར་གྱིས་འདེབས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།། ཚེ་འདི་ལ་སྲོག་གཅད་ནས་ལོག་པའི་ལྷ་ལ་མཆོད་སྦྱིན ་བྱས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཀྱི་རྒྱུན་གྱིས་བརྡུངས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།། ཚེ་འདི་ལ་དོན་དུ་བྱས་ནས་འདྲི་འདོན་གྱི་ཚིག ་འདོམ་ཅིང་གཞན་དག་བསྡུས་ཏེ་ནོར་བླངས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཤིའི་རི་ལྟ་བུའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུ་རོ།། ཚེ་འདི་ལ་བེན་མོ་བྱས་ནས་བཙུམས་ཏེ། ས་ལ་ཉལ་ནས ་གཞན་དག་ལ་མཐོངསུ་སྐྱེ་བར་འགྱུརརོ།། ཞེས་དང་པོ་མ་ཡིན་པའི་འདྲེ་བདོན་དག་གིས་ལེན་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཉེད་པ་བཏུ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར ་ཚེ་འདི་ལ་དོན་མོ་བྱས་ནས་གཞན་དག་གི་སྲོག་བཅད་ལྷ་འདྲེ་དང་ལམ་ལྔའི་སའི་བདག་པོ་དང་སྲིན་མོ་ལ་སོགས་པ་ལ་ཆང་བ་བཅུག་པ་གང་ཡིན་པ་འདི་ལྟ་བུ་ལ་སོགས་པ་དེ་དག་ཐམས ་ཅད་ནི་སྐྱེས་བུ་བླུན་པོ་རྣམས་འདྲིང་པ་ཡིན་པས། ཤི་འཕོས་ནས་སྟ་རེས་གཅོད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། སེམས་ཅན་དམྱལ་བར་བསྲུངས་མ་རྣམས་ཀྱིས ་ཡན་ལག་བཅད་ཅིང་གཏུབ་པ་དང་། བྱ་ལྕགས་ཀྱི་མ་ཆུ་ཅན་གྱིས་མིག་གི་འབྲས་བུ་གཉིས་ལ་འཇོགབར་འགྱུརརོ།། ཚེ་འདི་ལ་བོན་པོ་བྱས་ནས། མི་ཤི་བའི ་རྣམས་སྦེད་པ་དང་། ཁང་ཁྱིམ་རྣམས་ཀྱི་བཟང་ངན་དང་། རིགས་ལྔ་པོ་རྣམས་ཀྱི་ཁེ་འཐོབ་པ་དང་། མི་འཐོབ་པ་ལྟ་བ་དང་། ཀླུ་རྣམས་བདེ་བར་འགོད་པ་དང་། དར་གྱི་སྲིན་བུ་དག ་ལ་བཏང་འག་གཏོང་བ་དང་། སེམས་མནན་ནས། སྐྱེས་བུ་ལྡན་པོ་དག་ལ་སྨྲས་ཏེ། ནོར་མང་པོ་བླངས་པ་དང་། བརྫུན་ཚིག་གིས་བཟང་ངན་སྟོན་པ་གང་ཡིན་པ་དེ་ནི། ཤི་འཕོས ་ནས། ལྕགས་ཀྱི་དྲ་བ་ཅན་གྱི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་བས། བྱ་མངའ་ཆགས་མ་ལུས་པ། ཚད་མེང་པ་སྲེང་དེའི་ལུས་ལ་འདུ་སྟེ། ཤ་རྣམས་མ་ལུས་པར ་།། ནམ་སུས་འཔང་། རྒྱས་པ་རྣམས་ཀྱང་འཐོག་པར་བྱེད་པས་སྡུག་བསྔལ་བ.རབ་ཏུ་མེད་པ་དག་མྱོང་བར་འགྱུར་རོ།། ཚེ་འདི་ལ་སྨན་པ་བྱས་ཏེ། མང་གསོ་པར་མི་ནུས་བཞིན་དུ ་གཞན་དག་བསྡུས་ཏེ། ནོར་བླངས་པ་གང་ཡིན་པ་ང་ནི། ཤི་འཕོས་ནས་གཏར་བ་དང་། མེ་བཙས་བསྲེགས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་བས། ལུས་ལ་ཀུན་ཏུ་མེ་རབ་ཏུ་འབར་འགྱུ ་མོ་འདི་ལ་མཆོད་རྟེན་དང་། བཙུག་ལག་བང་བཤིག་པ་དང་། མཁན་པོ་དང་། སློབ་དཔོན་གྱི་སྤོ་བ་མཉན་པ་དང་། ཕ་མ་ལ་སྲིང་ནུ་མེད་པ་གང་ཡིན་པ་དེ་དག་ནི། ཤི་འཕོས་ནས་མརར་མེད་པའི ་སེམས་ཅན་དམྱལ་བ་ཆེན་པོ་དང་། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་། གཞན་ཡང་སེམས་ཅན་དམྱལ་བ་ཆུང་བརྒྱ་སུམ་ཅུ་རྩ་དྲུག་པོ་ཀུན་ཏུ ་འཇུག་ཅིང་། བསྐལ་པ་གཅིག་གམ། བསྐལ་པ་གཉིས་སམ། བསྐལ་པ་ལྔ་བརྒྱ་བར་དུ་སྡུག་བསྔལ་མྱོང་ནས། དེར་འོག་ཏུ་གདོང་ཐར་པར་འགྱུར་ཏེ། དག་པའི་བཤེས་པ ་དང་ཕྲང་ན་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ལ། གལ་ཏེ་དྲང་པར་མ་གྱུར་ན་ནི། སླར་ཡང་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་མིར་གྱུར་ཀྱང་ལུས་ཀྱི་མངོདོ་ཆེ་ཞིང་ཤིན་ཏུ་མནམ་པ་དང་། ཁྲེ་སྦྱིན་ཞིང་དགྲོལ་དཀའ་བ་གང་ཡིན་པ་དེ་ནི། རྔོན་གྱི་རྔ་མོ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་འགྲོ་བ་ལ་དགའ ་ཞིང་ཟན་ཟ་བ་འབྲས་པ་དང་། ཉམ་ང་བ་དག་ལ་འབྱོར་པ་མེད་པ་གང་ཡིན་པ་དེ་ནི། རྔོན་ན་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གྲང་བ་དང་། ཚ་བ་དག་བཟོད་ཅིང་སེམས ་ལ་འཛིན་པ་མེད་པ་གང་ཡིན་པ་དེ་ནི། རྔོན་བླང་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་སྒྲ་སྐད་ཆེ་བ་དང་། ངོ་ཚ་མེད་ཅིང་ཁྲེལ་མེད་པ་དང་། སྲེད་པ་དང་། གྲང་བ་མང་ཞིང་ལེགས་ཉེས་ཀྱི་བྱེ་བྲག ་མི་བྱེད་པ་གང་ཡིན་དེ་ནི།། སྔོན་གྱི་བོང་བུ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་རྟག་པར་ཤ་ལ་སྐམ་ཞིང་།། བྱ་བ་དག་ལ་འཇིགས་པ་མེད་པ་གང་ཡིན་པ་དེ་ནི། སྔོན་སེང་གེ་བྱས་པ ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་ལུས་རིང་ཞིང་མིག་རྣམ་པ་དང་། འགྲོ་བ་དགོན་པ་ན་མང་དུ་རྒྱུ་བ་དང་། བུ་དང་ཆུང་མ་སྡང་བ་གང་ཡིན་པ་དེ་ནི། སྔོན་སྟག་བྱས་པ་ལས་འོངས་པ་ཡིན ་ནོ།། མིར་གྱུར་ཀྱང་སྤུན་ཞིང་མིག་ཆུང་བ་དང་། གནས་གཅིག་ཏུ་གནས་པར་མོས་པ་མེད་པ་གང་ཡིན་པ་དེ་ནི། སྔོན་བྱ་མདང་ཆགས་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་རང ་བཞིན་མི་བརྟན་ནིང་སྲོག་ཆགས་ཕྲ་མོ་བསོད་པ་ལ་དགའ་བ་གང། ཡིན་པ་དེ་ནི།། སྔོན་གྱི་ཝ་བྱས་པ་ལས་འོངས་པ་འི་ན་ནོ།། མིར་གྱུར་བྱང་དཔའ་ཞིང་བཤོར་བ་དང་། ་འདོད་ཆགས་ཆུང་ཞིང་ཆུང་མ་ལ་སྲེད་པ་མེད་པ་གང་ཡིན་པ་དེ་ནི། སྔོན་སྦྲང་ཀི་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གོས་བཟང་པོ་ལ་མི་དགའ་བ་དང་། མ་ཡིན་པ་བྱས ་བ་དག་ལ་རྟོག་པ་དང་། གཉིད་ཆུང་ཞིང་ཞེ་སྡང་མང་བ་གང་ཡིན་པ་དོན།། སྔོན་ཁྱི་བྱས་པ་ལས་འོངས་པ་ཡིན་ནོ།། མཽར་གྱུར་ཀྱང་གཡེམ་པ་ལ་དགའ་ཞིང་སྐྱེ་བོ་མང་པོའི་ཡོད་དུ ་འོང་བའི་གཏམ་བརྗོད་པ་ལ་མངོན་པ་དགའ་བ་གང་ཡིན་པ་དེ་ནི། སྔོན་ནེ་རོ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་ལུས་ཀྱི་བོང་ཆུང་ཞིང་གཡེམ་པ་ལ་དགའ་བ་དང་། སེམས ་། རྩེ་གཅིག་ཏུ་མི་གནས་པ་དང་། གཟུགས་མཐོང་མ་ཐག་ཏུ་མངོན་པ་ཞེན་པའི་སེམས་འབྱུང་བ་དེ་ནི། སྔོན་བྱེའུ་མཆིལ་པ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མིག་དམར ་ཞིང་སོ་ཐུང་བ་དང་། སྨྲ་བའི་ཚེ་ལྦུ་བ་འབྱུང་ཞིང་། ཉལ་ན་གོས་ཀྱིས་ལུས་དཀྲི་བར་བྱེད་པ་གང་ཡིན་པ་དེ་ནི། སྔོན་གྱི་སྦྲུལ་དང་། རྩངས་པ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར ་ཀྱང་སྨྲས་མ་ཐག་ཏུ་ཁོང་ཁྲོ་ཞིང་ཕ་རོལ་གྱི་དོན་ལ་སོ་སོར་མི་རྟོག་པ་དག་གི་བདུག་པ་འབྱིན་པ་གང་ཡིན་པ་དེ་ནི།། སྔོན་སྡིག་པ་བྱས་པ་ལས་འོས་པ་ཡིན་ནོ།། མིར་གྱུར་ཀྱང ་གཅིག་པུ་དབེན་པར་གནས་ཤིང་ཟས་ལ་སྐམ་པ་དང་། མཚན་མོ་གཉིད་ཆུང་བ་གང་ཡིན་པ་དེ་ནི། སྔོན་བྱིལ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་རྩིག ་པ་དུག་ནས་རྐུན་པོ་བྱེད་པ་དང་། ནོར་ལ་བརྐམ་ཞིང་འདོན་འབྱུང་སྨ་དང་། ཉེ་རིང་གི་མཚན་མ་མེད་པ་ག་ང་ཡིན་པ་དེ་ནི། སྔོན་བྱི་བ་བྱས་པ་ལས་འོངས་པ ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིར་གྱུར་ཀྱང་མཆོད་རྟེན་དང་། གཙུག་ལག་ཁང་བཤིག་པ་དང་། དཀོན་མཆོག་གསུམ་གྱི་དཀོར་སྦས་ནས ་བདག་ཉིད་ཀྱིར་ཡོངསུ་སྤྱོད་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སེམས་ཅན་དམྱལ་བ་ཆེན་དེར་གནར་མེད་པར་ལྟུང་བར་འགྱུར་རོ།། སེམས་ཅན་དམྱལ་བ་ལས་ཐར་པར་གྱུར ་ན་ཡང་། དུད་འགྲོ་རོ་སྟེ་གནས་ཀྱི་ལུས་འདི་ལྟ་སྟེ། ལུང་འོན་དང་། མཆིལ་པ་དང་། ངུར་བ་དང་། ནེ་ཙོ་དང་། བྱ་སྔོན་པོ་དང་། 1་དང་། རས་སྦལ་དང་། སྤྲེའུ་པ་། རི་དགས་ཀྱི་ལུས་འན ་བར་འགྱུརརོ།། བརྒྱ་ལནན་མའི་ལུས་ཐོབ་པར་གྱུར་ན་ཡང་། མ་ནིང་དང་། བུད་མེད་དང་། མཚན་གཉིས་པ་དང་། དབང་པོ་མེད་པ་དང་། སྣང་འཚོང་མ་དག་ཏུ་འགྱུརརོ།། མིར་གྱུར་ཀྱ ་དེང་ཁྲེ་བ་དག་ལ་མངོན་པར་དགའ་བ་ང་ནི། ཤི་འཕོས་ནས་སྦྲུལ་གདུག་པ་དང་། སྟག་དང་། སེང་གེ་དང་། ངོམ་དང་། དྲེད་དང་། བྱི་ལ་དང་། བྱ་ཁྲའི་རྣམ་པ་དགྲ་ཏུ་ལྟུང་བར་འགྱུར། ་བརྒྱ་འམ་བརྒྱ་ལམ་ན་མའི་ལུས་ཐོབ་པར་གྱུར་ན་ཡང་། ཁྱིམ་བྱ་དང་། ངག་བསོད་པ་དང་། ཤན་པ་དང་།། རྔོན་པ་དང་། བྱ་ཤོར་བ་དང་། བརྩོན་སྲུངས་བྱེད་པ་ལ་མངོན་པར་དགའ ་བར་འགྱུརརོ།། མིར་གྱུར་ཀྱང་གླན་ཞིང་གཏི་མུག་པ་དང་། རིགས་པའི་ཚུལ་གང་ཡིན་པ་དེ་ཤེས་པ་དེ་ནི། ཤེན་འཕོ་ས་ནས་གླང་པོ་ཆེ་དང་། ཕག་དང་། བ་ལང་དང་། ་ཆུ་བླང་དང་། སྲེག་ཤིག་དང་། སྦྲང་མ་དང་། སྦྲང་བུ་མ་ཆུ་རིངས་དང་། གྲོག་མོ་ལ་སོགས་པའི་ལུས་ལེན་པར་འགྱུར་ཏེ། གལ་ཏེ་མིའི་ལུས་ཐོབ ་པར་གྱུར་ན་ཡང་།། འོན་པ་དང་། ལོང་བ་དང་། ལྐུག་པ་དང་། ལུས་ཀྱི་ཡན་ལག་མ་ཚང་བ་དང་།། རྒྱབ་སྐུར་བ་དང་།། དབང་པོ་མ་ཚང་བ་དག་ཏུ་འགྱུརརོ།། མིར་གྱུར། ་ཀྱང་ཁེངས་ཤིང་ང་རྒྱལ་ཆེབ་གང་ཡིན་པ་དེ་ནི། ཤི་འཕོས་ནས་མི་བཙང་བའི་གནས་ཀྱི་སྲིན་བུ་པང་། རྔ་མོ་དང་། བོང་བུ་དང་། རྟ་དང་། ཁྱི་དག་ཏུ་ལྟུང་བར་འགྱུར ་ཏེ་དགལ་ཏེ་མིར་སྐྱེས་ན་ཡང་། བྲན་མོའི་ལུས་ལེན་ཅིང་དབུལ་འཕོངས་པས་སློངས་མོ་བྱེད་པ་དང་། མང་པོ་ཀུན་གྱིས་བརྙས་ཤིང་སྨད་པ་དག་ཏུ་ལྟུང་བར་འགྱུརརོ།། ་། མིར་གྱུར་ཀྱང་བླ་མའི་མཐུ་བདེམས་པའི་རྒྱུས་གཞན་གྱི་དོང་ལེན་པ་གང་ཡིན་པ་དེ་ནི།། ཤི་འཕོས་ནས་ཤ་རཾ་ལྟ་བུའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ་ཞིང་། སྐྱེ ་པོ་བརྒྱ་སྟོང་མང་པོས་ལུས་ཀྱི་ཤད་བཅད་ནས་ཟ་བར་འགྱུརརོ།། ཚེ་འདི་ལ་གཞན་དག་འགྲང་དུ་འདུག་པ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཚེ་འཕོས་ནས་གླང་པོ་ཆེད་དག་ཏུ ་སྐྱེ་ཞིང་ཉ་ལག་དྲང་ངས་ཉལ་དུ་མེད་པ་དག་ཏུ་ལྟུང་བར་འགྱུརརོ།། ཚེ་འདི་ལ་ཆོད་སྟེན་དཱ་པེ་ནས་ནུབ་མོ་ཟན་ཟས་པ་གང་ཡིན་པ་དེ་ནི། ཚེ་འདསྱ་ནས་ཡི་དྭགས་འདྲེ་བཀྲེན ་ངག་ཏུ་ལྟུང་བས། ལོ་བརྒྱ་མང་པོར་བཟར་བ་དང་བཏུང་བ་ཐེབ་པར་མི་འགྱུར་རོ།། འགྲོ་བའི་ཚེ་ལྔ་ཚིགས་ཀུན་ཏུ་མེ་རབ་ཏུ་འབར་བར་འགྱུརརོ།། ཚེ་འདི་ལ་སྒྲེན་མོར་འདུ ་པ་ལ་མངོན་པར་དགའ་བ་གང་ཡིན་དེ་ནི།། ཚེའཕོས་ནས་གྲང་བས་སྦྲེབས་པའི་སྲིན་བུ་དག་ཏུ་སྐྱེ་བར་འགྱུརརོ།། ཚེ་འདི་ལ་མཆོད་སྟེན་གྱི་ཟས་ལྷག་མ ་ཁྱེར་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ས་གཞི་རབ་ཏུ་ཚ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར།། བརྒྱ་ལ་མིར་སྐྱེས་པར་གྱུར་ན་ཡང་། ལྐོག་མ་ནད་ཀྱིས ་བདད་པ་དང་། ཆོ་ཐུང་བར་འགྱུརརོ།། ཚེ་འདི་ལ་ང་བཞིན་གཤེགས་པའི་སྐུ་གཟུགས་ལ་ཕྱག་བྱུང་ན་ཡང་མགོ་བོ་ས་ལ་མི་གཏུག་པ་གང་ཡིན་པ་ང་ནི། ཤི་འཕོས་ནས ་མཐེ་ཁྲུབ་ཏུ་དབྱང་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ་ཏེ། བརྒྱ་ལམ་ན་མིའི་མིང་དུ་སྐྱེས་ན་ཡང་། གཞན་དག་གིས་མང་དུ་སྨྲ་བར་འགྱུར་རོ།། ཚེ་འདི་ལ ་བཞིན་གཤེགས་པའི་སྐུ་གཟུགས་ལ་ཕྱག་བྱས་པ་ན། ཐལ་མོ་མི་སྦྱོར་བར་བྱེད་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཡུལ་མཐའ་ཁོབ་དག་ཏུ་སྐྱེ་བར་འགྱུར་ཞིང་། འབང་པ ་མང་པོ་བཙལ་ཡང་འཐོབ་པར་འགྱུརོ།། ཚེ་འདི་ལ་དྲིལ་ཆེན་གྱི་སྒྲ་ཐོས་ཀྱང་མི་ལྟུང་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སྦྲུལ་ལུས་ཆེན་པོ་དག་ཏུ་ལྟུང་བར་འགྱུར་ཞིང་། ལུས ་རིང་ལ་ཆེ་བས་སྲོགས་ཆགས་ཕྲ་མི་མང་པོ་རྣམས་ཀྱིས་བཟའ་བར་འགྱུར་རོ།། ཚེ་འདི་ལ་ལག་པ་རྒྱབ་དུ་བསྟེན་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་བྱས་པ་གང་ཡིན་པ་དེ་ན ་ཤི་འཕོས་ནས་ཕྱིར་ཀ་ལོག་ཏུ་བཅིངས་པའི་སེམས་ཅན་དམྱལ་ལྟུང་བར་འགྱུར་ཏེ།། གལ་ཏེ་མིར་སྐྱེས་གྱུར་ན། ཉེས་པ་མེད་པར་གྱོད་འབྱུང་བར་འགྱུརརེ།། ཚེ་འདི ་ཡ་ཐབ་མོ་སྦྱར་ནས་ཡན་ལག་ལྔས་ལ་གཏུགས་ཕྱག་བྱས་པ་གང་ཡིན་དེ་ནི། རྟག་པ་ཚེ་རིགས་བཙུན་པར་འགྱུར་ཞིང་། རྒྱུན་ཏུ་བདེ་བ་མྱོང ་པར་འགྱུར།། ། ཚེ་འདི་ལ་ཁྲོ་སྦྱིན་ཞིང་ལྟོ་ལ་འཁོད་པ་གང་ཡིན་པ་དེ་ནི། སྔོན་སྨོན་པ་བྱས་པ་ལས་འོངས་པ་ཡིན་པ་ནི་ནོ།། ཚེ་འདི་ལ་མིག་ཡ་ཡོར་གྱུར་པ་གང ་ཡིན་པ་ང་ནི། སྔོན་ལོབ་པའི་སེམས་ཀྱིས་གཞན་གྱི་ཆུང་མ་ལ་བལྟས་པ་ལས་གྱུར་པ་ཡིན་ནོ།། ཚེ་འདི་ལ་ཆུང་མའི་ནོན་བྱས་ནས་ཕ་མ་ལ་སྨོས་པ་གང་ཡིན ་བ་དེ་ནི། ཤི་འཕོས་ནས་ལྕེ་ཐོང་གཤོལ་གྱིས་རྨོད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།། ཚེ་འདི་ལ་ཆང་གི་ནང་དུ་བསྣན་ཏེ། གཞན་དག་ལ་སྦྱིན་པ ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཆུའི་ནང་དུ་སྲིན་བུ་དག་ཏུ་སྐྱེ་བར་འགྱུརརོ།། རྒྱལ་མའི་ནང་དུ་སྐྱེས་པར་གྱུར་ན་ཡང་། ལུས་སྦ་ཞིང་དབུགས་རྡུང ་བས་འཆི་བའི་དུས་བྱེད་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྐད་དུ་བསྟན་པའི་སྡུག་བསྔལ་སྣ་ཚོགས་མང་པོ་དེ་དག་ཐམས་ཅད་ནི། སྡིག་པ ་མི་དགེ་བའི་ལས་རྣམ་པ་བཅུའི་དབང་ལས་གྱུར་པ་ཡིན་པས། རབ་གང་ཡིན་པ་དེ་ནི་སེམས་ཅན་དམྱལ་བའི་རྒྱུ་དང་རྐྱེན་བྱེད་པར་འགྱུརརོ།། འབྲིང་གང་ཡིན་པ་ད་ནི ་དུད་འགྲོའི་སྐྱེ་གནས་ཀྱི་རྒྱུ་དང་རྐྱེན་བྱེད་པར་འགྱུརརོ།། ཐ་མ་གང་ཡིན་པ་དེ་ནི་ཡི་དགས་ཀྱི་རྒྱུ་དང་རྐྱེན་བྱེད་པར་འགྱུར།། སྲེག་གཅོད་པའི་ཁ་ན ་མཐེ་བ་དེས་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྟེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུ་ང་བར་འགྱུརརོ།། གལ་ཏེ་མིར་སྐྱེས་པར ་གྱུར་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ།། ཚེ་ཐུང་བ་དང་ནད་མང་བ་གང་ཡིན་པའོ།། མ་བྱིན་པར་ལེན་པའི་ཁ་ན་མ་ཐོབ་པ་གང་ཡིན ་བ་དེ་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ ་བར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། དབུལ་ཞིང་འཕོངས་པ་དང་། ནོར་ཐུན་མོང་དུ་འགྱུར་ཞིང་རང་དབང་མེད་པ་གང་ཡིན་པར།། འདོད་པས ་ལོག་པར་གཡེམ་པའི་ཁ་ན་མ་ཛེ་བ་གང་ཡིན་པ་དེ་ནི།། སེམས་ཅན་རྣམས་སེན་དམྱལ་བ་དང་། དུད་འགྲོ་རི་སྟེ་གནས་དང་། གཤིན་རྗེའི་འཇིག་རྟེན་རག་ཏུ་ལྟུང་བར་བྱེད་དོ།། ་གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་གྱུར་ཏེ། ཆུང་མ་གདུན་གྱིས་བྱེ་བ་བྱེད་པ་དང་། ཆུང་མ་དང་ཕན་ཚུན་རྩོད་ཅིང་བདག ་གི་སེམས་ཀྱིས་བསམས་བཞིན་དུ་མི་འགྱུར་བ་གང་ཡིན་པའོ།། བརྫུན་དུ་སྨྲ་བའི་ཁ་ན་མ་ཐེ་བ་གང་ཡིན་པ་དེ་ནི།། སོམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད ་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་ལྟུང་བར་བྱེད།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པ ་འགྱུར་ཏེ།། སྐུར་པ་མང་བ་དང་། རྟག་པར་གཞན་གྱིས་མང་དུ་བསྡུས་པར་འགྱུར་བ་གང་ཡིན་པ་ཡིན་པའོ།། ཕྲ་མ་བྱས་པའི་ཁ་ན་མ་ཐོ་བ་གང་ཡིན་པ་ངས་ནི། ་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་།། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན ་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། རྟག་པ་རེ་སྒྲ་མི་སྙན་པ་ཐོས་པར་འགྱུར་བ་དང་། གང་ཅི་སྨྲས་ཀྱང་རུང་སྟེ། རྒྱུན་ཏུ་རྩད ་པ་ཅན་འགྱུར་བ་གང་ཡིན་པའོ།། ཚིག་ཁྱལ་བ་སྨྲ་བའི་ཁ་ན་མ་ཐོ་བ་གང་ཡིན་དེས་ནི། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲེའི་སྐྱེ་གནས ་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། བདེན་པ ་ཞིང་སྨྲས་ན་ཡང་གཞན་དག་ཡིད་ཆེས་པར་མི་འགྱུར་བ་དང་། ཚིག་སྨྲས་པ་རྣམས་གཞན་གྱིས་གོ་བར་མི་འགྱུར་བ་གང་ཡིན་པའོ།། བརྣབ་སེམས་བསྐྱང་བའི་ཁ་ན་མ ་ཐོ་བ་གང་ཡིན་པ་དེས་ནི། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས ་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། ནོར་ལ་ཉམ་ཞིང་ཆོག་ཤེས་པ་མེད་པ་དང་མང་དུ་ཚེལ་ཞིང་རྟག་པར་ཡིད་བཞིན་དུ་མངོན ་བར་གྲུར་པར་མི་འགྱུར་བ་གང་ཡིན་པའོ།། གནོ་དེ་སེམས་ཀྱི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུང ་འགྲོའོ་སྐྱེ་གནས་དང་། བ~ཾ་ཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་མྱོང་བར ་འགྱུར་ཏེ། རྟག་པར་གཞན་གྱིས་གླགས་ཚོལ་བར་འི་གྱུར་པ་དང་། རྟག་པར་གཞན་གྱིས་གནོད་པ་བྱེད་པར་འགྱུར་བ་གང་ཡིན་པའོ།། ལོག་པར་ལྟ་བའི ་ཁ་ན་མ་རྡོ་བ་གང་ཡིན་པ་དེས་ནི།། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར ་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་ཉིས་འཐོབ་པར་འགྱུར་ཏེ། རྟག་པར་ལོག་པར་ལྟ་བའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་བ་དང་། ་སེམས་གཡོ་སྒྱུ་དང་བཅས་པར་འགྱུར་བ་གང་ཡིན་པའོ།། ཀྱ་སངས་རྒྱས་ཀྱི་སྲས་རྣམས་དེ་ལྟར་ན། སྡིག་པ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་རྣམས་ནི་སྡུག་བསྔལ་མང ་བོ་སྣ་ཚོགས་ཀྱིས་ཕུང་པོ་ཆེན་པོའི་རྒྱུ་དང་རྐྱེན་དུ་གྱུར་པ་ཡིན་ནོ།། དེ་ནས་དེའི་ཚེ་འཁོར་འདུས་པ་ཆེན་པོ་དེ་ཉིད་དུ་སྡིག་པ་མི་དགེ་བའི་ལས་བཅུ་པོ་དག་བྱས་པ་གང་ཡིན་པ་དེ ་ངག་བཅོམ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་རྣམ་པར་སྨིན་པ་བཀས་བཤད་པ་ཐོས་པ་དང་།། དེ་དག་ཐམས་ཅད་སྐད་ཆེར་ཕྱུང་སྟེ། དུས་ནས། བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། བདག་ཅག་དགེ་བ་ཇི་ལྟ་བུ་ཞིག་སྤྱད་ན།། སྡུག་བསྔ་ལ་འདི་དག་ལས་ཐར་པར་འགྱུར་ལགས། བཅོམ་ལྡན་འདས ་ཀྱིས་བཀར་སྩལ་པ། སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ལུས་ལ་གཟུང་བར་བྱ་སྟེ། ཇི་ལྟར་བསོད་ནམས་མངོན་པར་བསྒྲུབ་པར་བྱ་ཞེ་ན།། སེམས་ཅན་གང་ལ ་ལ་ཞིག་ཚེ་འདི་ལ་ཡོངས་སུ་བསྐུལ་བའི་བདག་པོ་ཆེན་པོ་བྱས་ཏེ། དེ་བཞིན་གཤེག་པའི་མཆོད་རྟེན་དང་། དྲི་གཙང་ཁང་དང་། གཙུག་ལག་ཁང་བརྩིགས་ན་མ་འོངས་པ་ན། ་དོན་མི་ཟ་བར་རྒྱལ་པོ་བྱེད་ཅིང་། སྐྱེ་བོ་མང་པོ་ལ་ངབར་བྱེད་པར་འགྱུར་བས། གང་ཡང་དག་མི་ཉན་པ་མེད་པར་འགྱུརརོ།། ཚེ་འདི་གྲོང་དང་། གྲོང་གི་གཙོ་བོར་གྱུར་ཀྱང་དྲང་ནན ་ཆེ་ཞིང་ཆོས་བཞིན་དུ་སྦྱོང་བར་བྱེད་པ་གང་ཡིན་དེ་ནི། མ་འོངས་པ་ན་གདོན་མི་ཟ་བར་རྒྱལ་པོའི་བློན་པོ་བྱེད་པར་འགྱུར་ཞིང་། གོས་ཟས་དང་། རྟ་ཕུན་སུམ་ཚོགས་པ་དང་། ཅི་ད་ཅི ་འདོད་བ་འབྱོར་པར་འགྱུར་རོ།། ཚེ་འདི་ལ་སྐྱེ་བོ་མང་པོ་བསོད་ནམས་བྱེད་པར་བསྐུལ་ཞིང་གཟུང་བ་གང་ཡིན་པ་དེནི། མ་འོངས་པ་ན། གདོན་མི་ཟ་བར་ཚེ་རིགས་བཙུན་ཞིང་ཤིན་ཏུ་བྱུང་། ་ངའི་ཁྱིམ་བདག་ཏུ་འགྱུར་བར་སྐྱེའོ།། མང་པོ་ཀུན་གྱིས་བཀུར་བ་དང་། ཕྱོགས་བཅུ་པོ་དག་ཏུ་དོན་གཉེར་བ་དག་ཀྱང་འགྲུབ་པར་འགྱུརརོ།། ཚེ་འདི་ལ་མར་མོ་གཟུགས་ནས་མཆོད ་འབྱེད་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ན། གཉི་ཟླ་ལྟར་སྐྱེ་བར་འགྱུར་བས། འོད་ཟེར་གྱིས་བདག་ཉིད་གསལ་བར་བྱེད་པར་འགྱུར་རོ།། ཚེ་འདི་ལ་སྦྱིན་པ་གཏོང་བ ་ལ་དགའ་བ་དང་། བྱམས་པའི་སེམས་ཀྱིས་སྲོག་ཆགས་གསོ་བ་དགའ་བ་གང་ཡིན་དེ་ནི། སྐྱེ་བ་ཐམས་ཅད་དུ་ཕྱུག་པོར་འགྱུར་བས་གོས་ཟས་དག་རང ་འབྱུང་བར་འགྱུར་རོ།། ཚེ་འདི་ལ་སྐྱེ་བོ་མང་པོ་རྣམས་ལ་བཟའ་བ་དང་། བཏུང་བ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། སྐྱེ་བ་ཐམས་ཅད་དུ་ལྔའི ་བས་རང་འབྱུང་བར་འགྱུར་བ་དང་། གཟུགས་དྲང་སྟོབས་ཕུན་སུམ་ཚོགས་པ་དང་། དབང་པོ་རྣོ་ཞིང་སྤོབས་པ་དང་ལྡན་པ་དང་། ཚེ་རིང་བར་འགྱུར་རོ།། ་གང་གིས་དུད་འགྲོའི་གནསུ་སོང་བའི་རྣམས་ལ་སྦྱིན་པ་ཡོངསུ་བཏང་ན། རྣམ་པར་སྨིན་པའི་འབྲས་བུ་བརྒྱ་འགྱུར་རྙེད་འཐོབ་པར་འགྱུརརོ།། འདོད ་ཆེན་པོ་དག་ལ་སྦྱིན་པ་ཡོངསུ་བཏང་ན་རྣམ་པར་སྨིན་པ་སྟོང་འགྱུར་སྦེད་འཐོབ་བར་འགྱུརརོ།། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ལ་སྦྱིན་པ་ཡོང་སུ་བཏང་ན་རྣམས་པར་སྨིན ་པ་ཁྲི་འགྱུར་སྙེད་འཐོབ་པར་འགྱུར་རོ།། གང་གིས་ཐེག་པ་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་འཁོར་མང་པོ་ལ། ཡང་དག་པར་བསྒྲགས་ནས།། སེམས་ཀྱི་མིག་འབྱེད ་བའི་ཆོས་སྨྲ་བ་གང་ལ་སྦྱིན་པ་ཡོངསུ་བཏང་ན། རྣམ་པར་སྨིན་པའི་འབྲས་བུ། ཚད་མེད་པ་སྙེད་འཐོབ་པར་འགྱུརོ།། གང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་རྣམས་ལ་སྦྱིན་པ་ཡོངསུ་བཏང་ན། རྣམ་པར་སྨིན་པའི་འབྲས་བུ་མཐར་ཐུག་པ་མེད་པ་སྙེད་ལ་ལོངས་སྤྱོད་པར་འགྱུར་རོ།། གཞན་ཡང་གང་ཟག་རྣམ་པ་གསུམ་ལ། སྦྱིན་པ ་ཡོངས་སུ་བཏང་ན། རྣམ་པར་སྨིན་པའི་འབྲས་བུ་ཡོངས་གཏུགས་པར་མིར་འགྱུར་ཏེ། དེ་བཞིན་གཤོ་གས་པ་རྣམས་དང་། ཕ་མ་དང་། ནད་པ་རྣམསོ། ་ཟ་ཅིག་ཙམ་ཡོངསུ་བཏང་བས་ཀྱང་།། རྣམ་པར་སྨིན་པའི་འ་བྲས་བུ་ཚད་མེད་པ་སྐྱེད་འཐོབ་པར་འགྱུརོ།། རྟག་པར་ཡོངསུ་བཏང་བས། ཡོངསུ་གཏུགས་པར་མི་འགྱུར ་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་འདི་ལ་དགེ་འདུན་མང་པོའི་སྐུ་བསིལ་བ་གང་ཡིན་པ་དེ་ནི། སྐྱེ་བ་ཐམས་ཅད་དུ་བྱད་བཞིན་སྡུག་ཅིང་མཛེས་པ་དང་། རང་བ་ནི་ནི་གོས་ཟས་དང ་ལྡན་པ་དང་། སྐྱེ་བོ་མང་པོ་ལ་ཀུན་གྱིས་བཀུར་བར་འགྱུར་རོ།། ཚེ་འདི་ལ་བསྔགས་པ་བརྗོད་པ་དང་། མདོ་སྡེའི་ཆོས་ཀློག་ཅིང་ཁ་ཏོན་དུ་འདོད་པར་དགའ་བ་དང་ཡིན་པ་དེ་ནི ་། སྐྱེ་བའི་གནས་ཐམས་ཅད་དུ་སྒྲ་དབྱངས་སྙན་ཅིང་ཐོས་པ་རྣམས་རབ་ཏུ་དགའ་བར་འགྱུརརོ།། ཚེ་འདི་ལ་ཚུལ་ཁྲིམས་བསྲུང་བར་མངོན་པར་དགའ་བ་གང་ཡིན་པ་དེ་ནི ་སྐྱེ་བ་ཐམས་ཅད་དུ་བྱད་བཞིན་སྡུག་ཅིང་། མིའི་ནང་ན་མཆོག་ཏུ་འགྱུརརོ།། ཚེ་འདི་ལ་ལམ་ཀར་ཁྲོན་པ་བརྐོས་ནས་སྐྱེད་ཤིང་བཙུགས་ན་གྲིབ་མ་མང་པོ་ཀུན་ལ་བསྒྲིབས་པར ་མངོན་པར་དགའ་བ་གྲང་ཡིན་པ་དེ་ནི།། སྐྱེ་བ་ཐམས་ཅད་དུ་མིའི་བརྒྱ་པོ་བྱེད་ཅིང་རོ་བརྒྱ་དང་ལྡན་པའི་བཟའ་བ་དང་། བཏུང་བ་བསམས་པ་ཙམ་གྱིས་འབྱོར་པར་འགྱུརརོ།། ཚེ་འདི ་ལ་མདོ་སྡེ་བྲིས་ཏེ་གཞན་དག་ལ་བྱིན་ནས། ཀློག་ཏུ་བཅུག་པ་ལ་མངོན་པར་དག་དྲ་བ་གང་ཡིན་པ་དེ་ནི།། སྐྱེ་བ་ཐམས་ཅད་དུ་བདག་སྤོབས་པ་གང་པོ་དང་ལྡན་པ་དང་ཆོས་བས ་ལ་ལན་ཅིག་ཐོས་པ་ཙམ་གྱིས་གོ་བར་འགྱུར་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རློབ་ཅིང་། ཡོངསུ་བསྲུང་བ་དང་། རྟག་པར་མིའི་ནང་དུ་མཆོག ་དམ་པ་གཙོ་བོ་བྱེད་པར་འགྱུརོ།། ཚེ་འདི་ལ་ཟམ་པ་དང་། བྲུ་གཟིངས་བཅས་ནས་སྐྱེ་བོ་མང་པོ་ཟླས་པར་མངོན་བར་དགའ་བ་གང་ཡིན་པ་དེ་ནི། སྐྱེ་བ་ཐམས་ཅད་དུ་ཟིན ་ཆེ་སྣ་བདུན་ཕུན་སུམ་ཚོགས་པ་དང་། སྐྱེ་བོ་མང་པོ་ཀུན་གྱིས་བཀུར་ཞིང་བསྔགས་པ་བརྗོད་ནས་མངོན་པར་དགའ་བ་དང་ཕན་ཚུན་འགྲོ་ཞིང་འོང་བའི་ཚེ་མང་པོ་ཀུན་གྱིས་བསྟན ་བཀུར་དང་རིམ་གྲོ་བྱེད་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་ངོ་ངས་ཇི་སྐད་དུ་མདོ་སྡེ་དེ་དང་དེ་དག་དུ་རྒྱུ་དང་འབྲས་དུ་བསྟན་ནས། སེམས ་ཅན་མང་པོ་རྣམས་ཀླག་པ་དང་། ཁ་ཏོན་དུ་འདེན་པ་དང་མངོན་པར་བསྒྲུབ་པར་བསྐུལ་ནས་སྡུག་བསྔལ་གྱི་འགེགས་ལས་ཡོངསུ་བཟླས་པ་དེ་བཞིན་དུ་འདིར་ཡང་དེ་ལྟར་བསྟན་པ་ཡིན་པས། ་གང་ལ་ལ་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། སྐུར་པ་འདངས་པར་བྱེད་པ་དེ་ནི་ཚེ་འདི་ཉིད་ལ་ལྕེའི་དབང་པོ་ལྟུང་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཅི་ལྟར་ཡོངསུ་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འོད་ནི་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ནས་བྱ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་སྒྲུབ་པར་སྨོན་ལམ་བཏབ་པ་ཞེས་བྱ་བ ་ཡང་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། ལྷ་དང་མི་སྟོང་ཕྲགབརྒྱད་ཅུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། བུད་མེད་བརྒྱ་སྟོང་དུ་མཚོ་འདི་ཉིད་ལ་བུད་མེད་ཀྱི་དབང་པོ་གྱུར་ནས། སྐྱེས་པའི་ལུས་མངོན་པར་གྲུབ་པར་གྱུར་ཏོ།། སྡིག་པ་སྤྱོད་པའི ་སྟེ་དགུ་སྟོང་ཉིས་བརྒྱན། གདུག་པའི་སེམས་སྤངས་ནས། བདག་གི་ཚེ་རབས་དྲན་པར་གྱུར་ཏོ།། དགེ་བ་སྤྱོད་པའི་སྐྱེ་བོ་ཚད་མེད་པ་དག་ནི་མི་སྐྱེ་བའི་བཟོད་པ་ཐོབ་ནས ་རྟག་པར་བདེ་བ་མྱོང་བར་གྱུར་ཏེ།། ཚེ་འཕོ་བར་འགྱུར་བ་ཚང་མེད་པ་སྙེད་ནི་སངས་རྒྱས་ཀྱི་ཞིང་ཡོངསུ་དག་པར་སྐྱེས་ནས། བྱང་ཆུབ་སེམས་དཔའ་རྣམས་དང་མཉམ་ཞིང ་། མཚུངས་པའི་གྲོག་སུ་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དི་སྐད་ཅེས་བཀའ་སྩལ་ནས།། འཁོར་འདུས་པ་ཐམས་ཅད་རང་གི་གནསུ་དོང་སྟེ། བསོད་ནམས་མངོན་པར་འདུ་བྱེད་ཅིང་། ་རབ་ཏུ་དགའ་བས་དགའ་བཞིན་དུ་སྤྱོད་པར་གྱུར་ཏོ།། འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བའི་མདོ།། རྫོགས་སྤོ།། ། ཞུ་ཆེན་གྱི་ལོ་ཙཱ་བ་བན་རྗེ་ཆོས་གྲུབ་ཀྱིས་རྒྱ་གར་དང ་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཤིཀྵ་ཏྲ་ཡ་ནཱ་མ་སཱ་ཏྲ། བོད་སྐད་དུ། བསླབ་པ་གསུམ་གྱི་མདོ་ཞེས་བྱ་བ། ་