CLOSE WINDOW

L147: mdo chen po rgyal mtshan dam pa zhes bya ba
Wyliee-texts produced with BDRC’s OCR application

ལོ་ཙ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བ།། རྒྱ་གར་སྐད་དུ། དྷྭ་ཛཱ་གྲན་ནཱ་མ་མ་ཧཱ་སཱུ་ཏྲམ། བོད་སྐད་དུ། ་མདོ་ཆེར་པོ་རྒྱལ་མཚན་དམ་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འ ་མཉན་ཡོད་ན། རྒྱལ་དུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞག་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག ་གལ་ཏེ་ཁྱེད་ཅག་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁྱིམ་སྟོང་པ་ན་འདུག་ཀྱང་རུང་སྟེ། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་སྐྱེ ་བར་གྱུར་ན། དེའི་ཚེ་བྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་གྱི་ཞབསུ་ལྡན་པ ་བདེ་བར་གཤེགས་པ་འཇིག་རྟེར་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམ་ས་ཀྱི་སྟོན་པ། སངས་རྒྱས་བཅོམ ་ལྡན་འདས་ཡིན་ནོ།། ཞེས་ང་རྣམ་པ་ལས་ཡང་དག་པར་རྗེསུ་དྲན་པར་གྱིས་ཤིག། དེའི་ཚེ་ཁྱེད་ཀྱིས་ང་རྣམ་པ་ལས་ཡང་དག་པར་རྗེ་སུ་དྲན་པར་བྱས་ན། འཇིགས་པ ་མ་བག་ཆ་བ་འམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུརརོ།། དགེ་སློང་དག་སྔོན་ལྷ་དང་། ལྷ་མ་ཡིན་གྱི་གཡུལ་གྱི་ཉེ་བར་གནས་པར ་གྱུར་ན། ལྔའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་གལ་ཏེ་ཁྱེད་ཅག་ལྔ་དང་། ལྷ་མ་ཡིན་གྱི་གཡུལ་དུ་ཞུགས་ན། ་འཇིགས་པ་འམ། བག་ཆ་བ་འམ། སྤུ་ཟེང་ཞེས་བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་ངའི་རྒྱལ་མཚན་དམ་པ་ན་པར་རྒྱལ་བྱེད་ཡང་དག་པར་རྔོ་ས་དྲན་པར ་ཚེ་ཁྱེད་ཀྱིས་ངའི་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེ་སུ་དྲན་པར་བྱས་ནས། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་གྱུ ་བ་གང་ཡིན་པ་དེ་མེད་པར་འགྱུར་རོ།། དགེ་སློང་དག་དེ་བཞིན་དུ་གལ་ཏེ་ཁྱེད་ཅག་ཀྱང་དགོན་པ་ནཿ་འདུག་ཀྱང་རུང་། ཤིང་དྲང་ན་འདུག་ཀྱང་རུང་། ཁྱིར་སྟོང་པ་ན་འདུག་ཀྱང་རུང ་སྟེ། འཇིགས་པ་དང་། བག་ཚ་བ་དང་། སྤུ་ཟིང་ཞེས་བྱ་དད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞང་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེ།། ས་བུ་འདུལ་བའི་ཁ་ལོ་སྦྱར་བ། བླ་ན ་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ།། ཞེས་ངཔ་རྣམ་པ་ལས་ཡང་དག་པར་རྗེསུ་དྲན་པར་གྱིས་ཤིག། དགེ་སློང་དག་དེའི་ཚེ་ཁྱེད་ཀྱིས ་ང་རྣམ་པ་ལས་ཡང་དག་པར་རྗེསུ་དྲན་པར་བྱས་ནས། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུརརོ།། དགེ་སློང ་ངག་ལྔའི་དབང་པོ་བརྒྱ་བྱིན་དེ་ནི་ང་དུང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་ཤིང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་པ ་སྨྲེ་སྔགས་འདོད་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངསུ་མཐར་ལ། འཇིགས་པ་ཡོད། བག་ཚ་བ་ཡོད། སྔངས། ་པ་ཡོད། འབྲོས་པ་ཡོད་ཅིང་། དེ་ནི་ལར་འགའ་འཇིགས་པར་ཡང་འགྱུར།། བག་ཚ་བར་ཡང་འགྱུར། འབྲོས་པར་ཡང་འགྱུར་ཏེ། དགེ་སློང་དག་ད་དུང་འདོད་ཆགས་དང་བཅས ་ཞེ་སྡང་དང་བཅས། གའི་མུག་དང་བཅས་ཤིང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ ་བ་དང་། འཁྲུག་པ་དག་ལས་ཡོངསུ་མ་ཐར་རལ། འཇིགས་པ་ཡོད། བག་ཚ་བ་ཡོད། སྔངས་པ་ཡོད། དེ་འབྲོས་པ་ཡོད་པའི་ལྷའི་དབང་པོ་བརྒྱ་བྱིན་དེའི་ཚིག་ཀྱང ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དད་པས། མཉན་པར་བྱས་སེམས་ཤིང་། ཚིག་བཞིན་དུ་བྱ་བར་སེམས་ན། དགེ་སློང་དག་ང་ནི་དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། ་སྨྲེ་སྔགས་འདེན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོང་སུ་ཐར་པ། འཇིགས་པ་མེད་པ། བག་ཚ་བ་མེད་སྔངས་པ་མེད། འབྲོས་པ་མེད ་བ་ཡིན་པས། དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། ་དང་སྐྱེ་བ་དང་། རྒ་བ་དང་། ན་པ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོད་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡང་སུ་བར་བ། ་འཇིགས་པ་མེད། བག་ཚ་བ་མེད། སྤངས་པ་མེད། འབྲོས་པ་མེད་པ་པར་ཚིག་མཉན་པར་བྱ་བ་དང་། གཏམས་པ་བཞིན་བྱ་བ་དང་། རྗེ་སུ་བསྟན་པ་བྱ་བ་དེ་ནི་བྱ་བའི་གནས་ཡིན་ན། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།། དགོན་པ་དང་ནི་ཤིང་དྲུང་དང་། ་ཁྱིམ་སྟོང་དག་ཏུ་འཇིག་རྟེན་གཙོ།། རྣམ་པར་འདྲེན་པ་རྫོགས་སངས་རྒྱས།། རྗེསུ་དྲན་གྱིས་དགེ་སློང་དག། གལ་ཏྲེ་རྣམ་འདྲེན་འཇིག་རྟེན་གཙོ།། རྫོགས་སངས་རྒྱས་པ་མི་དྲན ་ན་འདོད་ཆགས་བྲལ་བ་རྣམས་ཀྱི་མཆོག། ཆོས་དེ་རྗེསུ་དྲན་པར་གྱིས།། གལ་ཏེ་འདོད་ཆགས་བྲལ་བའི་མ་ཆག། ཆོས་དེ་རྗེ་སུ་མི་དྲན་ན། དགེ་འདུན་བླ་མེད་བསོད ་ནམས་ཞིང་།། དེ་ནི་རྗེ་སུ་དྲན་པར་གྱིས།། སངས་རྒྱས་ཆོས་དང་དགེ་འདུན་རྣམས།། དེ་ལྟར་རྗེསུ་དྲན་བྱས་ན།། འཇིགས་དང་བག་ཚ་སྤུ་ལྡང་བ།། མེད་པར་འགྱུར་རོ་དགེ་སློང་དག། འཇིགས། ་བས་སྐྲག་པའི་མི་མང་པོ།། རི་དང་ནགས་ཚལ་རྣམས་ངག་དང་།། ཀུན་དགའ་མཆོད་པའི་ལྗོན་ཤིང་ལ།། སྐྱབསུ་འགྲོ་བར་གང་བྱེད་པ།། དེ་ནི་སྐྱབས་གཙོམ་ཡིན་ཞིང་།། དེ་ནི་སྐྱབས ་མཆོག་མ་ཡིན་ཏེ།། སྐྱབས་དེ་དག་ལ་རྟེན་བྱེད་པ།། སྡུག་བསྔལ་ཀུན་ལས་གྲོལ་མི་འགྱུར།། གང་ཞིག་སངས་རྒྱས་ཆོས་དང་ནི།། དགེ་འདུན་དག་ལ་སྐྱབས་སོང་བ།། སྡུག་བསྔལ ་། སྡུག་བསྔལ་ཀུར་འབྱུང་དང་། སྡུག་བསྔལ་ཡང་དག་འགགས་པ་དང་། བདེ་ཞིང་མྱ་ངན་འདས་འགྲོ་བའི།། འཕགས་ལམ་ཡན་ལག་བརྒྱད་པ་ཡི།། འཕགས་པའི་བདེར་བ ་བཞི་པོ་དག། ཤེས་རབ་ཀྱིས་རི་ལེགས་མཐོང་འགྱུར།། དེ་ནི་སྐྱབས་ཀྱི་གཙོ་བོ་དང་།། དེ་ནི་སྐྱབས་ཀྱི་མཆོག་ཡིན་ཏེ།། སྐྱབས་དེ་དག་ལ་བརྟེན་བྱས་ན།། སྡུག་བསྔལ་ཀུན་ལས་གྲོལ་བར ་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། དགེ་སློང་དེ་དག་ཡིད་རངས་ཏེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ངོ་།། མདོ་ཆེན་པོ་རྒྱལ་མཚན ་དམ་པ་ཞེས་བྱ་བ།། རྫོགསྷོ།། རྒྱ་གར་གྱི་མཁར་པོ་འཛིན་མི་ཏྲ་དང་། པྲད་འ་བར་མ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས ་བས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པ།། རྒྱག་ར་སྐད་དུ། བིམ་བི་སཱར་བྲང་ཆུང་ག་མ་ནན་ན་མ་མ་ཧཱ་སཱུ་ཏྲ་མཾ། བད་སྐད་དུ། མང་ཆེན་པོ་གཟུགས་ཅ ་