| Wylie | e-texts produced with BDRC’s OCR application |
དཀར་ཆགས་རྙིང་པར་རྒྱ་ལས་འགྱུར་བར་བཤད།། ། རྒྱ་གར་སྲད་དུ། མ་ཧཱ་ཤཱ་ནྱ་ཏཱ་ནཱ་མ་མ་ཧཱ་སཱུ་ཏཱམ། བོད་སྐད་དུ། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ་ཞེས་བྱ་བ། དཀོན ་མཆོག་གསུམ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སེར་སྐྱིལ་གནས་ཀྱི་ནགས་ཚལ་ན། ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུག་སོ།། ་དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྡམས་ནས། བསོད་སྙོམས་ཀྱི་ཕྱིར་སེར་སྐྱའི་གན་སུ་ཞུག་སོ།། སེར་སྐྱའི་གནས་ཀྱིས་བསོད་སྙོ ་བཞེས་ཏེ། ཞལ་ཟས་ཀྱི་བྱ་བ་མཛད་ཅིང་ཟས་ཕྱིས་ལེན་པའི་ཞལ་ཟས་སྤངས་ནས། ལྷུང་བཟེད་དང་། ཆོས་གོས་བཞག་སྟེ། ཞབས་བསིལ་ནས་ཤཱཀྱ་དུས་བདེའི་བཙུག་ལག་ཁང་ག་ལ ་དེར་གཤེག་སོ།། དེའི་ཚེ་ན་དགེ་སློང་རབ་ཏུ་མང་པོ་དག་གིས། ཤཱཀྱ་དུས་བདེའི་གཙུག་ལག་ཁང་དུ་བླ་གབ་མེད་པར་སྟན་རབ་ཏུ་མང་པོ་དག་གཏིང་སྟེ། དོང་ངོ་།། དེ་ནས་བཅོམ་ལྡན ་འདས་གཙུག་ལག་ཁང་གི་ཕྱི་རོལ་ཏུ་ཞབས་བསིལ་ནས་ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ཁང་དུ་ཞུགསོ།། དེ་ནས་བཅོམ་ལྡན་འདས་ཕྱེ་མ་རེད་ནང་དུ་ཡང་དག་འཇོག་ལས ་བཞེངས་ནས། ཤཱཀྱ་ལྷག་པ་རིའི་གཙུག་ལག་ཁང་ག་ལ་བ་དེར་གཤེགསོ།། དེའི་ཚེ་ན། ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་སློང་རབ་ཏུ་མང་པོ་དག་དང་ལྷན་གཅིག་ཏུ ་ཤཱཀྱ་ལྷག་པའི་རིའི་གཙུག་ལག་ཁང་དུ་འདི་ལྟ་སྟེ། ཆོས་གོས་ཀྱི་ལས་ལ་འདུས་ཏེ་འདུག་པར་གྱུར་ཏོ།། ཚེ་དང་ལྡན་པ་ཀུན་དགའ་བོས་རྒྱང་རིང་པོ་ནས་བཅོམ་ལྡན་འདས་མཐོང་ངོ་།། ཐོང ་ནས་ཀྱང་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་གདན་བཤམས་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ།། བཅོམ་ལྡན་འདས་ཆུར་གཤེགསུ་གསོལ།། བཅོམ་ལྡན་འདས་ལེགས་པར ་གཤེགས་ལག་སོ།། བཅོམ་ལྡན་འདས་གདན་བཤམས་པ་འདི་ལ་བཞུགསུ་གསོལ། བཅོམ་ལྡན་འདས་གདན་ལ་བཞུགས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ་ཀུན་དགའ་བོ་དགེ་སློང་རབ་ཏུ་མང་དག་གིས་ཤཱཀྱ་དུས་བདེའི་གཙུག་ལག་ཁང་དུ་བླ་གབ་མེད་པར་སྙན་པ་རབ་ཏུ་མང་པོ་དག་བཏིང་སྟེ་དོང་ངོ་།། གསོལ་པ། བཅོམ་ལྡན ་འདས་ཆོས་གོས་སྩལ་པའི་དུས་ལག་སོ།། བདེ་བར་གཤེགས་པ་ཆོས་གོས་སྩལ་པའི་དུས་ལགསོ།། བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ་དགའ་བ་དང་། བྲེ་མོ ་གཏམ་ལ་ཀུན་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་ཏུ་དགའ་བ་ཉིད་ལ་བརྩོན་པའི་རྗེ་སུ་སྦྱོར་བ་དང་། ཚོགས་ལ་དགའ་བ་དང་། ཚོགས་ལ་ཀུན་ཏུ་དགའ་བ་དང་། ཚོགས་ལ་ཀུན་ཏུ་དགའ ་བ་ཉིད་ལ་བརྩོན་པའི་རྗེསུ་སྦྱོར་བ་དག་ལ་གནས་པ་ནི་མི་འཛེས་ཏེ། ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་ཏུ་དགའ་དང་། བྲེ་མོ་གཏམ་ལ་ཀུན ་ཏུ་དགའ་བ་ཉིད་ལ་བརྩོན་པའི་རྗེསུ་སྦྱོར་བ་དང་། ཚོགས་ལ་དགའ་བ་དང་། ཚོགས་ལ་ཀུན་ཏུ་དགའ་བ་དང་། གས་ལ་ཀུན་ཏུ་དགའ་བ་ཉིད་ལ་བརྩོན་པའི་རྗེསུ་སྦྱོ ་བ་ལ་གནས་ཤིང་། ཚེགས་ལས་གཅིག་པུ་ལོགས་ཤིག་ན་མི་གནས་པ་དེས་ནི་རེ་ཤིག་འཕགས་པའི་བདེ་བ་དང་། ངེས་པར་འབྱུང་བའི་བདེ་བ་དང་། རབ་ཏུ་དབེན་པའི་བདེ་བ་དང་། ་ཉེ་བར་ཞི་བའི་བདེ་བ་དང་། རྫོགས་པར་བྱང་ཆུབ་པའི་བདེ་བ་དང་། དེ་ལྟ་བུའི་བདེ་བ་གང་ཡིན་པ་དེ་དག། ཅི་འདོད་པ་བཞིན་འཐོབ་པ་དང་དཀའ་བ་མེད་པར་འཐོབ་པར་འགྱུར་བ་དེ་ནི ་གནས་མེད་དེ་ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ་མི་དགའ་བ་དང་བྲེ་མོ་གཏམ་ལ་ཀུན་ཏུ་མི་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་ཏུ་དགའ་བ་ཉིད་ལ་བརྩོན་པའི་རྗེ་སུ་མི་སྦྱོར་བ་དང་། ་ཚོགས་པ་མེ་དགའ་བ་དང་། ཚོགས་ལ་ཀུན་ཏུ་མི་དགའ་བ་དང་། ཚོགས་ལ་ཀུན་ཏུ་དགའ་བ་ཉིད་པ་བརྩོན་པའི་རྗེསུ་མ་སྦྱོར་བ་ལ་གནས་ཤིང་། ཆགས་ལས་གཅིག་པུ་ལེགས་ཤེ ་ན་གནས་པ་དེས་ནི། རེ་ཤིག་འཕགས་པའི་བདེ་བ་དང་། ངེས་པར་འབྱུང་བའི་བདེ་བ་དང་། རབ་ཏུ་དབེན་པའི་བདེ་བ་དང་། ཉེ་བར་ཞི་བའི་བདེ་བ་དང་། རྫོགས་པར་བྱང་ཆུབ་པའི ་བདེ་བ་དང་། དེ་ལྟ་བུའི་བདེ་བ་གང་ཡིན་པ་དེ་དག་ཅི་འདོད་པ་བཞིན་ཐོབ་པ་དང་། དཀའ་བ་མེད་པར་འཐོབ་པར་འགྱུར་བ་དེ་ནི་གནས་ཡོད་དོ།། ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ ་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་ཏུ་དགའ་བ་དང་། བྲེ་མོག་ཏམ་ལ་ཀུན་ཏུ་དགའ་བ་ཉིད་ལ་བརྩོན་པའི་རྗེསུ་སྤྱོང་བ་དང་། ཚོགས་ལ་དགའ་བ་དང་། ཚགས་ལ་ཀུན ་ཏུ་དགའ་བ་དང་། ཚོགས་ལ་ཀུན་ཏུ་དགའ་བ་ཉིད་ལ་བརྩོན་པའི་རྗེསུ་སྦྱོང་བ་ལ་གནས་ཤིང་། ཚོགས་ལས་ག། ཅིག་པུ་ལོགས་ཤིག་ན་མི་གནས་པ་དེས་ནི་རེ་ཤིག ་དུས་དང་། སྒྱུ་ཞིང་སྲུང་བའི་སེམས་རྣམ་པ་གྲལ་བ་འམ། དུས་དཔོ་མོ་སྦྱང་ཞིང་མ་ཐིམས་བ.ལུས་ཀྱིས་མངན་སུམ་དུ་བྱས་ནས། བསྒྲུབས་ཏེ་གངས་པར་འགྱུར་བར་རིག ་མེད་དོ།། ཀུན་དགའ་བ་དགེ་སློང་བྲེ་མོ་གཏམ་ལ་མི་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་ཏུ་མི་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་ཏུ་དགའ་བ་ཉིད་ལ་བརྩོན་པའི་རྗེ་སུ་མི་སྦྱོར་བ ་དངང་ཚོགས་ལ་མི་དགའ་བ་དང་། ཚོགས་ལ་ཀུན་ཏུ་མི་དགའ་བ་དང་། ཚོགས་ལ་ཀུན་ཏུ་དགའ་བ་ཉིད་ལ་བརྩོན་པའི་རྫསུ་མི་སྦྱོར་བ་ལ་གནས་ཤིང་། ཚོགས་ལས་གཅིག་པུ་ལོག ་ཤིག་ན་གནས་པ་དེས་རེ་ཤིག་དུས་དང་སྦྱོར་ཞིང་སྲུང་བའི་སེམས་རྣམ་པར་གྲོལ་བ་འམ། དུས་དང་མི་སྦྱོར་ཞིང་མི་ཉམས་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས ་ཏེ་གནས་པར་འགྱུར་བ་དེ་ནི་གནས་ཡོད་དོ།། ཀུན་དགའ་བོ་ངས་གང་ལ་ཀུན་ཏུ་དགའ་བ་དང་། མངོན་པར་དགའ་བའི་གཟུགས་དེའི་རྣམ་པར་འགྱུར་བ་དང་། གཞན་འགྱུར་བ་ལས་མྱ ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དཀུ་འབྱུང་བར་མི་འགྱུར་བའི་གཟུགས་ནི་གཅིག་ཀྱང་ཡང་དག་པར་རྗེསུ་མ་མཐོང་ངོ་།། ཀུན་དགའ་བོ ་དེ་ལྟ་བས་ན་ངའི་གནས་པ་འདི་ལྟ་སྟེ། རྣམ་པ་ཐམས་ཅད་དུག་ཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ནས། ཕྱི་སྟོང་པ་ཉིད་སྐུས་མངོན་སུམ་དུ་མཛད་ནས། བསྒྲུབ ་ཏེ་བཞུགས་པ་འདི་ཡང་རྗེ་སུ་རྟོག་སོ།། ང་གནས་པ་འདིས་གནས་པ་མ། མཆོག་ཏུ་དགའ་བ་སྐྱེ་སྟེ། ང་མཆོགཏུ་དགའ་བ་དེས་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང ་ཞིང་དྲན་པ་དང་། ཤེས་བཞིན་གྱིས་ལན་མང་དུ་གནསོ།། ང་གནས་པ་འདིས་གནས་པ་ན། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བདེ་བ་དང་། ཏིང་འཛིན་སྐྱེས་ཏེ། ང་ཏིང ་འཛིན་དེས་ལུས་ཀྱིས་ཐམས་ཅད་ཡང་དག་པར་མྱོང་ཞིང་དྲན་པ་དང་། ཤེས་བཞིན་གྱིས་ལན་མང་དུ་གན་སོ།། ང་གནས་པ་འདིས་གནས་པ་ན། དགེ་སློང་དང་། དགེ་སློང་མ་དང ་དགེ་སྙེན་དང་། དགེ་བསྙེན་མ་དག་ཉེ་བར་ལྷགས་པར་གྱུར་ནས། ང་དེ་ལ་གཞོལ་བ་དང་། དེ་ལ་འབབ་པ་དང་། དེ་ལ་བབ་པའི་སེམས་ཀྱིས། དེ་དག་ལ་འདི་ལྟ་སྟེ། བརྩོན་འགྲུས ་སུ་རུང་བར་བྱ་བའི་ཕྱིར། ཕན་ཚུན་ཀུན་དགའ་བར་གཏམ་འདྲེ་བར་སྨྲ། ཕེབས་པར་སྨྲ་ཞིང་ཆེས་ཀྱི་གཏམ་ཡང་ཟེར་རོ།། ཀུན་དགའ་བོ་ད་ལྟ་བས་ན་དགེ་སློང་ཡང་ཀྱེ་མ་བདག་བྱི་སྟོང་པ། ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས། བསྐབས་ཏེ་གནས་པར་བྱའོ་ཞེས་འདོད་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་སེམས་ནང་ཁོ་ནར་གཞག་པར་བྱ། ཡང་དག་པར ་གཞག་པར་བྱ། བསྡུས་ཏེ་གཞག་པར་བྱ། ཉེ་བར་གཞག་པར་བྱ། དུལ་བར་བྱ། ཞི་བར་བྱ། རྒྱུད་གཅིག་ཏུ་བྱ་ཞིང་ཏིང་འཛིན་དུ་བྱའོ།། ཀུན་དགའ་བོ་དགེ་སློང་གང་འདི་སྐད ་ཅེས། བདག་གིས་སེམས་ནང་ཁོ་ནར་མ་གཞག། ཡང་དག་པར་མ་གཞག། བསྡུས་ཏེ་མ་གཞག། ཉེ་བར་མ་གཞ་ག་དུལ་བར་མ་བྱས། ཞི་བར་མ་བྱས། ཉེ་བར་ཞི་བར ་མ་བྱས། རྒྱུད་གཅིག་ཏུ་མ་བྱས་ཤིང་། ཏིང་འཛིན་དུ་མ་བྱས་པ་ར། ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་བྱའོ་ཞེས་ཟེར་ན། ཀུན ་དགའ་བོ་དོན་རྣམ་པར་འཁྲུལ་པ་ཡིན་པར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་ནི་གནས་མ་ཡིན་ཞིང་། སྐབས་མ་ཡིན་ཏེ། གང་སེམས་ནང་ཁོ་ནར་མ་བཞག། ཡང ་དག་པར་མ་བཞག་བསྡུས་ཏེ་མ་བཞག། ཉེ་བར་མ་བཞག། དུལ་བར་མ་བྱས། ནི་བར་མ་བྱས། ཉེ་བར་ནི་བར་མ་བྱས། རྒྱུད་གཅིག་ཏུ་མ་བྱས་ཤིང་། ཏིང་འཛིན་དུ་མ་བྱས་པར། ཕྱི ་སྟོང་པ་ཉིད་ལུས་ཀྱིས་མིངོན་སུམ་དུ་བྱས་ནས། བསྒྲུབས་ཏེ་གནས་པ་དེ་ནི་གརས་མེད་པའི་ཕྱིར།། ཀུན་དགའ་བ་དང་སློང་གང་འདི་སྐད་ཅེས། བདག་གིས་སེམས་ནང་ཁོ་ནང་བཞག། ཡང་། ་དག་པར་བཞག། བསྡུས་ཏེ་བཞག། ཉེ་བར་བཞག། དུལ་བར་བྱས། ཞི་བར་བྱས། ཉེ་བར་ཞི་བར་བྱས། རྒྱུད་གཅིག་ཏུ་བྱས་ཤིང་། ཏིང་འཛིན་དུ་བྱས་ཏེ། ཕྱི་སྟོང་བ་ཉིད་ལུས ་ཀྱིས་མངོན་སུབ་དུ་བྱས་ནས། བསྒྲུབས་ཏེ་གནས་པར་བྱའོ་ཞེས་ཟང་ན། ཀུན་དགའ་བོ་དེའི་ཚིག་ནི་ལེགས་པ་ཡིན།། དེ་ཅི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་ནྀ་གནས་ཡིན་ཞིང་། སྐབས་ཡིན ་ཏེ་གང་སེམས་ནང་ཁོ་ནར་བཞག། བསྡུས་ཏེ་བཞག། ཉེ་བར་བཞག། དུལ་བར་བྱས། ཞི་བར་བྱས། ཉེ་བར་ཞི་བར་བྱས། རྒྱུད་གཅིག་ཏུ་བྱས་ཤིང་། ཏིང་འཛིན་དུ་བྱས་ཏེ། ཕྱི་སྟོང་པ་ཉིད་ལུས ་ཀྱི་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་འགྱུར་བ་དེ་ནི་ག་ནས་ཡོད་པའི་ཕྱིར།། ཀུན་དགའ་བོ་ཇི་ལྟར་ན་དགེ་སློ་ང་སེམས་ནང་ཁོ་ནར་འཛག་པར་བྱེད། ཡང་དག་པར ་འཇོག་པར་བྱེད། བསྡུས་ཏེ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད་ཅིང་། ཏིང་འཛིན་དུ་བྱེད་ཅ་ན། འདི་ལ་དགེ་སློང་དབེན ་བ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་ལུས་དེ་ཉིད་མངོན་པར་བརྙན་པར་བྱེད། ཡོངསུ་བརྙན་པར་བྱེད། ཡོངསུ་ཚིམ་པར་བྱེད་ཅིང་། ཡོང་སུ་ཁྱབ་པར་བྱེད་དེ། དེའི་ལུས་ཐམས་ཅད་ལ་འདི་ས ་སྟེང་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་ཁྱབ་པར་མ་གྱུར་པ་དང་། ཁྱབ་པར་མ་བྱས་པ་ཅུང་ཟད་ཀྱང་མེད་དོ།། འདི་ལྟ་སྟེ། དཔེར་ན། ཁྲུས་མཁན་གྱི་སློབ་མ་མཁས་པ་ཞིག་གྲི ་ཁྲུས་ཆལ་ཞིབ་མོ་དག་ཁར་ཕོང་ངམ། གཞོང་བུ་འམ། ཉ་ཕྱིསུ་བླུགས་ཏེ། ཆུས་བཏབ་ཅིང་མཉེས་ནས། དེ་ཁྲུས་ཚལ་གྱིས་རིལ་བུ་རླན་པ། དྲན་པ་དང་ལྡན་པ། རླན་གྱིས་ཀུན་ཏུ་གང་བ། ་ཕྱི་ནང་བཅས་པས་རླན་གྱིས་ཁྱབ་པར་འགྱུར་ཞིང་། ཕྱིར་ཡང་མི་འཛག་ལ་ཟག་པར་ཡང་མི་འགྱུར།། དེ་བཞིན་དུ་དགེ་སློང་ཡང་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་ལུས་དེ་ཉིད ་མངོན་པར་རླན་པར་བྱེད། ཡོངསུ་རླན་པར་བྱེད། ཡོངསུ་ཚིམ་པར་བྱེད། ཡོང་སུ་ཁྱབ་པར་བྱེད། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་ཁྱབ་པར ་མ་གྱུར་པ་དང་། ཁྱབ་པར་མ་བྱས་པ་ཅུང་ཟད་མདོ།། ཀུན་དགའ་བོ་དེ་ལྟར་ན་དགེ་སློང་སེམས་ནང་ཁོ་ནར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། ་རྒྱུད་གཅིག་ཏུ་བྱེད་ཅིང་། ཏིང་འཛིན་དུ་བྱེད་པ་ཡིན་ཏེ། ཀུན་དགའ་བོ་དགེ་སློང་དེས་ནི་སེམས་ནང་ཁོ་ནར་བཞག། ཡང་དག་པར་བཞག། བསྡུས་ཏེ་བཞག། ཉེ་བར་བཞག། དུལ་བར ་བྱས་ཞི་བར་བྱས། ཉེ་བར་ཞི་བར་བྱས། རྒྱུད་གཅིག་ཏུ་བྱས་ཤིང་། ཏིང་འཛིན་དུ་བྱས་ཏེ། ཕྱི་སྟོང་པ་ཉིད་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་དེ་ཕྱི་སྟོང་པ་ཉིད་ཡིད་ལ་བྱེད ་བ་ན། སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་སྟོང་པ་ཉིད་ལ་དེའི་སེམས་འཇུག་པར་མི་འགྱུར་ཞིང་། དང་བར་མི་འགྱུར། གནས་པར་མི་འགྱུར་མོས་པར ་མི་འགྱུར་ལ། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ། བདག་ཕྱི་སྟོང་པ་ཉིད་ཡིད་ལ་བྱེད་པ་ན། སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་སྟོང་པ་ཉིད ་ལ་སེམས་འཇུག་པར་མི་འགྱུར། དང་བར་མི་འགྱུར།། གནས་པར་མི་འགྱུར། མོས་པར་མི་འགྱུར་བར་ཤེས་སོ་སོར་རྡོག་པའི་ཚེ། བདག་ནང་སྟོང་པ་ཉིད་ཡང་ལ་བྱེད་པ་ན་ཡང་། སེམས་རྣམ ་བར་གཡོ་བར་མི་འགྱུར་ཞིང་། འདི་ལྔ་སྟེ། ནང་སྟོང་པ་ཉིད་ལ་སེམས་འཇུག་པ་དང་། དང་བ་དང་། གནས་པ་དང་། མོས་པར་གྱུར་ལ། ཀུན་དགའ་བོ་དགེ་སློང་ངས་ཕྱི་ནང ་སྟོང་པ་ཉིད་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་དེ་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་། སེམས་རྣམ་པར་གཡོ་བར་མི་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་ནང་སྟོང་པ་ཉིད་ལ་སེམས ་འཇུག་པ་དང་། དང་ང་དང་། གནས་པ་དང་། མོས་པར་གྱུར་ལ། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ། བདག་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་། སེམས་རྣམ ་བར་གཡོ་བར་མི་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་ནང་སྟོང་པ་ཉིད་ལ་སེམས་འཇུག་པ་དང་། དང་བ་དང་། གནས་པ་དང་། མོས་པར་གྱུར་བར་ཤེས་ན། ཀུན་དགའ་བོ་དགེ་སློང་དེས་མི་གས ་བ་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་དེ་མི་གཡོ་བ་ཡིད་ལ་བྱེད་པ་ན་ཡང་། སེམས་རྣམ་པར་གཡོ་བར་མི་ལ་གྱུར་ཞིང་། འདི་ལྟ་སྟེ། མི་གཡོ་བ་ལ་སེམས་འཇུག་པ ་དང་དང་བ་དང་། གནས་པ་དང་། མོས་པར་གྱུར་ལ། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་སྐར་སོ་སོར་རྟོག་པའི་ཚེ། བདག་མི་གཡོ་བ་ཡིད་ལ་བྱེད་པ་ན་ཡང་། སེམས་རྣམ་པར་གས ་བར་མི་འགྱུར་ཞིང་། འདི་ལྟ་སྟེ་མི་གཡོ་བ་ལ་སེམས་འཇུག་པ་དང་། དང་བ་དང་། གནས་པ་དང་། མས་པར་གྱུར་པར་ཤེས་ན། དེ་དེ་ལ་དྲན་པ་དང་། ཤེས་བཞིན་ཅན་དུ་འགྱུརརོ།། ཀུན་དག ་བོ་དགེ་སློང་དེ་གནས་པ་འདིས་གནས་པ་ན། གལ་ཏེ་འཆག་པ་ལ་སེམས་འཇུག་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་གཙུག་ལག་ཁང་གི་ཕྱི་རོལ་བླ་གབ་མེད་པའི་འཆགས་སར། ་རྣམ་པ་སྨྲས་ཤི་ད་རློ་བོ་དུ་མ་སབྱའི་དུ་ཤེས་བྱའོ།། དེ་ར་སེམས་དང་། མངས་བ་དང ་མི་དགེ་བའི་ཆོས་རྣམས་སེམས་ཀྱི་རྗེ་སུ་མི་འབྲང་ཞིང་། དེ་དེ་ལ་དྲན་པ་དང་། ཤེས་བཞིན་ཅན་དུ་འགྱུར།། ཀུན་དགའ་བོ་དགེ་སློང་དེ་ས་ང་། གལ་ཏེ་འདུག་པ་ལ་སེམས་འཇུག་པར་གྱུར ་ན་ཀུན་དགའ་བོ་དགེ་སློང་དེས་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ཏེ། གཙུག་ལག་ཁང་གི་ནང་དུ་ཞུགས་ལ། སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲང་ལ། དྲན་པ་ཕྱོགས ་པར་བཞག་སྟེ། འདུག་པ་བྱའོ།། དེ་དེ་ལྟར་འདུག་པ་ན་འཇིག་རྟེན་ལ་བརྔུབ་སེམས་དང་། ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱིས་རྗེ་སུ་མི་འབྲང་ཞིང་། དེ་དེ་ལ་དྲན་པ་དང་། ་ཤེས་བཞིན་ཅན་དུ་འགྱུརརོ།། ཀུན་དགའ་བོ་དགེ་སློང་དེ་གནས་པ། འདིས་གནས་པ་ན། གལ་ཏེ་རྣམ་པར་རྟོག་པ་དག་མ། སེམས་འཇུག་པར་འགྱུར་ན། ཀུན་དགའ་བོ་དགེ་སློང་དེ། ་མི་དགེ་བ་སྡུག་བསྔལ་བ། འཕགས་པ་མ་ཡིན་པ། གནོད་པ་དང་ལྡན་པའི་རྣམ་པར་རྟོག་པ། འདི་ལྟ་སྟེ། འདོད་པའི་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར ་འཆ་བའི་རྣམ་པར་རྟོག་པ་དང་། དེ་ལྟ་བུའི་རྣམ་པར་རྟོག་པ་གང་དག་ཡིན་པ་དེ་དག་མངོན་པར་སྤངས་ལ། དགེ་བ་བདེ་བ་འཕགས་པ་གནོང་པ་མེད་པ་དང་ལྡན་པའི་རྣམ་པར་རྟོག་པ ་འདི་ལྟ་སྟེ། ངེས་པར་འབྱུང་བའི་རྣམ་པར་རྟོག་པ་དང་། གནོད་སེམས་མེད་པའི་རྣམ་པར་རྟོག་པ་དང་། རྣམ་པར་མི་འཚོ་བའི་རྣམ་པར་རྟོག་པ་དང་། ད་ལྟ་བུའི་རྣམ་པར་རྟོག་པ་གང་དག ་ཡིན་པ་དེ་དག་ལ་རྣམ་པར་བྱའོ།། དེ་དེ་ལྟར་རྣམ་པར་རྟོག་པ་མ། འཇིག་རྟེན་ལ་བརྣབ་སེམས་དང་། གནོད་སེམས་དང་། ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བའི་ཆོས ་འརྡབ་སེམས་ཀྱི་རྗེ་སུ་མི་འབྲང་ཞིང་། དེ་དེ་ལ་དྲན་པ་དང་། ཤེས་བཞིན་ཅན་དུ་འགྱུརརོ།། ཀུན་དགའ་བོ་དགེ་སློང་དེ་གནས་པ་འདིས་གནས་པ་ན། གལ་ཏེ་གང་མ་ལ་སེམས་འཇུག་པར ་གྱུར་ན། ཀུན་དགའ་བ་དགེ་སློང་དེས་མི་དགེ་བ་འཕགས་པ་མ་ཡིན་པ། གནོད་པ་དང་ལྡན་པའི་གཏམ་འདི་ས་སྟེ། རྒྱལ་པོའི་གད་མ་དང་། རྐུན་པོའི་གང་མ་དང་། ཐབ་མོའི་གདམ་དང་། ་ཀྱི་གཏམ་དང་། སྐོམ་གྱི་གཏམ་དང་། གོས་ཀྱི་གཏམ་དང་། ལམ་སྲང་གི་གཏམ་དང་། སྨད་འཚོང་བའི་གཏམ་དང་། འཇིག་རྟེན་གྱི་གྲཏམ་རྒྱུད་ཀྱི་གཏམ་དང་། ལམ་ངན་པའི་གཏམ་རྒྱུད ་ཀྱི་གཏམ་དང་། རྒྱ་མཚོའི་གཏམ་རྒྱུད་ཀྱི་གཏམ་དང་། ཡུས་གྱི་མི་དང་། སྣ་ཆེན་པོ་ལ་གཏོགས་པའི་གཏམ་རྒྱུད་ཀྱི་ག། ཏམ་དང་དག་ཡིན་པ་དེ་དག་མངོན་པར་སྤངས་ལ། ་འཕགས་པ་ཡོ་བྱད་བསྙུངས་པ་སེམས་ཀྱི་སྒྲིབ་པ་མེད་པ་དང་། འཐུན་པར་འགྱུར་བའི་གཏམ། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་གཏམ་དང་། ཏིང་འཛིན་གྱི་གཏམ་དང་། ཤེས་རབ་ཀྱི་གཏམ་དང་། ་རྣམ་པར་གྲོལ་བའི་གང་མ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་གཏམ་དང་། འདོད་པ་ཆུང་བའི་གཏམ་དང་། ཆོག་ཤེས་པའི་གཏམ་དང་། མི་སྩོགས་པའི་གཏམ་དང་། ཡོ་བྱད ་བསྙུངས་པའི་གཏམ་དང་། འདུ་འཛི་མེད་པའི་གདམ་དང་། སྤོང་བའི་གཏམ་དང་། འདོད་ཆགས་དང་བྲལ་བའི་གཏམ་དང་། འགོག་པའི་གཏམ་དང་། སྟོང་པ་ཉིད་ཀྱི་གཏམ་དང་། རྐྱེན་འདི་པ་ཉིད་ཀྱི ་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་དང་། དེ་ལྟ་བུའི་གཏམ་གང་དག་ཡིན་པ་དེ་དགི་གཏམ་བྱའོ།། དེ་ལྟར་གཏམ་ཟེར་བ་ན། འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་དང་། སྡིག ་བ་མི་དགེ་བའི་ཆོས་རྣམས་སེམས་ཀྱིས་རྗེསུ་མི་འབྲང་ཞིང་དེ་ལ་དྲན་པ་དང་། ཤེས་བཞིན་ཅན་དུ་འགྱུརརོ།། ཀུན་དགའ་བོ་འཕགས་པ་ཉན་ཐོས་ཀྱིས་མ་ལ་བདགིས་སེམས་འདོད་པའི་ཡོད ་ཏན་ལྔ་པོ་འདི་དག་ལས་འདོད་པའི་ཡོན་ཏན་གང་ཡང་རུང་བ་ལ་རྟེན་ནས། ཀུན་ཏུ་འབྱུང་བ་ཡོད་དམ། རྟེན་ཏེ་བདག་གི་སེམས་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ལས་འདོད་པའི་ཡོན་ཏན་གང་ཡཱ ་རུང་བ་ལ་བརྟེན་ནས། ཀུན་ཏུ་འབྱུང་བ་མེད་ཅེས་ཡང་དང་ཡང་དུ་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ལ། རང་གི་སེམས་སོ་སོར་། རྟག་པར་བྱ་སྟེ། ཀུན་དགའ་བོ་ང་ནི་འདོད་པའི་ཡོན་ཏན ་ལྔ་པོ་དག་ལས་གཞན་པ་ལ་སེམས་ཀུན་ཏུ་འབྱུང་བར་མི་སྨྲའོ། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ། བདག་གི་སེམས་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ལས་འདོད ་པའི་ཡོན་ཏན་གང་ཡང་རུང་བ་ལ་བརྟེ་ནས། ཀུན་ཏུ་འབྱུང་བ་ཡོད་པར་ཤེས་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་འདོད་པའི་ཡོན་ཏན་དེ་དང་། དེ་དག་ལ་མི་རྟག་པར་རྗེ་སུ་བལྟ་ཞིང་གནས་པར་བྱ ་ཟད་པར་རྗེ་སུ་བལྟ་བ་དང་། འདོད་ཆགས་དང་བྲལ་བར་རྫ་སུ་བལྟ་བ་དང་། འགོག་པར་རྗེ་སུ་ལྟ་བ་དང་། ངེས་པར་འབྱུང་བར་རྗེ་སུ་བལྟ་ཞིང་གནས་པར་བྱའོ།། ཀུན་དགའ་བོ་དགེ་སློང་དེ་འདོད་པའི་སྟོན ་དེ་དང་། དེ་དག་ལ་མི་རྟག་པར་རྗེ་སུ་ལྟ་ཞིང་གནས་པ་དང་། ཟད་པར་རྗེ་སུ་བལྟ་བ་དང་། འདོད་ཆགས་དང་བྲལ་བར་རྗེ་སུ་བལྟ་བ་དང་། འགོག་པར་རྗེ་སུ་བལྟ་བ་དང་། ངེས་པར་འབྱུང་བར་རྗེ་སུ་ལྟ་ཞིང ་གནས་པ་ན། དེའི་སེམས་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ལས་འདོད་པའི་ཡོན་ཏན་གང་ཡང་རུང་བ་ལ་བརྟེན་ནས། ཀུན་ཏུ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ཀུན་ཏུ་འབྱུང་བ ་མི་འགྱུརརོ།། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོར་རྟོག་པའི་ཚེ། བདག་གི་སེམས་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ལས་འདོད་པའི་ཡོན་ཏན་གང་ཡང་རུང་བ་ལ་བརྟེན་ནས། ཀུན་ཏུ་འབྱུང་བ ་འགྱུར་བ་གང་ཡིན་པ་དེ་སྤངས་པར་ཤེས་པར་གྱུར་ན། དེ་དེ་ལ་དྲན་པ་དང་། ཤེས་བཞིན་ཅན་དུ་འགྱུརོ།། ཀུན་དགའ་བོ་འཕགས་པ་ཉན་ཐོས་ཀྱིས་མ་ལ་བང་གིས་ཉེ་བར་ལེན་པའི་ཕུང་པོ་འདི་དག ་ལ་ངའི་སྙམ་པའི་ང་རྒྱལ་དང་། ངའོ་སྙམ་པའི་འདུན་པ་དང་། ངའོ་སྙམ་པའི་བག་ལ་ཉལ་མ་སྤངས་ཤིང་། ཡོངསུ་མ་ཤེས་ལ། མ་བཀག། མ་བསྩལ་པ་ཡོད་དམ། འོན་ཏེ་བང་གི་ཉེ་བར་ལེན་པའི ་དྲུང་བ་ལྔ་ང་སལ་རྣམ་པའི་རྒྱ་དང་སྙམ་པའི་འདུང་བ་དགངའོ། སྙམ་པའི་བག་ལ་ཉལ་མ་སྤངས་ཤིང་། ཡོངསུ་མ་ཤེས་ལ། མ་བཀག། མ་བསྔལ་པ་མེད་ཅེས། ཡང་དང་ཡང་དུ་ཉེ་བར་ལེན ་པའི་ཕུང་པོ་འདི་དག་ལ་རང་གི་སེམས་སོར་བརྟག་པར་བྱའོ།། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཆ། བདག་གིས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ངའོ་སྙམ་པའི ་ང་རྒྱལ་དང་། ངའོ་སྙམ་པའི་འདུན་པ་དང་། ངལོ་སྙམ་པའི་བག་ལ་ཞལམ་སྤངས་ཤིང་། ཡོངསུ་མ་ཤེས་ལ། མ་བཀག། མ་བསྩལ་པ་ཡོད་པར་ཤེས་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས ་བར་ལེན་པའི་ཕུང་པོ་ལྔ་པ་འདི་དག་ལ་ཡང་དང་ཡང་དུ་འདི་ལྟ་སྟེ། འདི་ནི་གཟུག་སོ།། འདི་ནི་གཟུགས་ཀྱི་ཀུན་འབྱུང་བའོ།། འདི་ནི་གཟུགས་ཀྱི་ཟད་པའོ།། འདི་ལྔ་སྟེ། འདི་ནི་ཚོར་བ་དང་། འདུ་ཤེས ་ཤེས་དང་། འདུ་བྱེད་རྣམས་དང་། འདི་ནི་རྣམ་པར་ཤེས་པའོ།། འདི་ནི་རྣམ་པར་ཤེས་པའི་ཀུན་འབྱུང་བའོ།། འདི་ནི་རྣམ་པར་ཤེས་པའི་ཟད་པའོ་ཞེས་ཀུན་འབྱུང་བ་དང་། ཟད་པར་རྗེ་སུ་བལྟ་ཞིང་ག ་པར་བྱའོ།། དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ཡང་དང་ཡང་དུ་ཀུན་འབྱུང་བ་དང་། ཟད་པའི་རྗེ་སུ་ལྟ་ཞིང་གནས་པ་ན། དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ངར་སྙམ་པའི ་རྒྱལ་དང་། ངའོ་སྙམ་པའི་འདུན་པ་དང་། ངའོ་སྙམ་པའི་བག་ལ་ཉལ་མ་སྤངས་ཤིང་། ཡོངསུ་མ་ཤེས་ལ། མཾ་བཀག་པ། མ་བསྩལ་བར་གྱུར་པ་གང་ཡིན་པ་དེ་མེད་པར་འགྱུརརོ།། ཀུན ་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ། བདག་གིས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ། ངའོ་སྙ། མ་པའི་ང་རྒྱལ་དང་། ངའོ་སྙམ་པའི་འདུན་པ་དང་། ངའོ་སྙ ་པའི་ངག་ལ་ཉལ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་སྤང་པར་ཤེས་པར་གྱུར་ན། དེ་དེ་ལ་དྲན་པ་དང་། ཤེས་བཞིན་ཅན་དུ་འགྱུར་ཏེ། ཀུན་དགའ་བོ་ཆོས་དེ་དག་ནི་གཅིག་ཏུ ་དཀར་བ། གཅིག་ཏུ་བདེ་བ། གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ་སྟེ། བདུད་སྡིག་ཅན་གྱིས་འདའ་བར་བྱ་བ་མ་ཡིན་ཤིང་། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་འགྱུར་བ། ཡང ་སྲིད་པར་འགྱུར་བ་གདུང་བ་དང་། བཅས་པ། རྣམ་པར་སྨིན་པ། སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་རྣམས་ཀྱིས་མི་འཕྲོགས་པ་ཡིན་ནོ།། ཀུན་དགའ་བོ ་ཇི་སྙམ་དུ་སེམས་ཉན་ཐོས་དང་བ་ཅན་དག་ཇི་སྲིད་འཚེའི་བར་དུ། ཕྱིར་བདག་ཀྱང་སྟོན་པོའི་ཕྱི་བཞིན་རྗེ་སུ་འབྲང་འོས་པ་ཅིའི་ཕྱིར་སྙམ། གསོལ་པ། བཙུན་པ་བཅོམ་ལྡན་དུ ་། ནི་ཆོས་རྣམས་ཀྱི་གཞི་བོ་ལགས་ཏེ་བཅོམ་ལྡན་འདས་ཀྱི་མཚོན་པ་དང་། བཅོམ་ལྡན་འདས་ལ་རྟེན་པ་ལགས་པས། བཅོམ་ལྡན་འདས་ཀྱིས་ངོམ་དེ་དགེ་སློང་རྣམས ་ལ་ལེགས་པར་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ལས་ཐོས་ནས། དགེ་སློང་རྣམས་ཀྱང་འཛིན་པར་འགྱུར་ལག་སོ།། བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ལེགས་པར ་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ།། ཀུན་དགའ་བོ་ཉན་ཐོས་དད་པ་ཅན་གང་དག་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི ་སྡེ་དང་། ཚིག་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་རྒྱ་ན་ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བ་འི ་ཆོས་ཀྱི་སྡེ་དང་། གཏན་ལ་བབ་པར་བསྟན་པའི་སྡེའི་ཆོས་དེ་དག་དང་། དེ་ལྟ་བུའི་ཆོས་རྣམས་མཉམ་པའི་ཕྱིར།། ར་ཇི་སྲིད་འཚོའི་བར་དུ་ཕྱིར་བཀག་ཀྱང་སྟོན་པའི་ཕྱི་བཞིན ་རྗེསུ་འབྲང་བ་ནི་ངེས་པ་མ་ཡིན།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་དེ་དག་ནི། ཡུན་རིང་པོ་ནས་ཐོས་ཤིང་བཟུང་པོ། བསྟན་པར་བྱས་ཤིང་ཁ་ཏོན་བྱེད་པ་དང་། ཡིད་ཀྱིས་བརྟགས ་པ་དང་། མཐོང་བས་ཤིན་ཏུ་རྟོགས་པར་བྱས་ཟིན་པའི་ཕྱིར།། ཀུན་དགའ་བོ་ཉན་ཐོས་དད་པ་ཅན་གང་དག་འཕགས་པ་ཡོ་བྱད་བསྙུངས་པ་སེམས་སྒྲིབ་པ་མེད་པ་དང་མཐུན་པར་འགྱུར་བའི ་གཏམ། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་གཏམ་དང་། ཏིང་འཛིན་གྱི་གཏམ་དང་། ཤེས་རབ་ཀྱི་གཏམ་དང་། རྣམ་པར་གྲོལ་བའི་གཏམ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་གཏ ་དང་འདོད་པ་ཆུང་བའི་གཏམ་དང་། ཆོག་ཤེས་པའི་གཏམ་དང་། མི་སྩོགས་པའི་གཏམ་དང་། ཡོ་བྱད་བསྙུངས་པའི་གཏམ་དང་། འདུ་འཛི་མེད་པའི་གཏམ་དང་། སྤོང་བའི་གཏམ ་དང་ར་འདོད་ཆགས་དང་བྲལ་བའི་གཏམ་དང་། འགོག་པའི་གཏམ་དང་། སྟོང་པ་ཉིད་ཀྱི་གཏམ་དང་། རྐྱེན་འདི་བ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་དང་། དེ་ལྟ་བུའི་གཏམ་གང་། ་ཡིན་པ་དག་མཉན་པའི་ཕྱིར་ཇི་སྲིད་འཚོའི་བར་དུ། ཕྱིར་བཀག་ཀྱང་སྟོན་པའི་ཕྱི་བཞིན་རྗེ་སུ་འབྲང་བ་ནི་རིགས་པ་ཡིན།། ཀུན་དགའ་བོ་གསུམ་པོ་འདི་དག་གནོད་པ་ཡིན་ཏེ། གསུམ་གང ་ཞེ་ན་སློབ་དཔོན་གྱི་གནོད་པ་དང་། སློབ་མའི་གནོད་པ་དང་། ཚངས་པར་སྤྱོད་པའི་གནོད་པའོ།། ཀུན་དགའ་བོ་སློབ་དཔོན་གྱི་གནོད་པ་གང་ཞེ་ན། ཀུན་དགའ་བོ་འདི་ལ་སྟོན་པ་རྟོག་གེ་པ ་དཔྱོད་པ་ཅན། རྟོག་གེར་གཏོག་པའི་ས་རང་གི་སྤོངས་པ། ལས་བྱུང་བའི་སོ་སོའི་སྐྱེ་བོ་པ་དཔྱོད་པའི་རྗེསུ་སྤྱོད་པ། ལ་གནས་པ་དེ་འཇིག་རྟེན་དུ་བྱུང་ན། དེ་གནས་མལ་དགོན་པ ་མང་ནགས་མང་བ་འམ། བས་མཐའ་དག་ཏུ་གནས་པར་བྱེའོ།། དེ་གནས་མལ་དགོན་པ་འམ། ནགས་མདབའམ། བས་མཐའ་དག་ན་གནས་པའི་ཚེ། ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང ་བདག་རྗེ་སུ་འབྲང་བར་འགྱུརརོ།། དེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྗེ་སུ་ལྷག་པདག་ལ་ཆུམས་པར་བྱེད་ཅིང་ངརྒྱལ་བ་སྐྱེད་པར་བྱེད་ལ། མང་པོ་སྡུ་བའི་ཕྱིར་རྗེ་སུ་འཇུག་པར་བྱེད། ཀུན་དག ་བོ་དེ་ནི་སློབ་དཔོན་གྱི་གནོད་པ་ཞེས་བྱའོ།། ཀུན་དགའ་བོ་སློབ་དཔོན་གྱི་གནོད་པས་གནོད་པར་འགྱུར་བའི་སློབ་དཔོན་དེ་ནི་སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་འགྱུར་བ་ཡང ་སྲིད་པར་འགྱུར་བ། གདུང་བ་དང་བཅས་པ་རྣམ་པར་སྨིན་པ། སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་རྣམས་ཀྱིས་གནོད་པར་འགྱུརརོ།། ཀུན་དགའ ་བོ་སློབ་མའི་གནོད་པ་གང་ཞེ་ན། ཀུན་དགའ་བོ་འདི་ལ་ཉན་པ་པོ་དང་པ་དང་ལྡན་སྟེན་པ་དེ་ཉིད་ཀྱི་ཚིག་ལ་མངོན་པར་དད་པར་གྱུར་པ་དེ། སྟོན་པ་དེ་ཉིད་ཀྱི་བདེན་པའི་རྗེསུ་སློབ་པའི་ཚེ། གནས་མས ་དགོན་པ་འམ། ནགས་མད་བ་འམ། བས་མཐའ་དག་དུ་གནས་པར་བྱེདའོ།། དེ་གནས་མལ་དགོན་པ་འམ། ནགས་མདབ་འམ། བས་མཐའ་དག་ན་གནས་པའི་ཚེ། ཉན་པ་པོ་ཁྱིམ་པ་དང་། རབ་ཏུ ་བྱུང་བ་དག་རྗེསུ་འབྲང་བར་འགྱུར།། དེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྗེསུ་ལྷགས་པ་དག་ལ་ཆུམས་པ་བྱེད་ཅིང་། བརྒྱལ་བ་སྐྱེད་པར་བྱེད་ལ། མང་པོ་སྡུ་བའི་ཕྱིར་རྗེ་སུ་འཇུག ་པར་བྱེད། ཀུན་དགའ་བོ་དེ་ནི་སློབ་མའི་གནོད་པ་ཞེས་བྱའོ།། ཀུན་དགའ་བོ་སློབ་མའི་གནོད་པས་གནད་པར་འགྱུར་རབས་སློབ་མ་དེ་ནི་སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོ ་པར་འགྱུར་བ། ཡང་སྲིད་པར་འགྱུར་བ། གདུང་བ་དང་བཅས་པ། རྣམ་པར་སྨིན་པ། སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་རྣམས་ཀྱིས་གནོད་པར་འགྱུརརོ།། ་ཀུན་དགའ་དེ་ཚངས་པར་སྤྱོད་པའི་གནོད་པ་གང་ཞེ་ན། ཀུན་དགའ་བློ་འདི་ལ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབ་སུ་ལྡན ་བང་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ན། དེ་གནས་མ ་དགོན་པའང། ནགས་མདགའ་གངས་མཐའ་དག་ཏུ་གནས་པ་མཛད།། དེ་གནས་མ་པ་དགོན་པ་འམ། ནགས་མདཔའམ། ཁས་མཐའ་དགན་བཞུགས་པའི་ཚེ། ཉན་པ་པོ་ཁྱིམ་པོ་དང་། རབ་ཏུ་བྱུང་། ་དག་རྗེ་སུ་འབྲང་བར་འགྱུར།། དེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྗེསུ་ལྷགས་པ་དག་ལ་ཆུམས་པར་མི་མཛད་ཅིང་བརྒྱལ་བ་སྐྱེད་པར་མི་མཛད་ལ། མང་པོ་བསྡུ་བའི་ཕྱིར་རྗེ་སུ་འཇུག་པ་མི་མཛད་ཀྱང ་དེ་ཉན་པ་པོས་ཀུན་ཏུ་གང་ཞིང་གནས་མ་ལྷག་པའི་སེམས་ལས་བྱུང་བ་བཞི་པོ་དེ་དགིས་ཚེ་འདི་ལ་བདེ་བར་གནས་པ་ཐོབ་པ་གང་དག་ཡིན་པ་དེ་དག་ལས་གང་ཡང་རུང་བ་ལས་ཡོང་སུ་ཉམས་པ་ང ་སླ་ལ། གཅིག་པུ་མ་འདྲེས་པ་དང་། བག་ཡོད་པ་དང་། རྟུན་བ་དང་། སེམས་བསྡུས་པའི་བདག་ཉིད་དེ་དག་གིས་ཉམས་པ་མེད་པའི་སེམས་རྣམ་པར་གྲོལ་བ། སྲས་མངོན་སུམ་དུ་མཛད ་ཅིང་གནས་པ་གང་ཡིན་པ་དེ་ལ་ནི་རྣམ་གྲངས་གང་གིས་ཀྱང་ཡོངསུ་ཉམས་པ་མེད་པར་ང་སྨྲ་མེད་ཀྱང་། འོན་ང་ཉན་པ་པོ་དད་པ་དང་ལྡན་པ། སྟོན་པ་ཉིད་ཀྱི་བཀའ་ལ་མངོན་པ ་དད་པར་གྱུར་པ་དེ། སྟོན་པ་དེ་ཉིད་ཀྱི་དབེན་པའི་རྗེས་སློབ་པའི་ཚེ། གནས་མལ་དགོན་པ་འམ། ནགས་མངབའམ། བས་མཐའ་དག་ཏུ་གནས་པར་བྱེད།། དེ་གནས་མལ་དགོན་པ་འམ། ནགས ་མདབ་འམ་ཁས་མཐའ་དག་ན་གནས་པའི་ཚེ། ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དག་རྗེསུ་འབྲང་བར་འགྱུརརོ།། དེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྗེ་སུ་ལྷགས་པ་དེ་དག་ལ་ཆུམས་པ ་བྱེད་ཅིང་བརྒྱལ་བ་སྐྱེད་པར་བྱེད་ལ། མང་པོ་བསྡུ་བའི་ཕྱིར་རྗེ་སུ་འཇུག་པར་བྱེད། ཀུན་དགའ་བོ་དེ་ནི་ཚངས་པར་སྤྱོད་པའི་གནོད་པ་ཞེས་བྱའོ།། ཀུན་དགའ་བོ་གནོད་པ་རྣམས་ལས་འདི་ལྟ་སྟེ་སློབ ་།། དཔོན་གྱི་གནོད་པ་དང་། སླབ་མའི་གནོད་པ་དེ་དག་ནི་ཅུང་ཟད་ཙམ་དུ་ཟད་ཀྱི་གནོང་པ་རྣམས་ལས་འདི་ལྟ་སྟེ། ཚངས་པར་སྤྱོད་པའི་གནོད་པ་དེ་ནི་ཐ་ཆད་ཡིན།། ཀུན་དགའ་བ་ཚངས་པར། ་སྤྱོད་པའི་གནོད་པས་གནོད་པར་གྱུར་པའི་ཚངས་པར་སྤྱོད་པ་དེ་ནི། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་འགྱུར་བ། ཡང་སྲིད་པར་འགྱུར་བ། གདུང་བ་དང་བཅས་པ་རྣམ་པར་སྨི ་བར་སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་རྣམས་ཀྱིས་གནོད་པར་འགྱུར་རོ།། ཀུན་དགའ་བོ་ང་ནི་མཛའ་ཤེས་དང་ལྡན་པས་ཀུན་ཏུ་སྤྱོད་པར་བྱེད་ཀྱི། འགྲན་ཟླ་ད ་ལྡན་པས་ནི་མ་ཡིན་ནོ།། ཀུན་དགའ་བོ་ཇི་ལྟར་ན་ཉན་ཐོས་རྣམས་སྟོན་པ་ལ་འགྲན་ཟླ་དང་ལྡན་པས་ཀུན་ཏུ་སྤྱོད་ཅིང་མཛའ་ཤེས་དྲང་། ལྡན་པས་མ་ཡིན་ཞེ་ན། ཀུན་དགའ་བོ་འདི་ལ་སྟོན ་བརྗེ་སུ་ཐུགས་བརྩེ་བ་དང་ལྡན་པ། ཐུགས་རྗེས་དང་ལྡན་པ། དོམ་ཏུ་བཞེད་པ། ཕན་པར་བཞེད་པ། ཐུགས་རྗེ་བར་གྱུར། པ། ཉན་ཐོས་རྣམས་ལ་དགེ་སློང་དག་ཁྱེད་ལ་ཕན་པ ་འདི་དང་། བདེ་བ་འདི་དང་། ཕན་པ་དང་བདེ་བ་འདིའི་ཕྱིརརོ་ཞེས་ཆོས་སྟོན་པར་མཛད་པ་ན། དེའི་ཉན་ཐོས་དེ་དག་གུས་པར་ཉན་པར་མི་བྱེད་ཅིང་། རྣ་ཀློག་པར་མི་བྱེད། ཀུན་ཤེས་པར་བྱ་བའི ་སེམས་ཉེ་བར་འཇོག་པར་མི་བྱེད། ཆོས་ཀྱི་རྗེ་སུ་འཐུན་པའི་ཆོས་སྒྲུབ་པར་མི་བྱེད་ལ། སྟོན་པའི་བསྟན་པ་ལས་རྣམ་པར་འདས་ཤིང་གནས་པར་བྱེད་ན། ཀུན་དགའ་བོ་དེ་ནི་ཉན་ཐོས་སྟོན་པ ་ལ་འགྲན་ཟླ་དང་ལྡན་པས། ཀུན་ཏུ་སྤྱོད་ཅིང་མཛའ་བཤེས་དང་ལྡན་པས་མ་ཡིན། ཀུན་དགའ་བོ་ཇི་ལྟར་ན་ཉན་ཐོས་རྣམས་སྟོན་པ་ལ་མཛའ་བཤེས་དང་ལྡན་པས་ཀུན་ཏུ་སྤྱོད་ཅིང་། འགྲན ་ཐ་དང་ནས་མ་ཡིན་དེ་ན། ཀུན་དག་གཱ་དི་ལ་སྟོད་པདེ་ས་ཐུགས་བརྩེ་འད་ལྡན་པ། ཐུགས་རྗེ་དང་ལྡན་པ། དོན་ཏུ་བཞེད་པ། འདེད་གཟུགས་རྫུ་བ་གཞན ་རྣམས་ལ་དགེ་སློང་དག་ཁྱེད་པ་ཕན་པ་འདི་དང་། བདེ་བ་འདི་དང་། བདེ་བ་འདིའི་ཕྱིར་རོ་ཞེས་སྟོན་པར་མཛད་པ་ན། དེའི་ཉན་ཐོས་དེ་དག་གུས་པར་ཉན་པར་བྱེད་ཅིང་། རྣ་ཀློག་པར་བྱེད ་ཀུན་ཤེས་པར་བྱ་བའི་སེམས་ཉེ་བར་འཇོག་པར་བྱེད། ཆོས་ཀྱི་རྗེསུ་འཐུན་པའི་ཆོས་སྒྲུབ་པར་བྱེད་ལ། སྟོན་པའི་བསྟན་པ་ཡང་དག་པར་བླངས་ཏེ་གནས་པར་བྱེད་ན། ཀུན་དགའ་བ ་དེ་ནི་ཉན་ཐོས་རྣམས་སྟོན་པ་ལ་མཛའ་བཤེས་དང་ལྡན་པས། ཀུ་ན་ཏུ་སྤྱོད་ཅིང་། འགྲན་ཟླ་དང་ལྡན་པས། མ་ཡིན་པ་ཡིནནོ།། ཀུན་དགའ་བོ་ང་ནི་ཁྱེད་ཅག་ལ་ཚར་བཅད་ཅིང་། ་ཟིལ་གྱིས་མནན་ཅིང་མནན་ཅིང་སྨྲ་སྟེ། རྫ་མཁན་རྫ་མ་མཆོས་བ་དག་ལས་སྲབ་གང་ཡིན་པ་དེ་འཇོག་པར་བྱེད་པ་བཞིན་དུ། ཁྱེད་ཅག་ལ་དབྱིག་དུ་མི་འཛིན་གྱིས། ངའི ་ཚིག་གི་ལམ་རྣམས་ལ་ཡང་བཟོད་པར་གྱིས་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།། ་བར་སྡོམ་ནི། འཕགས་པའི་བདེ་དང་དུས་སྦྱོར་དང་། གཟུགས་དང་མཆོག་དག་དགེ་སློང་དང་། ཁྲུས་རིལ་བྱི་སྟོང་ཉིད་སྩོགས་དང་། ཏིང་འཛིན་ལ་སེམས་གཞོལ་དང་། འཆག་པ་དང ་ནི་འདུག་པ་དང་། རྣམ་པར་གཏན་དང་འདོད་ཡོན་གཏམ། ཕུང་པོ་གཅིག་དཀར་ཉན་ཐོས་དང་། གནོད་དང་མཛའ་བཤེས་ཚར་བཅད་པའོ།། མདོ་ཆེན་པོ་སྟོང་པ་ཉིད་ཆེན ་པོ་ཞེས་བྱ་བ། རྫོག་སྷོ།། ། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། བྲད་ཉ་བར་མ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེ་ལ ་སོགས་པས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ། བཀའ་དང་པོར་གཏོགས།། རྒྱ་གར་སྐད་དུ། དྷྭ་ཛ་གྲན་ནཱ་མེ་མ་ཧཱ་སཱུ་ཏྲ་མ། བོད་སྐད་དུ། མདོ་ཆེན་པོ་རྒྱ་ས ་