CLOSE WINDOW

L142: 'phags pa bsgres mos zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

བཞིན་གཤེགས་པ་བསྟོད་བྱེད་ན།། བསྐལ་པ་བྱེ་བ་སྟོང་དུ་ནི།། དེ་ནི་ངན་འགྲོར་འགྲོ་མི་འགྱུར།། ཚིགསུ་བཅད་པ་བཞི་པ་རྫོགསྷོ།། ་རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་ལཱི་ཀ་བ་རི་པྲིང་ཙཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།། བོད་སྐད་དུ། འཕགས་པ་བསྒྲེས་མོས་ཞུས་པ་ཞེས་བྱ་བ་ཐག་པ་ཆེན་པོའི་མདོ།། ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་། ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས ་ཡུལ་བྲྀ་ཛི་ན། ཡུལ་རྒྱུ་བ་རྒྱུ་ཞིང་། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ ་ཏུ་མང་པོ་དང་། ཐབས་གཅིག་ཏུ་གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་ག་ལ་བ་དེར་གཤེགས་པ་དང་། དེའི་ཚེ་གླིང་གི་བུད་མེད་རྒན་མོ་གཏུགས་པ། འཁོགས་པ། ་ན་ཆེད་ལས་འདས་པར་གྱུར་པ། སྐྱེས་རོས་ལོ་བརྒྱ་ཉི་ཤུ་ལོན་པ་ཞིག། དགོན་པ་ན་རྩ་བདུད་ཅིང་འདུག་སྟེ། བུད་མེད་དེས། བཅོམ་ལྡན་འདས་མཛེས་པ ་དད་པར་བྱེད་པ། དབང་པོ་དུལ་བ། ཐུགས་དུལ་བ་དུལ་བ་དང་། ཞི་གནས་མཆོག་བརྙེས་པ། སྦས་པ། སྐྱོན་མེད་པ། དབང་པོ་དུལ་བ། མཆོ་བཅཝ ་དངས་ཞིང་གསལ་བ། རྙོག་པ་མེད་པ། གསེར་གྱི་མཆོད་སྡོང་ལྟར་མངོན་པར་འཕགས་པ། དཔལ་གྱི་ལྷ་མ་མེ། ལྷན་ནེ་ལྷང་གོ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས། ་ལེགས་པར་བརྒྱན་པ། ཐག་རིང་པོ་ནས་བྱོན་པ་མཐོང་ངོ་།། མཐིང་ནས་ཀྱང་སེམས་དང་པར་གྱུར་ནས། བཅོམ་ལྡན་འདས་ལ་དད་པའི་སེམས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། བུད་མེད་དེས། བཅོམ་ལྡན་འདས་ག་ལ་བ་དེར་ལོག་སུ་ཐལ་མོ་སྦྱར ་བ་བཏུང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྐྱེ་བ་གང་ནས་མཆིས། གང་དུ་མཆིས། རྒས་པ་གང་ནས་མཆིས། གང་དུ་མཆིས། ་བཅོམ་ལྡན་འདས་ན་བ་གང་ནས་མཆིས། གང་དུ་མཆིས། བཅོམ་ལྡན་འདས་གཟུགས་གང་ནས་མཆིས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ ་གང་ནས་མཆིས། གང་དུ་མཆི། བཅོམ་ལྡན་འདས་སའི་ཁམས་གང་ནས་མཆིས། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ན་མཁའི་ཁམས་དང་། རྣམ་པར་ཤེས ་པའི་ཁམས་གང་ནས་མཆིས། གང་དུ་མཆི། བཅོམ་ལྡན་འདས་མིག་གང་ནས་མཆིས། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་གང་ནས་མཆིས། གང་དུ་མཆི། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། སྲིང་མོ་སྐྱེ་བ་གང་ནས་ཀྱང་མི་འོངས། རྒས་པ་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོའོ།། སྲིང་མོ་ན་པ་གང་ནས་ཀྱང་མི་འོང་། འཆི་བ ་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོའོ།། སྲིང་མོ་གཟུགས་གང་ནས་ཀྱང་མི་འོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ནས་ཀྱང་མི་འོང་། གང་དུ་ཡང་མི ་འགྲོའོ།། སྲིང་མོ་སའི་ཁམས་གང་ནས་ཀྱང་མི་འོང་། ཆུའི་ཁམས་དང་། མའི་ཁམས་དང་། རླུང་གི་ཁམས་དང་། ན་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་གང་ནས་ཀྱང་མི ་འོང་གང་དུ་ཡང་མི་འགྲོའོ།། སྲིང་མོ་མིག་གང་ནས་ཀྱང་མི་འོང་།། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོའོ།། སྲིང་མོ ་འདི་ལྟ་སྟེ་དཔེར་ན། རྩུབ་ཤིང་དང་རྩུབ་སྟན་ལ་ཡང་བརྟེན། དེ་སྐྱེས་པ་མིའི་རྩོལ་བ་ལ་ཡང་བརྟེན་ནས། མེ་འབྱུང་སྟེ། མེ་དེ་ཡང་རྩ་དང་ཤིང་དེ་བསྲེགས་ནས། རྒྱུ་མེད ་པ་དང་ཤི་བར་འགྱུར་རོ།། སྲིང་མོ་འདི་ཇི་སྙམ་དུ་སེམས། མེ་དེ་གང་ནས་འོངས། གང་དུ་སོང་གསོལ་པ། བཅོམ་ལྡན་འདས་ཞུགས་དེ་ནི་ཚོགས་པའི་དབང་གིས་བྱུང་། ཚོགས་པ ་དང་བྲལ་བས་འགགས་ཏེ་གུམ་མོ།། བཀའ་སྩལ་པ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཚེགས་པའི་དབང་གིས་འབྱུང་། ཚོགས་པ་དང་བྲལ་བས་འགགས་ཏེ། འདི་ལ་ཆོས་གང་ཡང་གང ་ནས་ཀྱང་འོང་བ་འམ། གང་དུ་ཡང་འགྲོ་བ་མདོ།། སྲིང་མོ་འདི་ལྟ་སྟེ། མིག་དང་གཟུགས་ལ་རྟེན་ནས། མིག་གི་རྣམ་པར་ཤེས་པ་བྱུང་ཡང་། མིག་གི་རྣམ་པར་ཤེས་པ་དེ་ལ་བསྐྱེད་པར ་བྱེད་པ་ཡང་མེད། འགག་པར་བྱེད་པ་ཡང་མེད། གང་ཡང་རྫོགས་པ་མེད། ཕུང་པོ་གང་ལས་འོང་བ་འམ། འགྲོ་བ་ཡང་མེད་ལ་མིག་གི་རྣམ་པར་ཤེས་པའི་རྐྱེན་ཀྱིས། ལས་མངོན་པར ་འདུས་བྱས་ནས། ཁམས་གསུམ་དུ་འབྲས་བུ་རྣམ་གསུམ་གྱིས་འབྲས་བུ་ཉེ་བར་རློ་ང་བ་རྟོག་འོང་བ་མེད་པ་འགྲོ་བ་མེད་པ། ས་ས་། སྲིང་མོ་ཆོས་ཐམས་ཅད་ནི་རང ་བཞིན་གྱིས་འགགས་པའོ།། དེ་བཞིན་དུ་རྣ་བ་དང་། སྣ་དང་། སྒྲ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རོག་བྱ་དང་། ཡིད་དང་། ཆོས་རྣམས་ལ་རྟེན་ནས། ཡིད་ཀྱི་རྣམ་པར་ཤེས ་བ་འབྱུང་ཡང་། ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་བསྐྱེད་པར་བྱེད་པ་ཡང་མེད། འགག་པར་བྱེད་པ་ཡང་མེད། གང་ཡང་སོགས་པ་མེད། ཕུང་པོ་གང་ལས་ཀྱང་འོང་བ་འམ། འགྲོ་བ་ཡང ་མེད་ལ། ཡིད་ཀྱི་རྣམ་པར་ཤེས་པའི་རྐྱེན་གྱིས་ལས་མ་ངོན་པར་འདུས་བྱས་ནས། ཁམས་གསུམ་དུ་འབྲ། ས་བུ་རྣམ་པ་གསུམ་གྱིས་འབྲས་བུ་ཉེ་བར་སྟོན་ཏེ། འབྲས་བུ ་ཡང་སྟོང་ག་འོང་བ་མེད་པ། འགྲོ་བ་མེད་པ། སུས་ཀྱང་མ་བསྐྱེད་པ། སུས་ཀྱང་མ་བཀག་པ་སྟེ། སྲིང་མོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པའོ།། སྲིང་མོ་འདི་ལྟ་སྟེ་དཔེར ་ཤིང་དང་། ལྤགས་པ་དང་། དབྱུ་གུ་ལ་ཡང་བརྟེན། དེ་སྐྱེད་པ་མིའི་རྩོལ་བ་ལ་ཡང་བརྟེན་ནས། རྔའི་སྒྲ་འབྱུང་སྟེ། རྔའི་སྒྲ་དེ་འདས་པ་སྟོང་། མ་འོངས་པ་ཡང་སྟོང་། ད་ལྟར་བྱུང་བ ་ཡང་སྟོང་སྟེ། སྣ་ནི་ཤིང་དང་ལ་ཡིད་མི་གནས། ལྤགས་པ་ལ་ཡང་མི་གནས། དབྱུ་གུ་ལ་ཡང་མི་གནས། མིའི་ལག་པ་ལཾ་ཡང་མི་གནས་མོད་ཀྱི། འོན་ཀྱང་དེའི་རྐྱེན་གྱིས་སྒྲ་འཛས ་། དེ་གང་སྒྲ་འདོགས་པ་དེ་ཡང་སྤོང་འོང་བ་མེད་པ་འགྲོ་བ་མང་གསུས་ཀྱང་མ་བསྐྱེད་གསུས་ཀྱང་མ་བཀག་པ་སྟེ། སྲིང་མ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པར ་སྲིང་མོ་དེ་བཞིན་དུ་ཆོས་ཐམས་ཅད་ནི་རྐྱེན་གྱི་ཁོ་ན་ལ་རག་ལས་པ་སྟེ། འདི་ལྟར་མ་རིག་པ་དང་། སྲིད་པ་དང་། ལས་དང་རྣམ་པ་ཤེས་པའོ།། ཆོས་དེ་དག་ཡོད་ན། འཆི་འཕོ་བ་དང་། སྐྱེ་བ ་འདོགས་ཏེ། གང་འཆི་འཕོ་བ་དང་། སྐྱེ་བ་འདོགས་པ་དེ་ཡང་སྟོང་པ། འོང་བ་མེད་པ་འགྲོ་བ་མེད་པ། སུས་ཀྱང་མ་བསྐྱེད་པ། སུས་ཀྱང་མ་བཀག་པ་སྟེ། སྲིང་མོ་ཆོས་ཐམས་ཅད་ནི་རང་བཞི ་གྱིས་འགགས་པའོ།། སྲིང་མེ་དེ་ལྟར་སུས་རྔའི་སྒྲའི་ཚུལ་རབ་ཏུ་ཤེས་པ་དེས། སྟོང་པ་ཉིད་རབ་ཏུ་ཤེས་ཏེ། མྱ་ངན་ལས་འདས་པ་རབ་ཏུ་ཤེསོ།། ཐ་སྙད་རྣམ་པ་སྣ་ཚོགས་ཀྱི་ཐ་སྙད་འདུག ་ཀྱང་དངོས་པོ་གང་ལ་ཡང་མངོན་པར་ཞེན་པ་མེད་དེ། བདག་གི་འདི་དང་། དེ་ནི་བདག་གི་ཞེ་འམ། སེམས་ཅན་ནོ། ཞེ་འམ། སྲོག་གོ་ཞེ་འམ། གསོ་བའོ་ཞེ་འམ། སྐྱེས་བུ ་ཞེ་འམ། གང་ཟག་གོ་ཞེ་འམ། ཤེས་ལས་སྐྱེསོ་ཞེ་འམ། ཤེད་བུའོ་ཞེ་འམ། བྱེད་པ་པོའོ་ཞེ་འམ། བྱེད་དུ་འཇུག་པའོ་ཞེ་འམ། ལེན་པ་པོའོ་ཞེ་འམ། འདོར་བ་པོའོ་ཞེས་དེ་མངོན་པར་ཞེན་པ ་མེད་པར་ཆེས་རབ་ཏུ་སྟོན། ཡང་དག་པའི་མཐའ་སྟོན། ཡང་དག་པའི་མཐའ་རབ་ཏུ་སྟོན་ཏེ། སྲིང་མོ་འདི་ལྟ་སྟེ་དཔེར་ན། རི་མོ་མཁན་ནམ། རི་མོ་མཁན་གྱི་སློབ་མ་ཞིག་གིས་རས ་བཅོས་བུ་ཤིན་ཏུ་བྱི་དོར་བྱས་པ་འམ། ཤིང་ལེབ་བམ། རྩིག་རྡོས་ཤིན་ཏུ་བྱི་དོར་བྱས་པ་གཅིག་ལ། ཚོན་སྣ་ཚོགས་འགྱེད་ཅིང་།། གཟུགས་ཀྱི་རྣམ་པ་གང་དང་གང་འདོད་པ་འདི་ལྟ་སྟེ། སྐྱེས ་བའི་གཟུགས་ཀྱི་རྣམ་པ་འམ། བུད་མེད་ཀྱི་གཟུགས་ཀྱི་རྣམ་པ་འམ། གྲང་པོ་ཆེའི་གཟུགས་ཀྱི་རྣམ་པ་འམ། རྟའི་གཟུགས་ཀྱི་རྣམ་པ་འམ། ཁོང་བུའི་གཟུགས་ཀྱི་རྣམ་པའམ། དེ་དང་དེ་དག ་ཡན་ལག་དང་། ཉིང་ལག་དང་དབང་པོ་ཐམས་ཅད་མ་ཚངས་པ་མེད་པར་ཚེགས་ཆུང་ངུས་མངོན་པར་སྒྲུབ་ཅིང་འབྲི་སྟེ། མངོན་པར་གྲུབ་པར་བྱེད་ཀྱང་། དེ་ལ་ཆེས་གང་ཡང་རི་མོ་མཁན་གྱི་ལ།། ་བ་འམ། སེམས་ལས་གཟུགསུ་ཡོང་སུ་འཕོས་པ་མེད་མོད་ཀྱི། འོད་ཀྱང་དེའི་རྐྱེན་གྱིས་གཟུགས་འདོགས་ཏེ། གང་གཟུགས་འདོགས་པ་དེ་ཡང་སྟོང་པ། འོང་བ་མེད་པ། འགྲོ་བ་མེད་ག། སུས ་མ་བསྐྱེད་པ། སུས་ཀྱང་མ་བཀག་པ་སྟེ། སྲིང་མོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པའོ།། སྲིང་མོ་བཞིན་དུ་བ་སོང་ནམ་སུ་ཉེ་བར་འགྲོ་བའི་ལུས་མངོན་པར་འདུ་བྱེད་པ་རྣམས། ་ཡོད་ན། འདི་ལྟ་སྟེ་ལྔ་འམ་མིའི་ནང་དུ་བསོད་ནམ་སུ་ཉེ་བར་འགྲོ་བའི་ལུས་མངོན་པར་འགྲུབ་ཀྱང་། འཇིག་རྟེན་པ་རོ།། ལ་ཏུ་འཕོ་བ་ནི་རྡུལ་ཙམ་ཡང་མེད་མོད་ཀྱིས་འོན་ཀྱང་མངོན ་བར་འདུ་བྱེད་པའི་རྐྱེན་གྱིས་སྐྱེ་བ་སྣ་ཚོགས་ཡོད་དེ། སྐྱེ་མཆེད་ཡོད་པས་ལུསུ་རིག་གོ།། དེ་བཞིན་དུ་བསོད་ནམས་མ་ཡིན་པར་འགྲོ་བར་འདུ་བྱེད་ཡོད་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་འམ། ་དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷ་མ་ཡིན་རྣམསུ་བསོད་ནམས་མ་ཡིན་པའི་ལུས་མངོན་པར་གྲུབ་ཀྱང་། དེ་ལ་གང་འཇིག་རྟེན་འདི་ནས། འཇིག་རྟེན་ཕ་རོལ་དུ་འཕོ་བ ་ནི་དུལ་ཙམ་ཡང་མེད་མོད་ཀྱི། འོན་ཀྱང་མངོན་པར་འདུ་བྱེད་པའི་རྐྱེན་གྱིས། སྐྱེ་བ་སྣ་ཚོགས་ཡོད་དེ། སྐྱེ་མཆེད་ཡོད་པས་ལུ་སུ་རྣམ་པར་རིག་གོ།། སྲིང་མོ་འདི་ལྟ་སྟེ་དཔེར་མ་ཀླུ་རྣམས་ཀྱི་ཀླུན ་མཐུས་། སྤྲིན་གྱི་ཚོགས་རྒྱ་ཆེན་པོ་འབྱུང་སྟེ། སྤྲིན་གྱི་དྲ་བ་དེ་དག་གིས་ས་ཁེབས་པར་བྱས་ནས། ཆར་ཆེན་པོ་རྒྱ་ཆེར་འབེབས་ཏེ། ཆར་ཆེན་པོ་རྒྱ་ཆེར་བབ་ནས་ཀྱང་། སྐངད་དང ་གཤེངས་ངོམས་པར་བྱས་ནས། སྲང་འགྲོ་ཡང་དེ་དག་ཀླུའི་ལུས་སམ། སེམས་ལས་བྱུང་བ་ཡང་མེད་མོད་ཀྱི། ཀླུ་རྣམས་ཀྱི་ཀླུའི་མཐུ་འདི་ཉིད་ཀྱིས། སྤྲིན་གྱི་ཚོགས་རྒྱ་ཆེན་པོ་འབྱུང་ངོ་།། ་སྲིང་མོ་དེ་བཞིན་དུ་བསོད་ནམ་སུ་ཉེ་བར་འགྲོ་བའི་མཐུ་བྱེད་པ་ཡོང་མ་འདི་ལྟ་སྟེ། ལྷ་འམ། མིའི་ནང་དུ་བསོད་ནམ་སུ་ཉེ་བར་འགྲོ་བའི་ལུས་རྣམས་མངོན་པར་གྲུབ་བོ།། དེ་བཞིན་དུ་བསོད་ནམ ་མ་ཡིན་པ་ཉེ་བར་འགྲོ་བའི་མངོན་པར་འདུ་བྱེད་པ་རྣམས་ཡོད་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་འམ། དུད་འགྲོའི་སྐྱེད་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷ་མ་ཡིན་རྣམསུ ་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་ལུས་མངོན་པར་གྲུབ་ཀྱང་། དེ་ལ་མངོན་པར་འདུ་བྱ་བ་ཡང་སྟོང་པ། མངོན་པར་འདུ་བྱེད་པའི་འབྲས་བུ་ཡང་སྟོང་པའོ།། ། ་སྲིང་མོ་མི་གཡོ་བར་ཉེ་བར་འགྲོ་བའི་མངོན་པར་འདུ་བྱེད་པ་ཡོད་ན། གཟུགས་མེད་པ་རྣམསུ་རྣམ་པར་ཤེས་པ་མཚམས་སྦྱོར་ཏེ། གང་གིས་རྣམ་པར་ཤེས་པ་དེ་གཟུགས་མེད་པ་ནསུ ་མཚམས་སྦྱོར་བ་དེ་ཡང་སྟོང་། གང་རྣམ་པར་ཤེས་པ་དེ་གཟུགས་མེད་པ་རྣམསུ་སྦྱོར་བ་དེ་ཡང་སྟོང་པའོ།། དེ་ཅིའི་ཕྱིར་ཞེ་ན། སྲིང་མོ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། ་འོན་ཀྱང་ཆོས་རྣམས་འདོག་སོ།། མཁས་པ་རྣམས་ནི་མངོན་པར་མི་ཞེན་ཏེ། མངོན་པར་ཞེན་པ་མེད་པས་མི་རྩོད།། རྩོད་པ་མེད་པས་ནི། དགེ་སྦྱོང་གི་ཆོས་ཀྱི་མཆོག་གོ།། གསོལ་པ། འདི་ལྟར། ་བཅོམ་ལྡན་འདས་ཀྱིས་ཆོས་ཟབ་མོ་བཀའ་སྩལ་པས། བཅོམ་ལྡན་འདས་ཡང་བདག་ཆོས་འདི་དག་ལ་ཤེས་རབ་ཀྱི་མིག་འཇུག་སྟེ། སླར་ཡང་ཡིད་གཉིས་མ་མཆིས། ཐེ་ཙོམ་མ་མཆིས།། ་བཅོམ་ལྡན་འདས་བདག་སྔོན་ནི་ཆོས་འདི་དག་མ་ཐོས་པས་ཐེ་ཙོམ་མཆི་སོ།། ད་ནི་བདག་རྒས་བདག་འཁོག། བདག་སྡུག་བསྔལ། བདག་དབུལ། བདག་མགོན་མ་མཆིས་ཏེ། བདག་མི་འཚོ ་ཞིང་། འགུམ་མི་མངའོ།། བཅོམ་ལྡན་འདས་བདག་གིས་ཆོས་འདི་ཐོས་པས། འདི་ན་རྒས་པ་འམ། དབུལ་བའམ། བདེ་བ་འམ། ནད་མ་མཆིས་པ་འམ། ན་བ་འམ། ཕྱུག་པ་འམ་དབུལ་བ ་གང་ཡང་མ་མཆི་སོ།། ཞེས་བདག་དུ་འདུ་ཤེས་པ་དང་བྲལ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་གངྒཱ་སླད་དུ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་ཟབ་མོ་ལྟ་བུ་བཀའ་སྩལ་ལ། དེས་ཀྱང་འདི་རབ་ཏུ་འམ་བས། བུད་མེད་འདི་ནི་བསོད་ནམས་དང་ལྡན་པ། མཁས ་པ་ཤེས་རབ་ཀྱི་རང་བཞིན་ཅན་ལགས་པ་སྙམ་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཇི་སྐད་སྨྲས་པ། དེ་བཞིན་ཏེ། བུད་མེད་འདི་ནི་བསོད་ནམས་དང་ལྡན་པ། ་མཁས་པར་ཤེས་རབ་ཀྱི་རང་བཞིན་ཅན། ཀུན་དགའ་བ་བུད་མེད་འདི་ནི་ཆར་བས་ལྔ་བརྒྱའི་བར་དུ་པའི་མར་གྱུར་ཏེ།། ཀུན་དགའ་བ་བས་ཚར་བས་དེ་དང་དེ་དག་ཏུ་ཡང་བུད་མེད་འདི་བླ་ན་མེད་པ་ལྔ ་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་བསྐྱེད་དོ།། ཀུན་དགའ་བོ་དབུད་མེད་འདི་ལ་ཤིན་ཏུ་ཕངས་པར་བྱ་བ་དང་། དད་པ་དང་། གུས་པར་གྱུར་ཏོ།། འདི་ཡང་བདག་གི་བུ་སྤྱད་པ་གང་ལ ་སྐྱེད་པའི་སྤྱད་པ་དེ་ལ་བདག་གིས་སྤྱད་དེ། ཐེག་པ་དེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ཚང་རྒྱ་བར་བྱའོ་སྙམ་མོ།། གསོལ་པ་བཅོམ ་ལྡན་འདས་ཅིའི་སླད་དུ། འདི་ལྟར་དབུལ་བར་གྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ང་བྱང་ཆུབ་སེམས་དཔའི་སྤྱད་སྤྱོད་པ་ན། གང་གིས་བཅོམ་ལྡན་འདས་དེ་བཞི ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་ང་རབ་ཏུ་བྱུང་བར་གྱུར་པ་དེའི་ཚེ།། ཀུན་དགའ་བོ་བུད་མེད་འདི་ངའི་མར་གྱུར་ཏེ། དེས ་འདོད་པས་ངམ་བཏང་ནས་དེའི་ཕྱིར་ཟ་མ་ཅིག་ཟན་བཅད་པ་དང་། དེའི་འོག་ཏུ་འདིར་འདོད་པས་ང་བཏང་བར་གྱུར་ཏེ། རན་དགའ་བོ་ལས་ཀྱི་རྣམ་པར་སྨིན་པས། འདི་ལྟར་དབུལ ་བར་གྱུར་ཏོ།། ཀུན་དགའ་བོ་འདི་ནི་འདིའི་དབུལ་བའི་ཐ་མ་ཡིན་ཏེ། ཀུན་དགའ་བོ་བུད་མེད་འདི་འདི་ནི་འདི་ནས་ཤི་འགྱུཞེས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སད ་རྒྱས་འོད་དཔག་མེད་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བུད་མེད་ཀྱི་དབང་པོ་ལས་འདོད་ཆགས་དང་བྲལ་ནས། སྐྱེས་པའི་དབང་པོ་ཐོབ་པར་གྱུར་ཏེ། དེར་སྐྱེས་ནས་སངས་རྒྱས་བརྩ། ་ལྡན་འདས་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་ཡོང་སུ་སྨིན་པར་བྱེད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག ་བྱང་ཆུབ་ལ་འགོད་པར་བྱེད། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་བཀོད་ནས། ད་སྟེ་བསྐལ་པ་བརྒྱ་སྟོང་ཕྲག་དྲུག་བཅུ་རྩ་བརྒྱད་ན། སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་ཡན་ལག་མེ་ཏོག་བྱེད་ཅེས་བྱ་བ། ་གྱུར་ཏེ། ཀུན་དགའ་བོ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལོང་སྤྱོད་དང་། ཡོངསུ་སྤྱད་པ་ཇི་ལྟ་བ་བཞིན་དུ། སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་གྱི་ལོང་སྤྱོད་དང་། ཀུན་ཏུ་སྤྱད་པ་ཡང་དེ ་དང་འདྲ་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་ཏོ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། ངའི ་མདུན་ན་ཐལ་སྦྱར་གང་འདུག་པ།། རྒན་མོ་འདི་ལ་ཀུན་དགའ་ཁྱོད་ལྟོས་ཤིག། འདི་ནི་མིའི་དམ་པ་སངས་རྒྱས་འགྱུར།། བྱང་ཆུབ་ཡན་ལག་མེ་ཏོག་བྱིན་ཅེས་བྱ།། འདིས་ནི་བུད་མེད་དངོས ་བོ་འདི་སྤངས་ནས།། བདེ་བ་ཅན་གྱི་འཇིག་རྟེན་ཁམསུ་འགྲོ།། རྒྱ་ལ་བ་ཚེ་དཔག་མེད་བསྙེན་བཀུར་ནས།། ཁམས་གསུམ་རྒྱལ་བ་མཚུངས་མེད་སངས་རྒྱས་འགྱུར། ་འཇིག་རྟེན་ཁམས་གཞན་དག་ན་གང་བཞུགས་པ། དྲང་སྲོང་ཆེན་པོ་འཇིག་ནན་དོན་མཛད་པ།། རྣམ་འདྲེན་དེ་དག་ལ་ཡང་བསྟན་བཀུར་ནས།། འདི་ནི་མཚུངས་མེད་པར་མི་མཆགས ་རྒྱས་འགྱུར།། དེ་དག་ཀུན་ལས་ཆོས་ཀྱང་ཐོས་གྱུར་ནས།། བསམ་པ་ཟག་པས་ང་བཞིན་བསྒྲུབ་པར་འགྱུར།། བྱང་ཆུབ་སེམས་མཆོག་མི་བསྐྱོད་གནས་ནི།། སེམས་ཅན་དཔག་མད་ཆེས ་ལ་སྦྱོང་བར་བྱེད་། དེའི་ཚེན་གང་དག་དམན་པ་དང་།། སྣ་ཚོགས་ལུས་དང་ཁ་དོག་ངན་པ་དང་། རྨོངས་དང་ཟང་བ་དེ་བཞིན་ད་བ་དང་། ལག་རྡུམ་མཛེ་ཅན་དེ་དག་འབྱུང་མི་འགྱུར། ་ཉི་ཟླ་མ་དང་ཀློག་དང་ནོར་བུ་རྣམས།། དེ་དག་འོད་ནི་དེ་ཚེ་འབྱུང་མི་འགྱུར།། རྣམ་འདྲེན་བྱང་ཆུབ་ཡན་ལག་མེ་ཏོག་གི།། ཐུབ་པའི་འོད་ཀྱིས་ཀུན་ཏུ་གསལ་བར་ཁྱབ ་སུམ་ཅུ་རྩ་གསུམ་ལྷ་མཆོག་རྣམས་ཀྱི་ནི།། ཆུ་ཞེང་རྟགས་དང་ཁ་དོག་ཅི་འདྲ་བ།། དེ་འདྲའི་རང་བཞིན་ཅན་གྱི་སྐྱེ་བོ་ཡིས།། དེ་ཚེ་མ་སྨང་ཞིང་ནི་གང་བར་འགྱུར།། དེ་ན་བུད ་མང་བདུད་ཀྱི་རིགས་ཀྱང་མེད། དེ་མབུང་མེང་བདུད་ཀྱི་ཕྱག་བརྙན་མེད།། བདེ་བར་གཤེགས་པ་དེ་ནི་ཆོས་ཏོན་ཚེ།། དེ་ན་མུ་སྟེགས་ཅན་གྱི་མིང་མི་གྲག། བདེ་བར ་གཤེགས་པ་དེ་ནི་ཆོས་སྔོན་ཚེ།། དེ་དུས་ཡི་དགེས་དུད་འགྲོའི་སྐྱེ་གནས་དང་། སེམས་དམྱལ་ངན་སོང་རྣམ་ནས་ཀྱི་མིང་མི་གྲག། དེ་ན་བུད་མེད་མིང་ཡང་གྲག ་མི་འགྱུར།། འདི་ནི་ཉན་ཐོས་རྐྱེན་གྱི་ཐེག་པ་ལྟར།། དེ་ཚེ་ཐེག་པ་རྣམ་པར་གཞག་པ་མེད། ཀུན་ཀྱང་རྫོགས་པའི་བྱང་ཆུབ་སེམས་དང་ལྡན།། དེ་དག ་བྱམས་ལ་གནས་ཤིང་སྙིང་རྗེ་ཅན།། ཞིང་དེར་མི་རྣམས་ཐམས་ཅད་རྟག་པར་ཡང་།། རྫུས་ཞིང་སྐྱེས་ཏེ་མངལ་ལས་རྣམ་པར་ཐར། སྐྱེ་དྲན་བློ་མཆོག་ལྡན་ཞིང་མཁ ་པ་སྟེ།། ལེགས་པར་གསུངས་པ་ཐོས་ནས་ཐོས་པ་འཛིན།། ཞིང་གི་བཀོད་ཚུལ་ཇི་འདྲ་འབྱུང་འགྱུར་བ།། ཡོན་ཏན་བསྐལ་པ་འདི་ནི་བརྗོད་བྱས་ཀྱང་། རྒྱ་མཚོ་ལས ་ནི་ཆུ་ཐིགས་གཅིག་ལྟ་བུར།། དཔེ་ཙམ་དུའང་བརྗོད་པར་མི་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བྲོ་དང་། རྒན་མོ་དང ་བྱང་ཆུབ་སེམས་དཔའ་ང་དག་དང་། ལྷ་དང་མི་དག་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིན་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ་འཕགས་པ་བསྒྲེས་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྔོག་སྷོ།། བད་སྐད་དུ། ཟས་ཀྱི་འཚོ་བ་རྣམ་པར་དག་པ་ཞེས ་