CLOSE WINDOW

L138: 'phags pa bdag pa med pa dris pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

མཁན་པོ་དྷ་ནེ་ཤི་ལ་དང་། བན་དཾ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏམ་ལ་ཕབ་པའོ།། རྒྱ་གར་སྐད་དུ། ཨཱརྱ་ནཱའི་རང་མྱ་པ་རི་བྲིད་ཚ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ་བོད་སྐད ་དུང་འཕགས་པ་བདག་པ་མེད་པ་དྲིས་པ་ཞེས་བྱ་བ་ཐེག་པོ་ཆེན་པོའི་མང་།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས་དམིགས ་པའི་ལྔ་བ་ཅན་རྣམ་པར་རྟོག་པ་དང་བཅས་ཤིང་། རྣམ་པར་སྤྱོད་པ་དང་བཅས་པའི་མུ་སྟེགས་པ་དེ་རྣམས་ཐེག་པ་ཆེན་པོའི་ནང་དུ་སོང་སྟེ། ཞེས་དང་བཅས་ཤིང་ཐལ་མོ་སྦྱར་ནས། ་བདག་མེད་པའི་དྲི་བདག་ཡོངསུ་དྲིས་པ། རིགས་ཀྱི་བུ་ཐམས་ཅད་མཁྱེན་པས་ནི་ལུས་ལ་བདག་མེད་ཞེས་གསུངས་ལ། གལ་ཏེ་ལུས་ལ་ཡང་དག་པར་བདག་མེད་ན། ཇི་ལྟར་དེ་ལས་རྩེ་བ་དང་། རྒོད ་བ་དང་དུ་བ་དང་། རོལ་པ་དང་། ཁྲོ་བ་དང་། ང་རྒྱལ་དང་ཕྲག་དོག་དང་། ཕྲ་མ་ལ་སོགས་ཀུན་ཏུ་འབྱུང་བར་འགྱུར། ཅི་ལུས་ལ་ཡང་དག་པར་ན་བདག་ཡོད་དམ་མེད་པ་ཡིན། བདག་ཅག་གི་ཐེ་ཙོམ ་དེ་དག་ཁྱེད་ཀྱིས་བསལ་བའི་རིགས། ཐེག་པ་ཆེན་པོ་པ་རྣམ་ས་ཀྱིས་སྨྲས་པ། གྲོགས་པོ་དག་ལུས་ལ་ནི་བདག་ཡ་དང་དག་པར་ཡོད་དོ་ཞེས་འམ། མེད་དོ་ཞེས་གཉི་གར་ཡང་འདིར ་བརྗོད་པར་མི་བྱ་སྟེ། ཡང་དག་པར་ཡོད་དོ་ཞེས་བརྗོད་པ་ན། མེད་དོ་ཞེས་བརྗོད་པ་ནི་ལོག་པར་སྨྲས་པའོ།། གལ་ཏེ། ཡོད་ན་ཇི་ལྟར་ན། དེ་སྐྲ་དང་། སེན་མོ་དང་། པགས་པ་དང་། མན ་བོ་དང་ཤ་དང་། རུས་པ་དང་། རྐང་དང་། ཚིལ་དང་། རྒྱས་པ་དང་། མཆིན་པ་དང་། རྒྱུ་མ་དང་། མིད་པ་དང་། ལག་པ་དང་། རྐང་པ་དང་། ཡན་ལག་དང་། ཉིང་ལག་ལ་སོགས་པ་ལུས་ཐམ ་ཅད་ཀྱི་ཕྱི་དང་། ནང་དུ་བཅས་པ་ལ་རྣམ་པར་བརྟགས་ན། བདག་ཡང་དག་པར་མི་སྣང་།། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། ལྷའི་མིག་དང་ལྡན་པ་འགའ་ཞིག་གིས་མཐོང་གིས། བདག་ཅག ་རྣམས་ནི་ཤིའི་མིག་ཅན་ཡིན་པས་བདག་ཡང་དག་པར་ཇི་ལྟར་མཐོང་། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། ལྷའི་མིག་དང་ལྡན་པ་རྣམས་ཀྱིས་ཀྱང་མི་མཐོང་སྟེ། གང་ལ་ཁ་དོག་མེད་པ་དང་། ་གཟུགས་མེད་པ་དང་། དབྱིབས་མེད་པ་དེ་ཇི་ལྟར་མཐོང་བར་འགྱུར། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། ཅི་མེད་པ་ཡིན་ནམ། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། མེད་དོ་ཞེས་བརྗོད་པ ་ན་ཡོད་དོ་ཞེས་བརྗོད་པ་ནི་ལོག་པར་སྨྲ་བའོ།། གལ་ཏེ་མེད་ན་ཇི་ལྟར་འདི་མངོན་སུམ་དུ་ཡོད་པར་རྩེ་བ་དང་། རྒོད་པ་དང་། དུ་བ་དང་། རོལ་པ་དང་ཁྲོ་བ་དང་། ང་རྒྱལ་དང་། ཕྲག་དོག་དང་། ་ཕྲ་མ་ལ་སོགས་པ་ཀུན་ཏུ་འབྱུང་བར་འགྱུར། དེ་བས་ན་མེད་དོ་ཞེས་བརྗོད་པར་ཡང་མི་ནུས་ཏེ། ཡོད་དམ་མེད་ཅེས་གང་འདི་ལྟར་བརྗོད་པར་མི་བྱ་སྟེ། ཉེས་པ་འདི་ཡོད་པས་ན་ཡོད་པའོ་ཞེ ་འམང་མེད་པའོ་ཞེས་བརྗོད་པར་བ་མི་བྱའོ།། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ་འོ་ན་འདིར་གང་ཞིག་དམིགས་པར་འགྱུར། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། དམིགས་པར་གྱུར་པ ་ནི་ཅི་ཡང་མེད་དོ།། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། ཅི།། ནམཁའ་ལྟར་སྟོང་པ་ཉིད་ཡིན་ནམ། ཐེག་པ་ཆེན་བོ་པ་རྣམས་ཀྱིས་སྨྲས་པ། གྲོགས་པ་དག་དེ་དེ་བཞིན་ཏེ། མམ ་ལྟར་སྟོང་པ་ཉིད་ཡིན་ནོ།། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟར་ཡིན་ན། རྩེ་བ་དང་། རྒོད་པ་དང་། ངུ་བ་དང་། རོལ་པ་དང་། ཁྲོ་བ་དང་། ང་རྒྱལ་དང་། ཕྲག་དོག་དང་། ཕྲ་མ་པ ་སོགས་པ་ཇི་ལྟར་བལྔ། ཟག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། སྒྱུ་མ་དང་། རྨི་ལམ་དང་། མིག་འཕྲུལ་དང་། འདྲ་བ་ཉིད་ཡིན་ནོ།། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། སྒྱུ་མ་ནི་ཇི་ལྟ་བུ ་ལགས། རྨི་ལ་མ་དང་། མིག་འཕྲུལ་ནི་ཇིས་དུ་ལགས། རྫོགས་པ་ཆེན་པོ་བ་རྣམས་ཀྱིས་སྨྲས་པ། སྐྱེ་མ་ནི་མཚོན་པ་ཙམོ།། རྨི་ལམ་ནི་སོ་སོར་སྡང་བ་ཙམ་སྟེ། གཟུང་བར་བྱ་བ་མ་ཡིན། ་ཞིང་རང་བཞིན་གྱིས་སྟོང་པ་ཡོད་པ་མ་ཡིན་པའི་ངོ་བོ་ཉིད་དོ།། མིག་འཕྲུལ་ནི་ཇི་ལྟར་བུ་ནི་བཅོས་མ་ཙམ་དུ་དགོས་པའོ།། གྲོགས་པོ་དག་དེ་དེ་བཞིན་ཏེ། དངོས་པོ་ཇི་སྙེད་པ། ་ཐམས་ཅད་ནི་རྒྱུ་མ་དང་། རྨི་ལམ་དང་། མིག་འཕྲུལ་དང་འདྲ་བར་ཤེས་པར་བྱའོ།། གཞན་ཡང་ཀུན་རྫོབ་དང་། དོན་དམ་པ་དག་བསྟན་པར་བྱ་སྟེ། དེ་ལ་ཀུན་རྫོབ་ཅེས་བྱ་བ་ནི་འདི་བང་།། ་འདི་ནི་གཞན་ནོ་ཞེས་བྱ་བ་དང་། སྲོག་དང་། སྐྱེས་བུ་དང་། གང་ཟག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ནོར་དང་། ངུ་དང་། ཆུང་མ་དང་། མཛའ་བཤེས་དང་། ཉེ་དུ་ལ་སོགས་པར་རྟོག ་བ་དེ་ནི་ཀུན་རྫོབ་ཅེས་བྱའོ།། གང་ལ་བདག་མེད་པ་དང་། གཞན་མེད་པ་དང་། སྲོག་མེད་པ་དང་། སྐྱེས་བུ་མེད་པ་དང་། བང་ཟག་མེད་པ་དང་། བྱེད་པ་པོ་མེད་པ་དང་། ཚོར་བ་པོ་མེད་པ ་དང་ནོར་མེད་པ་དང་། བུ་མེད་པ་དང་། ཆུང་མ་མེད་པ་དང་། མཛ། འབཤེས་མེད་པ་དང་། ཉེ་དུ་ལ་སོགས་པ་མེད་པ། དེ་ནི་དོན་དམ་པ་ཞེས་བྱའོ།། གང་ལ་རང་བཞིན་གྱིས ་དངོས་པོ་ཐམས་ཅད་དུ་ཡོངསུ་བརྟགས་ཤིང་དགེ་བ་དང་། མི་དགེ་བའི་འབྲས་བུ་དང་། སྐྱེ་བ་དང་། འགག་པ་པ་ནི་ཀུན་རྫོབ་བོ།། དགེ་བ་མེད་པ་དང་། མི་དག་པའི་འབྲས་བུ་མེད་པ་དང ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དེ་བཞིན་ཉིད་དེ་ལ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་དེ། དེ་ནི་དབུ་མའི་ཆོས་རྣམས་ཀྱི་སྒྲུབས་པ་ལྷུར་ལེན་པའོ།། དེ་ལ་འདི་སྐད ་ཅེས་བྱ་སྟེ། ཀུན་རྫོབ་དང་ནི་དོན་དམ་སྟེ། དབྱེ་བ་གཉིསུ་ཡང་དག་བཤད།། ཀུན་རྫོབ་འཇིག་རྟེན་པའི་ཆོས།། དོན་ངམ་འཇིག་རྟེན་འདས་པའོ།། ཀུན་རྗེ་རི་ཆོས་ལ་ཞུགས་པའི།། སེམས་ཅན་ཅན ་ཚངས་དཔས།། རངས་པ་གནས་པ། མ་ཤེ་ཤཱ་ལྡན་པ་ལག་ཏུ་མས་ལ།། མ་མཁས་པ་ག་པ་། བྱང་ཆུག་འམ ་སྡུག་བསྔལ་ཉམསུ་མྱོང་བར་འགྱུར།། ཇི་ལྟར་སོ་སོའི་སྐྱེ་བོའི།། བྱིས་པས་གྲོལ་ལམ་མི་ཤེས་པས།། མི་བཟད་པའི་སྡུག་བསྔལ་དག། མང་པོ་རྗེསུ་མྱོང་བར་འགྱུར།། གང་དུ་སྲིད་པ་འགག་འགྱུ ་ངའོ་དོན་དམ་དག་ནི་མི་ཤེས་པས།། སྐྱེ་བ་དང་ནི་འགག་འགྱུར་ཞིང་།། སྐྱེ་མེད་འགྲོ་དང་འོང་བར་འགྱུར།། འཇིག་རྟེན་ཆོས་ལ་གནས་པའི།། བླུན་པོ་འཁོར་བ་བཞིན་དུ་འཁོར།། སྡུག་བསྔལ ་གནས་ཅན་འཁོར་བ་འདིར།། ཡང་དང་ཡང་དུ་འཁོར་བར་འགྱུར།། ཇི་ལྟར་ཉི་མ་ཟླ་བ་དག། སླར་ཡང་འོང་ཞིང་འགྲོ་བ་དབྱེད།། དེ་བཞིན་སྲིད་པར་འཕོ་བ་ན།། སླར་ཡང་འོང་དང་འ ་བར་འགྱུར།། འཁོར་བ་ཐམས་ཅད་མི་རྟག་ཅིང་།། མི་བརྟན་སྐད་ཅིག་འཇིག་པ་ཉིད།། དེ་བས་དོན་དམ་ཤེས་པ་ཡིས།། ཀུ་ན་རྫོབ་བདེན་པའི་གནས་སྤང་།། མཐོ་རིས་གནས་ནས་ལྷ ་རྣམས་དང་།། དྲི་ཟ་ལྷ་མི་རྣམས་ཀྱང་མི། ཀུན་ལ་འཕོ་བ་ཡོང་གྱུར་པ།། ཀུན་ཀྱང་ཀུན་རྫོབ་འབྲས་བུ་ཡིན།། གྲུབ་དང་རིགས་འཛིན་གནང་སྦྱིན་དང་། དྲི་ཟ་དང་ནི་ལྟོ་འབྱེ་རྣམས།། སླར་ཡང ་དམྱལ་བར་འགྲོ་འགྱུར་བ།། ཀུན་ཀྱང་ཀུན་རྫོབ་འབྲས་བུ་ཡིན།། གང་ཞིག་བརྩོན་དྲག་ལྷ་རྣམས་དང་།། ཡོན་ཏན་འབྱུང་གནས་ལ་གནས་གང་།། མཐོ་རིས་ལས་འང་ལྟུང་གྱུར་པ། ཐམས ་ཅང་ཀུན་རྫོབ་འབྲས་བུ་ཡིན།། བརྒྱ་བྱིར་འཁར་མོས་སྤྱ་ཞིང་སྟེ།། གང་གིས་ངས་པའི་གནས་པབ་ནས།། སྲད་ཡང་བྱོམ་སོང་སྐྱེ་གནས་འཇུག་ཐམས་ཅད་ཀུན་རྫོའི་འབྲས་བུ་ཡིན། ད། ་མཐོ་རིས་ལྷ་རྣམས་ཀྱི།། བདེན་པ་བཟང་པོ་ཀུན་སྤངས་ལ།། བྱང་ཆུབ་སེམས་ནི་འོད་གསལ་བ།། རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ།། དངོས་པོ་མེད་ཅིང་དམིགསུ་མེད།། ་ཐམས་ཅད་སྟོང་པ་གནས་མེད་པ།། སྤྲོས་པ་རྣམས་ལས་ཡང་དག་འདས།། བྱང་ཆུབ་སེམས་དཔའི་མཚན་ཉིད་ཡིན།། སྲ་བ་མ་ཡིན་འཇམ་པ་མིན།། དྲོ་བ་མ་ཡིན་གྲང་བ་མིན།། དེ་ནི་རེག ་མིན་གཟུང་བྱ་མིན།། བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན།། རིང་པོ་མ་ཡིན་ཐུང་བ་མིན།། ཟླུམ་པོ་མ་ཡིན་གྲུསུམ་མིན།། ཕྲ་བ་མ་ཡིན་སྒོམ་པའང་མིན།། བྱང་ཆུབ་སེམས་ཀྱི་མཚན་ཉིད ་ཡིན་བསྒོམ་པ་རྣམས་ལས་རྣམ་འདས་ཤིང་།། མུ་སྟེགས་རྣམས་ཀྱི་སྤྱོད་ཡུལ་མིན།། ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ།། བྱུང་ཆུབ་ཀྱི་ནི་མཚན་ཉིད་ཡིན།། དཔེ་མེད་བསྒོམ་དུ་མེད་པ ་དང་མཐོང་མིན་གནས་ཀྱི་མཆོག་གྱུར་ལ།། རང་བཞིན་གྱིས་ནི་རྣམ་དག་པ།། བྱང་ཆུབ་སེམས་ཀྱི་མཚན་ཉིད་ཁྲི། ན།། ཐམས་ཅད་དབུ་བ་ལྟ་བུ་སྟེ།། ཆུ་བུར་ལྟ་བུར་སྙིང་པོ ་མེད་བརྟག་པ་མ་ཡིན་བདག་མེད་པ།། སྒྱུ་མ་མིག་རྒྱུ་དག་དང་མཚུངས།། གོང་དུ་བཞིན་དུ་བསྡུས་གྱུར་པ།། སྤྲོས་པ་རྣམས་ཀྱིས་ཡོངསུ་གང་།། འདོད་ཆགས་ཞེ་སྡང་ལ་སོགས་ལྟར། ་དེ་ནི་སྒྱུ་མཚུངས་འདའ་ཞིག་ཡིན།། ཇི་ལྟར་ནང་ན་ཐིག་ལེ་ནི། སྐད་ཅིག་དེ་ལ་མི་མཐོང་སྟེ།། ཤེས་རབ་ཕ་རོལ་ཕྱིན་མཐོང་སྟེ།། དེ་བཞིན་བློ་ནི་འདུས་མ་བྱས།། རྟག་ཏུ་དགོད་ཅིང་རྩེ་བ་དང ་སྨྲ་ཞིང་གླུ་དང་རོལ་མོ་དང་།། གཞི་ལ་སོགས་པའི་བདེ་བ་རྣམས།། དེ་དག་ཐམས་ཅད་རྨི་ལམ་མཚུངས།། ལུས་ཅན་ཀུན་གྱིས་འདུས་བྱས་པ།། འདི་ཀུན་རྨི་ལམ་དང་མཚུངས་ལ།། ་ལམ་སེམས་ཀྱི་ཀུན་རྟོག་སྟེ།། སེམས་ཀྱང་ན་མཁའ་ལྟ་བུ་ཡིན།། གང་ཞིག་ཚུལ་འདི་རྟག་སྒོམ་པ།། ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ་གང་ཞིག་འདི་ནི་རྟག་སྒོམ་པ།། དངོས་པོ་ཀུན་ལས། ་ལུས་གྲོལ་ནས།། གེ་འཕང་མཆོག་ནི་ཐོབ་པར་འགྱུར།། བླ་ན་མེད་པའི་བྱང་ཆུབ་གང་སངས་རྒྱས་ཀུན་གྱིས་རྣམ་སྒོམས་པ།། བསྒོམས་དང་བཅས་པས་འཛིན་ནི།། ཐེག་ཆེན་འབྲས་བུ་འཐོབ ་བར་འགྱུར།། འཕགས་པ་བདག་མེད་པ་དྲིས་པ་ཞེས་ཐ་བ་ཐེག་པ་ཆེན་པོའི་མང། རྫོག་སྷོ། རྒྱའི་སྲད་དུ། ཀཱན་གྱི་ལོག་པས་ཞེང་ཤེ་ཏེའུ་ཤང་ཐེན ་