| Wylie | e-texts produced with BDRC’s OCR application |
མདོ་རྫོགསྷོ།། ། མདོ་བརྒྱད་བརྒྱ་པ་ནས་བཀོལ་པའོ།། ། རྒྱ་གར་སྐད་དུ། ཨཱརྱ་ཤཱ་ལི་སྟཾ་བྷ་ནཱ་མ་ཧཱ་ཡཱ་ན་སཱ་ཏྲ། བོད་སྐད་དུ། འཕགས་པ་སཱ་ལུ་ལྗང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚའོ།། འདི་སྐད་བདག་གིས་ཐོས་པ་དུས་པོ་ཅིག་ན། བཅོམ་ལྡན་འདས་རྒྱལ་བའི་ཁབ་ན། བྱེ་ནོད་དཔུང་བའི་རི་མ་དག་སླང་སྟོང ་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་དེའི་ཚེ་ནཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་བགྲོད་པར་བྱ་བའི་ས་ག་ལ་བ་དེར་སོང་སྟེ། ཕྱིན་ནས། ཕན་ཚུན་ཡང་དག་པར་དགའ་བར་བྱ་བའི་གཏམ་རྣམ་པ་མང ་པོ་བྱས་ནས། འདུས་ཏེ་གཉིས་ཀ་རྡོ་ལེབ་ལ་འཁོད་དོ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲསོ།། བྱམས་པ་དེང་འདིར ་བཅོམ་ལྡན་འདས་ཀྱིས་སཱ་ལུ་ལྗང་བ་ལ་གཟིགས་ནས། དགེ་སློང་རྣམས་ལ་མདོ་འདི་གསུངས།། དགེ་སློང་དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་།། སུས་ཆོས་མཉྫུ ་བ་དེས་སངས་རྒྱས་མཐོང་ཞེས་དེ་སྐད་བཀའ་སྩལ་ནས། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ན། བྱམས་པ་བདེ་བར་གཤེགས་པས་བཀའ་སྩལ་པའི་མདོ་དེའི་དོན་ཅི། རྟེན་ཅིང་འབྲེལ ་བར་འབྱུང་བ་ནི་གང་ཆོས་ནི་གང་། སངས་རྒྱས་ནི་གང་། ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ན་ཆོས་མཐོང་། ཇི་ལྟར་ཆོས་མཐོང་ན་སངས་རྒྱས་མཐོང་།། དེ་སྐད་ཅེས་སྨྲས ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལཾ་འདི་སྐད་ཅེས་སྨྲསོ།། བཙུན་པ་ཤཱ་རིའི་བུ་འདི་ལ་བཅོམ་ལྡན་འདས་ཆོས་ཀྱི་བདག་པ ་ཐམས་ཅན་མཁྱེན་པས། དགེ་སློང་དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་།། སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ཞེས་གསུངས་པ་དེ་ལ། རྟེན་ཅིང ་འབྲེལ་པར་འབྱུང་བ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད ་རྣམས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཏོ་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་རེག ་བའི་རྐྱེན་གྱིས་ཚར་ལ་ཚར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བོ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས ་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འབྱུང་བར་འགྱུརརོ།། དེ་ལ་མ་རིག་པ་འགགས ་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག།། རྣམ་པར་ཤེས་པ་འགེགས་པས་མིང་དང་གཟུགས་འགག། མིང་དང་གཟུགས་འགགས་པས་སྐྱེ ་མཆོད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགགས་པས་ཚོར་བ་འགག། ཚོར་བ་ལ་གགས་པས་སྲེད་པ་འགག། སྲེད་པ་འགགས་པས། ལེན་པ ་འགགང་ལེན་པ་འགགོས་པས་སྲིད་པ་འགག། སྲིད་པ་འགགས་པས་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ ་བ་དང་འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འགག་པར་འགྱུ་རོ།། འདི་ནི་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ། ་ཞེས་གསུངས།། ཆོས་གང་ཞེ་ན། འཕབས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས ་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་འཛིན་ཏོ།། འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད ་པ་ཞེས་བྱ་སྟེ། འབྲས་བུ་རྙེད་པ་དང་། མྱ་ངན་ལས་འདས་པ་གཅིག་ཏུ་བསྡུས་ཏེ། བཅོམ་ལྡན་འདས་ཀྱིས་ཆེས་ཞེས་བཀའ་སྩལ་ཏོ།། དེ་ལ་སངས་རྒྱས་བཅོམ་ལྡན་འདས་གང་སུས་ཆོས་ཐམས ་ཅད་ཐུག་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། དེ་ནི་འཕགས་པའི་ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྐུ་དང་ལྡན་པ་དང་། སློབ་པ་དང་། མི་སློབ་པའི་ཆོས་དེ་དག་གཟིགས་པའོ།། དེ་ལ་རྟེན་ཅིང་། ་འབྲེལ་པར་འབྱུང་བ་མཐོང་བ་ཇི་ལྟ་བུ་ཞེ་ན། འདི་ལ་བཅོམ་ལྡན་འདས་ཀྱིས་སུས་རྟོན་ཅིང་འབྲེལ་པར་འབྱུང་བ་རྟག་པ་དང་། སྲོག་མེ་ད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། ་མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པད་ང། འདུས་མ་བྱས་པ་དང་། ཐོགས་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། མི་འཇིགས་པ་དང་། མི་འཕྲོགས་པ་དང་། ་མ་ཞི་བའི་རང་བཞིན་དུ་མཐོང་བ་སྟེ། གང་གིས་ཚུལ་དེ་འདྲ་བར་ཆོས་ལ་ཡང་རྟག་པ་དང་། སྲོག་མེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ ་དང་མ་བྱས་པ་དང་། ཐིགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། མི་འཇིགས་པ་དང་། མི་འཕྲོགས་པ་དང་། མ་ཞི་བའི་རང་བཞིན་དུ་མཐོང་བ་དེ་ཡང་དག་པའི་ཡེ་ཤེས་ཐོབ ་བས་འཕགས་པའི་ཆོས་མངོན་པར་རྫོགས་པས་བླ་ན་མེད་པའི་ཆོས་ཀྱི་སྐུར། སངས་རྒྱས་མཐོང་ཞེས་གསུངསོ།། སྨྲས་པ། ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ། སྨྲས་པ། རྒྱུ་དང་། ་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ།། དེ་ལ་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང ་མཚན་ཉིད་མདོར་བསྡུས་ཏེ་བཀའ་སྩལ་པ། རྐྱེན་ཉིད་ཀྱིས་འབྲས་བུ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་འདུག་པའི་ཞེ ་བྱ་བ་ནས། གང་འདི་ཆེས་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་མི་འགྱུར་བ་ཉིད་དང་། རྟེན་ཅིང་འབྲེལ་པར་འབྱུང་བར་འཐུན་པ་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གན ་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པ་ཉིད་དང་། བདེན་པ་ཁོ་ན་དང་། མ་ནོར་བ་ཉིད་དང་། ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བའི་བར་དུ་གསུང་སོ།། འདི་ལྟར་ཡང་རྟེན་ཅིང་འབྲེལ་པར་འ ་བ་འདི་གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་བའི་ཕྱིར།། དེ་ཡང་ཕྱིའི་དང་ནང་གི་དང་རྣམ་པ་གཉི་སུ་བལྟའོ།། དེ་ལ་ཕྱི་རོལ་གྱི ་ཅིང་འབྲེལ་པར་འབྱུང་བའི་རྒྱུ་དང་འབྲེལ་པ་གང་ཞེ་ན། འདི་ལྟ་སྟེ། ས་བོན་ལས་མྱུར་གུ། མྱུ་གུ་ལས་འདབ་མ། འདབ་མ་ལས་སྡོང་བུ། སྡོང་བུ་ལས་སྦུ་བུ། སྦུ་བུ་ལས་སྙིང་པོ། ་སྙིང་པོ་ལས་མེ་ཏོག། མེ་ཏོག་ལས་འབྲས་བུ། ས་བོན་མེད་ན་མྱུ་གུ་མི་འབྱུང་སྟེ། མེ་ཏོག་མེད་ན་འབྲས་བུ་ཡང་མི་འབྱུང་།། ས་བོན་ཡོད་ན་མྱུ་གུ་མངོན་པདེ་འགྲུབ་པར་འགྱུར་ཏེ། ་བཞིན་དུ་མེ་ཏོག་ཡོད་ན། འབྲས་བུའི་བར་དུ་མངོན་པར་འགྲུབ་པར་འགྱུར།། དེ་ལ་ས་བོན་ཡང་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་བསྒྲུབ་པ་སྙམ་དུ་མི་སིམ་སོ།། མྱུ་གུ་ཡང ་འདི་སྙམ་དུ་བདག་ནི་ས་བོན་གྱིས་མངོན་པར་བསྒྲུབ་སོ་སྙམ་དུ་མི་སེམ་སོ།། དེ་བཞིན་དུ་མེ་ཏོག་ཀྱང་འདི་སྙམ་དུ། བདག་གིས་འབྲས་བུ་མངོན་པར་བསྒྲུབསོ་སྙམ་དུ་མི་སེམས་པའི ་བར་དུའོ།། འབྲས་བུ་ཡང་འདི་སྙམ་དུ་བདག་ནི་མེ་ཏོག་གིས་མངོན་པར་བསྒྲུབ་སོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་ས་བོན་ཡོད་ན་མྱུ་གུ་མངོན་པར་བསྒྲུབ་ཅིང་འབྱུང་བར་འགྱུར་བ་ནས། དེ་བཞིན་དུ་མེ་ཏོག ་ཡོད་ན་འབྲས་བུའི་བར་དུ་ཡང་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་སྟེ། ཇི་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པར་བལྟའོ།། ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ ་པར་ཇི་ལྟར་བལྟ་ཞེ་ན། ཁམས་དྲུག་འདུས་པའི་ཕྱིར་ཏེ། ཁམས་དྲུག་པོ་གང་དག་འདུས་པའི་ཕྱིར་ཞེ་ན། འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ན་མཁའ་དང་། དུས་ཀྱི་ཁམས་རྣམས་འདུས་པ ་ལས་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟའོ།། དེ་ལ་སའི་ཁམས་ནི་ས་བོན་རྟེན་པའི་བྱ་བ་བྱེད།། མུ། འི་ཁམས་ནི་ས་བོན་བརླན་པར་བྱེད།། མེའི་ཁམས་ནི་ས་བོན་ལོ ་སུ་དྲོ་བར་བྱེདའོ།། རླུང་གི་ཁམས་ཀྱིས་ས་བོན་ཡོངསུ་འབུ་བར་བྱེའོ།། ན་མཁའི་ཁམས་ནི་ས་བོན་ལ་མི་སྒྲིབ་པའི་བྱ་བ་བྱེའོ།། དུས་ནི་ས་བོན་འགྱུར་བའི་བྱ་བ་བྱེའོ།། རྐྱེན་འདི་དག་མེད་པར་ས་བོན་ལ་སམཱུ ་བུ་མངོན་པར་འགྲུབ་པར་མི་འགྱུར་གྱི་ནམ་ཕྱི་རོལ་གྱི་སའི་ཁམས་མ་ཚང་བ་མེད་པར་གྱུར་ལ། དེ་བཞིན་དུ་ཆུ་དང་། མེ་དང་། རླུང་དང་། ནམམཁའ་དང་། དུས་ཀྱི་ཁམས་མ་ཚང་བ་མེད་པར་གྱུར་ཏེ། ཐམས་ཅད ་འདུས་པ་ལས་ས་བོན་འགགས་པ་ན། དེ་ལས་མྱུ་གུ་མངོན་པར་འགྲུབ་པར་འགྱུརརོ།། དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ། བདག་གིས་ས་བོན་རྟེན་པའི་བྱ་བ་བྱའོ་སྙམ་དུ་མི་སེམ་སོ།། དེ་བཞིན་དུ་ཆུའི་ཁམས ་ཀྱང་འདི་སྙམ་དུ། བདག་གིས་ས་བོན་བརླན་པར་བྱའོ།། སྙམ་དུ་མི་སེམ་སོ།། མེའི་ཁམས་ཀྱང་འདི་སྙམ་དུ། བདག་གིས་ས་བོན་ཡོངསུ་དྲོ་བར་བྱའོ།། སྙམ་དུ་མི་སེམསོ།། རླུང་གི་ཁམས་ཀྱང་འདི་སྙམ་དུ་བ ་གིས་ས་བོན་འབྲུ་བར་བྱའོ་སྙམ་དུ་མི་སེམསོ།། ནམཁའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་ལ་མི་སྒྲིབ་པའི་བྱ་བ་བྱོའོ་སྙམ་དུ་མི་སེམསོ།། དུས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་ལ་བསྒྱུར ་བའི་བྱ་བ་བྱའོ་སྙམ་དུ་མི་སེམསོ།། ས་བོན་ཡང་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམསོ།། མྱུ་གུ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་མངོན་པར་བསྒྲུབས་སྙམ་དུ ་སེམས་མོད་ཀྱི། འོན་ཀྱང་རྐྱེན་འདི་དག་ཡོད་ལ་ས་བོམ་འགགས་པ་ན། མྱུ་གུ་མངོན་པར་འགྲིབ་པར་འགྱུར་རོ།། དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས་བུའི་བར་དུ་ཡང་མངོན་པར་འགྲུབ་པར་འགྱུར་ཏེ།། ་མྱུ་གུ་དེ་ཡང་བདག་གིས་མ་བྱས།། གཞན་གྱིས་མཐུ་ས།། གཉིས་ཀས་མ་བྱས། དབང་ཕྱུག་གིས་མ་བྱས།། དུས་ཀྱིས་མ་བསྒྱུར།། རང་བཞིན་ལས་མ་བྱུང་། རྒྱུ་མེད་པ་ལས་ཀྱང་མ་སྐྱེ་ཏེ། འོན་ཀྱང ་ས་དང་ཆུ་དང་། མེ་དང་རླུང་དང་། ནམ་མཁའ་དང་། དུས་ཀྱི་ཁམས་རྣམས་འདུས་ནས། ས་བོན་འགགས་པ་ན། མྱུ་གུ་མངོན་པར་འགྲིབ་པར་འགྱུར་ཏེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ད ་འབྲེལ་པར་བལྟའོ།། དེ་འི་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྡེར་བལྟ་སྟེ། ལྔ་གང་ཞེ་ན། རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱུ་ཆུང་ལས་འབྲས་བུ། ་ཆེན་པོ་མངོན་པར་འགྲུབ་པ་དང་། དེ་དང་འདྲ་བའི་རྒྱུ་དུའོ།། ཇི་ལྟར་རྟག་པར་མ་ཡིན་ཞེ་ན། གང་གི་ཕྱིར་མྱུ་གུ་ཡང་གཞན་ལ། ས་བོན་ཡང་གཞན་ཏེ་མྱུ་གུ་དང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ལ། ས་བོན་འགས ་། པ་ལས་མྱུ་གུ་འབྱུང་བ་མ་སེམ་པ་འགགས་པ་ལས་ཀྱངས་སེན་གྱིས་བོན་ཡང་འགགས་ལ་ཤིད་ཀྱི་ཆེ་ཡང་མྱུ་གུ་འང་འབྱུང་སྟེ། ངའྀ་ཕྱིར་རྟག་པར་མ་ཡིན། ཇི་སྔ་ཆད་པར་མ་ཡིན། ་ནེམ་སྔོན་འགགས་པའོ་ས་བོན་ལས་མྱུ་གུ་སྐྱེ་བ་མ་ཡིན་མ་འགགས་པ་ལ་ཡང་མ་ཡིན་གྱི། ས་དོན་ཡང་འགགས་ལ་པོ་ཉིད་ཀྱི་ཚེ། སྲང་འདི་མཐོན་དམན་བཞིན་དུ་མྱུ་གུ་ཡང་སྐྱེ་བས། དེའི་ཕྱིར ་ཆང་པར་མ་ཡིན། ཇི་ལྟར་འཕོ་བར་མ་ཡི་མིན་ན། གང་གི་ཕྱིར་མྱུ་གུ་ཡང་གཞན་ལ་ས་དོན་ཡང་གཞམ་མྱུ་གུ་གང་ཡིན་པ་དེ་འདི་ས་བོན་མ་ཡིན་ཏེ། དེའི་ཕྱིར་འཕོ་བོར་མ་ཡིན།། ས་བོན་ཆུང་ངུ ་བདང་པ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲོའོ།། ས་བོན་ཇི་ལྟ་བུ་འདབ་པ་དེ་ལྟ་བུའི་འབྲས་བུ་མངོན་པར་འགྲུབ་པས་དེའི ་ཕྱིར་དེ་དང་འདྲ་བའི་རྒྱུདུ་སྟེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ལྔར་བལྔའོ།། དེ་བཞིན་དུ་ནང་གི་རྟེན་ཅིང་འདྲེ་ལ་བར་འབྱུང་བ་ཡང་གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན། ་རྒྱུ་དང་འབྲེལ་པ་དང་། དྲིན་དང་འབྲེལ་པའོ།། དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པ་གང་ཞེ་ན། གང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས ་རྒ་ཤི་ཞེས་བྱ་བའི་བར་དུའོ།། གལ་ཏེ་མ་རིག་པ་མ་བྱུང་ན། འདུ་བྱེད་ཀྱང་མི་མངོན་པ་ཞིག། དེ་བཞིན་དུ་སྐྱེ་བ་མ་བྱུང་དུ་ཟིན་མས་ཤིའི་བར་དུ་ཡང་མི་མངོན་པ་ཞིག་ན། འདི་ལྟར་མ་རིག་པ་ཡོད་པ་ལས ་འདུ་བྱེད་རྣམས་མངོན་པར་འགྲུབ་བར་འགྱུར་བ་ནས། སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་པར་འགྱུར།། དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་འདུ་བྱེད་རྣམས་མངོན་པར་སྟན ་སྙམ་དུ་མི་སེམ་སོ།། འདུ་བྱེད་རྣམས་ཀྱང་འདི་སྙམ་དུ་བདག་ནི་མ་རིག་པས་མངོན་པར་བསྒྲུབསོ།། སྙམ་དུ་མི་སེམས་པ་ནས། དེ་བཞིན་དུ་སྐྱེ་བ་ཡང་འདི་སྙམ་བདག་གིས་རྒ་ཤི་མངོན་པར་བསྒྲུབ།། ་སྙམ་དུ་མི་སེམས་ཤིང་། ག་ཤི་ཡང་འདི་སྙམ་དུ་བདག་ནི་སྐྱེ་བས་མངོན་པར་བསྒྲུབས་སྙམ་དུ་མི་སེམས་པའི་བང་དུ་སྟེ། འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་ཅིང་འབྱུང ་བར་འགྱུར་བ་ནས། དེ་བཞིན་དུ་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་ཏེ། དེ་ལྟར་ན་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲེལ་པར་བལྟའོ།། ང་གི་རྔན་གྱི ་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་ཇི་ལྟར་ན། ན། ཁམས་དྲུག་པོ་འདུས་པའི་ཕྱིར་ཏེ།། ཁམས་དྲུག་པོ་གང་དག་འདྲས་པའི་ཕྱིར་ཞེ་ན། འདི་ལྟ་སྟེ། ས་དང་ཆུ་དང་། མེ་དང་རླུང་དང་། ནམ ་མཁའ་དང་། རྣམ་པར་ཤེས་པའི་ཁམས་རྣམས་འདུས་པ་ལས། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འ་ཁྲེལ་བར་བལྟའོ།། དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ ་སའི་ཁམས་གང་ཞེ་ན། གང་འདི་ལུས་འདུས་ནས། སྲ་བའི་དངོས་པོ་མངོན་པར་འགྲུབ་པར་བྱེད་པ་འདི་ནི་སའི་ཁམས་ཞེས་བྱའོ།། གང་ལུས་སྡུད་པའི་བྱ་བ་བྱེད་པ་འདི་ནི། ཆུའི་ཁམས་ཞེས་བྱ ་གང་ལུས་ཀྱིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་མྱངས་པ་རྣམས་འཇུ་བར་བྱེད་པ་འདི་ནི་མེའི་ཁམས་ཤེས་བྱའོ།། གང་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་པ་འདི་ནི་རླུང་གི ་ཁམས་ཞེས་བྱའོ།། གང་ལུས་ཀྱི་ནང་སྤུངས་ཡོད་པར་བྱེད་པོ་འདི་མི་རྣམ་པའི་ཁམས་ཞེས་བྱའོ།། གང་མདུང་ཁྱིམ་གྱི་ཚུལ་དུ་ལུས་ཀྱི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པར་བྱེད ་རྣམ་པར་ཤེས་པ་ལྔའི་ཚོགས་དང་། འདུས་པ་དང་། ཟག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་འདི་ནི། མདུང་ཁྱིམ་གྱི་ཚུལ་དུ་ཡིད་ཀྱི་རྣམ་པར་ཤེས་པའི།། ་ཁམས་ཤེས་བྱའོ།། རྐྱེན་འདི་དག་མེད་པར་ལུས་སྐྱེ་བར་མི་འགྱུར་གྱི། ནམ་ནང་གི་སའི་ཁམས་ཚང་ཞིང་། དེ་བཞིན་དུ་ཆུ་དང་། མེ་དང་། རླུང་དང་ན་མཁའ་དང་། རྣམ་པར་ཤེས་པའི་ཁམས་རྣམས། ་ཀྱང་ཚང་བར་གྱུར་ལ། ཐམས་ཅད་འདུས་པ་དེ་ལས་ལུས་མངོན་པར་འགྲུབ་པར་འགྱུར་རོ།། དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་འདུས་ནས། སྲ་བའི་དངོས་པོ་མངོན་པར ་བསྒྲུབ་བོ་སྙམ་དུ་མི་སེམ་སོ།། ཆུའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་བསྡུ་བའི་བྱ་བ་བྱའོ་སྙམ་དུ་མི་སེམསོ།། མེའི། ཁམས་ཀྱང་འདི་སྙམ་དུ། བདག་གིས་ལུས ་ཀྱིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ། རྣམས་འཇུ་བར་བྱའོ་སྙམ་དུ་མི་སེམས།། རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག་གིས་དབུགས་ཕྱི་ནང་དུ་རྒྱུ་བའི ་བྱ་བ་བྱའོ་སྙམ་དུ་མི་སེམ་སོ།། ནམཁའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་ནང་དུ་སྦུབས་ཡོད་པར་བྱའོ་སྙམ་དུ་མི་སེམ་སོ།། རྣམ་པར་ཤེས་པའི་ཁམས་ཀྱང་འདི་སྙམ་དུ་བདག ་གིས་ལུས་ཀྱི་མིང་དང་། གཟུགས་མངོན་པར་བསྒྲུའོ་སྙམ་དུ་མི་སེམ་སོ།། ལུས་ཀྱང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་མོད་ཀྱི། འོད་ཀྱང་རྐྱེན་འདི་དག་ཡོན ་པ་དང་ལུས་ཀྱང་སྐྱེ་བར་འགྱུར། དེ་ལ་སའི་ཁམས་ནི་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་མ་ཡིན། ཤེད་བུ་མ་ཡིན། བུད་མེད་མ་ཡིན ་སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་གི་མ་ཡིན་ཏེ། གཞན་སུའི་ཡང་མ་ཡིན།། དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་རླུང་གི་ཁམས་དང་། ན་མཁའི་ཁམས་དང ་རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན་སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། ཤེད་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ ་ཡིན་མ་ནིང་མ་ཡིན། ང་མ་ཡིན། བདག་གི་མ་ཡིན། གཞན་སུའི་ཡང་མ་ཡིན་ནོ།། དེ་ལ་མ་རིག་པ་དང་ཞེ་ན། ཁམས་དྲུག་པོ་འདི་ཉིད་ལ་གང་གཅིག་པུར་འདུ་ཤེས་པ་དང་། རིལ་པོར་འདུ ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་དཔ་དང་། ཐེར་ཟུག་ཏུ་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས ་བ་དང་སྲོག་དང་། སྐྱེ་བ་བཾ་དང་། གསོ་བ་དང་། སྐྱེས་བུ་དང་ག་ཟག་ཏུ་འདུ་ཤེས་པ་དང་། ཤེད་ལས་སྐྱེས་པ་དང་། ཤེད་པུར་འདྲ།། ཤེས་པ་དང་། ང་ཞེས་བྱ་བ་དང་། བདག་གི་ཞེས། ་བྱ་བར་འདུ་ཤེས་པ་སྟེ། འདི་ལྟ་བུ་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་འདི་ནི་མ་རིག་པ་ཞེས་བྱའོ།། དེ་ལྟར་མ་རིག་པ་ཡོད་པས་ཡུལ་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི། ་མུག་འཇུག་གོ།། ཡུལ་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གང་ཡིན་པ་འདི་ནི་མ་རིག་པའི་རྐྱེན་གྱི་འདུ་བྱེད་རྣམས་ཞེས་བྱའོ།། དངོས་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ ་པར་ཤེས་པོའོ།། རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་ཉེ་བར་ལེན་པའི་ཕུང་པོ་བཞི་པོ་འདི་དག་ནི་མིང་དང་གཟུགསོ།། མིང་དང་གཟུགས་ལ་རྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག ་ཆོས་གསུམ་འདུས་པ་ནི་རེག་པའོ།། རེག་པ་མྱོང་བ་ནི་ཚོར་བའོ།། ཚོར་བ་ལ་ཞེན་པ་ནི་སྲེད་པའོ།། སྲེད་པ་འཕེལ་བ་ནི་ལེན་པའོ།། ལེན་པ་ལས་སྐྱེས་པ་ཡང་སྲིད་པ་སྐྱེད་པའི ་ལས་ནི་སྲིད་པའོ།། རྒྱུ་དེ་ལས་ཕུང་པོ་འབྱུང་བ་ནི་སྐྱེ་བའོ།། སྐྱེས་ནས་ཕུང་པོ་སྨིན་པ་ནི་རྒ་བའོ།། རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བའོ།། འཆི་ཞིང་སྨོས་ཏེ་མངོན་པར་ཆགས་པ་དང་བཅས་པའི་ནང ་གི་ཡོངསུ་གདུང་བ་ནི་མྱ་ངམོ་མྱ་ངན་ལས་བྱུང་བའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ།། རྣམ་པར་ཤེས་པ་ལྔའི་ཚོགས་དང་ལྡན་པའི་མི་བདེ་བ་མྱོང་བ་ནི་སྡུག་བསྔལ་བའོ།། ཡིད་ལ་བྱེད་པ ་དང་ལྡན་པ་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བའོ།། གཞན་ཡང་འདི་ལྟ་བུ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ནི་འཁྲུག་པ་ཞེས་བྱའོ།། དེ་ལ་མུན་པ་ཆེན ་པོའི་ཕྱིར་མ་རིག་པའོ།། མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམ་སོ།། རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ།། རྟེན་བའི་ཕྱིར་མིང་དང་གཟུགས་སོ།། སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད ་དྲུག་པ། རེག་པའི་ཕྱིར་རེག་པའོ།། མྱོང་བའི་ཕྱིར་ཚོར་བའི།། སྒོམ་པའི་ཕྱིར་སྲེད་པའོ།། ཉེ་བར་ལོན་པའི་ཕྱིར་ལེན་པའོ།། ཡང་སྲིད་པ་སྐྱེ་བའི་ཕྱིར་སྲིད་པའོ།། ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བའོ།། ཕུང ་པོ་སྨིན་པའི་ཕྱིར་རྒ་བའོ།། འཇིག་པའི་ཕྱིར་འཆི་བའོ།། མྱ་ངན་བྱེད་པའི་ཕྱིར་མྱ་ངམོ།། ཚིག་གིས་སྨེ་བའི་སྔགས་འདོན་པའོ།། ལུས་ལ་གནོད་པའི་ཕྱིར་སྡུག་བསྔལ་བའོ།། སེམས་ལ་གནོད་པའི ་ཕྱིར་ཡིད་མི་བདེ་བའོ།། ཉོན་མོངས་པའི་ཕྱིར་འཁྲུག་པའོ།། གཞན་ཡང་དེ་ཁོ་ན་མི་རྟོགས་ཤིང་ལོག་པར་ཤེས་ཏེ་མི་ཤེས་པ་ནི་མ་རིག་པའོ།། དེ་ལྟར་མ་རིག་པ་ཡོད་ན་འདུ་བྱེད་རྣམ་གསུམ། ་མངོན་པར་འགྲུབ་སྟེ། བསོད་ནམ་སུ་ཉེ་བར་འགྲོ་བ་དང་། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་དང་། མི་གཡོ་བར་ཉེ་བར་འགྲོ་བའོ།། འདི་དག་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས ་བྱའོ།། དེ་ལ་བསོད་ནམ་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམ་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས ་ལས་བསོད་ནམས་མ་ཡིན་པ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས། མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ ་ཉིད་དུ་འགྱུར་ཏེ། འདི་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ།། འདི་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཤེས་བྱའོ།། མིང་དང་གཟུགས་རྣམ་པར་འཕེལ་བ། སྐྱེ ་མཆེད་དྲུག་གི་སྒོ་ནས། བྱ་བ་བྱེད་པ་རྣམས་འབྱུང་སྟེ། འདི་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས། བྱའོ།། སྐྱེ་མཆེད་དྲུག་པོ་དག་ལ། རེག་པའི་ཚོགས་དྲུག་འགྱུར ་སྟེ། འདི་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ།། ཇི་ལྟ་བུར་རེག་པ་འབྱུང་བ་དེ་ལྟ་བུར་ཆོར་པ་འབྱུང་སྟེ། དེ་ནི་རེག་པའི་རྐྱེན་གྱིས་ཆོས་པ་ཞེས་བྱའོ།། ཚོར་བའི་བྱེ་བྲག་དེ་དག ་མྱོང་བ་དང་། མངོན་པར་དགའ་བ་དང་། ལྷག་པར་ཞེན་ནས་འདུག་པ་དེ་ནི་ཚོར་བའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ།། མྱོང་བ་དང་། མངོན་པར་དགའ་བ་དང་། ལྷག་པར་ཞེན་ནས་འདུག་པ་ལས། ་བདག་སྡུག་པའི་ངོ་བོ་དང་། བདེ་བའི་ངོ་བོ་དང་བྲལ་བར་མ་གྱུར་ཅིག་སྙམ་དུ་ཡོངསུ་མི་གཏོང་བར་ཕྱིར་ཞིང་སྔོན་པོ་འདི་ནི། སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ།། དེ་ལྟར་སྨོན་ཅིང་ཡང ་སྲིད་པ་སྐྱེད་པའི་ལས། ལུས་དང་ངག་དང་ཡིད་ཀྱིས་ཀུན་ནས་སྤོང་བ་དེ་ནི། ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ།། ལས་དེ་ལས་སྐྱེས་པའི་ཕུང་པོ་ལྔ་རྣམས་གྲུབ་པ ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ།། སྐྱེས་ནས་མངོན་དུ་གྲུབ་པའི་ཕུང་པོ་རྣམས་ཀྱི་འཕེལ་བ་ཡོངསུ་སྨིན་པ་དང་། འཇིག་པར་འགྱུར་བ་དེ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ།། ། ་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི། རྒྱུ་གཞན་དང་གཞན་ལས་བྱུང་བ། རྐྱེན་གཞན་དང་གཞན་ལས་བྱུང་བ། རྟག་པ་མ་ཡིན་མི་རྟག་པ་མ་ཡིན།། ་འདུ་བྱས་མ་ཡིན། འདུམ་བྱས་མ་ཡིན། རྒྱུ་མེད་པ་མ་ཡི་ན་རྐྱེན་མེད་པ་མ་ཡིན། མྱོང་པོ་ཡོད་པ་མ་ཡིན་ཟད་ངའི་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགོག ་པའི་ཆོས་མ་ཡིན་ཏེ། ཐེག་མ་མེད་པའི་དུས་ནས། ཀླུང་གི་རྒྱུན་བཞིན་དུ། རྒྱུན་མ་ཆད་པར་རྗེ་སུ་ཞུགས་པའོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི། གཅིག ་གི་རྒྱུ་གཅིག་གི་རྐྱེན་གཅིག། རྟག་པ་མ་ཡིན། མི་རྟག་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། མྱོང་བ་ཡོད་པ་མ་ཡིན། རྒྱུ་མེད་པ་མ་ཡིན། རྒྱུ་མེད་པ་ལས་བྱུང ་བ་མ་ཡིན། ཟད་པའི་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགོག་པའི་ཆོས་མ་ཡིན་ཏེ།། ཐོག་མ་མེད་པའི་དུས་ནས། ཀླུང་གི་རྒྱུན་བཞིན་དུ། རྒྱུན་མ་ཆད་པར་རྗེ་སུ་ཞུགས་མོད ་ཀྱི་འོན་ཀྱང་ཡན་ལག་བཞི་པོ་འདི་དག་མི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་དེ་དག་བསྡུ་བར་བྱེ་བའི་རྒྱུར་འགྱུརརོ།། བཞི་གང་ནི་ནི་འདི་ལྟ་སྟེ། མ་རིག་པ་དང་། ་སྲེད་པ་དང་། ལས་དང་རྣམ་པར་ཤེས་པའོ།། དེ་ལྟར་རྣམ་པར་ཤེས་པ་ནི་ས་བོན་གྱི་རང་བཞིན་གྱིས་རྒྱུ་བྱེད།། ལས་ནི་ཞིང་གི་རང་བཞིན་གྱིས་རྒྱུ་བྱེད་དོ།། མ་རིག་པ་དང་། སྲེད་པ་ནི་ཉོན་མོངས ་བའི་རང་བཞིན་གྱིས་རྒྱུ་བྱེད།། དེ་ལ་ལས་དང་ཉན་མོངས་པ་དག་ནི་ས་བོན་རྣམ་པར་ཤེས་བསྐྱེད།། ངལ་ལས་ནི་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱེའོ།། སྲེད་པ་ནི་ས་བོན་རྣམ་པར ་ཤེས་པ་བརླན་པར་བྱེད།། མ་རིག་པ་ནི་ས་བོན་རྣམ་པར་ཤེས་པ་འདེབས་ཏེ། རྐྱེན་འདི་དག་མེད་ན་ས་བོན་རྣམ་པར་ཤེས་པ་མངོན་པར་འགྲུབ་པར་མི་འགྱུརརོ།། དེ་ལ་སས་ཀྱང་འདི་སྙམ ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱའོ་སྙམ་དུ་མི་སེམསོ།། སྲེད་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་བརླན་པར་བྱའོ་སྙམ་དུ་མི་སེམ་སོ།། མ་རིག ་བ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་ག། རབ་བོ་སྙམ་དུ་མི་སེམ་སོ།། ས་བོན་རྣམ་པར་ཤེས་པ།། ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད ་སྙམ་དུ་མི་སེམས་ཏེ། འོན་ཀྱང་ས་བོར་རྣམ་པར་ཤེས་པ་ལས་ཀྱི་ཞིང་ལ་རྟེན་པ། སྲིད་པའི་རླན་གྱིས་བརླན་པ། མ་རིག་པའི་ལུད་ཀྱིས་བྲན་པ་སྐྱེ་བ་ན་སྐྱེ་བའི་གནས་ཉིང་མཚམས་སྦྱོར ་བ་མའི་མངལ་དེ་དང་དེར། མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུང་སྟེ། མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་བདག་གིས་མ་བྱས། གཞན་གྱིས་མ་བྱས་གཉིས་ཀས་མ་བྱས། དབང ་དྲུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། རང་བཞིན་ལམ་བྱུང་། བྱེད་པ་ལ་རག་ལས་པ་མ་ཡིན། རྒྱུ་མེད་པ་ལས་ཀྱང་མ་སྐྱེས་ཏེ། འོན་ཀྱང་ཕ་དང་མ་ཕྲད་པ་དང་། དུས་དང་ལྡན་པ་དང་ཆེན ་གཞན་ཡང་ཚོགས་མ་བདག་པོ་མེད་པའི་ཆོས། བདག་གི་མེད་པ། འཛིན་པ་མེད་གན་མཁའ་དང་མཚུངས་པ། སྒྱུ་མའི་རང་བཞིན་གྱི་མཚན་ཉིད་དག་ལ་རྒྱུ་དང་རྐྱེན་མ་ཚང་བ་མེད ་བའི་ཕྱིར། སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་། མྱོང་བ་དང་ལྡན་པའི་ས་བོན་རྣམ་པར་ཤེས་པ་མེང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ།། འདི་ལྟ་སྟེ། མིག་གི་རྣམ་པར ་ཤེས་པ་ནི་རྒྱུ་ལྔས་འབྱུང་སྟེ། ལྔ་གང་ཞེ་ན། མིག་ལ་རྟེན་པ་དང་། གཟུགས་དང་སྣང་བ་དང་། ནམ་མཁའ་དང་། དེ་སྐྱེད་པའི་ཡིད་ལ་བྱེད་པ་ལ་ཡང་བརྟེན་ནས། མིག་གི་རྣམ་པར་ཤེས་པ་འབྱུང་།། དེ་ལ ་མིག་ནི་མིག་གི་རྣམ་པར་ཤེས་པའི་རྟེན་པའི་བྱ་བ་བྱེའོ།། གཟུགས་ནི་མག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱེ་དོ།། སྣང་བ་ནི་མངོན་པའི་བྱ་བ་བྱེད།། ནམཁའ་ནི་མི་སྒྲིབ་པའི་བྱ་བ་བྱེད ་དེ་སྐྱེང་བའི་ཡིད་ལ་བྱེད་པ་ནི་བསམ་པའི་བྱ་བ་བྱེད།། རྐྱེན་དེ་དག་མེད་ན། མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུརགྱི། ནམ་ནང་གི་སྐྱེ་མཆེད་མིག་མ་ཚང་བར་མ་གྱུར་ལ། དེ་བཞིན་དུ ་གཟུགས་དང་སྣང་བ་དང་། ན་མཁའ་དང་། དེ་སྐྱེད་པའི་ཡིད་ལ་བྱེད་པ་དག་ཀྱང་མ་ཚང་བར་མ་གྱུར་ཏེ། ཐམས་ཅད་འདུས་པ་དེ་ལས་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུརོ།། དེ་ལ་མིག་ནི་འདི་སྙམ་དུ་བདག ་གིས་མག་གི་རྣམ་པར་ཤེས་པའི་རྐྱེན་གྱི་བྱ་བ་བྱའོ་སྙམ་དུ་མི་སེམ་སོ།། གཟུགས་ཀྱང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱོའོ་སྙམ་དུ་མི་སེམ་སོ།། སྣང་བ་ཡང་འདི་སྙམ ་དུང་བདག་གིས་མིག་གི་རྣམ་པར་ཤེས་པའི་མངོན་པའི་བྱ་བ་བྱར་སྙམ་དུ་མི་སེམ་སོ།། ན་མཁའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་མག་གི་རྣམ་པར་ཤེས་པའི་མི་སྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས ་དེ་སྤྱད་པའི་ཡིད་ལ་བྱེད་པ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་བསམ་པའི་བྱ་བ་བྱའོ་སྙམ་དུ་མི་སེམ་སོ།། མིག་གི་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས ་བསྐྱོད། སྙམ་དུ་མི་སེམསོ།། འོན་ཀྱང་རྐྱེན་འདི་དག་ཡོད་པ་ལས། མིག་གི་རྣམ་པར་ཤེས་བསྐྱེ་བར་འགྱུར།། དེ་བཞིན་དུ་དབང་པོ་ལུག་མ་རྣམས་ཀྱང་ཅི་རིག་སུ་སྦྱར་རོ།། དེ་ལ་ཆོས་གང་ཡང་འཇིག ་རྟེན་འདི་ནས། འཇིག་རྟེན་ཕ་རོལ་ཏུ་མི་འཕོ་མོད་ཀྱི་རྒྱུ་དང་རྒྱན་མ་མ་ཚང་བ་མེད་པའི་ཕྱིར། ལས་ཀྱི་འབྲས་བུར་མངོན་ཡང་ཡོད།། འདི་ལྟ་སྟེ་དཔེར་ན། རབ་ཏུ་ཕྱིས་པོའི་མེ་ལོང་གི་དཀྱིལ་འཁོར་ལ ་བཞིན་གྱི་གཟུགས་བརྙན་སྣང་བ་ཡང་། བཞིན་མ་ལོང་གི་དཀྱིལ་འཁོར་དུ་མ་འཕོས་མེད་ཀྱི་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར། བཞིན་དུ་མངོན་པར་སྣང་བ་ཡང་ཡོད་དོ།། དེ་བཞིན་དུ་འདི་ནས ་ཀྱང་སུ་ཡང་ཤི་འཕོས་པ་མེད་ལ། གཞན་དུ་ཡང་མ་སུ་ས་ཏེ། རྒྱུ་དང་རྐྱེན་རྣམས་མ་ཆང་བ་མེད་པའི་ཕྱིར། ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ།། འདི་ལྟ་སྟེ་དཔེར་ན། ཟླ་བའི ་དཀྱིལ་འཁོར་ནི་དཔབ་ཚད་བཞི་ཁྲི་ཉིས་སྤོང་ནས་འགྲོ་སྟེ། འོན་ཀྱང་སྣོད་ཆུང་ངུ་ཆུས་གང་བར་ཟླ་བའི་དཀྱིལ་འཁོར་གྱི་གཟུ་གས་བརྙན་སྣང་བ་ཡང་ཟླ་བའི་དཀྱིལ་འཁོར་ནི་གནས་དེ་ནས་མ ་འཕོས་ཏེ། སྣོད་ཆུང་ངུ་ཆུས་གང་བའི་ནང་དུ་སོང་བ་ཡང་མེད་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་མངོན་པ་ཡང་ཡོད་དོ།། དེ་བཞིན་དུ་འདི་ནས་ཀྱང་སུ་ཡང་ཤི་འ ་བམང་ལ་བེ་འ་དུ་མོངམ་སུས་མང་ཀྱི་ཆུང་བྱན་རྣམས་མ་ཚང་བ་མང་པའི་ཕྱིབ་ལས་ཀྱི་འབྲས་དུ་མངན་པ་ཡང་ཡང་འདི་ས་སྟེ་བངས་མནི་བྱུང་ཙུན་ཆད་ན་མ་འབར་གྱི་རྫུ ་དང་རྒྱན་ཚགས་པ་ལས་འདབ། དེ་བཞིན་དུ་བདག་པོ་མང་པའི་ཆོས་བདག་གི་མེང་པ་འཛིན་པར་མེད་པ། ནམཛའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་པ ་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར། སྐྱེ་བའི་བནས་ཉིང་མཚམས་སྦྱོར་བ། མའི་མངལ་དེ་དང་དེར་ས་བོན་རྣམ་པར་ཤེས་པ། ལས་དང་ཉོན་མོངས་པ་རྣམས་ཀྱིས་བསྐྱེད་པ། མིང་དང་འཐུག ་ཀྱཻ་མྱུ་གུ་མངོན་པར་བསྒྲུབས་ཏེ། དེ་ལྟར་རང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟའོ།། དེ་ལ་ནང་ཡི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་ལྡར་བལྟ་སྟེ། ལྔ་གང་ཞེ་ན། རྟག་པར། ་མ་ཡིན་པ་དང་། ཆད་པ་མ་ཡིན་པ་དང་འཕོ་བར་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་བ་འབྱུང་བ་དང་། དེ་དང་འདྲ་བའི་རྒྱུད་དུའོ།། ཇི་ལྟར་རྟག་པར་མ་ཡིན་ཞེ་ན། གང་གི་ཕྱིར་ཐ་མའི་འཆི ་བའི་ཕུང་པོ་རྣམས་ཀྱང་གཞན་ལ། སྐྱེ་བའི་ཆར་གཏོགས་པའི་རྣམས་ཀྱང་གཞན་ཏེ། ཐ་མའི་འཆི་བའི་ཕུང་པོ་འང་ཡིན་པ། ཉིད། སྐྱེ་བའི་ཆར་གཏོགས་པ་རྣམས་མ་ཡིན་གྱི། ་མའི་འཆི་བའི་ཕུང་པོ་རྣམས་ཀྱང་འགག་ལ། སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་ཀྱང་འབྱུང་བས། དེའི་ཕྱིར་རྟག་པར་མ་ཡིནོ།། ཇི་ལྟར་ཆད་པར་མ་ཡིན་ཞེ་ན། ཐ་མའི་འཆི་བའི་ཕུང་པོ་རྣམས ་སྔོན་འགག་པ་ལ། སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་འབྱུང་བ་མ་ཡིན། མ་འགགས་པ་ལས་ཀྱང་མ་ཡིན་གྱི། ཐ་མའི་འཆི་བའི་ཕུང་པོ་རྣམས་ཀྱང་འགག་ལ། དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆ ་གཏོགས་པའི་ཕུང་པོ་རྣམས་སྲང་མངའི་མཐོན་དམན་བཞིན་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཆད་པར་མ་ཡིནོ།། ཇི་ལྟར་འཕོ་བར་མ་ཡིན་ཞེན། སེམས་ཅན་གྱི་རིག་མི་འདྲ་བ་ནས། སྐལ་བ་མཉམ། ་པའི་སྐྱེ་བར་སྐྱེ་བ་མང་བར་བསྒྲུབས་པ་དེའི་ཕྱིར་འཕོ་ངམ་ཡིན།། ཇི་ལྟར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་ཞེ་མ་ལས་ཆུང་ངུ་བྱས་པ་ལས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་པ་མྱོང་སྟེ། ་ཕྱི་ཆུ་ཆུང་ངུལས་འཕྲུལ་དུ་ཆེན་པ་མངན་པར་འགྲུབ་ས། ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱས་པ་ད་ལྟར་བྱུང་བར་འགྱུང་བའི་རྣམ་པར་སྨིན་པ་མྱོང་བས། དེའི་ཕྱིར་དེ་དང་འདྲ་བའི་རྒྱུ ་དུ་བཙུན་པ་ཤཱ་རིའི་བུ་རྟེན་ཅིང་འབྲལ་བར་འབྱུང་བ་དང་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གསུངས་པ་དེ། གང་ལ་ལ་ཞིག་གིས་ཡང་དག་པའི་ཤེས་རབ་ཀྱིས། དེ་ལྟར་ཡང་དག་པ ་ལྔ་བ་བཞིན་དུ། རྟག་པར་རྒྱུན་ཏུ་སྲོག་མེང་པ་དང་། སྲོག་དང་། བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས ་བ་དང་ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས་པ་མེད་པ་དང་། མི་འཕྲོགས་པ་དང་། མི་ཟད་པ་དང་། རྣམ་པར་ཞི་བའི་རང་བཞིན་དུ་མཐོང་བ་མེད་པ་དང་། ་གསོག་དང་། གསེབ་དང་། སྙིང་པོ་མེད་པ་དང་། ནང་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེསུ་མཐོང་བ ་དེ་ནི་ཅི་བདབ་འདས་པའི་དུས་ན་བྱུང་བ་ཞིབ་དམ། འོན་ཏེ་བདག་འདས་པའི་དུས་ནས་མ་བྱུང་བ་ཞིག། བདག་འདས་པའི་དུས་ན་ཅིར་གྱུར་པ་ཞིག། བདག་འདས་པའི་དུས་ན་ཇི་ལྟར་བུར་གྱུར་པ ་ཞིག་སྙམ་དུ་སྔོན་གྱི་མཐལ་ལ་མེ་ཏོག་གོ།། ཅི་མ་འོངས་པའི་དུས་ན་འབྱུང་ངོར་འགྱུར་རམི། ལེན་ཇེམ་འོངས་པའི་དུས་ན་འབྱུང་བར་མི་འགྱུར་མ་འོངས་པའི་དུས་ན་ཅིར་འགྱུར། མམས ་པའི་དུས་ན་ཇི་ལྟ་བུ་རིག་དུ་འགྱུར་སྙམ་དུ་ཕྱི་མའི་མཐའ་ལ་མི་རྟོག་གོ།། འདི་ཅི་ཞིག་འདི་ཇི་ལྟ་བུ་ཞིག། ཅི་ཞིག་ཡོད། ཅིང་འགྱུར། སེམས་ཅན་འདི་གང་ནས་འངས ་འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས། ང་ལྟར་བྱུང་བ་ལ་ཡང་མི་རྟོག་གོ།། འཇིག་རྟེན་ན་དགེ་སློང་དང་བྲམ་ཟེ་དག་གི་ལྟ་བར་སོང་བ་ཐ་དད་པ་གང་དག་ཡོད་འདི་ལྟ་སྟེ། བདག ་ཏུ་སྨྲ་བ་དང་ལྡན་པ་འམ། སྲོག་ཏུ་སྨྲ་བ་དང་ལྡན་པ་འམ། གང་ཟག་ཏུ་སྨྲ་བ་དང་ལྡན་པ་འམ། དགེ་མཚན་དང་བཀྲ་ཤི་སུ་སྨྲ་བ་དང་ལྡན་པ་དག་ཀྱང་རུང་སྟེ། ལྷག་པར་གཡོ་བ་དང་བྲལ ་བར་གཡོ་བ་དེ་དག་དེའི་ཆ་ངེས་སྤངས་པར་འབྲུ།། ར་ཏེ། ཡོངསུ་ཤེས་ནས་རྩེ་བ་ནས་བཅད་དེ། ཏ་ལའི་མགེ་བ་ནི་ན་མི་སྣང་བའི་རང་བཞིན་དུ། ཕྱིས་མི་སྐྱེ་མི་འགག་པའི་ཆོས ་ཅན་དུ་འགྱུར།། བཙུན་པ་ཤཱ་རིའི་བུ་གང་ལ་ལ་ཆོས་ཀྱི་བཟོད་པ་འདི་ལྟ་བུ་དང་ལྡན་ཏེ། རྔན་ཅིང་འབྲེལ་པར་འབྱུང་བ་ཡང་དག་པར་ཁོང་དུ་ཆུད་ན། དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞུགསུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྦྱར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱ་སུ་འགྱུ་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བྱམས་པས་དེ་སྐད་ཅེས་སྨྲས་ནས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཤད་པ་ལ་མངོན་པར་བསྡད་དོ།། ། འཕགས་པ་སཱ་ལུ་ལྡང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགསྷོ། རྒྱུ་ག ་