CLOSE WINDOW

L131: 'phags pa yul 'khor skyong gis zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

བས་བསྒྱུར་ཅིང་གཏན་ལ་ཕབ་པ། རྒྱ་བོར་སྐད་དུ། ཨཱརྱ་རཱཥྚ་པཱ་ལ་པ་རི་པྲིཙྪ་ན་མ་མ་ཧཱ་ཡཱ་ན་སཱ་ཏྲ། བོད་སྐད་དུ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས ་བྱ་བ་ཐོབ་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ ་མ་བྱ་རྒོད་ཀྱི་ཕུང་པོའི་རིལ། དགེ་སློང་སྟོང་ཉིད་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བ་ཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར ་སྐྱོང་སྟན་ལས་ལངས་ཏེ། བླ་གེས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མེ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ ་ལྡན་འདས་ག་ལ་བ་དེར་ལོག་སུ་ཐལ་མོ་སྦྱར་བ་བཏུང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟན་པ་འདི་ནུབ་པར ་བགྱིད་པའི་སེམས་ཅན་གང་ལགས་པ་དེ་དག་ཇི་ལྟ་བུ་དག་ཅིག་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས ་བཀའ་སྩལ་ཏོ།། ཡུལ་འཁོར་སྐྱོང་གནས་འདི་གཉིས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། གཉིས་དང་ཞེ་ན། དགེ་སློང་གི་གནས་དང་། ལྷོད་པའི་གནསོ།། དེ་ལ་དགེ་སློང ་གི་གནས་ནི་ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་གང་ཡིན་པའོ།། ལྷོང་པའི་གནས་ནི་ཚུལ་ཁྲིམས་འཆལ་པའི་ཕྱོགས་གང་ཡིན་པའོ།། ཡུལ་འཁོར་སྐྱོསྤྱོང་དེ་ལ་ཡོངསུ་མྱ་ངན་ལས་འདར། ་བར་འདོད་པའི་དགེ་སློང་གིས་ནི་གནས་འདི་གཉིས་ལ་བསླབ་པར་བྱའོ།། གཉིས་གང་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོས་ཀྱང་ཤིན་ཏུ་བསྲུངས་པར་བྱ་བ་དང་། བདག་ཉིད་ལ་ངེས་པར ་བསམ་པར་བྱའི་ཕ་རོལ་ལ་ངེས་པར་བསམ་པར་མི་བྱའོ།། དེ་ལ་ཇི་ལྟར་བདག་ཉིད་ལ་ངེས་པར་བསམ་པར་བྱའི།། ཕ་རོལ་ལ་ངེས་པར་བསམ་པར་མི་བྱ་ཞེ་ན། དེས་འདི་ལྟར་བརྟག་པར་བྱ། ་ཏེ། ཅི་བདག་རང་གི་སྡུག་བསྔལ་གྱི་ཕུང་པོ་ཟད་པར་བྱེད་འདོང་བ་ཡིན་ནམ། འོན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད ་བ་ཡིན་སྙམ་དུ་བརྟག་པར་བྱའོ།། གལ་ཏེ་ཉན་ཐོས་ཀྱིས། ག་བས་ཡོངསུ་མྱ་ངན་ལས་འདའ་བར་འདོད་པ་ཞིག་ཡིན་ན་ནི། དེས་ཉན་ཐོས་ཀྱི་བསྲབ་པ་ཁོ་ན་ལ་བསླབ་པར ་བྱ་སྟེ། སོ་སོར་ཐར་པའི་སྡོམ་པས་བསྡམ་པར་བྱའོ།། ཆོ་ག་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པར་བྱའོ།། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བས་ཡང་དག ་བར་བླངས་ཏེ་བསླབ་པར་བྱའོ།། བསླབ་པའི་གཞི་རྣམས་ལ་ཡང་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོང་སུ་དག་པར་བྱའོ།། འཚོ་བ་ཡོང་སུ་དག་པ་དང་། སྨད་དུ་མེད ་བར་ཡང་བྱའོ།། བརྐམ་པ་མེད་ཅིང་རོ་རྣམས་ལ་འཆུམས་པ་མེད་པ་དང་། ཆོས་གོས་ལ་ཚོད་ཟིན་པར་ཡང་བྱའོ།། ལྷུང་བཟེད་ལ་ཚད་ཟིན་པར་ཡང་བྱའོ།། དེས་ཁ་ཟས་ཡོག་དྲིད་ཀྱིས ་བཟའ་བར་ཡང་མི་བྱ་སྟེ། ལྟོ་མ་བཀྲེས་པ་ཙམ་དུ་ཁ་ཟས་བསྙུང་བར་དེས་བསླབ་པར་བྱའོ།། དེས་ཁ་ཟས་ལ་རྟག་ཏུ་རྒྱུན་མི་འཆད་པར་མི་གཙང་བའི་འདུ་ཤེས ་བསྐྱེད་པར་བྱའོ།། འདི་ལྟ་སྟེ། ཕྱི་ས་དང་། གཅིན་གྱི་འདུ་ཤེས་དང་། རྣག་གི་འདུ་ཤི་ས་དང་། སྐྱུགས་པའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་། རྨ་བསྐུ་བ་ལྟ་བུའི ་འདུ་ཤེས་དང་། སྨད་པའི་འདུ་ཤེས་དང་། མི་མཐུན་པའི་འདུ་ཤེས་དང་། བུའི་ཤ་ལྟ་བུའི་འདུ་ཤེས་དང་། དོར་བའི་འདུ་ཤེས་དང་། སྤང་བའི་འདུ་ཤེས་དང་། དྲི་མི་ཞིམ་པའི ་འདུ་ཤེས་བསྐྱེད་པར་བྱ་ཏེ། དེས་དེ་ལྟ་བུའི་ཚུལ་དུ་བཟའ་ཞིང་ཚོད་རིག་པར་བྱའོ།། དེས་ཆགས་པ་མེད་པ་དང་། སྡང་བ་མེད་པ་དང་། རྨོངས་པ་མེད་པ་དང་། རྟག་ཏུ་དབེན་པ་ལ ་མངོན་པར་དགའ་བར་བྱ་སྟེ། བྲེ་མོའི་གཏམ་ལ་མངོན་པར་དགའ་བར་མི་བྱའོ།། རི་དགས་འཆི་བ་ལྟ་བུར་དེ། སྟེང་དུ་བླང་བར་བྱའོ།། དབེན་པར་བྱའོ།། དབེན་པ་ལ་མངོན ་བར་དགའ་བར་བྱའོ།། དབེན་པ་ལ་མངོན་པར་དགའ་ཞིང་མོས་པ་དང་། བཟོད་པ་དང་ལྡན་པར་བྱའོ།། ངེས་པ་དང་འགྲོགས་ན་བདེ་བར་བྱའོ།། འཇིག་རྟེན་གྱི་གཏམ་ལ་མི་བརྟེན་པར ་བྱའོ།། ཉོ་ཚོང་སྤྱོད་པ་སྤང་བར་བྱའོ།། སྨན་དཔྱད་ལ་དགའ་བ་དང་། ཕྲིན་པ་ལས་དགའ་བ་དང་། ཁྱིམ་གྱི་བྱ་བ་དང་འབྲེལ་བར་མི་བྱའོ།། འདུག་པ་དང་། འགྲེང་བ་དང་། འཆག་པ ་དང་། ཉལ་བ་ལ་མཁས་པར་བྱའོ།། རབ་ཏུ་དབེན་པ་དང་ཕྲེང་ཆད་ནང་དུ་ཡང་དག་འཇོག་དང་འཚམ་པ་བསྟེན་པར་བྱའོ།། བདག་བསྟོད་པར་ཡང་མི་བྱ། གཞན་སྨད་པར་ཡང་མི ་བྷའོ།། ཚུལ་འཆོས་པ་དང་། ཁ་གཅག་མི་བྱའོ།། རྟག་ཏུ་རྒྱུན་མི་འཆད་པར་སྐྱོ་བའི་སེམས་བསྐྱེད་པར་བྱའོ།། དེས་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྣམས་དང་། འདྲ་ཞིང་འདྲིས་པ ་མི་བྱའོ།། སྟོང་པའི་ཆོས་རྣམས་ཀུན་ཏུ་བསྟེན་པར་བྱ། བསྒོམ་པར་བྱ། མང་དུ་བྱའོ།། དེས་རིགས་པ་དང་མི་ལྡན་པའི་དགེ་སློང་དང་ལྷན་ཅིག་ཕྲད་པ་སྤང་བར་བྱའོ།། དགེ་སློང་མ ་དང་འདྲིས་པར་མི་བྱའོ།། འདོད་པ་ཆུང་བར་ཡང་བྱའོ།། རྟག་ཏུ་བདག་ཉིད་ཀྱི་འཁྲུལ་པ་རྣམས་ལ་སོ་སོར་བརྟག་པར་བྱའོ།། གཞན་གྱི་འཁྲུལ་པ་རྣམས་ལ་བརྟག་པར་མི ་བྱའོ། ཕ་མ་ལ་ཡང་ཡིད་བརྟན་པར་མི་བྱ་མ། རིགས་གཞན་ལྟ་ལ་ཅི་སྨོས། ཤིན་ཏུ་ཡང་དག་པར་བསྡམསྲ་པ་ཅན་དུ་བྱའོ།། ཉེ་བར་ཞི་བའི་ཆོས་ཀྱི་སྦྱིན་བདག་བྱའོ། ་དམིགས་པ་ལ་མཁས་པར་བྱའོ།། དབེན་པའི་གནས་མལ་དུ་གནས་པར་བྱའོ།། མཐུན་པ་ཡང་གཞན་དག། ལ་སྨྲ་བར་མི་བྱ་ན། མི་མཐུན་པ་ལྟ་ཅི་སྨོས། དེས་ཆོས ་དེ་དག་ལ་སེམས་ཉེ་བར་གནས་པར་བྱས་ནས། ཆོས་ཟབ་མོ་རྣམས་ལ་སོ་སོར་བརྟག་པར་བྱའོ།། ཆོས་ཟབ་མོ་རྣམས་ལ་བརྟག་པར་བྱ་བ་དེ་དག་ཀྱང་གང་ཞེ་ན། མིག་མི་རྟག ་གོ་སྙམ་དུ་སོ་སོར་བརྟག་པར་བྱའོ།། དེའི་སྐྱེ་བ་དང་འཇིག་པ་ལ་ཡང་སོ་སོར་བརྟག་པར་བྱའོ།། དེ་ལ་སྐྱེ་བ་དང་། འཇིག་པ་ལ་སོ་སོར་བརྟག་པ་གང་ཡིན་པ་དེ་ནི་མེད་པ་ལ ་སོར་རྟོག་པའོ།། དེ་ཅིའི་ཕྱིར་ཞེ་ན། མིག་ཅེས་བྱ་བ་ནི་མེད་པའི་ཕྱིར།། མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་ནི་དམིགས་པ་མ་ཡིན་གྱི། མེད་པ་དམིགས་པ་ཡིན་ན ་དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་དམིགས་པ་མེད་པའི་ཕྱིར་རོ།། དེས་རྣ་བའི་རྟེན་བསམ་པར་མི་བྱའོ།། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྟེན་བསམ་པར ་མི་བྱའོ།། ཅི་ཡང་རུང་བའི་རྟེན་བསམ་པར་མི་བྱའོ།། དེ་ལྟར་བྱས་ན་ཅི་ཞིགས་བསམ་པ་ཡིན། དེ་བཞིན་དུ་ཆོས་རྣམས་སྟོང་པར་ཡང་བརྩན་པར་བྱའོ།། དེ་ལྟར་བརྩོན་པ་དེ་ནི ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོང་སུ་དག་པར་བྱེད་ངོ་།། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་ཡོངསུ་དག་པར་བྱེད་དོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོས་པར་འགྱུརརོ།། ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་ཏེ། དེ་ལྟ་བུའི་འདུ་འཛི་མེད་པ་ནི་དང་པོའི་ཉན་ཐོས་ཀྱི་ས ་ཡིན་ཏེ། དེ་དག་གིས་ཟག་པ་ཟད་པ་འཐོབ་པར་འགྱུརརོ།། དེ་ལ་དགེ་སྦྱོང་ལྟར་བཅོས་པ་གང་ཞེ་ན། ཡུལ་འཁོར་སྐྱོ་འི། ངན་དགེ་སྦྱོང་བདག་ཉིད་ལ་ངའོ་སྙམ་དུ་འཛིན་ཏེ། ་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངསུ་མ་རྫོགས་པ་དང་ལྡན་པ་ཡིན། ཆོས་གོས་གཅེས་པར་འཛིན་པ་ཡིན། ལྷུང་བཟོད་གཅེས་པར་འཛིན་པ་ཡིན། ཟང་ཟིང་གཅེས་པར་འཛིན་པ ་ཡིན།། དེ་ནི་མི་སྨྲ་བ་སྤངས་ནས་ངན་སོང་དུ་འགྱུར་བའི་མལ་ཆ་དང་། སྟན་དང་འགྲོན་དུ་གཉེར་བ་ཆེན་པོ་རྣམས་བདག་གིར་བྱེད། བུད་མེད་དང་འདྲིས་པར་བྱེད། དགེ་སློང་མ་དང ་འདྲིས་པར་བྱེད། རྒྱལ་པོས་བཀྲབས་པ་དང་འདྲེས་པར་བྱེད། དེ་འདྲིས་པར་གྱུར་ནས་རྒྱན་མི་འཆད་པར་མིག་གིས་གཟུགས་རྣམས་ལ་ངེས་པར་སེམས་སོ།། དེས་དེ་ལྟར་སེམས ་བསྐྱེད་ནས་ཀུན་ནས་ཉོན་མོངས་པར་འགྱུར་རོ།། ཀུན་ནས་ཉོན་མོངས་པའི་སེམས་དང་ལྡན་ན་གནས་འདི་ལྟ་བུ་ཡོད་དོ།། ཉེས་པ་ལྕི་བདེ་བྱེད་པ་འམ། ཡང་ན་ཆུང་ངུ་བྱེད་ཅིང་འདུག་པ ་འགྱུར་ཏེ། ཡུལ་འཁོར་སྐྱོང་འདི་ནི་དགེ་སྦྱོང་ལྟར་བཅོས་པ་ཡིན་ནོ།། ཡུལ་འཁོར་སྐྱོང་ཅིའི་ཕྱིར་དགེ་སྦྱོང་ལྟར་བཅོས་པ་ཞེས་བྱ་ཞེ་ན། དགེ་སྦྱོང་ལྟར་བཅོས་པ་དེ་བཞིན ་གཤེགས་པས་མལ་ཆ་དང་། སྟན་གནང་བ་ཐ་མལ་པ་གང་ལ་དགེ་སྦྱོང་གནས་པའི་མལ་ཆ་དང་། སྟན་གང་ཡིན་པ་མི་བླུན་པོ་དེས་སྤངས་ནས་ཆོས་གོས་ལ་ཞེན་ཅིང་། ཟང་ཟིང་ལ ་ཞེན་ནས་བུད་མེད་དང་འདྲིས་པར་བྱེད་ཅིང་། ཁྱིམ་པ་དང་། འདྲིས་པར་བྱེད་ན། འདྲིས་པར་གྱུར་པའི་མི་བླུན་པོ་དེ་ལ་དགེ། སྦྱོང་གི་ཚུལ་ལྟ་ག་ལ་ཡོད་དེ། དེའི་སྟེང་དུ་ཆོས ་ཟབ་མོ་རྣམས་ལ་ཡང་སུན་འབྱིན་ཅིང་གཤེ་བར་བྱེདལ། དེས་ཐོ་སུ་ཟིན་ཀྱང་བསྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ།། དགོན་པའི་བསྔགས་པ་མ་ཡིན་པ་བརྗོད ་པར་ཡང་བྱེད་དེ། གང་ལ་དེའི་སེམས་མངོན་པར་དགའ་བའི་འདོད་པ་རྣམས་འབའ་ཤིག་གི་བསྔགས་པ་བརྗོད་པར་བྱེད་ཅིང་། གང་ལ་དེའི་སེམས་མངོན་པར་དགའ་བའི་བྲེ་མོ ་གཏམ་འབའ་ཤིག་གི་བསྔགས་པ་བརྗོད་པར་བྱེད་ལ། དགེ་སློང་གི་གནས་གང་ཡང་རུང་བ་དེ་དག་གི་བསྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ།། གང་ལས་དེ་བཞིན་གཤེགས ་བས་མདོའི་ཚིག་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་འདུ་འཛིར་མི་འགྱུར་བར་བྱའོ།། ཞེས་གསུངས་པའི་མདོའི་ཚིག་དེ་བོར་ནས། དགེ་སློང་གི་ཚུལ་མི་འདོད་ཅིང་དགེ ་སྦྱོང་གི་དངོས་པོ་མི་འདོད་ཅིང་། གཅིག་པུ་འདུག་ཅིང་བུད་མེད་ལ་ཆོས་འཆད་པར་བྱེད་ལ། གཞན་དག་ལ་ཡང་དེ་ལྟ་བུའི་གཞི་རྣམསུ་ལུང་འབོག་པར་བྱེད། ་དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཆོམ་རྐུན་པོར་གསུངས་ཏེ། སོ་སོར་ཐར་པ་སྤངས་ནས། གཅིག་ཏུ་འདུག་ཅིང་བུད་མེད་ལ་ཆོས་འཆད་པའི་ཕྱིར་རོ།། ་མི་བླུན་པོ་དེ་དག་ནི་བཅོས་མ་སྟེ། མགོ་དྲེགས་པས་བཅོས་པ་དང་། གོས་ངུར་སྨྲིག་གྱོན་པས་བཅོས་པའོ།། རྒྱུ་གང་གིས་བཅོས་པ་ཡིན་པར་ཤེས་པར་བྱ་ཞེ་ན། སངས་རྒྱས ་བཅོམ་ལྡན་འདས་རྣམས་ཀྱིས་སྨང་པ་གང་ཡིན་བ་དེ་དེ་མི་བླུན་པོ་དེ་དག་གིས་གནང་བར་བྱེད་དེ། ལོ་ཉི་ཤུ་མ་ལོན་པར་རྫོགས་པར་བསྙེན་པར་བྱེད་རང་གི་ལག་གིས་ལ ་པར་བྱེད། མ་བརྟགས་པ་ལ་ལོངས་སྤྱོད་པར་བྱེད། རང་ཉིད་གཡོས་དང་འཆད་པའི་ལས་བྱེད། གསེར་དང་དངུལ་བདག་གིར་བྱེད། ཁྲེ་རྒོད་དང་འབྲུ་སོགས་པར་བྱེད ་ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་བཞིའི་ཚང་བྱེད་ཅིང་། ཚལ་ཟིའི་འཚོ་སྦྱོར་བར་བྱེད། ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི ་ལེན་པར་བྱེད་ལས་ཀྱི་རྣམ་པར་སྨིན་པ་ལ་ཡང་ཡིད་མི་ཆེས་ཤིང་སོ་སོར་ཐར་པ་ལམ་དང་ནས། དེ་ལ་གཞོལ་དེ་ལ་འབག་དེ་ལ་བབ་དེ་དབེན་པར་འཛིན། དེར་སྤྱོད་ལམ་བྱེད། དགེ ་དུ་འདྲ་བར་འཛིན་ཅིང་། གང་ན་སྐྱེ་བོ་མང་པོ་ཡོད་པ་དེར་གཅེར་བུ་བ་དང་མཚུངས་པར་སྟོན་པར་བྱེད། གང་ཟག་དུ་ལྟ་བ་བསྔགས་པར་བྱེ་བ་གང་ཟག་ཏུ་ལྟ་བ་དང་། གཅེར་བུ་བ་དང ་མཚུངས་པར་སྟོན་པས་སྐྱེ་བོ་མང་པོ་འཛུད་པར་བྱེད་ཅིང་འབོད་པར་བྱེད། སངས་རྒྱས་སྤྱོད་ཡུལ་དེ་བཞིན་གཤེགས་པའི་གནས་པ་སྟོང་པ་ཉིད་ལ་དམིགས་ན་སུན་འབྱིན་པར་བྱེད ་གཤེ་བར་བྱེད་པར་ཤེས་པར་བྱའོ།། ཡུལ་འཁོར་སྐྱོང་དེ་ལྟ་བུའི་སེམས་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཁྱིམ་པ་ཡང་མ་ཡིན། དགེ་སྦྱོང་ཡང་མ་ཡིན་ཏེ། དེ་དག ་དེ་དག་གིས་ནི་དེ་བཞིན་གཤེགས་པའི་བསྟན་པ་འདི་ནུབ་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིག་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། དགེ་སློང་ཚུལ་ཁྲིམ ་རྣམས་ལ་གདམས། ཞི་ཞིང་ཞི་བའི་གནས་ལ་དགའ།། སོ་སོར་ཐར་ལ་སློངབ་བྱེད་པ། དེ་དག་དགེ་སློང་བྲམ་ཟེ་ཡིན། ཆོས་རྣམས་གཙོ་བ་བླངས་ནས་ནི།། ཅི་ཡང་མེད་པའི་དགེ ་སློང་བ།། བས་མཐའ་དགོན་པ་རྣམསུ་དགའ།། དེ་དག་དགེ་སློང་བྲམ་ཟེ་ཡིན།། དེ་དག་བྲེ་མོ་གཏམ་མི་དགའ། སོ་སོར་ཐར་རྣམས་ལེགས་པར་བསླབས།། གང་ཟག ་མཆོག་ལ་ཉིན་མཚན་དུ།། བཀུར་བསྟེ་ཆེན་པོ་བྱེད་པ་ཡིན།། ཞིང་ཡང་མི་རྨེད་ཚོང་མི་བྱེད།། ལྷུང་གཟེད་ཆོས་གོས་རྙེད་མི་ཚོལ།། ལེན་པ་མེད་པར་བརྩོན་པ་གང་།། དེ་དག་ས་ངྱས ་ཉན་ཐོས་ཡིན།། དེ་དག་བུད་མེད་བསྟེན་མི་བྱེད།། བུད་མེད་རྣམས་དང་འདུ་བ་མེད།། ཤིང་དྲུང་རྣམས་ནི་བསྔགས་པར་བྱེད།། དེ་དག་སངས་རྒྱས་ཉན་ཐོས་ཡིན།། ཟས་དང་སྐོམ་དང་། ་དོན་གྱི་ཕྱིར།། གཙམ་སག་དག་ཀྱང་ཡོད་མི་བྱེད།། དེ་འདྲར་གྱུར་པ་དེ་དག་ནི།། དེ་དགེ་སློང་མ་ལ་བསྟེན་མི་བྱེད།། མཚོན་རྣོན་ཇི་ལྟར་བདར་བ་བཞིན།། བུད་མེད་རྣམས་ནི་དེ་འདྲར ་ཤེས་སོ་སོར་ཐར་ལས་འབྱུང་བ་བཞིན།། བུད་མེད་འདུ་ཤེས་སྤོང་བར་བྱེད།། ངེས་པ་དེ་དག་ཟས་ཕྱིར་དང་།། སྐོམ་གྱི་ཕྱིར་དང་གོས་ཀྱི་ཕྱིར།། ཁྱིམ་ཁྱིམ་ངག་ཏུ་འགྲོ། ་བྱེད་ཅིང་།། ཆོས་རྣམས་སྟོན་པར་མི་བྱེད་དོ།། དགེ་སློང་རྣམས་ཀྱི་བུད་མེད་རྣམས།། བལྟ་བར་མི་བྱ་རྫོགས་སངས་གསུངས།། དེ་ལ་ཤེས་ལྡན་སུ་ཞིག་རྟོམ།། དེ་ནི་བདུད་ཀྱི་སྤྱོད་ཡུལ ་ཡིན།། དེ་དག་གིས་ནི་མེང་བ་སྨྲས།། རོ་དང་འལ་བ་བཞིན་དུའལ།། དེ་ཕྱིར་སངས་རྒྱས་ཐམས་ཅད་མཁྱེར།། འདུ་འཛི་བསྔགས་པར་མི་མཛད་དོ།། ཆོས་རྣམས་སྲོག་མེ་གསོ་བ་མེང ་གསོབ་དང་གསོག་དང་སྙིང་པོ་མེད།། སྟོང་པ་ཉིད་ལ་མོས་བྱེད་པ།། དེ་ནི་དགེ་སློང་ཆོས་ཉིད་དོ།། རྟག་ཏུ་བརྩོན་འགྲུས་ཕུན་སུམ་ཚོགས།། གཅིག་པུ་དགོན་པ་གནས་བྱེད་དང་།། འཇིག ་ཆེ་ན་ནི་རྟེན་མང་སེམས།། དེ་ནི་དགེ་སློང་ཆོས་ཉིདང་ངོ་།། སོང་གེ་བཞིན་དུ་འཇིགས་པ་མེང་།། ཚངས་པར་སྤྱོད་ལ་གཞོལ་དང་། བྱེད། སྡུག་བསྔལ་ཀུན་ལས་ཐར་བྱའི་ཕྱིར།། ་ཤེས་རབ་ལྡན་པས་ལམ་ལ་སྐེམ།། མིག་དང་གཟུགས་ནི་ཚོལ་བ་ན།། དེ་ངག་གིས་ནི་རྣམ་ཤེས་རྙེ་པ། དངོས་པོ་དེ་ཡང་ཚོལ་བ་ན།། བཙལ་བ་གང་ཡིན་མི་རྙེད་།། སྔོན་ཡང་མ་བྱུང ་ཕྱིས་མི་འབྱུང་།། དབུས་ནའང་ཡོད་བ་མ་ཡིན་ཏེ།། དེ་ལྟ་བུ་ཡི་དོན་གྱིས་མ།། ཆོས་ཀུར་མེའམ་པ་ཉིད་ཀྱི་ཕྱིར།། ངེས་པ་དེ་དག་ཟས་ཕྱིར་དང་།། སྐོམ་གྱི་ཕྱིར་དང་པོས་ཀྱི་ཕྱིར།། ཁྱིམ ་ཁྱིམ་དག་དུ་འགྲོ་བྱེད་ཅིང་།། ཆོས་རྣམས་སྟོན་པར་མི་བྱེ་།། རྒྱུ་མེད་ངེས་པ་བཟང་པོ་ཡིན།། དེ་དག་སངས་རྒྱས་བསླབ་པ་རྣམས།། འདའ་ཞིང་འཇིགས་པར་མི་བྱེད་དེ།། བརྟུལ་བཟང ་སྟོང་ཉིད་སྐྲག་པ་བྱེད།། འཇིག་པ་མེང་པར་འཇུག་པར་བྱེད།། ལྟ་བ་མི་བཟང་འཇིག་མི་བྱེད།། སེམས་ཅན་གང་ཟག་དངོས་མི་འཇིག། དཀར་པོའི་ཆོས་རྣམས་ཐམས་ཅད་ལ།། ཤིན་ཏུ ་བརྟན་པར་གནས་པ་ཡིན།། བརྟན་པོ་དེ་དག་འཇིག་རྟེན་ན།། མྱ་ངན་འདའ་བར་རེབ་གྱུར་ནས།། མཆོད་པའི་གན་སུ་འོས་པར་འགྱུར།། བདྨ་དག་ཤེས་རབ་འཆལ་པ་དང་།། ལེ་ལ ་ཅན་དང་དམན་ལ་བརྩོན།། ཐོས་པ་ཉུང་དང་སྡིག་པར་འདོད་། ང་རྒྱལ་ཐབ་ཁྲོ་འབྱུང་གནས། མགོ་ལ་སྤུ་གྲི་སྟེར་བྱེད་ཅིང་།། ཤིང་གི་ཁ་བསྒྱུར་ཆོས་གོས་གྱོད།། སྟོང་པ་ཉིད ་ནི་དོན་མེད་པ།། དེ་ནི་མཁས་པ་བསྒོམ་མི་བྱང་།། ཆོས་ལ་སུམ་འབྱིར་ཐེབ་ཆེན་གྱི། བསྔགས་པ་མ་ཡིན་རྗོད་པར་བྱེད།། གང་ཞིག་ཆོས་འདི་བསྟན་པ་རྣམས།། ཇི་ལྟ ་བསྟན་པ་དེ་བཞིན་དུ།། ནག་པོའི་ཕྱོགས་ལ་ཀུན་ཏུ་ཆགས།། ། དེ་ནི་ངམ་འགྲོར་འགྲེ་བར་འགྱུར།། བཅོམ་ལྡན་འདས་ཀྱི་ས་དེ་སྐད་ཅེས་བཀའ་སྩལ་ནས།། ཚེ་དང ་ལྡན་པ་ཡུལ་འཁོར་སྐྱོང་དང་། དགེ་སློང་དེ་དག་དང་། ལྔ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས ་པ་ལ་མངོན་པར་ང་སྟོང་ངོ་།། ། འཕབས་པ་ཡུལ་འཁོར་སྲོང་བིས་ཞེས་པ་ཞེས་བྱ་བ་ཐེག་པ ་ཆེན་པོའི་མདོ་རྫོབ་སྷོ།། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་ལ་སོགས་པ་དང་། ཞུ་ཚོམ་གྱི་ལོ་ཙྪང་ངམ་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་གཏན་ལ་ཕང་པ ་རྒྱ་གར་སྲད་དུ། ཨཱརྱ་ལོ་ཀ་ནུ་བརྟན་ན་མ་མ་ཧཱ་ཡཱ་ན་སཱཏྲ། དོད་སྐད་དུ། འཕགས་པ་འཇིག་རྟེན་གྱི་རྗེ་སུ་མཐུན་པར་འཇུག་པ་ཞེས་བྱང་ཐེག་པ་ཆེན་པོའི་མདོ། དུས ་