CLOSE WINDOW

L123: 'phags pa yongs su mya ngan las 'das pa chen po'i mdo
Wyliee-texts produced with BDRC’s OCR application

ཤུ་ལོ་ག་བརྒྱ།། ། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱུ་པ་རི་ནི་རྦཱ་ཎ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི ་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས། ཅད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ། བཽ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར། ་སྐུ་ཤི་ན། ཆུ་ཀླུང་གསེར་ལྡན་གྱི་འགྲམ་གྱད་ཀྱི་ཉེ་འཁོར་ཤིངས་ལ་ཟུང་གོ་ཚལ་ན་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་དགེ་སློང་བྱེ་བ་འབུམ་ཕྲག་བརྒྱད་ཅུས།། བསྐོར་ཅིང ་མདུན་གྱིས་བལྟས་ཏེ། དཔྱིད་ཟླ་ཐ་ཆུངས་ཉའི་ནང་པར་ཡོངསུ་མྱ་ངན་ལས་འདས་པའི་དུས་དང་ཉེ་བར་གྱུར་པ་ན། སེམས་ཅན་ཐམས་ཅད་ཀྱི་རང་རང་གི་ཡུལ་གྱི་སྐད་དུ། ཤིན ་ཏུ་ཟུར་ཕྱིན་པར་བརྡའ་སྤྲོད་པའི་ཚིག་རྣམས་ཀྱིས་སྲིད་པའི་རྩེ་མོ་མན་ཅད་གོ་བར་མཛད་དེ།། དེང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བ་ཅན། འཇིག་རྟེན་ཐམས་ཅད་སྐྱེབ་པ། སེམས་ཅན་ཐམས་ཅད་ལ་སྒྲ་ཅན་ཟིན་དང་འདྲ་བར་གཟིགས་པ། སྐྱབས ་ཆེན་པོའི་གནས་དང་གཞི་པོར་གྱུར་པ། ཐུབ་པ་ཆེན་པོ་ཡེངསུ་མྱ་ངན་ལས་འདའ་བར་འགྱུརོ།། ཞེས་བཀའ་སྩལ་ཏོ།། སེམས་ཅན་ཐམས་ཅད་ཀྱི་ནུབ་ལུང་བསྟན་པ་ཐ་མ་ལ། དེ ་ལྟ་བུའི་གསུང་རྣམས་བྱུང་བར་གྱུར་ཏོ།། གཞན་ཡང་དེའི་ཚེ། བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས། འོད་ཟེར་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ ་དང་། ཤེལ་གྱི་ཁ་དོག་དང་། རྡོའི་སྙིང་པོའི་ཁ་དོག་ལྟ་བུ་དག་ཐུང་སྟེ། འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་བཅུའི་སངས ་རྒྱས་ཀྱིས་ཞིང་ཐམས་ཅད་དུ་སེམས་ཅན་དམྱལ་བ་དང་། དུད་འ་གྲོ་དང་། ཡི་དྭགས་དང་། གཤིན་རྗེའི་འཇིག་རྟེན་གྱི་སེམ་ས་ཅན་དེ་དག་ལ་ཕོག་ནས། དེའི་མདོ་ལ ་ཉེན་མོངས་པའི་མུན་པ་ཐམས་ཅད་དང་བྲལ་ཏེ། ཉེས་སྡིག་ཐམས་ཅད་ཀྱི་རྒྱུན་འཆད་པར་གྱུར་ཏོ།། དེ་ནས་མྱ་ངན་ཆེན་པོས་ནོན་ཏེ། ཚིག་མཐུན་པར་ཀྱེ་མ་ཁེབ་སོ།། ཁེབ་སོ་ཞེས་ཀྱང་མཛར ་ཏོ།། ཀྱི་ཧུད་ཀྱི་ཧུད་ཅེས་ཀྱང་སྐད་ཆེར་འབོད་ཅིང་། ལག་པ་བརྐྱང་བས་ཀྱང་མགོ་ལ་རྡེབ་པར་བྱེད་དེ། འདར་ཞིང་ཤིན་ཏུ་ངུའོ།། དེའི་ཚེ་ས་ཆེན་པོ་ནགས་ཚལ་དང་བཅས། རི་དང་བཅས་པ། ་རྒྱ་མཚོའི་མཐས་གཏུགས་པ་ཡང་རབ་ཏུ་གཡོས་ཏེ། སེམས་ཅན་དེ་དག་ཀྱང་གཅིག་ལ་གཅིག་འཛིན་ཅིང་། འདི་སྐད་དུ། གྲོགས་པོ་དག་རིངས། གྲོགས་པོ་དག་རིངས། གྱང་ཡུལ ་གྱི་གྲོང་ཁྱེར་ཀུ་ཤིར་འདོང་ངོ་།། དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ། ཡོངསུ་མྱ་ངན་ལས་འདའ་བར་གཤེགས་པ་ལས་བཟློག་ལ། བསྒྲིམ་མི་དགོས་པར་བསྐལ་པ་འམ། ་བསྐལ་པ་ལས་ལྷག་པར་ཡང་བཞུགས་པར་གསོལ་བ་གདབ་བོ་ཞེས་འཛིར་ཏོ།། གཅིག་ལ་གཅིག་འཇུས་ནས་འདི་སྐད་དུ་ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ།། ཀྱེ་མ་འཇིག་རྟེན་སྟོངས་པར ་འགྱུར་རོ།། ཀྱེ་མ་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཟད་དོ།། ལས་མི་བཟད་བ་ནི་བྱུང་ངོ་།། ཚེ་དང་ལྡན་པ་དག་མྱུར་ཅིག། ཚེ་དང་ལྡན་པ་དག་མྱུར་ཅིག། དེ་བཞིན ་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེང་གྱི་ཡུད་ཙམ་འདི་ལ་ཡོངསུ་མྱ་ངན་ལས་འདའ་བར་འགྱུར་རོ།། ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ།། ་ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ།། དེ་བཞིན་གཤེགས་པ་མི་བ་ཞུགས་ན། བདག་ཅག་མགོན་མེད་པ་དང་། རྩ་ལག་མེད་པ་ང། ཕོངས་པར་ཇི་ལྟར་མི་འགྱུར་ཞིང་། བདག ་ཅག་གི་ཐེ་ཙོམ་དང་། སོམ་ཉི་ཙེ་དང་ཅི་ཡོད་པ་དེ་དང་དེ་དག་ཞུ་བར་བྱའོ་ཞེས་ཀྱང་མཛེར་ཏོ།། ཉན་ཐོས་ཆེན་པོ་འདི་དག་ཀྱང་དེ་ན་འཁོད་དེ། འདི་ལྟ་སྟེ། གནས་བརྟན་ཀ་ཏྱ་ཡ་ན་ཆེན་པོ་དང་། ་གནས་བརྟན་བཀུ་ལ་དང་། གནས་བརྟན་ཉེ་དགའ་བོ་དང་། དེ་དག་ལ་སོགས་པ་གཞན་དག་ཀྱང་དེ་ན་འཁོད་དེ། དེ་དག་ལ་འོད་ཟེར་གྱིས་བོག་ནས། འདར་རབ་ཏུ་འདར་དམ་རབ་ཏུ་དམ་དམ། ་འཁྲུགས་རབ་ཏུ་འཁྲུགས། བརྟགས་རབ་ཏུ་བརྟགས། འུར་འུར་རབ་ཏུ་འུར་འུར། ཁམས་རབ་ཏུ་ཁམས། རྨུགས་རབ་ཏུ་རྨུགས། རེངས་རབ་ཏུ་རེངས་ཏེ། དེ་ལ་སོགས་པ་དག་ཏུ་གྱུར ་ནས་ཆས་སོ།། དེའི་ཚེ་དགེ་སློང་ས་ཡ་ཕྲག་བརྒྱད་སོ་ཤིང་ཟོས་ནས་ཕྱིར་བྱུང་སྟེ། གནས་བརྟན་དེ་དག་ལ། འོད་ཟེར་གྱི་སྣང་བ་དེ་པོག་ནས་ཤིན་ཏུ་རིངས་པར་ཁ ་གདོང་བཀྲུས་ཏེ། གཅིག་ལ་གཅིག་འཇུསོ།། དེ་བཞིན་གཤེགས་པའི་སྲས་དེ་དག་ཐམས་ཅད་ཀྱང་དགྲ་བཅོམ་པ་དབང་ཐོབ་པ། བྱ་བ་བྱས་པ། བྱེད་པ་བྱས་གཅད་ཤེས་པ། གཙོས ་ཆེན་གོ་ཆེན་པོ་སྟོང་པ་ཉིད་ཀྱིས་རང་གི་དོན་ཐོབ་པ།། ཙན་དན་ཆེན་པོ་ལྟ་བུའི་གཡོག་འཁོར་དང་ལྡན་པ། སེངྒེ་ཆེན་པོ་ལྟ་བུའི་གཡོག་འཁོར་དང་ལྡན་པ་ཤ་སྟག་སྟེ། དེ་ལ་སོགས ་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དེ་དག་ཐམས་ཅད་སྔ་དྲོ་ཉི་མ་ཤར་ཀར། ཡན་ལག་ཐམས་ཅད་ཀྱི་སྤུ་རྒྱ་སྐྱེགས་ཀྱི་ཤིང་གི་མེ་ཏོག་ལྟར་རྩ་དམར་བ་ནི་ལངས། ་མིག་ནི་མཆི་མ་ཁྲག་ལྟ་བུས་གང་སྟེ། མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང་ལྡན་ནས། སེམས་ཅན། ཐམས་ཅད་ལ་ཕན་པ་དང་བདེ་བ་དང་། སྙིང་རྩེ་བའི་ཕྱིར་དང ་གདུལ་བའི་བྱ་བའི་དབང་གི་དོན་དུ་ཐེག་པ་ཆེན་པོའི་མཆོག་གསང་བ་སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་ཆོས་ཀྱི་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར། ་ལྡན་འདས་ག་ལ་བ་དེར་དོང་སྟེ། ལྤགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་འབུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས ་ག་ལ་བ་དེ་ལོག་སུ་ཐལ་མོ་སྦར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཚེ་ཀོ་ཏ་ཀའི་བུ་མོ་རབ་བཟངས་མ་ལ་སོགས་པ་དགེ་སློང་མ་བྱེ་བ་འབུམ་ཕྲག་དྲུག་ཐམས་ཅད་ཀྱང ་དགྲ་བཅོམ་པ་ཟག་བཟང་ག་དབང་ཐོབ་པ་བྱ་བ་བྱས་པ། བྱེད་པ་བྱས་པ།། ཁུར་པོར་གཉོན་མོངས་པ་མེད་པ། གཙོ་མོ་ཆེན་མོ།། ཆེན་པོ་སྟོང་པ་ཉིད་ཀྱིས་རང་གི་དོན་ཐོབ་པ་ཤ་སྟག་སྟེ། འདི་ལྟ ་སྟེ། ཀོ་ཏ་ཀའི་བུ་མོ་དགེ་སློང་མ་རབ་བཟང་མ་དང་། དགེ་སློང་མ་ཉེ་དགའ་མོ་དང་། དགེ་སློང་མ་རྒྱ་མཚོའི་བློ་གྲོས་དང་། དེ་དག་ལ་སོགས་པ་དགེ་སློང་མ་བྱེ་བ་འབུམ་ཕྲག་དྲུག། སྔ་དྲོ་ཉི་མ ་འཆར་ཀར་ཡན་ལག་ཐམས་ཅད་ཀྱི་བ་སྤུ་རྨྱ་སྔགས་ཀྱི་ཤིང་གི་མེ་ཏོག་ལྟར་རྩ་དམར་བ་ནི་ལངས། མིག་ནི་མཆི་མ་ཁྲག་ལྟ་བུས་གང་སྟེ། མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང་ལྡན ་ནས།། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། སྙིང་བརྩེ་བའི་ཕྱིར་དང་། གདུལ་བར་བྱ་བའི་ངབ་དག་དོན་དུ། ཐེག་པ་ཆེན་པོའི་མཆོག་ཏུ་གསང་བ་སྟོང་པ་ཉིད ་ཀྱི་རྣམ་པ་དགོངས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དར་དོང་སྟེ། ལྤགས་ནས། བཅོམ་ལྡན་འདས་ཀྱི་ཞ ་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་འབུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་དེ། ཕྱོགས་གཅིག་ཏུ་འཁོད་དོ།། ་འཁོར་དེ་ན་དགེ་སློང་མ་འཁོད་པ་རྣམས་ཀྱང་། བྱང་ཆུབ་སེམས་དཔའ་མི་མཆོག་ས་བཅུ་ཐོབ་པ་ཤ་སྟག་སྟེ། འདུལ་བའི་དབང་གི་ཕྱིར་དུ་བུད་མེད་ཀྱི་གཟུགས་དང་། བུད་མེད་ཀྱི ་དབྱིབས་དང་། ཤ་དང་ཁྲག་དང་། རྒྱུས་པ་མང་པོ་དང་། རུས་པའི་ལུས་འཆང་ག་རྟག་ཏུ་ཆང་པ་བཞི་བསྒོམ་པ་དང་ལྡན་པ་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཡུལ་གྱི་ཆོ་འཕྲུལ་ཆེན་པོའི ་དེན་བྱེད་ནུས་པ་ཤ་སྟ་གེ། གཞན་ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་རྒྱ་མཚོས་བྱིན་ལ་སོགས་པ་། བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་རྙེད་ཐམས་ཅད ་ཀྱང་མི་མཆོག་ས་བཅུ་ཐོབ་པ། ཐབས་ཀྱིས་ལུས་འཆང་བ་ཤ་སྟགོ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱ་མཚོས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ཐོས་པར་འདོད་པ། ཐེག་པ་ཆེན་པོ་ལ་ཞུགས ་པ་ཐེག་པ་ཚ་པོས་བཀྲེས་པ། ཐེག་པ་ཆེན་པོ་ལ་སྲེད་པ། ཐེག་པ་ཆེན་པོ་སེར་སྣ་མེད་པ། འཇིག་རྟེན་ཐམས་ཅད་དང་འཐུན་བར་བྱེད་ནུས་པ་ཤ་སྟག་དང་། བདག་ཅག་རྒལ་ནས ་གནན་བསྒྲལ་བར་བའོ་སྙམ་སྟེ། སྔོན་གྱི་བསྐལ་པ་བྱེ་བ་སྙེད། ཚུལ་ཁྲིམས་ཀྱི་བགྲོད་པའི་དམ་བཅའ་བ་ལེགས་པར་བླངས་པ་འཛིན་པའི་སྤྱད་པ་སྤྱོད་པ་ཤ་སྟག ་དང་། དེ་བཞིན་དུ་བདག་ཅག་གྲོལ་ནས་གཞན་གྲོལ་བར་བྱའོ་སྙམ་པ་དང་། དེ་བཞིན་དུ་དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱའོ་སྙམ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར ་བར་བྱའོ་སྙམ་པ་དང་། གོ་ཆ་ཆེན་པོ་བགོ་བར་བྱའོ་སྙམ་དུ་སེམས་པ་ཤ་སྟག་དང་། དེ་བཞིན་དུ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དང་། བུ་གཅིག་པ་ལ་བྱ་བ་བཞིན་དུ་སེམས་ཅན ་ཐམས་ཅད་ལ་སྙོམས་པར་ལྟ་བ་ཤ་སྟག་སྟེ། དེ་དག་ཐམས་ཅད་སྔ་དྲོ་ཉི་མ་འཆར་ཀར་ཡན་ལག་ཐམས་ཅད་ཀྱི་བ་སྤུ་ཎྱ་སྐྱེགས་ཀྱི་ཤིང་གི་མེ་ཏོག་ལྟར་རྩ་དམར་བ་ནི་ལངས་མིག ་ནི་མཆི་མ་ཁྲག་ལྟ་བུས་གང་སྟེ། མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང་ལྡན་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་སྙིང་བརྩེ་བའི་ཕྱིར་དང་། གདུལ་བར་བྱ་བའི་དབང་གི ་དོན་དུ་ཐེག་པ་ཆེན་པོའི་མཆོག་ཏུ་གསུང་བ་སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷཊ ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་འབུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་བསླབ་པའི་གཞི་ལྷ་བླངས་ཤིང་། ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་དང་ལྡན་པའི་དགེ་བསྙེན་འོད་དྲི་མ་མེད་པར ་གྲགས་པའི་རྒྱལ་པོ་ལ་སོགས་པ་དགེ་བསྙེན་གངྒཱའི་རླུང་གཉིས་ཀྱི་བྱེ་མ་སྙེད་ཐམས་ཅད་ཀྱང་བཟུང་དང་ཟུང་དུ་ཤེས་པ་ར་འདོད་པ་ཤ་སྟག་སྟེ། སྡུག་བསྔལ་བ་དང་། བདེ ་བ་དང་། རྟག་པ་དང་། མི་རྟག་པ་དང་། བདག་ཡོད་པ་དང་། བདག་མེད་པ་དང་། སྟོང་པ་དང་། སྟོང་པ་མ་ཡིན་པ་དང་། དེ་ཁོ་ན་དང་། དེ་ཁོ་ན་མ་ཡིན་པ་དང་། སྐྱབས་དང་། སྐྱབས་མ་ཡིན་པ་དང་། ་སེམས་ཅན་དང་། སེམས་ཅན་མེད་པ་དང་། བརྟན་པ་དང་། བརྟན་པ་མ་ཡིན་པ་དང་། ཞི་བ་དང་། ཞི་བ་མ་ཡིན་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཐེར་ཟུག་དང་ཐེར ་ཟུག་མ་ཡིན་པ་དང་། ཡོངསུ་མྱ་ངན་ལས་འདས་པ་དང་། ཡོངསུ་མྱ་ངན་ལས་འདས་པ་མ་ཡིན་པ་ལ་སོགས་པའི་ཁྱད་པར་དང་། ཁྱད་པར་དུ་འཕགས་པ་ཤེས་པར་འདོད་པ་ཤ་སྟག་སྟེ། ་འདི་ལྟ་སྟེ། དགེ་བསྙེན་འོད་དྲི་ལེང་བར་གྲགས་པའི་རྒྱལ་པོ་ཞེས་བྱ་བ་དང་། དགེ་བསྙེན་རངབ་སྤྱིར་ལ་སོགས་པ་དགེ་བསྙེན་ཐེག་པ་ཆེན་པོ་ཐོས་པར་འདོད་པ་ཐོས ་ནས་ཀྱང་གཞན་དག་ལ་བསྟན་པར་བྱའོ།། སྙམ་དུ་དམ་བཅས་ཤིང་། ཚུལ་ཁྲིམས་བླངས་པ། ཐེག་པ་ཆེན་པོས་སྐོམ་ལ། ངོམས་ནས་ཀྱང་གཞན་སྐོམ་པ་དག་ངོམས་པར་བྱ ་སྙམ་དུ་དམ་བཅས་པ། ཐེག་པ་ཆེན་པོ་ལ་སྲེད་པ། ཐེག་པ་ཆེན་པོ་ལ་སེར་སྣ་མེད་པ། འཇིག་རྟེན་ཐམས་ཅད་དང་མཐུན་པར་བྱེད་ནུས་པ་ཤ་སྟག་དང་། བདག་ཅག་རྒལ་ནས ་གཞན་བསྒྲལ་བར་བྱའོ།། བདག་ཅག་གྲོལ་ནས་གན་དང་གྲོལ་བར་བྱའོ།། དཀོན་མཆོག་གསུམ་གྱི་གདུང་མིའི་ཆད་པར་བྱའོ།། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ། ་སྙམ་དུ་སློབ་པར་འདོད་པ་གོ་ཆ་ཆེན་པོ་བགོས་པ། བསླབ་པ་རྣམས་ལ་སེམས་གུས་པ་དང་། དེ་བཞིན་དུ་ཡོན་ཏན་གྲ་ངས་མེད་པ་དང་ལྡན་པ། བུ་གཅིག་པ་ལ་བྱ་བ ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པ་ཤ་སྟག་སྟེ། དེ་དག་ཀྱང་ཉི་མ་འཆར་ཀར་དེ་བཞིན་གཤེགས་པའི་གདུང་ཞུགས་པ་ལ་ཞེན་པའི་ཕྱིར་རེ་རེས་ཀྱང་ཙན་དྲན ་དང་། ཨ~ཾ་ཀ་རུ་དང་། ཐང་ཤིང་གི་མཆོག་དང་ཙན་དན་ས་མཆོག་པའི་བུད་ཤིང་རྣམས་དང་། ཡམ་སྲེག་ཤིང་དྲི་གསུང་དང་ལྡན་པ། ཡོན་ཏན་ལྔ་སྟོང་ཁྱེར་ཏེ་འོངས་སོ།། ་ལ་ཡམ་སྲེག་ཤིང་སྣ་རེ་ཞིང་ཡང་གསེར་གྱི་སྐད་པ་རིན་པོ་ཆེ་སྣ་བདུན་རིགས་བདུན་དང་ལྡན་པས་སྨྲས་པ། དཀྲིས་པ་རི་མོ་ལ་བྲིས་པ་ཁོ་ན་བཞིན་དུ་འདུག་པར་རང་བཞིན ་གྱིས་གཞོན་ཤ་ཅན་ལེགས་པར་བཅོས་པ་ཤ་སྟག་སྟེ། སྣ་རེ་ཞིང་ཡང་འོད་རྣམ་པ་སྣ་ཚོགས་དང་ལྡན་པའི་ཕུང་པོ་ཆེན་པོ་མདོག་སྔོན་པ་བར་བར་ཁ་ཅིག་ཏུ་མདོག་དཀར་ཁ་ཅིག་ཏུ ་སྔོ། ཁ་ཅིག་ཏུ་རྩ་དམར། ཁ་ཅིག་ཏུ་སེར་བ། མིག་དུ་སྡུག་པར་བྱས་པ་ཤ་སྟག་གོ།། བམ་པོ་རེ་རེའི་གཡོག་མའི་ཕྱར་བུ་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཤ་སྟག་གོ།། དེ་ལ་ཆིངས ་མཐེ་གུ་མང་པོ་རེ་རེ་ཞིང་ཡང་ལྡོང་རོས་ཀྱི་མདོག་ལྟ་བུ་དང་། ཟར་མའི་མེ་ཏོག་གི་མདོག་ལྟ་བུ་དང་། སྔོན་པོ་དང་། སེར་པོ་རྣམས་ཀྱིས་བར་བར་དུ་སྤེལ་པ་ཤ་སྟག་གོ།། དེ་ལ་ཆིངས་མའི ་ཐེ་གུ་མང་པོ་རེ་རེ་ཞིང་ཡང་། གསེར་ཐགས་ཀྱི་མཆོག་རྣམ་པར་དག་པ་ཡུལ་མང་པོར་གྲགས་པ་དག་གིས་སྤེལ་བ་ཤཱ་སྟག་གོ། དེ་ལ་ཡང་སྲེག་ཤིང་སྣ་རེ་རེ་ཞིང་ཡང་། སྤོས་དྲི་བསྲུངས ་ཞིམ་པོ་དང་། མེ་ཏོག་ཕྲེང་དང་། གུར་ཀུམ་གྱི་ཕྱེ་མ་དང་ལྡན་པར་བྱས་པ། གསེར་ཐེག་ཀྱིས་གཡོགས་པ་དར་སྣས་པ། རྒྱན་པ། རིན་པོ་ཆེ་སྣ་བདུན་གྱིས་ཤུབས་སྔོན་པོ ་དང་། སེར་པོ་དང་། སྔོ་སྐྱ་དང་དཀར་པོ་དང་། གཙོད་ཀ་ལྟ་བུ་དེ་ག་གི་ནང་དུ་བཅུག་པ། ཡུལ་ཀ་ལིང་ཀའི་རས་དང་། ཟར་མིའི་རས་དང་། ཟབ་དར་དང་། རྒྱ་དར་གྱི་མཆོག་རྣམས་ཀྱིས ་དཀྲིས་པ་མེ་ཏོག་མང་པོས་བརྒྱན་པ། ཐུག་པ་དྲི་བསུང་ཞིམ་པོ་དག་གིས་བྱུགས་པ་ཤ་སྟག་གོ།། ཡམ་སྲེག་ཤིང་སྣ་རེའི་ཤིང་ཡང་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ། གསེར་གྱིས ་མཛེས་པར་བྱས་པ། ཁ་ཅིག་དུ་སྔོན་པོ་དང་། དཀར་པོ་དང་། བབ་ལའི་ཁ་དོག་དང་། ལ་གྲུའི་ཁ་དོག་པས་ལྷག་པའི་འོད་གསལ་བ་དང་ལྡན་པ་ཤ་སྟག་གོ།། ཤིང་རྟ་དེ་དག་གི་གཉའ ་ཤིང་རྣམས་ཀྱང་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ། དཔེ་མེད་པ། རྩཝ་ཅང་ཤེས་པགྱོགས་པ་དག་དང་སྦྱར་བ་ཤ་སྟག་གོ།། རྟ་དེ་དག་ཀྱང་རླུང་གི་ཤུག་པས་མགྱོགས ་པ་སྤུག་ཆུ་སྐུར་གྱི་མདོག་དང་། ལྡོང་རོས་ཀྱི་མདོག་དང་། སྤྲིན་གྱི་མདོག་ཅན་ཤ་སྟག་སྟེ། ཐབས་དེ་འདྲ་བའི་ཤིང་རྟ་རེ་རོའི་མདུན་ལོགས་དང་། རྒྱབ་ལོགསུ་རྒྱལ་མཚན་དང་། ་ངར་བགྲང་སྟེ། རྒྱལ་མཚན་ཐམས་ཅད་ཀྱང་རིན་པོ་ཆེ་ལས་བྱས་པ། གསེར་གྱི་དྲ་བས་གཡོག་པ་ཤ་སྟག་གོ།། རྒྱལ་མཚན་གྱི་མདུན་ལོག་སུ་ཡང་། གདུགས་རྩིབས་དང་། རྩ་བ ་ནོར་བུ་དྲི་མ་མེད་པའི་འོད་ཅན་ལས་བྱས་པ། མུ་ཏིག་གི་ཆུ་ན་པོ་སྦྱངས་པ་ཤ་སྟག་ཁྱེར་རོ།། གདུགས་རེ་རེའི་མདུན་དེ་ལོག་སུ་ཡང་གསེར་གྱི་མེ་ཏོག་ཀུ་མུ་ད་དང ་ཨུཏྤ་ལ་དང་། པདྨ་དཀར་པོ་སྡོང་བུ་བཻ་ཌཱུཪྻ་ལས་བྱས་པ། ཟི་བ་རྡོ་རྗེ་ལས་བྱས་པ། བུང་བ་མང་པོ་སྐད་འབྱིན་པ་དྲི་བསུ། ང་ཞིམ་པོ་དང་ལྡན་པ་ཡིད་དུ་འོང་བ། འོད་དང ་ལྡན་པ། ཆེ་བ་མང་བ་ཤ་སྟག་དང་ལྡ་ལྡི་ཆེན་པོ་ཤ་སྟག་ཁྱེར་རོ།། ལྔ་ལྡི་ཆེན་པོ་རྣམས་ཀྱི་མདུན་དུ་ཡང་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་སྤྱོད་ག་རི་མོ་བྲིས་པ་ཆེན ་པོ་དག་ཐོག་སོ།། རི་མོའི་གཟུགས་རེ་རེའི་བློ་གཡོན་ནས་ཀྱང་།། ཟློས་གར་གྱི་གར་ཐབས་ཡུལ་དབུས་ནས་བྱུང་བ་རྣམ་པ་སྣ་ཚོགས་བྱེད་དེ། གར་ཐབས་བྱེད་པ་དེའི་ནང་ན་སིལ་སྙན ་རིན་པོ་ཆེ་ལས་བྱས་པའི་རྫ་རྔ་དང་། ཁར་རྔ་དང་། རྔ་ཟླུམ་དང་། སྤྲི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་ཅིག་པ་དང་། རྔ་བོ་ཆེ་དང་། དུང་ལ་སོགས་པ་དག་རྡུང་ཞིང་འབུད་དོ།། ག ་ཐབས་ཀྱི་སིལ་སྙན་དེ་དག་ལས་ཀྱང་། ཀྱེ་མ་འཇིག་རྟེན་སྟོང་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པབརྗོད་ཅིང་གདུང་གདུང་སྐད་དུ་དབྱངས་ལེན་ཏོ།། གར་ཐབས་ཀྱི་སིལ་སྙན་རེ ་རེའི་མདུན་དུ་ཡང་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་རྣམ་པར་འཆར་བ་རྣམས་ཀྱི་ཕྱེ་མས། རིན་པོ་ཆེའི་སྐོན་བུ་ལེགས་བཅོས་པ་གནོན་ཤ་ཅན་དག་བཀང་བ་ཤ་སྟག་དང་། དེ་མ་ཡིན་པའི ་སྐོན་བུ་མ་བལྟ་ན་སྡུག་པ། གུར་ཀུམ་གྱི་ཕྱེ་མས་བཀང་བ་མང་པོ་ཤ་སྟག་ཐོགས་སོ།། དེ་དག་མདུན་དུ་ཡང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་ཁྱབ་པར ་འགྱུར་བའི་ཞལ་ཟས་དག་ཁྱེར་ཞིང་འདོང་ངོ་།། ། ཞལ་ཟས་དེ་དག་ཀྱང་བུད་ཤིང་ཙན་དན་དམར་པོ་དང་། ཨ་ཀ་རུ་དང་། ཐང་ཤིང་གི་མེ་ཆུང་ངུས ་བཅོས་པ་དང་གངྒའི་ཀླུང་གི་ཆུས་བཅོས་པ་ཤ་སྟག་སྟེ། སྐྱུར་བ་དང་། ལན་ཆའི་རོ་དང་། མངར་བ་དང་། བསྐ་བ་དང་། ཚ་བ་དང་། ཁ་བའི་རོ་དང་ལྡན་པ། མ་དང་སྐྱེད་པ ་ཕན་པར་འགྱུར་བ་ཤ་སྟག་གོ། ས་ལ་ཟུང་གི་དྲུང་གི་ཉེའི་ཁོར་ཐམས་ཅད་ཀྱང་གསེར་གྱི་བྱེ་མ་འཇམ་པོས་བཀྲམ་ཏེ། ག་བུ་ཤའི་རས་དང་། སྣམ་བུ་དང་། བཅོས་སྣམ་དང་། དྲེའུ ་རྡོག་དང་། ཀ་ལང་ཀའི་རས་དང་། ཟབ་དར་འཇམ་ཞིང་མདོག་དཀར་བ་རྣམས་ཀྱང་བཏིང་ངོ་།། གྲུབ་པའི་གནས་དེའི་གཞི་དཔག་ཚད་སུམ་ཅུ་རྩ་གཉིས་ཁོར་ཁོར་ཡུག་ཀྱང་གུར ་ཀུམ་གྱིས་བྱུགས་སོ།། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་སེང་གེའི་ཁྲི་ཆེན་པོ་གསེར་ལས་བྱས་པ་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་ཤིང་སྣང་བར་བྱས་པ་རི་རབ ་ལྟར་ཚེ་ནི་འབང་མཐོ་བདག་ཀྱང་བཤམ་སོ།། གཡོག་མ་དེ་དག་གི་རྐྱེན་དུ་འཆལ་བ་ཤ་སྟག་གིས་གཡོགས་ཏེ། གསེར་གྱི་བུ་གཡེར་ཀ་སྠ་སི་ལི་ལའི་ཁྲོལ་ཤང་། ་གི་སྐྲ་འབྱུང་བའི་དྲ་བ་ཅན་གྱི་ཡོལ་བ་རྣམས་ཀྱི་ནི་བསྐོར། རྒྱུ་དར་སྒྲ་སྡུག་ཡུམ་ཁྱིམ་ཆེན་པོའི་བླ་རི་རྣམས་ནི་བྲེས། གདུགས་དཀར་པོ་རྣམས་ཀྱིས་ནི་ཉིན་མཚན་བསྒྲིབས།། རྔ ་ཡབ་དཀར་པོ་རྣམས་ཀྱིས་ནི་གཡབས། རྒྱབ་རྟེན་གླང་པོ་ཆེའི་མཆེ་བ་ལ་ཆུ་སྲིན་མོ་ཀར་རྟེན་པའི་ཁ་ནས། ཟླ་བ་ཉེ་བའི་འོད་ཟེར་ལྟར་དཀའ་བའི་མུ་ཏིག་གི་ཆུན་པོ་འབྱུང་ཞིང་། ་སྦྱངས་པ་དང་། ལྡན་པ་རྣམས་ནི་བཅས། ས་ཕྱོགས་རྣམས་ནི་མེ་ཏོག་དྲི་ཞིམ་པོ།། སིལ་མས་གཏོ། དར་ཏོ།། དགེ་བསྙེན་དག་རེ་རེ་ནས་ཀྱང་འདི་སྙམ་དུ་སེམས་ཏེ། ་བདག་གིས་སེམས་ཅན་ཐམས་ཅད་ལ་ཟེ་ས་འདོད་པ་རྣམས་ལ་ནི་ཟས་སྦྱིན་ནོ།། སྐོམ་འདོད་པ་རྣམས་ལ་ནི་སྐོམ་སྦྱིན་ནོ།། མགོ་བོ་དང་མིག་ལ་སོགས་པ་ཡན་ལག ་དང་ཉིང་ལག་ཐམས་ཅད་འདོད་པ་རྣམས་ལ་ཡང་ཇི་ལྟར་འདོད་པ་བཞིན་དུ་སྦྱིན་ནོ།། དབུལ་པོ་དང་། བཀྲེན་པ་དང་། ཕོངས་པ་རྣམས་ལ་ཡང་འདོད་པ་དང་། དུག་དང་། གནོད་པ ་དང་མ་བརྟགས་པའི་སྦྱིན་པ་རྣམས་མ་གཏོགས་པར་གང་དང་གང་དག་ཅི་དང་ཅི་འདོད་པ་དེ་དང་དེ་དག་ཆོག་པར་སྦྱར་རོ་སྙམ་དུ་སེམས་ཀྱི། གཞན་ནི་ཅི་ཡང་མི་སེམསོ།། དེ ་བཞིན་དུ་དགེ་བསྙེན་གྱི་སྡེ་ཚན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་དག་ཐམས་ཅད་ཀྱིས་བསམ་པ་དེ་བཞིན་གཤེགས་པ་བདག་ཅག་གི་བཤོས་གསོལ་ཏེ ་ཡོངསུ་མྱ་ངན་ལས་འདའ་བར་བྱའོ།། དེ་བཞིན་གཤེགས་པ་བདག་ཅག་གི་བཤོས་གསོལ་ཏེ། ཡོངསུ་མྱ་ངན་ལས་འདའ་བར་བྱའོ་སྙམ་སྟེ། སོ་སོ་ནས་དེ་འབའ་ཤིག་སྙིང་ལ་སེམ། ་ཤིང་། ཡན་ལག་ཐམས་ཅད་ཀྱི་བ་སྤུ་རྒྱ་སྐྱེགས་ཀྱི་ཤིང་གི་མེ་ཏོག་ལྷུར་རྩ་དམར་བ་ནི་ལངས། མིག་ནི་མཆི་མ་ཁྲག་ལྟ་བུས་གང་སྟེ། མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང ་ལྡན་ནས། རང་རང་གི་མཆོད་པའི་ཡོ་བྱད་བུད་ཤིང་དང་། ཡམ་སྲེག་ཤིང་དང་། ཤིང་རྟ་དང་། རྒྱལ་མཚན་དང་། གདུགས་དང་། བ་དན་རྣམས་དང་། ཆས་ཏེ། ཞལ་ཟས་ཀྱི་མཆོག་གི ་སྦྱར་བའི་སྣོད་རྣམས་ཐོགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་སྤོས་དང ་མེ་ཏོག་འབྲིང་བ་དང་། བྱེ་མ་དང་། ཕྱེ་མ་ནི་བུ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་རྒྱ་ཆེན་པོ་དག་གིས་མཆོད་ནས། ལྡན་འབུམ་བསྐོར་བ་བྱས ་མིག་ནས་མཆི་མ་རྒྱུན་མི་འཆད་པར་ཆར་བཞིན་དུ་ཕབ་ནས། བདག་ལ་སྡུག་བསྔལ་གྱི་རྣམ་པ་མང་པོ་བྱེད་ཅིང་། ཀྱེ་འཇིག་རྟེན་སྟོངས་པར་འགྱུརརོ།། ཀྱེ་མ་འཇིག་རྟེན་སྟོངས་པར ་འགྱུར་རོ།། ཞེས་དེ་སྐད་དུ་སྐད་ཆེན་པོ་འདོན་ཏེ། དེ་བཞིན་གཤེགས་པའི་ཞབས་དྲུང་ན། སྲོག་ཆགས་ཤི་ཤུ་མར་བཞིན་དུ་འགྲེ་ལྡོག་ཅིང་། གསོལ་བ་འདེབས་ཏེ། བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པས་བདག་གི་སྦྱར་བའི་བཤོས་གསོལ་བར་ཅི་གནང་བཅོམ་ལྡན་འདས་བདག་ལ་ཐུགས ་བརྩེ་བའི་སླདདུ།། སྦྱིན་པ་ཐ་མ་དེ་བཞིན་གཤེགས་པས་བཞེསུ་གསོལ།། ཞེས་གསོལ་བ་འདེབ་སོ།། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་བཞིན ་དུ་ཅང་མི་གསུང་བར་གྱུར་ཏོ།། དེ་དག་གས་ལན་གཉིས་ལན་གསུམ་དུ་དེ་སྐད་ཅེས་གསོལ་ཀྱང་། ལན་གཉིས་ལན་གསུམ་དུ་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར ་ཏོ།། དེ་ནས་དགེ་བསྙེན་གྱི་ཚོགས་དེ་དག་རེ་ཐག་ཆད་དེ། ཅང་མི་ཟེར་བར་འཁོད་ནས་བུ་ཅིག་པ་ཤི་ནས་དུར་ཁྲོད་དུ་བོར་མ་ཐག་པའི་ཕ་མ་འགྲེ་ལྡོག་པ་བཞིན་དུ་ཤིན་ཏུ་སྡུག ་བསྔལ་བར་གྱུར་ཏོ།། དེ་བཞིན་དུ་དགེ་བསྙེན་དེ་ངག་ཐམས་ཅད་མཆོག་ཏུ་སྡུག་བསྔལ་བར་གྱུར་པ་ལས་དེ་ལངས་ཏེ། རང་གི་མཆོད་པའི་ཡོ་བྱད་རྣམས་བསྡུས་ནས ་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཆེ་བསླབ་པའི་གཞི་ལྔ་བླངས་ཤིང་ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་དང་ལྡན་པ་དང་། དམ་པའི་ཆོས་ཀྱི ་གཅེས་པའི་དགེ་བསྙེན་མ་ཚོང་དཔོན་གྱི་བུ་མོ་འཚོ་བའི་དཔལ་ལ་སོགས་པ་དགེ་བསྙེན་མ་གངྒཱའི་ཀླུང་གསུམ་གྱི་བྱེད་མ་སྙེད་ཐམས་ཅད་ཀྱང་། བུད་མེད་ཀྱི་གཟུགས་ཀྱིས ་སེམས་ཅན་བྱེ་བ་ཕྲག་མང་པོ་ངེས་པར་སྒྲོལ་བ། ཁྱིམ་གྱི་གནས་ལ་སྨོད་པ་ཤ་སྟག་སྟེ། ལུས་འདི་ནི་ཉེས་པའི་ཁམས་བརྒྱད་ཅུ་རྩ་བཞི་ལས་ལྷག་པས་བསྡུས་པའོ།། ་ལུས་འདི་ནི་སྲིན་བུའི་རིགས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིའི་ཟས་སོ།། ལུས་འདི་ནི་རྒྱལ་པོའི་ཁྲི་མུན་དུ་བྲུབས་པའི་དྲི་མནམ་པའོ།། ལུས་འདི་ནི་ཁྱི་རོ་རུལ་པའི་དྲོ་བས་ཀྱང ་ལྷག་པར་ལྤགས་པའོ།། ལུས་འདི་ནི་སྒོ་དགུ་ནས་མི་གཙང་བ་འཛག་པའོ།། ལུས་འདི་ནི་ཤ་དང་། ཆུབ་དང་། རུས་པ་དང་། ཁྲག་དང་། བགས་ཞལ་ཞལ་ཅན། རྐལ་གི་ཕྱི་སྒོ་དང་། ་རབ་དང་། བ་གམ་ཅན་མིག་གི་སྐར་ཁུང་ཅན། མགོ་བོའི་ཡང་ཐོག་ཅན། ཡིད་རྒྱལ་པོ་ལྟ་བུའི་ཕོ་བྲང་གྲོང་ཁྱེར་ལྟ་བུའོ།། ལུས་འདི་ནི་མཁས་པ་ཐམས་ཅད་ཀྱིས་སྤངས་ཤིང ་བྱིས་པའི་སྐྱེ་བོ་དགའ་བར་བྱེད་པའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་ཉོན་མོངས་པ་བྱེ་བ་རྙེད་ཀྱི་སྲིན་པོས་བསྟེན་པ་འདམ་བུ་དང་། ཨེ་རན་འདའ་དང་། དབུ ་བ་དང་། ཆུ་ཤིང་ལྟ་བུར་སྙིང་པོ་མེད་པ་གློག་དུང་། རཾ་ག་ཟར་པོའི་འབབ་ཆུའི་དཔའ་རླབས་ལྟར་ཤིན་ཏུ་མི་བརྟེན་པའོ།། སྒྱུ་མ་དང་སྨིག་རྒྱུ་དང་། བྲག་ཆ་དང་། ཟླ་བའི་གཟུ ་བརྙན་ལྟར་སླུ་བར་བྱེད་པ། རླུང་ཤུགས་དྲག་པོས་རྣམ་པར་དཀྲུག་པའི་ཆུའི་ཤུགས་ཀྱིས་བརྐོས་པ། འི་འགྲམ་གྱི་སྡོང་པོ་ལྟར་གཡང་ས་ན་འདུག་པའི་ཆོས་ཅན། ་སྦྱང་གི་དང་། ཝཾ་དང་། བྱ་རྒོད་དང་། བྱ་རོག་རྣམས་ཀྱི་ཟས་ཡིན་ན། སུ་ཞིག་འདི་ལྟ་བུ་འཆང་བ་ལ་དགའ་བར་བྱེད།། རྒྱ་མཚོའི་ཆུ་ཐམས་ཅད་སྐྲའི་རྩེ་མོས་བླངས་ཏེ་བ་ལང་གི ་རྨིག་རྗེས་ཀླགས་པར་མི་ནུས་སྲིད་ཀྱི། ལུས་ནད་བཞི་བརྒྱ་རྩ་བཞིས་གཟིར་པ་འདི་སྙིང་པོ་མེད་པ་དང་། མི་གཙང་བ་ནི་ཚིག་ཙམ་གྱིས་བསྟན་པར་མི་ནུས་སོ།། ཆེན་པོ་འདི་རྒྱ་ཤུཿ ་གི་འབྲས་བུའི་རུས་པའི་འབྲུ་ཙམ་ཤ་སྟག་དུ་བྱས་པ་འམ། ཡུང་འབྲུ་ཙམ་འམ། རྡུལ་ཕྲ་རབ་ཀྱི་རྡུལ་ཙམ་ཤ་སྟག་དུ་བྱས་པས་ནི་ཟད་པར་འགྱུར་ཡང་སྲིད་ཀྱི། ལུས་འདི ་ཡོད་ཀྱི་བར་དུ་འདིའི་ཉེས་དམིགས་ནི་མཐར་ཐུག་པར་མི་འགྱུར་ཏེ། དེ་བས་ན་དམ་པའི་ཆོས་སྲུང་བའི་ཕྱིར་འདི་མཆི་མ་བཞིན་དུ་དོར་བར་བྱའོ་སྙམ་སྟེ། འདི ་ལྟར་དགེ་བསྙེན་མ་དེ་དག་ཐམས་ཅད་ཆེན་པོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་བསྒོམས་པས་སེམས་བསྒོམ་པ་ཤ་སྟག་སྟེ། འདི་ལྟ་སྟེ། དགེ་བསྙེན་མ་འཚོ ་བའི་དཔལ་ཞེས་བྱ་བ་དང་། དགེ་བསྙེན་མ་དཔལ་འཕྲེང་ཞེས་བྱ་བ་དང་། དགེ་བསྙེན་མས་ག་ཞེས་བྱ་བ་དང་། དེ་ལ་སོགས་པ་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ཐོས་པར་འདོད་ལ། ་ཐོས་ནས་ཀྱང་གཞན་དག་ལ་བསྟན་པར་བྱའོ།། སྙམ་དུ་དམ་བཅས་པ་བསྲུང་བ་ལྷུར་ལེན་པ། བུད་མེད་ཀྱི་ལུས་ངན་ནོ་སྙམ་དུ་སྨོད་པ་དང་། ལུས་སྙིང་པོ་མེད་དོ།། སྙམ་དུ་སྤོང ་པ། ས་ནས་ཤས་ཆེར་སྒོམ་པ་དང་། འཁོར་བའི་འཁོར་ལོ་གཞི་གོ་སྙམ་དུ་སེམས་པ་ཤ་སྟག་དང་། ཐེག་པ་ཆེ་ན་པོས་སྐོམ་ལ། ངོམས་ནས་གཞན་སྐོམ་པ་དག་ངོམ་པར་བྱའོ། ་སྙམ་དུ་དམ་བཅས་པ་ཤ་སྟག་དང་། ཐེག་པ་ཆེན་པོ་ལ་སྲེད་པ། ཐེག་པ་ཆེན་པོ་ལ་སེར་སྣ་མེད་པ་འཇིག་རྟེན་ཐམས་ཅད་དང་འཐུན་པར་སློབ་པར་འདོད་པ་དང་། གྲོལ་ནས་གཞན་གྲོལ་བར ་བྱའོ།། རྒལ་ནས་གཞན་བསྒྲལ་བར་བྱའོ།། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱའོ།། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་སློབ་པར་འདོད་པ་ཤ་སྟག་དང་། གོ་ཆ་ཆེན ་པོ་བགོས་པ་བསླབ་པ་རྣམས་ལ་བརྟུལ་ཞུགས་བརྟན་པ་དང་། དེ་བཞིན་དུ་ཡོན་ཏན་དུ་མ་དང་ལྡན་པ་དང་། བུ་ཅིག་པ་ལ་བྱ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པ་ཤ་སྟག། ་སྟེ། དེ་དག་ཀྱང་ཉི་མ་འཆར་ཀར་ཤིན་ཏུ་རིངས་པར་གཅིག་ལ་གཅིག་འཇུས་ཏེ། དེ་བཞིན་གཤེགས་པའི་གདུང་ཞུགས་ལ་བཞེན་པའི་ཕྱིར། ཡམ་སྲེག་ཤིང་དགེ་བསྙེན་པ་རྣམས་ཀྱི་ཉིས་འགྱུར། ་ཁྱེར་བ་ལས་བཅོམ་ལྡན་འདས་ཀྱིས་ཞལ་ཟས་མ་བཞེས་ནས་བུ་ཤི་བ་བཞིན་དུ་མཆོག་ཏུ་སྡུག་བསྔལ་བར་གྱུར་ཏེ། དུས་ལས་ལངས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་ལི་ཚྭ་བྱེ ་གཞོ་ནུ་གཙང་མ་དྲི་མ་མེད་པའི་སྙིང་པོ་ལ་སོགས་པ་ཡངས་པ་ཅན་ན་གནས་པའི་ལི་ཙ་བྱི་གཞོ་ནུ་གྲོང་ཁྱེར་གྱི་ནང་ན་གནས་པ་དང་། ཕྱི་རོལ་ན་གནས་པ་དང་བཅས་པ་རྣམས་དང་འཛམྦུའི ་ན་གནས་པའི་རྒྱལ་ཕྲན་བློན་པོ་དང་བཅས་པ་པངྒའི་ཀླུང་བཞིའི་བྱེ་མ་སྙེད་ཐམས་ཅད་ཀྱང་དམ་པའི་ཆོས་བསྲུང་བ་ལ་མཁས་པ་ཚུལ་ཁྲིམས་དང་ཆོ་ག་དང་། ཡོན་ཏན་དང་ལྡན་པ་དམ་པའི ་ཆོ་སུན་འབྱིན་ཅིང་རྟགས་ཅན་འཆལ་བ་རྣམ་སྐྱེ་སེར་བ་ལྟ་བུར་གྱུར་པ་ཤ་སྟག་ལ་དེ་དག་ཐམས་ཅད་ཀྱང་། འདི་ལྟ་བུར་འདོད་ཏེ། བདག་ཅག་ནོར་དང་། འབྲུའི་ཚོགས་དང་མཛེ ་དང་། ཁང་བའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ནི་བདུད་རྩི་མི་ཟད་པར་བྱ་བ་དང་། བདུད་རྩི་གནས་པར་བྱ་བའི་ཕྱིར་ཡིན་གྱིས་བདག་ཅག་གིས་དམ་པའི་ཆོས་ལ་ནན་ཏན་བྱའོ།། ་དམ་པའི་ཆོས་ལ་སུན་འབྱིན་ཅིང་། ལོག་པར་ལྟ་བ་རྣམས་ཀྱི་ལྕེ་གཅད་པར་བྱའོ།། ཞེས་ལེགས་པར་དམ་བཅས་པ་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་མི་གནས་པ་རྣམས་ནི་གོས ་དཀར་པོ་གྱོན་དུ་བཅུག་སྟེ།། ཁྱིམ་པའི་ལས་བྱེད་དུ་གཞུགོ་སྙམ་དུ་བརྟུལ་བ་དམ་པའི་ཆོས་བརྟུལ་པ། དམ་པའི་ཆོས་ལྷུག་པ་ལ་ནི་བླ་མ་བཞིན་དུ་རིམ་འགྲོ་བྱའོ།། སྙམ་དུ་དམ་བཅས་པ། ་དགེ་འདུན་ལ་ཕན་པ་དང་། བདེ་བར་གནས་པ་བྱ་བ་ནི་ཡོངསུ་རྫོགས་པར་བྱས་བདང་དེས་ཆོག་གོ་སྙམ་དུ་སེམས་པ་དང་། ཐེག་པ་ཆེན་པོ་ཐོས་པར་འདོད་ལ་ཐོས་ནས་ཀྱང་། ་གཞན་དག་ལ་བསྟན་པར་བྱའོ།། སྙམ་དུ་ཡི་དམ་བཅས་པ་ལ་བརྟན་པ་དང་། དེ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཤ་སྟག་སྟེ། འདི་ལྟ་སྟེ། ལི་ཙ་བྱི་གཞོ་ནུ་གཙང་མ ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་དང་། བསྒྲུབ་པ་དག་པ་ཞེས་བྱ་བ་དང་། གང་གིས་ཆུ་དྲི་མ་མེད་པས་བྱིན་པ་ཞེས་བྱ་བ་དང་། དེ་ལ་སོགས་པའི་ལི་རྩ་བྱི་གཞོནུ་དེ་དག་ཀྱང་གཅིག་ལ་གཅིག ་འཇུས་ཏེ། རེ་རེས་ཀྱང་གདུང་ཞུགས་ལ་ཞེན་པའི་བུད་ཤིང་ཐ་ང་ཤིང་གི་མཆོག་དང་། ཙན་དན་དང་། ཨ་ཀ་རུ་རྣམས་དང་།། ཡམ་སྲེག་ཤིང་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་དང ་མཚང་པ་སྔ་པའི་ཉིས་འགྱུར་རྣམས་ཁྱེར་ནས། མཆོད་པ་རྣམས་བསྒྲགས་ཏེ། བཅོམ་ལྡན་འདས་ཀྱི་ཐང་དུ་དོང་ངོ་།། ལི་ཙ་བྱི་གཞོནུ་རེ་རེ་ལ་ཡང་། གླང་པོ་ཆེ་བརྒྱད ་ཁྲི་བཞི་སྟོང་དང་། རྟ་བརྒྱད་ཁྲི་བཞི་སྟོང་དང་། ཤིང་རྟ་བརྒྱད་ཁྲི་བཞི་སྟོང་དང་། ནོར་བུ་ཆུ་ཤེལ་བརྒྱད་ཁྲི་བཞི་སྟོང་དང་ཆེས་སོ།། གླང་པོ་ཆེ་རེ་རེའི་མདུན་དུ་ཡང་ཆེ་བ་ལ་འོས་པའི ་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དར་གྱི་བླ་རེ་ཆེན་པོ་རྣམས་ཐོག་སོ།། གདུགས་རྣམས་ཀྱི་ནང་ན་ཐུང་ངུ་གང་ཡིན་པ་དེ་ལ་ཡང་། ཁོར་ར་ཁོར་ཡུག་དུ་དཔག་ཚད་གཅིག ་ཡོད་དོ།། དར་གྱི་བླ་རེ་ཆེན་པོ་རྣམས་ཀྱི་ནང་ན་ཆུང་ངུ་གང་ཡིན་པ་དེ་ལ་ཡང་ཆུ་ཞེང་དུ་དཔག་ཚད་སུམ་ཅུ་རྩ་གཉིས་ཡོད། རྒྱལ་མཚན་རྣམས་ཀྱི་ནང་ན་ཐུག་ངུ་གང་ཡིན་པ་དེ ་ལ་ཡང་། འབང་དུ་དཔག་ཚད་བརྒྱ་ཡོང་ངོ་།། བ་དན་རྣམས་ཀྱི་ནང་ན་ཐུང་ངུ་གང་ཡིན་པ་དེ་བས་ཀྱང་དཔག་ཚད་སྟོང་དུ་ཕྱིན་ཏོ།། དེ་ལྟར་དེ་དག་མཆོད་པ་རྣམས་དང་། ཆུས་ཏེ། ་བཅོམ་ལྡན་འདས་ཀྱི་ཐ་དུ་དོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཞལ་ཟས་ཕུལ་བ་ལས་བཅོམ་ལྡན་འདས་ཅང་མི་གསུང་སྟེ་མ་བཞེས་ནས། མཆོག། ་ཏུ་སྡུག་བསྔལ་བར་གྱུར་ཏེ་རེ་ཐག་ཆད་ནས་ལངས་ཏེ། བཅོམ་ལྡན་འདས་ཀྱི་མཐུས་ཏ་ལ་བདུན་གྱི་སྲིད་ཙམ་དུ་འཕགས་ཏེ། འཁོད་དོ།། གཞན་ཡང་དེའི་ཚེ་འཛམ་བུ་གླིང་པའི་བློན ་པོ་དང་། ཚོང་དཔོན་དང་། ཁྱིམ་བདག་གང་ག་ལྔའི་བྱེ་མ་སྙེད་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་དད་པ། ཚུལ་ཁྲིམས་དང་།། ཆོ་ག་དང་། ཡོན་ཏན་རྣམ་པར་དག་པ་དང་ལྡན་པ ་དམ་པའི་ཆོ་སུན་འབྱིན་པ་རྣམས་ཀྱི་སེར་བ་ལྟ་བུར་གྱུར་པ་ཤ་སྟག་སྟེ། འདི་ལྟ་སྟེ། ཁྱིམ་བདགི་རྒྱལ་པོ་རྣམ་པར་སྣང་བྱེད་ཅེས་བྱ་བ་དང་འགྲོ་བ་སྐྱོང ་དང་། དེ་ལ་སོགས་པ་དག་ཀྱང་དེའི་ཚེ་དེར་ལྷགས་ཏེ། དེ་དག་ཐམས་ཅད་ཀྱིས་ཀྱང་རང་རང་གི་མཆོད་པས་མཆོད་པ་ལྔ་མ་རྣམས་ཟིལ་གྱིས་མནན་ནས། བཅོམ་ལྡན་འདས་ལ ་མཆེད་པ་ཆེན་པའི་ཚོགས་ཀྱི་མཆོད་ནས།། ཞལ་ཟས་མ་བཞེས་པའི་ཕྱིར་མཆོག་ཏུ་སྡུག་བསྔལ་བར་གྱུར་ཏེ། རེ་ཐག་ཆད་ནས་ལངས་ཏེ། བཅོམ་ལྡན་འདས་ཀྱི་མཐུས། ཏ་ལ ་བདུན་གྱི་སྲིད་ཙམ་དུ་འཕགས་ཏེ་འཁོད་དེ།། གཞན་ཡང་དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲ་མ་གཏོགས་པ་རི་ཡངས་པ་ཅན་གྱི་རྒྱལ་པོ་ཟླ་བ་དྲི་མ་མེད་པའི་སྙིང་པོ་གྲོང་ཁྱེར་གྱི་ནང་ན ་གནས་པ་དང་། ཕྱི་རོལ་ན་གནས་པའི་གཡོག་འཁོར་དང་བཅས་པ་ལ་སོགས་པ། འཛམྦ་གླིང་ཐམས་ཅད་ཀྱི་གྲོང་ཁྱེར་དང་། རི་ཁྲོད་ཀྱི་གྲོང་དང་། ཡུལ་ཆེན་པོ་དང་། ཁ ་ལངས་ཀྱི་རྒྱལ་པོ་གངྒཱའི་ཀླུང་དྲུག་གི་བྱེ་མ་སྙེད་དང་ལྷན་ཅིག་ཏུ་དཔུང་གི་ཚོགས་ཡན་ལག་བན་དང་བཅས་ཏེ་ལྷག་སོ།། རྒྱལ་པོ་དེ་རྣམས་རེ་རེ་ལ་ཡང་དམག་འཁྲུགས་ཡང་ཕྲག་བཅོ ་བརྒྱང་བཅོ་བརྒྱད་ཡང་ངོ་།། དེ་དག་ལ་གླང་པོ་ཆེ་རྟག་ཏུ་འགྲམ་པ་ནས་རྡུལ་འཛག་པ་དང་། རྟ་རླུང་གི་ཤུགས་པས་ལྤགས་པར་འགྱེགས་པ་དག་ཀྱང་ཡོད་དོ།། དེ་དག་གི་མཆོད་པའི་ཡོ་བྱད ་གང་ཡིན་པ་དེ་དག་ཀྱང་མཆོད་པའི་ཡོ་བྱད་སྔ་མ་དེ་དྲག་ལས་ཉིས་འགྱུར་གྱིས་ཆེས་བཟང་ལ་ཆེས་མང་སྟེ། དེ་ལྟ་བུའི་མཆོད་པའི་ཕུལ་དག་ཁྱེར་ནས། དཔུང་གི་ཚོགས་ཡན་ལག ་བཞི་དང་བཅས་ལྷག་སོ།། དེ་དག་གི་མཆོད་པ་དེ། རྣམས་ཀྱི་ནང་ན། གདུགས་ཐུང་ངུ་གང་ཡིན་པ་དེ་ཡང་ད། བག་ཚད་བརྒྱད་ཅུ་ཞེང་གང་བར་འདུག་གོ།། བ་དན་གྱི་ནང་ན ་ཆུང་ངུ་གང་ཡིན་པས་ཀྱང་དཔག་ཚད་བརྒྱ་སྟོང་དུ་ཡིན་ནོ།། རྒྱལ་མཚན་པལ་པ་གང་ཡིན་པ་དེ་ལ་ཡང་འབང་དུ་དཔག་ཚད་སུམ་ཅུ་ཡོད་དོ།། དེ་ལྟར་ཡངས་པ་ཅན་གྱི་རྒྱལ་པོ་ཟླ་བ་དྲི ་མ་མེད་པའི་རྒྱལ་པོ་དང་གཉི་འོད་ཅེས་བྱ་བ་དང་དེ་ལོ་སོགས་པ་རྒྱལ་པོ་རྣམས་ཉི་མ་འཆར་དཀར་ལྷགས་ཏེ། དེ་དག་ཀྱང་དམ་པའི་ཆོས་སུན་འབྱིན་ཅིང་རྟགས་ཅན་འཆལ་བ་རྣམས་ཀྱི ་སེར་བ་ལྟ་བུར་གྱུར་པ། མཐས་ཀྱང་སེམས་ཅན་རྣམས་དམ་པའི་ཆོས་ལ་འགོད་པར་བྱེད་པ་དང་། བདག་ཅག་ནོར་དང་འབྲུའི་ཚོགས་དང་། མཛོད་དང་འབྲུའི་ཚོགས་གང་ཡིན་པ་དེ་དག ་ནི་དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་རོ།། སྙམ་དུ་སེམས་པ་ཤ་སྟག་དང་། བདག་ཅག་གི་དམ་པའི་ཆོས་ལ་ནན་ཏན་བྱའོ།། དམ་པའི་ཆོས་སུན་འབྱིན་པ་རྣམས་རྣམས་ཀྱི་ལྕེ་ནི ་དྲུང་ནས་གཅད་དོ་ཞེས་དམ་བཅས་པ་བརྟན་པོར་བྱས་པ་ཤ་སྟག་དང་། ཐེག་པ་ཆེན་པོ་འདོད་པ་དང་། འཇིག་རྟེན་ཐམས་ཅད་ལ་སྙིང་བརྩེ་བ་ཤ་སྟག་སྟེ། དེ་དག་གི་མཆོད་པ་རྣམས་ཀྱིས ་ཡངས་པ་ཅན་ནས་གྲོང་ཁྱེར་ཀུ་ཤིའི་བར་ཐམས་ཅད་ཀུན་ཏུ་གང་བར་གྱུར་ཏོ།། དེ་དག་གི་གདུགས་ཀྱི་གྲིབ་མ་མདབ་ཆག་སུ་འདུག་པས་ནི་ཉི་མིའི་འོད་ཀྱི་མི་པོའོ།། དེ་དག་གིས་ཁ་ཟས་ཀྱི་དྲི ་བསུང་གིས་ནི་དཔག་ཚད་བཞིར་ཁྱབ་པར་གྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་ལ་རང་རང་གིས་སྦྱར་བའི་ཞལ་ད་ཟས་བཞེས་པར་ལན་གསུམ་གྱི་བར་དུ་གསོལ་བ་བཏབ་ཀྱང་། ་ཞལ་ཟས་མ་བཞེས་ནས་ཡིད་མི་དགའ་སྟེ། ལངས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེའི་རྒྱལ་པོ་མ་སྐྱེས་དགྲའི་བཙུན་མོ་མ་གཏོགས་པར་ཡངས་པ་ཅན་གྱི ་རྒྱལ་པོའི་བཙུན་མོ།། འཇིག་རྟེན་གསུམ་ན་མཛེས་མ་ལ་སོགས་པ། འཛམྦུ་གླིང་གི་རྒྱལ་པོ་དང་། ཚོང་དཔོན་དང་། ཁྱིམ་བདག་རྣམས་ཀྱི་ཆུང་མ་གདྨའི་ཀླུང་བདུན་གྱི་བྱེ་མ་སྙེད་དང་ལྷན་ཅིག ་ཏུ་ལྷགས་ཏེ། དེ་དག་ཐམས་ཅད་ཀྱང་བུད་མེད་ཀྱི་གཟུགས་ཀྱི་སེམས་ཅན་མང་པོ་ངེས་པར་སྒྲོལ། རྟག་ཏུ་ལུས་བསྒོམ་པ་དང་ལྡན་པ་ཆེན་པོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན ་བ་མེད་པས་སེམས་རྣམ་པར་དག་པ་ཤ་སྟག་སྟེ། འདི་ལྟ་སྟེ། ཡངས་པ་ཅན་གྱི་རྒྱལ་པོའི་བཙུན་མོའི་འཇིག་རྟེན་གསུམ་ན་མཛེས་མ་ཞེས་བྱ་བ་དང་། བཙུན་མོ་བྲི་ཡང་ཀུ་ཞེས་བྱ་བ་དང་། ་དེ་ལ་སོགས་པ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་བུ་ཅིག་པ་ལ་བྱང་བཞིན་དུ། སྙིང་རྗེ་དང་ལྡན་པ་ཤ་སྟག་སྟེ། གཅིག་ལ་གཅིག་འཇུས་ནས། དེ་བཞིན་གཤེགས ་པའི་གདུང་ཞུགས་ལ་ཞེན་པའི་ཕྱིར།། ཡམ་སྲེག་ཤིང་རྣམས་ཁྱེར་ཏེ། མཆོད་པ་སྔ་མ་ཐམས་ཅད་རང་རང་གི་མཆོད་པ་རྣམས་ཀྱིས་ཟིལ་གྱིས་མནན་ནས། བཅོམ་ལྡན་འདས་ལ་ཉིས་འགྱུར ་དུ་མཆོད་པ་བྱས་ཏེ། དེ་དག་གི་མཆོད་པའི་ཡོ་བྱད་རྣམས་ཀྱི་རྒྱལ་མཚན་དང་། བ་དན་དང་། གདུགས་རྣམས་ཀྱི་འཕང་དང་། ཆུ་ཞེང་གི་ཚད་ཀྱང་སྔ་མའི་ཉིས་འགྱུར་བས་ལྷགོ།། ཁ་ཟས་རྣམས ་ཀྱི་དྲི་བསྲུང་ཆེན་ནི་དཔག་ཆད་བརྒྱད་དུ་ཁྱབ་པ་ར་གྱུར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་། ཞལ་ཟས་མ་བཞེས་ནས ་བཅོམ་ལྡན་འདས་ལ་བསྐོར་བ་བྱེད་ཅིང་།། སྐྲ་འ་བལ་ལ་རང་རང་གི་རྒྱན་རྣམས་འཐོར་ཞིག་སྐད་མི་སྙན་པས་ངུས་ཏེ། བུ་གཅིག་པ་ཤི་བ་བཞིན་དུ་མཆོག་དུ་སྡུག ་བསྔལ་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་མཐུས་ས་ལ་ཟུང་གི་དྲུང་ཉིད་དུ་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་ལྷ་མིག་ཡང་ཤེས་བྱ་བ་ལ་སོགས་པ། ལྷའི་ཚོགས་གཽངྒའི ་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་དང་། ལྷན་ཅིག་ཏུ་ལྷགས་ན། ལྷ་དེ་དག་གིས་འདི་སྐད་ཅེས་སྨྲསོ།། གྲོ་ན་། མི་རྣམས་ཀྱི་མཆོད་པའི་ཡོ་བྱད་མཆོག་ཏུ་ཁྱད་པར་འཕགས་ལ། དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མཆོད་པ་དང་བཀུར་སྟི་ཐམས་ཅད་མཆོད་པར་འདོད་དེ། མི་རྣམས་ཀྱི་ཞབ་ཟས་ཀྱི་ཐ་མ་བཞེས་པའི་ཕྱིར ་བཅོམ་ལྡན་འདས་ལ་གསོལ་བ་འདེབས་ཀྱིས་གྲོག་པོ་དག་བདག་ཅག་གིས་ཀྱང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོ་ནས་མཆོད་པ་བྱ ་ཞིང་། ཐ་མའི་དུསུ་ཞལ་ཟས་དབུལ་བར་བྱ་ན། ཇི་ལྟར་བདགིས་ཕུལ་བའི་ཞལ་ཟས་དེ་བཞིན་གཤེགས་པས་གསོལ་ཏེ། ཡོངསུ་མྱ་ངན་ལས་འདའ་བར་གཤེགས་པར་མཛད་ཅིག་གུ། ་གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་ཤིན་ཏུ་དཀོན་ཏོ།། དེ་བས་ཀྱང་ཞལ་ཟས་ཀྱི་ཐ་མའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཕུན་སུམ་ཚོགས་པ་ནི་ཆེས་དཀོན་ནོ།། ཀྱེ་མ་བཅོམ་ལྡན་འདས་ཡོངས ་སུ་མྱ་ངན་ལས་འདས་ན་ནི་འཇིག་རྟེན་སྟོང་པར་འ་གྱུ་རོ་ཞེས་སྨྲས།། ལྷ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ངས་པར་འདོད་ལ། ཐོས་ནས་ཀྱང་གཞན་དག་ལ་བསྟན་ཏོ་སྙམ་དུ ་དམ་བཅས་པ་ཐེག་ཆེན་པོས་བསྒོམ་གངོམས་ནས་ཀྱང་གཞན་སྐོམ་པ་རྣམས་ངོམས་པར་བྱའོ་སྙམ་དུ་ངམ་བཅས་པ་ཐེག་པ་ཆེན་པོ་ལ་སེར་སྣ་མེད་ག། ཐེག་པ་ཆེན་པོ་ལ ་ཕྲག་དོག་དང་། དུས་ཆེ་བ་དང་། འཆབ་པ་དང་། སྒྱུ་མེད་ག་ཐེག་པ་ཆེན་པོ་སུན་འབྱིན་པའི་སེམས་ཅན་རྣམས་ཀྱི་སེར་བ་ལྟ་བུར་གྱུར་པ། དམ་པའི་ཆོས་བསྲུང་བའི་ཚུལ་ཁྲིམས་བླངས་པ་འཇིག ་རྟེན་དང་འཐུན་པར་སློབ་པར་འདོད་པ་བདག་ཅག་རྒོལ་ནས་གཞན་བསྒྲལ་བར་བྱའོ།། བདག་ཅག་གྲོལ་ནས་གཞན་དགྲོལ་བར་བྱའོ།། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ།། དཀོན་མཆོག་སུམ་གྱི། ་གདུང་མི་འཆད་པར་བྱའོ་སྙམ་དུ་སློབ་པར་འདོད་པ་གོ་ཆ་ཆེན་པོ་བགོས་པ་བསླབ་པ་རྣམས་ལ་དམ་བཅས་པ་བརྟན་པ་དང་། དེ་བཞིན་དུ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་བུ་ཅིག་པ་ལ ་། བྱ་བ་བཞིན་དུ་འཇིག་རྟེན་ཐམས་ཅད་ལ་སྙིང་རྗེས་ལྟ་བ་ཤ་སྟག་སྟེ། དེ་དག་ཀྱང་ཉི་མ་འཆར་ཀར་སྟོན་པ་ཡོངསུ་མྱ་ངན་ལས་འདའ་བའི་གདུང་ཞུགས་ལ་བཞིན་པའི་ཕྱིར་བུད ་ཤིང་དང་ཡམ་སྲེག་ཤིང་རྣམས་ཁྱེར་ཏེ། དེ་དག་ཀྱང་སྔ་མས་ཕུལ་བའི་ཡམ་སྲེག་ཤིང་གི་ཉིས་འགྱུར་བས་བཟང་བའི་ལྷ་རྫས་དྲི་བསུང་དང་ལྡན་པ་ཡིད་དུ་འོང་བ་མི་ལ་དཀོན་པ་ཤ་སྟག་གོ།། ་ཤིང་རྟ་ཡང་རྟའི་མཆོག་མགྱོགས་པ་དག་དང་སྦྱར་བ་དར་ལ་དཀར་པོས་གཡོགས་པ། གཟུགས་དང་དབྱིབས། རི་མོར་བྲི་བར་མི་ནུས་པ་དྲིལ་བུ་གཡེར་ཁའི་དྲ་བ་ཅན་གྱི་ཡོལ་བས་བསྐོར ་གདར་ཡུག་ཁྱིམ་ཆེན་པོའི་བླ་རེ་རྒྱ་ཆེན་པོ་རྩ་བ་རི་མོ་ཅན་དག་ལ་བཅུག་པ་དང་། གར་ཐབས་དང་། རོལ་ལོ་ཡིད་དུ་འོང་བ་རྣམས་ཀྱི་མདུན་དུ་དྲངས་པ་ཁ་ཟས་ཞིམ་པོ་མང་པོ་དག ་དང་། སེངྒེའི་ཁྲི་བཻ་ཌཱུཪྻའི་རྒྱབ་རྟེན་རྩེ་མོ་ནོར་བུའི་འོད་ཀྱིས་སྣང་བར་བྱས་པ། ཞབས་རྟེན་གསེར་ལས་བྱས་པ་དག་ཀྱང་བ་ཤམས་པ་དང་། ས་ཕྱོགས་ཀྱང་མེ་ཏོག་དྲི་བསྲུང ་ཞིམ་པོ་སྣ་ཚོགས་ཀྱིས་མཛེས་པར་བྱས་ལ་མེ་ཏོག་གི་སིལ་མ་བཀྲམ་ཞིང་བཀོད་པ་དཔུང་གི་ཚོགས་ཡན་ལག་བཞིའི་ཕྱི་བཞིན་འབྲང་བ་ཤ་སྟག་སྟེ། སོ་ནས་མཆི་མ་ཁྲག་ལྟ་བུ་མི་ཐུབ ་ཅིང་། མཆོག་ཏུ་སྡུག་བསྔལ་བས་གདུངས་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་། སྙིང་བརྩེ་བའི་ཕྱིར་དང་། གདུལ་བར་བྱ་བའི་དབང་གི་དོན་དུ་ཐེག་པ་ཆེན་པོའི་མཆོག་དུ ་གསང་བ། སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་ཆོས་ཀྱི་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ ་མགོ་བོས་ཕྱག་འཚལ་ནས། མཆོད་པ་དང་བཀུར་བསྟིའི་མཆོག་རྣམས་མང་པོ་དག་བྱས་ཏེ། བཀོར་བ་ཡང་བྱས་ནས། བཅོམ་ལྡན་འདས་ཀྱི་འཁོར་རྣམས་ཀྱི་ཕྱིར་རང་རང་གི་བླ་གོས ་ས་ལ་བཏིང་སྟེ། རང་རང་གི་རྒྱུན་རྣམས་བྲོག་ཅིང་གཏོར་ནས། རང་རང་གི་སྒྱུ་འབལ་ཞིང་སྐད་མ་སྙན་པས་དྲ་སྟེ། བཅོམ་ལྡན་འདས་ལ་ཚིག་མཐུན་པར་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་ཀྱིས་བདགིས་སྦྱར་བའི་བཤོས་གསོལ་ཏེ། ཡོངསུ་མྱ་ངན་ལས་འདའ་བར་མཛད་གསོལ་ཞེས་ལན་གཉིས་ལན་གསུམ་དུ་གསོལ་བ་བཏབ་ཀྱང་། བཅོམ་ལྡན ་འདས་ཀྱིས་མ་བཞེས་ཏེ། ཅང་མི་གསུང་ནས། དེ་དག་རེ་ཐག་ཆང་དེ་ལངས་ནས། ཕྱོགས་གཅིག་ཏུ་འཁོད་དོ།། གཞ་ན་ཡང་དེའི་ཚེ། ཀླུའི་རྒྱལ་པོ་ཕྱོགས་བཞིན ་གནས་པ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང་དགའ་བོ་དང་། ཉེད་གའ་བོ་ལ་སོགས་པ། ཀླུའི་རྒྱལ་པོ་གངྒཱའི་ཀླུང་དགུའི་བྱེ་མ་སྙེད་ཤིན་ཏུ་རིངས་པར་ཉི་མ་འཆར་དཀར ་ལྷ་རྣམས་ཀྱི་མཆོད་པ་བྱས་པ་ལས་ཀྱང་ཉིས་འགྱུར་བས་ལྷགས་པའི་མཆོད་པའི་ཡོ་བྱད་རང་རང་གི་འབྱོར་པ་དང་མཚམ་པ་དག་ཁྱེར་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་དོང་སྟེ ་ཕྱག་འཚལ་ནས་ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་བསམ་པ་བཞིན་དུ་མ་གྲུབ་ནས་ལངས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ། རྣམ་ཐོས་ཀྱི་བུ་ལ་སོག ་གགནོད་སྦྱིན་གྱི་བདག་པོ་གཡོག་འཁོར་དང་བཅས་པ། གངྒཱའི་ཀླུབ་བྱེ་མ་སྙེད་ཅིག་ལེ་གཅིག་འཇུས་ནས། རང་རང་གི་མཆོད་པ་རྣམས་ཀྱིས་ཀླུའི་རྒྱལ་པོ་རྣམས་ཀྱི་མཆོད་པསྔ ་མ་ཟིལ་གྱིས་མརན་རས་ཚོགས་ཆེན་པོ་དང་ཆས་ཏེ་ལྷགས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང ་བཅོམ་ལྡན་འདས་ཀྱི་ཞལ་ཟས་མ་བཞེས་ནས་ཡིད་མི་དགའ་སྟེ། ལངས་ནས། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ། ན་མཁའ་ལྡིང་གི་བདག་པོ་དགྲའི་མཛའ་བོ་ཞེས་བྱ་བ་ལ ་སོགས་གན་མཁའི་ལྡིང་གི་རྒྱལ་པོ་གངྒཱའི་ཀླུང་ཉི་ཤུ་བྱེ་མ་སྙེད་ཀྱིས་རང་རང་གི་མཆོད་པས་གནོད་སྦྱིན་གྱི་རྒྱལ་པོ་སྔ་མ་དག་གི་མཆོད་པ་རྣམས་ཟིལ་གྱིས་མནན་ནས། བཅོམ་ལྡན ་འདས་ལ་ཕྱག་འཚལ་ཏེ། ཞལ་ཟས་བཞེས་པར་གསོལ་བ་བ་ཏབ་ཀྱང་ཞལ་ཟས་མ་བཞེས་ནས་ཡིད་མི་དགའ་སྟེ། ལངས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི ་ཚེ། དྲི་ཟིའི་བདག་པོ་མིས་བྱིན་གྱི་བུ་ལ་སོགས་པ་དྲི་ཟའི་བད། ག་པོ་གངྒཱའི་ཀླུང་སུམ་ཅུའི་བྱེ་མ་སྙེད་ཀྱིས་མཆོད་པ་ཐ་མས་ཅད་པས་ཀྱང་ཆེས་མཆོག་ཏུ་གྱུར་པའི ་མཆོད་པ་རྣམས་ཁྱེར་ཏེ་འོངས་ནས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཏེ། རོལ་མོ་སྙན་དགུ་བྱས་ནས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ཞལ་ཟས་བཞེས་པར་གསོལ་བ ་བཏབ་ཀྱང་། བཅོམ་ལྡན་འདས་ཀྱིས་མ་བཞེས་ནས་དེ་དག་ཀྱང་ཡིད་མི་དགའ་བར་འགྱུར་ཏེ། ལངས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ། མི་འམ་ཅིའི་བདག་པོ་ལེགས ་མཐོང་ལ་སོགས་པ། མི་འམ་ཅིའི་བདག་པོ་གངྒཱའི་ཀླུང་བཞི་བཅུའི་བྱེ་མ་སྙེད་ལྷགས་ཏེ། སྔ་མ་རྣམས་ཀྱི་མཆོད་པ་དེ་དག་བསྡོམ་པས་ཀྱང་། དེ་དག་རེ་རེའི་མཆོད་པ་ཆེས་ཁྱད་པར་འཕགས ་པར་གྱུར་ཏེ། དེ་དག་ཀྱང་ཞལ་ཟས་མ་བཞེས། ཡིད་མི་དགའ་བར་གྱུར་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ། ལྟོ་འཕྱེ་ཆེན་པོའི་བདག་པོ་ལེགས་མཐོང་ཆེན་པོ་ལ་སོགས་པ། ་ལྟོ་འཕྱེ་ཆེན་པོའི་བདག་པོ་གང་གའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་མཆོད་པ་སྔ་མའི་ཉིས་འགྱུར་ཁྱེར་བ་ལས་སྔ་མ་བཞིན་དུ་ཞལ་ཟས་མ་བཞེས་ནས། ཡིད་མི་དགའ་སྟེ་ཕྱོགས་གཅིག་ཏུ ་འཁོད་དོ།། གཞན་ཡང་དེའི་ཚེ་ལྷ་མ་ཡིན་གྱི་བདག་པོ་བདེ་མཆོག་རིགས་ལ་སོགས་པ། ལྷ་མ་ཡིན་གྱི་བདག་པོ་གངྒིའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་དུ། ལུས་ཆེ་ཞིང་སྣང་བ་ཆེན་པོ་དང་ལྡན་པ། ་ལྷ་མ་ཡིན་གྱིས་བསམ་པ་ཤ་སྟག་གིས་མཆོད་པ་སྔ་མཉིས་འ་གྱུར་གྱི་མཆོད་པ་དག་ཁྱེར་ཏེ་འོངས་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཞལ་ཟས་མ་བཞེས་ཏེ། ཡིད་མི ་དགའ་བར་གྱུར་ནས་ལངས་ཏེ་ཤིང་ས་ལ་ཟང་གི་དྲང་དུ་རང་རང་གི་གཟི་བྱིན་གྱིས་སྣང་བར་བྱས་ཏེ་འཁོད་དོ།། གན་ན་ཡང་དེའི་ཚེ། སྦྱིན་བྱེད་མའི་བུའི་བདག་པོ་གང ་གིའི་ཆུ་དྲི་མ་མེད་པ་རྗེས་བྱིན་ལ་སོགས་པ། སྦྱིན་བྱེད་མའི་བུ་གངྒཱའི་ཀླུང་བདུན་ཅུའི་བྱེ་མ་སྙེད། ལུས་ཆེ་ཞིང་སྣང་བ་ཆེན་པོ་དང་ལྡན་པ་སྦྱིན་བྱེད་མིའི་བུའི་བསམ་པ་མེད་པ་ཤ་སྟག ་གིས་མཆོད་པ་སྔ་མ་ཐམས་ཅད་ལས་མཆོད་པོ་ཉིས་འགྱུར་བས་བཟང་བ་དག་ཁྱེར་བ་ལས། སྔ་མ་བཞིན་དུ་ཞལ་ཟས་མ་བཞེས་ནས། ཡོད་མི་དགའ་བར་གྱུར་ཏེ། ཤིང་ལ་ཟུང་གི་དྲུང ་དུརང་རང་གི་གཟི་བརྗིད་ཀྱིས་སྣང་བར་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ། སྲིན་པའི་བདག་པོ་འཇིགས་བྱེད་ལ་སོགས་པ། སྲིན་པོའི་བདག་པོ་གངྒཱའི་ཀླུང ་དརྒྱང་ཅུ་འབྱེ་མ་སྙེང་སྲིན་པོའི་བསམ་པ་མེད་པ་ཤ་སྟ་གིས་གཟི་བརྗིད་ཆེན་པོའི་ཚོགས་ཀྱིས་ས་ལ་ཟུང་གི་དྲུང་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ། འབྲས་བུའི་ཤིང་གི་བདག་པོ་དྲིས་ལ་ལ་སོགས་པ། འབྲས་བུའི་ཤིང་གི་བདག་པོ་གངྒཱའི་ཀླུང་དགུ་ཅུའི་བྱེ་མ་སྙེད་ཀྱིས་སྔ་མའི་མཆོད་པ ་ཐམས་ཅད་པས་ཉིས་འགྱུར་ཉིས་འགྱུར་གྱིས་ལྷག་པའི་མཆོད་པའི་ཚོགས་ཁྱེར་ནས། ཁུ་བྱུག་པོ་རྒྱགས་པ་རྣམས་དང་། བུང་བ་རྣམས་སྐད་འབྱིན་པ་དང་ལྡན་པའི་མེ་ཏོག་འཚེ་བའི་ཁྭ ་ཤིང་མང་པོའི་དོག་པ་དང་ལོ་མ་ཁ་འབུས་པ་རྣམས་ཀྱིས་ས་ཕྱོགས་བརྒྱན་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་རིག་སྔགས་འཆང་གི་རྒྱལ་པོ་སྒྱུ་འཕྲུལ་ཆེན་པོ་ལ་སོ། ་བ་རིག་སྔགས་འཆང་གི་རྒྱལ་པོ་གངྒཱའི་ཀླུང་སྟོང་། གི་བྱེ་མ་སྙེད་ཀྱི་མཆོད་པ་སྔ་མ་ཉིས་འགྱུར་བས་ལྷག་པའི་མཆོད་པ་དག་ཁྱེར་ནས། ཕྱོགས་གཅིག་ཏུ་འཁོད་དོ།། གཞན ་ཡང་དེའི་ཚེ་ལྷ་མོ་འདོད་དགུར་སྒྱུར་བའི་གཟུགས་ཅན་ལེགས་མཐོང་མ་ལ་སོགས་པ་གངྒཱའི་ཀླུང་བྱེ་མ་སྙེད་ཀྱིས་ཡངས་པ་ཅན་གྱི་རྒྱལ་པོའི་བཙུན་མོའི་མཆོད་པའི་ཉིས་འགྱུར་བས ་ལྷག་པ་དག་ཁྱེར་ཏེ། རང་རང་གི་རྒྱན་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ས་ལ་སྤུངས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་ལྷ་མོ་རབ་བྷ་དང་། ཨུརྦ་ཤི་ལ་སོགས ་ག་ལྷའི་བུ་མོ་གངྒའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་མཆོད་པ་སྔ་མོའི་ཉིས་འགྱུར་ཉེས་འགྱུར་བས་ཆེས་ལྷག་པར་མང་ཞིང་། སྦ་བ་དག་གིས་མདུན་དུ་དྲངས་ཏེ། སྔ་མ་བཞིན་དུ ་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ། འབྱུང་བའི་ཚོགས་པ་བསངས་ལྟར་འཁོར་བ་ཞེས་བྱ་བ་ལ་སོགས་པ་གངྒཱའི་ཀླུང་བྱེ་བ་ཕྲག་སྟོང་གི་བྱེ་མ་སྙེད་སྔ་མ་བཞིན་དུ་ཕྱོགས ་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ། འཇིག་རྟེན་སྐྱོང་བ་བཞིའི་ལྷའི་བུ་གངྒའི་ཀླུང་གི་བྱེ་བ་ཕྲག་འབུམ་དང་ལྷན་ཅིག་ཏུ་མཆོད་པ་སྔ་མའི་ཉིས་འགྱུར་ཉིས་འགྱུར་བས་ལྷག་པ་དག། ་ཁྱེར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཞལ་ཟས་མ་བཞེས་ནས། སྔ་མ་བཞིན་དུ་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ། རླུང་ལྷ་བཞི་རླུང་གཏོང་བའི་ལྷ། གངྒའི ་ཀླུང་བྱེ་བ་བྲག་འབུམ་དང་ལྷན་གཅིག་ཏུ་དུས་མ་ཡིན་པར་ཡང་ཤིང་ལྗོན་པ་དང་། ཁྲི་ཤིང་དང་། ཤིང་གེལ་བ་དང་། ནགས་རྣམས་དང་། སྙེ་མ་དང་། མེ་ཏོག་གི་ཁྲི་ཤིང་དང་། ་བྱི་རུ་རྣམས་ཀྱིས་ས་ཕྱོགས་བརྒྱན་པར་བྱེད་། དུས་ཚིག་ཐམས་ཅད་ཀྱི་མེ་ཏོག་གི་དཔལ་རྣམས་ཕྱོགསུ་རྒྱས་པར་བྱེད་ལ་ལོ་མ་ཁ་འབུས་པ་རྩ་དམར་བ་རྣམས་ཀྱིས ་ཤིང་ས་ལ་ཟུང་ཉི་མ་འཆར་ཀིའི་འོད་ཟེར་སེར་པོ་ཛ་ཧོང་ཀར་འདུག་པ་བཞིན་དུ་བྱས་ནས། མཆོད་པ་སྔ་མའི་ཉིས་འགྱུར་བས་ལྤགས་པའི་མཆོད་པ་དག་ཁྱེར་ཏེ། བཅོམ་ལྡན་འདས་ལ། ་མཆོད་པ་བྱས་ནས་སྔ་མ་བཞིན་དུ་ཤིང་ས་ལ་ཟུང་གི་དྲུང་དུ་འཁོད་དོ།། གཞན་ཡང་དེའི་ཚེ། ཆར་པ་འབེབས་པའི་ལྷ་གངྒཱའི་ཀླུང་གི་བྱེ་མ་སྙེད། སྤྲིན་ཆེན་པོ་དང་། ཆུ་སྐྱར་རྣམས་ཕྱི་བཞིན ་འབྲང་ཞིང་གློག་འགྱུར་བའི་གསེབ་ནས། རྨ་བྱིའི་འགྲིན་པ་ལྟར་མདོག་སྔོ་བའི་ཆར་གྱི་རྒྱུན་འབབ་ལ་འབྲུག་སྒྲ་ངལ་ནས་སྒྲོགས་པའི་སྤྲིན་དང་ལྡན་པས། ཆར་ཟིམ་བུ་བསིལ་བ་དང ་འདྲེས་པའི་མེ་ཏོག་གི་འཆར་འབེབས་ཤིང་། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཞལ་ཟས་མ་བཞེས་ནས། རེ་ཐག་ཆད་དེ། དེ་བཞིན་གཤེགས་པའི་གདུང་ཞུགས་ལ་ཞེན ་པའི་མི་གསང་བའི་ཕྱིར་ན་མཁའ་ཉིད་ལ་འཁོད་དོ།། གཞན་ཡང་དེའི་ཚེ། སྤོས་ཀྱི་གླང་པོ་སྒྲ་ཅན་དང་། ལུང་བཏང་མདོག་དང་། སྦྲང་རྩིའི་མདོག་སེལ་དང་། འདོད་དགུའི་སྤོས་ལྡན་ལ་སོགས ་པ་སྤོས་ཀྱི་གླང་པོ་གངྒཱའི་ཀླུང་ཉི་ཤུའི་བྱེ་མ་སྙེད་ཐེག་པ་ཆེན་པོ་འདོད་པ་ཤ་སྟག་གིས་སྟོན་པ་ཡོངསུ་མྱ་ངན་ལས་འདའ་བའི་ཕྱིར། གངས་ཀྱི་སྨན་དང་། པདྨའི་རྩ་བ་དང་། སྡོང་བུ་ཤིང ་རྟ་ཆེན་པོའི་འཕང་ལོ་ཙམ་ཤ་སྟག་དང་། དགོན་པ་ཆེན་པོ་དག་ནས་པདྨ་དང་། ཨུད་པ་ལ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། རྩ་བ་དང་། འབྲས་བུ་དང་། རྡོ་གུ་ཐ་དད་པ་དུ་མ་དག ་སྣོ་ཐོར་ཏོས་ཕྱུང་ཞིང་ཁྱེར་ཏེ། རླུང་གི་ཤུགས་པས་ཀྱང་རྨེ་ས་འགྱོགས་པ་དང་། ཤིན་ཏུ་རང་བར་དབྱར་གྱི་འབྲུག་སྒྲ་བཞིན་དུ་སྒྲོགས་ཤིང་ལྷགས་ནས། པདྨའི་འདབ ་མ་བཅེར་བའི་སངྒེའི་ཁྲིའི་ལྔ་ལྡི་དགེ་བཤམས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཞལ་ཟས་མ་བཞེས་པས་རི་ཆད་དེ། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ། ་སེངྒེ་སེངྒེ་བསྒྲ་སྒྲོགས་ཤེས་བྱ་བ་ལ་སོགས་པ་སེངྒེ་གངྒའི་ཀླུང་སུམ་ཅུའི་བྱེ་མ་སྙེད། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཤ་སྟག་གིས། སེངྒེའི་རྩལ་ཆེན་པོས་སྒོ། ་ཀྱི་གླང་པོ་ཆེ་རྣམས་དང་འདྲལ་མེ་ཏོག་འབྲས་བུ་རྣམས་ཁྱེར་ཏེ། རིངས་པར་ལྷགས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ། བྱ་ངང་པ་དང་། ཁྲུང་ཁྲུང་དང་། ངུར་པ ་དང་ཀ་དམ་པ་དང་། ཟལ་མོ་དང་། གཞན་དང་། ཁུ་ཐུག་དང་། བ་ལི་ཀ་དང་། ཀ་ལ་བིང་ཀ་དང་། ཤང་ཤང་ཏེའུ་ལ་སོགས་པས་ཀྱང་། སྤོས་ཀྱི་གླང་པོ་ཆེ་རྣམས་དང་འདྲ་བར་མེ་ཏོག ་འབྲས་བུ་ཁྱེར་ཏེ། རང་རང་གི་སྐད་ཕྱུང་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེའི་སའི་སྟེང་ན་བ་དན་དང་། མ་ཧེ་མོ་དང་། རམ་མོ་ཡོད་དོ་ཅོག་གིས་ཀྱང་། ནུ་མའོ་མས ་བཀང་སྟེ། ཤིན་ཏུ་རིང་བར་ལྷགས་ནས། ཤིང་ས་ལ་ཟུང་གི་དྲུང་ནས་ཕྱོགས་གཤོང་ཞིག་མཐོང་ནས་དེར་རང་རང་གི་ནུ་མ་འོ་མས་གང་བ་དེ་དག་ལས་འོ་མ་གསེག་མ་དང་། བྱེ་མ་དང་། ་བ་ཚས་མ་འབགས་ཤིང་། ཚ་བའི་སྐྱོན་དུ་འགྱུར་བ་མེད་པ་དག་གཟགས་ཏེ། འོ་མ་དེ་དག་གི་ནང་ན། སྦྲང་བུ་དག་པས་ལ་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང ་དེའི་ཚེ། དྲང་སྲོང་བཟོད་པར་སྨྲ་བ་ལ་སོགས་པ། གླིང་བཞི་ན་གནས་པའི་དྲང་སོསྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། ཐེག་པ་ཆེན་པོ་འདོད་པ་ཤ་སྟག་ལ་གངྒཱའི ་ཀླུང་དཀྲིགས་ཀྱི་བྱེ་བ་སྙེད། རང་རང་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཡམ་སྲེག་ཤིང་དང་ཞལ་ཟས་དག་ཁྱེར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ་གཞན་ཡང་དེའི་ཚེ། འོད་སྲུང་ཆེན་པོ་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁ་ཅིག་དང་། གནས་བརྟན་ཀུན་དགའ་བོ་ལ་སོགས་པ་མ་གཏོག་པར་ཡུལ་ཕྱོགས་ན་གནས་པའི་དགེ་སློ ་ངསང་དགེ་སྤང་མ་ཕྲེང་མིང་བ་ས་མས་ཅ་ཅ་ས་ལུས་པ་རང་འི་སྡིག་གོ། གཞན་ས་ངོའི་མ་བ་ལ་ལགས་པ་རིན་པོ་མ་རྣམས་དག་འཛིག་རྟེན་གྱི་བར་མ་ཚམས་ཀྱིར ་ཀླུང་གྲངས་མེད་པའི་བྱེ་མ་སྙེད་ཀྱང་ཤིང་ལྗོན་པ་དང་། ཁྲི་ཤིང་མང་པོ་ཉི་མཚན་གྱི་གྲིབ་མ་བྱེད་པ་དང་། བྲག་ཟང་ཡག་གྲིབ་མཆེ་བ་དང་། བྲག་ཁ་ནས་འབབ་པའི་ཆུས་གང ་བ་དང་། རྨན་གཤེང་རྡེ་གུ་དང་། རྩ་བ་དང་། འབྲས་བུ་གང་བ་དག་ཀྱང་དེར་ལྷགས་སོ།། ལྷའི་བུ་མཐུ་བོ་ཆེའི་མདུན་མ་ཆེན་པོ་དག་ཀྱང་རི་རབ་དང་བཅས་ཏེ། མཆོད་པའི་ཕྱིར་ལྷགས་ནས། ་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་ངོ་།། གཞན་ཡང་དེའི་ཚེ། ལྷའི་བུ་མཐུ་བོ་ཆེ། འོད་ཆེན་པོ། རྒྱ་མཚོ་ཆེན་པོ་བཞིའི་ནང་ན་གནས་པ་དང་། ཆུ་ཀླུང་ཆེན་པོ་དག ་གི་ནང་ན་གནས་པ་གངྒཱའི་ཀླུང་གྲངས་མེད་པའི་བྱེ་མ་སྙེད་མཆོད་པ་སྔ་མ་བས་ཆེས་ཉིས་འགྱུར་གྱིས་མཛེས་པའི་མཆོད་པ་སྔོན་དུ་བཏང་ནས། ཉི་མའི་འོད་ཀྱིས་མར་མིའི་འོད་ཟིལ ་གྱིས་མནན་པ་བཞིན་དུ་རང་རིང་གི་འོད་ཀྱི་མི་མའི་འོད་ཟེལ་གྱི་ས་མནན་ཏེ། ཉི་མ་འཆར་ཀིའི་འོད་ཀྱིས། ཤིང་མྱ་ངན་འཆང་གི་ལོ་མ་ཐམས་ཅད་དམར་ལམ་མེར ་བྱེད་པ་བཞིན་དུ་རང་རང་གི་འོད་ཀྱིས་ཆུ་ཀླུང་གསེར་ལྡན་གྱི་ཆུ་ཀླུང་གསེར་ལྡན་གྱི་ཆུ་ཐམས་ཅད་དམར་ལམ་མེར་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ ་ཕྱོགས་གཅིག་ཏུ་འཁོད་ངོ་དོ།། གཞན་ཡང་དེའི་ཚེ། གྲོང་ཁྱེར་ཀུ་ཤི་ནས་ཤིང་ས་ལ་ཟུང་གི་བེར་སྐབས་ཀྱི་བར་སྣང་ལ། ཁ་བཟངས་རིའི་དབང་པོའི་རྩེ་མོ་ལྟེ་བུ་དང་པའི་ཐལ་གོང་ལྟར ་དཀར་བ་ཤ་སྟག་གིས་འཁྲིགས་པར་གྱུར་ཏོ།། ས་བཞི་རི་སྐྱེད་མོས་ཚལ་དང་། རྫིང་བུའི་ཆུ་བད་མས་མཛེས་པར་བྱས་པ་དག་གིས་གང་བར་འདུག་སྟེ། བྱང་གི་སྒྲ་མི་སྙན་གྱི་སྐྱེད་མོས ་ཆལ་བས་ཀྱང་ལྷག་པར་མཛེས་སོ།། གཅིག་ཏུ་དགའ་བའི་ཚལ་དང་། ཤིང་རྟ་སྣ་ཚོགས་ཅན་དང་འདྲ་བར་འགྱུར་ཏེ། ས་ཕྱོགས་དེ་དག་དེ་ལྟར་དགའ་དགའ་ཀྱང་། ལྷ་དང་ལྷ་མ་ཡིན་དང་། མི་དེ་དག ་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདའ་བའི་ཕྱིར་ཤིན་ཏུ་ངུའོ།། གཞན་ཡང་དེའི་ཚེ། རྒྱལ་ཆེན་བནིའི་རིས་ཀྱི་ལྷ་རྣམས་རང་རང་གི་འཁོར་ལ་འདི་སྐད་ཅེས་འཛེར་ཏོ།། གྲོགས་པོ་དག ་ལྟོས་འགྲོགས་པོ་དག་ལྟོས། ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱི་དེ་བཞིན་གཤེགས་པའི་མཆོད་པའི་ལས་ཁྱད་དུ་འཕགས་ལ་དེ་བཞིན་གཤེགས་པ་ལ་ཞལ་ཟས་ཀྱི་ཐ་མ་འབུལ་བ་ལ ་བརྩོན་གྱིས་གྲོགས་པོ་དག་བདག་ཅག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོ་སོ་ནས་མཆོད་པར་བྱའོ།། ཞལ་ཟས་ཀྱི་ཐ་མ ་ཡང་དབུལ་བར་བྱའོ།། གལ་ཏེ་བདག་ཅག་གིས་ཕུལ་བའི་ཞལ་ཟས་ཐ་མ་བཅོམ་ལྡན་འདས་ཀྱིས་བཞེས་པར་གྱུར་ན། དེ་ལ་ས་བདག་ཅག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེན ་བོ་ཐོབ་པར་འགྱུར་རོ་ཞེས་དེ་དག་གིས་དེ་སྐད་ཅེས་སྨྲས་ནས། གཡོག་འཁོར་མང་པོ་གྲངས་མེད་པ་དང་བཅས་པས་མཆོད་པ་ལྔ་མའི་ཉིས་འགྱུར་གྱི་མཆོད་པ་དང་། ཞལ་ཟས་མང་པོ་དག ་ཁྱེར་ཏོ།། མེ་ཏོག་མང་པོ་དག་ཀྱང་ཁྱེར་ཏེ། འདི་ལྟ་སྟེ། མན་ད་ར་བ་རྣམས་དང་། མན་དར་བ་ཆེན་པོ་རྣམས་དང་། ཀ་ཀེ་རུ་ཀ་རྣམས་དང་། ཀ་ཀཱ་རུ་ཆེན་པོ་རྣམས་དང་། མན་ཛུ་ཤ་ཀ་རྣམས ་དང་། མན་ཛུ་ཤ་ཀ་ཆེན་པོ་རྣམས་དང་། སན་ཏ་ནག་རྣམས་དང་། སན་ཏ་ནག་ཆེན་པོ་རྣམས་དང་། འོད་ཅན་རྣམས་དང་། འོད་ཆེན་ཆེན་པོ་རྣམས་དང་། ཀུན་ཏུ་འོད་ཅན་རྣམས་དང་། ་འོད་མཐའ་ཡས་པ་རྣམས་དང་། མཛེས་སྡུག་རྣམས་དང་། མཛེས་སྡུག་ཆེན་པོ་རྣམས་དང་། ངག་བྱེད་རྣམས་དང་། དྲི་མཆོག་རྣམས་དང་། དྲི་མཆོག་ཆེན་པོ་རྣམས ་དང་། སྤོས་ཀྱི་ངད་ལྡང་རྣམས་དང་། སྤོས་ཀྱི་ངང་ལྗང་ཆེན་པོ་རྣམས་དང་། ཀུན་ཏུ་ངང་ལྡིང་རྣམས་དང་། ཀུར་ཏུ་ངད་ལྔ་ཆེན་པོ་རྣམས་དང་། མཐའ་ཡས་དད་ལྡང་རྣམས་དང ་མཐའ་ཡས་དང་ལྡང་ཆེན་པོ་རྣམས་དང་། ལྷ་རྫས་ཀྱི་མངབ་མ་རྣམས་དང་། ཀླུང་ཤིང་གི་མེ་ཏོག་རྣམས་དང་། ཡོངས་འདུས་བརྟོལ་རྣམས་དང་། དེ་ལྟ་བུ་གཞན་དག་ཀྱང་ཁྱེར་ནས། ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། ཉི་མའི་ག་ཟི་བྱིན་གྱིས་སྲིན་བུ་མི་ཁྱེར་གྱི་འོད་ཟིལ་གྱིས་མནན་པ་བཞིན་དུ་རང་རང་གི་གཟི་བྱིན་གྱིས་ཐམས་ཅད་ཀྱི་འོད་ཟིལ་གྱིས་མནན ་ཏེ། ཞལ་ཟས་མ་བཞེས་ནས་ཕྱོགས་གཅིག་ཏུ་འ་ཁོད་དོ།། གཞན་ཡང་དེའི་ཚེ། ལྷའི་དབང་པོ་བརྒྱ་བྱིན་སུ་མ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འཁོར་དང་བཅས་པས། ་མཆོད་པ་ལྔ་མ་དེའི་ཉིས་འགྱུར་དེའི་རྐྱེན་དུ་འཚམ་པ་དེ་ན་ཡོད་པའི་མེ་ཏོག་གི་སྣ་གྲངས་དུ་མ་ཡིད་དུ་འོང་བ་རྣམས་དང་། ཡིད་དུ་འོང་བ་ཆེན་པོ་རྣམས་དང་། དྲི་གསུང་ཞིམ་པོ་ཁྱེར་རོ།། ་ཁངས་བཟངས་ཆེན་པོ་རྡོ་ཐལ་གྱི་མདོག་ལྟར་དཀར་བ། ཐེམས་སྐས་ཀྱི་རིམ་པ་དང་ལྡན་པ་སྐུར་ཁུང་གི་ཕྲེང་བ་དུ་མ་ཕུག་རོན་ཤུག་རྩེ་བ་དང་ལྡན་པ་དག་ཀྱང་སྤྲུལ་ནས། བཅོམ་ལྡན ་འདས་ག་ལ་བ་དེར་དོང་སྟེ། བཅོམ་ལྡན་འདས་ཀྱི་ནབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་ཐེག་པ་ཆེན་པོའི་མདོ་སྡེ་ཅན་སྲུང་བ་ལགས་ན། བདག་ཅག་ལ་ཐུགས་པའི་སླ་བདག་ཅག་གིས་ཕུལ་བའི་ཞལ་ཟས་པ་ཞེས ་སུ་གསོལ།། དེ་སྐད་ཅེས་གསོལ་ཀྱང་། ཞལ་ཟས་མ་བཞེས་ནས། ཕྱོགས་གཅིག་ཏུ་འཁོད་དོ།། འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ལས།། ་བམ་པོ་གཉིས་པ། དེའི་རྗེས་ལ་མཐར་གྱིས་འདོད་པ་ན་སྤྱོད་པའི་ལྷའི་ཡི་རིས་དྲུག་པོ་རྣམས་ཀྱིས་སྟེང་གི་བར་སྣང་ལ་མཆོད་པ་དང་། འོད་མ་ལས་ཁྱད་དུ་འཕགས་ནས། བཅོམ་ལྡན ་འདས་ག་ལ་བ་དེར་དོང་སྟེ། དེ་དག་གི་མཆོད་པའི་ནང་ནུ། གདུགས་པལ་བ་གང་ཡིན་པ་དེ་ཡང་ཁོ་ར་ཁོར་ཡུག། ཏུ་གླིང་བཞི་པའི་ཁྱོད་ཙ་མོ།། བ་དན་པལ་བ་གང་ཡིན་པ་དེ ་ཡང་། རྒྱ་མཚོ་ཆེན་པོ་བཞིའི་མཐར་ཐུག་སྟེ། ཤར་ཕྱོགས་ཀྱི་རྒྱ་མཚོ་ནས། ནུབ་ཕྱོགས་ཀྱི་རྒྱ་མཚོར་ཐུག་ཏེ། རླུང་གིས་བསྐྱོད་དམ། རླུང་གིས་ཕྱག་ན། བ་དན་དེ་དག་ལ ་བི་ཝང་གི་སྒྲ་སྙན་པ་ཁོང་ནས་འཁྱིག་པ་ལྟ་བུར་སྙན་པ་དག་འབྱུང་སྟེ། དེ་དག་བཅོམ་ལྡན་འདས་ཕྱག་འཚལ་ནས། ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་། བཅོམ་ལྡན་འདས ་ཅང་མི་གསུང་ནས། རེ་ཐེག་ཆད་དེ། ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཚེ་སྲིད་པའི་རྩེ་མོར་སྐྱེས་པ་རྣམས་མ་གཏོགས་པར་གོང་མ་གོང་མའི་སེམས་ཅན་གཞན་གང་ཡིན་པ་དེ་དག་ཐཾད ་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར། མཆོད་པ་རྒྱ་ཆེན་པོའི་ཚོགས་དང་ཆས་ཏེ་ལྷོགས་ནས་སྔ་མ་བཞིན་དུ་ཕྱོགས་གཅིག་ཏུ་འཁོད་དོ།། མི་མཇེད་ཀྱི་བདག་པོ་ཚངས་པ ་ཚངས་རིས་ཀྱི་ལྕིའི་བུ་དཔག་ཏུ་མེད་པ་དག་གིས་བསྐོར་ཅིང་མདུན་དུ་འདར་ཏེ། རང་གི་གི་འི་བྱིན་གྱིས་ལྔ་ཐམས་ཅད་ཀྱི་གཟི་བྱིན་གྱིས་མནན་ནས། མཆོང་བའི ་ཚོགས་ཆེན་པོ་དང་ཆས་ཏེ། བཅོམ་ལྡན་འདས་ཀྱི་ཐང་དུ་དོང་ངོ་།། དེ་དག་གི་བ་དན་པལ་བ་གང་ཡིན་པ་དེ་ཡང་། ཚངས་པའི་འཇིག་རྟེན་ནས་འཕྱང་སྟེ། ཤིང་ས་ལ་ཟུང་གི་དྲུང་དུ་ཐུག་གོ། ་ངེས་ཀྱང་བཅོམ་ལྡན་འདས་ལས་ཞལ་ཟས་པ་ནས་པར་གསོལ་བ་ལས། བཅོམ་ལྡན་འདས་ཀྱིས་མ་བཞེས་ནས། ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་དེའི་མེ།། ལྷ་མ་ཡིན་གྱི་དབང་བ ་ངས་ངས་ལྷམ་མེ་གྱིག་ལགའཁང་བག། མེད་པ་དང་བཅས་པས་ངེས་པ་དང་། དབང་པོ་གཉིས་མག། རྟོགས་པར་དོ་བར་གྱི་ལྷ་མདང་ཅིག་གི་འང་འ་གི་འོ ་ཀྱིས་མོག་མགོ་པོར་བྱས་ནས་དེའི་རྐྱེན་དུ་འཚམ་པའི་མཆོད་པའི་ཚོགས་དང་རྐྱེན་དུ་འཚམ་པའི་ཞལ་ཟས་དང་། དང་ཆས་ཏེ། བཅོམ་ལྡན་འདས་ཀྱི་ཐདུ་སོང་ངོ་།། དེའི་གདུ ་ཕལ་བ་ཡང་ཆུ་ཞེང་དུ་འཇིག་རྟེན་གྱི་ཁམས་ཆུང་ཁྱབ་པ་ཙམ་སྟེ། དེས་ཀྱང་བཅོམ་ལྡན་འདས་ལ་ཞལ་ཟས་བཞེས་པར་གསོལ་པ་ལས། བཅོམ་ལྡན་འདས་ཀྱིས་མ་བཞེས་ནས། ་ལངས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་བདུད་སྡོག་ཅན་ཆུང་མ་གྲངས་མེད་པའི་འཁོར་དང་ཆས་ཏེ། སེམས་ཅན་དམྱལ་བ་ཐམས་ཅད་ཀྱི་བར་སྲད་ཕྱེ་ནས། དེ་དག་ལ་ཆུ་དང ་ཁ་ཟས་ལ་སོགས་པ་ཅི་འདོད་པ་བྱིན་ཏེ། དེ་དག་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲན་པར་གྱིས་ཤིག། སྦྱིན་པའི་ཐ་མ་ལ་རྗེ་སུ་ཡི་རང་བར ་གྱིས་ཤིག་ཅེས་སྨྲས་ནས། དེ་དག་ལ་ཁྱེད་བདེ་བར་གྱུར་ཅིག་ཅེས་ཀྱང་དབུགས་ཕྱུང་ངོ་།། སེམས་ཅན་དམྱལ་བའི་གྲོང་ཁྱེར་མཚོན་ཆས་གང་ཞིང་། མེ་ཆེན་པོ་འབར་བ་རྣམསུ་ཡང་སྤྲིན་ཆེན ་པོ་བཞིན་དུ་ཆུ་ཆེན་པོ་ཕབ་ནས་སེམས་ཅན་དམྱལ་བ་པ་རྣམས་ཀྱིས་སྔོན་མ་མྱོང་བའི་བདེ་བ་དང་ལྡན་པའི་འདུ་ཤེས་སྐྱེད་དེ། དེ་བཞིན་གཤེགས་པའི་མཐུས་བདུད་ཀྱི་སེམས་ཀྱི་གནས། ་སྐབས་དེ་ལྟ་བུར་གྱུར་ཏོ།། དེའི་འཁོར་གང་ཡིན་པ་དེ་དག་གིས་ཀྱང་གཞུ་དང་། རལ་གྲི་དང་། ཁོ་བ་དང་། དགྲ་སྟ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མཚོན་ཀམ་པ་ན་དང་། ལྕགས་ཀྱི་བེ་རག་དང་། ་ལྕགས་མདའ་དང་། ཤ་ཏག་ནི་དང་། མདའ་དང་། འཕང་མདུང་དང་། མདུང་རྩ་གཅིག་ལ་སོགས་པ་མཚོན་ཆེ་རྣམས་ཡོངསུ་སྤངས་ཏེ། ཆོས་ལྷུར་ལེན་པར་གྱུར་ཏོ།། དེའི་མཆོད་པ་ཡང་ལྷ ་སྔ་མ་རྣམས་ལ་མེད་པ་དེ་ལྟ་བུར་གྱུར་ཏེ། དེའི་གདུ་གས་བལ་པོའི་ཆུ་ཞེང་དུ་ཡང་འཇིག་རྟེན་གྱི་ཁམས་པ། ར་མའི་ཁྱོན་ཙམ་མོ་དེ་ལྟར་དེ་མཐུ་ཆེན་པོ་དང་ལྡན་ཞིང་། ་རང་གི་ཆུང་མ་རྣམས་ཀྱིས་རྔ་ཡབ་ཀྱིས་གཡོག་བཞིན་དུ་བཅོམ་ལྡན་འདས་ག་ལ་བ་དེར་བྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་དང་། འཁོར་དང་བཅས་པས་བདགིས་ཕུལ་བའི་ཞལ་ཟས་བཞེས་གསོལ།། བཅོམ་ལྡན་འདས ་བདགིས་ང་སླན་ཆད་ཐེག་པ་ཆེན་པོའི་སླདུ་ཡི་དམ་བཅའ་བར་འཚལ་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཡང་རུང་། འཇིགས་པའི་སླ་དུའམ། རྙེད་པ་དང་བཀུར་བ་སྟེ་འཚ ་པའི་སླང་དུའམ། ཐོབ་དུ་རེ་བའི་སྤངའང། གཞན་གྱིས་དབྱིང་དུ་སྩལ་པ་འང། གཞན་གྱི་ཡིང་བསྲུང་བའི་སླདུ་ཡང་རུ་སྟེ། ཐེག་པ་ཆེན་པ་བརྗོད་པར་དགྱིད་ན། ན ་དོན་དུ་འཇིགས་པ་དང་། མི་དགའ་བ་ཐམས་ཅད་བསལ་བའི་གསང་བསྔགས་པཤེད་པར་འཚལོ།། ཏདྱ་ཐཱ། ཐཱག་ཀེ། ཊེ་ཊར་ཐག་ཀཻ། རོ་རུ་མེ། མ་ཧཱ་རོ་རུ་རེ། ཨཱ་ལ་མཱ་ལ། ཏཱ་ལ་སྭཱཧཱ། ་ཆོས་སྨྲ་བ་འཁྲུལ་པ་དང་། འཇིགས་པར་གནོད་པར་གྱུར་པར་རྣམས། ཆོས་ཀྱི་ཚུལ་ལ་སྤོབས་པ་བསྐྱེད་པར་བགྱི་བ་དང་། མུ་ཏེག་པ་རྣམས་མྱོས་པར་བགྱི་བ་དང་། དམ་པའི་ཆོས ་བསྲུང་བ་དང་། བ་དག་དང་གཞན་བསྲུང་བའི་སླད་བད་གིས་རང་གི་དམ་ཚིགས་སྨྲས་པའི་གསང་སྔགས་འདི་གླང་པོ་ཆེའི་འཇིག་ས་པ་འམ། ནགས་ཁུང་གི་འཇིགས་པ་འམ། ཆུ ་ཀླུང་གི་འཇིགས་པ་འམ་མེའི་འཇིགས་པ་རྣམས་ཀྱི་ནང་དུ། བསྲུང་བའི་གཟུང་སྔགས་ཀྱི་དོན་དུ་བརྗོད་པ་གང་ལགས་དེ་དག་ནི་བརྗོད་པ་ཙམ་གྱིས་ཇི་ལྟ་རུ་སྦལ ་གི་ལུས་བསྲུངས་པ་དེ་བཞིན་དུ་བད་གིས་གཡོ་དང་སྒྱུ་མ་མཆིས་པར་དེ་དག་འཇིགས་པ་ཐམས་ཅད་ལས་བསྲུང་བར་བགྱི་སྟོབས་དང་ལྡན་པར་བགྱིད་ལགས་ན། བཅོམ་ལྡན་འདས་ཀྱི ་ད་ཞལ་ཟས་འདི་བཞེས་པར་གསོལ་ཞེས་བསྐུལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྡིག་ཅན་ཁྱོད་ཁ་ཟས་ཀྱི་ཕྱིར་གསོལ་བ ་མ་འདེབས་ཤིག། གསང་སྔགས་ཀྱི་ཚིག་ནི་སེམས་ཅན་ལ་ཕན་པའི་ཕྱིར་ཆོས་ཀྱི་སྦྱིན་པར་འགྱུར་བ་ནས། བཞེས་པར་བྱའི་ཟང་ཟིང་གི་སྦྱིན་པ་ནི། དེ་ལྟ་མ་ཡིན་གྱིས་སྡིག་ཅན་ཁྱོད་གསོལ ་བ་མ་འདེབས་ཤིག་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་བདུད་དང་བདུད་ཀྱི་བུ་མོ་རྣམས་ཀྱིས་བཅོམ་ལྡན་འདས་ལ ་གསོལ་བ་བཏབ་པ་ལས་མ་བཞེས་ཏེ། རེ་ཐག་ཆང་ནས་ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་དེའི་ཚེ་ལྷའི་བུ་དབང་ཕྱུག་ཆེན་པོ་ལྷའི་བུ་དཔག་ཏུ་མེད་པ་མཐུ་དཔག་ཏུ་མེད་པ་དག་གིས་མདུན་དུ ་བདར་ཏེ། རང་གི་འོད་ཀྱིས་ཚངས་པ་དང་། ལྷའི་དབང་པོ་དང་། ལྷ་མ་ཡིན་དང་། བདུད་ཀྱི་འོད་རྣམས་སྣག་ཚའི་གོང་བུ་བཞིན་དུ་འོད་མི་གསལ་བར་བྱས་ཏེ། བཅོམ་ལྡན་འདས་ཀྱི་མཆོད ་པ་རྒྱ་ཆེན་པོ་ཉིས་འགྱུར་ཉིས་འགྱུར་བས་ལྷག་པ་དག་ཁྱེར་ནས། དེར་སོང་སྟེ་དེའི་མཆོད་པ་རྣམས་ཀྱི་ནང་ན། གདུགས་པལ་བ་གང་ཡིན་པ་དེ་ཡང་། ཆུ་ཞེང་དུ་སྟོང་གསུམ་གྱི་སྟོང་ཆེན ་པོའི་འཇིག་རྟེན་གྱི་ཁམས་ཁྱབ་པར་འདུག་སྟེ། མཆོད་པ་དེ་ལྟ་བུ་སྔོན་དུ་བཏང་ནས་བཅོམ་ལྡན་འདས་ཀྱི་ཐདུ་ཕྱིན་ཏེ། ལ། ན་དུ་མ་བསྐོར་བ་བྱས་ནས། ཞབས་ལ་མགོ་བོས ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལ་བདག་མཆོད་པ་བགྱིད་པ་ནི། སྦྲང ་བུ་མཆོད་པ་བགྱིང་པ་དང་འདྲ་སྟེ། བདག་སྦྲང་བུ་དང་འདྲ་བས་བཅོམ་ལྡན་འདས་ལ་མཆོད་པ་བགྱིད་པའི་རྔོག་ལ་ཐོག་གིས་ཀྱང་། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་ཞལ་ཟས ་ཀྱི་ཐ་མ་གསོལ་བར་ཅི་གནང་ཞེས་ལན་གཉིས་ལན་གསུམ་དུ་བཏབ་ཀྱང་། ལན་གཉིས་ལན་གསུམ་དུ་བཅོམ་ལྡན་འདས་ཅང་མི་གསུང་བར་འགྱུར་ཏེ། རེ་ཐག་ཆད་ནས་ལངས་ཏེ། ཕྱོགས ་གཅིག་ཏུ་འདུག། དེ་ནས་དེའི་ཚེ། སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོག་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གྲངས་མེད་པ་གཏམ་ཕྲག་དཀྲིགས་ཀྱི་བྱེ་བ་སྙེད། ་འདས་པ་ན། འཇིག་རྟེན་གྱི་ཁམས་ཡིད་འཕྲོགས་སྒྲ་སྙན་མུ་ཐུག་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ན་མཁའ་དང་མཉམ ་པ་ཞེས་བྱ་བ་བཞུགས་ཏེ། དེས་སྲས་ཀྱི་ཐུ་བོ་ཉན་ཐོས་ལུས་ཆེན་མཐའ་ཡས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམསུ་སོང་ལ་དེ་ན་དེ་བཞིན་གཤེགས་པ་དག ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་རིང་པོར་མི་ཐོགས་པར་ཡོངསུ་མྱ་ངན་ལས་འདའ་བར་འགྱུར་གྱིས། རིགས་ཀྱི་བུ་ཁྱོད་ཀྱིས་དེ ་དོན་དུ་འཇིག་རྟེན་གྱི་ཁམས་འདི་ནས་ཞལ་ཟས་ཞིམ་པོ་ཕན་པ་དག་ཁྱེར་ཏེ། སོང་ཤིག། མཆོད་པ་ཆེན་པོ་དག་ཀྱི་ང་ཁྱེར་ཏེ་སོང་ལ། དེ་ལ་འདི་སྐད་དེ་བཞིན་གཤེགས་པ་བཅོམ ་ལྡན་འདས་ཀྱིས་ཞལ་ཟས་འདི་གསོལ་ཏེ། ཡོངས་མྱ་ངན་ལས་འདའ་བར་མཛད་དུ་གསོལ། ཞེས་གྱིས་ཤིག། ཁྱོད་ཀྱི་ཐེ་ཙོམ་དང་། ཡིད་གཉིས་ཅི་དང་ཅི་ཡོད་པ་དེ་དང་དེ་དག་ཀྱང་དེ ་བཞིན་གཤེགས་པ་དེ་ཁོ་ན་ལ་ལེགས་པར་ཞུས་ཤིག་དང་། དེས་ཁྱོད་ལ་ལུང་བསྟན་པར་འགྱུརརོ།། ཞེས་བཀའ་སྩལ་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན ་མཐའ་ཡས་དེས་ལེགསོ་ལེག་སོ།། ཞེས་གསོལ་ནས། དེ་བཞིན་གཤེགས་པ་དེ་ལ་བསྐོར་བ་བྱས་ནས། ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ལུས་ཆེན་པོ་གྲངས་མོད་པས་བསྐོར་ཅིང་མདུན་དུ་བངར་ནས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་འོངས་སོ།། དེ་ནས་དེའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཡོས ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། འཁྲུགས་རབ་ཏུ་འཁྲུགས། འཁོར་རབ་ཏུ་འཁོར། འུརུ་འུ་རག་ཏུ་འུར་འུར། ཤིག་ཤིག་རབ་ཏུ་ཤིག་ཤིག། མེར་མེར་རབ་ཏུ་མེར་མེར། ལྡེམ་ལྡེམ ་རབ་རབ་ཏུ་ལྡེམ་ལྡེམ་མོ།། དེ་ལ་སོགས་པ་བྱས་ཏེ། ས་ཆེན་པོ་རབ་ཏུ་གཡོས་སོ།། དེ་ནས་འཁོར་དེ་དག་གི་ནང་ན། ཚངས་པ་དང་། དབང་པོ་དང་། འཇིག་རྟེན་སྐྱོང་དང་། ལྷ་མ་ཡིན་དང་། དབང ་ཕྱུག་ཆེན་པོ་ལ་སོགས་པ། ལྷ་རྣམས་ཀྱིས་ས་གཞི་དེ་ལྟ་བུར་གྱུར་པ་མ་མཐོང་ནས། སྐྱི་བུང་ཞེས་བྱས་ཏེ། འཇིགས་ཤིང་། ཁ་དང་རྐོག་མ་སྐམས་ནས་འབྲོས་པར་ཆས་ཏེ། རང་རང ་གི་འོད་ཀྱང་མི་མཐོང་ཞིང་འོད་ཉམས་པར་གྱུར་ཏོ།། དེ་ནས་འཁོར་དེ་ཉིད་ཀྱི་ནང་ནས།། འཇམ་དཔལ་གཞོན་ནུར་གྱུར་པ་ལངས་ཏེ། ལྷའི་ཚོགས་དེ་དག་ལ་འདི་སྐད་ཅེས་སྨྲས ་གྲོགས་པོ་དག་མ་འཇིགས་ཤིག། ཤར་ཕྱོགས་ལོག་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གྲངས་མེད་པ་གཏམ་ཕྲག་དཀྲིགས་ཀྱི་བྱེ་མའི་རྡུལ་ཕྲ་རབ་གྲངས་མེད་པ་སྙེད་པ་ན། འཇིག་རྟེན་གྱི ་ཁམས་ཡིད་འཕྲོག་སྒྲ་སྙན་མུ་ཐུག་ཅེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ན་མཁའ་དང་མཉམ་པ་ཞེས་བྱ་བ་ད་ལྟར་བཞུགས ་ལ་འཚོ་ཞིང་བཞེས་ཏེ། དེ་བཞིན་གཤེགས་པ་དེས། རང་གི་སྲས་ཀྱི་ཐུ་བོ་ཉན་ཐོས་ལ་བོས་ཏེ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམསུ་སོང་ལ། དེ་ན་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཡོངསུ་མྱ་ངན་ལས་འདའ་བར་འགྱུར་གྱིས་དེ་དགེ་སློང་གི་དགེ་འདུན་དང ་བཅས་པ་ལ་ཞལ་ཟས་ཀྱི་ཐ་མ་ལ་ཕུལ་ལ། ཁྱོད་ཀྱི་ཐེ་ཙོམ་དང་ཡིད་གཉིས་ཅི་ཡོད་པ་དེ་དག་ཀྱང་ལེགས་པར་ནུས་ཤིག་དང་། དེས་ཁྱོད་ལ་ལུང་བསྟན་པར་འགྱུར་རེ་ཞེས་བཀའ་སྩལ་ཏོ།། ་བཅོམ་ལྡན་འདས་ངེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་འདིར་བཏང་སྟེ། བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐུར་ཅིང་། མདུན་དུ་བདར ་ནས། འདིར་འོངས་པ་དེའི་གཟི་བརྗིད་ཀྱིས་ཁྱེད་ཀྱིའོ་བཉམས་པར་གྱུར་ཏོ།། དེ་འོང་བ་ལ་རྗེ་སུ་ཡི་རང་བར་གྱིས་ངོ་བོན་དེ་གཤེགས་པ་ན་མཁའ་དང་མཉམ་པས་བདག་ཅག་གི་ང ་བཞིན་གཤེགས་པ་ལ་མཆོད་པ་མཛད་པ་ལ་ཡ་ང་ལྟོས་ཤིག་ཅེས་པས་སོ།། དེ་ནས་འཁོར་དེ་དག་ཐམས། ཅད་ཀྱིས་མེ་ལོང་གི་ངོས་ལ་བདག་གི་གཟུགས་མཐོང་བ ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐག་རིང་པོ་ནས་བཞུགས་པའི་དེ་བཞིན་གཤེགས་པ་དེ་དང་འཇིག་རྟེན་གྱི་ཁམས་དེ་མཐོ་ངོ་།། དེ་ནས་འཇམ་དཔལ་གཞོ་ནུར་གྱུར་པས་འཁོར་དེ་དག་ལ ་འདི་སྐད་ཅེས་སྨྲ་སོ།། ཇི་ལྟར་ཁྱོད་ཀྱིས་འཇིག་རྟེན་གྱི་ཁམས་འདི་དང་། དེ་བཞིན་གཤེགས་པ་འདི་མཐོང་བ་དེ་བཞིན་དུ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་གྱི་ཁམ ་གཞན་དག་ཀྱང་ལྟོས་ཤིག། དེ་བཞིན་གཤེགས་པ་རྣམས་ནི་འདི་ལྟར་བདག་ཉིད་ཆེ་བ་ཡིན་ཏེ། རང་རང་གི་གནས་ན་བཞུགས་བཞིན་དུ་ཡང་ཁྱོད་ལ་ཞལ་སྟོན་པར་མཛད་དོ།། འཁོར་དེ་དག་གི ་སྨྲས་པ། ཀྱེ་མ་དེ་བཞིན་གཤེགས་པ་དེ་ལྟར་བདག་ཉིད་ཆེ་བ་ཡང་ཡོངསུ་མྱ་ངན་ལས་འདའ་བར་འགྱུར་བ་ལྟ་ཀྱི་ཧུད་ཅེས་ཟླ་ཞིང་འཁོད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པི་ལུས་ཆེན་མཐའ་ཡས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་གིས་བསྐོར་བ་མཐོང་སྟེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱི་བ་སྤུའི་བུ་རེ་རེ་ནས། པདྨ་ཆེན་པོ་བྱུང་ངོ་།། པདྨ་ཆེན ་བེ་རེ་རེ་ལ་ཡང་གྲོང་ཁྱེར་བདུན་ཁྲི་བརྒྱང་སྟོང་བདུན་ཁྲི་བརྒྱད་སྟོང་ཡོད་ལ། གྲོང་ཁྱེར་དེ་དག་ཀྱང་ཡུལ་ཡངས་པ་ཅན་གྱི་ཐག་དྲུ་ཙམ་ཤ་སྟག་སྟེ། རིན་པོ་ཆེ་སྣ་བདུན་གྱི་ར་བ་དང་། འོབས ་བ་མ་གྱིས་པརྣམས་ཤིད་ཏུལ་ཕེ་ས་གྱིས་མས་པར་བྱས་པ་གགསའག་རྒྱས་བདག་ང་ལྡན་ན་ག་འདགའ ་ལ། རེ་བ་དག་ཀྱང་འཛམ་བུ་ཆུ་བོའི་གསེར་གྱི་བ་གམ་ཆེན་པོ་ཤ་སྟག་གིས་བསྐོར་ཏེ། བ་གམ་ཐམས་ཅད་ཀྱི་བར་བར་ན་ཡང་ཤིང་ལྗོན་པ་གཞོན་ཤ་ཅན་འབྲས་བུ་དང་། མེ ་ཏོག་དང་ལྡན་པ་སྣ་མང་པོ་དག་ཡོད་དོ།། ཤིང་ལྗོན་པ་དེ་དག་གི་ཡན་ལག་རླུང་གིས་བསྐྱོད་པ་ལས་ཀྱང་སིལ་སྙན་དགའ་བར་བྱེད་པའི་སྒྲ་བསྟན་ཅིང་ཆགསུ་རུང་བ་འབྱུང་བ་སྣ་ལྔ་ལྔ ་སྒྲོགས་ཏེ། སྒྲ་དེ་དག་གིས། སེམས་ཅན་དེ་དག་རྩེ་ཞིང་དགའ་ལ་དགའ་དགུར་སྤྲད་ངོ་དོ།། འོབས་དེ་དག་ཐམས་ཅད་ཀྱང་། ཆུ་བསིལ་ཞིང་ཤེལ་བཞིན་དུ་དང་བདགས་གང་བར་འདུག་སྟེ། ་དེ་དག་གི་ནང་ཁེར་ཁོར་ཡུག་དུ་སེམས་ཅན་དེ་དག་རིན་པོ་ཆེའི་དྲུ་དག་གིས་དགའ་ཞིང་རྒྱུ་བར་བྱེད་དོ།། ཆུ་དེ་དག་ཀྱང་པདྨ་དང་། ཨུང་བ་ལ་དང་། ཀུ་མུ་ཏ་ཤིང་རྟའི་འཕང་ལོ་ཙམ་སྟེག་གིས ་།། བརྒྱན་ཏོ།། འོབས་ཀྱི་ཁོར་ཁོར་ཡུག་ཀྱང་བསྐྱེས་མེས་ཚལ་གྱི་འཕྲེང་བས་མཛེས་པར་བྱས་ཏེ། སྐྱེད་མོས་ཆལ་རེ་ལ་ཡང་རྫིང་བུ་ཐག་གྲུ་དཔག་ཆད་ཕྱེད་པ་ལྔ་ལྔ་ཡོད་དོ།། རྫིང་བུའི ་ཆུ་དེ་དག་ཀྱང་པདྨ་དང། ཨུད་པ་ལ་དང་། ཀུ་མུང་ཁ་དོག་སྣ་ཚོགས་དྲི་ཞིམ་པོ་ཤིང་རྟིའི་འཕང་ལོ་ཙམ་ཤ་སྟ་གིས་ཁེབས་པར་འདུག་ལ་ཤིང་ལྗོན་པ་མེ་ཏོག་རྒྱས་པའི་འཕྲེང་བས་མཛེས་པར ་བྱས་བསྐྱེད་མོས་ཆལ་ཁོར་ཁོར་ཡུག་ན་ཡང་། ངང་ངུར་དང་། ཟལ་མོ་དང་། ཁྲུང་ཁྲུང་ཤུག་དག་གིས་པདྨའི་ཟེ་འབྲུ་མྱང་བར་བྱེད་དོ།། ཁོར་ཁོར་ལུ་གྲི་བསྐྱེད་མོས་ཚལ་དེ་དང་དེ་དག་ན་ཡང་ཁང ་ཁྱིམ་ངག་ཡོད་ལ། ཁང་པ་རི་ལ་ཡང་། ཆུ་ཞེང་དཔག་ཚང་བ་ཞི་བཞི་ཡོད་དོ།། རྩིགས་པ་ནི་གསེར་དང་། དངུལ་དང་། བཻ་རཱུ་རླ་དང་། ཤེལ་ལས་བྱས་ས་གཞི་ནི་ཀེ་ཀེ་རུ་ལས་གྲུབ ་སྟེ། ནོར་བུའི་འཇོམ་ཚར་གྱིས་སྤེལ་ཅིང་། སྣང་བར་བྱས་པའི་མུ་ཏིག་གི་དོ་ཤལ་སྦྱངས་པ་དང་ལྡན་པ་གསེར་རྟ་བབས་ཆེན་པོ་དང་སྐར་ཁུང་དང་། དྲ་བ་དག་གིས་བརྒྱན་པའི་ཁང ་བཟངས་མཐོན་པོས་གསེར་གྱི་བྱེ་མ་བདལ་བ་དང་ལྡན་པ་ཤ་སྟགོ།། རྫིང་བུ་རྣམས་ཀྱང་འདུལ་བའི་ལམ། གསེར་གྱི་ཐེམ་སྐས་ཐེམ་པ་བཅོ་བརྒྱད་དང་ལྡན་པ་དང་། མཐའ་ཐོག་དུ་གསེར་གྱི་ཆུ ་ཤིང་གི་ཕྲེང་བས་མཛེས་པར་བྱས་པ་ལྔའི་ཙན་ངན་གྱི་བསུང་ཅན་གྱི་ཆུ་དང་ལྡན་པ་ཤཱ་སྟགོ། གྲོང་ཁྱེར་ཆེན་པོ་དེ་དག་རེ་རེའི་ནང་ན་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང ་བུད་མེད་ཀྱི་ཚོགས་དཔག་ཏུ་མེ་གང་པག་ཏུ་མེད་པ་དག་གིས་བསྐོར་ཅིང་། འདོད་པའི་ཡོན་ཏན་ལྔ་དང་ལྡན་སྟེ། རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ།། སེམས་ཅན་གཞན་དག་ཀྱང་དེ་དང ་འདྲ་སྟེ། ས་ཕྱོགས་ཀ་ཙ་ལ་ནི་འདའ་གོས་ལྟར་རེག་ན་བདེ་བ་ཙན་དན་གྱི་ཆུས་ཆག་ཆག་བཏབ་ལ་མེ་ཏོག་གིས་སིལ་མ་གཏོར་བ་གཞན་དག་ན་རྩེ་ཞིང་དགའ་ལ་དགའ་འགུར་སྤྱོད་དོ།། གྲོང་ཁྱེར ་ཆེན་པོ་དེ་དག་ན་ཐེག་པ་ཆེན་པོའི་སྒྲ་མ་གཏོལ་ཐེག་པ་གཞན་གྱི་སྒྲ་མེད་དོ།། པད་མ་ཆེན་པོ་དེ་དག་ལ་ཡང་སེངྒེའི་ཁྲི་ཆེན་པོ་རྐང་པ་གསེར་དང་དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་ལས་བྱས་པ། ཀ ་ལིང་ཀའི་རས་ཀྱིས་གཡོགས་པ་ཆེ་བ་ལ་འོས་པ་འཇིག་རྟེན་གསུམ་ན་ཕུལ་དུ་བྱ་བ་ཤ་སྟག་གིས་དཀྲིགས་ཏེ། སེངྒེའི་ཁྲི་དེ་དག་ལ་རྒྱལ་པོ་དེ་དག་འཁོད་ཅིང་། སེམས་ཅན་གཞན་དག་ཐེག་པ ་ཆེན་པོའི་མདོ་སྡེ་རྣམས་སློབ་པར་བྱེད་དོ།། རྒྱལ་པོ་དེ་དག་གི་མདུན་ན་ལ་ལ་ནི་ཡི་གེ་འདྲི་ལ་ལ་ནི་ཀློག་ལ་ལ་ནི་ཁ་ཏོན་སློབ་བོ།། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས ་མཐའ་ཡས་ཀྱིས་བ་སྤུའི་ཁུང་བུ་ནས་སྐྱེ་བའི་པདྨ་དག་ལ་འ་ཁོང་པའི་སེམས་ཅན་དེ་དག་འདོད་པའི་ཡོན་ཏན་ལྔའི་དག་འ་བ་དང་ལྡན་དེ་དག་ཡོངསུ་སྤངས་ནས། མྱ་ངན ་གྱིས་གདུངས་ཏེ། སྨྲེ་སྔགས་འདོན་ཅིང་ཀྱི་ཧུད་ཀྱི་ཧུད་ཅེས་བླ་ཞིང་འཁོད་དེ། ཉེས་འགྱུར་དུ་མཆོད་པའི་ཚོགས་འབུལ་བར་བྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ལུས་ཆེན་མཐའ་ཡས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ཏེ། དེ་ལྟ་བུའི་འབྱོར་པའི་རྣམ་པ་དག་སྟོན་ཅིང་། མཆོད་པའི་ཚོགས་ཆེན་པོ་དང་། ཞལ་ཟས་རྒྱ་ཆེ་བ་དག་ཁྱེར་ཏེ་འོངས ་ནས་ཞལ་ཟས་དེ་དག་དང་། པདྨ་དེ་དག་གི་དྲི་བསྲུང་ཚོར་ང་གང་ཡིན་པ་དེ་དག་ཀྱང་། ཉོན་མོངས་པ་དང་བྲལ་བར་གྱུར་ཏོ།། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས་འཇིག་རྟེན་གྱི་ཁམས་ཐཾད་མཚོ། ་། བར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་ཀྱི་ལུས་ཀྱི་ཆད་ཀྱང་། ན་མཁའ་དང་མཉམ་པར་འདུག་སྟེ། སུས་ཀྱང་མཐོང་བར་མི་ནུསོ།། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། ཞབས་ལ་མགོ་བོ་ཕྱག་འཚལ་ནས། ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ།། ་བ་གིས་ཕུལེ་བའི་ཞལ་ཟས་བཅོམ་ལྡན་འདས་ཀྱིས་བཞེས་གསོལ།། དེ་ནས་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏེ། ལན་གཉིས་ལན་གསུམ་དུ་གསོལ་ཀྱང་། བཅོམ་ལྡན་འདས་ཅང་མི ་གསུང་བར་བཞུགས་ནས། བྱང་ཆུབ་སེམས་དཔའ་དེ་ལངས་ཏེ། ཕྱོགས་གཅིག་ཏུ་འདུའོ།། དེ་བཞིན་དུ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ལོགས་ནས་ཀྱང་། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་ཤེས་བྱ་བ་འཁོར་གྱི་ཚོགས་ཆེན་པོ་དང་ལྡན་པ་ཤ་སྟགས་ལྷགས་ཏེ། དེ་དག་གི་པདྨ་དང་། གྲོང་ཁྱེར་གྱི་ཚད་ཀྱང་སྔ་མ་སྔ་མ་ལས་ཉིས་འགྱུར་ཀས ་གྱི་ཆེ་བ་དང་། འབྱོར་པ་ཉིས་འགྱུར་ཉིས་འགྱུར་གྱི་ཆེ་བ་ཤ་སྟག་དང་ཆས་ཏེ། དེ་དག་དེར་ལྷགས་ནས། བཅོམ་ལྡན་འདས་ལ་པདྨ་དག་གིས་མཆོད་པ་བྱས་ཏེ། སྔ་མ་བཞིན་དུ་ཕྱོགས་གཅིག་ཏུ་འཁོད ་།། ཤིང་ས་ལ་ཟུང་གི་དྲུང་གྲུབ་པའི་གནས་དེ་ཉིང་ན་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ཆང་ཁྱོན་གྱིས་བནི་ལ་སེམས་ཅན་མི་འཁོད་པའི་སྒོ་སྐབས་ཅི་ཡང་མེད་དོ།། དེ་ན་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་དེ་ལྟར་ལུས་ཆེ་བལ་རང་གི་གཡོར་འཁོར་དག་དང་བཅས་པ་དེ་རྣམས་ཀྱང་ཁ་ཅིག་ནི་ས་ཕྱོགས་སྨྱུང་བུ་རྩེ་མོའི་ཁྱོན་ཙམ་ལ་འཁོད་དོ།། ཁ་ཅིག་ནི་ཁབ་ཀྱི་རྩེ་མོར་ཚུ་། ་མལ་བ་དང་། བཅིག་ནི་རྡུལ་ཐརབགྱི་ཁྱོན་ཙམ་ལངག་ཡང་སུ་འཁོང་། འཇིག་རྟེན་གྱི་འམས་རྡུལ་ཕྲར་གྱི་ཁྲུབ་སྙེད་དང་བྱང་ནུབ་སེམས་དཔའ་འཁོང་བ་གང་ཡིན་པ་དེ་ག་ཀྱང་བབས་དེས ་བུར་ལྷགས་དེ་འཁོད་དོ།། འཛམྦུའི་གླིང་གི་སེམས་ཅན་ཡང་ཚེ་དང་ལྡན་པ་འོད་སྲུང་དང་། གནས་བརྟན་ཀུན་དགའ་བོ་དང་། རྒྱལ་པོ་མ་སྐྱེས་དགྲ་རྣམས་མ་གཏོགས་པར། དེར་མ་འོངས་པ་སུ་ཡང་མེད ་དེ་ཐ་ན་མིག་གདུག་པ་དང་། སྦྲུལ་གདུགས་པ་དང་། སྡིག་པ་དང་སྡོམ་པ་ལ་སོགས་པ་མི་ལས་མི་ཟད་པ་བཅུ་དྲུག་བྱེད་པ་ཡན་ཆད་ཀྱང་དེར་ལྷག་སོ།། སྦྱིན་བྱེད་མའི་བུ་དང་། ལྷ་མ་ཡིན་རྟག་འཁོ་ན ་གྱི་བསམ་པ་ཅན་ཐམས་ཅད་ཀྱང་སྡིག་པའི་ལས་སྤངས་ནས། གཅིག་ལྔ་གཅིག་པུ་དང་། མ་དང་། སྲིང་མོ་དང་། འདྲ་བར་སེམས་པར་གྱུར་ཏོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམ ་ནའཁོད་པའི་སེམས་ཅན་ཐམས་ཅད་ཀྱང་། གཅིག་ལ་གཅིགཉེབུ་ཅིག་པ་ལ་བྱ་བ་བཞིན་དུ་བྱམས་པར་བྱེད་དེ། འདོད་ཆེན། པོ་ནི་མ་གཏོག་སོ།། མི་མཇེད་ཀྱི་འཇིག་རྟེན་གྱི་བས ་འདི་ཡང་དེ་བཞིན་གཤེགས་པའི་མཐུས་བོང་བ་དང་རྡོ་དང་། གསེག་མ་དང་། རྔུ་བ་དང་། ཚེར་མ་མེད་པར་གྱུར་ཏེ། ཤིང་ལྗོན་པ་རིན་པོ་ཆེའི་ཁྲི་ཤིང་གིས་དཀྲིས་པ། མཉེན་ཞིང་རེག་ན་འཇམ་པ་དག ་དང་ལྡན་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དང་འདྲ་བར་གྱུར་ཏོ།། སེམས་ཅན་དེར་ལྷགས་པ་ཐམས་ཅད་ཀྱིས་ཀྱང་དེ་ན་འཁོད་བཞིན་དུ་ཇི་ལྟར་མེ་ལོང་ལ་རང་གི་གཟུགས་བསྟན་སྣང་བ ་བཞིན་དུ་རྡུལ་ཕྲ་རབས་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དང་། སངས་རྒྱས་ཀྱི་ཞིང་འབྱོར་པ་དང་ལྡན་པ་གཞན་དག་ཀྱང་མཐོང་ངོ་།། དེ་ནས་དེ་བཞིན་གཤེགས་པའི་ཞལ་ཟས་འོད་ཟེར་ལ། ་དོག་སྣ་ཚོགས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་པ་དང་། ཤེལ་གྱི་ཁ་དོག་ལྟ་བུ་དང་། མེ་ལྕེ་ལྟ་བུ་དག་བླུང་བ་ཡིན་པ་དེ་དག་གིས་བྱ་བ་ཐམས་ཅད་བས ་ཏེ་ཕྱིར་ལོགས་ནས་བཅོམ་ལྡན་འདས་ཉིད་ཀྱི་ཞལ་དུ་བཞུགས་ཏེ། མི་སྣང་བར་གྱུར་ཏོ།། འཁོར་ཐམས་ཅད་ཀྱི་འོད་ཀྱང་དེས་ཟིལ་གྱིས་ནོན་པར་གྱུར་ཏོ།། དེ་ནས་ལྔ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི ་འཇིག་རྟེན་གྱི་འོད་ཟེར་དེ་དག། བཅོམ་ལྡན་འདས་ཀྱི་ཞལ་དུ་མི་སྣང་བར་གྱུར་པ་མཐོང་ནས། འཇིགས་ཤིང་སྐྱི་བུང་ཞེས་བྱས་ཏེ། རྒྱུ་མེད་པར་བཅོམ་ལྡན་འདས་ཀྱི་འོད་ཟེར་རྣམས་ཕྱིར་ལོག་ནས་མི ་སྣང་བར་འགྱུར་བའི་མི་རིགས་ན་གོར་མ་ཆག་པར་ཕྱོགས་བཅུ་དག། ཏྲ་བྱ་བ་རྣམས་ཟིན་ནས། ད་ནི་གདོན་མི་ཟ་བར་དེ་བཞི་ནི་གཤེ་གས་པ་ཡོངསུ་མྱ་ངན་ལས་འདའ་བར་འགྱུར་རོ།། ་བཅོམ་ལྡན་འདས་ཀྱིས་གང་ལས་ཞལ་ཟས་མ་བཞེས་ནས། ཀྱེ་མ་སེམས་ཅན་ཐམས་ཅད་ལ་ཚད་མེད་པ་བཞི་སྤངས་སམ། ཅི་སྨྱུང་བར་བཞུགས་པ་ཆད་དམ། ཀྱེ་མ་ཅི་ཉི་མ་དང་ཟླ ་བ་ནུབ་འམ། ཅི་དམ་པའི་ཆོས་ཀྱི་གླུ་བྱིང་ངམ་ཀྱི་ཧུད་ཀྱི་ཧུད་ཅེས་བླང་ཞིང་འཁོད་དོ།། དེ་ནས་དེ་དག་རང་གིས་ཡན་ལག་རྣམས་སྨྲས་པར་བྱས་པའི་ཁྲིགས་ས་གཞི་འདམ་དུ་གྱུར་ཏོ།། ཆུ་ཀླུང་གས ་ལྡན་ཀྱང་ཁྲག་ཏུ་འབབ་པར་གྱུར་ཏོ།། དེ་ནས་འཁོར་དེ་དག་གིས་ནང་ན་གྲོང་ཁྱེར་ཀུ་ཤི་པ་མགར་བའི་བུ་དགེ་བསྙེན་བསྐུལ་བྱེད་ཅེས་བྱ་བ་དེ་མགར་བའི་བུ་བཅོ་ལྔ་ཐབས་གཅིག་ཏུ་ལངས་ཏེ། ་རང་རང་གི་སྤྱོད་ལམ་བཅོས་ནས། འཇིག་རྟེན་དག་ལ་བལྟས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ། ་སྦྱར་བ་དཏུང་ནས། མཆིས་མ་ཐུབ་པ་བཞིན་བུནབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་ངེས་པར་བསྐུལ། ་བིའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཞལ་ཟས་ཀྱི་ཐ་མ་འབུལ་བར་འཚལ་ཏེ། ་བདག་ནི་མགོན་མ་མཆིས་པ་ལགས། རྩ་ལག་མ་མཆིས་པ་ལགས་སྐྱབས་མ་མཆིས་པ་ལགས། ཕོངས་ཏེ་རེ་བ་ལགས་ནས། བཅོམ་ལྡན་འདས་ཀྱིས་བང་གིས་ཕུལ་བའི་ཞལ་ཟས་བཞེས ་ཏེ། ཡོངསུ་མྱ་ངན་ལས་འདའ་བར་མཛད་དུ་གསོལ།། བཅོམ་ལྡན་འདས་དཔེར་གསོལ་མ་ཁྱིམ་བདག་གམ། བྲམ་ཟེ་ཤིན་ཏུ་དངུལ་པོ་འགའ་ཞིག་གནན་གྱི་ཡུལ་དུ་མཆིས་ལ་བདག་ཉིད་སྤྲོ ་བ་སྐྱེད།། མཐར་གྱིས་ཞིང་བླས་བརྩམས་ནས། དེས་རྨོན་གླང་རྨོ་སྦྱིན་པ་མོང་གཤོལ་དང་སྦྱར་བ་དག་གིས་ཞིང་ལ་རྡོ་དང་། རྔུབ་དང་། ཆེར་མ་མ་མཆིས་པར་བགྱིས་ཏེ། རེ ་ཆེན་པོ་བསྐྱེད་ནས། སྤྲིན་ཆེན་པོ་ལས་ཆར་འབབ་སྡོད་ཅིང་མཆིས་པ་དེ་བཞིན་དུ་བཅོམ་ལྡན་འདས་བདག་ནི་ལུས་ཀྱི་ཞིང་ལ་ཉེས་པ་གསུམ་དང་། ཞི་དང་བྲལ་བའི་ཡིད་དང་། ངག ་གི་རྨོན་གླང་དང་། ཤེས་པའི་ཐོང་གཤོལ་གྱིས་ཉོན་མོངས་པ་རྣམ་པ་སྣ་ཚོགས་ཀྱི་རྡོ་དང་། རྔུབ་དང་། ཚེར་མ་མ་མཆིས་པར་བགྱིས་ནས་ཁྱོད་ཀྱི་ཆོས་ཀྱི་སྤྲིན་ཆེན་པོ་ལས་ཆོས་ཀྱི་ཆར ་འབབ་པ་ལ་སྡོད་ཅིང་མཆིས་ཏེ། དགེ་སློང་གི་དགེ་འདུན་དང་བཅས་པར་སྤྱན་འདྲེན་ན། བདག་དབུལ་བ་བསལ་བ་དང་། སེམས་ཅན་ཐམས་ཅད་ལ་སྨན་པའི་སླདདུ། བད་གིས་ཕུལ་བའི ་ནལ་ཟས་གསོལ།། བདག་ནི་མགོན་མ་མཆིས་པ་སྐྱབས་མ་མཆིས་པ་ལགས་ན། དེ་བཞིན་གཤེགས་པས་བདག་ལ་སྒྲ་ཅན་ཟིན་བཞིན་དུ་གཟིགས་པར་གསོལ། དེ་ནས། ་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་རྒྱལ་བ་གང་ཟག་བླ་ན་མེད་པས་མགར་བའི་བུ་སྐུལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐུལ་བྱེད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་ཀྱི་ཁྱོད་ཀྱི་ཞལ་ཟས་ཐ་མ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་བཞེས་པར་མཛད་དོ།། དེ་ནས་ལྷ་དང་མི་དང་ལྷ་མ་ཡིན་དེ་དག་གིས་སྐུལ་བྱེད་ཀྱིས་ཕུལ་བའི་ཞལ ་ཟས་ཐ་མ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པས་བཞེས་སོ་ཞེས་ཐོས་ནས། ངོ་མཚར་རྨ་དུ་བྱུང་བའི་ཆོས་ཐོབ་སྟེ། ལེགསོ ་ལེགསོ་ཞེས་དེ་སྐད་ཆེན་པོ་ཕྱུང་ནས། མགུར་བ་འི་བུ་སྐུལ་བྱེད་ལ་འདི་སྐད་ཅེས་སྨྲས། ཀྱེ་མ་མགར་བའི་བུ་སྐུལ་བྱེད་ཁྱོད་སྐྱིད་དེ་བ་ཁྱོད་ཀྱི་མི་ལུས་ཐོབ་པ་ནི་ཕན་ཐ ་བར་གྱུར་ཏོ།། ལེགས་པར་ཐོབ་བོ།། སྐུལ་བྱེད་འཇིག་རྟེན་ན། ཨུ་དུམ་པ་རིའི་མེ་ཏོག་ཤིན་ཏུ་མཛེས་པ་རྙེད་པར་དཀའོ།། དེ་བས་ཀྱང་ཆེས་དེ་བཞིན་གཤེགས་པ་བྱུང་བ་རྙེད་པར་དཀའོ།། ་དེ་བས་ཀྱང་དད་པ་རྙེད་པ་ཤིན་ཏུ་དཀའོ།། དེ་བས་ཀྱང་ཆེས་ཆོས་ཐོས་པ་རྙེད་པར་དཀའོ།། དེ་བས་ཀྱང་ཆེས་དེ་བཞིན་གཤེགས་པ་ལ་ཞལ་ཟས་ཀྱི་ཐ་མ་དབུལ་བ་རྙེད་པར་དཀའོ།། དེ་བས་ན ་ཞལ་ཟས་ཀྱི་ཐ་མ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་དཀའོ།། མགར་བའི་བུ་སྐུལ་བྱེད་ཁྱོད་ལ་ཕྱག་འཚལོ།། དཔེར་ན་སྟོན་ཟླ་འབྲིང་པོའི་ཉ་ལ་སྤྲིན་མེད་པའི་ཚེ། ཟླ་བའི་དཀྱིལ་འཚ ་དྲི་མ་མེད་པ་མཛེས་པ་མཐོང་བ་ན། ཟླ་བ་འབའ་ཤིག་མངོན་དུ་སྣང་བ་དེ་བཞིན་དུ་ཁྱེད་ཀྱིས་ཕུལ་བའི་ཞལ་ཟས་ཀྱི་ཐམ། དེ་བཞིན་གཤེགས་པས་བཞེས་པས་ན་ཁྱོད་འབའ་ཤིག། ་སེམས་ཅན་ཐམས་ཅད་ལ་མངོན་དུ་སྲུང་ངོ་།། ཁྱོད་ལ་ཡང་དང་ཡང་དུ་ཕྱག་འཚལ་ལོ།། སྐུལ་བྱེད་ཁྱོད་ནི་མིའི་ལུས་པད་མའ་ལས་བྱེད་བཞིན་དུ་ལྷ་ཡི་ཡང་ལྷ་ཡིན།། དེ་བཞིན་ག ་བའི་སྲས་སྒྲ་ཅན་ཟིན་དང་འདྲའོ།། ཞེས་བྱས་ནས། ཚིག་སུ་བཅད་པ་འདི་དག་ཀྱང་སྨྲསོ།། ཁྱོད་ནི་མ་ཡིན་ཏེ་ལྔ་མཆོག་ཡིན།། མི་མཆོག་གཙོ་བོ་ཁྱད་པར་འཕགས་པ་སྟེ།། དེ་ཕྱིར་ཁྱོད་ལ ་གསོལ་པ་འདི་སྐད་འདེབས།། སྟོན་པ་ཡོངསུ་མྱང་ན་འདའ་བར་ཆས།། བདག་ཅིག་ཀུན་ལ་བརྩིབས་སྐུལ་བྱེད་ཁྱོ་དང་།། སྐྱེ་བོ་རྣམས་ལ་ཡུན་དུ་ཕན་པའི་ཕྱིར།། འདིར་ནི་སྟོན་པ་དཔག ་མེད་མགོན་པོ་ལ།། བཞུགས་ཤིང་རྒྱུན་ཏུ་བདུད་རྩི་སྟོན་ཅེས་གསོལ།། སྲིད་ལས་རྣམ་གྲོལ་མྱ་ངན་འདའ་བཞེད་2།། གལ་ཏེ་ཁྱོད་ཀྱིས་དེ་རིང་མ་གསོལ་ན།། བདག་ཅག་ཐམས་ཅད ་མ་རུ་ཤེས་པར་གྱིས།། དེ་ལས་པན་ཕྱིར་མགོན་ལ་གསོལ་བ་ཐོབ།། དེ་ནས་ལ་ལ་ཞིག་པ་མ་གཉིས་ཤི་བ་ལས་ཕྱིར་སོས་ཏེ།། གསོན་པོར་འདུག་པ་མཐོང་ན། མཆོག་ཏུ་དགའ་བར་འགྱུར་བ་དེ ་ཁོ་ན་བཞིན་དུ།། མགར་བའི་བུ་སྐུལ་བྱེད་དེ་མཆོག་ཏུ་དགའ་བར་གྱུར་ནས།། ལག་པ་བརྐྱང་སྟེ། བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ནས་ལངས་ཏེ། ཚིག་སུ་བཅད་པ་འདི་དག་སྨྲས། ་ཀྱེ་མ་དང་བདག་རྙེད་པ་ལེགས་པར་རྙི་དོ།། མིའི་འཇིག་རྟེན་སྐྱེས་པ་འབྲས་བུ་ཡོད།། ད་ནི་རྙེད་ལས་སྩོགས་ལས་འབྲལ་མི་འགྱུར།། མ་བཟད་དམྱལ་བར་ཡང་ནི་ལྟུང་མི་འགྱུར།། དེང་འདིར་རྙེདཔ ་ཆེན་པོ་རྙེད་པ་འདི།། གསེར་གྱི་ཕུང་པོ་བས་ཀྱང་ལྷག་པ་ཡིན།། དཔའ་བོ་བདེ་གཤེགས་མགོན་དང་ཕྲད་པས་ན།། ཕྱིན་ཆད་བདག་ནི་དུད་འགྲོས་འཇིགས་མེད་པ།། སངས་རྒྱས་ལ་ནི ་དད་པ་གཏིང་ཟུག་པ།། དེང་རྙེད་ཨུ་དུམ་པརའི་མེ་ཏོག་བཞིན།། རབ་འཇིགས་ཡི་དྭགས་འགྲོ་བ་ཡོངས་སྤངས་ཤིང་།། ལྷ་མིན་སྐྱེ་བོའི་ས་བོན་མི་བཟོད་བཅོམ།། དེ་བཞིན་གཤེགས་འབྱུང་དཀོན་དང ་དེ་ཕྲད་པ།། ཁབ་ཀྱི་རྩེ་མོར་ཡུངས་འབྲུ་ཆགས་པ་བཞིན།། དེ་ལ་ཕ་རོལ་ཕྱིན་མཆོག་སྦྱིན་ཕུལ་བས།། རྟག་ཏུ་ལྷ་ཡི་འགྲོ་བར་འཕར་བར་གྱུར།། ཆུ་གནས་པདྨ་ཆུས་མི་ཆགས་པ་ལྟར།། དྲང་སོང་ཆེན ་པོ་འཇིག་རྟེན་ཆོས་རྣམས་ཀྱིས།། ཆགས་མེད་ཕྲད་པས་སྲིང་རྩེའི་ས་བོན་ཀུན།། དྲུང་ས་ཕྱུང་བདག་ནི་འཁོར་བའི་མཚོ་ཆེན་རྒལ། རྒྱ་མཚོའི་ནང་གི་རུ་སྦལ་ཞར་བའི་འགྲིན།། གཉའ་ཤིང ་དམིག་ཏུ་ཆུང་དཀའ་འདྲ་བ་ལས།། བདེ་གཤེགས་དེང་ཕྲད་དེ་ལ་སྦྱིན་པ་ཕུལ།། དེ་ནས་བང་གིས་ཉོན་མོངས་གསོག་ཀུན། བཅོམ།། ལྷ་རྣམས་ཀྱིས་ནི་ཞལ་ཟས་བཟངས་པོ་དག ་ཕུལ་ཡང་བདེ་གཤེགས་མ་བཞེས་བདག་ལས་ནི།། ཨ་རན་དེའི་མེ་ཏོག་འདྲ་བ་ཞེས་དེས།། བདག་ནི་འཇིག་རྟེན་རབ་མཆོག་དལ་ཡོན་ཅན།། ཚངས་པ་བརྒྱ་བྱིན་ལ་སོགས་འཇིག་རྟེན་འདི། ་ཐམས་ཅད་ལྷགས་ཏོ་གུས་པར་བདག་ལ་མཆོད།། ཁྱུ་མཆོག་གནས་སོན་པ་གང་ཡིན་འདི།། སྐྱེ་བ་འདི་ཉིད་ལ་ནི་བདག་གིས་ཐོབ།། དེ་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི ་སྐད་ཅེས་གསོལ་ཏོ།། མགོན་ཁྱོད་མྱ་ངན་འདའ་བ་མཐོང་ནས་ནི།། འཇིག་རྟེན་འདི་ཀུན་སྡུག་བསྔལ་གཟིར་བར་གྱུར།། དབང་མེད་ཀྱི་ཧུད་ཅེས་ནི་སྐད་ཚར་བླ།། འདི་དག་མདོར་རྟག་ཏུ ་སྲས་བཞིན་གཟིགས། ལྷུན་པོའི་གསེར་གྱི་རྩེ་མོ་རབ་མཐོ་བ། མཚོ་ཆེན་དབུས་ན་མཛེས་པར་གནས་པ་ལྟར། ཆོས་ཀྱི་མངའ་བདག་ཁྱོད་ན་ཆོས་སྟོན་ཅིང་།། དགེ་འདུན་དུསུ་མཛེས་པར། ་བཞུགསུ་གསོལ།། ཇི་ལྟར་ཉི་མ་གཟི་ཅན་ཤར་བ་ན།། འོད་ཟེར་དག་གིས་སྦྱིན་སྲབསེལ་བ་ལྟར།། དྲང་སྲོང་ཆེན་པོ་ཡིས་སྒྲོན་ཆེན་གྱིས།། སྐྱེ་བོ་མང་པོའི་མྱ་ངན་དང་བསལ་མཛོད་ཚེ་ནི་འདི་དག ་དུད་མོས་མིག་སྐྲངས་ཤིང་།། སྡུག་བསྔལ་གཅིག་པུའི་རྒྱ་མཚོའི་ཏིང་དུ་ཞུགས།། དེ་ཕྱིར་དང་ང་རྙེད་དཀའ་བསྐྱེད་མཛད་ཅིང་།། འདི་རྣམས་སྡུག་བསྔལ་ཆོད་ལ་ཡུན་དུ་བཞུགས།། དེ་ནས། ་བཅོམ་ལྡན་འདས་ཀྱིས་སྐུལ་བྱེད་ལ་བཀའ་སྩལ་པ།། སྐུལ་བྱེད་དེ་ནི་དེ་བཞིན་ནོ།། དེ་ནི་དེ་བཞིན་ཏེ། སངས་རྒྱས་འབྱུང་བ་ནི་ཨུ་དུམ་བཻ་རེའི་མེ་ཏོག་བཞིན་དུ་ཤིན་ཏུ་རྙེད་པར ་དཀའོ།། དད་པ་ཡང་རྙེད་པར་དཀའོ།། ཆོས་ཐོས་པ་ཡང་རྙིང་པརང་ཀའོ།། དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདའ་བའོ། ཚེ། ཞལ་ཟས་ཀྱི་ཐ་མའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དུན ་སུམ་ཚོགས་པ་ཡང་རྙེད་པར་དཀའོ།། སྐུལ་བྱེད་གཞན་ཡང་ཁྱོད་མ་དུ་མྱ་ངན་མ་བྱེད་པར་བད་གིས་དེ་བཞིན་གཤེགས་པ་ལ་ཞལ་ཟས་ཀྱི་ཐ་མའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཕུན་སུམ་ཚོགས ་པ་ཐེབོ་སྙམ་དུ་དགའ་བ་བསྐྱེད་ཅིག། དེ་བཞིན་གཤེགས་པ་ལ་བཅོམ་ལྡན་འདས་བཞུག་སུ་གསོལ་ཞེས་དེ་སྐདདུ་ཁྱོད་གསོལ་བ་མ་འདེབས་ཤིག། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དེ་ཁོ་ན་ཉིད ་ལ་རྟོག་ཤིག། མི་རྟག་པ་ཉིད་ལ་འཇུག་པར་གྱིས་ཤིག། འདུ་བྱེད་རྣམས་ཀྱི་རང་བཞིན་ཤེས་པར་གྱིས་ཤིག་ཅེས་བཀའ་སྩལ་ནས།། ཚིགསུ་བཅད་པ་འདི་དག་གསུང་སོ།། ཚེ་ནི་གཤིན་ཏུ་རིང ་། ཡང་འཇིག་པར་འགྱུར།། འདིར་ནི་ཐམས་ཅད་ངེས་པར་མཆི་བར་འགྱུར།། འཚེ་བའི་འཇིག་རྟེན་འཇིགས་པའི་ཆོས་ཅན་ཡིན།། འབྱོར་པ་ཐམས་ཅད་རྒོད་པར་གཞོལ་བར་འགྱུར ་རྟག་ཏུ་ལང་ཚོ་རྒ་བས་ངེས་པར་འཇོམས།། གཟུགས་བཟང་ནད་མེད་རད་ཀྱི་འཇིགས་པར་འགྱུར།། སྲོག་ནི་འཆི་བས་རྩ་ནས་འབྱིན་པར་བྱེད།། འཇིག་རྟེན་ཀུན་ན་རྟག་པ་ཅི་ཡང་མེད།། དབང་ཕྱུག ་མི་རྟག་ཆེ་ཡང་མི་རྟག་སྟེ།། ཀྱེ་བའི་སྡུག་བསྔལ་འཁོར་ལོར་རྟག་ཏུ་འཁོར།། འཇིག་རྟེན་གསུམ་ན་བརྟན་པོ་སུ་ཡང་མེད།། སྲིད་པ་དག་ན་འགྲོ་ཀུན་གསོག་ཏུ་འདུག། སྲིད་པ་འཇིགས་པའི་ཆོས ་ཅན་རབ་གཡོ་བ།། འདི་དག་ན་ནི་བདེ་བ་ཅི་ཡང་མེད།། རྒ་དང་འཆི་དང་། ན་དང་རྒུད་རྣམས་ཀྱི།། འཇིགས་པས་རྟག་ཏུ་ཀུན་ནས་གཙེ་བར་བྱེད།། སྲིད་པ་མཐའ་མེད་མི་བརྟན་སྙིང་པོ་མེད།། ཐད ་དགྲ་དང་ཁུར་བར་ཤེས་པར་གྱིས།། དེ་ན་འཁོར་ཞིང་། ན་མོངས་དྲ་བ་ཡིས།། འཇིག་རྟེན་དཀྲིས་ཏེ། དར་གྱི་སྲིན་བུ་ཐ་ཞིན།། འཇིག་རྟེན་དག་ན་ཐེར་ཟུག་གནོད་པའི་གཞི།། རྟག་ཏུ ་འབྲས་ལྟར་སྡུག་བསྔལ་འབྲེལ་པ་གང་།། མི་བཙང་ལུས་དང་འདོད་པ་དེ་དག་ལ།། ཕན་འདོད་སྡུག་བསྔལ་བསལ་འདོད་སུ་ཞིག་དགའ།། མི་རྟག་འདོད་པ་རྣམས་ལ་ཆགས་པ་མེད།། ཚུལ ་བཞིན་རྟོག་པས་འདོད་ཆགས་འབྲལ་བར་འགྱུར།། དེ་ནས་ཡང་དག་མཐོང་ན་འདོད་ཆགས་བྲལ།། དེ་དག་སྤངས་བཅང་གྲོལ་བ་ཉིད་དུ་འགྱུར།། ང་ནི་སྲིད་པའི་ཆུ་ཆེན་ལེགས་པར་རྒལ། ་ང་ནི་སྡུག་བསྔལ་རྣམས་འདས་བདེ་བར་ཞུགས།། དེ་ཕྱིར་ངས་ནི་མཐའ་ཡས་སྤྲོས་མེད་པ།། ཆགས་པ་ཀུན་བསྩལ་ཐར་བར་ཐོབ་པར་གྱུར།། ང་ལ་རྒ་དང་ན་དང་འཆི་བ་མེད།། ང་ལ་རྟག ་ཏུ་ཚེ་ཡང་པདྨ་མེད།། ང་ནི་མེ་ལྟར་འབར་ཏེ་འགྲོ་འགྱུར་གྱིས།། ཁྱོད་ཀྱིས་ང་ནི་མེད་འགྱུར་མ་སེམས་ཤིག། དེ་བཞིན་གཤེགས་ཉིད་ལྷུན་པོ་འདྲ་བར་ལྟོས།། ང་དེང་ཡང་དག་མྱ་ངན་འདའ ་བར་འགྱུར།། བདུ་མཆོག་དེ་ནི་ང་ཡི་ཆོས་ཉིད།། རྒྱལ་རྣམས་སྤྱོད་ཡུལ་ལེན་གྱིས་ཁྱོད་མ་དུ།། དེ་ནས་བཅོམ་ལྡན་འདས་ལ་མགར་བའི་བུ་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་དེ་ནི་དེ་ལག་སོ།། དེ་ནི་དེ་ལག་སྟེ། མྱ་ངན་ལས་འདས་པ་ནི་བདེགས་ཀྱང་བསམ་གྱིས་མི་ཁྱབ་ལགས་ནས་སྦྲང་བུ་དང་འདྲ་བའི་སེམས་ཅན་ཐེག་པ་དམན་པ་གཞན་དག་གིས་ལྟ་སྨོས་ཀྱང་ཅི་འཚལ། ་བཅོམ་ལྡན་འདས་ཀྱེ་མ་བདག་དེང་དུ། བྱང་ཆུབ་སེམས་དཔའ་མི་མཆོག་སྐལ་པ་ཆེན་པོ་དང་ལྡན་པ་མཆོད་པར་འོས་པ། འཇམ་དཔལ་གཞོནུར་གྱུར་པ་ལས་སོགས་པ་དང་། ཟག་པ ་ཟད་པ་རྣམས། དང་མཉམ་པ་ཉི་དུ་གྱུར་ཏོ།། བཅོམ་ལྡན་ངས་དཔེར་གསོལ་ན། གསར་དུ་བསྙེན་པར་རྫོགས་པ་གཞོན་དུ་ཡང་རབ་ཏུ་བྱུང་བ་དེ་ཉིད་ཀྱི་ཉེན་པར་ནས། དགེ་འདུན་ནང་ན་དགེ ་འདུན་འགྲང་ཞིང་། ཡང་དག་པར་འདུས་པར་འགྱུར་བ་དེ་བཞིན་དུ་བདག་ཀྱང་དེ་བཞིན་གཤེགས་པའི་མཐུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གྲངསུ་གཏོགས་ཤིང་། ཡང་ང། ་བར་འདུས་ལག་སོ།། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་ཡུན་ཏུ་བཞུགས་པར་འཚལ་གྱི། ཁ་ཟས་ཚིག་པ་བཞིན་མྱ་ངན་ལས་འདའ་བར་གཤེགས་པ་ནི་མི་འཚལ་ལག་སོ།། དེ་ནཱ ་དེའི་ཚེ། འཇམ་དཔལ་གཞོ་ནུར་གྱུར་པས།། མགར་བའི་བུ་སྐུལ་བྱེད་ལ་འདི་སྐད་ཅེས་སྨྲས།། སྐུལ་བྱེད་ཁྱོད་འདི་སྐད་དུ་བདག་ནི་དེ་བཞིན་གཤེགས་པ་ཡུན་ཏུ་ཞུགས་པར་འཚལ་གྱི་ཁ་ཟས་ཚིག ་། པ་བཞིན་དུ་མྱ་ངན་ལས་འདའ་བར་གཤེགས་པ་ནི་མི་འཚའོ།། ཞེས་དེ་སྐད་མ་ཟེར་ཅིག་འདུ་བྱེད་ཀྱི་རང་བཞིན་བལྟ་བར་བྱ་མོད།། དེ་ལྟར་ལྟ་བ་གང་ཡིན་པ་དེ་ནི་སྟོང་པ་ཉིད་སྒོམ་པ ་ཡོངསུ་རྫོགས་པར་འགྱུར་།། དམ་པའི་ཆོས་འདོད་པས་ནི་དེ་ལྟར་བརླབ་པར་བྱའོ།། སྐུལ་བྱེད་ཀྱིས་སྨྲས་པ། བཙུན་པ་འཇམ་དཔལ་འོ་ན་ཇི་ལྟར་དེ་བཞིན་གཤེགས་པ་ལྷའི་ཡང་ལྷ་ཡི་མཆོག་ཏུ་གྱུར། ་གལ་ཏེ་འདུ་བྱེད་གྱུར་ན། ལྷའི་ཡང་ལྷར་འོས་པ་མ་ཡི་ནོ།། འདུ་བྱེད་རྣམས་ནི་ཆུ་ལྟ་བུར་ཤེས་ཤིང་། ཤིང་རྟིའི་འཕང་ལོ་བཞིན་དུ་འཁོར་བ་ཡིན་ནོ།། ལྷ་རྣམས་ནི་མཆོག་ཏུ་ཚེ་རིང་ཞེས་གྲགས་ལ་དེ ་བཞིན་གཤེགས་པས་ནི། ལོ་བརྒྱ་ཡང་མཐུབ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ལྷའི་ཡང་ལྷར་འོས་པ་མ་ཡིན་ནོ།། དཔེར་ན་མི་ལ་ལ་ཞིག་གྲོང་དཔོན་བྱེད་ལས་དེ་མཐར་གྱིས་དབང་ཕྱུག་ཆེན་པོར ་གྱུར་ནས།། བློན་པོ་ཆེན་པོའི་དབང་ཕྱུག་ལས་ཀྱང་འདས་ཏེ། རང་གི་དབང་ཕྱུག་གི་འབྲས་བུ་ཆོས་ཀྱིས་རྙེད་པ་ལ་ལོང་སྤྲོད་པ་ལས།། དེའི་ཕྱིར་ཡང་བསོད་ནམས་ཟད་ཅིང་། དབང་ཕྱུག་ལས ་ཉམས་པར་གྱུར་ན། གཞན་གྱིས་བཀོལ་ཞིང་བརྙས་པར་འགྱུར་པ། དེ་ཅིའི་ཕྱིར་ཞེ་ན། དབུལ་པོར་གྱུར་པའི་ཕྱིར་རོ།། དེ་དང་འདྲ་བར་གལ་ཏེ་དེ་བཞིན་གཤེགས་པ་འདུ་བྱེད་དུ་གྱུར་ཏུ་ཟིན ་མ་འཆི་བའི་རྒྱུ་ཡིན་པའི་ཕྱིར། ལྷ་ཡི་ཡང་ལྷར་འོས་པ་མ་ཡིན་ནོ།། བཙུན་པ་འཇམ་དཔལ་དེ་བས་ན། ལྷའི་ཡང་ལྷ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ ་དེ་ལྟར་འདུ་བྱེད་དང་འདྲ་བར་མ་ལྟ་ཤིག། འཇམ་དཔལ་གཞན་ཡང་ཅི་ཁྱོད་དེ་བཞིན་གཤེགས་པ་ལ་འདུ་བྱེད་ཀྱི་རང་བཞིན་དུ་རྟོག་པར་བྱེད་དམ། འོན་ཏེ་མ་ཤེས་པས་རྟོག་པར་བྱེད། གལ་ཏེདེ ་བཞིན་དུ་དེ་བཞིན་གཤེགས་པ་འདུ་བྱེད་དང་འདྲ་བ་ནི། འཇིག་རྟེན་གསུམ་པོ་དག་ན། ཆོས་ཀྱི་དབང་ཕྱུག་བརྙེས་པ། ལྷའི་ཡང་ལྔ་མཛད་པའི་འོས་མ་ཡིན་ནོ།། དཔེར་ན་རྒྱལ་པོའི་དབང་པོ ་ལ་ལ་ཞིག་ལ། གྱང་སྟོང་གི་མཆོག་ཏུ་གྱུར་པའི་གྱད་ཅིག་ལ། དེ་གྱད་ཐམས་ཅད་ཀྱིས་མི་ཐུབ་པའི་ཕྱིར། གྱང་སྟོང་ཐུབ་ཅེས་བྱ་བའི་མིང་ཐོབ་སྟེ། དེ་ལ་གྱང་ཟླ་མེད་པའི་ཕྱིར་བླངས་ནས། དབང ་ཐང་ཆེན་པོ་འགྲུབ་ན། ཅི་གྱང་སྟོང་ཐུབ་པ་དེའི་མིང་དེ་ཐོས་ན་སྐད་གྲགས་པ་དེ་མི་བདེན་པ་ཡིན་ནམ་འོན་ཏེ་ཡོན་ཏན་ཡོད་ན་ནི།། ཡོན་ཏན་ཅན་གྱི་མིང་ཐོབ་པ་ཡིན་ནོ།། དེ་བཞིན་དུ་དེ་བཞིན ་གཤེགས་པ་ཡང་ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་དང་། ལྷའི་བུའི་བདུད་དང་། རང་བཞིན་གྱི་བདུད། ཀྱི་གྱད་ཐམས་ཅད་བཅོམ་པས་ན། གྱད་སྟོང་ཐུབ་བཞིན ་དུ་ཡང་དག་པའི་ཡོན་ཏན་གྱི་སྒོ་ནས། འཇིག་རྟེན་གསུམ་པོ་དག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ཡིན་གྱིས། བཙུན་པ་འཇམ ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ་འདུ་བྱེད་དེ་དང་འདྲ་བར་ཡོངསུ་མ་རྟོག་ཤིག། དཔེར་ན་ལ་ལ་ཞིག་ཕྱུག་ཅིང་ནོར་མང་བའི་རིགསུ་སྐྱེ་བ་བླངས་ལ་ཚེ་ཐུང་བར་འགྱུར་བ་ཞིག་སྟེ། ་དེ་སྐར་མཁན་དག་གིས་མཐོང་ནས། ཁྱེའུ་འདོ་ན་ཚེ་ཐུང་ངོ་ཞེས་བསྟན་ཏེ།། དེའི་ཕ་མས་དེ་སྐད་ཐོས་ན། འདི་ནི་བདག་ཅག་གི་ཁྱིམ་དུ་ཕན་པར་འགྱུར་བ་མ་ཡིན་ནོ་སྙམ་ནས། གྲངསུ་ཡང་མ ་རྩི་ཞིང་དེ་ལ་བྱམས་པར་མི་བྱེད་དོ།། དེ་ལྟར་སྐྱེས་པ་འམ། བུད་མེད་དམ། ལྷ་འམ། ཚངས་པ་ཡང་རུང་སྟེ། གང་ཚེ་ཐུང་བ་དེ་ལ་ཁྱད་དུ་གསོད་པར་འགྱུར་ན། གལ་ཏེ་དེ་བཞིན་གཤེགས ་།། པ་ཆོས་འབའ་ཤིག་ལ་ཡང་དག་པར་གཞོལ་བ་ཉིད་འདུ་བྱེད་དུ་འགྱུར་དུ་ཟིན་ན། འཇིག་རྟེན་ཐམས་ཅད་ཀྱི་བརྙས་པར་འགྱུརརོ།། ཆོས་ཐམས་ཅད་ཀྱི་ནང་ན་ནི་ཕྱིར། ་ལྟུང་བ་མེད་ཅིང་ཟད་པ་མེད་པ་ལ་ཐར་པ་ཞེས་བཤད་ན། གལ་ཏེ་དེ་ལྟར་གྱུར་ན་དོན་མེད་པར་འགྱུར་གྱིས། བཙུན་པ་འཇམ་དཔལ་དེ་བཞིན་གཤེགས་པ་འདུ་བྱེད་དུ་གྱུར་ཅེས་དེ ་སྐད་མ་གསུང་ཤིག། དཔེར་ན་བུད་མེད་གནོ་ནུ་དབུལ་མོ་བཀྲེན་པ། མགོན་མེད་པ། ནད་ཀྱིས་ཐེབས་པ། སྡུམ་པས་ཉེན་པ་ཞིག་མགོན་མེད་ཁང་པ་ཞིག་ཏུ་སོང་བ་ལས། བུད་མེད་དེ་བུ ་བྱུང་ནས། དེ་ན་སྔ་ནས་གནས་པ་གཞན་དག་གིས་དེའི་ནང་ནས་བསྐྲད་དེ། ཉོན་མོངས་མ་དེ་བུ་བཅོས་མ་ཐག། ཏུ་བྱིས་པ་ཁ་མར་ཁྱེར་ནས། ལོ་ལེགས་པའི་ཡུལ་ཞིག ་ཆས་ཏེ་སོང་བ་ལས་ལམ་དུ་ཤ་སྦྲང་དང་། སྦྲང་བུ་དང་། རླུང་དང་། ཉོ་མཚན་དང་། སྡིག་སྦྲུལ་གྱི་གནོད་པས་ཉེན་པར་གྱུར་ཏོ།། གངྒཱའི་ཀླུང་ཆེན་པོ་རྒལ་བར་འདོད་པ ་ལས། ངས་རྒལ་མ་ནུས་ཏེ། ཁྱེའུ་དེ་ཁྱེར་བ་ནན་དུ་གངྒཱའི་ནང་དུ་ཤི་ནས། དེ་བུ་དེ་ལ་བྱམས་པའོ་བསོད་ནམས་ཀྱི་ཁྱད་པར་གྱིས། ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་ཚངས་པའི་འཆི ་རྟེན་དུ་སྐྱེས་ཏེ། བྱམས་པའི་བསོད་ནམས་ཀྱི་ཁྱད་པར་ཇི་ལྟ་བུ་ཞིག་གིས་སྐྱེས་ཤེ་ན། བདག་ནི་ཤི་ཡང་བླའི།། ཁྱེའུ་འདི་ཉེ་ན་མེད་པར་ཐར་པར་བྱའོ།། སྙམ་པའི་བསོད་ནམས་ཀྱི ་ཁྱད་པར་གྱིས་པ་དེ་བཞིན་དུ་བཙུན་པ་འཇམ་དཔལ་སྐྱེས་བུ་དམ་པ། དམ་པའི་ཆོས་འབྱུང་བར་འདོད་པས། དེ་བཞིན་གཤེགས་པ་འདུ་བྱེད་དུ་གྱུར་པར་བལྟ་བར་མི་ཞིང་། འདུ ་ཤེས་ཀྱང་བསྒྱུར་བར་མི་བྱའོ།། གལ་ཏེ་དེ་ལྟ་བུའི་མིག་ལུས་ལ་མེད་ན་ཡང་། བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་བོ་སྙམ་དུ་ཡང་དག་པའི་ལྟ་བ་ཅན་དུ་བྱའོ།། སེམས་ཅན་ཐམས་ཅད་ལ ་ཕན་པའི་གདམ་ངག་བསྟན་པས་ནི་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ཡིན་ནོ་ཞེས་བསྟན་པར་བྱའོ།། དམ་པའི་ཆོས་འབྱིན་པར་བྱེད་པས་ནི་ཇི་ལྟར་བུད་མེད་གཞོན་དབུལ་མོས། གངྒཱའི་ཀླུ ་ལས་བུ་བསྒྲལ་བའི་ཕྱིར། རང་གི་སྲོག་དང་བསྔོས་ཏེ། འབད་པ་དེ་བཞིན་དུ་བྱའོ།། དམ་པའི་ཆོས་འབྱུང་བའི་ཐབས་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའོ།། སྙམ་དུ་སེམས། ་བསྐྱེད་པར་བྱའོ།། དེ་བཞིན་གཤེགས་པ་འདུས་མ་བྱ། ངས་པར་མཐོང་ན། བདག་ཉིད་ཀྱི་དོན་དུ་བྱ་བའི་ཐར་པའི་དོན་རྟོགས་པར་འགྱུ་རོ།། བཙུན་པ་འཇམ་དཔལ་དཔེར་ན་དཔེར་ན་མོ་ལ་ལ ་ཞིག་ལམ་དུ་འགྲོ་བས་དུབ་པར་གྱུར་ཏེ། ཁྱིམ་གྱི་ན་དུཉུལ་བ་ལས།། དེའི་ཚེ་ཁྱིམ་དེ་ཐོག་ཐག་ནས་མེ་ཆེན་པོར་འབར་ཏེ། མི་དེ་མེས་ཚིག་པ་ན། དེ་ནི་སྲོག་མེད་ཟིན་ནོ་སྙམ་ནས ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ལྡན་པས། བདག་ཉིད་གོས་ཀྱི་དམ་དུ་དཀྲིས་ཏེ། སེམས་དྲན་པ་དང་ལྡན་པ་བཞིན་དུ་ཤྲཱི་ནས། དེ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པར་སེམས་པའི་བསོད་ནམ ་ཀྱི་འབྲས་བུས་སུམ་ཅུ་རྩ་གསུམ་པའི་རྒྱལ་སྲིད་ནི་ལན་བརྒྱད་ཅུས་བྱས། ཚངེས་པའི་རྒྱལ་སྲིད་ནི་ལན་འབུམ་བྱས།། མིའི་འཇིག་རྟེན་དུ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལན་དུ་མ ་བྱས་ཏེ། ངན་སོང་རྣམས་སུ་ཡང་མི་སྐྱེ་ལ་ལན་མང་དུ་བདེ་བ་ཅིག་ནས་གཅིག་ཏུ་བརྒྱུད་པ་འབའ་ཤིག་ཐོབ་པ་དེ་བཞིན་དུ། འཇམ་དཔལ་ཁྱོད་སྐྱེས་བུ་དམ་པ་དེ་ལྟར་མཛེས་པར་གྱིས་ཤེས། ་ངོ་ཚ་ཤེས་པར་གྱིས་ཤིག། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་ཐབས་ལ་འཇུག་པ་སྤྱོད་དུ་མ་ནུགས་ཤིག། དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་པ་འདུས ་མ་བྱས་ལ་དེ་བཞིན་གཤེགས་པ་འདུས་བྱས་པ་ཡིན་ནོ།། ཞེས་པ་བས་ནི་མུ་སྟེགས་པར་གྱུར་ཏེ་ཤི་ཡང་བླའོ།། དེ་བཞིན་གཤེགས་པ་འདུས་མ་བྱས་ཡིན་བཞིན་དུ། དེ་བཞིན་གཤེགས་པ་འདུས ་བྱས་ཡིན་ཞེས་ཟེར་བ་གང་ཡིན་པ་དེ་དག་ནི་བརྫུན་དུ་སྨྲ་བ་ཡིན་ནོ།། དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ་ཞེས་ཟེར་བ་རྣམས་ནི། རང་གི་ཁྱིམ་དང་འདྲ་བར་སེམས་ཅན་དམྱལ་བར་འགྲོ་བར ་འགྱུར་རོ།། བཙུན་པ་འཇམ་དཔལ་དེ་བཞིན་གཤེགས་པ་ལ་འདུས་བྱས་དང་འདྲ་བར་མ་ལྟ་ཤིག། ད་ཕྱིན་ཆད་འཁོར་བར་རྒྱུ་བ་ན་མི་ཤེས་པ་ལས་བཟླས་ཏེ། བཅོམ་ལྡན་འདས་ནི ་འདུས་མ་བྱས་པའོ་སྙམ་པའི་ཤེས་པ་འབའ་ཤིག་རྟོག་པར། གྱིས་ཤིག་དེ་ལྟར་བྱས་བཏང་བསྒོམ་པ་དེའི་འབྲས་བུས། ཁྱོད་མྱུར་བ་ཁོ་ནར་དེ་བཞིན་གཤེགས་པ་བཞིན་དུ། ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་འགྱུར་རོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་མགར་བའི་བུ་སྐུལ་བྱེད་ལ་འདི་སྐད་ཅེས་སྨྲས་སོ།། ལེག་སོ་ལེག་སོ།། ཚེ་རིང་བར་གྱུར་ཅིག། ་རིགས་ཀྱི་བུས་ནི་དེ་ལྟར་བྱ་བ་ཡིན་ནོ།། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་རྟག་དང་། ཐེར་ཟུག་དང་། འདུས་མ་བྱས་པ་དང་། བརྟན་པར་ཤེས་སོ།། ད་ལྟར་ཁྱོད་ཀྱིས་འདི་ཁོ་ན་ལྟར། ་འདུས་བྱས་ཁོང་རླག་ཏུ་གཏད་པའི་སྒོ་ནས་ཤེས་པ་ལས་ན་ཁྱོད་ཀྱང་རིང་པོ་མི་ཐོགས་པར་དེ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་དུ་འགྱུར་རོ།། སངས་རྒྱས་ཉིད་ཀྱིས་ཀྱང་དེ་ལྟར་འུ་དྲུག ་གཉིས་ཀྱིས་ཁྱད་དུ་འཕགས་པའི་བསྔགས་པ་བརྗོད་དོ་ཞེས་ཕྱིས་བསྔགས་པར་འགྱུར། སྐུལ་བྱེད་དེ་བཞིན་གཤེགས་པའི་གཤོས་བསྐུར་ཅིག། སྦྱིན་པ་ཐམས་ཅད་ཀྱི་ནང་ན་ནི་བདཱུར་ཏེ། ་སྦྱིན་པ་མཆོག་ཡིན་ནོ།། དེ་ལ་བདཱུར་ཏེ། སྦྱིན་ཞེས་བྱ་བ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ས་བོན་ལས་མྱུ་གུ་འབྱུང་བར་བྱ་བའི་ཕྱིར། གང་གི་ཚེ་དགེ་སློང་ངམ། དགེ་སློང་མ ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་ཡང་རུང་སྟེ། དོན་འགའ་ཞིག་གི་ཕྱིར་ལམ་དུ་ཞུགས་ནས་དུབ་པར་གྱུར་པ་དེ་དག་ལ་ཅི་ཡོད་པ་དང་། དེའི་རྐྱེན་དུ་འཚམ་པ་དང་། བརྟག་པའི་སྦྱིན་པ ་བྱེད་པ་ནི། བརྟུར་ཏེ་སྦྱིན་པ་ཞེས་བྱའོ།། སྐུལ་བྱེད་དེ་བཞིན་དུ། ཁྱོད་ཀྱིས་ཅི་ཡོད་པ་ལས་ཞལ་ཟས་ཀྱི་ཐ་མ་མང་ཡང་རུང་ཉུང་ཡང་རུང་། དེ་བཞིན་གཤེགས་པ་དགེ་སློང་གི ་དགེ་འདུན་དང་བཅས་པ་ཁྱད་པར་ཡོད་ཀྱང་རུང་ཁྱད་པར་མ་ད་ཀྱང་རུང་སྟེ། འདྲིམ་དུ་ཆུག་ཤིག། བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདའ་བར་གཤེགསུ་ཉེའོ།། ་དེ་ནས་སྐུལ་བྱེད་ཀྱིས་སྨྲས་པ། བཙུན་པ་འཇམ་དཔལ་ཁྱོད་ཁ་ཟས་ལ་ཆགས་སམ་ཅི་ན། ཞལ་ཟས་མང་ཡང་རུང་ཉུང་ཡང་རུང་དྲི་མས་ཤིག་ཅེས་བདག་གི་གཞན་འདེབས་པར་བྱེད། ་བཅོམ་ལྡན་འདས་ཀྱིས་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་པ་མཛད་མཛད་ན། ཅིང་སྐད་ཅིག་ཙམ་ཡང་བཞེས་མི་སྤྱོད་དམ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་ཡིན་ཏེ། ཞལ་ཟས་ཀྱི་སྐུ་མ ་ཡིན་ན། ཅི་བཅོམ་ལྡན་འདས་ཞལ་ཟས་གསོལ་ལ་མ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སྐུལ་བྱེད་ཀྱིས་ཇི་སྐད་སྨྲས་པ་དེ་ནི་དེ་བཞིན་ནོ།། སྐུལ་བྱེད་ལེགས། ་ལེག་སོ།། ཁྱོད་ནི་ཐེག་པ་ཆེན་པོ་ལ་ཤེས་རབ་ཆེ་བའོ།། ཁྱོད་ནི་ཐེག་པ་ཆེན་པོ་ལ་ཤེད་བྱེ་བའོ།། འཇམ་དཔལ་གྱིས་ཀྱང་འདི་སྐད་ཅེས་སྨྲ་སོ།། གལ་ཏེ་དེ་ལྟར་བཞེད་པར ་གྱུར་ན།། དེ་བཞིན་གཤེགས་པ་སྐུ་ཚེ་རིང་བར་ཤོག་ཤིག། སྐུལ་བྱེད་ཀྱིས་སྨྲས་པ། ཅི་བདག་འབའ་ཤིག་ལ་བཅོམ་ལྡན་འདས་མཉེས་སམ། འོད་ཏེ་སེམས་ཅན་ཐམས་ཅད་ལ་ཡང་མཉེས། ་འཇམ་དཔལ་གྱིས་སྨྲས་པ། ཅི་བཅོམ་ལྡན་འདས་ལྟ་ཁྱོད་དང་བདག་དང་སེམས་ཅན་ཐམས་ཅད་ལ་ཡང་མི་མཉེས་སོ།། སྐུལ་བྱེད་ཀྱིས་སྨྲས་པ། དེ་སྐད་མ་ཟེར་ཅིག། གང་ལ་མགུ་བ་ཡང་ཡོད་པ ་དེ་ལ་ནི་ཕྱིན་ཅི་ལོག་གི་འདུ་ཤེས་ཡོད་དེ།། འུ་བུ་ཅག་ནི་དེ་ལ་སྤྱོད་དོ།། དེ་བཞིན་གཤེགས་པ་ལ་ནི་མཉེས་པ་འམ། དགྱེས་པ་མེད་དོ།། འདི་ལྟར་དེ་བཞིན་གཤེགས་པ་ནི།། བ་བེའུ ་ལ་བྱམས་པའི་ཕྱིར་རྩ་ཟོས་ཤིང་ཟོས་ཤིང་། གྲོང་ཉིད་དུ་འོང་བ་དེ་ལྟ་བུའི་བྱམས་པ་དང་ལྡན་པ་མ་ཡིན་གྱིས་སེམས་ན་ཐམས་ཅད་ལ་ཡང་སྒྲ་ཅན་ཟིན་དང་འདྲ་བར་གཟིགས་ཏེ ་སངས་རྒྱས་ཀྱི་ཤེས་རབ་ཀྱི་ཡུལ་ནི་དེ་ལྟ་བུ་ཡིན་ནོ།། བཙུན་པ་འཇམ་དཔལ་དཔེར་ན། རྟ་ཅང་ཤེས་དང་སྦྱར་བའི་ཤིང་རྟ་རྒྱུག་པའི་ཟླ་ལ་བོང་བུའི་ཤིང་རྟ་རྒྱུག་པ་མི་སྲིད་པ་དེ་བཞིན་དུ། ་འུ་བུ་ཅག་བོང་བུའི་ཤིང་རྟ་དང་འདྲ་བ་དག་གིས་དེ་བཞིན་གཤེགས་པའི་ཤེས་རབ་དང་། འདྲི་བ་དང་། དགོངས་པའི་ཚིག་དང་། མཉམ་དུ་འགྲོ་བར་ནུས་རེ་སྐན།། དཔེར་ན་ནམ་མཁའ ་ལྡིང་དཔག་ཚད་དུ་མར་འགྲོ་བ་ན་མཁའ་ལ་གནས་པས། ཆུའི་ནང་ནཉ་དང་རུ་སྦལ་འཁོད་པ་རྣམས་མེ་ལོང་གི་ངོས་ལ་རང་གི་གཟུགས་བརྙན་སྣང་བ་བཞིན་དུ་གསལ་བར་མཐོང་ཡང ་བྱིས་པ་རྣམས་ཀྱིས་ནི་མིག་མི་གསལ་བའི་ཕྱིར། དེའི་མིག་གི་རྩལ་བརྗོད་པར་མི་ནུས་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཡང་དེ་དང་འདྲའོ།། འཇམ་དཔལ་གྱིས་སྨྲས་པ། སྐུལ་བྱེད། ་དེ་ནི་དེ་བཞིན་ཏེ། བདགིས་ནི་འཇམ་དཔལ་གཞོ་ནུར་གྱུར་པའི་ལུས་ལ་ཕོག་གོ།། དེ་ནས་འཇམ་དཔལ་གྱིས་དེ་བརྒལ་བར་མཛད་དོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་ནས་འོད་ཟེར་རྣམ ་པ་སྣ་ཚོགས་ཀྱི་ནས། དེ་དག་གིས་འཇམ་དཔལ་གཞོནུར་གྱུར་པའི་ལུས་ལ་ཕོག་གོ།། དེ་ནས་འཇམ་དཔལ་གྱིས་དེ་རྟོགས། མགར་བའི་བུ་སྐུལ་བྱེད་ལ་སྨྲས་པ། སྐུལ་བྱེད་དེ་བཞིན་གཤེགས ་པ་ཡོངས་མྱ་ངན་ལས་འདའ་བར་རིངས་ཀྱིས། དུས་སུ་བཅོམ་ལྡན་འདས་ལ་བཤོས་འདྲིམ་ཆུང་ངུ་ཆུག་ཤིག། མ་ཐོགས་ཤིག། རྒྱུ་མེད་པར་བཅོམ་ལྡན་འདས་ཞལ་ནས། འོད་ཟེར་རྣམས ་འབྱུང་བར་མི་འགྱུརརོ།། དེ་ནས་སྐུལ་བྱེད་ཅང་མི་ཟེར་བར་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྐུལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐུལ་བྱེད་ང་ཡོངསུ་མྱ་ངན་ལས ་འདའ་བར་འགྲོར་ཉ་དགེ་སློང་གི་དགེ་འདུན་ལ་དུས་སུ་ཟས་འདྲིམ་དུ་ཆུག་ཅེས་ལན་གཉིས་ལན་གསུམ་དུ། ཀའ་སྩལ་ཏོ།། དེ་ནས་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ་ཀྱེ་མ་བཅོམ་ལྡན་འདས་མི་བཞུགས་ནིནི། འཇིག་རྟེན་སྟོང་པར་འགྱུརརོ།། བདག་ཅག་ཐམས་ཅད་ཀྱིས་ངུ་ཞིང་བཅོམ་ལྡན་འདས་ལ་གསོལ་བ་གདབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་གྲུལ་བྱེད་ལ་འདི་གད་ཅེས་པཀའི་ཡུལ་ཏོ།། རྡུལ་བྱེད་མ་ཇུ་ཤིག་། དེ་ལྟར་ལུས་ལ་མམ་འབྱིན་ཅིག། མིའི་ལུས་ཆུ་ཤིང་བཞིན་དུ་སྙིང་པོ་མེད་པར་རྟགས་ཤིག། སྡིགས་རྒྱུ་དག་ཆུ ་། བརྡོས་དང་། སྒྱུ་མ་དང་། རྫ་མཁན་གྱིས་བྱས་པའི་སྣོད་དང་། ཀློག་ལྟ་བུར་ཁོང་དུ་ཆུད་པར་གྱིས་ཤིག། འདུས་བྱས་ནི་ཉེས་པ་གྲངས་མེད་པའི་འབྱུང་གནས་ཡིན་ནོ།། སྙམ་དུ། ་ཤེས་པར་གྱིས་ཤིག། འདུས་བྱས་ཀྱི་རང་བཞིན་ལ་ལྟོས་ཤིག། དེ་ནས་བཅོམ་ལྡན་འདས་ལ་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས ་ཅད་ལ་ཐུགས་བརྩེ་བའི་སླད་དུ་དེ་བཞིན་གཤེགས་པ་ཡུན་རིང་དུ་བཞུགསུ་མི་གནང་ན། བདག་ཅིའི་སླད་དུ་མི་དུ་ལགས། འཇིག་རྟེན་སྟོངས་ཀྱིས་མ་མཆིས་སོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་སྐུལ་བྱེད་ལ་འདི་སྐད་ཅེས་བཀའ་སྩ་ལ་ཏོ།། ནི་ཁྱོད་ལ་སྙིང་བརྩེ་བ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར། ཡོངསུ་མྱ་ངན་ལས་འདའ་བར ་བྱེད། འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དང་། འདུས་བྱས་ཀྱི་ཆོས་ཉིད་དོ།། འདུ་བྱེད་ཐམས་ཅད་མི་རྟག། གོ།། ཞེས་བྱ་བའི་ཚིག་སུ་བཅད་པར་ཁོང་དུ་ཆུད་པར་གྱིས ་ཤིག། ཆོས་ཐམས་ཅད་ནི་འདུ་བྱེད་དང་། འདྲེས་པའི་ཕྱིར་སྡུག་བསྔལ་བའོ།། སྙམ་དུ་རྟོགས་ཤིག། ཆོས་ཐམས་ཅད་ནི་བདག་མེད་པའོ་སྙམ་དུ་སྤྱོད་ཅིག། མི་བརྟན་པ་བརྙན་པ། ་ཕྱིན་ཅི་ལོག་པའོ་སྙམ་དུ་སོམས་ཤིག། ལུས་འདི་ནི་ཉེས་དམིགས་མཐའ་ཡས་པ་དང་ལྡན་པའོ།། སྙམ་དུ་ཤེས་པར་གྱིས་ཤིག། འདི་ནི་དབུལ་བ་དང་འདྲ་བར་ལྟོས་ལ་མ་ངུ་ཤིག། ་མ་ཆད་ཅིག། དེ་ནས་བཅོམ་ལྡན་འདས་ལ་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་ནི་དེ་བཞིན་དུ་འཇལ་ལགས་ན་ཧ་ཅང་སྡུག་བསྔལ་ཆེན་པོ་མི་བཟོད་ལ་གསོ། ་བཅོམ་ལྡན་འདས་ཐབས་ཀྱི་ཡོངསུ་མྱ་ངན་ལས་འདའ་བར་མཛད་པ་ནི། བདག་བློ་ལ་རངས་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐུལ་བྱེད་ལེགསོ་ལེག་སོ།། རིགས་ཀྱི་བུ ་པིར་མྱ་ངན་ལས་འདས་པ། ཐབས་དེ་ལྟར་བལྟ་བར་བྱའོ།། སྐུལ་བྱེད་སངས་རྒྱས་གཤེགས་པ་ནི། བྱ་གཞད་གཟས་ལ་འགྲོ་བ་ལྟ་བུར་ཤེས་པར་གྱིས་ཤིག། སྐུལ་བྱེད་ཚེ་རིང་བ་དང་། ་ཚེ་རང་བ་མ་ཡིན་པའི་རྟགས་ཤེས་པར་གྱིས་ཤིག། སྐུལ་བྱེད་ཆོས་ཐམས་ཅད་ནི་སྒྱུ་མའི་ཆོས་ཅན་ནོ།། དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ལ་ཐབས་ཀྱིས་ཆོས་ཅན་ལ་དེ་རྣམ ་ཀྱིས་ཀྱང་གོས་པར་མི་འགྱུར་བ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རང་བཞིན་ནོ།། སྐུལ་བྱེད་ཁྱོད་སྲིད་པའི་རྒྱ་མཚོ་ལ་ངེས་པར་རྒལ་བར་བྱ་བའི་ཕྱིར། ཞལ་ཟས་བཅུ ་ཏེ་འོན་ཅིག། ལྷ་དང་ལྷ་མ་ཡིན་དང་། མི་རྣམས་ཀྱིས། ཀྱང་ངལ་རང་རང་གི་མཆོད་པ་བྱས་ནས། མི་གཡོ་བའི་བདེ་བ་ཐོབ་པར་གྱུར་ཅིག། ཁྱོད་ཀྱིས་སྣོད་དུ་གྱུར་པ་ལས་དུས ་སུ་སྦྱིན་པར་གྱིས་ཤིག། མ་ཐོགས་ཤིག། སྨོད་དུ་གྱུར་པ་དང་། ང་དང་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ནོ།། དེ་ནས་སྐུལ་བྱེད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ ་ངེས་པོར་བསྒྲལ་བའི་ཕྱིར།། མགོ་སྨད་དེ་མཆི་མ་བླགས་ནས། གསོལ་པ་ལེགསོ་ལེག་སོ།། བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ། དེ་བཞིན་དུ་བང་གིས་བགྱིའོ།། དེ་བཞིན་ག་ཤྱེ ་པ་ཡོངསུ་མྱ་ངན་ལས་འདས་པའི་འོག་ཏུ་ཇི་ལྟར་བལྟ་བ་དེ་ནི། བདག་ཅག་སྦྲང་བུ་དང་། འདྲ་བ་རྣམས་ཀྱི་ཡུལ་ཡང་མ་ལགས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་ཡང་མ་ལག་སོ།། ་། ཞེས་གསོལ་ཏོ།། དེ་ནས་མྱ་ངན་བྱེད་ཅིང་ངུ་བཞིན་དུ། གཡོག་འཁོར་དང་བཅས་པས། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ། མཆོད་པ་ཆེན་པོའི་ལས་བྱས་ནས། བཅོམ་ལྡན ་འདས་དང་། འཇམ་དཔལ་གཞོནུར་གྱུར་པ་ལ་ཕྱག་འཚལ་ཏེ།། ཞལ་ཟས་ལེན་དུ་སོང་ངོ་།། ། འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ལས ་བམ་པོ་གསུམ་པ། དེ་ནས་དེའི་ཚེ་ས་ཆེན་པོ་གཡོས་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། འཁྲུགས་རབ་ཏུ་འཁྲུགས། འཁོར་རབ་ཏུ་འཁོར། འུར་འུར་རབ་ཏུ་འུར་འུར། ཤིག་ཤིག ་རབ་ཏུ་ཤིག་ཤིག། མེར་མེར་རབ་ཏུ་མེར་མེར། ལྡེམ་ལྡེམ་རབ་ཏུ་ལྡེམ་ལྡེམ་མོ།། དེ་ལ་སོགས་པ་བྱས་ཏེ། མི་མཁྲིས་པའི་ནད་ཀྱིས་བརྒྱལ་བའི་གནོད་པས་ཐེབས་པ་བཞིན་དུ། ས་ཆེན ་བེ་འདི་རྒྱ་མཚོ་དུག་ཅན་པའི་མཐས་གཏུགས་པ། ཚངས་པའི་འཇིག་རྟེན་མན་ཆང་ཐོག་ཐག་ཏུ་རབ་ཏུ་གཡོས་སོ།། དེ་ན་ས་ལྷ་དང་ལྷ་མ་ཡིན་དང་མི་དེ་དག་ཐམས་ཅད་མགོ ་རྨོངས་ཏེ། འཇིག་ཤིང་སྐྱི་བུང་ཞེས་བྱས་ནས། ངུ་བཞིན་དུ་ཚིག་མཐུན་པར་ཚིག་སུ་བཅད་པ་འདི་དག་གསོལ་ཏོ།། མགོན་པོ་ཁྱོད་ལ་བདག་ཅག་རྣམས།། མགོ་བོས་ཕྱག་འཚལ་གསོལ ་བ་འདེབས།། རྒྱལ་བ་ཁྱུ་མཆོག་ཁྱོད་དང་ནི།། བྲལ་ན་བདག་ཅག་མགོན་མེད་འགྱུར།། དེང་ཁྱོད་མྱ་ངན་འདའ་འགྱུར་འདི་བསམས་ན།། བདག་ཅག་སྡུག་བསྔལ་ཤིན་ཏུ་གཏིང་ཟབ་བྱིང་། ་ཐུབ་པ་བདག་ཅག་སྙིང་ནི་སྟེར་བར་འགྱུརལ།། བ་གནོན་རྐུན་མཁྱེར་བེའུ་ལ་ཆགས་པ་བཞིན།། མགོན་མེད་དབུལ་པོའི་མི་ནི་ལ་ལ་ཞིག། ནད་ཀྱིས་ཐེབས་ལ་སྨན་པ་མེད་པ་དང་།། རང་དགར་བྱེད ་ཅིང་ཁ་ཟས་གནོད་པ་རྣམས།། ཟ་བ་ཇི་ལྟར་མཆི་བར་འགྱུར་བ་བཞིན།། སྐྱེ་བོ་འདི་དག་ཉོན་མོངས་ནད་ཀྱིས་ཐེབས།། ཁྱོད་མེད་ཁྱོད་ཀྱི་ཆོས་ཀྱི་གསོལ་མེད་པས།། ལྟ་བའི་ཉེས་པ་བྱེད་འདྲར ་འཆི་བར་འགྱུར།། དེ་བས་ཕན་ཕྱིར་འཇིག་རྟེན་མ་དོར་ཅིག། ཇི་ལྟར་གྲོང་ཁྱེར་རྒྱལ་དང་བྲལ་བ་དང་།། དབུལ་པོ་རྣམས་ལ་མུ་གེ་བྱུང་བ་དང་།། ཇི་ལྟར་དགོན་པར་སྐོམ་གྱིས་གདུངས་པ་བཞིན། ་ཁྱོད་འདས་འོག་ཏུ་བདག་ཅག་དེ་འདྲར་འགྱུར།། སེམས་ཅན་ཅེས་ཁྱོད་མྱ་ངན་འདའ་བ་ཞེས་པས།། ས་བཞི་རབ་ཏུ་གཡོས་ཤིང་ཕྱོགས་ཀྱང་འཚོ་ལ།། རྒྱ་མཚོ་ཆེན་པོ་དག་ཀྱང་རྣམ་པར ་འཁྲུགས།། བདག་ཅག་ཀུན་ཀྱང་སྡུག་ཅིང་བསྔལ་བར་འ། གྱུར།། དྲང་སོང་ཆེན་པོ་དང་ཁྱོད་མྱ་ངན་ལས།། འདས་ན་ཉི་མ་འདས་ལ་ལྟུང་ཡང་དག། རྒྱ་མཚོ་ཆེན་པོ་དག ་ཀྱང་བསྐམ་པར་འགྱུར།། བདག་ཅག་ཀུན་ཀྱང་དེང་དུ་འགུ་མ་ལགས་གྲངས།། ཇི་ལྟར་སྟོབས་ལྡན་མིས་ནི་སྒོ་གསེབ་ནས།། གླང་ཆེན་ཁྱེར་ཏེ་ནང་དུ་འཛུལ་དགྱིད་པ།། ཤིན ་ཉོན་མོངས་འགྱུར་བ་དེ་བཞིན་དུ།། བདག་ཅག་ཐམས་ཅད་རབ་ཏུ་ཉོན་མོངས་གྱུར།། ཇི་ལྟར་བུ་གཅིག་འགུམ་པར་མི་འཚལ་བཞིན།། མྱ་ངན་ཁྱོད་འདའ་བདག་ཅག་དེ་མི་འཚལ།། གལ་ཏེ ་ཁྱོད་ནི་མྱ་ངན་འདའ་བ་ལས།། མི་བཞེད་བདག་ཅག་ཐམས་ཅད་ཕོངས་པར་འགྱུར།། ཁྱོད་ནི་མྱ་ངན་འདས་ལམ་གཤེགས་མཐོང་བས།། དུད་འགྲོ་མང་པོའང་གཡར་ངན་ཆེར་བགྱིད་ན། ་བདག་ཅག་ཇི་ལྟར་གཡང་ངན་མི་འཚལ་ལགས།། བདག་ཅག་མཆི་ལ་མ་བཞིན་དུ་མདོར་ཅིག། ཉི་མ་འཆར་ཀར་རང་གི་འོད་གསལ་བས།། མུན་ནག་རྣམ་པར་བཅོམ་པ་དེ་བཞིན་དུ། ་། འཕྲུལ་ཅན་ཁྱོད་ཀྱིས་སྡུག་བསྔལ་མུན་བསལ་ཏེ།། དགེ་འདུན་དབུས་སུ་རི་རབ་བཞིན་དུ་བཞུགས།། བཅོམ་ལྡན་འདས་དཔེར་གསོལ་ན། རྒྱལ་པོ་ལ་ལ་ཞིག་གིས་བུ་སྡུག ་ཅིང་ཕངས་པ་ཞིག་མཆིས་ལ། དེས་དེ་ཆེས་ལུགས་ཀྱི་བསྟན་བཅོས་བསླབས་ནས། འདི་སོད་ཅིག་ཅེས་བཀའ་སྩལ་པ། དེ་བཞིན་དུ་བདག་ཅག་བཅོམ་ལྡན་འདས་དམ་པའི་ཆོས་ཀྱི་འཁོར ་ལོས་སྒྱུར་བའི་སྲས་རྣམས་ཀྱང་།། ཡང་དག་པའི་ལྟ་བ་བསྐྱེད་ནས། བཀུམ་གྱིས་མཆིས་ན། བཅོམ་ལྡན་འདས་རྒྱལ་པོའི་བུ་ཇི་ལྟ་བ་དེ་བཞིན་དུ་བདག་ཅག་མི་འགུམ་པར། བཅོམ་ལྡན ་འདས་དེའི་སླད་དུ་ཡུན་རིང་དུ་བཞུགས་གསོལ། ཇི་ལ་ལ་ཞིག་གཞུང་གིས་རྩོད་པའི་བསྟན་བཅོས་ལ་བསྟ་ན་པ་ན། སྐྲག་པར་འགྱུར་བ་དེ་བཞིན་དུ་ཁྱོད་ཀྱིས་སྐྲག་པར ་མ་མཛད་ཅིག། དེ་ཁོ་མ་ཉིད་པཁྱེན་བཞིན་དུ། བང་གཅག་སེམས་ཅན་དམྱལ་བར་མཆི་བར་མ་མཛད་ཅིག། དམ་པའི་ཆོས་བདུད་རྩིའི་བཅུད་ཀྱིས་ཚིམ་པར་མཛད་ཅིང ་དེ་བཞིན་གཤེགས་པ་ཡུན་རིང་དུ་བཞུགསུ་གསོལ།། ཇི་ལྟར་རྒྱལ་པོའི་བརྩོན་རོར་གནོད་པའི་ལས་རྣམས་ཀྱིས།། དང་པོར་ཉོན་མོངས་པ་ན། ལ་ལ་ཞིག་གིས་ཁྱོད་ཆ་ཇི་ལྟ་བུ་ཞིག ་མྱོང་ཞེས་སྨྲ་ན། དེས་དེ་ལ་སྨྲས་པ་དེ་ནི་དེ་བཞིན་ཏེ། གང་གི་ཚེ་བདག་སྡུག་བསྔལ་གྱི་ཚོར་བ་ལས་ཐར་པར་འགྱུར་བ་དེའི་ཚེ། མྱ་ངན་ལས་འདས་པ་ཡིན་ཏེ། བདེ་བ་ཉམ་སུ་མྱོང་བར ་འགྱུར་རོ་ཞེས་མཆི་མ་དེ་བཞིན་དུ་བདག་ཅག་ཐམས་ཅད་ཀྱང་ཁྱོད་བཞུགས་ན། རྒྱལ་པོའི་བཙོན་ར་ནས་ཐར་པ་བཞིན་དུ། མྱ་ངན་ལས་འདས་པ་ལགས་ན། དེའི་སླད་དུ་དེ་བཞིན ་གཤེགས་པ་ཡུན་རིང་དུ་བཞུགས་གསོལ།། བཅོམ་ལྡན་འདས་དཔེར་གསོལ་ན། སྨན་པ་ཚེའི་རིག་བྱེད་ཡན་ལག་བརྒྱངད་པ་ལ་མཁས་པ། བདག་གི་པུ་ལ་ནི་རྒྱུད་ཕྱི་མ་སློབ་པར་བགྱིད་ཀྱི། སླང ་བར་བམེད་སློབ་མ་ལ་ནི་བདག་དང་མཉམས་པར་འགྱུར་དུ་དོག་ནས། སློབ་པར་མི་བགྱིད་པ་དེ་བཞིན་དུ། ཆོས་ཀྱི་རྒྱལ་པོ་སྨན་པ་ཆེན་པོ་སེར་སྣ་མི་མངའ་བ་ཁྱོད་ཀྱིས་ཐེག་པ་ཆེན་པོའི ་རྒྱུད་ཕྱི་མ་ལ་དེ་ལྟར་མི་མཛད་པར་བཅོམ་ལྡན་འདས་ཡུན་རང་དུ་བཞུགས་སུ་གསོལ།། དེ་བཞིན་དུ་ཤིང་རྟའི་རིག་བྱེད་ལ་མཁས་པས་བད་གི་བུ་ལ་ནི་རྒྱུད་ཕྱི་མ་སྒྲ་གྲགས་པར་ཕོག་པའི ་དཔྱད་ཐམས་ཅད་སློབ་པར་བགྱིད་ཀྱི། སློབ་མ་ལ་ནི་སློབ་པར་མི་བགྱིད་པ་དང་། རིག་པའི་གནས་གཞན་དག་ལ་ཡ་རང་དེ་བཞིན་དུ་སྦྱར་རོ།། བཅོམ་ལྡན་འདས་དཔེར་གསོལ་ན། ་བྱིས་པ་འམ། རྒན་པོ་འམ་ནད་པ་ལ་ལ་ཞིག། ལམ་བཟང་པོ་ལས་གོས་ཏེ། ལམ་ངན་པར་མཆིས་ན། ཤིན་ཏུ་སྡུག་བསྔལ་བར་འགྱུར་བ་དེ་བཞིན་དུ། བཅོམ་ལྡན་འདས ་སེམས་ཅན་ལམ་ངན་པར་མཆིས་པ་རྣམས། ལུས་དང་བྲལ་བའི་འོག་ཏུ་སེམས་ཅན་དམྱལ་བ་རྣམསུ་སྡུག་བསྔལ་མྱོང་བར་འགྱུར་ལགས་ན། བཅོམ་ལྡན་འདས་ལ་མ་སྟོན་པ་ཡུན་རི ་དུ་བཞུག་སུ་གསོལ།། ཡ་མཚན་ཅན་དགུ་བཅུ་རྩ་དྲུག་དང་། ཚིགས་སུ་བཅད་པ་བཞི་བཅུ་རྩ་ལྔ་ལ་ཡང་དེ་བཞིན་དུ་རྒྱས་པར་སྦྱར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང ་རྣམས་ལ་བཀའ་སྩལ་པ། དགེ་སློང་ཁྱོད་ལྔ་དང་མི་རྣམས་ལྟར། བྱིས་པའི་སྨྲེ་སྔགས་འདོན་པ་དག་མ་བྱེད་པར་བརྩོན་འགྲུས་བརྩོམས་ཤིག། དེ་ནས་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱིས ་བཅོམ་ལྡན་འདས་ཀྱི་གསུང་བློ་གྲོས་དང་། དྲན་པ་དང་། དེ་ཁོ་མཉིད་དུ་འགྲོ་བ་ཐོས་ནས། ཇི་ལྟར་བུ་གཅིག་ལ་ཤི་ནས་དུར་ཁྲོད་དུ་བོར་བ་བཞིན་དུ་དེ་དག་སྡུག་བསྔལ ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཚིག་སུ་བཅང་དེ་བཀའ་སྩལ་པ། ཁྱོད་རྣམས་ངེས་པར་བདེར་གྱུར་ཅིག། མྱ་ངན་མ་བྱེད་མ་དུ་ཤིག། འདི་ནི་སངས་རྒྱས་རྣམས་ཀྱི ་ཆོས། ཐམས་ཅད་མི་སྦ་འཁོད་པར་གྱིས།། བག་མེད་པར་ནི་མ་གནས་པར།། བག་ཡོད་པར་ལ་དགའ་བར་གྱིས།། ཁྱེད་སྟོང་པ་དང་། སྟོང་པ་མ་ཡིན་པ་འམ། རྟག་པ་འམ། མི་རྟག་པ་འམ། སྐྱབ ་དང་སྐྱབས་མ་ཡིན་པ་དང་། འགྲོ་བ་དང་མི་འགྲོ་བ་འམ། རྟེན་དང་རྟེན་པ་མ་ཡིན་པ་འམ། ཐེག་ཟུར་དང་ཐེར་ཐུག་མ་ཡིན་པ་འམ། བརྟན་པ་དང་བརྟན་པ་མ་ཡིན་པ་འམ། སེམས་ཅན་དང ་སེམས་ཅན་མེད་པ་འམ། ཡང་དག་པའམ། ཡང་དག་པ་མ་ཡི་ན་པ་འམ།། བདེན་པ་དང་བདེན་པ་མ་ཡིན་པ་འམ། མྱ་ངན་ལ། ས་འདས་པ་དང་། མྱ་ངན་ལས་འདས་པ་མ་ཡིན་པ ་འམ། གསང་བ་དང་གསང་བ་མ་ཡིན་པའམ།། གཉིས་དང་གཉི་སུ་མེད་པ་འམ། དེ་བཞིན་དུ་ཆོས་རྣམ་པ་དུ་མ་དག་སོམ་ཉི་འམ། ཡིད་གཉིས་སམ། ཐེ་ཚོམ་ཟ་བ་ཅི་དང་ཅི་ཡོད་པ་དེ་དང ་དེ་དག་ནུས་ཤིག་དང་། ཐམས་ཅད་གཅང་བར་བྱའོ།། བདུད་རྩིའི་མཆོག་ཀྱང་ཁྱེད་ལ་བསྟན་པར་བྱ་སྟེ། དེའི་འོག་ཏུ་ཡོངསུ་མྱ་ངན་ལས་འདའ་བར་བྱའོ།། དགེ་སློང་དག་སངས་རྒྱས ་འབྱུང་བ་བརྙེད་པར་དཀའོ།། མི་ལུས་ཐོབ་པ་རྙེད་པར་དཀའོ།། ངལ་བ་ཕུན་སུམ་འཚོགས་པ་རྙེད་པར་དཀའོ།། བཟོད་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མ་ཞིག་པ་མ་རལ་པ་ཡང ་ཤིན་ཏུ་དཀའོ།། འཇིག་རྟེན་ན་དགྲ་བཅོམ་པ་ཐོབ་པ་ནི་གསེར་གྱི་བྱེ་མ་དང་། ཨུ་དུམ་པ་རིའི་མེ་ཏོག་བཞིན་དུ་རྙེད་པར་དཀའོ།། དགེ་སློང་དག་འདི་ལྟ་སྟེ། ས་ནི་ཐམས་ཅད་ཀྱི་སྒོ་ནས་སེམ ་ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་ཏེ། དེ་བཞིན་དུ་དེའི་ཆོས་བསྟན་པ་རྣམ་པ་སྣ་ཚོགས་གསང་བ་ཐར་པའི་གྲོང་ཁྱེར་གྱི་བདུད་རྩིའི་ཟས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ།། སེམས་ཅན་ཐམས ་ཅད་དྲྀར་སྲས།། དགེ་སློང་ཐམས་ཅད་ལ་དམ་པའི་ཆོས་མང་པོ་བརྟན་པོར་བཞག་གོ།། གཞན་ཡང་སེམས་ཅན་ལ་ཕན་པའི་ཕྱིར། དེ་བཞིན་གཤེགས་པའི་ཡོན་ཏན་ཆེ་བ་ཉིད་བསྒྲགས་ཏེ། ་གེ་འབྲུ་གཅིག་པའི་ཐིག་ལེའི་གཏམ་ཡང་བཞག་ནས། ཡོངསུ་མྱ་ངན་ལས་འདའ་བར་བྱའོ།། དེ་ནས་དགེ་སློང་དེ་དག་གིས་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདའོ་ཞེས ་ཐོས་ནས། མི་དགའ་བར་གྱུར་ཏོ།། སྤྱི་བུང་ཞེས་བྱས་ནས། མི་ག་མཆི་མས་གང་བཞིན་དུ། བཅོམ་ལྡན་འདས་ཀྱི་ཞབ་ས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས ་ལ་ལན་མང་དུ་བསྐོར་བ་བྱས་ན། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་མེད་པ་དང་། རྗེས་ཐམས་ཅད་ཀྱི་ནང ་ན་གླང་པོ་ཆེའི་རྗེས་ཆེས་མཆོག་ཡིན་པར་བརྟན་ཏོ།། ཞེས་གསུངས་ཏེ། དེ་ལྟར་མི་རྟག་པའི་འདུ་ཤེས་བསྟེན་ཅིང་བསྒོམས་ཏེ་མང་དུ་བགྱིད་པས། འདོད་པའི་འདོད་ཆགས་ཐམས་ཅད ་ཟད་པར་འགྱུར།། གཟུགས་ཀྱི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར།། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར།། མ་རིག་པ་ཐམས་ཅད་ཟད་པར་འགྱུར། ་ལྷག་པའི་ང་རྒྱལ་ཐམས་ཅད་མ་ལུས་པར་ཡང་དག་པར་ཆད་པར་འགྱུར་ལག་སོ།། བཅོམ་ལྡན་འདས་དཔེར་གསོལ་ན། སྟེན་གྱི་དུས་སུ་ཞིང་པས་སྨོས་བཏབ ་རྩ་བ་རྫིངས་པ་ཐམས་ཅད་སེལ་བར་འགྱིད་པ་དེ་བཞིན་དུ། བཅོམ་ལྡན་འདས་མི་རྟག་པའི་འདུ་ཤེས་བརྟེན་ཅིང་བསྒོམ་ཏེ། མང་དུ་བགྱིས་པས། འདོད་ཆགས་ཐམས་ཅད་ཟད་པར་འགྱུར། ་གཟུགས་ཀྱི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར་རོ།། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར། མ་རིག་པ་ཐམས་ཅད་ཟད་པར་འགྱུར། ལྷག་པའི་ང་རྒྱལ་ཐམས ་ཅང་མ་ལུས་པར་ཡང་དག་པར་ཟད་པར་འགྱུར་རོ།། ཞིང་ལས་ཐམས་ཅད་ཀྱི་ནང་ན་ནི་སྟོན་གྱི་ཞིང་བླས་མཆོག་ཏུ་བ་སྟན་ཏོ།། ཞེས་བྱ་བ་ལ་སོགས་པ། གླང་པོ་ཆེའི་རྗེས་ལྟ ་བུཾའི་མདོ་ལས་འབྱུང་བ་བཞིན་དུ་རྒྱས་པར་སྦྱར་རོ།། བཅོ་མ་ལྡན་འདས་དཔེར་གསོལ་ན། རྒྱལ་པོ་འཆི་བའི་ཚེ། བད་ག་གི་བརྩོན་རར་གསལ་ཏེ། སེམས་ཅན་རྣམས་བརྩོན་རང ་གནོད་པས་ཉོན་མོངས་པ་ལས་ཐར་པར་བགྱིས་ནས། དེའི་འོག་ཏུ་འཆི་བར་བགྱིད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཁྱོད་ཀྱིས་ཀྱང་། སེམས་ཅན་མི་རྣམས་པ་རྣམ་པ་སྣ་ཚོགས་ཀྱི་བཙོན་རང ་བྲུབས་པ་རྣམས་ཀྱི་མི་ཤེས་པའི་འཆིང་བ་རྣམས་བཅད་ནས།། དེའི་འོག་ཏུ་ཡོངསུ་མྱ་ངན་ལས་འདའ་བར་གཤེགསུ་གསོལ།། བཅོམ་ལྡན་འདས་གཞན་ཡང་དཔེར་གསོལ་ན། སེམས་ཅན ་འབྱུང་པོ་དང་། ཤ་ཟ་བའི་གདོན་གྱིས་བརླམས་པ་ལས་སྨན་ཆེན་པོ་དང་ཕྲད་ན་འབྱུང་པོ་དང་། ཤ་ཟའི་གདོན་རྣམས་ཀྱིས་ཐེབས་པ་ཐམས་ཅད་ལས་ཐར་པར་འགྱུར་བ་དེ་བཞིན་དུ།། ཁྱོད ་དང་འཇལ་མཉན་ཐོས་ཀྱི་ཚོགས་ཐམས་ཅད་མི་ཤེས་པ་རྣམ་པ་སྣ་ཚོགས་ཀྱི་འབྱུང་བ་དང་ཤ་ཟའི་གདོན་རྣམས་ལས་ཡོངསུ་ཐར་པར་འགྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཁོང་དུ ་རྒུང་པར་བགྱིད་ལག་སོ།། བཅོམ་ལྡན་འདས་དཔེར་གསོལ་ན། གླང་པོ་ཆེའི་འདུལ་སྦྱོང་གི་མཁན་པོས། སྤོས་ཀྱི་གླང་པོ་ཆེ་ཞགས་པ་ཆེན་པོས་བཅིངས་པ་ལས། གླང་པོ་ཆེས་ཞགས་པ་དེ་བཅང ་དེ་བྲོས་པ་དེ་བཞིན་དུ་བཅོམ་ལྡན་འདས་བདག་ཅག་ཀྱང་། བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་དང་། ཕྲག་དོག་དང་། དང་ན་ཐེན་དང་། སེར་སྣ་དང་། གཡོའི་ཞགས་པ་ཆེན་པོ་བཅད་ནས ་གླང་པོ་ཚོའི་འདུལ་སྦྱོང་གི་མཁན་པོ།། དེ་བཞིན་གཤེགས་པའི་ལག་ཏུ་འོངས་ནས། སེམས་ཅན་ཐམས་ཅད་ལས་དང་ཉོན་མོངས་པོའི་གླང་པོ་ལྔ་བཅུ་རྩ་བདུན་ཡོངསུ་བསལ ་བར་བགྱིའོ།། བཅོམ་ལྡན་འདས་དཔེར་གསོལ་ན། གྲང་བ་འི་རིམས་ཀྱི་ཐེག་པ་སྨན་པ་ཆེན་པོའི་ཐང་དུ་མཆིས་ན། སྡུག་བསྔལ་ལས་ཐར་པར་འགྱུར་བ་དེ་བཞིན་དུ ་བཅོམ་ལྡན་འདས་བདག་ཅག་ཀྱང་ཉོན་མོངས་པ་དང་། ལོག་པར་ལྟ་བ་དང་། ལོག་པའི་འཚེ་བ་ཉེས་དམིགས་མཐའ་ཡས་པའི་གྲང་བའི་རིམས་ནད་ཅན་གྱི་ལུས་དང་ལྡན་པ་ལས། སྨན་པ ་ཆེན་པོ་བཅོམ་ལྡན་འདས་ཀྱི་བད་དུ་མཆིས་ནས། སྡུག་བསྔལ་ཐམས་ཅད་ལས་རྣམ་པར་ཐར་པར་གྱུར་ཏེ། མི་གཡོ་བའི་བདེ་བ་ཡང་ཐོབ་ལག་སོ།། བཅོམ་ལྡན་འདས་གཞན་ཡང་དཔེར་གསོལ ་ན་མི་ཞིག་གིས་འབྲས་སྐྱེམས་འཚལ་ཏོ།། ར་རོ་བར་གྱུར་ནས། བདག་ཉིད་ཀྱིས་ཀྱང་བདག་ཉིད་མ་འཚལ་ཏེ། ཆོས་ཀྱང་མ་འཆལ། ཆོས་མ་ལགས་པ་ཡང་མ་འཚལ། འདི་ནི་བདགི་མའོ།། ་འདི་ནི་བདག་གི་སྲིན་མེའོ།། འདི་ནི་བདག་གི་བུ་མེའོ།། སྙམ་དུ་ཡང་མ་འཚལ་ལོ།། སྣང་ཅིང་བླ་སྟེ། ཕྱིས་དང་གཅིན་གྱིས་རང་གི་ལུས་ཀུན་བསྒྲེས་ཤིང་མཆིས་པ་ལས། དེའི ་འོག་ཏུ་བདག་ཅིང་སངས་ཏེ། གཞི་ཅི་ལས་གྱུར་པ་ལ་མཁས་པར་གྱུར་ནས།། ཆང་ནི་ཅིར་ཡང་མི་རུང་ངོ་།། སྙམ་དུ་སེམས་ཏེ། བདག་ནི་སྡིག་པ་ཐམས་ཅད་ལས་ཐར་ཏོ་སྙམ་ནས། ཆང་འཐུང་བ ་ཅིར་ཡང་མི་རུང་བར་ཤས་ཆེར་བསྒོམས་ཏེ། སྤོང་བར་བགྱིད་པ་དེ་བཞིན་དུ་བཅོམ་ལྡན་འདས་འཚོ་བའི་འཇིག་རྟེན་འདི་ནི། ཟློས་གར་མཁན་བཞིན་དུ། ཐོག་མ་མ་མཆིས་པ་ནས། འཁོར་བ་ན ་འཁོར་ཞིང་ཡོངསུ་འཁྱམ་པ་ན། འདི་ནི་བདག་གི་མའོ།། འདི་ནི་བདག་གི་སྲིང་མོའོ།། འདི་ནི་བདག་གི་བུ་མོའོ་སྙམ་དུ་འ་ཚལ་ནས། མ་དང་སྲིང་མོ་དང་བུ་མོ་རྣམས་དང་། ལྷན་ཅིག་ཏུ་འདོད ་པའི་འདུ་ཤེས་སྤྱོད་པར་བགྱིད་དེ། འབྲས་སྐྱེམས་ཀྱིས་ར་རོ་བར་གྱུར་པ་དེ་བཞིན་དུ་སྡུག་བསྔལ་རྙེད་པར་འགྱུར་ལ། དེ་ནས་ངོ་ཚ་ཤེས་པའི་མི་དེ་དག། འབྲས་སྐྱེམས་ཀྱིསར་རོ། ་ལས་བསངས་པོ་བཞིན་དུ་ཅིར་ཡང་མི་རུང་བར་ཤས་ཆེར་སྒོམས་ནས།། སྡུག་བསྔལ་ལས་ཡང་དག་པར་འདའ་བར་འགྱུར་ལག་སོ།། གཞན་ཡང་ཨེ་རན་ད་ལ་ནི་སྙིང་པོ་མ་མཆིས་མི་སྲིད ་བ་བཞིན་དུ། ལུས་འདི་ལ་ཡང་བདག་དང་སེམས་ཅན་དང་། སྲོག་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུ་དང་། བྱེད་པ་པོ་མཆིས་མི་སྲིད་དེ། དེ་ལྟ་བུར་བདག་ཅག་གིས་བདག ་མ་མཆིས་པའི་འདུ་ཤེས་བསྒོམས་ཏེ། མང་དུ་བགྱིས་ལག་སོ།། དཔེར་གསོལ་ན། ཕུབ་མ་སྐོན་པ་བྱེ་མ་རྙེང་བོར་བ་ནི་ཅིར་ཡང་མི་གཅེས་པ་དེ་བཞིན་དུ། ལུས་འདི་ཡང་བདག་མ་མཆིས་སོ ་དཔེར་གསོལ་མ་ཁ་སྲལ་གྱི་མེ་ཏོག་ལ་དྲི་གདའ་བ་མ་མཆིས་པ་དེ་བཞིན་དུ། ལུས་འདི་ལ་ཡང་བདག་མ་མཆིས་ཏེ། དེ་ལྟར་བདག་གིས་བདག་མ་མཆིས་པའི་འདུ་ཤེས་བསྒོམས་ཏེ། མང་དུ ་བགྱིས་ལགས་སོ།། བཅོམ་ལྡན་འདས་ཀྱིས་ཀྱང་། དགེ་སློང་དག་ཆོས་ཐམས་ཅད་ནི་བདག་མེད་པ་སྟེ། དེ་ལྟར་བསྒོམས་ཤིག་དང་། དེ་ལྟར་བསྒོམས་པ་རྣམས་ཀྱིས་བདག་ཏུ་འཛིན་པ་སྤོང་བར ་འགྱུར་རོ།། བདག་ཏུ་འཛིན་པ་ཡོངསུ་སྤངས་ནས། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བཀའ་སྩལ་ཏེ། བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་བདག་མ་མཆིས་པའི་སླད ་བདག་མ་མཆིས་པའི་འདུ་ཤེས་བསྒོམས་ཏེ། མང་དུ་བགྱིས་ལགས་སོ།། གཞན་ཡང་ཇི་ལྟར་ན་མཁའ་ལ་བྱའི་རྗེས་གདའ་བ་ནི་མི་སྲིད་པ་དེ་བཞིན་དུ། བདག་མ་མཆིས ་བའི་འདུ་ཤེས་བསྒོམས་ནི་ལྔ་པོའི་རྣམ་པ་ཐམས་ཀྱི་ང་དང་བྲལ་བར་འགྱུར་ལགསོ།། བཅོམ་ལྡན་འད་ཀྱི་ས་བཀའ་སྩལ་པ། བསྐམ་པ་དེ་ལྟར་བརྣམ་པ་ཁྱོད་ཀྱི་གིས ་སམ། དགེ་སློང་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་སྡུག་བསྔལ་དང་མི་རྟག་པ་དང་། བདག་མེད་པའི་འདུ་ཤེས་དེ་མ་ལགས་པར་བསྒོམས་ན་ནི། ཇི་ལྟར་མི་ར་རོ་ཞིང་འཁྱམ ་པས་ལྷ་ཁང་དང་། སྤོས་དང་། ས་གཞི་དང་། ཉི་མ་དང་། ཟླ་བ་དང་། ཤིང་དང་། རི་རྣམ་མི་འཁོར་བཞིན་དུ་འཁོར་བར་མཐོང་བ་དེ་བཞིན་དུ། གང་དག་གིས་སྡུག་བསྔལ་དང་། མི་རྟག་པ་དང་། ་བདག་མེད་པའི་འདུ་ཤེས་མ་བསྒོམས་པའི་སེམས་ཅན་འཇིག་རྟེན་པ་དེ་དག་ནི། ར་རོ་བ་འདྲ་བར་ལྟ་བར་བགྱིའོ།། བཅོམ་ལྡན་འདས་བདག་ཅག་གིས་ནི་ཡང་དག་པར་བསྒོམས་ལགས་སོ།། ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དགྲ་ནི་དཔེ་འདིའི་དོན་ངས་བཤད་པར་བྱའོ།། ཁྱེད་ཀྱིས་ཚིགསུ་བཅད་པའི་དོན་འདི་གདོན་འདིའོ།། ཡི་གེ་ནི་ང ་ཞེས་གསལ་བར་མི་ཤེས་ཏེ། ཇི་ལྟར་མི་ར་རོ་བས།། ལྷ་ཁང་དང་། སྤོས་དང་། ས་གཞི་དང་། ཉི་མ་དང་། ཟླ་བ་དང་། ཤིང་དང་། རི་རྣམས་མི་འཁོར་བཞིན་དུ། འཁོར་བར་མཐོང་བ་དེ ་བཞིན་དུ།། འདུ་ཤེས་བྱིན་མི་ལག་དུམས་ཟིན་ཅིང་། ཀུན་ཏུ་རྨོངས་པ་རྣམ་དག་གི་སུས་པ་དང་། རྟག་གི་སྙམ་པ་དང་། བདེའི་སྙམ་པ་དང་། སྡུག་སྙམ་པའི་འདུ་ཤེས་ཀུན་ཏུ་སྤྱོང ་དེ་ལ་བདག་ཅག་ཅེས་བྱ་བ་ནི་སངས་རྒྱས་ཤེས་བྱ་བའི་དོན་ཏོ།། རྟག་ཅེས་བྱ་བ་ནི་ཆོས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ།། བདེ་ཞེས་པ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ།། སྡུག ་ཅེས་བྱ་བ་ནི་ཆོས་ཀྱི་ཚིག་བླ་དྭག་སོ།། དགེ་སློང་དག་ཁྱེད་ཀྱིས། བཅོམ་ལྡན་འདས་བདག་ཅག་གིས་ནི་སྡུག་བསྔལ་དང་། མི་རྟག་པ་དང་། བདག་མེད་པའི་འདུ་ཤེས ་བསྒོམས། ལག་སོ།། ཞེས་རྒྱགས་པ་དང་། ང་རྒྱལ་གྱིས་དྲེགས་པར་མ་བྱེད་ཅིག། དེ་ལྟར་རྣམ་པ་གསུམ་བསྒོམ་པར་གྱུར་ན་ནི། ངིའི་བསྟན་པ་ལ། ཁྱེད་ཀྱིས་བསྒོམ་པ་རྣམ་པ་གསུཾ ་བསྒོམས་པ་དེ། བསྒོམ་པ་དོན་མེད་པར་འགྱུརོ།། སྡུག་བསྔལ་ཤེས་པར་བྱ་བ་སྒོམ་པ་རྣམ་པ་གསུམ་ནི། ཁྱད་པར་དང་།། ཁྱད་པར་གྱིས་ཡང་ཁྱད་པར་རོ།། སྡུག་བསྔལ་བ་བདེའོ་སྙམ ་དུ་འདུ་ཤེས་པ་ནི། ཕྱིན་ཅི་ལོག་པའོ།། བདེ་བ་ལ་སྡུག་བསྔལ་ལོ་སྙམ་དུ་ཤེས་པ་ནི་ཕྱིན་ཅི་ལོག་པའོ།། མི་རྟག་པ་ལ་རྟག་གོ་སྙམ་དུ་ཤེས་པ་ནི་ཕྱིན་ཅི་ལོག་གོ།། རྟག་པ་ལ་མི་རྟག ་པའོ་སྙམ་དུ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་པའོ།། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་པའོ།། བདག་ཡོད་པ་ལ་བདག་མེད་པར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་པའོ།། ་མི་སྡུག་པ་སྡུག་སྙམ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་པའོ།། སྡུག་ཁ་ལ་མི་སྡུག་སྙམ་དུ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་པ་སྟེ།། ཕྱིན་ཅི་ལོག་བཞི་པོ་འདི་དག་ཡང་དག་པར་མ་ཤེས ་བར་ཁྱེད་ཀྱིས་བསྒོམ་པར་བྱ་བ་བསྒོམས་ཏེ། མང་དུ་བྱས།། ཁྱེད་ཀྱིས་བདེ་བ་ལ་སྡུག་བསྔལ་བར་བསྒོམ་སོ།། རྟག་པ་ལ་མི་རྟག་པ་དང་། བདག་ཡོད་པ་ལ་བདག་མེད་པ་དང་། སྡུག་པ་ལ ་མི་སྡུག་པར་བསྒོམ་སོ།། འཇིག་རྟེན་རྣམས་ལ་ཡང་བདེ་བ་དང་བདག་དང་། རྟག་པ་དང་། སྡུག་པ་རྣམས་ཡོད། དོ།། འཇིག་རྟེན་ལས་འདས་པ་རྣམས། བདེ་བ་དང་། ་བདག་དང་། རྟག་པ་དང་། སྡུག་པ་རྣམས་ཡོད་དོ།། འདི་ལ་ཕན་ཚུན་མི་མཐུན་པ་ཡོད་དོ།། ཡི་གེ་ཞེས་བྱ་བ་ནི་འཇིག་རྟེན་པ་ཞེས་བྱ་བའི་ཐ་ཚིག་གོ།། དོན་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས ་པའི་ཡེ་ཤེས་ཏེ། དེ་ནས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདུ་ཤེས་བཞི་ལ་སོགས་པ་ཕྱིན་ཅི་ལོག་དེ་བཞིན་གཤེགས་པས ་ལུགསུ་བཞག་པ་རྣམས་ནི། བདག་ཅག་གིས་ཡུན་རིང་མོ་ཞིག་ནས། མཐོང་ཡང་མཐོང་། བསྒོམས་ཀྱང་བསྒོམས་ལགས་ན། ད་ཇི་ལྟར་འཚལ་བ་བཀའ་སྩལ་དུ་གསོལ།། དེ་བཞིན ་གཤེགས་པ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་ཡང་བཞུག་སུ་གསོལ།། དེ་བཞིན་གཤེགས་པས་ཅི་དང་ཇི་སྐད་དུ་བཀའ་སྩལ་པ། དེ་དང་དེ་བཞིན་དུ་བདག་ཅག་གིས་བགྱི ་བར་འཚལ་ལོ།། གལ་ཏེ་དེ་བཞིན་གཤེགས་པ་བཞུགསུ་མི་གནང་ན། བདག་ཅག་ཀྱང་སྦྲུལ་གདུགས་པ་དང་། ཁྱིམ་ཅིག་གི་ནང་དུ་ལྷན་ཅིག་ཏུ་མཆིས་པར་མི ་འཚལ་ཏེ།། དེ་བཞིན་གཤེགས་པ་མི་བཞུགས་ན། ཚངས་པར་སྤྱོད་ཅིང་མཆིས་པའི་རྔོ་མི་ཐོགས་གིས། ཁྱོད་ཉིད་ཀྱི་སླད་བཞིན་དུ་བདག་ཅག་ཀྱང་ཡོངསུ་མྱ་ངན་ལས་འདའ་བར་འཚལོ།། དེ་ནས ་བཅོམ་ལྡན་འདས་ཀྱིས། དགེ་སློང་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དགེ་སློང་ཁྱེད་དེ་སྐད་མ་ཟེར་ཅིག། དགེ་སློང་དག་ངས་འོད་སྲུང་གི་ལག་ཏུ་བསྟན་པ་གཏད་པར་བྱ་སྟེ།། འདི་ནི་དེ ་བཞིན་གཤེགས་པ་དང་འདྲ་བར་དགེ་སློང་རྣམས་ཀྱི་རྟེ་ན་ལྟ་བུར་འགྱུར་རོ།། དགེ་སློང་རྣམས་དང་སེམས་ཅན་རྣམས་ཀྱི་སྐྱབས་ལྟ་བུར་འགྱུར་རོ།། དཔེར་ན་རྒྱལ་པོ་གྲོང་ཁྱེར་མ ་པོའི་མངའ་བདག་གྲོང་ཁྱེར་གཅིག་ཏུ་སོང་སྟེ། ཁྱིམ་པ་ངག་གཅིག་རྒྱལ་པོར་དབང་སྐུར་བ་དེ་བཞིན་དུ་འཇིག་རྟེ་ན་གྱི་ཁམས་འདིར་ངས་འོད་སྲུང་ཆེན་པོ་ལ་དབང་བསྐུར ་རོ།། དགེ་སློང་དག་ཁྱེད་ཀྱིས་སྡུག་བསྔལ་དང་། མི་རྟག་པ་དང་། བདག་མེད་པ་དང་། མི་སྡུག་པའི་འདུ་ཤེས་ཇི་ལྟར་བསྒོམ་ཞེ་ན། དགེ་སློང་དག་དཔེར་ན། སོས་ཀའི་དུས་ལ་བབ་པ་ནི། སྐྱེ ་བོ་རྣམས་ཀྱིས་ནགས་ཚལ་གྱི་ནང་དུ་ཆུ་བསྒྲིལ་ཏེ། རང་རང་གི་རྒྱལ་བའི་ཡོ་བྱད་ཐོགས་ནས། ཆུའི་ནང་དུ་རྩེ་བར་བྱེད་ལ། ཆུ་དེའི་ནང་དུ་གཅིག་གིས་ནོར་བུ་རིན་པོ་ཆེ་བཻ་ཌཱུཪྻ་རིགས་དང་། ་ལྡན་པ་ཞིག་བཞག་ནས། བཻ་ཌཱུཪྻ་དེ་འདོང་བའི་ཕྱིར། དེ་དག་ཐམས་ཅད་ཀྱིས་རྒྱལ་བ་རྣམས་བོར་ཏེ། ཆུ་དེའི་ནང་དུ་འཛུལ་ནས། དེའི་ནང་ན་གྱོ་མོ་འམ། གསེག་མ་ཅི་ཡོད་པ་བདག་ལ་ནོར ་བུ་ཡིན་སྙམ་སྟེ། བླངས་ནས་ནོར་བུ་བདག་གིས་རྙེད་དོ།། བདག་གི་རྙེད་དོ།། ཞེས་ཟེར་ཅིང་། སོ་སོ་ནས་སྟེང་དུ་བྱུང་སྟེ། རྫིང་གི་འགྲམ་དུ་འཁོད་ནས། འདི་ནི་ནོར་བུ་མ་ཡིན་ནོ་སྙམ་པའི ་འདུ་ཤེས་སྐྱེས་པར་གྱུར་ལ། རྫིང་དེའི་ཆུ་ནང་ནོར་བུའི་འོད་ཀྱིས། ཟླ་བའི་འོད་བཞིན་མཛེས་པར་འདུག་སྟེ། དེ་དག་གིས་མཛེས་པ་དེ་མཐོང་ནས། ཨེ་མ་ནོར་བུ་སྙམ་དུ་ཡོན་ཏན་གྱི་འདུ ་ཤེས་སྐྱེ་བར་འགྱུར་ཏེ། དེ་དག་གི་ནང་ནས་ཐངས་ལ་མཁས་ཤིང་ཡིད་རྣོ་བ་གཅིག་གིས་ནོར་བུ་དེ་ཡང་དག་པར་རྙེད་པ་དེ་བཞིན་དུ་དགེ་སློང་དག་ཁྱེད་ཀྱི་ཐམས་ཅད་སྡུག་བསྔལ་བའོ།། ་ཐམས་ཅད་བདག་མེད་པའོ།། ཐམས་ཅད་མི་རྟག་པའོ།། ཐམས་ཅད་མི་སྡུག་པའོ།། ཞེས་ཐམས་ཅད་ཀྱི་མ་བཟུང་ནས། སྙོམས་ཤིང་མང་དུ་བྱས་པ་གང་ཡིན་པ་དེ་དག་ཐམས ་ཅད་རྫིང་གི་ནང་གི་མོ་དང་། གསག་མ་བཞིན་དུ་ནོར་ཅིང་དོན་མེད་པར་གྱུར་ཏ་རེ། སྐྱེས་བུ་ཐབས་ལ་མཁས་པ་བ་ཞིན་དུ་གྱིས་ཤིག། ཁྱེད་ཀྱིས་ཐམས་ཅད་ཀྱི་མུ་བཟུང ་ནས། གང་དང་གང་བསྒོམས་པ་དེ་དང་དེ་ཉིད་ལ་བདེ་བ་དང་། བདག་དང་རྟག་པ་དང་། སྡུག་པ་ཡོད་དེ་རྣམས་པ་བཞི་པོ་དེ་དག་ནི་ཕྱིན་ཅི་མ་ལོག་པ་ཞེས་བརྗོད་པར་བྱའོ།། དེ་བས་ན་ནོར་བུ ་དང་འདྲ་བར་ཆོས་ཀྱི་དེ་ཁོ་ན་ཉིད་རྟག་པའི་འདུ་ཤེས་བསྒོམས་ཤིག། དེ་ནས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དགེ་སློང ་ངག་ཆོས་ཐམས་ཅད་ནི་བདག་མེད་པ་སྟེ། དེ་ལྟར་སྒོམས་ཤིག་དང་། དེ་ལྟར་སྒོམ་པ་རྣམས་ཀྱིས་ནི་བདག་ཏུ་འཛིན་པ་སྤོང་བར་འགྱུར་རོ།། བདག་ཏུ་འཛིན་པ་སྤངས་ན་མྱ་ངན་ལས་འདས་པ ་ཐེབ་པར་འགྱུར།། ནས་བཀའ་སྩལ་ལགས་ར། བཀའ་སྩལ་པ་ངོའི་འདོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེའི་རྣམ་པར་དབྱེ་བ་བཀའ་སྩལ་དུ ་གསེལ།། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་བཀའ་སྩལ་པ། དགེ་སློང་དག་ལེགས་ལེགས།། དགེ་སློང་དག་བདག་གི་ཐེ་ཙོམ་ངེས་པར་གཅད་པར་འདོད་པས་ནི། དེ་སྐད་ཅེས་དྲི་དགོས་ཏེ ་ལེག་སོ།། དགེ་སློང་དག་དཔེར་ན། གྲོང་ཁྱེར་འགའ་ཞིག་ན་རྒྱལ་པོ་ཤེས་རབ་འཆལ་པ་ཞིག་རྒྱལ་པོ་བྱེད་དེ། རྒྱལ་པོ་དེ་ལ་སྨར་པ་ངར་པ་ཞིག་བདོག་ལ་དེ་ཡང་སྨན་པ་འཆལ་བ་ཞིག་སྟེ། བླ་ནས ་དབང་ཐང་ཆེར་དབང་ལ་རྒྱལ་པོས་ཀྱང་བཀུར་བ་ཞིག་ཡོད་བདེས། འོ་མ་འབའ་ཞིག་སྨད་ཡིན་པར་འཛིན་ལ་ནད་ཀྱི་གཞི་ནི་མི་ཤེས་ནས། འོ་མའི་སྤྱད་ལེག་པར་འཛིན་པ་དེ། སྐྱེ་བོ ་ཐམས་ཅད་ཀྱི་རླུང་ནད་ཀྱིས་སྔ་གྲངས་རྣམས་ལ་ཡང་གཏེང་པར་བྱེད། འཁྲིས་པའི་ནང་རྣམས་དང་། བད་ཀན་གྱི་ནང་། མས་ལ་ཡང་གཏོང་བར་བྱེད་དེ། དེ་དེ་ལྟར་བྱེད་ཀྱང་སྨན་པ ་གཅེས་པ་འཁོར་ནར་གྱུར་ལ། རྒྱལ་པོ་དེ་ཡང་འཆལ་པའི་བྱེ་བྲག་མི་བྱེད་པ་ཞིག་གོ།། དེ་ནས་སྨན་པ་ཆེའི་རིག་བྱེད་ཡན་ལག་བརྒྱད་ལ་མཁས་པ། རྒྱུད་ཕྱི་མ་ཤེས་པ་གཞན་ཞིག་ཡུལ ་གཞན་ནས་གསར་དུ་འོངས་ནས། སྨར་པ་དེའི་ཐང་དུ་བརྟེན་བཅས་ཏེ། སྨྲས་པ། ཁྱོད་ཀྱི་མིང་ཐོས་ནས་སློབ་པར་འཆལ་བའི་སླད་དུ་བདག་མཆིས་ཀྱིས། ཁྱོད་ཀྱིས་བདག་གི་མཁན་པོ་མཛད ་དུ་གསེལ།། དེ་ནས་སྨན་པ་འཆལ་པ་དེ་སྐད་ཅེས་ཐོས་ནས་སྨན་པ་གསར་དུ་འོངས་པ་དེ་ལ་སྨྲས་པ། ལོ་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་དེལ་ལེགས་པར་བསྒྲིམས་ཏེ། དཀའ་བ་སྤྱད་པས་རིམ་གྲོ ་དཀྱིས་ལ། ངོའི་འོག་ཏུ་སྤངས་ཤིག་དང་། ཁྱང་སྨད་པར་འགྱུར་རོ།། དེ་ནས་དེས་དེ་བཞིན་དུ་མཉན་ཏེ། དེ་ལྟར་བགྱིའོ་ཞེས་བྱས་ནས། དེས་མམར་གྱིས་སྨན་པ་འམལ་པ་དེ་བཐུམ ་བྱས་ཏེ། རྒྱལ་པོའི་ཕྲོ་བྲང་དུ་སོང་ནས། རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏེ། རྒྱལ་པོ་ཆེན་པོ་ཁྱེད་ཀྱིས་རྟག་ཏུ་བསྟན་བཅོས་ཐམས་ཅད་ལ་བརྩོན་པར་མཛོད་ཅིག། དང་། དེ་ལྟར་མཛད་ན ་རྒྱལ་པོ་རྒྱལ་པོར་འོས་པར་འགྱུར་རོ།། རྒྱལ་པོས་ཀྱང་དེ་ནི་བདེན་ཏེ་རྣར་འོང་ངོ་།། ཞེས་བྱས་ནས། རྒྱལ་པོ་དེས་སྨན་པ་འཆལ་བ་དེ་དང་སྨན་པ་གཅིག་ཤོས་ཀྱི་བྱེ་བྲག་ཕྱེད་པར་གྱུར་ནས། ་སྨན་པ་ངན་པ་དེ་ཡུལ་ཕྱོགས་ནས། བསྐྲད་དེ། སྨན་པ་བཟ་ང་པོ་གཅིག་ཤོས་བཀུར་བར་གྱུར་ལ། དེ་ནས་སྨན་པ་དེས་ད་ནི་དུས་ལ་བབ་བོ་སྙམ་ནས། རྒྱལ་པོ་ལ་འདི་སྐད་ཅེས་གསོལ ་རྒྱལ་པོ་ཆེན་པོ་གལ་ཏེ། བདག་ལ་མཉེས་པར་གྱུར་ན། གསོལ་བ་སྣ་གཅིག་ཅིག་གསོལ་གྱིས། གལ་ཏེ་རྒྱལ་པོ་ཆེན་པོ་ཡང་དགྱེས་བལྟ་ན་གནང་བར་མཛད་དུ་གསོལ། ་རྒྱལ་པོས་སླར་པ་ལ་བཀའ་སྩལ་བ། ངའི་ལག་པ་གཡས་པ་མན་ཆད་ནོར་རྀ་ཅོག་ལས་གསོལ་ཅིག། སྨན་པས་རྒྱལ་པོ་ལ་གསོལ་པ། རྒྱལ་པོ་ཆེན་པོའི་སྨན་པ་འཆལ་པ་དེའི་འོ་མའི ་དཔྱད་གང་ལགས་པ་དེ་ནི། དུག་ཧ་ལ་ཧ་ལ་ལགས་ན། དེས་གློ་བར་མ་ཆུད་ཀྱིས། རྒྱལ་པོ་ཁྱོད་ཀྱི་ཡུལ་ཁམས་ཐམས་ཅད་དུ་བཀའ་བཏགས་ལ། སྔོན་གྱི་སྨན་པ་དེའི་འོ་མའི་དཔྱད་གང ་ཡིན་པ་དེ་ནི་དུག་ཧ་ལ་ཧ་ལ་ཡིན་གྱིས།། སུ་སྨན་དུ་འོ་མ་འཐུང་བ་དེ་མགོ་བཅད་དོ།། ཞེས་བཀའ་བདག་པར་གསོལ།། དེ་ལྟར་མ་བགྱིས་ན། སེམས་ཅན་རྣམས་མ་ཡིན་པའི་འཆི་བས་འཆི ་ངར་འགྱུར་རོ།། བདག་ནི་འཚེ་བར་འགྱུར་བ་དང་། ནད་མ་མཆིས་པར་འགྱུར་བར་འཚལ་ཏེ། ལྷ་བདག་ནི་གསོལ་པ་དེ་འཚལ་ལགས་སོ།། དེ་ནས་རྒྱལ་པོས་སྨན་པ་དེ་ལ ་བཀའ་སྩལ་པ། དེ་ལྟར་ན་གསེལ་བ་ཆུང་ངུ་ཞིག་གསོལ་ཏེ། བཀའ་བདག་པར་བྱའོ་ཞེས་བྱས་ནས། བཀའ་ཡང་བཏག་སོ།། དེ་ནས་བཏགས་པ་བཞིན་དུ། ཐམས་ཅད་དུ་ལུགསུ་ཆུད་པར ་གྱུར་ཏོ།། དེ་ནས་སྣུན་པ་དེས་རྒྱལ་པོ་དེ་ལ་ཡང་འདི་སྐད་ཅེས་གསེལ་ཏོ།། ད་དུང་ཡང་ལན་གཉིས་ལན་གསུམ་གྱི་བར་དུ་དེ་བཞིན་དུ་བཀའ་བདགས་པར་གསེལ་ཞེས་བྱས་ནས། སྨན་པ་དེས ་རོ་མངར་བ་དང་། སྒྱུར་བ་དང་། ལན་ཙའི་རོ་དང་། ཚ་བ་དང་། བསྐའ་བ་དང་། ཁ་བ་རྣམས་ཀྱིས་མི་རྣམས་ཀྱི་ནད་སེཾས་བར་བྱས་སོ།། དེ་ནས་རེ་ཤིག་ན་རྒྱལ་པོ་ནད་ཀྱིས་ཐེབས་ནས ་སྨན་པ་དེ་བཀུག་སྟེ། བསྒོ་བས་ང་ནི་ཤི་ལ་ཐུག་གིས་རྒྱལ་པོའི་རྐྱེན་དང་འཚལ་བའི་གསོལ་པ་ཅི་འདོད་པ་ཁྱོ་དེ་ལ་སྦྱིན་ནོ།། ཞེས་བྱས་སོ།། དེ་ནས་སྨན་པ་དེས་རྒྱལ་པོ་དེ་ལ ་གསོལ་པ། རྒྱལ་པོ་ཆེན་པོ་བདག་ནི་བརྫུན་དུ་སྨྲ་བ་མ་ལགས།། འོ་མ་ནི་བདུད་རྩི་ལགས་ཏེ། ཁྱོད་ཀྱིས་ཞལ་ཟས་འོ་མ་དང་སྦྱར་བ་གསོལ་འཚལ་ལོ།། དེ་ནས་རྒྱལ་པོ་དེས་སྨན་པ་དེ་ལ ་བཀའ་སྩལ་པ། ཅི་ཁྱོད་མཁྲིས་པས་མྱོས་པར་བྱས་སམ། འོན་ཏེ་སླུ་བར་བྱེད་དམ་ཅི་ན། སྔར་ནི་འོ་མ་དྲུག་ཡིན་ཞེས་ཟེར་ལོ། ད་ནི་འོ་མ་སྨན་གྱི་མཆོག་ཡིན་ནོ་ཞེས་ཟེར་ཀྱེ་མ་སྨན ་པ་སྔ་མ་བསྐང་བས་ཕུང་ངོ་།། དེས་ཀྱང་འོ་མའི་དབྱང་སྔགས་པ་ལས་ན། དེ་ནི་སྨན་པ་ཆེན་པོ་ཡིན་གྱི། སྨན་པ་ངན་པ་མ་ཡིན་ནོ།། ཁྱོད་ཀྱི་འོ་མའི་དཔྱད་བྱས་པ་ནི། ཁྱོད་བདག་བསྐྲད ་བིའི་རྒྱུ་ཡིན་ནོ་ཞེས་བྱས་སོ།། སྨན་པས་གསོལ་པ། རྒྱལ་པོ་ཆེན་པོ་དེ་ལྟར་གཞན་དུ་མ་དགོངས་པར་གསོལ་དཔེར་ན། ཤིང་ངམ་རྩིག་པ་ལ་སྲིན་བུས་བརྐོས་ཏེ། ཡི་གེའི་འབྲུ་འདྲ་བར་གྱུར་པ ་མཐོང་ཡང་མཁས་པ་རྣམས་ཀྱིས་སྲིན་བུས་ཡི་གེ་ཤེས་སོ།། ཞེས་བརྗོད་པར་མི་བགྱི།། ཡི་གེ་སྦྱར་བ་ལྟ་བུར་གྱུར་ཀྱང་། ཡ་མཚན་དུ་གཟུང་བར་མི་བགྱིད་པ་དེ་བཞིན་དུ། ཁྱོད་ཀྱི་སྨན་པ ་རྫ་དཔྱད་ཀྱི་ལས་ཀྱང་། སྲིན་བུས་བརྐོས་པའི་ཡི་གེ་བཞིན་དུ་བལྟ་བར་བགྱི་སྟེ། དེ་ནི་འོ་མ་སོ་སོའི་བྱེ་བྲག་ཀྱང་མ་འཚལ་པ་ལག་སོ།། རྒྱལ་པོས་སྨན་པ་དེ་ལ་སྨྲས་པ། ཀིའི་སྨན ་པ་ངན་པ་དེས་འོ་མ་སོའི་བྱེ་བྲག་ཇི་ལྟར་མི་ཤེས། སྨན་པས་གསོལ་པ། རྒྱལ་པོ་ཆེན་པོ་འོ་མ་ནི་བདུད་རྩིའི་ཡང་ལགས། དུག་ཀྱང་ལགས་ཏེ། དེ་ལ་བདུད་རྩི་ཞེས་བགྱི་བ ་ནི། ཁ་གང་བེའུ་ཧ་ཅང་སྟོབས་དང་ལྡན་པ་མ་ལགས། པ་དང་། ཆང་གི་སྙིགས་མ་མི་འཐུང་བ་དང་། ནགས་ཁུང་དང་། གཤོང་དང་། ཆུ་འདམ་རྩབ་ཅན་ན་མི་གནས་པ་དང ་བ་ལང་རྫིས་ནུ་མ་མ་བཞིབས་པ་དང་། རྩ་བརྔས་པ་མ་གསན་པ་དང་། རང་གི་ཁྱུ་ན་འདུག་པ་དང་། མ་ཧེའི་ཁྱུ་དང་ལྷན་ཅིག་མི་འགྲོགས་པ་དང་། དེ་ལ་སོགས་པའི་ཡོན་ཏན་རྣམས་དང་། ་ལྡན་ལ། དེའི་འོ་མ་ལྷག་མ་གཟར་མ་བཅད་པར་རན་ཙམ་དུ་གཞོས་པའི་འོ་མ་ད་ནི། ནད་དོ་ཅོག་ཞི་བར་བགྱིད་པ་ལགས་སོ།། དེ་ནས་རྒྱལ་པོ་ངོ་མཚར་དུ་གྱུར་ནས། སྨན་པ་དེ་ལ ་བཀའ་སྩལ་པ། མཁན་པོ་ད་ནི་ངས། ཁྱོད་ཀྱི་འོ་མའི་དཔྱད་བཟང་པོ་ཡང་ཤེས་སོ།། ངན་པ་ཡང་ཤེས་སོ།། དེ་ནས་རྒྱལ་པོས་བཀའ་བཏགས་ཏེ། འོ་མ་འཐུང་ཤིག་ཅེས་བསྒོ་བ་དང་། ་འབངས་ཐམས་ཅད་ཀྱིས་རྒྱལ་པོས་ཕྱིར་ཡང་འོ་མ་འཐུང་ཤིག་ཅེས་བསྒོ་བ་ཐོས་ནས། སེམས་འཁྲུགས་ཏེ། ཅི་རྒྱལ་པོ་གདོན་གྱིས་ཐེབས་སམ། འོན་ཏེ་བདག ་ཅག་ལ་ཐོ་མཚམ་འམ་ཞེས་ཟེར་ཞིང་། དེ་ལྟར་གྲོང་ཁྱེར་གྱི་མི་དང་། འབངས་ཐམས་ཅད་རྒྱལ་པོའི་དྲུང་དུ་ལྤགས་ཏེ། རྒྱལ་པོས་དེ་དག་མཐོང་ནས་སྨྲས་པ། སྨན་པ་འདི་ན་རེ ་འོ་མ་དེ་འདྲའོ་ཞེས་ཟེར་ན། ཁྱེད་གཤེར་ཅི་ཡོད་པ་ཅེས་བྱས་སོ།། དེ་ནས་རྒྱལ་པོ་དང་གྲོང་ཁྱེར་གྱི་མི་དང་། འབངས་ཐམས་ཅད་མགུ་བར་གྱུར་ནས། སྨན་པ་ལ་མི་མཚུངས ་པའི་བསྙེན་བཀུར་བྱས་ནས། འོ་མའི་དཔྱད་ལ་ཡང་བསྟེ། ན་བར་བྱེད་པ་དེ་བཞིན་དུ། དགེ་སློང་དག་དེ་བཞིན་ག་ཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་རིག་པ་དང་ཞབསུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུ་རབ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས ་རྒྱས་བཅོམ་ལྡན་འདས་སྨན་པ་བཟང་པོ་འདྲ་བར་འཇིག་རྟེན་དུ་འབྱུང་ནས། མུ་སྟེགས་པ། སྨན་པ་ངན་པ་དང་འདྲ་བ་ཐམས་ཅད་ཀྱི་ཐད་དུ་གཤེགས་ཏེ། ཐམས་ཅད་ངེས་པར་བརྟུལ ་ཞིང་། ངེས་པར་གཤིགས་ནས་རྒྱལ་པོ་དུ་མ་མགུ་བར་མཛད་དེ། མུ་སྟེགས་པ་རྣམས་ཚར་བཅད་པའི་ཕྱིར། བདག་མེད་དོ།། སེམས་ཅན་མེད་དོ།། སྲོག་མེད་དོ།། གང་ཟག་མེད་དོ་ཞེས ་གསུང་ངོ་།། མུ་སྟེགས་པ་རྣམས་ཀྱི་བསྟན་པ་ནི། སྲིན་བུས་བརྐོས་པའི་ཡི་གེ་དང་འདྲ་སྟེ། དེའི་ཕྱིར་ང་སེམས་ཅན་ཐམས་ཅད་ལ་བདག་མེད་དོ་ཞེས་བསྟན་པ་སྟོན་པར་མཛད་དོ།། བདག ་མེད་པ་ན་སངས་རྒྱས་ཀྱི་ཚིག་ཡིན་ནོ་ཞེས་ཆོས་ཀྱི་བཀའ་འཇོག་པར་མཛད་ནས་ཡང་གདུལ་བར་བྱ་བ་རྣམས་ཀྱི་དབང་དང་། སེམས་ཅན་རྣམས་ལ་ཕན་པའི་ཕྱིར། དུས་མཁྱེན་པར ་མཛད་ནས། ཆོས་ཐམས་ཅད་བདག་མེད་པར་བསྟན་པའི་སྐབས་དེ་ཉིད་དུ། སྨན་པ་བཟང་པོའི་བཞིན་དུ་བདག་ཡོད་དོ་ཞེས་ཡང་དག་པར་སྟོན་པར་མཛད་དེ། འཇིག་རྟེན་པ་རྣམས་ཀྱི་བདག ་མཐེ་བོང་ཙམ་དང་། ཁྲེ་རྒོད་ཀྱི་འབྲུ་ཙམ་ཞེས་བྱ་བ་དེ་ལྟ་བུ་ནི་མ་ཡིན་ནོ།། འཇིག་རྟེན་པ་རྣམས་ཀྱིས་བདག་ཏུ་ལྟ་བ་གང་ཡིན་པ་དེ་ལྟ་བུ་ཡང་མ་ཡིན་ཏེ། འདི་ཆོས་ཐམས་ཅད་ནི་བདག་མེད ་པ་ཞེས་བྱའོ།། ཆོས་ཐམས་ཅད་བདག་མེད་པ་ཡང་མ་ཡིན་ཏེ། བདག་ནི་དེ་ཁོ་ན་ཉིད་དོ།། བདག་ནི་རྟག་པ་ཉིད་དོ།། བདག་ནི་ཡོན་ཏན་ཉིད་དོ།། བདག་ནི་ཐེར་ཟུག་པ་ཉིད་དོ།། བདག་ནི་བརྟན ་པ་ཉིད་དོ།། བདག་ནི་ཞི་བ་ཉིད་དོ།། ཞེས་སྨན་པ་བཟང་པོའི་འོ་མ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དེ་ཁོ་ན་ཉིད་དང་ལྡན་པ་སྟོན་པ་མཛད་དོ།། དེ་བསྒོམ་པ་ལ། འཁོར ་བཞི་པོ་རྣམས་ཀྱི་བརྩོན་པར་གྱིས་ཤིག། དགེ་སློང་དག་གཞན་ཡང་ཚུལ་ཁྲིམས་ཀྱི་གཞི་མ་གཏོགས་པར་ཐེ་ཚོམ་དང་སོམ་ཉི་ཅི་དང་ཅི་ཡོད་པ་དེ་དག་ཁྱེད་ཀྱིས་ང་ལ་ཞུས་ཤིག་དང ་ངས་ལེགས་པར་གསུངས་པས་ཁྱེད་རངས་པར་བྱའོ།། ང་ནི་བསྒོམ་པ་ཐམས་ཅད་ལས་གྲོལ་བ་དང་། རང་བཞིན་གྱིས་སྟོང་པ་ཆེན་པོ་སྟོན་ཏེ། དགེ་སློང་ཁྱེད་དེ་བཞིན་གཤེགས་པས། ་བདག་ཅག་ལ་རང་བཞིན་གྱིས་སྟོང་པ་ཆེན་པོ་མ་བསྟན་ཏེ་ཞེས་དེ་སྐད་མ་ཟེར་ཅིག། དགེ་སློང་དག་གཞན་ཡང་ཚུལ་ཁྲིམས་ཀྱི་གཞི་མ་གཏོག་པར་ཐེ་ཚོམ་ཉི་ཅི་དང་ཅི་ཡོད་པ་དེ་དག ་།། ཁྱེད་ཀྱིས་ངལ་ནུས་ཤིག། དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་བཀའ་ཏོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ ་ནུབ་ནི། བདག་ཅག་གི་ཡུལ་མ་ལགས་ཏེ། བདག་ཅག་གིས་རྔོ་མི་ཐོགས་ལགས་སོ།། སངས་རྒྱས་བཅོམ་ལྡན་འདས་ཀྱང་བསམ་གྱིས་མི་ཁྱབ། ཏིང་ངེ་འཛིན་རྣམས་ཀྱང་བསམ་གྱིས་མི་ཁྱབ ་ཁྱེད་ཀྱི་གང་མ་ངག་ཀྱང་བསམ་གྱིས་མི་ཁྱབ་པས་ན། བདག་ཅག་གིས་ཞུ་བའི་རྔོ་མི་ཐོག་ལགས་སོ།། བཅོམ་ལྡན་འདས་དཔེར་གསོལ་ན། མི་ལ་ལ་རྒས་ཤིང་འཁོགས་ལ་གཏུགས་པ་ལོ་རྒྱ ་ཉི་ཤུ་རྩ་དྲུག་ལོན་པ་ནད་ཀྱིས་ཐེབས་པ། མལ་ཁྲི་ལ་མཆིས་པའི་ནད་པ་ཞིག་གིས་དེའི་སུག་པར་གཏེར་གཏམས་ཏེ། ཀྱེ་མི་ཁྱོད་ཀྱི་གཏེར་འདི་ལོང་པ། གང་གི་ཚེ་བདག་ལོ་བཅུའམ། ལོ ་ཤུན་བྱས་ནས། ཕྱིར་འོང་བཏང་། དེའི་ཚེ་འདི་བདག་ལ་ཕྱིར་བྱིན་ཅིག་ཅེས་བགྱིས་ན། དེས་གཏད་དེ་མཆིས་ལ། རྒན་བོ་དེ་ཡང་བུ་མ་མཆིས་པ་ཞིག་ཏེ། མི་དེ་མཆིས་ནས་རིང་པོ་མ ་ལགས་པར་རྒན་པོ་དེ་གུམ་ན། མི་དེ་སླར་མཆིས་ཏེ། དེ་དེ་ལྟར་ནོར་གྱི་ཕུང་པོ་ཆེན་པོ་དང་བྲལ་བར་གྱུར་ཀྱང་། སུ་ལ་ཡང་ཇི་སྐད་བགྱིར་ཡང་མ་མཆིས་པ་དེ་བཞིན་དུ། བཅོམ་ལྡན་འདས ་ཚུལ་ཁྲིམས་ཀྱི་གཞི་མ་གཏོགས་པར།། བདག་ཅག་གིས་ཞུས་པ་དེ་ཡང་ཉན་ཐོས་ལ་ཡུན་རིང་དུ་གནས་པར་མི་འགྱུར་ལ། བདག་ཅག་ལ་ཡང་ཇི་སྐད་དུ་ཞུ་བའི་ཆ་མ་མཆིས་ལགས་སོ།། ་བཅོམ་ལྡན་འདས་ཀྱིས་དེ་དག་ལ་བཀའ་སྩལ་པ། དགེ་སློང་རྣམས་ཀྱིས་ཞུས་པ་ནི། སེམས་ཅན་ལ་ཕན་པར་འགྱུར་ཏེ། དེའི་ཕྱིར་ངས་ཞུ་བའི་སྐབས་ཕྱེ་བ་ཡིན་ནོ།། དགེ་སློང་རྣམས་ཀྱིས་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དཔེར་གསོལ་ན། མི་གནོན་ནུལ་ལ་ལོ་ཉི་ཤུ་རྩ་དྲུག་ལོན་ཏེ།། ཕྱུང་ཅིང་འཁོར་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་མཆིས་ལ། མི་ལ་ལ་ཞིག་གིས ་དེའི་སུག་པར་གཏེར་བརྟམས་ཏེ། འདི་སྐད་དུ།། ཀྱེ་བདག་ནི་དོན་གཅེར་དུ་འགྲོ་ཡིས། བདག་ཕྱིར་འོད་ཏང་མེ་ཁྱོད་ཀྱིས་གཏེར་འདི་དག་ལ་ཕྱིར་བྱིན་ཅིག་ཅེས་བགྱིས་ནས། མི་དེས་གཏེར་དེ ་ལེགས་པར་སྤངས་ཤིང་ལེགས་པར་སྲུངས་ཏེ། དེ་ལྟར་མཆིས་ནས་སླར་སྩལ་པ་དེ་བཞིན་དུ། བཅོམ་ལྡན་འདས་དམ་པའི་ཆོས་ཀྱི་དབྱིག་ལེགས་པར་གསུངས་པ། དགེ་སློང་ཀུན ་དགའ་བོ་ལ་སོགས་པ། ཉན་ཐོས་ཐམས་ཅད་ལ་ག་ཏད་ན་ནི། ཡུན་རིང་དུ་གནས་པར་མི་འགྱུར་ལགས་སོ།། དེ་ཅིའི་སླད་དུ་འོད་སྲུང་ཆེན་པོ་ལ་སོགས་པ། ཉན་ཐོས ་ཐམས་ཅད་ནི་མི་རྟག་པའི་སླད་དུའོ།། བྱང་ཆུབ་སེམ་ས་དཔས་ནུས་པའི་དབྱིག། བྱང་ཆུབ་སེམས་དཔའ་རྣམས་ལ་གཏད་ན་ནི། ལོ་འབྲུམ་ཕྲག་མང་པོར་གནས་པར་འགྱུར་ལ། ་འཕེལ་བར་ཡང་འགྱུར་ཞིང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་སྨན་པར་འགྱུར་ལགས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི། དེ་བཞིན ་གཤེགས་པ་ལ་ཞུ་བའི་རྗེ་ཐོག་ལ་བདག་ཅག་སྦྲང་བུ་དང་འདྲ་བས་ནི། དེ་བཞིན་གཤེགས་པ་ལ་ཞུ་བའི་རྔོ་མི་ཐོགས་ལགས་སོ།། ཞེས་གསོལ་ནས། ཅང་མི་ཟེར་བར་འཁོད་དོ།། དེ་ནས ་བཅོམ་ལྡན་འདས་ཀྱིས། དགེ་སློང་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དགེ་སློང་དག་ལེགས་ལེགས།། དགེ་སློང་དག་ཁྱེད་ཟག་པ་མེད་པས་ནི་དེ་སྐད་བྱ་བ་ཡིན་ནོ།། དགྲ་བཅོམ་པ ་ནི་དེ་སྐད་བྱ་བ་ཡིན་ནོ།། དགྲ་བཅོམ་པས་ནི་དེ་སྐད་བྱ་བ་ཡིན་ཏེ། ལེག་སོ་ལེགས།། དགེ་སློང་དག་ངས་ཀྱང་ཁྱེད་ཀྱིས་བསམ་པའི་དོན་དེ་སྔ་ནས་བསམས་སོ།། ངའི ་ཐེག་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་ལག་ཏུ་གཏད་ན། རྒྱུ་གཉིས་ཀྱིས་ཡུན་རིང་དུ་གནས་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་བཀའ ་སྩལ་པ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཚེ་རིང་པོ་དག། གཞི་གསུམ་མ་གཏོགས་པ་དང་། ཚུལ་ཁྲིམས་ཀྱི་བཞི་མ་གཏོགས་པར་ཁྱེད་ཀྱི་ཡིད་གཉིས་དང་། སོམ་ཉི་དང་། ཐེ ་ཙམ་ཅི་ཡོད་པ་ངལ་ཞུས་ཤིག་ལན་གསུམ་དུ་བཀ་འསྩལ་ཏོ།། དེ་ནས་འཁོར་དེ་གཉིས་ཀྱི་ནང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡོང་བུའི་གྲོང་དུ ་སྐྱེས་པ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་དུ། ད་སྲུང་ཆེན་པོ་དང་རུས་གཅིག་པ་ཞེས་བྱ་བ་དེ་བཞིན་གཤེ་གས་པའི་མཐུས་སྟན་ལས་ལངས་ཏེ། བཅོམ་ལྡན ་འདས་ག་ལ་བ་དེར་སོང་ནས་ཕྱག་འཚལ་ལོ།། ལན་འབུམ་བསྐོར་བ་བྱས་ནས། ལྷའི་མཆོད་པའི་ལས་ཆེན་པོ་བྱས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི ་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས། ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། བདག་ཕྱོགས་འགའ་ཞིག་ཞུའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་བུ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་ཁྱོད་ཅི་དང་ཅི་འདོད་པ། དེ་བཞིན་གཤེགས་པ་དགྲ་བརྩ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུས་ཤིག་དང་། ངས་ཞུ་བ་ཞུས་པ་དེ་དང་དེ་ལུང་བསྟན་པས། ཁྱོད་ཀྱི་སེམས་རང་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་བུ། འོད་སྲུང་ཆེན་པོ་དང་། རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས ་པའི་མཐུ་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བའི་མཐུས་བདག་གིས་ནུ་བར་ནི་འཚལ་ན། བདག་ནི་སྦྲང་བུ་དང་འདྲལ། དེ་བཞིན་གཤེགས་པ་ནི་ཙན་དན་ལྔ ་ལྟ་བུའི་འཁོར་ཆེན་པོ་མངའ་ང་ལགས། སེངྒེ་ཝཱ་བྲིའི་འཁོར་ཆེན་པོ་དང་ལྡན་པ་ལགས། བཻ་ཌཱུཪྻ་དང་རྡོ་རྗེ་ཆེན་པོ་ལྟར་མི་བྱེད་པའི་སྐུ་མངའ་བ་ལགས། མི་བྱེད ་པའི་འཁོར་དང་ལྡན་པ་ལགས། ཡེ་ཤེས་རྒྱ་མཚོ་དང་ལྡན་པའི་འཁོར་ཆེན་པོ་མངའ་བ་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ཅིག་ཡོན་ཏན་དཔག་ཏུ་མ ་མཆིས་པ་དང་ལྡན་པ་དག་ཀྱང་མཆིས་ཏེ། དེ་ལྟར་དཔག་ཏུ་མ་མཆིས་པའི་འཁོར་མངའ་བའི་དེ་བཞིན་གཤེགས་པ་ལ། དེ་བཞིན་གཤེགས་པའི་མཐུས། བདག་གིས་ཞུ་བའི་རྔོ་ཐོག། ་པར་གྱུར་ན། འདིར་བགྱི་བ་མང་དུ་མཆིས་ཏེ། དེ་བཞིན་གཤེགས་པའི་མཐུས། བདག་སྦྲང་བུ་དང་འདྲ་བས་ཞུ་བར་འཚལ་ལོ།། ཞེས་བྱས་ནས། ཚིག་སུ་བཅད་དེ་གསོལ་པ། ཐུབ་པ ་པཅིས་ན་ཚེ་རིང་འགྱུར།། རྡོ་རྗེ་ལྟ་བུན་ཅིས་འགྱུར་ལགས། གང་གིས་མི་ཞིག་ཐོབ་པར་འགྱུར།། ཅི་ནས་ལུས་བརྟན་སྟོབས་ཆེན་འགྱུར།། ཇི་ལྟར་བགྱིས་ན་མདོ ་སྡེ་འདིའི་ཕ་རོལ་ཕྱིན་པར་འགྱུར་བར་ལགས།། ཇི་ལྟར་སྲོག་ཆགས་རྣམས་ཀྱི་སེམས།། སྣ་ཚོགས་རྟོགས་ནས་སྟོན་པར་འགྱུར།། ཐུབ་པ་ཆེན་པོ་ཇི་ལྟར་ན།། རྒྱལ་ཆེན་ཐོབ་ནས་སྐྱབསུ ་འགྱུར།། ཇི་ལྟར་དགྲ་བཅོམ་མ་ལགས་ཀྱང་།། དགྲ་བཅོམ་རྣམས་དང་མཚུངས་པར་འགྱུར།། བཅོམ་ལྡན་ཇི་ལྟར་བགེགས་བགྱིད་པའི་བདུད་ནི་ཁོང་དུ་ཆུད་བར་འགྱུར ་བདུད་ཀྱི་ཚིག་ཀྱང་འཚལ་བ་དང་།། རྫོགས་པའི་ས་ས་རྦྦ། དས་གསུང་ཡང་འཚལ།། འདྲེན་པ་ཇི་ལྟར་དགའ་བཞིན་དུ།། འཕགས་པའི་ལམ་རྣམས་སྟོན་པར་འགྱུར། ་དགེ་དང་ཡང་དག་ལྡན་གྱུར་ནས།། ཕྱིན་ཅི་མ་ལོག་སྟོན་པར་འགྱུར།། ཐུབ་པ་ཆེན་པོ་ཇི་ལྟར་ན།། ལེགས་བྱེད་འགྱུར་བ་བསྟན་དུ་གསོལ།། ཐུབ་པ་བྱང་ཆུབ་སེམས་རྣམས ་ཀྱིས།། ཇི་ལྟར་བརྟག་དཀའ་ཁམས་མཐོང་འགྱུར།། ཐུབ་པ་ཇི་ལྟར་ཡི་གེ་ཡི།། བྱེད་ནི་རྫོགས་པར་འགྱུར་བ་ལགས།། ཇི་ལྟར་བཞད་དང་ཐལ་མི་ཡི།། སྤྱོད་པ་དག་དང་འདྲ་བར་འགྱུར། ་ཇི་ལྟར་ཕུར་བུ་པ་བསངས།། ཉི་མ་དག་ཏུ་སྐྱེ་བར་འགྱུར།། ཐུབ་པ་བྱང་ཆུབ་སེམས་དཔའ་རྣམས།། ཇི་ལྟར་སེམས་རྣམ་སྐྱེས་པར།། འདིར་ནི་འཇིག་པོ་མེད་པར་འགྱུར།། ཇི་ལྟར། ་ཏིའི་འབྲས་བུ་འདྲ།། ཇི་ལྟར་ཚོང་དུས་སྐྱེས་པ་ན།། གས་པ་མ་མཆིས་བགྱིད་པ་དང་།། ཉེས་པའི་དབྱིངསུ་པདྨ་ལྟར།། ཉེས་པ་དག་གིས་མི་གོས་ལགས།། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམ། ་ཡུལ་ཁམས་སྨན་པ་ཆེན་པོར་འགྱུར།། ཆུ་འགྲམ་ཀུན་ཏུ་མཉན་པར་འགྱུར།། དེ་འདིར་བདག་ལ་ལུང་བསྟན་གསོལ།། ཇི་ལྟར་སྦྲུལ་རྣམས་པགས་པ་སྙིང་།། འདོར་བ་བཞིན་དུ་འགྱུར་བ་ལགས། ་རིན་ཆེན་མང་པོའི་འབྱུང་གནས་དང་།། འབྲུ་དང་ཤིང་འདྲ་ཇི་ལྟར་ལགས།། བརྟན་པོ་དེ་དག་ཉན་ཐོས་དང་།། རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱིས།། སྐུ་གདུང་ཇི་ལྟར་སྟོན་པར་བགྱིད།། མཐའ ་ཡས་སྒོ་ཡང་ཇི་ལྟར་སྟོན།། རྒྱལ་སྲས་བརྟུལ་ཞུགས་བརྟན་པོ་རྣམས།། ཇི་ལྟར་མི་ཕྱེད་འཁོར་དང་ལྡན།། དེ་དག་འཇིག་རྟེན་དམུས་ལོང་གྱི།། མིག་དང་འདྲ་བར་ཇི་ལྟར་འགྱུར།། ཐུབ་པ ་ཆེན་པོ་ཇི་ལྟར་ན།། མགོ་མང་བྱེ་བ་སྟོན་པར་འགྱུར།། ཇི་ལྟར་ཟླ་བ་ཚེས་འདྲ་བར།། འཇིག་རྟེན་རྣམས་ལ་ཆོས་ཀྱང་སྟོན།། ཇི་ལྟ་བུར་ནི་གཞའ་གསང་དུ།། ཡོངསུ་མྱ་ངན་འདས་པ ་སྟོན།། ཇི་ལྟར་ལྷ་དང་བདུད་འདྲ་བར།། བརྟན་པར་འགྱུར་ནི།། ང་དཔའ་བར་འགྱུར།། ཇི་ལྟར་ཆོས་ཀྱི་སྒོ་རྟོགས་ནས།། ཆོས་ཉིད་ཀྱང་ནི་འཆལ་བར་འགྱུར།། ཇི་ལྟར་བྱང ་ཆུབ་སེམས་དཔའ་རྣམས།། ནད་མེད་པར་ཡང་འགྱུར་བ་ལགས།། སེམས་ཅན་ཀུན་ལ་སྨན་པའི་ཕྱིར།། དེ་དག་ཇི་ལྟར་དགོངས་པ་འཆད།། ཇི་ལྟར་དགེ་བ་ལྷག་མར་བཅས།། ཇི་ལྟར། ་ཐེ་ཙོམ་སྤོངས་པར་འགྱུར།། བློ་གྲོས་ཆེན་པོ་ཇི་ལྟར་ན།། བྱང་ཆུབ་མཆོག་ཏུ་ཉེ་བར་འགྱུར།། ཆ་ཕྲ་གཟིགས་པ་ཁྱོད་ཉིད་ཀྱིས།། བྱང་ཆུབ་སེམས་དཔའི་སྤྱོད་པ་གསུངས།། ཆོས་རྣམས ་དུ་མིའི་སྒོ་དག་ཀྱང་།། འདྲེན་པ་ཁྱོད་ཀྱིས་བཀའ་སྩོལ་ཅིག། སེམས་ཅན་ཀུན་གྱི་སྨན་པའོ།། རྐང་གཉིས་རྣམས་ལ་སྨན་སྟོན་ཅིག། ཐུབ་པ་ཕུང་པོ་འདི་དག་ལས།། བདག་གིས་ཞུ་བའི ་ཡུལ་མ་མཆིས།། བྱང་ཆུབ་སེམས་དཔའ་བརྟན་རྣམས་ཀྱི།། ཡུལ་ནི་ཐམས་ཅད་མཁྱེན་པ་ལགས།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་བུ། འོད་སྲུང་ཆེན་པོ་དང་། རུས་གཅིག་པ་ལ། འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། རིགས་ཀྱི ་བུ་ཁྱོད་ཇི་ལྟར་དེ་བཞིན་གཤེགས་པའི་མདོ་ཆེན་པོ་ལས།། ཐམས་ཅད་མཁྱེན་པ་དང་། ཐམས་ཅད་མཁྱེན་པ་ནང་འདྲི་བ་མཛད་པ་བཞིན་དུ་འདྲི་བ་ནི་ལེགས་ཏེ། འཇིག་རྟེན་གྱི་ཁམས ་གངྒཱའི་ཀླུང་མང་པོ་གྲངས་མེད་པའི་བྱེ་མ་སྙེད་ཀྱི་ཕ་རོལ་ན། ཐམས་ཅད་མཁྱེན་པ་རང་རང་གི་འཇིག་རྟེན་གྱི་ཁམས་ན། བཞུགས་པ་དག། ང་དང་ཐབས་གཅིག་ཏུ་བྱང་ཆུབ ་ཀྱི་ཤིང་དྲེང་དུ། བྱང་ཆུབ་ཀྱི་ཕྱིར་རོལ་ཏེ། བྱང་ཆུབ་ཙམ་པ་ས། དེ་བཞིན་གཤེགས་པ་བསྟན་པའི་དོན་ཏུ་བྱང་ཆུབ་ཀྱི་ཕྱིར་རོལ་པ་དེ་བཞིན་དུ་ཁྱོད་ཀྱང་། སེམས་ཅན་ཐམ ་ཅད་ལ་ཕན་པོའི་ཕྱིར།། ཡོན་ཏན་མིང་གཅིག་པའི་ཚུལ། ཐམས་ཅད་མཁྱེན་པའི་ཡུལ་འདྲི་ཞིང་འདུག་གོ།། དེ་ནས་བཅོམ་ལྡན་འདས་འོད་སྲུང་ཆེན་པོ་དང་རུས་གཅིག་པས།། འདི་སྐད ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ནི་ཐམས་ཅད་མཁྱེན་པའི་ཡུལ་ཞུ་བའི་རྔོ་མི་ཐོག་མེད་ཀྱི།། ཅུང་ཟད་གཅིག་ཞུ་བར་འཚལ་ལོ།། བཅོམ་ལྡན་འདས་དཔེར་ན། སྦྲང ་བུས་གནམ་དང་། རྒྱ་མཚོའི་པ་མཐར་མཆི་བ་འམ། རྒྱ་མཚོའི་ཆང་འཚལ་བའི་རྔོ་ཐག་པ་དེ་ནི་མི་སྲིད་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་བདག་ནི་སྦྲང་བུ་དང་འདྲ་ལ། བཅོམ ་ལྡན་འདས་ནི་གནམ་དང་རྒྱ་མཚོ་དང་འདྲ་ཞིང་ཡེ་ཤེས་ཟབ་མོའི་ཆོས་ལགས་སོ།། བཅོམ་ལྡན་འདས་དཔེར་གསོལ་ན། རྒྱལ་པོའི་གཙུག་གི་ནོར་བུ་དཀོར་བས་རང་གི་སྐྱེ་བོས་བླངས། ་བ་དེ་བཞིན་དུ་བདག་གིས་ཀྱང་ཆོས་བཀའ་སྩལ་པ། ཡང་དག་པར་བླང་བར་འཚལ་ན། ཤེས་རབ་རྒྱ་ཆེ་བ་བསྐྱེད་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ། ་བཅོམ་ལྡན་འདས་ཀྱིས་མཚུངས་པ་མེད་པ་ཡོངསུ་བཤད་དུ་གསོལ།། བདག་ཞུ་བར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། ལས་ག ་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་རིང་བར་འགྱུར་བ་དང་། ལུས་གང་གིས་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དེ། གཟུང་བའི་སེམས་ཀྱིས་ཉོན་ཅིག་དང་། ལས་ཀྱི ་འབྲས་བུ་དེས་ན། བྱང་ཆུབ་ཀྱི་རྒྱུ་སྐྱེ་བར་འགྱུར་རོ།། ཐོ་ས་ནས་ཀྱང་གཞན་དག་ལ་སྟོན་ཅིག། རིགས་ཀྱི་བུ་ངས་ཀྱང་ལས་དེ་བྱས་ཤིང་། གཞན་དག་ལ་ཡང་བསྟན ་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ།། རིགས་ཀྱི་བུ་དཔེར་ན་མི་ལ་ལ་ཞིག་བུ་ཅིག་པ་ཐར་པར་བྱ་བའི་ཕྱིར། རྒྱལ་པོ་བརྩོན་རིའི་ནང་དུ་འགྲོ་བ ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཚེ་རིང་བར་འདོད་པས་ཀྱང་། སེམས་ཅན་ཐམས་ཅད་ལ་བུ་ཅིག་པའི་འདུ་ཤེས་བསྒོམ་པར་བྱའོ།། དེ་ལྟར་བསྒོམ་པར་བྱའོ།། དེ་ལྟར་བསྒོམ། ་མ། འཚེ་བ་ཐམས་ཅད་སྤོང་བར་འགྱུར་ལ།། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་ལྡན་པར་འགྱུར་ཞིང་།། སྲོག་གཅོད་པ་སྤང་བ། ་འགྱུར་བ་དང་། ཆོས་སྤྱོད་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་སེམས་ཅན་དཔག་ཏུ་མེད་པ་དག་བསླབ་པའི་གཞི་ལ་འགོང་པར་འགྱུར།། དགེ་བ་བཙུར ་ལས་ཀྱི་ལམ་ལ་ཡང་འགོད་པར་འགྱུར་རོ།། གལ་དེ་ན་སེམས་ཅན་དམྱལ་བ་དང་། ལྷ་མ་ཡིན་དང་། གཤིན་རྗེའི་འཇིག་རྟེན་དང་། དུད་འགྲོར་སྐྱེས་པ་རྣམས་དང་། ལས་མི་ཟད་པ་བྱེད་པའི ་སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར། འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་བྱེད་ཅིང་། གྲོལ་ནས་གཞན་གྲོལ་བར་བྱའོ།། སྙམ་ནས་དེ་ལ་འཛིན་དང་དྲན་པའི་སེམས་དང་ལྡན ་པར་གྱུར་ཏེ། ལེགས་པར་བྱས་པའི་རྣམ་པར་སྨིན་པ་དང་། རྒྱུ་དང་མཐུན་པ་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མཆོག་ཏུ་ཚེ་རིང་བར་འགྱུར་ལ། ཡེ ་ཤེས་ཀྱི་དབང་ཕྱུག་ཏུ་འགྱུར་ཞིང་། འཆི་བ་མེད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་ཆེན་པོ་དང ་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཅི་ལས་བསམ་ཏེ། སེམས་ཅན་ཐམས་ཅད་ལ་བུ་གཅིག་བཱི ་འདུ་ཤེས་བསྒོམས་པར་བགྱི། བཀའ་སྩལ་པ་དེའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་གལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བུ ་ཅིག་པའི་འདུ་ཤེས་བསྒོམ་པར་བགྱི་འཚལ་ན། ཚིག་དེ་ནི་མི་འདོད་པར་བགྱི་བ་ལགསོ།། ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བསྟན་པ་འདི་ལ་སེམས་ཅན་ཁ་ཅིག་ཚུལ་ཁྲིམས ་འཆལ་པ་དང་། མཚམས་མ་མཆིས་པར་བགྱིད་པ་དང་། དམ་པའི་ཆོས་སུ་འབྱིན་པ་དག་ཀྱང་མཆིས་ན། ཅི་ལགས་སེམས་ཅན་དེ་ལྟ་བུ་གཅིག་པའི་འདུ་ཤེས་བསྒོམས་པར་བགྱི་ལ ་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་པ་གཅིག་པ་དེ་ལྟ་ལོས་ཀྱང་མོད། ང་ནི་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་ལྟའོ།། འོད ་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་འོ་ན་བསྙེན་པ་རྫོགས་པའི་འཁོར་བ་དག་པ་རྣམས་ཀྱི་བཅོ་ལྔའི་གསོ་སྦྱོང་ལ་བབ་པའི་ཚེ།། གཞོན་མ་གྲངས་པ། ལུས ་མ་སྦྱངས་པ་བསྙེན་པར་མ་རྫོགས་པ་ཞིག། རྩིག་པའི་གྲཝ་ཞིག་ཏུ་ཡིབ་ཏེ་ཉན་པ་ན། ཅིའི་སླད་དུ་བཅོམ་ལྡན་འ། དྲས་ཀྱིས་གནང་ནས།། གནོད་སྦྱིན་གྱི་རྒྱལ་པོ་ལག་ན་རྡོ་རྗེ་རྡུལ ་ཞིབ་མོ་བཞིན་དུ་ཕྱེ་མར་བླུགས་ལགས། ཀྱེ་མ་དེས་དེ་བཀུམ་པ་ནི་ལག་ན་རྡོ་རྗེ་བཅང་དྲག་ལག་སོ།། བཅོམ་ལྡན་འདས་སེམས་ཅད་ལ་སྒྲ་གཅན་ཟིན་དང་འདྲ་བ ་གཟིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག། གཞོནུ་དེ་ནི་སྤྲུལ་པ་ཡིན་ཏེ། དམ་པའི་ཆོས་སུ་འབྱིན་པ་རྣམས་ཚར་གཅད་པ་དང་། ་བསྐྲད་པར་བྱ་བའི་ཕྱིར། གནོད་སྦྱིན་ལག་ན་རྡོ་རྗེས་དེ་ལྟར་བསྟན་པར་ཟད་ཀྱི། དམ་པའི་ཆོས་སུན་ཕྱུང་ཡང་རུང་། འདོད་ཆེན་པོ་ཡང་རུང་སྟེ། གསར་དུ་མི་རུང་ངོ་།། རྒྱུ་སྩོགས་པའི ་སྲོག་གཅོད་པ་ནི་བྱེད་མི་ཕོད་དོ།། རིགས་ཀྱི་བུ་གཞན་ཡང་ཇི་ལྟར་རྒྱལ་པོ་འམ། བློན་པོ་ཆེན་པོ་དག་དམ་པའི་ཆོས་སུན་འབྱིན་པ་བརླག་པར་བྱེད་པ་དེ་བཞིན་དུ། ང་ནི་བརླས ་བར་བྱཤེས་མ་མང་།། དེ་དགཅང་ཀྱིས་ཆོས་མ་ཡིན་པའི་སྲས་དུས་ན་སུམ་དུ་སྨིན་པར་མཛད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་མེ་ས ་དོན་དུ་མི་འཇིགས་པ་སྦྱིན་ཞིང་། འོད་ཟེར་ཅིག་གམ། གཉིས་གཏོང་བར་མཛད་དེ་གལ་ཏེ་འོད་ཟེར་དེས་དེ་དག་ལ་ཕོག་ན་ནི་འཆི་བར་འགྱུར་ཏེ། སེཾ་ཤིན་གཤེགས་པས་ཅི་བྱར་ཀྱང་མེད་དོ།། ་རིགས་ཀྱི་བུ་གཞན་ཡོང་གལ་ཏེ་ཁྱོད་ཀྱིས་བརྟག་དཀའ་བ་ལྟ་བར་ནུས་པ་ལྟ་ན། ངས་ཁྱོད་ལ་རྒྱུ་གཞན་ཡང་བསྟན་པར་བྱ་སྟེ། ཡུལ་སོ་སོན་ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན ་ཏན་རྣམས་ཐ་དད་པ་ཡོད་ལ། དེར་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་དག་དམ་པའི་ཆོས་ཁོལ་དུ་འབྱིན་པར་འདོད་ལ། རྒྱལ་པོས་སྟོན་པ་མེད་པའི ་ཕྱིར་ད་བྱེདཔ་ལས་རྒྱལ་རྡོ་ས་བཟློག་སྟེ། དེས་མཐུ་ཆུང་བར་བྱས་ནས་རྒྱལ་པོ་དེ་ཆོས་ལ་གནས། པར་གྱུར་ན། རྒྱལ་པོ་གཅིག་ཤོས་དེ་ལ་བསོད་ནམས་ཆེན ་པོར་འགྱུར་ཞེས་ང་སླའོ།། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་གཅིག་ཤོས་ཀྱི་ཉེས་པ་ཆེན་པོའི་གཞི་ཞི་བར་བྱེད་པའི་ཕྱིར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། ཞིང་ངམ། ཁྱིམ་དུག ་ཤིང་ངམ། སྟེ་ལོང་སྐྱེས་ན། རྩ་ནས་དབྱུང་དགོས་པ་དེ་བཞིན་དུ། ཚུལ་ཁྲིམས་འཆལ་པ་རྣམས་དང་། དམ་པའི་ཆོས་སུན་འབྱིན་པ་རྣམས་བྲན་བཞིན་དུ་ཚར་གཅད་པར་ངས ་གནང་ངོ་།། གང་དག་དེ་རྣམས་ཚར་གཅོད་པར་མི་བྱེད་པ་དེ་དག་ནི་ངའི་བསྟན་པ་ལ་ཤིན་ཏུ་རིང་བ་ཡིན་ནོ།། གང་དག་དེ་རྣམས་ཚར་གཅོད་པར་བྱེད་པ་དེ་དག་ནི། ངའི་སློབ་མ་དང་། ་ངའི་ཉན་ཐོས་ཡིན་ནོ།། འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། གལ་ཏེ་དེ་བཞིན་གཤེགས་པ་དེ་སྐད་གསུང་ན་ནི། སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན ་དུ་གཟིགས་པ་འམ་མ་ལགས། སྟེའུ་དང་ཙན་དན་ལྟ་བུ་ཞེས་བགྱི་བའི་མིང་ཡང་ཀླག་པར་འགྱུར་ན། དམ་པའི་ཆོས་སུ་འབྱིན་པའི་རྣམས་ཇི་ལྟར་ཚར་གཅོད་པའི་རིགས་ལ ་དེ་བཞིན་གཤེགས་པས་དེ་ལྟར་བགྱིད་དུ་སྩལ་པའི་མི་རིག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་དཔེར་ན། ཁྱིམ་བདག་གུམ ་ཚོང་དཔོན་ནམ། སྡེ་དཔོན་ནམ། བློན་པོ་འམ། རྒྱལ་པོ་ཡང་རུང་ཞིག་གིས། རང་གི་བུ་སྡུག་ཅིང་ཕངས་ལ། མཆོག་ཏུ་མཛེས་ཤིང་། བྱད་གཟུགས་ཕུན་སུམ་ཚོགས ་པ་རྣམས།། སློབ་དཔོན་གྱིས་ལག་ཏུ་གཏད་ནས། སློབ་དཔོན་དེ་ལ་འདི་སྐད་ཅེས་སྨྲས་ཏེ། བདག་གི་བུ་འདྲ་རྣམས་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། རིག་པ་རྣམས ་བརླབ་པའི་ཕྱིར། ཁྱོད་ལ་གཏད་ཀྱིས། འདི་རྣམས་ཁྱོད་ཀྱིས་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། རིག་པ་རྣམས་སློབ་ཤིག། ཆོས་ཤིག། གལ་ཏེ་བདགི་བུ་འདི་བཞི་ལས། ་གསུམ་ནི་བརྡེག་པ་དང་། བཇིགས་པ་དང་། ཚར་བཅད་པ་རྣམས་ཀྱིས་ཤི་བར་གྱུར་ལ། གཅིག་ནི་གསོན་པོར་འདུག་སྟེ། གཅིག་ལོབས་པར་གྱུར་ན།། གསུམ་ནི་ཤི་ཡང་བླ ་སྟེ། གསུམ་ནི་ཤི། གཅིག་ནི་ལོངས་པ་དེ། ཅི་སློབ་དཔོན་གྱིས་སྡིག་པའི་ལས་ཤེས་བྱ་བའམ། བཅོམ་ལྡན་འདས་དེན་མ་ལགས་ཏེ། དེ་ལ་ནི་གཉི་ག་ལ་ཡང་སྡིག་པའི་ལསུ་མི་འཇུར ་ལག་སོ།། དེ་ཅིའི་སླང་དུའི།། དེ་ལ་ནི་ཁེར་གྱི་བསམ་པ་མ་མཆིས་ཏེ། དེ་ལྟར་བགྱིས་ན་བསོད་ནམས་མང་པོ་འཕེལ་བར་འགྱུར་ལག་སོ།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་དམ་པའི་ཆོས་སུན་འབྱིན་པའི་སེམས་ཅན་རྣམས་ལ། སྒྲ་གཅན་ཟིན་བཞིན་དུ་གཟིགས་ཏེ། བུ་རྣམས་སློབ་དཔོན ་གྱི་ལག་ཏུ་གཏོང་པ་བཞིན་དུ། རྒྱལ་པོ་དང་། བློན་པ་དང་། དགེ་བསྙེན་རྣམས་ཀྱི་ལག་ཏུ་གཏོད་པར་མཛད་དོ།། དེ་ནས་རྒྱལ་པོ་དང་། བློན་པོ་དང་། དགེ་བསྙེན་དེ་དག་གིས་བྱས་པ་གཡེ ་བ་དེ་དག་ཆེར་གཅོད་པར་བྱེད་ནི། ཅི་དེ་ལ་དེ་བཞིན་གཤེགས་པ་ལ་སྡིག་པའི་ལསུ་འགྱུར་ཞེས་བྱ་འམ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། རྒྱལ་པོ་དང་། བློན་པོ་དང་། དགེ་སྙེན་རྣམ ་ལ་ཡང་། སྡིག་པའི་ལསུ་མི་འགྱུར་ན། དེ་བཞིན་གཤེགས་པ་མི་མངའ་བ་ལྟ་ལ་གོས་པར་ག་ལ་འགྱུར་ཏེ། དེ་དག། ཉིད་ཀྱི་ཡོན་ཏན་དང་། སྤོང་པ་སྲུང་བའི་སླད་དུ། ་མི་འདོད་བཞིན་དུ་ཚར་གཅད་པར་བས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན་བུ་གཅིག་པའི་འདུ་ཤེས་བསྒོམ་པ་ཡིན་ཏེ། གང་དག་དེ་ལྟོར་བསྒོམ་པ་དེ་དག་གིས ་ནི་བུ་གཅིག་པའི་འདུ་ཤེས་བསྒོམ་པར་འགྱུར་རོ།། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམ་པར ་བྱའོ།། དེ་ལྟར་བྱས་ན། སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་བསྒོམ་པ་བསྒོམ་པར་འགྱུར་རོ།། དེས་ན་མཆོག་ཏུ་འཚེ་བ་མེད་པ་དག་པར་འགྱུར་ཏེ། དེས་ན་བྱང་ཆུབ་སེམས ་དཔའ་ཚེ་རིང་བ་དང་། མཆོག་ཏུ་ཚེ་རིང་བ་དང་། ཚེ་རབས་དྲན་པར་འགྱུར་རོ།། འོད་སྲུང་ཆེན་པོ་དང་རུས་གཅིག་པ་ལས་གསོལ་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི ་འདུ་ཤེས་བསྒོམས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚེ་རིང་བར་འགྱུར་ལགས་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་ལོས་ཀྱང་མེད། འོད་སྲུང ་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་དཔེར་གསོལ་ན། གཏམ་རྒྱུད་མཁན་ཞིག་གིས་ལྟད་མེའི་འཁོར་གྱི་ནང་དུ་མ་ལ་ཕུད་དུད་བྱ་བའི་རིགས་པའི་གཏམ་སྣ ་ཚོགས་བགྱིས་ལ།། རང་གི་ཁྱིམ་དུ་མཆིས་ནས་མཆོག་ཏུ་དཀའ་བ་བགྱི་བགྱིད་པའི་མ་ལ་དབྱུག་པ་དང་། ཕག་དུ་མ་དང་། བོང་བ་དང་། རྡོ་དག་གིས་གནོད་པ་བགྱིད་པ་བཞིན ་དུ། བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་པ། སེམས། ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས ་ཚེ་རིང་བ་དང་། མཆོག་ཏུ་ཚེ་རིང་བ་དང་། ཚེ་རབས་དྲན་པ་དང་། མ་འཆི་བ་དང་། ཐེར་ཟུག་དང་བརྟན་པར་འགྱུར་རོ།། ཞེས་གསུངས་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཉིད་སྐུ་ཚེ་ཐུང་ལཊ ་ཅི་སླུ་བ་མཛད་དམ། འོན་ཏེ་བཅོམ་ལྡན་འདས་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་པས་མ་གཟིགས་སམ། ཀྱེ་མ་བཅོམ་ལྡན་འདས། བཅོམ་ལྡན ་འདས་ཀྱིས་ནི་དཀའ་བ་མཛད་མཛད་དོ།། མིའི་ལྟར་བརྩིན། ལོ་བརྒྱ་ཡང་མི་ཐུབ་སྟེ། དེ་བཞིན་གཤེགས་པ་འདི་ཁོ་ན་ལྟར་སྐུ་ཚེ་ཐུང་བ་ལགས་ན། བཅོམ་ལྡན་འདས་ཀྱིས་སྔོན་བྱང ་ཆུབ་སེམས་དཔའ་མཛད་པའི་ཚེ། རེ་སྙེད་ཀྱིས་སྲོག་གཅིག་གཅད་ལགས། འདི་ཁོ་ན་ལྟར་སྐུ་ཚེ་ཐུང་བ་ལས་ན། དེ་བཞིན་གཤེགས་པ་ཉིད་ཀྱིས་མཆོག་ཏུ་མི་བཟད་པའི ་ལས་མཛད་ལགས་དྲང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ཁོ་ན་ལྟར ་རྒྱ་ཤིག། མ་རྒྱུ་ཤིག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཆོག་ཏུ་སྐུ་ཚེ་རིང་ངོ་།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་མཆོག་ཏུ་བསྟན་པའོ།། ཆོག་ཏུ་ཞི་བའོ།། མཆོག་ཏུ་ཐེར་ཟུག་པའོ།། མཆོག་ཏུ་རྟག་པའོ།། འོད་སྲུང་ཆེན་པོ་དྲང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་ཇི ་ལྟར་ན་དེ་བཞིན་གཤེགས་པ་མཆོག་ཏུ་སྐུ་ཚེ་རིང་ལགས། བ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ། དང་རུས་གཅིག་པ། དཔེར་ན་ཆུ་ཀླུང་པངྒ་དང་། ཡ་མུན ་དང་། སར་ཡུ་དང་། ཧིང་འགུལ་ལ་སོགས་པ། ཆུ་ཀླུང་ཆེན་པོ་རྣམས་དང་། ཆུ་བྲན་གཞན་རྣམས་རྒྱ་མཚོ་ཆེན་པོ་ཁོ་ནའི་ནང་དུ་འབབ་པ་དེ་བཞིན་དུ། འོད་སྲུང་ཆེན་པོ་དང་། རུས་གཅིག་པ། ལྷ་ཡུལ ་དང་། སའི་སྟེང་གི་ཚེའི་ཆུ་ཀླུང་ཡོད་དོ།། ཅོག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་རྒྱ་མཚོ་ཁོ་ནར་འབབ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་མཆོག་ཏུ་སྐུ་ཚེ་རིང་ངོ་།། འོད་སྲུང་ཆེན་པོ་དང་།། ་རུསུ་གཅིག་པ་གཞན་ཡང་འདི་ལྟར་ཆུ་ཀླུང་ཆེན་པོ་བཞི་མ་དྲོས་པའི་ནང་ནས་འབྱུང་བ་དེ་བཞིན་དུ།། ཚེ་རིང་བའི་ཚོགས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ལས་བྱུང་ངོ་།། འདི་ལྟར་རྟག། ་བཐམས་ཅད་ཀྱི་ནང་ན་ནི།། ནམཁའ་མཆོག་ཏུ་རྟག་པ་ཡིན་ལ། དེ་བཞིན་གཤེགས་པ་ཡང་ནམཁའ་བཞིན་དུ་རྟག་གོ།། འདི་ལྟར་ཞི་བར་བྱེད་པ་ཐམས་ཅད་ཀྱི་ནང་ན་ནི། མར་འབའ་ཤིག་མཆོ། ་ཏུ་ཞི་བར་བྱེད་པ་ཡིན་ལ། དེ་བཞིན་གཤེགས་པ་ཞི་བ་དང་། བསིལ་བར་གྱུར་པ་ཡང་མར་དང་འདྲ་བའི་ཆོས་སྟོན་ཏོ།། འོད་སྲུང་ཆེན་པོ་དང་། རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས ་གལ་ཏེ་དེ་བཞིན་གཤེགས་པ་མཆོག་ཏུ་སྐུ་ཚེ་རིང་བ་ལགས་ན། སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ། བཅོམ་ལྡན་འདས་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་ཡང་ཡུན ་རིང་དུ་བཞུགས་ཤིང་། སྤྲིན་ཆེན་པོ་བཞིན་དུ། དམ་པའི་ཆོས་ཀྱི་ཆར་ཡང་རབ་ཏུ་བབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀྲའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ། ད ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས། པའི་སངས་རྒྱས་རྣམས་ལ་མཐར་ཐུག་པར་འགྱུར་བའི།། འདུ་ཤེས་མ་སྐྱེད་ཅིག། འོད་སྲུང་ཆེན་པོ་དང་རུས ་གཅིག་པ། འདི་ན་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། འདི་ལས་ཕྱི་རོལ་པ་ཡང་རུང་སྟེ། མངོན་པར་ཤེས་པ་ལྔ་ལ་དབང་ཐོབ་པ་དེ་ཡང་བསྐལ་པ ་འམ། བསྐལ་པ་ལས་ལྷག་པར་གནས་ཤིང་། ན་མཁའ་ལ་འཆག་པར་ཡང་བྱེད། ཉལ་བར་ཡང་བྱེད་ལ་མཚན་གཡོན་ལོག་ནས་མེ་དང་འདྲ་བར་འབར་བར་བྱེད་པ་དང་། དེ་བཞིན་དུ ་ཆོས་གཞན་དུ།། དྲང་བ་འཐུལ་པ་ལྟ་ཁུར་ཡང་སྟོན། ཚེའི་ཚད་ཀྱང་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་སྦྱོར་བར་བྱེད་དོ།། མདོར་ན་ཇི་ཙམ་དུ་འདོང་པ་དང་། ཇི་ཙམ་དུ་དགའ་བ་དེ་ཙམ་དུ ་དགའ་བ་དེ་ཙམ་དུ་སྟོན་པར་བྱེད་དེ། འདི་དག་ནི་མངོན་པར་ཤེས་པ་ལྔ་ལ་དབང་ཐོབ་པའི་ཡོན་ཏན་ཡིན་ནོ།། གལ་ཏེ་མངོན་པར་ཤེས་པ་ལྔ་ཐོབ་པ་ཡང་དེ་ལྟར་བདག ་ཉིད་འཚེ་བའི་དབང་ཕྱུག་ལ་དབང་བྱེད་ན། དེ་བཞིན་གཤེགས་པ་དབང་དུ་མ་རྙེད་པ་ལྟ་ཅི་སྟེ། དེ་ལྟ་བུ་ལ་མངའ་མི་མཛད་དེ་བཞིན་གཤེགས་པ་བསྐལ་པ་འམ། བསྐལ་པ་ལས་ལྷག ་པར་ཅི་སྟེ་མ་བཞུགས་ཀྱིས། དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་པར་ཁོང་དུ་ཆུད་པར་གྱིས་ཤིག། འཇིག་རྟེན་འདི་ན་སྤྲུལ་པའི་ལུས་ནི་ཤའི ་ལུས་མ་ཡིན་ཏེ། དེང་དེ་བཞིན་གཤེགས་པ་དུག་སྨན་ལ་རྟོན་པའི་སྐུ་ཡོངསུ་འདོར་བ་མཛད་དོ།། སྙམ་དུ་ཡང་ཁོང་དུ་ཆུད་པར་གྱིས་ཤིག། རྟག་པ་དང་། བརྟན་པ ་དང་། ཐེར་ཟུག་ཅེས་བྱ་བའི་བསྟན་པ་མཆོག་ལ་ཡང་བརྩོན་པར་གྱིས་ཤིག། འོད་སྲུང་ཆེན་པོ་དང་། རུས་གཅིག་པས་གསོལ་པ། གལ་ཏེ་དེ་བཞིན་གཤེགས་པ ་ལགས། འཇིག་རྟེན་ལས་འདས་པ་ཁྱད་པར་ཅི་འཆིས་ལགས། འཇིག་རྟེན་པ་ཡང་བདག་ཅག་གི་ཚངས་པ་ནི་རྟག་པ་སྟེ། ཐོག་མའི་དུས་ནས་བྱུང་བ་ཡིན་ནོ།། ཞེས་མཆི་བ་དང་། ་ཁྱད་པར་ཅི་མཆིས། ལགས་ཏེ་དེ་བཞིན་གཤེགས་པ་རྟག་པ་ལགས་ན། ཁྱད་པར་མ་མཆིས་པར་འགྱུར་ལགས་སོ།། །། འཕགས་པ་ཡོངསུ་མྱ་ངན་ལས་འདས ་པ་ཐེག་པ་ཆེན་པོའི་མདོ་ལས། བམ་པོ་བཞི་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན། ཚོང་དཔོན་ནམ།། ཁྱིམ་བདག་ཅག་ལ། བ་ལང ་སྣ་ཚོགས་སྤུ་དོག་དུ་མ། རིག་དང་རྒྱུད་མང་ངོ་།། ཁྱུ་གཅིག་ཅིང་། ལྷས་གཅིག་པ། དུ་མ་བྱེ་བ་སྙེད་ཡོད་ལ། དེས་བ་ལང་དེ་དག་བ་ལང་རྫིའི་ལག་ཏུ་བཏང་དེ། མར་ཞིམ་པོ་ཟལ་བ་ལང་རྫི ་རྣམས་ཀྱང་། ལྷས་སློང་ཞིང་། ཞོ་དང་འོ་མ་སྲུང་བ་ལས་ཕྱི་ཞིག་ན། བ་ལང་གི་བདག་པོ་དེ་རང་གི་ཚེ་ཟད་ནས་ཤི་སྟེ། ཤི་བའི་འོག་ཏུ་ནགས་ན་རྒྱུ་བའི་ཆོམ་ཤོད་ཀྱིས་བ་ལང་དེ་དག་ཕྲོག་ནས ་དེ་དག་ཆུང་མ་མེད་པས། རང་རང་གི་འོ་མ་བསྲུབས་ཏེ། དེ་དག་གིས་བསྲུངས་པ་ལས། འོས་མ་ཡིན་པའི་ཕྱིར། འོ་མ་དེ་དག་ལས་མར་གྱི་དྲི་ཡང་མི་བྲོ་ལ། ཞོར་ཡང་མ་རུང་། ངར ་བ་ཡང་མ་རུང་། བྲིས་མར་ཡང་མ་རུང་ན། མར་དུག་ལ་འགྱུར་ཏེ། འོ་མའི་རང་བཞིན་ལས་ཀྱང་ཉམས་ནས། དེ་དག་གིས་དེ་ཆུས་བསླད་དེ། བདག་གིས་མར་ལོངས་སྤྱད་པར ་བྱའོ།། བདག་གིས་མར་ལོངས་སྤྱོད་པར་བྱའོ།། སྙམ་དུ་སེམས་པ་བཞིན་དུ། འཇིག་རྟེན་པ་སངས་རྒྱས་ཀྱི་ཆོས་ཀྱི་རྒྱུ་འཐུན་པ་ལས་བྱུང་བ། ནོར་དང་ཆོས་རྒྱས་པོ་རྣམ ་ཀྱང་དེ་དང་འདྲ་སྟེ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་པ་ལང་གི་ལྷས་ཀྱི་བདག་པོ་བཞིན་དུ། ཡོངསུ་མྱ་ངན་ལས་འདས་པའི་འོག་ཏུ། འཇིག་རྟེན་པ་ཆོམ་ཤོད་དང་འདྲ ་བ་རྣམས་ཀྱིས་ཀྱང་། ཚུལ་ཁྲིམས་དང་། ཆོ་ག་དང་། འདུལ་བ་དང་། སྤྱོད་ཡུལ་རྣམས་དང་། སེམས་ཅན་གྱི་ཁམས་རྣམས་གུང་དུ་བསྒྱུར་ནས། སེམས་ཅན་ཡོད་དོ།། སྲོག་ཡོད་དོ།། ་གང་ཟག་ཡོང་ངོ་།། སྙམ་དུ་སེམས་ཤིང་། ཐར་པ་ནི་འདི་ལྟ་བུ་ཞིག་གོ།། སྤྱོད་པ་ནི་འདི་ལྟ་བུ་ཞིག་གོ་སྙམ་རས་སྤྱོད་པ་དང་། སེམས་ཅན་དང་། ཐར་པ་དང་། རྟག་པ་དང་། དེ་ཁོ་ན་ཉིད་མ་ཤེས ་ཏེ། དོན་གཞན་ལ་བརྩོན་པས་ཐར་པ་ཡང་མི་འཐོབ་ལ། ཚུལ་ཁྲིམས་དང་། ཆོ་ག་དང་། སྤྱོད་ཡུལ་དང་། འདུལ་བ་དང་། རྟག་པ་དང་། དེ་ཁོ་ན་ཉིད་ཀྱང་མི་རྙེད་དོ།། མི ་རྒོད་ཀྱི་མར་བཞིན་དུ། འཇིག་རྟེན་པ་རྣམས་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་མི་འཐོབ་པ་དེ་དག་སེམས་ཅན་ཚངས་པས་སྤྲུལ་པ་ནི་རྟག་གོ་སྙམ་དུ་མཛིན་ཅིང་། བདག་ནི་ཐར་པ་ཡིན་ནོ།། སྙམ ་དུ་ཡང་འཛིན་ལ། ཆོམ་ཤོད་པ་རྣམས་ཀྱི་འོ་མ་བཞིན་དུ་དེ་ཁོ་ན་ཉིད་མི་ཤེསོ།། དེ་དག་ཚངས་པར་སྤྱོད་པའི་རྒྱུ་དང་། གཞན་གྱི་ཆུང་མ་སྤངས་པའི་རྒྱུ་དང་། པ་མ་ལ་ཕུ་དུད་བྱས་པའི་རྒྱུས ་ན། ཆོམ་ཤོད་པ་རྣམས་ཀྱི་འོ་མ་མ་རུང་བའི་ལྷག་མ་ཙམ་ཞིག་ཡོད་པ་བཞིན་དུ་མཐོ་རིས་ཀྱི་བདོ་བ་ཆ་ཤས་ཙམ་ཞིག་ཐོབ་སྟེ། ལོངས་སྤྱོད་པར་བྱེད་ལ་དེ་དག་གིས་ཕ་མ་ལ་ཕུ་དྲུད ་བྱ་བ་ཇི་ལྟ་བུ་ཡིན་པ་ཡང་མི་ཤེས། གསུམ་ལ་སྐྱེབསུ་འགྲོ་བ་ཇི་ལྟ་བ་ཡིན་པ་ཡང་མི་ཤེས། གཞན་གྱི་ཆུང་མ་སྤང་བ་ཇི་ལྟ་བུ་ཡིན་པ་ཡང་མི་ཤེས། རྟག་པ་ཛིམྦྷ ་ཡིན་ཡང་མི་ཤེས་སོ།། དེ་ལ་སངས་རྒྱས་ཀྱི་སྤྲུལ་པ་ནི་མི་རྟག་པ་ཡིན། བརྫུན་པ་ཡིན་ཏེ། དེས་ན་འཇིག་རྟེན་པ་རྣམས་དེ་བཞིན་གཤེགས་པ་མི་རྟགོ།། མི་བརྟན་སྙམ་དུ་འཛིན་ཏོ།། དེ་བས ་ན་མི་རྟག་པའི་གཉེན་པོར་དེ་བཞིན་གཤེགས་པ་རྟག་གོ་ཞེས་བྱ་བ་ལ་བརྩོན་པར་བྱའོ།། རིགས་ཀྱི་བུ་དེ་ནས་བ་ལང་གི་ལྷས་དེའི་སྐལ་པ་ཅན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཇིག ་རྟེན་དུ་བྱུང་ལ། ཆོམ་ཤོད་པ་དེ་དག་གིས་ཀྱང་འཁོར་ལོ་སྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱི་མཐུས་དེར་བ་ལང་གཅིག་ཀྱང་མེད་པར་མི་བྱེད་དོ།། དེ་ནས་ནགས་ན་རྒྱུ་བའི་ཆོམ་ཤོད ་པ་དེ་དག་གིས་བ་ལང་གི་ལྷས་དེ་བོར་དེ་འགྲོ་བར་འགྱུར་རོ།། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་བདག་རིན་པོ་ཆེས་ཀ་བ་ལང་གི་ལྷས་དེ་ཉམ་སུ་ལེན་པར་འགྱུར་ཏེ། ཁྱིམ ་བདག་རིན་པོ་ཆེ་དེས། རང་གི་བློས་པ་ལང་གི་ལྷས་དེའི་འོ་མའི་དེ་ཁོ་ན་ཉིད་ཀྱི་ཐབས་ཤེས་པར་འགྱུར་ལ། བ་རྣམས་ཀྱི་འོ་མ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱིས ་ཉིས་འགྱུར་དུ་གཞོར་ཡོད་པ་དེ་བཞིན་དུ། ཆོས་ཀྱི་འཁོར་ལོ་སྒྱུར་བའི་སངས་རྒྱས་འཇིག་རྟེན་དུ་བྱུང་ནས། བ་ལང་གི་ལྷས་དང་འདྲ་བའི་འཇིག་རྟེན་པ་ཐམས་ཅད་ཡོང་སུ་འཛིན་པར ་མཛད་པས་ན། རྟག་པའི་སྒྲ་ནི་དེ་བཞིན་གཤེགས་པ་འབའ་ཤིག་གི་རྗེསུ་འཐུན་གྱིས། འཇིག་རྟེན་པོ་ཆོམ་ཤོད་དང་འདྲ་བ་རྣམས་ཀྱིས་ནི། སངས་རྒྱས་ཀྱི་སྒྲ ་རྟག་ཀྱི་གནས་ཀྱང་ཐོས་པར་མི་འགྱུར།། དེ་བཞིན་ག་མོ་ཉན་བློ་རྣམས་ནི་ཁྱིམ་འདན་། ན་པོ་ཆེ་བཞིན་དུ་དམ་པའི་ཆོས་ཀྱི་བ་ལང་གི་ལྷས་ཉམས ་ལེན་པར་བྱེད། སེམས་ཅན་བསོད་ནམས་དང་ལྡན་པ་རྣམས་ཀྱི་དོན་དུ་ཆོས་ཀྱི་འོ་མ་འཇོ་བར་བྱེད་དོ།། རིགས་ཀྱི་བུ་དོན་དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ ་ཡིན་ལ། འཇིག་རྟེན་པ་རྣམས་ལ་ནི་རྟག་པའི་ཆོས་མེད་དོ།། རྟག་པའི་སྒྲ་དེ་ནི་དེ་བཞིན་གཤེགས་པ་སངས་རྒྱས་རྣམས་འབའ་ཤིག་ལ་ཡོད་ཅེས་བཟེ་རོ།། དེ་ལྟར་ན་རིགས་ཀྱི་བུ་འམ། རིགས ་ཀྱི་བུ་མོ་རྣམས་ཀྱིས། སངས་རྒྱས་བཅོམ་ལྡན་འདས་ནི་རྟག་པའོ།། སངས་རྒྱས་བཅོམ་ལྡན་འདས་ནི་ཐེར་ཟུག་པའོ་ཞེས་དེ་ལྟར་ཤེས་པར་གྱིས་ཤིག། སེམས་ཅན་གང་དག་རྟག ་། ཅེས་བྱ་བའི་ཡི་གེ་གཉིས་བསྒོམ་པ་དེ་དག་ནི་རིང་པོ་མི་ཐོག་པ་ཁོ་ནར་ངའི་གོ་འཕང་དང་ལྷག་ཆད་མེད་པར་ཐོབ་པར་འགྱུརརོ།། རིགས་ཀྱི་བུ་གང་གི་མརྟ་གོ་ཞེས་བྱ་བའི་ཡི་གེ་གཉིས ་བསྒོམ་པ་ནུབ་པར་འགྱུར་བ་དེའི་ཚེ། དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ།། གསོལ་པ་བཅོམ་ལྡན་འདས་སངས་རྒྱས་རྣམ ་ཀྱི་ཆོས་ཉིད་ཅེས་བཀའ་སྩལ་པ་དེའི་དོན་ཅི་ལགས། བཅོམ་ལྡན་འདས་བདག་ནི་ཆོས་གླེངས་འདི་རྟོག་པར་འཚལ་ན། བཅོམ་ལྡན་འདས་ཀྱིས་ཚིག་འདི་ཇི་ལྟ་བུ་ལགས་པ་རྒྱས་པར་བཤད ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཉིད་ཅེས་བྱ་བ་ནི་ལུས་ཡོངསུ་མངར་བ་སྟེ། ལུས་ཡོང་སུ་འདོར་བ་ཞེས་བྱ་བ་དེ་ནི་སྨན་པའི་ཚིག་ཡིན་པར་ཤེས་པར་བགྱིས ་ཤིག། གསོལ་པ་དེ་བཞིན་གཤེགས་པས་སྐུ་བར་ནས། སླར་ཡང་སྐུ་ལེན་ཏམ། མི་ལེན་པ་བདག་ཞུནུ་ལགསོ།། ཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད ་མ་ཟེར་ཅིག། འདི་ནི་ཆོས་ཉིད་གཅོད་པ་ཡིན་ཏེ། རིགས་ཀྱི་བུ་དཔེར་ན། འདུ་ཤེས་མེད་པ་རྣམས་ལ་གཟུགས་ཀྱི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་གཉིས་མེད་ན། སེམས་ཅན་དེ་དག་ཇི་ལྟར ་གནས། ཇི་ལྟར་དགའ། ཇི་ལྟར་སྣང་དེ་དག་གི་འདུ་ཤེས་ཇི་ལྟར་འཇུག་ཅེས་འདྲི་བ་འདི་ནི། སངས་རྒྱས་ཀྱི་ཡུལ་ཡིན་ནོ།། རིགས་ཀྱི་བུ་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་གཟུགས་དང་། ་གནས་དང་སྤོང་ལམ་དང་། བདེ་བ་རྣམས་ཇི་ལྟར་བསྟན་པར་བྱ་ཞེས། ཕྱིན་ཆད་དེ་སྐད་མ་འདྲི་ཤིག། འདི་ནི་ཉར་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་སྦེད་ཡལ ་མ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་སྤྱད་ཡུལ་ཡིན་ནོ།། རིགས་ཀྱི་བུ་དེ་ལྟར་ན། དེ་བཞིན་གཤེགས་པའི་སྐུ་ནི་སངས་རྒྱས་འབའ་ཤིག་གི་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་ན ་ཡུན་ནོ།། དེ་བཞིན་གཤེགས་པ་གང་དག་ན་གནས་པ་དང་། གང་ན་སྣང་བ་ནི་ཁྱོད་ཀྱི་ཡུལ་ཡང་མ་ཡིན་གྱིས། སངས་རྒྱས་བཅོམ་ལྡན་འདས་ནི་ཐབས་བསམ་གྱིས་མི་ཁྱབ་པའི་སྐུ་ཡི་ནོ།། སྙམ ་དུ་ཁྱེད་ཀྱིས་གནས་པར་གྱིས་ཤིག། རིགས་ཀྱི་བུ་ཆོས་དང་དགེ་སློང་གི་དགེ་འདུན་ལ་ཡང་རྟག་པའི་འདུ་ཤེས་ཡང་དང་ཡང་དུ་བསྒོམས་པར་གྱིས་ཤིག། གནི་གསུམ་ལ་དད་པར་མ་བྱེད་ཅིག ་མི་རྟག་པ་འམ། མི་བརྟན་པ་དང་། ཐེར་ཟུག་པ་མ་ཡིན་པ་འམ། ཞི་བ་མ་ཡིན་པ་འམ། ཐར་པ་མ་ཡིན་པའི་རྣམ་པར་ཡ་ངམ་སྒོམ་ཤིག། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག ་གཞི་གསུམ་གྱི་བདག་ཉིད་ཆེན་པོ་ལ་དེ་ལྟར་མི་སྒོམ་པ་དེ་ངག་གི་སྐྱབསུ་འགྲོ་བ་ནི་དག་པ་ཡིན་ནོ།། ཞེས་ངཟེརོ།། དེ་ལྟ་ར་ན་རྟག་བསྒོམ་པ་ན་བསམ་གྱིས་མི་ཁྱབ་སྟེ། རིགས་ཀྱི་བུ ་དཔེར་ན། ཤིང་ཡོང་ན་གྲིབ་མ་ཡོད་ཀྱི། ཤིང་མེད་ན་གྲིབ་མ་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྟག་དང་། སྐྱབསུ་འགྱུར་གྱི། གལ་ཏེ་མི་རྟག་ན་ལྷ་དང་མི་རྣམས་ཀྱི་སྐྱབསུ་འོས་པ་མ ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཅི་ལགས།། མཚན་མོ་མུན་པའི་ནང་ན། ཤིང་ལྗོན་པའི་གྲིབ་མ་སྣང་ཞེས་བགྱི་འམ་མི་སྣང་ཞེས་བགྱི། བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག ་པ། ཤིང་ལྗོན་པ་ཡོད་པའི་གྲིབ་མ་ཅིའི་ཕྱིར་མེད་ཅེས་བརྗོད་པར་བྱའོ།། དེ་ལྟར་མོད་ཀྱི་ཤིའི་མིག་གིས་ནི་མཐོང་སྟེ། དེ་བཞིན་གཤེགས་པ་ཡང་རྟག་པ་དང་བརྟན་པ་དང་། ཐེར་ཟུག་པ་ཡིན། ་སྟེ། མེར་དྲུག་པ་ཡིན་གྱིས་ཀྱང་། མཚན་མོ་ཕུན་པའི་ནང་ན། ཤིང་ལྗོན་པའི་གྲིབ་མ་ཤའི་མིག་གིས་མི་མཐོང་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདྲར ་བར་མཛད་པ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་བཞིན་དུ། མཚམ་མོ་མུན་པའི་ནང་ན། ཤིང་ལྗོན་པའི་གྲི་མ་ལྟར་མི་སྣང་བ་ལྟར། སེམས་ཅན་རྣམས་དེ་བཞིན་གཤེགས་པ་མི ་རྟག་གོ་སྙམ་དུ་ཡོངསུ་རྟག་གོ།། གལ་ཏེ་ང་དང་ཆོས་དང་། དགེ་འདུན་རྟག་པའི་འདུ་ཤེས་ཁྱོད་ཀྱི་ཕ་མ་ལ་མེད་ན། གསུམ་ལ་སྐྱབསུ་འགྲོ་བ་མ་དག་གོ།། ཞེང་ཟེར་རོ།། པ་མ་གཉིས ་ལ་གན་གསུམ་རྟག་པར་བསྟན་ན་ནི། བྱང་ཆུབ་སེམ་ས་དཔའ་སེམས་དཔའ་ཆེན་པོ། གསུམ་ལ་སྐྱབས་སོང་བའི་དགེ་བསྙེན་ཞེས་བྱ་བའི་མིང་ཁྱོད་ཀྱིས་ཐོབ་པར་འགྱུར་རོ།། ་གསོལ་པ། དེང་སྔན་ཆང་བདུན་རྒྱུད་ཀྱི་རིགས་ཚུན་ཆད་དང་། ཕ་མ་གཉིས་ལ། བཅོམ་ལྡན་འདས་དང་། ཆོས་དང་། དགེ་འདུན་རྟག་གོ་ཞེས་བགྱི་བར་འཚལ་ལོ། ་ཀྱེ་མ་སངས་རྒྱས་བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་པོ་ཞེས་ཀྱང་བརླབ་པར་འཚལ་ལོ།། གཞན་དག་ལ་ཡང་བསྟན་པར་འཚ་ལོ།། གང་དག་བདག་གི་བསྟན་པ་ལྟར་མི ་འཛིན་ཅིང་། མི་རྟག་པར་སྨྲ་བའི་སེམས་ཅན་ངན་པ་དེ་དག་ལ་ནི། བད་གིས་སེར་བ་བཞིན་དུ་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགསོ་ལེག་སོ།། དམ་པའི ་ཆོས་སྲུང་བའི་རིགས་ཀྱི་བུས་ནི། དེ་ལྟར་བྱ་དགོས་ཏེ། རིགས་ཀྱི་བུ་ཁྱོད་ལེག་སོ།། དེ་ལྟར་ན་འཆ་བ་མེད་པ་ལ་ཞུགས་པ་ཡིན་ཏེ། འཚེ་བ་མེད་པའི་ལས་ཀྱི་འབྲས་བུ་ཆེན་པོ་དེས་ན། བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ཚེ་ཡང་རིང་བར་འགྱུར་ལ། ཚེ་རབས་དྲན་པར་འགྱུར་རོ།། འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ལས། འཆེ་བ་མེད ་བིའི་ཕུང་པོའི་ལེའུ་སྟེ་དང་པོའོ།། །། རིགས་ཀྱི་བུ་ད་ནི་དེ་བཞིན་གཤེགས་པ་རྟག་པའི་སྐུ་དང་། མི་ཤིགས་པའི་སྐུ་དང་། རྡོ་རྗེའི་སྐུ་དང་། ཤིའི་སྐུ་མ་ཡིན་པ་དང་། ཆོས་ཀྱི་སྐུར ་ལྟོས་ཤིག། གསོལ་པ། གལ་ཏེ་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདའ་བར་མཛད་ན་ནི། བདག་དེ་ལྟར་མི་ལྟ་ལགས།། གལ་ཏེ་ཡོངསུ་མྱ་ངན་ལས་འདའ་བར་གྱུར་ན། གཞིག་དུ ་རུང་བའི་སྐུ་དང་། ཐལ་བའི་སྐུ་དང་། ཤིའི་སྐུར་བལྟ་བྲར་འཚལ་ལོ།། བཀའ་སྩལ་པ། རིགས་ཀྱི་བུ་མིའི་ལྟ་བུར་སོབ་སོབ་པའི་ལུས་དང་། གཞིག་དུ་རུང་བའི་ལུས་ཤེས་དེ་སྐད་མ ་ཟེར་ཅིག། འོད་སྲུང་ཆེན་པོ་དང་རུས་གཅིག་པ། དེ་བཞིན་གཤེགས་པ་ནི་བསྐལ་པ་བྱེ་བ་ཕྲག་དུ་མ་ནས། མི་ཤིགས་པའི་སྐུ་དང་། ལྡན་ཞིང་མིའི་ལུས་མ་ཡིན། ལྷའི ་ལུས་མ་ཡིན། སྲིད་པ་ཐམས་ཅད་ཀྱི་ལུས་མ་ཡིན། ཤིའི་ལུས་མ་ཡིན་ཏེ། དེ་བཞིན་གཤེགས་པ་སྐུ་ནི་ལུས་མེད་པ། མ་སྐྱེས་པ། མ་འགགས་པ། ཡོད་པ་མ་ཡིན་པ། འཇུག་པ་མེད་པ ་མཐར་ཐུག་པ་མེད་པ། གནས་མེད་པ། རྣམ་པར་ཤེས་པ་མེད་པ། ཀུན་ཏུ་སྤྱོད་པ་མེད་པ། ཤིན་ཏུ་དག་པར་ཡང་མ་ཡིན་གཟིན་པ་མ་ཡིན་པ། རྐང་པ་མེད་པ། གནས་མེད་པ་འགྱུར་བ་མེད་པ ་མྱོང་བ་མེད་པ། མ་འདྲེས་པ་མི་ཤེས་པ། ཤེས་པར་བྱར་མེད་པ། རྣམ་པར་རིག་ཏུ་མི་བཟོད་པ། བསམ་གྱིས་མི་ཁྱབ་པ། བསམ་དུ་མེད་པ། རྣམ་པར་ཤེས་པ་མེད་པ། སེམས་དང་བྲལ་བ། ་སེམས་མཉམ་པ་ཉིད་སེམས་མཉམ་པ་ཉིད་དུ་འགྲོ་བ། འབབ་པ་མེད་པ། འོང་བ་དང་འགྲོ་བ་ཡོངསུ་ཆུད་པ་མ་བཅང་ག་གཅད་དུ་མེད་པ། ཀླག་མེད་པ། རྫས་མ་ཡིན་པ། ་རྫས་མ་ཡིན་པ། མ་བྱུང་བ། སྤྱོད་པ་མེད་པ། རྟོག་པ་མེད་པ། མིང་མེད་པ། ཡོངསུ་མ་གྲུབ་པ། མྱོང་བ་མ་ཡིན་པ། མི་མངོན་པ། ཡུལ་མེད་པ། གཞི་མེད་པ། མུན་པ་མེད་པ། སྣང་བ་མེད་པ། ཞི་བ་མ ་ཡིན་པ། རབ་ཏུ་ཞི་ང་མ་ཡིན་པ། ཞི་བ་དང་བྲལ་བ། དག་པ། རྣམ་པར་དག་པ། ཅི་ཡང་མེད་པ། ལེན་པ་མེད་པ། ཆགས་པ་མེད་པ། ཉོན་མོངས་པ་མེད་པ། ཉོན་མོངས་པ་དང་བྲལ་བ། མཾ་གནས་བཱི ་ཚུལ་གྱིས་གནས་པ། གཟུང་དུ་མེད་པ། འཕོ་བ་མེད་པ། འཕོ་བར་བྱར་མེད་པ། ཆོས་མ་ཡིན་པ། ཆོས་མ་ཡིན་པ་མེད་པ། ཞིང་མ་ཡིན་པ། ཞིང་དུ་མ་གྱུར་པ་མ་ཡིན་པ། མི ་ཟད་པ། ཟད་པར་བྱར་མེད་པ། ཟད་པ་དང་བྲལ་བ་ཟད་པ་མེད་པ། སྐད་ཅིག་པ། སྐད་ཅིག་པ་དང་བྲལ་བ། སྐད་ཅིག་པ་མ་ཡིན་པ། མ་འཁྲུགས་པ། ཡི་གེ་དང་། ཐེག་ལེ་ཡོངསུ་སྤང ་པ། སྒྲ་ཡོངསུ་སྤངས་པ། བཤད་པ་ཡོངསུ་སྤངས་པ། བསྒོམ་པ་ཡོངསུ་སྤངས་པ། བསམ་པ་ཡོངསུ་སྤངས་པ། ལྡན་པ་མ་རྣཾམ། མི་ལྡན་པ་མ་ཡིན་པ། ཚད་མེད་པ། ཚད་མེད་པ་མ་ཡིན་པ། ་འགྲོ་བ་མེད་པ། འོང་བ་མེད་པ། གཉིས་སུ་མེད་པ། རྩོམ་པ་མེད་པ། ནུས་པ་མེད་པ། མཚན་མེད་པ། མཚན་གྱིས་རྟོག་པར་བྱར་མེད་པ། མཚན་བརྒྱན་པ། ཤིན་ཏུ་བརྟན་པ། ཤིན ་ཏུ་ཞི་བ། གདུང་བ་བྲལ་བ། ལྟུང་བར་མི་བྱེད་པ། ལྟར་མེད་པ། རྗེ་སུ་ཕྱེ་བ་དེ་བཞིན་ཉིད། དེ་ཁོ་ན་ཉིད། སྒྲོལ་བ་མེད་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་སྒྲོལ་བ། ཐར་པར་བྱེད་པ ་མེད་པའི་ཚུལ་གྱིས་ཐར་པར་བྱེད་པ། དག་པར་བྱེད་པ་མེད་པའི་ཚུལ་གྱིས་དག་པར་བྱེད་པ། གྲོལ་བར་བྱེད་པ་མེད་པའི་ཚུལ་གྱིས་སྒྲོལ་བར་བྱེད་པ་སྟོན་པ་པོ་གཉི་སུ་མེད་པའི་ཚུལ་གྱིས ་སྟོན་པ་པོ།། མཉམ་པ་མཉམ་པ་མེད་པ་དང་མཉམ་པ། དཔག་ཏུ་མེད་པ་དང་མཉམ་པ། ན་མཁའ་དང་མཉམ་པ། གནས་པ་མེད་པ་དང་མཉམ་པ། སྐྱེ་བ་མེད་པ་དང་། མཉམ་པ་དམིག་སུ ་མེད་པ་དང་མཉམ་པ་དང་མཉམ་པ་མེད་པ་དང་མཉམ་པར་འགྱུར་བ། ཞི་བ་རབ་ཏུ་ཞི་བ། ཉེ་བར་ཞི་བ་རྟེན་མེད་པ། ཆད་པ་མེད་པ། སྤྱོད་པ་བསྒྱུར་བ། མི་ལྡོག་པར་ངེས་པ། འཛིན་པ་ཐམས ་ཅད་བཅད་པ། ཕུལ་བ་མེད་པ། གཉིསུ་མེད་པ་སྟོན་པ། རྣམ་པར་རིག་པར་བྱེད་པ་མེད་པའི་ཚུལ་དང་། སྦྱོར་བ་མེད་པའི་ཚུལ་གྱིས། རང་བཞིན་གྱི་ངོ་བོ་ཉིད་རིང་པོ་མ་ཡིན་པ་ཟླུམ་པོ་མ ་ཡིན་པ་ཕུང་པོས་རབ་ཏུ་ཕྱེ་བ་མ་ཡིན་པ། ཁམས་ཀྱི་རབ་ཏུ་ཕྱེ་བོ་མ་ཡིན་པ། སྐྱེ་མཆེད་ཀྱིསོ་རབ་ཏུ་ཕྱེ་བ་མ་ཡིན་པ།། འདུས་བྱས་ཀྱི་རྣམ་པར་རྟོག་པ་མེད་པ། འདུས ་བྱས་ཀྱི་རྣམ་པར་རྟོག་པའི་གནས་མེད་པ། འཕེལ་བ་མེ་དཔེ། འགྲོབ་པ་མེད་པ། གཞོལ་དུ་མེད་པ། གཞལ་དུ་མེད་པ་མ་ཡིན་པ། རྣོ་བ་རྣོ་བ་མ་ཡིན་པ། མཆོད་དུ་མེད་པ། མཆོད་དུ ་མེད་པ་མ་ཡིན་པ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པའི་སྐུ་ནི་ཡོན་ཏན་དཔག་ཏུ་མེད་ཅིང་། བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ལ། སུས་ཀྱང་མ་ཤེས། མ་མཐོང་། མ་ཐོས། བྱེ་བྲག ་མ་བྱེད། རྣམ་པར་མ་ཤེས། ཡོད་པ་མ་ཡིན་པ། ཚིག་ཏུ་བརྗོད་དུ་མི་རུང་བ། འཇིག་རྟེན་གྱི་ཁོང་སུམ་འདུས་པ། རྒྱུ་ལས་ཀྱང་མ་བྱུང་། རྒྱུ་མེད་པ་ལས་ཀྱང་མ་བྱུང་གསྐུ་དེ་ནི་ཐངད་དུ། ་རྣམ་པར་རྟོག་པ་དང་། རྣམ་པར་རྟོག་པ་མེད་པའི་མཚན་ཉིད་རྣམས་དང་། མཚན་ཉིང་བཞི་དང་། མཚན་དང་། བགྲང་བ་དང་། སྒྲིབས་རྣམས་ཀྱིས་རྣམ་པར་རིག་པར་བྱེད་མི ་ནུས་ལ་མྱ་ངན་ལས་འདའ་བར་གཤེགས་པ་ཡང་མ་ཡིན། མི་གཤེགས་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ནོ།། འོད་སྲུང་ཆེན་པོ་དང་རུས ་གཅིག་པ། དེ་བཞིན་གཤེགས་པའི་སྐུ་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་མཚན་མའི་དངོས་པོ་རྣམས་ཀྱི་སྒོ་ནས། ཐུགསུ་ཆུང་བར་སྤྱོད་ཀྱི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མི ་ནུསོ།། དེ་བཞིན་གཤེགས་པ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཤིའི་སྐུ་མ་ཡིན་པ་ལ་ཁམ་པའི་སྣོད་བཞིན་དུ་ནུད་དམ། གནོད་པ་འམ། འཇིག་པར་ག་ལ་འགྱུར།། འཇིག་པ་དང་། ན་བ་དང་། ་ངན་ལས་འདའ་བར་སྟོན་པ་གང་ཡིན་པ་དེ་ནི། གདུལ་བྱ་དབང་གི་ཕྱིར་ཡིན་པར་ལྟ་བར་བྱའོ།། དེ་བས་ན་དེད་ཕྱི་ན་ཆད་དེ་བཞིན་གཤེགས་པའི་སྐུ་རྡོ་རྗེ་ལྟར་མི་ཤིག ་ཤིང་མཁྲེགས་པར་ཡིད་ལ་གྱིས་ཤིག། གཞན་དག་ལ་ཡང་ཤའི་སྐུ་མ་ཡིན་ནོ་ཞེས་སྟོན་ཅིག། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་ཡིན་པར་ཁོང་དུ་ཆུད་པར་གྱིས་ཤིག། འོད ་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ན་དེ་བཞིན་གཤེགས་པ་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ལ་སྙུན་དང་། མི་རྟག་པ་དང་། འཇོག་པ་ག་ལ་ཞིག་མཆིས ་ཏི། དེང་སླན་ཆད་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་སྟེ། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། ཞི་བའོ་ཞེས་གཞན་དག་ལ་ཡང་བསྟན་པར་འཚལ་ན། རྡོ་རྗེ་ལྟ་བུར་མི་ཤིག་པའི་སྐུ། ་འདི་ཇི་ལྟར་འགྲུབ་པར་འགྱུར་ལགས། སྐུ་འདི་ལྟ་བུ་རྒྱ་ཅི་ལས་འགྲུབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ག། ངའི་སྐུ་འདི་ལྟ་བུ་ནི་དམ་པའི་ཆོས་སྲུང་བའི་བསོད་ནམས་ཀྱི་རྒྱུས ་གྲུབ་པ་ཡིན་ནོ།། རིགས་ཀྱི་བུ་དམ་པའི་ཆོས་སྲུང་བའི་དགེ་བསྙེན་གྱིས་ནི་བསླབ་པའི་གའི་བླང་བར་མི་བྱའོ།། དགེ་བསྙེན་གྱི་འདུལ་བ་ཡང་སྤྱད་པར་མི་བྱའོ།། ཚུལ་ཁྲིམས་དང་། ཆོ་ག ་དང་། ཡོན་ཏན་དང་ལྡན་པའི་དགེ་སློང་རྣམས་བསྲུང་བའི་ཕྱིར། མདའ་གཞུ་དང་། རལ་གྲི་དང་། མདུང་ཐུང་ཁ་ལེབ་ལག་ཏུ་ཐོགས་པར་བྱའོ།། གསོལ་པ། དགེ་སློང་དག་ལ་སྲུངས་མ་དང་། ་ལྷན་ཅིག་མི་འཁོད་པར་གཅིག་པུ་ཤིང་དྲུང་དུ་བསྟན་བཏིང་བ་མཆིས་པ་གང་ལགས་པ་དེ་དག་ནི་དགེ་སློང་ཞེས་པ། གྱི་བ་ལག་སོ།། སྲུངས་མ་དང་ལྷན་ཅིག་འཁོད་པ ་གང་ལགས་པ་དེ་དག་ནི། ཁྱིམ་བདག་མགོ་རེག་ཅེས་བགྱི་བ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱིམ་བདག་མགོ་རེག་ཅེས་དེ་སྐད་མ་ཟེར་ཅིག། ་འདི་ནི་དགེ་སློང་ལ་ལམ་ལ་སྟན་སར་པ་ལ་འདུག་ཅིང་། དེ་ཟན་ཟོས་ནས་ཅིག་པུ་ཕྱོགས་གཅིག་ནས་སྨྲ་བར་འདུག་སྟེ། བསམ་གཏན་བྱེད་ལ་ལུས་ཀྱི་རང་བཞིན་ལ་ཡང་ལྟ་བར་བྱེད་དོ།། ་སེམས་ཅན་འོངས་པ་རྣམས་ཡང་སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། བསོད་ནམས་ཀྱི་གཏམ་དང་། བསོད་ནམས་ཀྱི་རྣམ་པར་སྨིན་པའི་གཏམ་དང་། ཆོག་ཤེས་པ་དང ་འསྲུང་བའི་རྒྱམ་སྟོན་པ། སྤོ་རྒྱུ་སྨྲགས་པར་ཡང་མི་བྱེད། མེ་ངྒེ་ལ་བུའི་འཁོར་ཡང་མི་འཆག་རྟགས་ཅན་འཚལ་པ་ཆར་བཅད་པའི་ཕྱིར་ཡང་ལྡན་པར་མི་བྱེད་པའི་དགེ་སློང་ན་གྱི ་བོ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན། བདག་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན་ཏེ། ཉོན་མོངས་པ་གཞན་པ་ཡིན་པས། ཚུལ་ཁྲིམས་དང ་ལྡན་པ་ཚངས་པར་སྤྱོད་པ་ཙམ་དུ་ཟད་དོ།། དགེ་སློང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན་གཞན་ཞིག་གནས་གཞན་ཞིག་ན། མལ་སྟན་སར་པ་ལ་འདུག་ཅིང་། སེངྒེའི་སྒྲ་སྒྲོགས ་ཏི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་གསུངས་རབ་ཡན་ལག་དགུ། མདོ་པའི་སྡེ་དང་། དབྱངས་ཀྱིས་བརླད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགསུ་བཅད་པའི་སྡེ ་དང་། ཆེད་དུ་བརྗོད་པའི་སྡེ་དང་། དེ་ལྟ་བུ་ཐུང་བའི་སྡེ་དང་། སྐྱེས་པ་རབ་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨ་དུ་བྱུང་བའི་ཆོས་ཀྱི་སྡེ་རྣམས་སྟོན་ཏེ། མདོ་འདི་ལ་དགེ་སློང་དྲ། ་དང་། བྲན་མོ་དང་། བ་ལང་དང་། མཧེ་ལ་སོགས་པ་རྫས་ངན་པ་འམང་བ་རྣམས་ཆད་པས་གཅད་པར་བཤད་པ་ན། བདག་ཅག་གི་རྐྱེ་མཐུ་འཚམ་པ་ཡིན་ཏེ། མདོ་ཆེ་གེ་མོ ་ཞིག་ལས་ཀྱང་རབ་ཏུ་བྱུང་བ་རྫས་ངན་པ་འཆང་བ་རྣམས། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེ་གེ་མོ་ཞིག་ལ་ཆད་པས་བཅོད་དུ་བཅུག་སྟེ། ཚུལ་ཁྲིམས་འཆལ་པ་རྣམས་ནི་གོས་སྐྱེ་བོ ་གྱོན་དུ་བཅུག་གོ་ཞེས་སྟོན་ཅིང་། དེ་དེ་ལྟར་སེངྒེའི་སྒྲ་སྒྲོགས་པ་ལ། ཚུལ་ཁྲིམས་འཆལ་པ་རྣམས་ཀྱི་དགུས་མ་བྱས་ཏེ། སྲོག་བཅང་དུ་ཟིན་ཀྱང་། དགེ་སློང་དེ་ལ་ནི་ཚུལ་ཁྲིམས་དང ་ལྡན་པ་བདག་ལ་ཕན་པ་དང་། གཞན་ལ་ཕན་པ་ལ་ཞུགས་པ་ཞེས་ཟེར་རོ།། རྒྱུ་དེས་ན་རྒྱལ་པོ་དང་། བློན་པོ་དང་། དགེ་བསྙེན་རྣམས་ལ་དམ་པའི་ཆོས་སྲུང་བའི་ཕྱིར། ངས་དགེ་སློང་རྣམས ་སྲུང་བར་ཡང་གནང་། ཁྱིམ་བདག་མགོ་རེག་རྣམས་ཆད་པས་གཅོད་དུ་ཡང་གནང་ངོ་།། དེ་ཚུལ་ཁྲིམས་འཆལ་བ་གང་ཡིན་པ་དེ་དག་ནི། ཁྱིམ་བདག་མགོ་རེག་ཅེས་བྱ་སྟེ། དེ་ནི་ཚུལ་ཁྲིམས ་དང་ལྡན་པའི་ཚིག་བླ་དྭགས་མ་ཡིན་ནོ།། རིགས་ཀྱི་བུ་སྔོན་དྲུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་གྲོང་ཁྱེར་ཀུ་ཤི་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་སྐྱེད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་འཇིག་རྟེན་གྱི་ཁམས་འདི་བདེ་བ་ཅན་བཞིན་དུ་ཡངས་པར་གྱུར་ཏེ། དེའི་ཚེ་སེམས་ཅན་བདེ་བ་ཅན ་གྱི་བྱང་ཆུབ་སེམས་དཔའ་བཞིན་དུ། བྲུ་བས་ཉམ་ཆུང་བ་མེད་དོ།། དེ་ནས་དེ་བཞིན་གཤེགས་པ་དེ་ལོ་བྱེ་བ་ཕྲག་དུ་བཞུགས་བཞུགས་ནས། གྲོང་ཁྱེར་འདི་ཉིད་དང་། གནས ་འདི་ཉིད་དུ་མྱ་ངན་ལས་འདས་སོ།། དེ་ནས་དེའི་བསྟན་པ་ལོ་བྱེ་བ་ཕྲག་དུ་མའི་བར་དུ། གནས་ནས། གང་གི་ཚེ་བསྟན་པ་དེའི་ལྷག་མ་ལོ་བཞི་བཅུ་ལུས་པ། དེའི་ཚེ་དམ་པའི ་ཆོས་ནུབ་དུ་མཚའི་དུས་ན། དགེ་སློང་སངས་རྒྱས་བྱ་བ་གཡོག་འཁོར་མང་པོ་དང་ལྡན་པ། སེངྒེའི་སྒྲ་སྒྲོགས་པ། གསུང་རབ་ཡན་ལག་དགུའི་ཆོས་སྟོན་པ་ཅིག་བྱུང་སྟེ། དེ་བྲན་དང་། བྲན ་མོ་དང་། བ་ལང་དང་། མ་ཧེ་ལ་སོགས་པརྫས་ངན་པ་འཆང་བ་ཟློག་པའི་ཆོས་སྟོན་པ་ཚུལ་ཁྲིམས་འཆལ་པ། སྡང་བའི་སེམས་དང་ལྡན་པ་རྣམས་ཀྱིས་ཐོས་ནས། གསང་བའི་སེམས ་བསྐྱེད་དེ། ཚུལ་ཁྲིམས་འཆལ་པའི་ཕྱོགས་རྣམས་གཅིག་ཏུ་སྤོངས་ནས། མཚོར་ཆ་སྣ་ཚོགས་ལག་ན་ཐོགས་ཏེ། དགེ་སློང་དེའི་ཐང་དུ་དོང་ངོ་།། ང་ཡང་དེའི་ཚེ་རྒྱལ་པོ་སྲོད་སྦྱིན་ཞེས་བྱ ་བར་གྱུར་ཏེ། རྒྱལ་པོ་དེས་གཏམ་དེ་ཐོས་ནས། དམ་པའི་ཆོས་བསྲུང་བསྲུང་བའི་ཕྱིར། དགེ་སློང་དེའི་ཐང་དུ་སོང་སྟེ། བདག་དང་གཡུལ་ཀྱེའོ།། དེ་ནས་ཆོས་སྨྲ་བ་དེ ་ངག་གིས་མཚུག་སོ།། རྒྱལ་པོ་དེ་ནི་རལ་གྲི་དང་། མདུང་ཐུང་ཁ་ལེ་བ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མངའ་རྣམས་ཀྱིས་ལུས་ལམ་བཅགས་པའི་ས་མཚམས་ཉུང་འབྲུ་ཙམ་ཡང་མེད ་པར་གྱུར་ཏོ།། དེ་ནས་དགེ་སློང་དེས། རྒྱལ་པོ་དེ་དེ་ལྟར་གྱུར་པ་མཐོང་ནས། ལེགས་ཞེས་སྨྲས་ཏེ། དམ་པའི་ཆོས་སྲུངས་པས་དེ་ལྟར་བྱ་དགོས་སོ།། ཁྱོད་ནི་ཆོས་དཔག་ཏུ་མེང་པའི་སྐལ་པ ་ཅན་དུ་འགྱུར་རོ་ཞེས་བྱའོ།། དེ་ནས་རྒྱལ་པོ་དེས། དགེ་སློང་དེའི་ཚིག་ཐོས་ནས་ཤི་བའི་འོག་ཏུ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་འཇིག་རྟེན་གྱི་ཁམས་སྐྱེས་སོ།། དེར་སེམས ་ཅན་གང་རྗེ་སུ་ཡི་རང་བར་གྱུར་པ་རྣམས་དང་། གཡུལ་འགྱེད་འགྱིད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱ་ད་བྱང་ཆུབ་ཐོབ་པར་གྱུར་ཏོ།། དེ་བཞིན་གཤེགས་པ ་མི་འཁྲུགས་པའི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པ་མི་འཁྲུགས་པ་རྣམ་པར་ཤེས་པ་བྱ་བ་ཞིག་ཀྱང་བྱུང་ངོ་།། དགེ ་སློང་སངས་རྒྱས་བྱིན་ཡང་། རྒྱལ་པོ་དེ་ཤི་བའི་རྗེས་ལ་ཤི་ནས། དེ་བཞིན་གཤེགས་པ་མི་འཁྲུགས་པའི་བསྟན་པ་ལ་ཉན་ཐོས་ཀྱི་མཆོག་ཏུ་གྱུར་ཏོ།། རྒྱལ་པོ་དེ་ཡང་ཉན་ཐོས ་གཉིས་པར་གྱུར་ཏོ།། དེ་ལྟར་ན་དམ་ཆོས་ནུབ་པའི་ཚེ། དམ་པའི་ཆོས་དབྱུང་བར་བྱའོ།། དེའི་ཚེ་རྒྱལ་པོར་གྱུར་པ་དེ་ནིང་ཡིན་ནོ།། དགེ་སློང་དེ་ནི་སངས་རྒྱས་འོད་སྲུང་ཡིན་ཏེ། དེ་ནི་ཡོ་སུ ་མྱ་ངན་ལས་འདས་སོ།། དེ་ལྟར་ན་དམ་པའི་ཆོས་སྲུང་བའི་འབྲས་བུ་དཔག་ཏུ་མེད་དེ། འབྲས་བུ་རྣམ་པར་དག་པ་དེས་ན་ཡང་རྨ་བྱ་མདོངས་རི་མོ་ཅན་མང་པོས་བརྒྱན་པ་ལྟ་བུར་གྱུར་ཏེ། ་མ་ཤིག་པའི་སྐུ་དང་། ཆོས་ཀྱི་སྐུ་བརྙེས་པར་གྱུར་ཏོ།། འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། དེ་བཞིན་གཤེགས་པ་ནི་རྡོ་ལ་བརྐོས་པའི་ཡི་གེ་བཞིན་དུ་རྟག་པའི་སྐུ་དང ་ལྡན་པ་ལགས།། བཀའ་སྩལ་པ། རིགས་ཀྱི་བུ་དེ་བས་ན་དམ་པའི་ཆོས་བསྲུང་བའི་འདོད་པས་ནི། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ན་ཡོད་པ་དེར ་བསྲུང་བར་བྱའོ།། དགེ་བསྙེན་དམ་པའི་ཆོས་སྲུང་བའི་འབྲས་བུ་ནི་རྒྱ་ཆེའོ།། རིགས་ཀྱི་བུ་དེ་བས་ན། དགེ་སློང། རྣམས་མཚོན་ཆ་ལག་ན་ཐོག་པའི་དགེ་བསྙེན་དག་གིས ་མདུན་དུ་བདར་ཏེ་རྒྱུ་བར་བྱའོ།། ཐེག་པ་ཆེན་པོ་ལ་ནི་དགེ་བསྙེན་གྱི་བརླབ་པའི་གཞི་ལྔ་བླང་བར་མི་བྱ་སྟེ། དམ་པའི་ཆོས་བསྲུང་བའི་ཕྱིར། ལག་ན་མཚོན་ཆ་ཐོག་ཤིང ་དགེ་སློང་རྣམས་སྲུང་བར་བྱའོ།། གསོལ་པ་ཅི་ལགས། དགེ་སློང་གང་དག་དེ་ལྟ་བུའི་དགེ་བསྙེན་ངག་ལག་ན་མཚོན་ཆ་ཐོགས་པ་དང་། ལྷན་གཅིག་འགྲོགས་ཤིང་རྒྱུ་བ་དེ་དག ་སློབ་དཔོན་ལགས་སམ། འོན་ཏེ་སློབ་དཔོན་མ་ལགས། ཚུལ་ཁྲིམས་འཆལ་པ་ཞེས་བགྱི་འམ། འོན་ཏེ་མི་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི ་བུ་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་པའི་འོག་ཏུ། ནང་འཁྲུག་འབྱུང་བ་དང་། ཡུལ་བཅོམ་པ་དག་འབྱུང་བར་འགྱུར་ཏེ། དུས་ངན་པར་གྱུར་པ་དེའི་ཚེ། མུ ་གེའི་ཉེས་པས་ཕལ་ཆེར་རབ་ཏུ་འབྱུང་ཞིང་མགོ་རེག་ཏུ་འགྱུར་ཏེ། དེ་དག་གིས་དགེ་སློང་ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་དང་། སྤྱོད་པ་ཕུན་སུམ་ཚོགས ་པ་དང་ལྡན་པ་དག་སྐྲོད་པར་འགྱུར། བསོད་པར་འགྱུར་ཏེ། དེར་དགེ་སློང་ཚུལ་ཁྲིམས་དང་ལྡན་པས་རྣམས་ཀྱིས། གྲོང་དང་། གྲོང་ཁྱེར་དང་། རི་ཁྲོད་ཀྱི་གྲོང་དག་ཏུ་ཇི་ལྟར་རྒྱུ་བར་བྱ་སྟེ། ་དེ་ལྟ་བུ་དག་གིས་དུས་ན། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་སློབ་དཔོན་ཏུ་གྱུར་པ་རྣར་ས་ལམ་དུ་འགྲོ་བ་ན། རང་གི་སྲོག་གསུང་བའི་ཕྱིར། མཚོན་ཆ་ལག་ལ་ཐེག་པ་དག་དེར་འགྲོ་བར ་ངས་གནང་ངོ་།། དགེ་བསྙེར་རྣམས་དང་། ཁྱིམ་བདག་དང་། རྒྱལ་པོ་དང་། བློན་པོ་རྣམས་ཀྱི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་བསྲུང་བའི་ཕྱིར། མཚོན་ཆ་འཆང་བ་དེ་ཡང་ཚུལ་ཁྲིམས་ཡིན ་ཞེས་ང་ཟེར་ཏེ། འོན་ཀྱང་བསད་པར་མི་བྱའོ།། དགག་པ་འི་མཚོན་ཆ་བཅང་བར་བྱ་སྟེ། དེ་ནི་མཆོག་ཏུ་མཁས་པའི་ཚུལ་ཁྲིམས་ཡིན་ནོ།། སློབ་དཔོན་ནི་ཐེག་པ་ཆེན་པོའི ་གདམས་ངག་སྟོན་པ་དང་། ཡང་དག་པའི་ལྟ་བ་དང་། རུང་བ་མ་ཡིན་པའི་གདུགས་དང་། འབྲུ་མར་གྱི་སྣོད་དང་འབྲས་བུའི་རྣམ་གྲངས་རྣམས་སྤངས་པ་དང་། རྒྱལ་པོ་དང་བློན་པོ ་རྣམས་ནི་བསྟན་པ་དང་། སྙང་པའི་ཕྱིར་སྦྱིན་པ་པོ་རྣམས་ལ་དགའ་བ་དང་སྣུན་པར་སྨྲ་བ་མ་ཡིན་པ་དང་། སྤྱོད་ལམ་ཕུན་སུམ་ཚོགས་པ་དང་། ཚུལ་མེད་པའི་དགེ་སྦྱོང་གི་དངོས་པོ་སེལ་བ ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། དགེ་བའི་ཆོས་ཅན་དང་། རྒྱ་མཚོ་དང་། འདྲ་བའི་བློ་གྲོས་འཆང་བ་དང་། བྱང་གཟུགས་དང་། ཆ་བྱད་དང་། རྙེད་པ་དང་། བཀུར་སྟི་གཞན་མི་འདོད་པ་དང ་ཆོག་ཤེས་ཤིང་ཡོ་བྱད་བསྲུངས་པ་སྟོན་པ་གང་ཡིན་པ་སྟེ། དེ་ནི་སློབ་དཔོན་ཞེས་བྱའོ།། དེ་ནི་འཁོར་རྙེད་པ་དང་། བཀུར་སྟི་འདོད་པའི་རང་གི་འཁོར་གྱི་དགེ་འདུན་གང་ཡིན་པ་དེ་དག་ནི་ཟློག་པར ་བྱེད་དོ།། དེ་ལ་དགེ་འདུན་ལ་ཡང་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་འཆལ་པ་དང་། འདྲེས་པ་དང་། བྱིས་པའི་དགེ་འདུན་དང་། རང་བཞིན་གྱི་དགེ་འདུན་ནོ།། དེ་ལ་ཚུལ་ཁྲིམས་འཆལ་པ་དང་འདྲེས ་པའི་དགེ་འདུན་ནི་དེས་ཟློག་པར་བྱེད་དོ།། ཚུལ་ཁྲིམས་འཆལ་པ་དང་། འདྲེས་པའི་དགེ་འདུན་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་པ་རྣམས་འབའ་ཤིག་དང་མཐུན་པར་བྱེད་དོ།། དེ་དག་ཚར་གཅོད ་བར་མི་བྱེད་ཅིང་། ཟང་ཟིང་གི་ཕྱིར་དེ་དག་དང་ལྷན་གཅིག། ཏུ་སྤྱོད་པ་མཐུན་པར་བྱེད་པ་གང་ཡིན་པ་སྟེ། ཚུལ་ཁྲི་མས་དང་ལྡན་དུ་ཟིན་ཀྱང་། དེ་དག་དང་ལྷན་ཅིག་གནས་པ ་ཚུལ་ཁྲིམས་འཆལ་པ་ཁོ་ན་ཡིན་པའི་གྲངསུ་འགྲོ་བར་འགྱུརོ།། འདི་ནི་ཚུལ་ཁྲིམས་འཆལ་བ་དང་འདྲེས་པ་ཞེས་བྱ་སྟེ། དེའི་ཚུལ་མེད་པ་ཟློག་པར་བྱེད་པའི་ཕྱིར་སློབ་དཔོན་ཞེས་བྱའོ།། ་བྱིས་པའི་དགེ་འདུན་ཞེས་བྱ་བ་ནི་དགོན་པ་དང་། བསོད་སྙོམས་པ་གཞན་པ་དང་། རྨུགས་པ་རྣམས་ཡིན་ཏེ། སྐབས་འབྱེད་པ་དང་། གསོ་སྦྱོང་རྣམས་ཀྱི་དུས་རང་གི་འཁོར་ཉི་ཆ་དག་པར་བྱེད ་ཀྱི་ཚུལ་ཁྲིམས་འཆལ་པ་རྣམས་དག་པར་བྱེད་པར་དེ་དག་དང་ལྷན་ཅིག་ཏུ་འདྲ་བར་གནས་པ་དེ་ནི་བྱིས་པའི་དགེ་འདུན་ཞེས་བྱ་སྟེ། རྨུགས་པ་དག་གི་ཚུལ་མ་ཡིན་པ་སེལ་བར་བྱེད ་བའི་ཕྱིར་སློབ་དཔོན་ཞེས་བྱའོ།། རང་བཞིན་གྱིས་དགེ་འདུན་ནི་བདུད་བྱེ་བ་སྙེད་ཀྱིས་ཀྱང་མི་ཤིགས་པ་ཡིན། དེ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་རང་བཞིན་གྱིས་རྣམ་པར་དག ་པའོ།། ཚུལ་ཁྲིམས་འཆལ་པའི་དགེ་འདུན་རྣམ་པ་གཉིས་ཟློག་པར་བྱེད་པ་གང་ཡིན་པ་དེ་དག་ནི། སློབ་དཔོན་ཞེས་བྱའོ།། འདུལ་བ་འཛིན་པ་ཞེས་བྱ་བ་ནི། ་གདུལ་བར་བྱ་བའི་དབང་གིས་བསླབ་པའི་གཞི་དེ་དང་དེ་དག་ཤེས་ཏེ། རྔམས་ཆེན་པོ་ཡང་ཤེས་སོ།། རྔམས་ཆུང་ངུ་ཡང་ཤེས་སོ།། འདུལ་བ་མ་ཡིན་པ་ནི་བཙན་པར་མི་བྱེད་དོ།། འདུལ ་བ་ནི་བརྩན་པར་བྱེད་དོ།། གདུལ་བར་བྱ་བའི་དབང་ཇི་ལྟར་ཤེས་ཤེ་ན། བྱང་ཆུབ་སེམས་དཔའ་གདུལ་བར་བྱ་བའི་དབང་གིས་གྲོང་ཁྲོད་དུ་འགྲོ་བ་ཡོད་དོ།། དེ་ནི་བུད་མེད་དང་། གར་མཁ ་མོའི་འདུན་ཁང་དང་། ཡུགས་མེའི་ཁྱིམ་དང་། སྨད་འཚོང་མའི་ཁྱིམ་གཏོགས་པར་ཁྱིམ་གྱི་ནང་ངམ། མདུན་ཁང་གང་དུ་འགྲོ་འདོད་ཀྱང་རུང་སྟེ། དེ་ལ་དེར་འགྲོ་བའི་དུས ་ངེས་པ་མེད་དོ།། བྱང་ཆུབ་སེམས་དཔའི་དགེ་སློང་གིས་ནི། ལོ་གྲངས་མང་པོར་གྲོང་ཁྲོད་དུ་རྒྱུ་བར་བཟོད་ཀྱི་ཉན་ཐོ། ས་ཀྱི་དགེ་སློང་གིས་ནི་མི་བཟོད་དོ།། རྔམས་ཆེན་པོ་དང ་རྔམས་ཆུང་ངུ་ཇི་ལྟར་ཤེས་ཤེ་ན། རྔམས་ཆེན་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་དོན་གྱི་དམིགས་བྱུང་བ་གང་གཟིགས་ན། དེ་ལྟར་གཟགས་པའི་འོག་ཏུ། ཕམ་པ་བཞི་པ་འདི་ལྟ ་བུ་ཕྱིན་ཆད་མ་བྱེད་ཅིག། གལ་ཏེ་ཁྱེད་ཀྱིས་བྱས་ན། རབ་ཏུ་དབྱུང་དུ་མེད་པར་འགྱུ་རོ་ཞེས་བསླབ་པའི་གཞི་འཆའ་བར་མཛད་པ་དེ་ནི། རྔམས་ཆེན་པོ་ཞེས་བྱ་བ་རྔམས་ཆུང་ངུ་ཞེས་བྱ་བ་ནི ་འདི་ལ་ལ་ཞིག་གིས་དོན་གྱི་དམིགས་འབྱུང་བ་གཅིག་ཅིག་གིས་བྱས་ལ། བསླབ་པའི་གཞི་དེ་དམ་བོར་མ་བྱས་པ་དེ་བཞིན་གཤེགས་པས་ལན་གསུམ་གྱི་བར་དུ་གཟིགས་ཀྱང་བསླབ ་པ་ག་ན་གཞན་འཆའ་བར་མཛད་དེ། དེ་ནི་ཕྱིར་གསོ་ཆང་བ་ཞེས་བྱ་སྟེ། རྔམས་ཆུང་ངུ་ཞེས་བྱའོ།། དེ་ཡང་ལྷག་མ་དང་བཅས་པའི་འདུལ་བ་ནི་བརྩོན་པར་བྱེད་དོ།། རུང་བ་མ་ཡིན་པའི ་སྦྱིན་པའི་ཕན་ཡོན་གང་ལས་བྱུང་བའི་འདུལ་བ་དེ་ནི་བརྩན་པར་མི་བྱེད་ལ། གང་འདུལ་བ་ལ་སློབ་པར་བྱེད་དོ།། ཚུལ་ཁྲིམས་འཆལ་བ་ནི། ཚུལ་ཁྲིམས་སྤངས་ལ། ཆོས་གོས་རྣམས་དང ་བཅས་ཤིང་། གཞི་ཆེན་པོ་ཡིན་ནོ།། དེ་ནི་དེའི་འདུལ་བའི་ཡང་བརྩན་པར་མི་བྱེད་ལ། གང་འདུལ་བ་ལ་སྣང་བ་དེ་ལ། མཆོག་ཏུ་ཆོག་ཤེས་པར་བྱེད་དོ།། སངས་རྒྱས་ཀྱི་གསུང་རབ་ལས ་གང་རྐྱེན་དུ་འཚམ་བསྟོན་པར་བྱེད་དོ།། དེ་ལས་འདུས་པ་དེ་ལ་ཡང་འདུལ་བ་ཞེས་དུ་ཟེར་ཏེ། དེ་ནི་འདུལ་བ་འཛིན་པ་ཡིན་ནོ།། ཡི་གེ་གཅིག་ཀྱང་ཤེས་ཏེ། གང་ཡི་གེ་གཅིག་ཤེས་པ ་དེ་ལྟ་བུ་ནི། འཇིག་རྟེན་འདུལ་བ་འཛིན་པ་ཡིན་ཏེ། འདི་ནི་མདོ་སྡེ་པ་འདུལ་བ་འཛིན་པ་ཞེས་བྱའོ།། དེ་ལྟར་ན་དེ་བཞིན་གཤེགས་པའི་བསྟན་པ་ནི་དཔག་ཏུ་མེད་དོ།། དེ ་བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་བོ།། གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྟ་མོས་ཀྱང་བསམ་གྱིས་མི་ཁྱབ་ལགས། རྟག་པ་དང་། རྟེན་པ་དང་། ཐེར ་ཟུག་པ་དང་། ཞི་བ་ལགས་ཏེ། བསམ་གྱིས་མི་ཁྱབ་པོ་ཞེས། གཞན་དག་ལ་ཡང་བསྟན་པར་འཚལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ ་ལེགསོ་ལེག་སོ།། དེ་བཞིན་གཤེགས་པ་ནི་རྡོ་རྗེ་ལྟར་མི་ཤིག་པའི་སྐུ། འཛིན་པ་ལ་ཞུགས་པ་ཡིན་ཏེ། དེ་ལྟར་ཡང་དག་པའི་ལྟ་བ་དང་། བསླབ་པ་ལ་གུས་པར་བྱའོ།། དེ་བཞིན་གཤྱེ ་པ་རྡོ་རྗེ་ལྟར་མི་ཤིག་པའི་སྐུ་དང་ལྡན་པར་ཡང་དག་པར་ལྟ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཇི་ལྟར་མེ་ལོང་གི་ངོས་ལ། རང་བཞིན་གྱིས ་གཟུགས་བརྙན་སྣང་བ་དེ་བཞིན་དུ།། དོན་དམ་པའི་སྐུ་གསལ་བར་མཐོང་ངོ་།། འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ལས། རྡོ་རྗེ་ལྟར་མི་ཤིགས་པའི་སྐུའི ་ཕུང་པོ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། །། རིགས་ཀྱི་བུ་གཞན་ཡང་ང་ནི་མདོ་འདིའི་མིང་དང་། ཡོན་ཏན་དང་། ཚུལ་ཡང་དག་པར་གཟུང་བར་གྱིས་ཤིག། མདོ་འདིའི ་མིང་ཐོས་ན། སེམས་ཅན་རྣམས་འགྲོ་བ་བཞིར་འགྲོ་བར་འགྱུར་བ་དེ་ནི་སྲིད་དེ། མདོ་ཆེན་པོ་འདིའི་ཡོན་ཏན་དང་། ཚུ་ལ་སངས་རྒྱས་མང་པོས་བསྟན་པ་དེ་ལྟ་བུ་ངས་བསྟན་པར་བྱའོ།། ་གསོལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣ་མས། ཇི་ལྟར་མདོ་འདིའི་མིང་ཡང་དག་པར་འཛིན་པ། ལགས། ཇི་ལྟར་མདོ་འདིའི་མིང་འཛིན་པའི་གྲངས ་གཏོགས་པ་ལགས། བཀའ་སྩལ་པ། མདོ་འདི་ནི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་སྟེ། ཚངས་པར་སྤྱོད་པ་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་བ ་ཚིག་འབྲུ་བཟང་བ། མ་འདྲེས་པ། ཡོངསུ་རྫོགས་པ། ཡོངསུ་དག་པ། ཡོངསུ་བྱང་བ། རྡོ་རྗེ་ལྟ་བུའི་གཏེར་དང་། ཆེ་བར་གྲགས་པ་ཡིན་ནོ།། རིགས་ཀྱི་བུ་དཔེར་ན། གང་ག་དང་། ཡ ་མུན་ལ་སོགས་པ། ཆུ་ཀླུང་བརྒྱད་ནི། རྒྱ་མཚོ་ཆེན་པོར་འབབ་པ་དེ་བཞིན་དུ། ཉོན་མོངས་པ་སྣ་ཚོགས་བྱེ་བ་རྙེད་ཀྱི་རང་བཞིན་གྱི་བདུད་ལ་སོགས་པ། བདུད་ཐམས་ཅད་ལས་རྣམ ་པར་རྒྱལ་བ་ནི། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ལུས་འདོར་ཞིང་འཆི་བ། འདི་ཁོ་ན་ཉིད་དུ་འདུ་བར་འགྱུར་ཏེ། དེ་བས་ན། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། གཞན་ཡང ་དཔེར་ན། སྨན་དཔྱད་རིག་པ་གསུམ་ལ་སོགས་པའི་རིགས་པ་རྣམས་ནི། རང་རང་གི་རྒྱུད་ཕྱི་མ་ཁོ་ནའི་ཁོངསུ་འདུ་བར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པས་གསུངས་པའི ་དགོངས་པའི་ཚིག་གསང་བའི་ཆོས་ཀྱི་སྒོ་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱང་། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཁོ་ནའི་ཁོངསུ་འདུ་བར་འགྱུར་བས་ན། དེའི་ཕྱིར་ཡོངསུ་མྱ་ངན ་འདས་པ་ཆེན་པོ་ཞེས་བྱའོ།། དཔེར་ན་དབྱར་གྱི་དུས་དུས་སུ་ཞིང་པས། གཤོལ་ཆེན་པོས་རྨོས་ཏེ། ས་བོན་བཏ། བ་ནས། ས་བོན་འགྲུབ་པར་འདོད་ལ། གྲུབ་ནས་ནི ་ཐམས་ཅད་གྲུབ་པའི་མཐར་ཐུག་པ་དེ་ཡིན་པའི་ཕྱིར། འདོད་པ་མེད་པར་འགྱུར་བ་དེ་བཞིན་དུ། སེམས་ཅན་རྣམས་ཀྱི་ས། མདོ་ཐམས་ཅད་ཀྱི་ཏིང་ངེ་འཛིན་བསྒོམས་ཟིན་ནས ་ཀྱང་། མདོ་གཞན་གྱི་བཅུད་འདོད་པར་བྱེད་ལ། མདོ་འདིའི་བཅུད་ནི་ཐམས་ཅད་གྲུབ་པའི་མཐར་ཐུག་པ་དང་། འདིས་སེམས་ཅན་ཐམས་ཅད་སྲིད་པ་ཐམས་ཅད་ལ་རྒལ་བར་འགྱུར་བ ་ཡིན་ནོ།། རིགས་ཀྱི་བུ་དཔེར་ན། རྗེས་ཀྱི་སྣ་གྲངས་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། གླང་པོ་ཆེའི་རྗེས་ཀྱི་ཁོངསུ་འདུ་བར་འགྱུར་ཏེ། གླང་པོ་ཆེའི་རྗེས་ནི་དེ་དག་གི་ནང་ན། མཆོག་ཅེས་བྱ། ་བ.རབ་མཆོག་ཅེས་བྱ། གཙོ་བོ་ཞེས་བྱ་བ་དེ་བཞིན་དུ། རིགས་ཀྱི་བུ་མདོའི་ཏིང་ངེ་འཛིན་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཁོ་ནིའི་ཁོངསུ་འདུ ་བར་འགྱུར་ཏེ། མདོའི་ཏིང་འཛིན་ཐམས་ཅད་ཀྱི་ནང་ན། ཡོངསུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་མཆོག་ཅེས་བྱ། རབ་མཆོག་ཅེས་བྱ། བཙོ་བོ་ཞེས་བྱའོ།། རིགས་ཀྱི་བུ ་གཞན་ཡང་དཔེར་ན། སྟོན་གྱི་དུསུ་ལོ་ཏོག་བཏབ་པ་ནི། རྨོས་ཐམས་ཅད་ཀྱི་མཆོག་ཅེས་བྱ་རབ་མཆོག་ཅེས་བྱ། གཙོ་བོ་ཞེས་བྱ་བ་དེ་བཞིན་དུ་ཡོངསུ་མྱ་ངན་ལས་འདས་པའི་མདོ་ཆེན ་པོའི་རྟག་པ་ཉིད་ཀྱི་གཤོལ་ཆེན་པོས་རྨོས་པ་ནི། མདོ་ཐམས་ཅད་ཀྱི་མཆོག་ཅེས་བྱ། རབ་མཆོག་ཅེས་བྱ། གཙོ་བོ་ཞེས་བྱའོ།། དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱ་སྟེ། འདི་དཀར་པོའི ་ཕྱོགས་ཀྱི་ཐབས་དང་སྦྱར་རོ།། ཉན་ཐོས་ཀྱི་ཐེག་པའི་ཡང་དག་པར་ལྡན་པའི་རྣམ་པར་དབྱེ་བ་ཡང་འདིར་སྦྱར་བར་བྱའོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། མཁྲིས་པ་རྒྱས་པའི་ནད་ཀྱིས ་ཐེབས་པ་ལ་ནི་མར་དང་། མང་ར་བ་བརྒྱད་ཀྱི་སྨན་འབའ་ཤི་ག་ལྷག་པར་ཕན་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་འི་དགོངས་པའི་ཚིག་གི་མཁྲིས་པ་རྒྱས་པའི་ནད་ཀྱིས ་ཟིན་པ་ལ་ཡང་ཐེག་པ་ཆེན་པོའི་མདོ་སྡེ་དང་། མྱ་ངན་ལས་པ་ཆེན་པོའི་མངར་བ་བརྒྱད་ཀྱི་སྨན་འབའ་ཤིག་ལྷག་པར་པན་ཏེ། འདིར་མངར་བ་བརྒྱད་གང་ཞེ་ན། རྟག་པ་དང་། བརྟན་པ ་དང་ཐེར་ཟུག་དང་། ཞི་བ་དང་། གསིལ་བའི་རང་བཞིན་དང་། རྒ་བ་མེད་པ་དང་། འཚོ་བ་མེད་པ་དང་། དྲི་མ་མེད་པ་དང་། བདེ་བ་སྟེ། འདི་རྣམས་ནི། འདིར་མངར་བརྒྱད་ཅེས་བྱ་སྟེ། གང་གི ་ཕྱིར་མངར་བ་ཆེན་པོ་ཡིན་པས་ན། དེའི་ཕྱིར་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། མིང་དང་ཡོན་ཏན་དང་། ཚུལ་དེ་ལ ་གནས་ན། ཡོངསུ་མྱ་ངན་ལས་འདས་པ་རྣམ་པ་དུ་མ་སྟོན་ཏེ། དེ་བས་ན་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཡོངསུ་མྱ་ངན་ལས་འདས་པ ་ཆེན་པོ་འདས། མྱ་ངན་ལས་འདའ་བར་འདོད་པས་ནི། དེ་བཞིན་གཤེགས་པ་དང་། ཆོས་དང་། དགེ་འདུན་རྟག་གོ་ཞེས་བྱ་བ་ལ་བརྩོན་པར་བྱའོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡོངསུ ་མྱ་ངན་ལས་འདས་པ་ཆེན་པོའི་སྤྱད་པ་སྤྱོད་པར་འདོད་པས་ནི། དེ་བཞིན་གཤེགས་པ་རྟོག་གོ་ཞེས་བྱ་བ་ལ་བརྩོན་པར་བྱའོ།། གསོལ་བ་ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་བསམ་གྱིས་མི་ཁྱབ་ལག་སོ།། ཆོས་བསྟན་པ་བསམ་གྱིས་མི་ཁྱབ་ལག་སོ།། དགེ་འདུན་ཡོན་ཏན་གྱི་ཚོགས་དང་ལྔ་ན་པ་བསམ་གྱིས་མི་ཁྱབ་ལག་སོ།། དེ་བཞིན་དུ་ཡོངསུ ་མྱ་ངན་ལས་འདས་པའི་མདོ་འདི་ཡང་བསམ་གྱིས་མི་ཁྱབ་ལ་གསོ།། འདི་ལ་གང་དག་བཀའ་བཞིན་དུ་བྱེད་པ་དེ་དག་ནི། ཡང་དག་པར་འཛིན་པའི་སེམས་ཅན་ལག་སོ།། དེ་དག་ན ་མཆོད་རྟེན་ལྟ་བུ་ལག་སོ།། གཞན་ནི་མྱ་ངན་དུ་བགྱི་བ་ལག་སོ།། མི་ཤེས་པའི་དགོན་པ་ན་འཁོད་པ་ལག་སོ།། འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ལས། མདོའི ་མིང་གི་གཏན་ཚིགས་དང་ཡོན་ཏན་གྱི་ཚུལ་གྱི་ལེའུ་ཞེས་བྱ་བ་སྟེ་གསུམ་པའོ།། །། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། མྱ་ངན་ལས ་འདས་པ་ཐེག་པ་ཆེན་པོའི་རདོ་ཆེན་པོ་ལས། ཆོས་ཀྱི་རྣམ་གྲངས་རྣམ་པ་བཞི་སྟོན་པར་བྱེད་དོ།། སྣ་གྲངས་རྣམ་པ་བཞི་གང་ཞེ་ན། རང་གི་ལྷག་པའི་བསམ་པ་ཞེས་བྱ་དང་། གཞན་གྱི་ལྷག་པའི ་བསམ་པ་ཞེས་བྱ་བ་དང་། འདྲི་བའི་དབང་ཞེས་བྱ་བ་དང་། དོན་གྱི་དམིགས་བྱུང་བའི་དབང་ཞེས་བྱ་སྟེ། བཞི་པོ་ནི་དེ་དག་ཡིན་ནོ།། དེ་ལ་རང་གི་ལྷག་པའི་བསམ་པ་ཞེས་བྱ་བ། ་ནི། དེ་བཞིན་གཤེགས་པས་གང་ལ་གཟིགས་རས། ཆོས་སྟོན་པར་མཛད་པ་སྟེ། དཔེར་ན། ཤིང་གི་ཕུང་པོ་འབར་ཞིང་སྣང་བར་གྱུར་པ་གཟིགས་ནས། དགེ་སློང་དག་གང་དེ་བཞིན་ག ་པ་ལས། གསང་བ་སྣ་ཚོགས་ཐོས་ནས། འདི་ནི་བདུད་ཀྱིས་སྨྲས་པ་ཡིན་ནོ།། ཞེས་གཞན་དག་ལ་ཟེར་ཞིང་། རང་བཟོའི་ཚིག་འབྲུསྣ་ཚོགས་རྣམས་ལ། དེ་བཞིན་གཤེགས་པས་གསུངས་པ་ཡིན། ་ཞེས་བྱས་ནས། སངས་རྒྱས་བཅོམ་ལྡན་འདས་དང་། ཆོས་དང་དགེ་འདུན་ནི་མི་རྟགོ་ཞེས་ཟེར་བས་ནི། ཤིང་གི་ཕུང་པོ་འབར་བ་འདི་ལ་ཀུན་རེག་ཅིང་པང་དུ་བླངས་ཀྱང་བླའོ།། ་གང་དག་བདུད་ཀྱིས་སྨྲས་པའོ་ཞེས་ཟེར་བ་དང་། གང་དུ་ག་ཕྱིན་ཅི་ལོག་གི་ཆེས་དེ་འཛིན་པར་བྱེད་པ་དེ་དག་ནི་བརྫུ་ན་དུ་སྨྲའོ།། དེ་བཞིན་གཤེགས་པ་མི་རྟག་ཞེས་བྱ་བའི་ཚིག་སྨྲས ་བས་ནི། ཤིང་གི་ཕུང་པོ་འབར་བ་འདི་ལ། ལྕེས་ཀུན་ནས་རེག་པར་བྱས་ཏེ། ཤི་ཡང་བླའོ།། ཚིག་དེ་ནི་མཉན་པར་མི་བྱའོ།། དེ་བཞིན་གཤིགས་པ་རྟག་པའོ་ཞེས་འདེགས་མི་ནུས་པ་དེ་དག་ནི་མྱི ་ངན་དུ་བྱ་བ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་བོ།། དེ་བཞིན་དུ་དེའི་རྗེསུ་བསྟན་པ་དང་། ཉན་ཐོས་ཀྱི་དགེ་འདུན་ཡང་བསམ་གྱིས་མི་ཁྱབ་སྙམ་དུ་གཟུང་བར ་བྱའོ།། དེ་ལ་སོགས་ཤིང་གི་ཕུང་པོ་འབར་བ་ཞེས་བྱ་བ་མན་ཆད་ནི། རང་གི་ལྷག་པའི་བསམ་པ་ཞེས་བྱ་བའི་སྣ་གྲང་སོ།། གཞན་གྱིས་ལྷག་པའི་བསམ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས ་སྟོན་ཅིང་བཞུགས་པ་ན། བུད་མེད་གཞོན་ནུ་གསར་དུ་བྱུང་བ་ལ་ལ་ཞིག། བཅོམ་ལྡན་འདས་ཀྱི་ཐང་དུ་འོངས་ནས། ཕྱོགས་གཅིག་ཏུ་འདུག་སྟེ། སེམས་ཤིང་འདུའོ།། དེ་ནས་བཅོམ་ལྡན་འདས ་ཀྱིས། དེའི་བསམ་པ་ཐུགསུ་ཆུད་ནས་ཆོས་སྟོན་པར་མཛད་དེ། དཔེར་ན་བུད་མེད་བུ་ལ་བྱམས་པའི་ཐབས་མཁས་པས་ཇི་ཙམ་འཇུནུས་པའི་དྲོད་ཤེས་ནས། རང་གི་འཛུབ་མོའི་ཐོར་ཏོས ་བདགི་ཆུ་ངུ་མར་ལྡག་དུ་བཅུག་པོ་བཞིན་ནོ་ཞེས་གསུང་སོ།། དེ་ནས་བུད་མེད་དེས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་འདས་ཀྱིས་ནི། བང་གི་སེམས་ཀྱི་རྟོག་པ་ཐུགསུ་ཆུད་ནས། ལྷག ་ཚད་མེད་པར་བཀའ་སྩལ་ཏེ། བདག་སློབ་དུ་བསྐུལ་བ་ཁོ་ན་བཞིན་ལག་སོ།། བཅོམ་ལྡན་འདས་བང་གིས་ངེད་བྱིས་པ་ལ་འཛུབ་མོའི་ཐོར་ཏོས་ཆབ་མར་སྩལ་པ་དྲགས་པར་འགྱུར་ཏེ། ་དེས་ན་འདི་མ་ཞུ་བར་གྱུར་ལག་སོ།། བཅོམ་ལྡན་འདས་ཅི་ལགས་བང་གི་ཁྱེའུ་འདི་ཚེ་རིང་བར་འགྱུར་རམ། འོན་ཏེ་ཐུང་བར་འགྱུར་བ། བཅོམ་ལྡན་འདས་དེ་བཞིན་གཤེགས ་པས་བསྟན་དུ་གསོལ། བཀའ་སྩལ་པ། ཁྱེད་ཀྱི་བུ་ནི་བདེ་བ་དང་ལྡན་ཞིང་། ཚེ་རིང་བར་འགྱུར་རོ།། དེ་ནས་བུད་མེད་དེ་མགུ་བར་གྱུར་ནས། གསོལ་པ། ཁྱོད་ཀྱི་བདེན་པའི་ཚིག་གིས་བདག ་ཤིན་ཏུ་མགུ་ལག་སོ།། དེ་ལྟར་དེ་བཞིན་གཤེགས་པ་ནི་གདུལ་བར་བྱེ་བའི་དབང་ལ་གཟིགས་ཤིང་འཇུབ་དང་། མི་འཇུ་བའི་ཉམ་སྟབས་དང་སྦྱར་ནས། ཆོས་ཐམས་ཅད་བདག་མེད་པ་དང ་སྡུག་བསྔལ་ས་ཛང་ངོ་།། གལ་ཏེ་བཅོམ་ལྡན་འདས་ཀྱིས་སྟོབས་ཆེ་ཆུང་དང་མ་སྦྱར་བར་སེམས་ཅན་རྣམས་ལ་རྟག་པའི་གསང་བ་བསྟན་པོ་ལགས་མཆའ་མར་མ་ནུ་བ་དང་འདྲ་བར་ས ་།། ཅན་རྣམས་ཆང་འཚལ་བར་འགྱུར་བ་ལགས།། བཀའ་སྩལ་པ། ཆེ་མེ་ལེགསོ་ལེག་སོ།། རིགས་ཀྱི་བུ་མོས་ནི་དེ་ལྟར་བྱ་དགོས།། ཆེ་ཞེ་གཞན་ཡང་གང་གི་ཚེ་ཁྱོད་ཀྱི་བུ་གེམ་པ ་འདོར་ནུས་པར་གྱུར་པའི་མེ། ཁ་ཟས་སྣུམ་པ་གང་དང་གང་དབྱིན་པ་དེ་དང་ངེ་འཇུནུས་པར་འགྱུརོ།། བཅོམ་ལྡན་འདས་དེ་ནི་བཀའ་མང་ངོ་།། བཀའ་སྩལ་པ། ཅི་དང་པོའི་ཟས་ཀྱིས་མགུ་བར ་འགྱུར་ན།། གསོལ་པ་བཅོམ་ལྡན་འདས་དོན་པ་ལགསོ།། བཀའ་སྩལ་པ། ཆེ་ནི་དེ་བཞིན་དུ་གང་གི་ཆེ། ངའི་ཉན་ཐོས་རྣམས་བྱིས་པ་ཆུང་ངུ་ཟ་བ་དེ་འདྲ་བ་དེའི་ཚེན། དམར་དང་འདྲ་བའི་སྡུག ་བསྔལ་དང་། རྣག་པ་དག། སུང་བ་དང་། བདག་མེད་པའིང་སྔར་པོ་སྟོན་ཏོ།། གང་གི་ཚེ་ཁྱོད་ཀྱི་བུ་སྐྱེས་པ་བཞིན་དུ་ཉན་ཐོས་ཆེན་པོར་གྱུར་ཏེ། སྐབས་ཆེར་སྐྱེས་ཤིང་ཐེག་པ་ཆེན་པོ་འཛི ་གྱུར་པ་དེའི་ཚེ་མི། ང་ཡང་རོ་དྲུག་དང་ལྡན་པའི་ཁ་ཟས་ཆེན་པོ་དང་འདྲ་བའི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་འི་མདོ་ཆེན་པོ་སྟོན་དེ་ལ་རོ་དྲུག་པོ་རྣམས་གང་ཞེ་ན། སྡུག་བསྔལ ་གྱི་སྒྱུར་དང་། མི་རྟག་པའི་ལན་ཆ་དང་། བདག་མེད་པའི་ཚ་བ་དང་། བདེ་བའི་མངར་བ་དང་། བདག་ཡོད་པའི་སྐ་བ་དང་། རྟག་པའི་ཁབ་རྣམས་ཏེ། རོ་དྲུག་པོ་འདི་རྣམས་ཉོན་མོངས་པོའི་བུང ་ཤིང་དང་། སྒྱུ་མའི་མེས་གཅེས་པའི་ཟས་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་དེ་ཁོ་ན་ཉིད་ཀྱིས་འབྲས་ཆན་ཞིམགོ་རིའི་ཉན་ཐོས་རྣམས་ཟ་བར་འགྱུར་རོ།། ཆེ་ཞེ་གཞན་ཡང་ན ་མ་ཁྱོད་གཞན་གྱིས་བོས་སམ། གཞན་གྱིས་གཙུག་ཕུང་བཅའབའི་ཕྱིར་གྲོང་གཞན་དུ་འགྲོ་བར་འདོད་པ་ན། བུངན་པ་རྣམས་བོར་ཏེ། བུབཟང་པོ་རྣམས་བླངས་ནས། གཏེར་གསང་པ ་རྣམས་སྟོན་པར་བྱེད་དམ། བཅོམ་ལྡན་འདས་དེ་ནི་བཀའ་མད་ཏེ། བུ་ངན་པ་ཚུལ་མ་མཆིས་པ། ནོར་གྱི་སྐལ་བ་ཅན་མ་ལགས། དེ་དག་ལ་ནི་བདག་ནོར་སྟོན་པར་མི་བགྱིད་ལགས་ཀྱི ་བདག་ནི་བུ་བཟང་པོ་ཁྱིམ་སོ་ཟིན་པ། ཁྱིམ་གྱི་དོན་གྲུབ་པ་རྫས་བསྟན་པར་འོས་པ་དེ་དག་ལ་སྟོན་པར་འགྱིད་ལག་སོ།། བཀའ་སྩལ་པ། ཆེ་ཞེ་དེ་བཞིན་དུ་གང་གི་ཚེ་ཡོངསུ་མྱ་ངན་ལས ་འདས་པ་ཆེན་པོར་འགྲོ་བའི་བྱ་བ་བྱེད་པ་དེའི་ཚེ། དེ་བཞིན་གཤེགས་པ་གསང་བ་སྣ་ཚོགས་ཀྱི་དགོངས་པའི་ཚིག་མ་ལུས་པར་ཉན་ཐོས་རྣམས་ལ་རྟོན་ཏེ། དེར་སྲས་རྣམས་ལ་དད་པ ་སྦྱིན་པར་མཛད་དོ།། ཞེས་དཔེར་ན། ཁྱེད་བྱས་སུ་སོང་བ་ན་ཁྱེད་བྱེ་སུ་སོང་བ་ན་བུ་དྲན་པ་རྣམས་ཁྱོད་མ་ཤི་བར་ཤི་འོ་སྙམ་དུ་སེམས་སམ། བཅོམ་ལྡན་འདས་དེ་ནི་བཀའ་མེད ་དོ།། བཀའ་སྩལ་པ། དེ་ནས་ཁྱེད་ཕྱིར་འོངས་པ་དེ་ད། ག་གིས་མཐོང་བ་དེ་བཞིན་དུ་ཆེ་ཞེས་ང་ལ་མི་རྟོག་གོ།། སྙམ་དུ་འདུ་ཤེས་མ་བྱེད་ཅིག། དེང་དེ་བཞིན་གཤེགས་པ ་ཡོངསུ་མྱ་ངན་ལས་འདའ་བར་འགྱུརརོ་ཞེས་ཤི་བའི་འདུ་ཤེས་བཞིན་དུ་དེ་ལྟར་མ་འཛིན་ཅིག། གང་དག་རྟག་ཏུ་དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་དང་ཐེར་ཟུག་པའོ་སྙམ ་དུ་འཛིན་པ་དེ་དག་གི་ཁྱིམ་ན་ནི་དེ་བཞིན་གཤེགས་པ་བཞུགས་ཏེ། འདི་ནི་གཞན་གྱི་ལྷག་པའི་བསམ་པ་ཞེས་བྱའོ།། འདྲི་བའི་དབང་ཞེས་བྱ་བ་ནི། འདི་ན་ལ་ལ་ཞིག་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་བར་བྱེད་དེ།། བཅོམ་ལྡན་འདས་ཇི་ལྟར་བགྱིས་ན། བདག་གིས་སུ་ལ་ཅི་ཡང་མ་སྩལ་པར། འཇིག་རྟེན་དུ་སྦྱིན་པ་པོར ་། གྲགས་པའི་གཏམ་སྙན་པ་ཐོབ་པར་འགྱུར་ལགས། དེ་བཞིན་གཤེགས་པས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཆགས་པ་མེད་པ་ལ་བྲན་དང་། བྲན་མོ་བླང་བར་སྩོ ་ཤིག། གཏན་དུ་ཚངས་པར་སྤྱོད་པ་ལ་བུ་མོའི་སྦྱིན་པ་གྱིས་ཤིག། ཤ་མི་ཟ་བ་ལ་ཤ་ཟར་ཆུག་ཤིག། ཆང་མི་འཐུང་བ་ལ་ཆང་འཐུང་ངུ་ཆུག་ཤིག། དུསུ་ཟ་བ་ལ་དུས་མ་ཡིན་པར་ཟས ་བྱིན་ཅིག་མེ་ཏོག་འཕྲེང་བ་དང་། རྒྱུན་མི་ཐོག་པ་ལ་ཕྱེ་མ་དང་། སྤོས་དང་། མེ་ཏོག་དང་། གདུགས་པ་རྣམས་བྱིན་ཅིག། དེ་དག་གི་དུག་ཤེས་པར་གྱིས་ལ།། མགྲོན་དུ་བོས་ཤིག་དང་། ཁྱོད ་ཀྱིས་དེ་ལྟར་བྱས་ན། འཇིག་རྟེན་འདིར་སྦྱིན་པ་དག་གི་རྒྱལ་པོ་ཡིན་ཞེས་གྲགས་པ་ཆེན་པོར་འགྱུར་ཏེ། བསོད་ནམ་ས་འཕེལ་བར་ནི་མི་འགྱུར་རོ།། །། འཕགས་པ ་ཡོངསུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ལས། བམ་པོ་ལྔ་པ། དེ་ནས་འོད་སྲུང་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། ཤ་མི་འཚལ་བ་ལ ་གཟུང་བ་ནི་ཆེང་ཆེར་བགྱི་བ་ལགས་ན། ཤ་མི་འཚལ་པ་ལ་ཤ་འཚལ་དུ་བཙལ་ན། ནོངས་པར་མི་འགྱུར་ལགས་མ། བཀའ་སྩལ་པ། རིགས་ཀྱི་བུ་ལེགསོ་ལེག་སོ།། ཁྱོད་ཀྱིས་ངའི་དགོད ་བར་རིག་སྟེ། དམ་པའི་ཆོས་སྲུང་བས་ནི་དེ་ལྟར་བྱ་དགོས་སོ།། རིགས་ཀྱི་བུད་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་ཟ་བར་མི་གནང་ངོ་།། ཡུལ་འཁོར་གྱི་བསོད་སྙོམས་ནི་བུའི་ཤ་དང་། ་འདྲའོ་ཞེས་བྱ་ན། ཤ་ཟ་བར་ངས་ཇི་ལྟར་གནང་། ཤ་ཟ་བ་ནི་བྱམས་པ་ཆེན་པོ་ཆད་པར་འགྱུརརོ།། ཞེས་ངས་བསྟན་ཏོ།། གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་མུ་གསུམ ་ཡོངསུ་དག་པའི་ཤ་བཟའ་བར་གནང་བ་ལགས། བཀའ་སྩལ་པ། མུ་གསུམ་ཡོངསུ་དག་པ་འདི་ནི། ངས་རིམས་ཀྱི་བསླབ་པའི་གཞི་བསྡམ་པའི་ཕྱིར་དེང་ངས་བོར་རོ།། གསོལ་བ ་བཅོམ་ལྡན་འདས་ཅི་ལས་དགོངས་ཏེ། དོན་ཆེད་ཀྱི་མུ་དགུ་དང་། ཤ་རྣམ་པ་བཅུ་སྤང་བ་བཀའ་སྩལ་ལགས། བཀའ་སྩལ་པ། ཚིག་བཞག་པ་དེ་དག་ཀྱང་། ཤ་མི་བཟའ་བར་བསྡམ ་བའི་ཕྱིར་བཅད་དོ།། གསོལ་པ། བཅོམ་ལྡན་འདས་ཅི་ལས་དགོངས་ཏེ། ཤ་དང་ཉ་ཤ་བཟའ་བ་ཡང་ཁ་ཟས་བཟང་པོར་གསུངས་ལགས། བཀའ་སྩལ་པ། ངས་ནི་ཤ་དང་། ཉ་ཤ་ཁ ་ཟས་བཟང་པོར་མ་བཟུངས་ཀྱི་ངས་ནི་བུ་རམ་ཤིང་དང་། འབྲས་སཱ་ལུ་དང་། འབྲུ་དང་། གྲོ་དང་། ནས་དང་། སྲན་སྡེའུ་དང་། སྲན་གྲེའུ་རྣམས་དང་། མངར་བག་ཀ་ར་དང་། ལི་ཀ་ར་དང་། ་སྦྲང་རྩི་དང་། མར་དང་། འོ་མ་དང་། འབྲུ་མར་རྣམས་ཁ་ཟས་བཟང་པོར་གསུང་སོ།། ངས་ནི་ལུས་གཡོག་པའི་ཕྱིར། གོས་སྣ་ཚོགས་ཀྱང་ཁ་དོག་ངན་པར་བསྒྱུར་བར ་བྱའོ།། ཞེས་བསྟན་ན། ཤ་བཟའ་བའི་རོ་ལ་ཆགས་པ་ལྟ་ཅི་སྨོས། གསོལ་པ། དེ་ལྟར་ན་ནི་བའི་བཅུད་རྣམ་ལྔ་དང་། ཏིལ་དང་། འབྲུ་མར་ཤིང་གི་ཁུ་བ་དང་། དུང་དང་ཟེ་བ་དང ་ལ་སོགས་པ་ཡང་ཁྲིམསུ་བཅའ་བའི་རིགས་ལག་སོ།། བཀའ་སྩལ་པ། གཅེར་བུ་པའི་ལྟ་བ་མ་འཛིན་ཅིག། ང་ནི་འདུ་ཤེས་གཞན་གྱིས་ད་ཁྱོད་ལ་བསླབ་པའི་གཞི་བར་བྱ་སྟེ། མུ། ་གསུམ་གྱི་ཤ་ཡང་མི་བཟའ་བར་བསྡམ་སོ།། དོན་ཆེད་དུ་བྱས་པ་ཁྱོད་ཀྱིས་རིག་པ་དེ་ཡང་བསྡམ་སོ།། ཤ་རྣམ་བཅུ་ལ་མ་གཏོགས་པ་དེ་ཡང་སྤངས་སོ།། ཤི་བིའི་ཤ་ཡང་སྤངས།། ་ཤ་ཟ་བ་ནི་འགྲོ་ཡང་རུང་འདུག་ཀྱང་རུང་སྟེ། སྲོག་ཆགས་ཐམས་ཅད་དེའི་དྲི་ཚོང་ནས་དེས་འཇིགས་ཏེ། དཔེར་ན་མིས་ཤིང་ཀུན་ནམ་སྒྲོག་ཀྱ་ཟོས་ན། མི་འོ་ཅག་གི ་སེམས་མ་དད་པར་འགྱུར་ཞིང་། མི་འཐུན་པར་འགྱུར་ལ། མི་མང་པོ་འཚོགས་པ་འམ། སྐྱེ་བོ་མང་པོས་གང་བའི་ནང་དུ་སེམས་ཅན་དེ་དག་གིས་ཆེ་གེ་མོ་ཞིག་གིས་ཟོས་སོ་ཞེས་ཤེས ་པ་དེ་བཞིན་དུ་སྲོག་ཆགས་ཐམས་ཅད་ཀྱིས་ཤ་ཟ་བའི་ངོ་མི་ཤེས་ཏེ། དེ་དག་གིས་དྲི་ཚོར་ནས། འཆི་བའི་འཇིགས་པས་སྐྲག་པར་འགྱུར་ཏེ། དེ་རྒྱུ་ཞིང་འགྲོ་བ་ན། ཆུ་དང་། སྐམས་དང་། ་ནམ་མཁའ་ལ་གནས་པའི་སྐྱེ་བོ་རྣམས་སྐྲག་སྟེ། བདག་ཅག་འདིས་བསང་འོང་ངོ་སྙམ་ནས། ཁམས་པས་ཀྱང་འཆི་བར་འགྱུར་རོ།། རྒྱུ་དེ་དག་གིས་ན། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྣམས་ཤ་མི་ཟའོ།། གདུལ་བར་བྱ་བའིང་བང་གིས་ནི། ཤ་ཟ་བ་ལྟ་བུར་ཡང་སྟོན་མོད་ཀྱི་ཁ་ཟ་ས་ཐ་མ་ལ་ཡང་མི་ཟན། ཤ་ལྟ་ཅི་སྨོས། རིགས་ཀྱི ་བུ་ང་འདས་པའི་འོག་ཏུ་ལོ་རྒྱ་ཕྲག་མང་པོ་འདས་པ་ན། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྣམས་མེད་པར་གྱུར་ལ། དམ་པའི་ཆོས ་གཏན་ཞིག་པའི་ཚེ། དགེ་སློང་འདུལ་བ་དང་། མ་མོ་འཛིན་པ་རྟོག་པ་སྣ་ཚོགས་ཅན་རང་གི་ལུས་གསོ་བར་བྱེད་པ། ཤ་སྣ་ཚོགས་གཅེས་པར་འཛིན་པ་ཁམས་འཁྲུགས་པ་དང་། བསྒྲེས ་པ་དང་། སྐོམ་པས་གཟིར་བ། ཆ་ལུགས་འཇིགས་འཇིགས་ལྟར་འཇུག་པ་བ་ལང་རྫི་འདྲ་བ། བྱ་བ་འདྲ་བ། ཆོས་གོས་ཅན་གྱི་རྟག་འཆང་བ་བྱི་ལིའི་བརྟུལ་ཤུགས་སྤྱོད་པ། བདག་ནི ་དགྲ་བཅོམ་པ་ཡིན་ནོ།། ཞེས་ཁས་འཆེལ་གནོད་པ་མང་པོས་ཉེན་པ། རང་གི་གཅིན་དང་ཕྱི་སས་ལུས་གོས་པ། ཐུབ་པ་བཞིན་དུ་ཆ་ལུགས་བཟང་པོར་འཆོས་པ། དགེ་སྦྱོང་མ་ཡིན་པར ་དགེ་སྦྱོང་ལྟར་འཆོས་པ། དམ་པའི་ཆོས་ལྟར་གཙེས་པའི་ཡི་གེ་འཆང་བ་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ངས་བཅས་པའི་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་ལྡན་པའི ་ཚུལ་དང་། རུང་བ་མ་ཡིན་པ་ལ་ཆགས་པ་ལས་རྣམ་པར་གྲོལ་ག། ཐར་པའི་དེ་ཁོ་ཉིད་ཀྱི་ཡི་གེ་བཤིག་ནས། འདུལ་བ་དང་། མདོ་སྡེ་སོ་སོ་ནས་ཅི་དགའ་དགུར་འཆོས་ཤིང་སྨྲ་བར་བྱེད་དེ། ་འདི་ལྟར་བདག་ཅག་གི་འདུལ་བ་ལས། བཅོམ་ལྡན་འདས་ཀྱི་ཤིའི་བཅུད་ཀྱི་སྦྱིན་པ་ནི་རུང་བ་ཡིན་ནོ་ཞེས་གསུང་སོ་ཞེས་ཟེར་ཞིང་། ཤཱཀྱའི་བུའི་དགེ་སྦྱོང་རྣམས་བདག ་ཉིད་ཀྱིས་རང་བཟོར་བྱེད་ཅིང་འགལ་བར་སྨྲ་བ་དག་འབྱུང་བར་འགྱུར།། རིགས་ཀྱི་བུ་གཞན་ཡང་རུང་བ་མ་ཡིན། པིའི་འབྲས་རྗེན་པ་དང་། ཤ་དང་། ཉ་ཤ་ལེན་པ་དང་། ་སྣམ་སུ་སྦྱོར་བ་དང་། འབྲུ་མར་གྱི་སྣོད་དང་། གདུགས་བྱེད་པ་དང་། ལྷམ་བྱེད་པ་དང་། རྒྱལ་པོ་ལ་སྟེན་པ་དང་། མོ་ཡིག་འཆང་བ་དང་། སྨན་པའི་སྤྱད་ལ་བརྩོན་པ་དང་། བྲན་དང་། བྲན་མོ་དང་། ་གསེར་དང་། དངུལ་དང་། བྱི་རུ་དང་། དུང་དང་། མན་ཤེལ་དང་། མུ་ཏིག་གི་དོ་ཤལ་དང་། ཤང་ཏོག་རྣམས་ལེན་པ་དང་། རིག་པ་དང་། རི་མོ་མཁན་དང་། གཟུགས་མཁན་དང་། སྐྱེད་ཤིང་འཇུག ་པ་དང་། གསང་སྔགས་དང་། སྨན་དང་། བྱིས་པའི་རྩེད་མོ་དང་། གར་ཐབས་ཀྱི་ཡན་ལག་དང་མིག་དང་། མིག་འཕྲུལ་དང་། རེངས་པར་བྱ་བའི་ཕྱིར་སྦྱོར་བ་དང་། གླུ་གར་དང་། མེ་ཏོག་འཕྲེང་དང་། སོ་རྩི ་།། དང་། སྨན་མར་ཆེན་པོ་བསྐོལ་བ་དང་། སྤོས་དང་། ཐུག་པ་འཆང་བ་དང་། འགྲོས་ཆོས་པ་རྣམས་སློབ་པ་དང་། སྒེག་པའི་སྦྱོར་བ་ལ་བརྩོན་པ་དག་འབྱུང་བར་འགྱུར་ཏེ། དེ་དག་སྤས ་པ་ལ་ནི་དགེ་སློང་ཞེས་ང་ཟེར་རོ།། གསོལ་པ་བཅོམ་ལྡན་འདས་འོ་ན་ཇི་ལྟར་བགྱི་ལགས། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གཞན་གྱིས་སྩལ་བས་འཚོ་བ་རྣམས་ཀྱིས ་ཡུལ་གང་མ་བརྟག་པའི་ཟས་མོད་པ་དེར་བསོད་སྙོམས་ཤ་དང་འདྲེས་པ་ཇི་ལྟར་དག་པར་བགྱི་ལགས་བཀའ་སྩལ་པ། རིགས་ཀྱི་བུ་ཅི་ནས་འདུལ་བ་དང་། མི་འགལ་བར་ཆུས་བཀྲུས་ཏེ། བཟའ ་བར་བྱའོ་ཞེས་ངས་བསྟན་ཏོ།། ཡུལ་དེ་ལྟ་བུ་ན་ཟས་དང་སྐོམ་ཤིའི་ཟས་ཀྱི་ཤས་ཆེར་འདྲེས་པ་དེ་ལྟ་བུ་ནི་སྤང་བར་བྱའོ།། སྣོད་གཅིག་ལ་གཅིག་རེག་སྟེ། ཁ་ཟས་དངོས་མ་འདྲེས ་པ་དེ་ལ་ནི་ཉེས་པ་མེད་དོ།། ཤ་འམ། ཉ་ཤའམ། རི་དྭགས་ཀྱི་ཤའམ། རྨིག་པ་རྐམ་པོ་འམ། ཤི་འབག་གཞན་གྱིས་འབགས་པ་རྣམས་ཀྱང་ལྟུང་བྱེད་དུ་འགྱུརོ་ཞེས་ངཟེར་རོ། ་སྔར་ནི་དོན་གྱི་དམིགས་བྱུང་བའི་སྐབསུ་བསྟན་ཏོ།། ང་འདིར་ནི་ཤ་ཟ་བ་ལས་གནོད་པར་འགྱུར་བར་ངས་བསྟན་ཏོ།། འདི་ནི་ང་ཡོངསུ་མྱ་ངན་ལས་འདའ་བའི་ཚེ། མང་དུ་བཤད་པ་ཡིན་ཏེ། ་འདི་ནི་འདི་འང་འདྲ་བའིདབང་ཞེས་བྱའོ།། དེ་ལ་དོན་གྱི་དམིགས་བྱུང་བའི་དབང་ཞེས་བྱ་བ་ནི་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་དག་ང་ལ་འདི་སྐད་ཅེས་འདྲི ་བར་བྱེད་དོ།། དེ་བཞིན་གཤེགས་པས་ཐོག་མར་མགོ་ཅིག་ཁོ་ནར་བཀའ་སྩལ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་དོན་དང་ཚིག་འདི་རྣམས་ཅིའི་སླད་དུ་བཀའ་མ་སྩ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས། ཆོས་ཀྱི་སྒོ་དེ་ལྟར་བཀའ་སྩལ་པ་ནི། ལགས ་པར་གསུངས་པ་མ་ལག་སོ།། ཞེས་ཟེར་ན་ཉེས་པར་འགྱུ་རོ་ཞེས་ཟེར་རོ།། སྲུངས་པ་ཞེས་བྱ་བ་ནི་ཇི་སྐད་བཤད། འདུལ་བ་ཞེས་བྱ་བ་ནི་ཇི་སྐད་བཤད། སོ་སོར་ཐར་པ་ཞེས་བྱ་བ་ནི་ཇི་སྐད་བཤད ་ཅེ་ན། ཉེས་པ་གཞན་ཡང་དུ་མ་ཡོད་དེ་དག་ཉོན་ཅིག། དེ་ལ་སོ་སོར་ཐར་པ་ཇི་སྐད་བཤད་ཅེ་ན། སོ་སོར་ཐར་པ་ཞེས་བྱ་བ་ནི། ཆོག་ཤེས་པ་དང་། ཡོ་བྱད་བསྙུངས་པ་དང་། ལེན་པ་མེད་པའོ།། ་གཅིག་ཏུ་ན་སོ་སོར་ཐར་པ་ཞེས་བྱ་བ་ནི། གཉིས་གའི་དོན་ལས་གོས་པར་བྱེད་པའི་ཕྱིར་རོ།། ལོག་པའི་ཚིག་ལས་གྲོལ་བར་བྱེད་པས་ན་ཐར་པའོ།། སྲུང་བ་ཞེས་བྱ་བ་ནི་རུང་བ་མ་ཡིན ་པ་ཐམས་ཅད་ཀྱིས་འཚོ་བས་འགྲོ་བས་འགྲོ་བ་བཞི་པོ་རྣ། མ་སུ་ལྷུང་བར་བྱེད་པ་དང་། སེམས་ཅན་དམྱལ་བ་མན་ར་མེད་པ་ལ་སོགས་པའི་འཇིགས་པའི་གནས་ཐད་དུ ་བཙོ་བར་འགྱུར་བ་དེ་ལས་སྲུང་བའི་ཕྱིར་རོ།། འདུལ་བ་ཞེས་བྱ་བ་ནི་ཐོབ་པར་བྱེད་པ་དང་། ཆོ་ག་སྟོན་པའི་ཕྱིར་དང་། རྫས་ངན་པ་ལེན་པ་ལ་ངེས་པར་འབྱུང་བ་མེད་པའི་ཕྱིར། རྫས་ངན་པ ་ལེན་པ་ཡང་མེད་རྫས་ངན་པ་སྦྱིན་པ་ཡང་མེད་པ་དེ་ནི་འདུལ་བ་ཞེས་བྱའོ།། འོ་ན་འདུལ་བའི་བསླབ་པའི་གཞི་དེ་ཅིའི་ཕྱིར་ཅིག་ཚར་མ་བཅས་ཤེ་ན། དེའི་ཚེ་ཁ་ཅིག་ཕམ་པ་བཞིའི་ཉེས ་བཟུང་བ་དག་ཀྱང་ཡོད། དགེ་འདུན་གྱི་ལྷག་མ་བཅུ་གསུམ་གྱི་ཉེས་པ་བྱུང་བ་དག་ཀྱང་ཡོད། སྤང་བའི་ལྟུང་བ་སུམ་ནུའི་ཉེས་པ་བྱུང་བ་དག་ཀྱང་ཡོད། ལྟུང་བ་ཉི་ཚེ་དགུ་བཅུ་རྩ་གཅིག ་གི་ཉེས་པ་བྱུང་བ་དག་ཀྱང་ཡོད། སོ་སོར་བཤགས་པ་བཞིའི་ཉེས་པ་བྱུང་བ་དག་ཀྱང་ཡོད། བསླབ་པ་མང་པོའི་ཆོས་ཀྱི་ཉེས་པ་བྱུང་བ་དག་ཀྱང་ཡོད། རྩོད་པཞི་པར་བྱ་བ ་བདུན་གྱི་ཉེས་པ་བྱུང་བ་དག་ཀྱང་ཡོད། རྟག་ཏུ་བསླབ་པ་ཐམས་ཅད་ལས་འགལ་བར་བྱེད་པ་དག་ཀྱང་ཡོད། མཚམས་མེད་པ་བྱེད་པ་དག་ཀྱང་ཡོད། མདོ་སྡེ་སྤོང་བ་དག་ཀྱང་ཡོད། འདོད ་ཆེན་པོའི་མཐར་ཐུག་པའི་རྒྱུའི་མཚན་ཉིད་རྫོགས་པ་དག་ཀྱང་ཡོད་དེ། འདི་ན་དགེ་སློང་སྡིག་པའི་ལས་བྱེད་པ། ཆོས་ཐམས་ཅད་ལས་ཐལ་བ། དེ་དག་གཞན་དག་གིས་བསྐུལ་ན་ཡང ་བདག་ཉིད་མཁས་པ་ཡིན་པའི་མངོན་པའི་ང་རྒྱལ་བྱེད་ཅིང་འཆགས་པར་མི་བྱེད་དེ། གསོར་རུང་བ་ཡང་གས་ང་སྟེ། གསོར་མི་རུང་བར་བྱེད་པ་དག་ཀྱང་ཡོད། ཁ་ཅིག་ནི། ་རུ་སྦྲུལ་གྱི་ལུས་བཞིན་དུ་སྦེད་པ་ཡང་ཡོད་དེ། དེ་ལྟར་བདག་གིས་ཉེས་པ་ཡུན་རིང་དུ་བཅས་པས་ཉེས་པ་འ་བྱུང་ཞིང་སྡིག་པ་བསྩགས་པར་འགྱུར་བས་ན།། དེའི་ཕྱིར ་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཡིན་པས་སྡིག་པ་ཅན་རྣམས་རེ་རེ་ནས་འདྲི་བར་མཛད།། ཐོག་མ་ཁེ་ནར་གཅིག་བཅས་པ་ན། བསླབ་པའི་གཞི་ཐམས་ཅད་གཅིག་ཆར་འཆར ་བར་མི་མཛད་དོ།། གསོལ་པ་དེ་བཞིན་གཤེགས་པས་མཁྱེན་བཞིན་དུ་དེ་དག་མནར་མེད་པ་ཤིན་ཏུ་འཇིགས་པའི་སར་གཏང་བ་མཛད་དམ་ཅི་ལགས། དཔེར་གསོལ་ན། འདྲོན་པོ་དག ་ཤུལ་དུ་ཞུགས་ཏེ། ཤུལ་དྲང་པོར་འཆལ་བ་ལས། དེར་ཤུལ་གཅིག་ནི་ལོག་ཤིན་ཏུ་མཆེ་བ་ལགས་ལ་དེ་དག་ཀྱང་ཤུལ་བོར་ཏེ། ལོག་པར་ཞུགས་ཤིང་མ་རུང་བར་གྱུར་ཀྱང་། བདག ་། ཅག་ནི་ཤུལ་ལོག་པར་ཞུག་སོ་སྙམ་དུ་མཚོར་ནས། འདི་ནི་ཤུལ་བཟང་པོ་ལ་སོགསོ་སྙམ་དུ་འཛིན་ཅིང་དོང་ལ་པས་རྒྱུ་བའི་འདྲོན་པོ་ཡང་མཐོང་བ་དེ་བཞིན་དུ་ཆོས་ལ་རྨོངས་པའི་སེཾན་དམ་པའི་ཆོས ་ཀྱི་ཁོ་ན་ཉིད་མཐོང་བ་རྣམས་ལ། བཅོམ་ལྡན་འདས་ཀྱིས་ཐོག་མ་ཁོ་ནར་ཤུལ་བསྟན་འཆལ་བ་ལས་སྔར་ནོངས་པ་རྔམས་ཆེ་ཆུང་མ་བསྟན་པས། དགེ་སློང་རྣམས་ཉེས་པ་རྣམས་ཀྱི་ནདདུ་ལྟུང་བར ་འགྱུར་ན། འདི་ལྟར་བཅོམ་ལྡན་འདས་བདེན་པའི་འགྲོ་ལམ་གྱི་ཁྱད་པར་ཡང་དག་པར་གཟིགས་པ་ཆོས་ཀྱི་ལམ་གྱི་ཡོནྡ་གྱི་ཁྱད་པར་གྱི་ཕན་ཡོན་ཡང་དག་པར་གཟིགས་པ། ལྷའི ་ཡང་ལྷ་བཅོམ་ལྡན་འདས་ཀྱིས་དེའི་ཚེ་དུ་བསླབ་པའི་གཞི་བཅའ་བ་བསྟན་དུ་གསོལ། བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་ཁྱོད་དེ་བཞིན་གཤེགས་པ་ལ་དེ་སྐད་མ་ཟེར ་ཅིག། དེ་བཞིན་གཤེགས་པ་ནི་ཡོན་ཏན་གྱི་ཁྱད་པར་གྱི་ཆོས་བཅུ་ཡང་དག་པར་གཟིགས་པ་ཡིན་ལ། སེམས་ཅ་ན་ཛད་ལ་ཡང་སྒྲ་གཅན་ཟིན་བཞིན་དུ་གཟིགས་མཇི་ལྟར ་དགེ་སློང་རྣམས་མནར་མེད་པར་འགྲོ་བར་མཛད།། དེ་བཞིན་གཤེགས་པ་ནི་གལ་ཏེ་སེམས་ཅན་གཅིག་རྒྱུད་དེ་འདྲ་བ་ཞིག་གཟིགས་ན་ཡང་དེ་ངེས་པར་བསྒྲལ་བའི་ཕྱིར། བསྐལ་པའམ ་བསྐལ་པ་ལས་ལྷག་པར་ཡང་སེམས་ཅན་དམྱལ་བར་བཞུགས་སྤྱོད་ན། ཐུགས་རྩེ་བ་དང་ལྡན་པ་ཇི་ལྟར་ཉིད་ཀྱི་སྲས་རྣམས་ལ་སླུ་བར་མཛད་འོད་སྲུང་ཆེན་པོ་དང་རུས་གཅིག་པ། ་དཔེར་ན། གྲོང་ཁྱེར་རམ། རི་ཁྲོད་ཀྱི་གྲོང་ཞིག་ན། ཐག་པ་ཞིག་ཡོད་ན། དེ་ནི་དེར་རས་བཏག་པའི་ཡོ་བྱད་ཐགས་ཆ་གང་ཁ་རྒལ་བ་འདོར་བར་བྱེད་པ་དང་། དཔེར་ན་འཁོར་ལོས་སྒྱུར ་པའི་རྒྱལ་པོ་ནི་ཐོག་མ་འཁོར་ནར་དག་པ་བཅུའི་ལས་ཀྱི་ལམ་རྣམས་ཅིག་ཆར་སྦྱོང་བར་མི་བྱེད་ཀྱིས་སེམས་ཅན་གང་དང་གང་ཆོས་མ་ཡིན་པ་ལ་སྟེན་པ་དེ་དང་དེ ་དག་འཁོར་ལོ་རིན་པོ་ཆེས་བརྟུལ་ནས། དམ་པའི་ཆོས་ལ་འགེད་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱང་ཐོག་མ་ཁོ་ནར་སོ་སོར་ཐར་པའི་སླབ་པའི་གཞི་ཅིག་མ་འཆའ་བར ་མི་མཛད་ཀྱི་དགེ་སློང་གང་གིས་ཉེས་པ་ཅི་དང་ཅི་བྱས་པའི་དེན་གྱི་དམིགས་པ་བྱུང་བ་དང་། དེ་གླེང་བཞིར་མཛད་ནས་བསླབ་པའི་གཞི་འཆ་བར་མཛད་ལ་སེམས་ཅན་ཆོས་འདོད་པ་གང ་ཡིན་པ་རྣམས་ཀྱིས་དེ་དང་དེ་མཐོང་ནས་ཡིད་ཆེས་པར་འགྱུར། ཏེ། དེ་དག་དབང་དུ་འཇུག།། དེ་ལྟར་ན་ཤིན་ཏུ་བརྟག་པར་བཀའ་བའི་ཆོས་ཡང་དག་པར་གཟིགས་ནས། ཐ་ག་པ་དང་འཁོར ་ལོས་སྒྱུར་བའི་རྒྱལ་པོའི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སངས་རྒྱས་རྣམས་ཀྱི་ཚེ་ས་ཉིད་ཀྱང་དེ་དང་འདྲ་སྟེ། དེ་ལྟར་ན་སངས་རྒྱས་བཅོམ་ལྡན ་འདས་རྣམས་བསམ་གྱིས་མི་ཁྱའོ།། ཆོས་བསྟོན་པ་ཡང་བསམ་གྱིས་མི་ཁྱའོ།། དེ་བཞིན་དུ་ཉན་པ་པོ་རྣམས་དང་། ཡིད་ཆེས་པ་རྣམས་ཀྱང་བསམ་གྱིས་མི་ཁྱབ་སྟེ། འདི་ནི་དོན་གྱི་དམིགས་བྱུང ་བའི་དབང་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དམིགས་བྱུང་བའི་ཕྱིར་དག། ང་ཡོ་སུ་མྱ་ངན་ལས་འདའ་བའི་ཆོས་ཀྱི་རྣམ་གྲངས་འདི་བཞིས་ཆོས་སྟོན་པར་བྱེད་དེ། ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ནི་དོན་གྱི་དམིགས་བྱུང་བའི་དབང་ཞེས་བྱ་བ་ཡིན་པར་རིག་པར་བྱའོ།། བད་གི་ལྷག་པའི་བསམ་པ་ཞེས་བྱ་བ་ནི་དེང་ངའི་ལྷག་པའི་བསམ་པ ་བསྟན་པ་བཤད་པས་ན། བངདགི་ལྷག་པའི་བསམ་པ་ཞེས་བྱ་བ་ཡངས་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ཡིན་པར་རིག་པར་བྱའོ།། འདྲི་བའི་དབང་ཞེས་བྱ་བ་ཡང་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་ཆ་ཕྲ་བའི་ཡེ་ཤེས་དང་ལྡན་པ་འོད་སྲུང་ཆེན་པོ་དང་། རུས་གཅིག་པ་ཁྱོད་ཀྱི་དབང་དུ་བྱས་ནས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྔོན ་མ་ཐོས་པའི་ཚིག་ཡི་གེ་འབྲུ་ཅིག་པའི་ཐེག་ལེའི་གཏམ། དགོངས་པའི་ཚིག་གསང་བ་སྣ་ཚོགས་བསྟན་པས་ན། དེའི་ཕྱིར་འདྲི་བའི་དབང་ཡང་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན ་པོ་ཡིན་པར་རིག་པར་བྱའོ།། དེ་ལ་ལ་ལ་ཞིག་འདི་ལྟར་ན་ནི། སླུ་བར་འགྱུར་ལ། འདི་ལྟར་ན་ནི་སླུ་བར་མི་འགྱུརརོ།། སྙམ་དུ་རྟོག་སྟེ། དཔེར་ན་མི་ལ་ལ་ཞིག་ན་མཁའ་ཞེས་ཀྱང ་ཟེར། སྟོང་པ་ཞེས་ཀྱང་ཟེར། ཅི་ཡང་མེད་པ་ཞེས་ཀྱང་ཟེར། ཐེག་པ་མེད་པ་ཞེས་ཀྱང་ཟེར། དེ་དེ་སྐད་ཟེར་ན། གཞན་དག་ལ་སླུ་བ་མ་ཡིན་ནོ།། དེ་བཞིན་དུ་ཡོངསུ་མྱ་ངན་ལས ་འདས་པ་ཆེན་པོའི་མདོ་ལྔས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྟག་པ་འདི་ལ་མོས་ནས། ཆོས་ཀྱི་རྣམ་གྲངས་བཞི་པོ་རྣམས་བརྗོད་པར་བྱེད་ན ་གཞན་དག་ལ་སླུ་བ་མ་ཡིན་ནོ།། ལྕགས་ཀྱི་གར་བུ་མེ་འབར་བ། རྡུང་བའི་ཚེ་ན་ཁད་ཀྱིས་ནི། གྲངས་པར་གྱུར་ཀྱང་། མེའི་དྲོད། གང་དུ་སོང་བ་མི་རིག་ལྟར་དེ་བཞིན་ཡང་དག་རྣམ་གྲོལ་བ། ་འདོད་པའི་འདམ་དང་ཆུའོ་རྒལ།། མི་གཡོ་བདེ་བ་ཐོབ་རྣམས་ཀྱང་།། གང་དུ་སང་བ་གང་གསུ་མེད། ཡང་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་ཁྱོད་དེ་བཞིན་གཤེགས་པ་རྣམས་མེད་པར ་འགྱུར་བའི་འདུ་ཤེསུ་ལྟ་བས། སྙིང་མི་དག་མ་བྱེད་ཅིག། ལྗགས་དང་མདོ་ལྐུག་ཤེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ཏེ། ལྕགས་མེ་འབར་བ་ལས་གྲངས་པར་གྱུར་པ་བཞིན ་དུ་དེ་བཞིན་གཤེགས་པ་རྣམས་མེད་པར་འགྱུར་བའི་གནས་མེད་དོ།། ལྕགས་མེ་འབར་བ་ལས་གྲངས་པ་བཞིན་དུ། ཉོན་མོངས་པའི་རྣམ་པ་ཞི་བར་འགྱུར་མོད་ཀྱི། གང་གི་ཚེ་ལྕགས་མེར ་འབར་བར་གྲངས་པར་འགྱུར་བ་ན། ཚ་ཙ་འཕྲོ་བ་ཐམས་ཅད་དང་བཅས་ཏེ། མེད་པར་འགྱུར་ན་ནི། དེའི་ཚེ་དེ་བཞིན་གཤེགས་པ་ཡང་མི་རྟག་པར་འགྱུར་ན། ལྕགས་དེ་འོད་དང་བཅས་པ་མེད་པར ་འགྱུར་བ་ནི་མི་སྲིད་དོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་མྱ་ངན་ལས་འདས་པ་ཆེན་པོ་འདི་དང་བཅས་ཏེ་མི་རྟག་པར་འགྱུར་བ་མི་སྲིད་ཏེ། ཇི་ལྟར་ལྕགས་ཀྱི་མེ་གྲངས་པར་འགྱུར་བ་དེ ་བཞིན་དུ་དེ་བཞིན་གཤེགས་པ་ཡང་བསྐལ་པ་མང་པོ་གྲངས་མེད་པ་བྱེ་བ་སྙེད་དུ་བསྔགས་པའི་ཉོན་མོངས་པ་རྣམས་ཟད་ནས། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པར་འགྱུར་ཏེ། ་དེ་ལྟར་ན་ཡང་དག་པར་རྣམ་པར་གྲོལ་བའི་དེ་བཞིན་གཤེགས་པ་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་ནོ།། འདོད་པའི་འདམ་ནི་ཉོན་མོངས་པ་རྣམས་ཤེས་བྱ་བའི་དོན་ཏེ། ཉོན་མོང ་པའི་འདས་དེ་ལས། བསྐལ་པ་གྲངས་མེད་པས་རྒལ་བ་མདོའི་ཕྱིར་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་པ་ལ་དེ་བཞིན་གཤེགས་པའི་གནས་གདགས་པར་མི་ནུས་ཏེ། དེ་བས ་ན་ཡང་དག་ཤེས་པས་རྣམ་གྲོལ་པ་འདོད་པའི་འཇམ་དང་ཆུ་བོ་རྒལ། མི་གཡོ་བདེ་བ་ཐོབ་པ་རྣམས་ཀྱང་། གང་དུ་སོང་བ་གདག་སུ་མེད།། གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཇི་ལྟར ་ལྕགས་གྲངས་པར་གྱུར་ཀྱང་། སླད་ཀྱིས་ཡང་ཞུགས་ཀྱིས་ཚ་བར་འགྱུར་བ་བཞིན་དུ་གལ་ཏེ་དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་བར་འགྱུར་ན་ནི། མི་རྟག་པར་འགྱུར་ལག་སོ།། བཀའ་སྩལ། ་པ། དེ་བཞིན་གཤེགས་པ་ནི་རྟག་པ་སྟེ། བདག་ཉིད་མེ་ལྟ་བུར་གྱུར་ནས། ལྕགས་དང་འདྲ་བའི་སེམས་ཅན་མང་པོ་རྣམས་ཡེ་ཤེས་ཀྱིས་མེས་བདའ་ཕྲད་ནས་ཡང་དག་པ་མ་ཡིན་པའི་ཉོན་མོངས ་པ་རྣམས་ཟད་པར་མཛད་དོ།། གསོལ་པ། བཅོམ་ལྡན་འདས་ལེགས་ལེག་སོ།། ལེག་སོ་ལེག་སོ།། དེ་བཞིན་གཤེགས་པའི་རྟག་པ་ཉིད་མ་ལུས་པར་བཤ་དུ་གསོལ།། བཀའ་སྩལ་པ། རིགས་ཀྱི་བུ ་གཞན་ཡང་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་རང་གི་བ་ཙུན་མོ་འཁོར་དུ་སོང་བ་ལས་ཐང་ཅིག། སྐྱེད་མོས་ཆ་ལ་གཞན་ཞིག་ཏུ་བྱུང་སྟེ། དེ་དེར་སོང་ནས་རྩེ་བར་བྱེད་པ་ན ་གང་གི་ཚེ་རྒྱལ་པོ་བཙུན་མོའི་འཁོར་ནས་མི་སྣང་བར་གྱུར་པའི་ཚེ། ཤིའོ་སྙམ་པའི་འདུ་ཤེས་བསྐྱེད་པར་མི་བྱའོ།། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་ཆོས་ཉིད་ལས་ཉམ ་པར་མི་འགྱུར་ཏེ། རྒྱལ་པོ་དང་འདྲ་བར་འཛམྦུའི་གླིང་དུ་དེ་བཞིན་གཤེགས་པ་མི་རྟག་པར་གྱུར་ཏོ་ཞེས་གྲངས་པའི་འདུ་ཤེས་བསྐྱེད་པར་མི་བྱའོ།། ཇི་ལྟར་རྒྱལ་པོ་བཙུན་མོའི་འཁོར་ནས ་བསྐྱེད་མོས་ཚལ་དུ་སོང་སྟེ། རྩ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཉོན་མོངས་པའི་རྣམ་པ་ཉིད་ཀྱི་བཙུན་མོའི་འཁོར་ལྟ་བུས་ངེས ་བར་བྱུང་སྟེ། ཉོན་མོངས་པ་མེད་པར་བཅོམ་ལྡན་འདས་གཟུགས་སྣ་ཚོགས་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་སྣ་ཚོགས་དང་ལྡན་པའི་བསྐྱེད་མོས་ཚལ་དུ་གཤེགས་ནས། དེ་བཞིན་ག ་པ་ཉེར་མོངས་པ་དང་བྲལ་བ་ཉིད་ཀྱིས་སྐུའི་ཐབས་སྟེན་པ་སྣ་ཚོགས་ཀྱིས་རེལ་པར་མཛད་དོ།། གསོལ་པ། དེ་བཞིན་གཤེགས་པ་བསྐལ་པ་གྲངས་མེད་པ་བྱེ་བ་སྙེད་ཀྱི་ཉོན་མོངས ་བའི་རྒྱ་མཚོ་ངེས་པར་རྒལ་ཅེས་བགྱི་བ་འདི་ལ་གཏན་ཚིག་བཀའ་སྩལ་འཚལོ།། ད་ལྟར་མངོན་སུམ་དུ་དེ་བཞིན་གཤེགས་པ་སྒྲ་ཅན་ཟིན་གྱི་མ་དང་། ལྷན་ཅིག་ཏུ་འདོད་པ་རྣམས་བསྟེན་པ་དང་། ་སྒྲ་གཅན་ཟིན་གྱི་ཡབ་ཏུ་གྱུར་པར་ཡང་བསྟན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་བསྐལ་པ་དུ་མ་བྱེ་བ་སྙེད་ཀྱིས། འདོད་པའི་ཆུ་བོ་ལས་ངེས་པར་རྒལ་བ་མ་ལག་སོ།། བཀའ་སྩལ་པ། རིགས ་ཀྱི་བུ་ཁྱེད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ད་ག་པར་རྫོགས་པའི་སངས་རྒྱས་ནི་ད་ལྟར་མངོན་སུམ་དུ་སྒྲ་གཅན་ཟིན་གྱི་མ་དང་ལྷན་ཅིག་ཏུ་འདོད་པ་རྣམས་བསྟེན་པ་དང་། ་སྒྲ་གཅན་ཟིན་གྱི་ཡབ་ཏུ་གྱུར་པར་ཡང་སྟན་ཏེ། དེ་བ་ས་ན་དེ་བཞིན་གཤེགས་པ་ནི་བསྐལ་པ་དུ་མ་བྱེ་བ་སྙེད་ཀྱིས་འདོད་པའི་ཆུ་བོ་ལས་ངེས་པར་རྒལ་བ་མ་ཡིན་ནོ་ཞེས་དེ ་སྐད་མ་ཟེར་ཅིག་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ནི་རྟག་པ་ཆེན་པོ་ཞེས་བྱ་སྟེ། སེམས་གང་དུ་མ་གཡེང་བར་ཉོན་ལ་ཐོས་ནས་ཀྱང་གཞན་དག་ལ་སྟོན་ཅིག། དེས་སྐྲག་པར་ཡང་མ་བྱེད ་ཅིག། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དེ་པའ་ཆེན་པོས། རིའི་རྒྱལ་པོ་རི་རབ་དེ་ལྟར་མཐོ་ཞིང་། དེ་ལྟར་ཐག་གྲུ་ཆེ་བ་ཡོངསུ་འབྲུའི་ཁོང ་དུ་འཇུག་པར་བྱེད་ལ། རི་རབ་ལ་གནས་པའི་སེམས་ཅན་རྣམས་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང་དུ་སོང་། གང་དུ་ཁྱེར། གང་དུ་བཅུག་སྙམ་དུ་མ ་ཤེས་ཤིང་མི་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིས། རིའི་རྒྱལ་པོ་རི་རབ་ཡུངས་འབྲུའི་ཁོང་དུ་བཅུག་སྟེ་སྦས་སྙམ་དུ་ཡང་དག་པར། ་ཤེས་ཤིང་ཡང་དག་པར་མཐོང་ངོ་།། དེ་ནས་ཡང་དེ་རང་གི་གནསུ་འཇོག་པར་བྱེད་དེ། མདོ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡུལ་ནི་དེ་ལྟ་བུ་ཡིན་ནོ།། ་རིགས་ཀྱི་བུ་དེ་བས་ཀྱང་ལྷག་པར་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་ཡུངས ་འབྲུའི་ཁོང་དུ་འཇུག་པར་བྱེད་ལ། སེམས་ཅན་གཅི་ག་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག། གིས་བདག་ཅག་གང་དུ་སོང་གང་དུ་ཁྱེར། གང་དུ་བཅུག ་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་།། སེམས་ཅན་ག། ཞན་དག་ནི། འདིས་ད་ལྟར་བྱས་སོ་སྙམ་དུ་ཡང་དག་པར་ཤེས་ཤིང་། ཡང་དག་པར་རྗེསུ་མཐོང་ངོ་།། དེ་ནས་ཡང་རང་གི ་གནསུ་འཇོག་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། སྟོང་གསུམ་གྱི་སྟོང་ཆེན ་ཆེན་པོའི་འཇིག་རྟེན་གྱི་ཁམས་རང་གི་བ་སྤུའི་ཁོང་བུར་འཇོག་པར་བྱེད་ལ། སེམས་ཅན་གཅིག་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང་དུ་སོང་། ་གང་དུ་ཁྱེར། གང་དུ་བཅུག་སྙམ་དུ་མི་ཤིས་ཤིང་མི་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱས་སོ།། སྙམ་དུ་ཡང་དག་པར་ཤེས་ཤིང་ཡང་དག་པར་མི་ཐོང ་རིགས་ཀྱི་བུ་གཞན་ཡང་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། འཇིག་རྟེན་གྱི་ཁམས་འདི་ན་འདུག ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ཁབ་ཀྱི་རྩེ་མོས་རྒྱ་ཤུག་གི་ལོ་མ་བཞིན་དུ་བླངས་ཏེ། འཇིག་རྟེན་གྱི་ཁམས་གཞན་དུ་འདོར་བར་བྱེད་ལ། སེམས་ཅན་གཅིག་ལ ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང་དུ་སོང་། གང་དུ་ཁྱེར། གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི། འདིས ་ད་ལྟར་བྱས་སོ་སྙམ་དུ་ཤེས་ཤིང་། ཡང་དག་པར་མཐོང་ངོ་།། དེ་ནས་ཡང་དེ་རང་གི་གན་སུ་འཇུག་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནྡ ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ལག་པ་གཡས་པས་བླངས་ཏེ། རྫ་མཁན་གྱི་འཁོར་ལོ་བཞིན ་དུ་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་མོའི་རྡུལ་སྙེད་ཀྱི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ཏུ་འཕེན་པར་བྱེད་ལ། སེམས་ཅན་གཅིག་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས ་བདག་ཅག་གང་དུ་སོང་། གང་དུ་ཁྱེར་གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི། འདིས་འདི་ལྟར་བྱས་སོ།། སྙམ་དུ་ཡང་དག་པར་ཤེས་ཤིང ་ཡང་དག་པར་མཐོང་ངོ་།། དེ་ནས་ཡང་དེ་རང་གི་གནསུ་འཇོག་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོས་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་རང་གི་ལུས་ལ་འཇུག་པར་བྱེད་ལ། སེམས་ཅན་གཅིག་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག ་གང་དུ་སོང་། གང་དུ་ཁྱེར། གང་དུ་བཅུག་སུམ་མི་ཤེས་ཤིང་མི་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱས་སོ་སྙམ་དུ་ཡང་དག་པར་ཤེས་ཤིང་ཡང་དག་མཐོང་ངོ་།། ་དེ་ནས་ཡང་རང་གི་གན་སུ་འཇོག་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་རྣམས་རྡུལ་ཕྲ་རབ་ཀྱི་ཁོང་དུ་འཇུག་པར་བྱེད་ལ། སེམས་ཅན་གཅིག་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག ་གང་དུ་སོང་། གང་དུ་ཁྱེར། གང་དུ་བཅུག་སྙམ་དུ་མི་ཤེ། ས་ཤིང་མི་མཐོང་ངོ་།། སེམས་ཅན་གཞན་དག་གི་ས་ནི། འདིས་འདི་ལྟར་བྱས་སོ་སྙམ་དུ་ཡང་དག་པར་ཤེས ་ཤིང་ཡང་དག་པར་མཐོང་ངོ་།། དེ་ནས་ཡང་དེ་རང་གི་གནསུ་འཇོག་པོར་བྱེད་དོ།། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ ་ལས་སོགས་པ་སྒྱུ་འཕྲུལ་ཆེན་པོའི་སྟོབས་རྣམ་པ་སྣ་ཚོགས་སྟོན་པ་ནས་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འདི་འདྲ་བ་ཞིག་གོ།། དེ་འདྲ་བ་ཞིག་གོ།། འདི་ལྟར་བྱསོ།། འདི་ལྟ་བུ་ཞིག་བྱས་སྙམ་དུ་ཤེས་པར་མི་ནུས་ན། རིགས་ཀྱི། ་། བུ་ཁྱེད་ཀྱིས་དེ་བཞིར་གཤེགས་པས་འདོད་པ་རྣམས་སྤྱོད་དོ།། སྒྲ་གཅན་ཟིན་གྱིས་ཕན་པར་གྱུར་ཏེ།། སྣམ་དུ་ཤེས་རེ་སྐན། རིགས་ཀྱི་བུ་གཞན་ཡང་དེང་ངས་ཡོངསུ་མྱ་ངན ་ལས་འདས་པ་ཆེན་པོ་ལ་གནས་ན། སྟོང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ན་ཅི་མ་དང་ཟླ་བ་ཐེར་འབུམ་ཡོད་པ་དང་། འཛམ་བུའི་གླིང་ཐེར་འབུམ་ཡོད་པའི་སྟོང་ཁམས ་དག་ཏུ་ཆོ་འཕྲུལ་ཆེན་པོ་སྙན་པར་བྱའོ།། དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི། དཔའ་བར་འགྲོ་བའི་ཏིང་འཛིན་གྱི་ལུགས་བཞིན་དུ་རྒྱས་པར་སྦྱང་བར་བྱའོ།། ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམསུ་འཛམ་བུའི་གླིང་ལ་ལར་ནི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་བྱེད་པ་དེ་ལྟ་བུ་སྟོན་ལ། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོར ་གཏན་དུ་ཡོངསུ་མྱ་ངན་ལས་འདའ་བར་ཡང་མི་བྱེད་དོ།། 2ཇ། མཱུ་གླིང་ལ་ལར་ནི། ངས་པ་མ་གཉིས་ཀྱི་ཟླ་མཚན་གྱི་དུ། སུ་མངལ་དུ་སྐྱེ་བར་སྟོན་ཏེ། དེ་གཉིས་ཀྱང་བདག་ཅག ་གཉིས་ཀྱི་བུར་འགྱུར་སྙམ་དུ་ཡང་དག་པར་ཤེས་སོ།། ང་ནི་བསྐལ་པ་མང་པོ་བྱེ་བ་ཕྲག་གྲངས་མེད་པས། ལན་འགའ་ཡང་འཁྲིག་པ་ལས་མ་སྐྱེས་ཏེ། འཁྲིག་པ་ལས་སྐྱེས་པའི་ལུས་ལས། ་རྒལ་བས་ན། ཤའི་ལུས་མ་ཡིན་གྱི། ཆོས་ཀྱི་སྐུ་ཡིན་ནོ།། འཁྲིག་པའི་མངལ་དུ་འཇུག་པ་འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བའི་ཐབས་ཙམ་དུ་ཟད་དོ།། རིགས་ཀྱི་བུ་འཛམྦུ་གླིང་ལ་ལ ་ནི། དབུ་བཅའ་བའི་པང་དུ་བུར་སྐྱེ་བར་ཡང་སྟོན་ཅིང་། བསྐྱེད་མོས་ཚལ་གྱི་གན་སུ་བུ་བཙའ་བའི་བུར་གྱུར་ཏེ། སྐྱེན་པར་ལངས་ནས། བྱང་ཕྱོག་སུ་ཁ་ལྟས་ཏེ། གོམ་པ་བདུན་པོར་ནེས་ལྷ་དང་། ་4། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱི་བླ་ན་མེད་པར་འགྱུར་བར་བྱའོ་ཞེས་ཟེར་སྟེ། སེམས་ཅན་རྣམས་ཀྱིས་ནི། བྱིས་པ་བཙས་མ་ཐག་ཏུ་གོམ་པ་བདུན་འདོར་བ་སྔན་ཆད་བདག་གིས ་མ་མཐོང་སྟེ། ཀྱེ་མ་བདག་གི་བུ་ནི་ལྷའི་བུ་ཞིག་གོ་སྙམ་དུ་ཡང་དག་པར་ཤེསོ།། སེམས་ཅན་མང་པོ་གཞན་དག་ཀྱང་ངོ་མཚར་དུ་འཛིན་ཏེ། འོན་ཀྱང་ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ ་ནས། བྱིས་པའི་དངོས་པོ་ལས་ལོག་པས། ནམས་ཀྱང་བྱིས་པར་མ་གྱུར་ཏེ། ང་ནི་ཆོས་ཀྱི་སྐུ་ཡིན་གྱིས། རུས་པ་དང་། རྒྱུས་པ་དང་། ཤ་དང་། ཁྲག་གི་ལུས་མ་ཡིན་ལ། བྱིས་པར་འགྱུར་བ་ཡང ་སྟོན་པ་འདི་ནི། འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ། པང་ནས་ལངས་ཏེ། ལྷའི་ཕྱོགས་ཆ་ལོག་སུ་གོམ་པ་བ་དུན་བོར་ནས། འཇིག་རྟེན་ཐམས་ཅད་དུ་ཡོན་གནས་སུ ་འགྱུར་བར་བྱའོ་ཞེས་ཟེར་རོ།། ནུབ་ཀྱི་ཕྱོགས་ཆ་ལེགསུ་གོ། མ་པ་བདུན་བོར་ནས། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། ཆེ་བ་རྣམས་སྤངས་ཏེ། ལུས་ཀྱི་ཐ་མར་གཏུག་པར་བྱའོ་ཞེས ་ཟེར་རོ།། ཤར་ཕྱོགསུ་ཁ་ལྟས་ཏེ། གོམ་པ་བདུན་བོར་ནས། སེམས་ཅན་ཐམས་ཅད་ཀྱི་ཐོག་མར་འགྲོ་བར་བྱའོ་ཞེས་ཟེར་རོ།། ཕྱོགས་མཚམས་རྣམསུ་གོམ་པ་བདུན་བོར་ནས། ཉོན་མོངས་པ ་རྣམ་པ་སྣ་ཚོགས་ཀྱི་རང་བཞིན་གྱི་བདུད་བཅོམ་ཏེ། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱསུ་འགྱུརརོ་ཞེས་ཟེར་རོ།། སྟེང་གི་ཕྱོགས་ཆ་ལོགསུ་གོམ་པ་བདུན་བོར་ནས། མྱུར་དུ ་ནམཁའི་བཞིན་དུ་རུང་བ་མ་ཡིན་པའི་ཆོས་ཐམས་ཅད་ཀྱི་ལུས་མི་གོས་པར་བྱའོ་ཞེས་ཟེར་རོ།། འོག་གི་ཕྱོགས་ཆ་ལོག་སུ་གོམ་པ་བདུན་བོར་ནས། སེམས་ཅན་དམྱལ་བ་ཐམས་ཅད་ཀྱིས་ནི ་དམྱལ་བའི་མ་བསང་བའི་ཕྱིར། སྤྲིན་ཆེན་པོ་ལྟར་ཆོས་ཀྱི་འཆར་དབབ་པར་བྱ་སྟེ། དེ་དག་བདེང་དང་ལྡན་པར་བྱའོ།། ཚུལ་ཁྲིམས་འཆལ་པ་རྣམས་ལ་ནི། སེར་བ་ལྟ ་བུར་འགྱུར་བར་བྱའོ་ཞེས་ཟེར་རོ།། འཛམྦུའི་གླིང་ལ་ལར་ནི། ང་གཙུག་པུད་འཆའ་བར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་བྱིས་པའི་གཙུག་བུད་བཅསོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི ་ལྷ་དང་བཅས་པའི་འཇིག་རྟེན་ན། ངའི་མགོ་བོ་ནས་འཛིན་ཅིང་སྐྲ་གཅོད་ནུས་པའི་མི་སུ་ཡང་མེད་དེ། སྔོན་བསྐལ་པ་གྲངས་མེད་པ་ནས་ཀྱང་། ང་གཙུག་པུད་བཅའ་བའི་མཐར་གཏུག ་ཟིན་པས་ན། སྤུ་གྲྀས་ངའི་སྐྲ་ཆོད་པར་འགྱུར་བ་ནི་མི་སྲིད་དོ།། འདི་འཇིག་རྟེན་དང་མཐུན་པར་བྱ་བའི་ཙམ་དུ་ཟ་ད་དེ། གཙུག་པུད་བཅའ་བ་ནི་བྱིས་པ་འབའ་ཤིག་ལ ་བྱ་བ་ཡིན་ནོ།། འཛུམྦུ་གླིང་ལ་ལར་ནི་དབང་ཕྱུག་ཆེན་པོའི་ལྷ་ཁང་དུ་འགྲོ་བ་ཡང་སྟོན་ཏེ། དེར་དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མཐོང་ན། ་ངའི་ཞབས་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ཞིང་འདུག། ང་ནི་སྔོན་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཀྱང་ལྷ་དང་མི་དང་། ལྷ་མ་ཡིན་རྣམས་ཀྱི་ལྷ་ཡི་ཡང་ལྷ་ཡིན་པས་ན། ནམས་ཀྱང ་དབང་ཕྱུག་ཆེན་པོའི་ལྷ་ཁང་དུ་མི་འགྲོ་སྟེ། དེར་འགྲིབ་ལྟ་བུར་བསྟན་པ་འདི་ན་འཇིག་རྟེན་དང་མཐུན་པའི་བྱ་བ་ཙམ་དུ་ཟད་དོ།། འཛམྦུ་གླིང་ལ་ལར་ནི་ངས་རྣ་བ་དབུག་པ་བསྟན་མོད་ཀྱི། ་ངི་རྣ་བ་འབིགས་ནུས་པའི་མི་མེད་དོ།། འཛམྦུའི་གླིང་ལ་ལར་ནི། ངས་རྣ་ཆ་གདུབ་ཀོར་སེངྒེ་ཅན་ཐོགས་པར་བསྟན་ཏེ་དེས་སེམས་ཅན་རྣམས་ཀྱིས་བྱིས་པ་འདི་ནི། རྣ་ཆ་གདུབ་ཀོར་ས ་ཅན་ཐོགས་པའོ་སྙམ་དུ་ཡང་དག་ཤེས་མོད་ཀྱི། ང་ནི་སྔོན་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཀྱང་། བྱིས་པའི་དངོས་པོ་ལས་ཀྱང་ལོག་པས་ན། ངལ་རྣ་ཆག་གདུབ་ཀོར་སེངྒེ་ཅན་བཏག ་བ་མེད་དོ།། རྣ་ཆ་གདུབ་ཀཽ་རེསེངྒེ་ཅན་ཐོགས་པར་བསྟན་པ་ནི། འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།། འཇམྦུ་གླིང་ལ་ལེར་ནི། ང་ཡི་གེ་སློབ་པའི་སར་འགྲོ་བ་བསྟན་མོད་ཀྱི། ་འཇིག་རྟེན་གསུམ་ན་ངའི་མཁན་པོར་རུང་བ་མ་མཐོང་སྟེ། ང་ཉིད་སེམས་ཅན་ཐམས་ཅད་ཀྱི་མཁན་པོ་ཡིན་ནོ།། དེ་བས་ན་ངའི་མིང་ཐམས་ཅད་མཁྱེན་པ་ཞེས་བྱའོ།། ང་ནི་བསྐལ་པ་བྱེ་བ ་ཕྲག་གྲངས་མེད་པ་ནས་ཀྱང་ཡི་གེ་སློབ་ལ་གནས་པ་ལས་འདས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་ན། འོན་ཀྱང་སེམས་ཅན་རྣམས་ཀྱིས་ཁྱེའུ་འདི་ཡི་གེ་སློབ ་པའི་སར་སོང་ངོ་སྙམ་དུ་ཡང་དག་པར་ཤེས་ཏེ། འདི་ནི་འཇི་ག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་སུ་ཆུད་པར་གྱིས་ཤིག། འཛམྦུའི་གླིང་ལ་ལར་ནི་ངས་གླང་པོ་ཆེ་དང ་རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། རིན་པོ་ཆེ་སྣ་ཚོག་ས་དང་། གཏེར་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་རྣམས་ཀྱང་བསྟན།། རྒྱལ་ཚབ་བྱེད་པ་ཡང་བསྟན་ཏེ། ངས་ནི་སྔོན་བསྐལ ་བ་བྱེ་བ་ཕྲག་གྲངས་མེད་པ་ནས་ཀྱང་། འདོད་པའི་ལོངས་སྤྱོད་རྣམས་སྤངས་མོད་ཀྱི། སེམས་ཅན་རྣམས་ཀྱིས་རྒྱལ་ཚབ་ནི་འདོང་བ་རྣམས་ལ་ལོངས་སྤྱོད་དོ་སྙམ་དུ་ཡང་དག་པར་ཤེས ་སོ།། འཛམྦུའི་གླིང་ལ་ལར་ནི། ངས་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་བསྟན་ཏེ། ངས་ནི་བསྐལ་པ་བྱེ་བ་ཕྲག་མང་པོར་གྲངས་མེད་པ་ནས་དེ་སྤངས་ནས་ཆོས་ཀྱི་འཁོར་ལོ ་བསྐོར་ཏེ། ངས་དེ་ལྟ་བུའི་ཤ་བཞིན་དུ་བོར་ནས། རྒྱལ་སྲིད་ཀྱི་ལོངས་སྤྱོད་ཡོངསུ་འཛིན་པ་སྤངས་ན། འོན་ཀྱང་སེམས་ཅན་རྣམས་ཀྱིས་འཁོར་ལོས་སྒྱུར་བའི ་རྒྱལ་པོ་སྙམ་དུ་ཡང་དག་པར་ཤེས་ཏེ་འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ།། འཛམྦུའི་གླིང་ལ་ལར་ནི། ངས་རྒན་པོ་དང་། ནད་པ་དང་། ཤི་བ་མཐོང་ནས་སྐྱོ་བར་གྱུར ་ཏེ། གར་ཐབས་ལྟ་བུའི་བདེ་བ་ཐམས་ཅད་སྤངས་ནས་རབ་ཏུ་འབྱུང་བའི་བསྟན་ཏེ། སེམས་ཅན་རྣམས་ཀྱིས། ཀྱེ་མ་གཞོན་ནུ་ནི་རབ་ཏུ་བྱུང་ངོ་སྙམ་དུ་ཡང་དག་པར་ཤེས་སོ།། ངས ་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་རབ་ཏུ་བྱུང་བའི་བྱ་བ་མཐར་གཏུགས་ཟིན་མོད་ཀྱི་སྐྱོ་བར་གྱུར་ནས་རབ་ཏུ་འབྱུང་བ་ལྟ་བུར་སྟོན་པ་ནི་འཇིག་རྟེན་དང་། འཐུན ་པར་བྱ་བ་ཙམ་དུ་ཟད་དོ།། ངས་བསྙེར་པ་རྫོགས་པ་ལྟ་བུར་བསྟན་པ་དེ་ཡང་འཇིག་རྟེན་ངེས་པར་བསྒྲལ་བའི་ཕྱིར་རོ།། ངས་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང ་དང་དཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་ལ་སོགས་པ་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་བསྟན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་མྱུར་བ་ཁོ་ནར ་བླ་ན་མེད་པའི་དགྲ་བཅོམ་པར་གྱུར་ཏོ།། སྙམ་དུ་ཡང་དག་པར་ཤེས་སོ།། ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཀྱང་། དགྲ་བཅོམ་པའི་བྱ་བ་མཐར་གཏུགས་ཟིན་མོད་ཀྱི། བྱང ་ཆུབ་ཀྱི་ཤིང་དྲུང་དུ་རྩ་གཏིང་བ་ལ་འདུག་པ་དང་། བདུད་འདུལ་བར་བསྟན་པ་འདི་ནི། འཇིག་རྟེན་ངེས་པར་བསྒྲལ་བའི་ཕྱིར་ཏེ། བདུད་ཕམ་པར་བྱས་ནས། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་བོ་སྙམ་དུ་སེམས་ཅན་རྣམས་ཀྱི་ཡང་དག་པར་ཤེས་སོ།། ངས་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས། ཉོན་མོངས་པའི་རྣམ་པ་དང་། ལྷ་དང་རང་བཞིན་གྱི་བདུད། ་ཕམ་པར་བྱས་ནས། བདུད་རྩིའི་མཆོག་རྟོག་སོ།། ངས་ནི་བཤང་བ་དང་ཅི་བ་དང་། དབུགས་རྔུབ་པ་དང་། དབུགས་འབྱུང་བའི་བྱ་བ་སྟོན་མོད་ཀྱི། ངའི་ལུས་ལ་རྒྱུ་བ་དང་། འཐུན་པ་དང་། རྣ ་བར་སྨིན་པ་མེད་དོ།། སེམས་ཅན་རྣམས་ཀྱིས་ནི་མི་དང་འདྲའོ་སྙམ་དུ་ཡང་དག་པར་ཤེས་ཏེ། འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།། སེམས་ཅན་རྣམས་ཀྱིས་ཁ་ཟས ་ཟའོ།། སྙམ་དུ་ཡང་དག་པར་ཤེས་མོད་ཀྱི་ངའི་ལུས་ལ་བཀྲེས་པས་ཉམ་ཆུང་བ་མེད་དོ།། འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།། ངས་ནི་བསྐལ་པ་བྱེ་བ་ཕྲག་གྲངས ་མེད་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་ཏེ། སྲི་ད་པ་རྣམ་པར་སྤངས་ཀྱང་ཉལ་བ་ལྟ་བུར་སྟོན་ཏེ། འོན་ཀྱང་དེའི་ལུས་ལ་གཉིད་དང་སྐྱིབས་བུ་དང་། ཁྲུལ་བ་དང་། ་རུ་ཤིང་ན་བ་དང་། ཀླ་དང་རྣམས་མེད་དོ།། ཉལ་བར་བྱེད་པ་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ།། འགྲེང་བ་དང་། འཆག་པ་དང་། མིག་འཛུམས་པ་དང་། རྐང་པ་བསྙུང་བ ་དང་། ལུས་ཀྱི་སྤྱོད་ལམ་བྱེད་པར་སྣང་མོད་ཀྱི། ངའི་ལུས་ལ་དེ་ལྟ་བུའི་གནོད་པ་རྣམས་མེད་དོ།། རྐང་པ་འཁྲུ་བ་དང་། སྣུམ་གྱིས་བྱུག་པ་དང་། ཆུ་སྤྱད་པ་དང་། སོ་ཤིང་བ་དང་། མིག་སྨན ་གྱིས་སྐུད་བར་སྣང་མོད་ཀྱི་ངོར་ལུས་ལ་དེ་ལྟ་བུའི་གནོད་པ་རྣམས་མེད་དོ།། རྐང་པ་པད་མའི་མདོག་འདྲ་དང་ཁ་ནས་ཨུཏྤ་ལའི་དྲི་འཐུང་བ་དང་། མོག་དཔེ་མེད་པར་བཟང་བ་དེ་དག་ཀྱང་། ་། འཇིག་རྟེན་དང་འཐུན་པར་བྱ་བ་ཙལ་དུ་ཟང་ངོ་།། སེམས་པར་རྣམས་ཀྱིས་ནི་བང་པོའི་ཚུལ་དང་འདྲའོ།། སྙམ་དུ་ཡང་དག་པར་ཤེསོ།། ཕྱག་དར་ཁྲོད་ཀྱི་གོས་ས་ལས་བླངས་ཏེ། ་འཁྲུ་བ་ལྟ་བུར་སྣང་མོད་ཀྱི། ང་ལ་དེ་དགོས་པ་མེད་དོ།། སེམས་ཅན་རྣམས་ཀྱིས་ནི། མིའི་དངོས་པོར་ཡང་དག་པར་ཤེས་ཏེ། སྒྲ་གཅན་ཟིན་གྱི་པར་བསྟན་པ་དང་། ཟས་གཙང་དང་། སྒྱུ ་འཕྲུལ་པ་མར་བསྟན་པ་ཡང་འཇིག་རྟེན་གྱི་དོན་ཡིན་ནོ།། འཇིག་རྟེན་གྱི་བདེ་བ་མྱོང་ནས་ངེས་པར་བྱུང་སྟེ་ནགས་ཚལ་དུ་རབ་ཏུ་བྱུང་བ་དང་། རྒྱལ་པོའི་བུ་གོའུ་ཏ་མ་ཞེས་བྱ་བ་ནི་འདོད་པ་དང་། ་འདིང་པ་མ་ཡིན་པ་དང་། བདེ་མ་ཡིན་པ་བྱེ་བྲག་བྱེད་པ་འགྱུར་ནས། མྱ་ངན་ལས་འདས་པའི་བདེབཚོ་ལོ་ཞེས་བྱ་བ་འདི་ཡང་བྱིས་པ་སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར་རོ།། ་དེ་བཞིར་གཤེགས་པ་ནི་འཁྲིག་པ་ལས་བྱུང་བ་མ་ཡི། ན་ཏེ། སྒྲ་གཅན་ཟིར་གྱི་བར་གྱུར་པ་བསྟན་པ་དང་། རང་གི་པ་མ་བསྟན་པ་ཡང་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ ་ཟད་དོ།། ལྷ་དང་། མི་དང་། ལྷ་མ་ཡིན་རྣམས་ཀྱིས་ནི་མིའི་དེ་བཞིན་གཤེགས་པའོ་སྙམ་དུ་ཡང་དག་པར་ཤེསོ།། རིགས་ཀྱི་བུ་འཛམྦིའི་གླིང་ལ་ལར་ནི་ང་ཡང་དང་ཡང་དུ་ཡོངསུ་མྱ་ངན་ལས་འདས ་བ་ལྟ་བུར་སྟོན་ཏེ། འོན་ཀྱང་གཏན་དུ་ཡོངསུ་མྱ་ངན་ལས་འདའ་བར་མི་བྱེད་དོ།། རེས་འགའ་ནི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་གྲོང་སོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། དེ ་བཞིན་གཤེགས་པ་ནི་དུས་ཐམས་ཅད་དུ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་ཏེ། ཡོངསུ་མྱ་ངན་ལས་འདས་པར་སྟོན་པ་ནི། སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ།། འཛ་མྦུའི་གླིང་ལ་ལ། ་ནི་སྐྱེ་བར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་སྐྱེསོ་སྙམ་དུ་ཡང་དག་པར་ཤེ་སོ།། ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས། བྱ་བ་བྱས་ཟིན་མོད་ཀྱི་དེར་ཡང་གོ་འཕང་ཐམས་ཅད་ཀྱི་དོན། ་ཐོབ་མཐར་ཐུག་པར་བསྟན་ཏེ། འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ།། འཛམྦུའི་གླིང་ལ་ལར་ནི་ངས་ཚུལ་ཁྲིམས་འཆལ་པ། ཕམ་པ་བྱུང་བ་ལྟ་བུར་བསྟན་ཏེ། སེམས་ཅན ་རྣམས་ཀྱིས་ཀྱེ་མ་ཕམ་པ་བྱུང་བའོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། ང་ལ་ནི་སྔན་ཆད་གཡེལ་བར་གྱུར་པ་མེད་དོ།། འཛམྦུའི་གླིང་ལ་ལར་ནི། ངས་བདག་ཉིད་བཞིན་གཤེགས་པ་ལ ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགྲ་བཅོམ་པ་བསོད་པ་དང་། པ་མ་བསོད་པ་དང་། བདག་ཉིད་དགེ་འདུན་གྱི་དབྱེན་མེ་བར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་སེམས་ཅན་འདི ་ནི་མཚམས་མེད་པ་ལྔའི་ལས་བྱེད་པ་ཡིན་ནོ།། སྙམ་དུ་ཡང་དག་པར་ཤེས་མོད་ཀྱི་ང་ཡང་དེ་ལྟ་བུའི་ལས་བྱ་ད་པ་མ་ཡིན་ལ། ལྷ་དང་བཅས་པའི་འཇིག་རྟེན་ན་ཡང ་སུས་ཀྱང་དགེ་འདུན་འབྱེད་མི་ནུ་སོ།། འཛམྦུའི་གླིང་ལ་ལར་ནི། ངས་དམ་པའི་ཆོས་སྤོང་བ་དང་། བདག་ཉིད་འདོད་ཆེན་པར་སྟོན་ཏེ། སེན་རྣམས་ཀྱིས་ཀྱེ་མ་སེམས་ཅན་འདི་ནི་དམ་པའི་ཆོས ་སྤོང་བ་དང་། འདོད་ཆེན་པའོ་སྙམ་དུ་ཡང་དགེ་པར་ཤེས་ལ་འདོད་ཆེན་པ་ལྟ་བུར་བསྟན་པ་ནི་མ་འོངས་པའི་སེམས་ཅན་རྣམས་ཀྱི་ཕྱིར་ཏེ། འཇིག་རྟེན་པ་ནི་རྟག་ཏུ་འདོད་ཆེན་པོ་ཡིན་གྱི། ་སངས་རྒྱས་ནི་འདོད་ཆེན་པ་མ་ཡིན།། འཛམྦུའི་གླིང་ལ་ལར་མིངས་དམ་པའི་ཆོས་འཛིན་པར་བསྟན་ཏེ། སེན་རྣམས་ཀྱིས་ཀྱེ་མ་དམ་པའི་ཆོས་ཀྱི་ཕྱོགས་འཛིན་པའོ་སྙམ་དུ་ཡང་དག་པར ་ཤེས་སོ།། འདི་ནི་སངས་རྒྱས་རྣམས་ཀྱི་རང་བཞིན་ཏེ། འདི་ནི་ཆོས་ཉིད་ཡིན་པས་ངོ་མཚར་ཆེ་བ་མེད་དོ།། འཛམྦུའི་གླིང་ལ་ལར་མིང་བདུད་བགེགས་བྱེད་པ་ལྟ་བུ ་སྟོན་ཏེ།། སེམས་ཅན་རྣམས་ཀྱིས་ཀྱེ་མ་བདུད་སྡིག་ཅན་སྙམ་དུ་ཡང་དག་པར་ཤེས་ལ། པདྨ་ཆུས་མི་གོས་པ་བཞིན་དུ་བྲལ་བདུད་ཀྱི་ཉེས་པས་མི་གོས་སོ།། འཛནྡོའི་གླིང་ལ་ལར་ནི། ་བུད་མེད་ཀྱི་གཟུགས་ཀྱིས་འཚང་རྒྱ་བར་སྟོན་ཏེ། སེམས་ཅན་ཡོད་གཉིས་ཟ་བ་རྣམས་ཀྱིས། བུད་མེད་འཚང་རྒྱ་བར་བྱེད་དོ་སྙམ་དུ་ཡང་དག་པར་ཤེས་ལ། དེ་བཞིན་གཤེགས་པ་ནི། ་རྟག་ཏུ་སྐྱེས་པ་ཁོ་ན་ཡིན་བཞིན་དུ་སེམས་ཅན་རྣམས་གདུལ་བའི་ཕྱིར་གཉི་གར་ཡང་སྟོན་ཏོ།། དེ་བཞིན་དུ་གཟུགས་དུ་མའི་ཐབས་ཀྱི་ཕྱོགས་ལ་འཇུག་པ་བསྟན་ཏེ།། དེ་དག་ཐང ་ཀྱང་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ།། འཛམྦུའི་གླིང་ལ་ལར་མི་ངས་འགྲོ་བ་བཞི་པོ་རྣམས་སྐྱེ་བར་བསྟན་ཏེ། དེའི་ལས་བྱེད་པ་ཡང་མ་ཡིན་ནོ།། དུད་འགྲོ ་སྐྱེ་གན་སུ་འཇུག་པ་ཡང་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟང་ངོ་།། འཛམྦུའི་གླིང་ལ་ལར་ནི། ངས་ཚངས་པའི་གཟུགས་བསྟན་ཏེ། ཚངས་པ་ལ་དང་པའི་སེམས་ཅན་རྣམས་ལ ་བགེགས་བྱ་བ་བསྟན་ནས། དམ་པའི་ཆོས་ལ་འགེད་པར་བྱེད་ལ། དེའི་ལས་བྱེད་པ་ཡང་མ་ཡིན་ཏེ། སེམས་ཅན་རྣམས་ཀྱིས་ཚངས་པའི་བདག་པོའོ་སྙམ་དུ་ཡང་དག་པར་ཤེས་སོ།། ་དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་གནས་དེའི་གཟུགས་ཀྱི་དགེགས་བྱས་ནས། སེམས་ཅན་ཐམས་ཅད་དམ་པའི་ཆོས་ལ་འགེད་པར་བྱེད་དེ། སེན་རྣམས་ཀྱིས་ལྷ་ཐམས་ཅད་ཀྱི་བདག་པོའོ།། ་སྙམ་དུ་ཡང་དག་པར་ཤེ་སོ།། འཛམྦུའི་གླིང་ལ་ལར་ནི། ངས་སླད་འཚོང་མ་རྣམས་ངེས་པར་བསྒྲལ་བའི་ཕྱིར། སྨད་འཚོང་མའི་ཁྱིམ་དུ་འགྲོ་བར་བསྟན་ལ། ངལ་འདོད་པའི་ཉེས་པ་ཡང་། ་མི་སྐྱེ་སྟེ། ཆུའི་ནང་གི་པདྨ་བཞིན་དུ་ང་ལ་འདོད་པ་རྣམས་ཀྱི་ཉེས་པས་མི་གོས་སོ།། ང་ནི་འདོད་པ་ལ་ཆགས་པའི་སེམས་ཅན་རྣམས་འདོད་པའི་ཆུ་བོ་ལས་ངེས་པར་བསྒྲལ་བའི་ཕྱིར། ་བཞི་མདོ་དང་སུམ་མདོ་ཐམས་ཅད་དུ་ཡང་སྣང་མོད་ཀྱི། དེའི་ལས་བྱེད་པ་ཡང་མ་ཡིན་ཏེ། སེམས་ཅན་རྣམས་ཀྱིས་ནི། འདི་ནི་ཡུལ་རྒྱུ་བ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་སོ།། འཇམ ་བུའི་གླིང་ལ་ལ་རཱ་ནི་ང་རོལ་མོ་རྣམས་དམ་པའི་ཆོས་ལ་གཟུད་པའི་ཕྱིར། ང་རོལ་མོའི་གནསུ་འགྲོ་བར་བྱེད་མོད་ཀྱི་ང་ནི་ལས་དེ་བྱེད་པ་ཡང་མ་ཡིན་ནོ།། འཛམྦུའི ་གླིང་ལ་ལར་ནི། བྱིས་པ་རྣམས་ངེས་པར་བསྒྲལ་བའི་ཕྱིར། ཡི་གེ་སློབ་པའི་སར་སོང་སྟེ། གྲ་དཔོན་བྱེད་ཅིང་བྱིས་པ་རྣམས་སློབ་པར་བྱེད་དོ།། འཛམྦུའི་གླིང་ལ་ལར་ན། ་སེམས་ཅན་དེ་དག་བསྒྲལ་བའི་ཕྱིར། ང་ཆང་འཐུང་བར་བྱེད། རྒྱན་པོས་རྩེ་བར་བྱེད། གཡེངས་པ་ལ་དགའ་བར་བྱེད་དེ། ལས་ཆེན་པོ་དེ་དག་བྱེད་མོད་ཀྱི། ང་ནི་ལས་དེ་བྱེད་པ་ཡང་མ། ་ཡིན་ལ། སེམས་ཅན་རྣམས་ཀྱིས། འདི་ནི་ལས་བྱེད་པ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེ་སོ།། འཛམྦུ་གླིང་ལ་ལར་ནི། བྱ་རྒོད་དང་། ཁ་རྣམས་ངེས་པར་བསྒྲལ་བའི་ཕྱིར། དུར་ཁྲོད་དུ ་འགྲོ་བར་བྱེད་མོད་ཀྱི། དེར་ང་ལྟ་བའི་འདུ་ཤེས་མི་འཇུག་གོ།། འཇམྦུ་གླང་ལ་ལར་ནི། དམ་པའི་ཆོས་གནས་པར་བྱ་བའི་ཕྱིར། ཁྱིམ་བདག་ཏུ་ཡང་སྟོན་ཏོ།། དམ་པའི་ཆོས ་།། སྐྱོང་བ་དང་། འཇིག་རྟེན་སྐྱོང་བའི་ཕྱིར། བློན་པོ་རྣམས་ཀྱི་ནང་དུ་བློན་པོར་འགྱུར་རོ།། གཞོནུ་རྣམས་ལ། དམ་པའི་ཆོས་ཡང་དག་པར་བསྟན་པའི་ཕྱིར། ་གཞོནུ་རྣམས་ཀྱི་ནང་དུ་གཞོནུར་བཀུར་རོ།། དམ་པའི་ཆོས་ཀྱི་རྒྱལ་བའི་ཆོས་ལུགས་ཡང་དག་པར་བསྟན་པའི་ཕྱིར། རྒྱལ་པོ་རྣམས་ཀྱི་ནང་དུ་རྒྱལ་པོར་བསྐུར་རོ།། ་འཛམྦུའི་གླིང་ལ་ལར་ནི། ནད་ཀྱི་བར་གྱི་བསྐལ་པའི་ནང་དུ་སེམས་ཅན་རྣམས་ལ་སྨན་བྱིན་ན། དེ་དག་དམ་པའི་ཆོས་ལ་འཛུད་པར་བྱེད་དེ། སེམས་ཅན་རྣམས་ཀྱི་ནད་ཀྱི་བར ་གྱི་བསྐལ་པའོ་སྙམ་དུ་ཡང་དག་པར་ཤེས་སོ།། འཛམྦུ་གླིང་ལ་ལར་ནི་མུ་གེའི་བར་གྱི་བསྐལ་པའི་ནང་དུ་བཀྲེས་ཤིང་ཉམས་ཆུང་བའི་སེམས་ཅན་རྣམས་བདུད་རྩིའི་ཟས ་ཀྱིས་ཚིམ་པར་བྱས་ནས། དམ་པའི་ཆོས་ལ་འཛུད་པར་བྱེད་དེ། སེམས་ཅན་རྣམས་ཀྱི་མུ་གེའི་བར་གྱི་བ་སྐལ་བའོ།། སྙམ་དུ་ཡང་དག་པར་ཤེས་སོ།། འཛམྦུའི ་གླིང་ལ་ལར་ནི། མཚོན་གྱི་བར་གྱི་བསྐལ་པ་བསྟན་ཏེ། དེ་དག་འཚོགས་ཤིང་གཅིག་ལ་གཅིག་བསོད་པ་འི་དུས་ལ་བབ་པ། དེ་དག་དམ་པའི་ཆོས་ལ་འཛུད་པར ་བྱེད་དེ། སེམས་ཅན་རྣམས་ཀྱི་བར་གྱི་བསྐལ་པའོ་སྙམ་དུ་ཡང་དག་པར་ཤེས་སོ།། འཛམྦུ་གླིང་ལ་ལར་ནི། སེམས་ཅན་རྟག་པའི་འདུ་ཤེས་ཅན་རྣམས་ལ་མི་རྟག་པའི་དུ ་ཤེས་བསྟན་པའི་ཕྱིར། བསྲེག་པའི་བསྐལ་པ་བསྟན་ཏེ། སེམས་ཅན་རྣམས་ཀྱིས་བསྲེགས་པའི་བསྐལ་པའོ་སྙམ་དུ་ཡང་དག་པར་ཤེས་སོ།། འཇམྦུ་གླིང་ལ་ལར་ན ་སེམས་ཅན་རྣམས་ལ་སྒྲ་སྐད་བསྟན་ཏེ། དེ་དག་སྒྲ་སྐད་ཀྱིས་དྲངས་ནས་ངེས་པར་སྒྲོལ་བར་བྱེད་དོ།། འཛམྦུའི་གླིང་ལ་ལར་ནི། སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར། ་བདག་ཉིད་ཁམས་གཞི་པོ་རྣམསུ་སྒྱུར་བར་བྱེད་ཅིང་། སེམས་ཅན་རྣམས་ཀྱི་ནད་གསལ་བའི་ཕྱིར། བདག་ཉིད་སྨན་དང་ཤིང་ཐམས་ཅད་དུ་སྒྱུར་བྱེད་དེ། འཛམྦུ་གླིང་ལ་ལར་ནི། ་ཡ་མཚན་ཅན་གྱི་ནང་རབ་ཏུ་འབྱུང་བར་ཡང་སྟོན་ཏེ། ཐམས་ཅད་མཁན་པོ་བྱེད་ཅིང་མཆོད་པར་འགྱུར་རོ།། དེ་བཞིན་གཤེགས་པ་ནི་སྔོན་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས། ་རབ་ཏུ་འབྱུང་བ་དེ་ཁོ་ན་ཉིད་ཀྱི་དོན་མཐར་ཐུག་ཟིན། བཞིན་དུ། ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་འ་བྱུང་བ་སྟོན་ཏོ།། དེ་དག་ངེས་པར་བསྒྲལ་བའི་ཕྱིརརོ།། དེ་བཞིན ་གཤེགས་པ་ནི་རྟག་ཏུ་རང་བཞིན་གྱི་སྐུར་གནས་མོད་ཀྱི། སེམས་ཅན་ཐམས་ཅད་ངེས་པར་བསྒྲལ་བའི་ཕྱིར། བཟོའི་གནས་ཐ་དུ་ཡང་སློབ་དཔོན་བྱེད་དེ་རིག་སྔགས་དང་། གསང་སྔ ་དང་། སྤྲུལ་པ་ཐམས་ཅད་ཀྱང་སྟོན་ལ། ཡ་མཚན་ཅན་ཐམས་ཅད་ཀྱི་རྒྱགས་པ་དང་། ང་བཅོམ་ནས། དེ་དག་ལ་ཤིང་བལ་ལྟ་བུར་སྙིང་པོ་མེད་པ་ཡང་དག་པར་སྟོན་ཅིང་། དེ་དག་དམ་པའི ་ཆོས་ལ་འཛུད་པར་བྱེད་པ་འདི་ནི། འཇིག་རྟེན་དང་འཐུན་པར་བྱ་བ་ཡིན་ཏེ། དེར་སེམས་ཅན་ལྟ་བའི་འདུ་ཤེས་ཅན་རྣམས་ཀྱིས། སེམས་ཅན་འདི་ནི་འཇིག་རྟེན་པའོ་སྙམ་དུ་ཡང་དག་པར ་ཤེས་མོད་ཀྱི་དེ་བཞིན་གཤེགས་པ་ནི་འཇིག་རྟེན་པ་མ་ཡིན་གྱི། འཇིག་རྟེན་ལས་འདས་པའི་ཆོས་གཟིགས་པ་ཡིནོ།། འཛམྦུའི་གླིང་ལ་ལར་ནི་འཇིག་རྟེན་དང་འཐུན་པར་བྱ་བས་ངེས་པར ་། བསྒྲལ་བའི་ཕྱིར་བྲན་དང་། བྲན་མོར་ཡང་སྟོན་ཏེ། སེམས་ཅན་རྣམས་ཀྱིས་བྲན་དང་བྲན་མོའོ་སྙམ་དུ་ཡང་དག་པར་ཤེས་པ་དེ་ནི། རིགས་དམའ་བར་སྟོན་པ་ཡིན་ནོ།། འཛམྦུ་གླིང་། ་ལ་ལར་ནི། ངས་འཇིག་རྟེན་པའི་བྱ་བ་ཐམས་ཅད་བསྟན་ཏེ། སེམས་ཅན་རྣམས་ཀྱིས། སེམས་ཅན་འདི་ནི་འཇིག་རྟེན་ལྷུར་བྱེད་པ་ཡིན་ནོ།། སྙམ་དུ་ཡང་དག་པར་ཤེསོ།། དེ་ལྟར་སྟོན་ཏུ་ཟིན ་ཀྱང་། དེ་བཞིན་གཤེགས་པ་རི་ལས་དེ་བྱེད་པ་མ་ཡིན་ཏེ། འཇིག་རྟེན་ཐམས་ཅད་དང་འཐུན་པར་བྱ་བ་ནི་འཇིག་རྟེན་བསྒྲལ་བའི་ཕྱིརརོ།། དེ་བཞིན་དུ་བྱང་གི་སྒྲ་མི་བསྟན་དང་། ཤར་གྱི་ལུས ་འངགས་རས་། ནུབ་ཀྱི་བ་ལང་སྤྱོད་རྣམས་དང་། སྲིད་པའི་ཤུ་རུ་ལྔ་དག་ཏུ་ཡང་འཇིག་རྟེན་པ་དང་འཐུན་པར་བྱ་བའི་སྒོ་ནས། དེ་དང་དེ་དག་བཞིན་སྦྱར་ཏེ། སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་བརྗོད་པ་ཡང་དཔའ་བར་འགྲོ་བའི་ཏིང་འཛིརན་གྱི་ལུགས་བཞིན་དུ་སྦྱར་བར་བྱ། འོ།། དེ་བཞིན་གཤེགས་པས་བྱ་བ་ཆེན་པོ་ཐམས་ཅད ་བསྟན་པའི་ཕྱིར། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་སྟེ། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱ་བ་ཆེན་པོ་ཐམས་ཅད་དང་ཆོ་འཕྲུལ་ཆེན་པོ་དང་། ་མི་འཇིགས་པ་འགོད་པར་བྱེད་པས་ན་རྟག་པ་ཆེན་པོ་ཞེས་བྱ་སྟེ། ཇི་ལྟར་བྱེད་ཅེས་འདྲི་བར་མི་བྱའོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ ་ནི་སྒྲ་གཅན་ཟིར་གྱི་བར་གྱུར་པར་བསྟན་པའི་ཐབས་ལ་འཇུག་པ་ལྟ་བུས་འཇིག་རྟེན་དང་འཐུན་པར་མཛད་སྙམ་དུ་ཁོང་དུ་ཆུད་པར་བྱ་སྟེ། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་འདོད་པའི་ཆུ་བོ་ལ་རྨ། ་ཟིན་པས་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ནི། རྟག་པ་དང་། རྟེན་པ་དང་། ཐེར་ཟུག་པ་ཡིན་ནོ།། གསོལ་པ། འདིར་ཇི་ལྟར་མར་མེ་གུམ་པ་གང་མཆི་བའི་གནས་གདག་སུ་མ་མཆིས་པར་བཀའ ་སྲུལ་པ། བཞིན་དུ་དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པའི་གནས་ཀྱང་། དེ་དང་འདྲ་བར་གསུངས་ན། ཇི་ལྟར་དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ ་ལགས་བཀའ་སྩལ་པ། རིགས་ཀྱི་བུ་མྱ་ངན་ལས་འདས་པ་ནི་མར་མེའི་གནས་དང་འདྲ་བར་མ་བཤད་དེ། རིགས་ཀྱི་བུ་འདི་ལྟར་སྐྱེས་པ་འམ། བུད་མེད་གང་ཡང་རུང་བ་ཞིག་གིས། ་སྣོད་ཆེན་པོ་འམ་ཆུང་ངུ་ཡང་རུང་སྟེ། མར་རམ། ཏིལ་མར་གྱིས་བཀང་ནས་མར་མེ་སྦར་ན། མར་མེའི་མེ་ལྕེ་དེ་ཏིལ་མར་ཇི་སྲིད་ཡོད་པ་དེ་བཞིན་དུ་འབར་ལ། ཏིལ་མར་ཟད་ནས ་མར་མེ་ཟད་པར་འགྱུརརོ།། དེ་ལ་ཉོན་མོངས་པ་ཟད་པ་ནི། མ་རེ་མ་ཟད་པ་དང་འདྲ་བར་བསྟན། དེ་བཞིན་གཤེགས་པ་ནི་སྣོད་བཞིན་དུ་རྟག་པ་ཡིན། ཉོན་མོངས་པ་ཟང་པ་ནི ་མར་མེ་དང་། ཏིལ་མར་དང་འདྲ་ན། ཅི་གནོད་ཀྱང་མར་མེ་དང་། མགོ་མཉམ་དུ་མེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། སྣོད་ནི་མ་མཆིས་པར་འགྱུར ་ལགས་ན། ཅི་ལགས། དེ་བཞིན་གཤེགས་པ་ཡང་སྣོད་དང་འདྲ་བར་བས་པར་འགྱུར་རམ། གལ་ཏེ་དེ་བཞིན་གཤེགས་པ་ཡང་ཏིལ་མར་གྱི་སྣོད་དང་འདྲ་ན་ནི། དེ་བཞིན་གཤེགས ་བ་ཡང་ཟད་པར་འགྱུར་བར་བཀའ་སྩལ་བར་མི་འགྱུར་ལགས་སམ། བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་སྣོད་དང་འདྲ་བ་མ་ཡིན་ཏེ། མཆོག་ཏུ་རྟག་པ་གང་ཡིན་པ་དེ་ནི། དེ ་བཞིན་གཤེགས་པ་སྟེ་དེ་བས་ན་མྱ་ངན་ལས་འདས་པ་ནི་རྟག་ཏུ་མཆོག་ཏུ་བདེ་བ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་མར་མེའི་གནས་དང་འདྲ་བ་ནི། དགྲ་བཅོམ་པ་ཡིན། ་ཏེ། དེ་བས་ན་མྱ་ངན་ལས་འདས་པའི་དགྲ་བཅོམ་པ་ཉིད་ཐོབ་པ་ནི་འབྲས་བུའི་མཆོག་ཅེས་བྱའོ།། དགྲ་བཅོམ་པ་ཐམས་ཅད་ནི་ཟང་ཟིང་ལ་ཞེན་པ་དང་བྲལ་ཏེ། ཟང་ཟིང་མེད་པ་དང་མར་མེའི་གནས ་བཞིན་དུ་མཐར་ཐུག་པ་དང་ཟང་ཟིང་མེད་པ་ལ་དགའ་བ་ཡིན་ནོ།། ཕྱིར་མི་འོང་བ་ཡང་ཟང་ཟིང་མེད་པའི་དོན་ཡིན་པར་ངས་དགོངས་པའི་ཚིག་གིས་བསྟན་ཏེ། མྱ་ངན་ལས་འདས་པའི་གནས་ནི་མ ་ཡིན་ནོ།། གསོལ་པ། ཕྱིར་མི་འོང་བ་ཞེས་བཀའ་སྩལ་པ། དེའི་དོན་ཅི་ལགས། བཀའ་སྩལ་པ། ཡང་སྲིད་པ་ལེན་པ་གང་ཡིན་པ་དེ་ནི་ཕྱིར་མི་འོང་བ་ཞེས་བྱའོ།། གསོལ་པ། བཅོམ་ལྡན་འདས་ཕྱིར་མི ་འོང་བ་ཞེས་བགྱི་བ་ལགས་ན། ཕྱིར་མི་འོང་བ་གང་ལ། གས་པ་དེ་ལ་ཡང་། ཡང་སྲིད་པ་ལེན་པ་མཆིས་པར་གྱུར། ན། ཅིའི་སླདུ་ཕྱིར་མི་འོང་བ་ཡང་སླར་འདིར་རང་བཞིན་གྱིས ་མི་གཙང་བའི་སྲིན་བུ་འཆལ་པའི་ལུས་ཅན་དུ་སྐྱེ་བར་མི་འགྱུར་ལགས། བཀའ་སྩལ་པ། ལུས་དེ་ནི་མི་ལེན་མོད་ཀྱི་དུག་སྨན་བཞིན་དུ་ལུས་ལེན་ཏོ།། དེ་བས་ན་ཕྱིར་མི་འོང་བ་ཞེས་བྱའོ།། ་ཕྱིར་མི་འོང་བ་ཞེས་བྱ་བ་ནི་ལུས་ཤེས་བྱ་བའི་ཐ་ཚིགོ། ཕྱིར་མི་འོང་བ་ཞེས་བྱ་བ་ནི་ཕན་ཚུན་འགྲོ་ཞེས་བྱ་བའི་ཐ་ཚིགོ།། གསོལ་པ། བཅོམ་ལྡན་འདས་ཅི་ལགས། བཅོམ་ལྡན་འདས་ཀྱི་བསྟན ་འདུས་ཀྱི་བསྟན་པ་ལ་གསང་བ་མ་མཆིས་སམ། དགོངས་པའི་ཚིག་དགོངས་པའི་ཚིག་ཅེས་གསང་བར་མི་མཛད་དུ་གསོལ། བཅོམ་ལྡན་འདས་ཅི་ལགས། སངས་རྒྱས་ཀྱི་གསུང་མིག་འཕྲུལ ་མཁན་གྱི་འཁྲུལ་འཁོར་དང་། སྒྱུ་མ་མཁན་གྱིས་བགྱིས་པའི་འཁྲུལ་འཁོར་གྱི་སྒྱུ་མའི་བུད་མེད་དང་འདྲ་ལགས་མ། བཀའ་སྩལ་གངའི་བསྟན་པ་ནི་གསང་བ་མེད་དེ། སངས་རྒྱས་ཀྱི་གསུང ་ནི་སྟན་གྱི་ཟླ་བ་རྒྱས་པ་བཞིན་དུ་སྐྱོན་མེད་པ་དང་། མཚན་མས་མ་བཏབ་པ་དང་། རྨོངས་པ་མེད་པ་དང་། གསང་བ་དང་། གསང་ཆེན་དང་བྲལ་བ་དང་། གསལ་བ་ཡིན་ནོ།། ་འཕགས་པ་ཡོངསུ་མྱ་ངན་ལས་འདས་པོའི་མདོ་ལས། བམ་པོ་དྲུག་པ་ལ། ཁྱིམ་བདག་བྲན་གཟའ་ཅན་ནོར་བྱེ་བ་བདོག་པ་ཞིག་ལ་བུ་ཅིག་པསྡུག་ཅིང་པ ་ལ། གཅེས་ཤིང་ཡིད་དུ་འོང་བ་ཞིག་ཡོད་དེ། དེས་བུ་དེའི་བུའི་སློབ་དཔོན་ལས་ཕྱིར་བཀུག་ནས། བུ་ལ་བྱམས་པ་འཕྱིར་བདག་ཉིད་ཀྱིས་བསྒྲིབས་ཏེ། ཡི་གེ་བྱེད་པ་སློབ་པར་བྱེད ་མངེས་བསྒྲིབས་ཏེ་ཡི་གི་བྱེང་བ་བསླབ་སུ་ཟིམ་ཀྱང་། ཅི་བརྡའ་སྤོང་བའི་དོན་གྱི་བྱེ་བྲག་སྙན་པར་ནུས་སམ། སྟོན་པར་ནུས་སུ་ཟིན་ཀྱང་ཅི་དེས་ཡི་གེ་བྱེད་པ་བསླབ་པས ་བརྡའ་སྤྲང་བའི་དོན་ཤེས་པར་འགྱུར་རམ། ཅི་ཁྱིམ་བདག་བྲན་བཟའ་ཅན་རང་གི་བུ་ལ་གསང་བར་བྱེད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བུའི་ཤེས་པའི་རྩལ་དང ་ཡིད་རྣོ་རྟུལ་དེ་འདྲ་བ་དང་། ཤེས་པའི་རྩལ་དང་མི་ལྡན་པའི་རྒྱུས་ན། དེ་ལ་གསང་བ་དང་འདྲ་བར་གངའ་བར་འགྱུར་ལག་སོ།། དེ་ལ་ཡིད་མི་བདེ་བ་དང་། གཡོ་དང་། སེར་སྣ་གང་ལགས་པ ་དེ་ནི་གསང་བ་ལགས་པར་རིག་པར་བགྱིའོ།། དང་བ་དང་དགའ་བིས་བུ་ཅིག་པའི་འདུ་ཤེས་དང་ལྡན་པ་གང་ལགས་པ་ནི། གསང་བ་ཞེས་མི་འགྱིལག་སོ།། བཀའ་སྩལ་པ། རིགས་ཀྱི་ང ་།། ལེགས་ལེག་ས།། རིགས་ཀྱི་བུ་ཁྱོད་ལེག་སོ།། སྡང་བ་དང་། གཡོ་དང་། སེར་སྣ་དང་ལྡན་པ་གང་ཡིན་པ་དེ་ནི་གསང་བ་ཡིན་ཏེ། དེའི་སྟོབས་དང་བྱམས་པས་ཀྱང་། ཁྱིམ་བདག ་བྲན་བཟའ་ཅན་དེ་སྟོན་པར་མི་བྱེད་པ་དེ་བཞིན་དུ། ཁྱིམ་བདག་བྲན་གཟའ་ཅན་ལྟར། ང་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམ་པ་དང་ལྡན་མོད་ཀྱི། བྱིས་པ་དེ ་ངག་གིས་མི་བཟོད་པའི་ཕྱིར། ང་དགོངས་པའི་ཚིག་མི་སྟོན་ཏེ། ངས་ཡི་གེ་བྱེད་པ་འདྲ་བར་ནི་གསུང་རབ་ཡན་ལག་དགུ་བསྟན་ཏོ།། བརྡའ་སྤྲོད་པ་དང་འདྲ་བར་ནི། སྟོབས་བཅུ་དང་། འཕགས ་པའི་བདེན་པ་བཞི་དང་། འཕགས་པའི་ལམ་ཡན་ལག་པ་རྒྱད་པ་དང་། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་བརྡའ་སྟེ་ད་པ་བསྟན་ཏོ།། རིགས་ཀྱི་བུ་གཞན་ཡང་གང་གི་ཚེ་ཡི་གེ་བྱེད ་པ་བསླབས་ནས། སྒྲ་རིག་པའི་འོས་སུ་གྱུར་པ་དེའི་ཚེ། ཁྱི་མ་བདག་བྲན་བཟའ་ཅན་གྱི་གལ་ཏེ་བརྡའ་སྤྲོད་པའི་དོན་སླ་བ་པར་མི་བྱེད་ན་ནི། དེ་ལྟར་ན་སེར་སྣ་བྱེད་པའི་ཕྱིར་གསང་བ་ཞེ ་བྱའོ།། གལ་ཏེ་བརྡའ་སྤྱོད་པའི་དོན་བསྟན་ན་ནི། བྱིས་པས་བརྡའ་སྤྲོད་པ་རྫོགས་པར་ལོངས་པར་འགྱུར་བ་བཞིན་དུ་ཡང་ཉན་ཐོས་རྣམས་ལ་ཇི་སྲིད་དུ་ཐེག་པ་ཆེན་པོའི་སྣོད་དུ་གྱུར་པ་དེ་སྲིད་དུ། ་གསུང་རབ་ཡན་ལག་དགུ་སྟོན་ཏེ། ངས་སེམས་ཅན་སྣོད་དུ་མ་གྱུར་པ་རྣམས་ལ་ཐེག་པ་ཆེན་པོ་བསླབ་པ་གསང་བར་བྱས་ན་ནི། དེ་ལྟར་ནང་ལ་བརྡའ་སྤྲོད་པ་དང་འདྲ་བར་གསང་བར་བྱས་སོ ་ཞེས་སྨྲ་བའི་རིགས་སོ།། ད་ན་ངེས་བརྡའ་སྤྲོད་པ་དང་འདྲ་བར་དེ་བཞིན་གཤེགས་པ་རྟག་པ་དང་། བསྟན་པར་བསྟན་ཏེ། ཁྱིམ་བདག་བྲན་བཟའ་ཅན་དང་འདྲ་བར་རང་གི་སྲས་ཚར་མཛད་དེ། ་དེ་ལྟར་ན་རིག་པ་ཐམས་ཅད་ཚར་ཕྱིན་པར་བྱེད་པ་བཞིན་དུ་ཚར་ཕྱིན་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། དབྱར་གྱི་སྤྲིན་ཆེན་པོ་རྣམས་འབྲུག་དི་རི་རིར་སྒྲོགས་ཤིང་ཆར་ཆེན་པོ ་འབེབ་སུ་ཟིན་ཀྱང་། སེམས་ཅན་ཁ་ཅིག་གི་ས་བོན་མ་སྐྱེས་ན། ཅི་དེ་ལ་སྤྲིན་ཆེན་པོ་རྣམས་ཀྱིས་ཉེས་སམ། སྤྲིན་ཆེན་པོ་རྣམས་ཆར་མི་འབེབས་སམ། དེ་བཞིན་དུ་དེང་ངས་ཡོངསུ་མྱ་ངན ་ལས་འདས་པ་ཆེན་པོ་གསང་ཆེན་མ་ལུས་པར་བསྟན་ཀྱང་སེམས་ཅན་སྣོད་དུ་མ་གྱུར་པ་གང་ཡིན་པ་དེ་དག་གིས་མི་ཐོས་སོ།། ཡང་བཀའ་སྩལ་པ། གང་དག་ལ་ནི་ཡོངས་བསུ་གོས ་མེད།། གང་དག་གིས་ནི་ཟས་མི་རྟོགས།། མཁའ་ལ་བྱ་རྣམས་རྗེས་འདྲ་བར།། དེ་དག་རྗེས་བཅད་དཀའ་བ་ཡིན། བསྟན་པ་འདིའི་དོན་ཇི་ལྟ་བུ་ཞེ་ན། སུ་དག་ལ་ནི་ཡོངས་བསྩགས ་མེད།། སུ་དག་གི་ནི་ཟས་མི་རྟོགས།། གང་དག་གི་ནི་ཌཱ་ས་བཅང་བཀའ།། སུ་སོང་གང་དུ་སོང་བ་ན།། དེ་དག་རྗེ། ས་བཅད་དཀའ་བ་ཡིན།། དེ་ལ་རིན་པོ་ཆེ་ལགས་པ་ནི་གས་། ་བའོ།། ཡངས་ཤེས་བྱ་བ་ནི་ཕྲད་ཀྱི་བྱེ་བྲག་གི་ཚིག་གོ།། འོངས་ཤེས་བྱ་བ་ནི་བསྡུས་པའི་དོན་ཏེ། འདིར་བརྫས་བཟང་པོ་བསྒྲུབ་པའི་ཐ་ཚིག་གོ།། བསགས་པ་ཞེས་བྱ་བ་དང་། ནོར་ཞེས་བྱ་བན ་དོན་གཅིག་གོ།། གང་དག་ནོར་ཡོངསུ་བསགས་པར་བྱེད་པ་དེ་ནི། དེ་དག་གི་ཡོང་སུ་བསགས་པ་ཞེས་བྱའོ།། དེ་ལ་ཡོངསུ་བསགས་པ་ཞེས་བྱ་བ་ནི། རྣམ་པ་གཉིས་ཏེ། འདུས་བྱས་ཡོངསུ ་བསྔགས་པ་དང་། འདུས་མ་བྱས་ཡོངསུ་བསགས་པའོ།། དེ་ལ་ཉན་ཐོས་ནི་འདུས་བྱས་ཡོངསུ་བསགས་པའི་རྣམ་པའོ།། དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པ་ཡོངསུ་བསགས ་པའི་དམ་པལ།། དགེ་འདུན་ནི་རྣམ་པ་གཉིས་ཏེ་འདུས་བྱས་ཀྱི་དགེ་འདུན་དཔ་འདུས་མ་བྱས་ཀྱི་དགེ་འདུན་ནོ།། དེ་ལ་འདུས་བྱས་ཀྱིང་གེ་འདུན་ཤེས་བྱབ་ས་ཅན་ས་ཀྱི ་དགེ་འདུན་ཡིན་ཏེ། ཉན་ཐོས་ཀྱི་དགེ་འདུན་ལ་ནི་ཡོངསུ་བསགས་པ་ཡང་མེད་ན། བྲན་དང་བྲན་མོ་ལ་སོགས་པ་རྫས་ངན་པ་རྣམས་དང་། མཛོད་དང་བང་བ་ཡོངསུ་འཛིན་པ་ལྟ་ག་ལ་ཡོད་དེ། ་འོས་མ་ཡིན་པས་ན། དེ་དག་ནི་ལན་ཚྭ་དང་། ཏིལ་ཙམ་ཡང་ཡོངསུ་བསགས་པར་མི་བྱེད་དོ།། གང་དག་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ། བྲན་དང་བྲན་མོ་ལ་སོགས་པ་འཆང་དུ་གན་པོ། ་ཞེས་ཟེར་བ་དེ་དག་གི་ལྕེ་ནི་ལྐུགས་པར་འགྱུར་སྲིད་དོ།། ཉན་ཐོས་དེ་དག་ནི་ཡོངསུ་བསགས་པ་མེད་པའི་རྣམ་པ་ཡི་ན་ཏེ། དེ་དག་ནི་ཟས་ཡོངསུ་ཤེས་པའོ།། གང་དག་ཟས་ལ ་ཞེན་པ་མེད་པ་དེ་དག་ནི་ཟས་ཡོངསུ་ཤེས་པ་ཡིན་ནོ།། དེ་ད་ག་ནི་འགྲོ་བའི་ལམ་དུ་རྗེས་བཅད་པ་དཀའོ།། དེ་དག་ནི་མྱུར་བ་ཁོ་ནར་སངས་རྒྱས་ཉིད་དུ་ཉེ་བར་གནས་སོ།། དེ་དག་གི་འགྲོ ་བ་ནི་རྗེས་བཅད་དཀའོ་ཞེས་དེ་བཞིན་གཤེགས་པ་གསུང་ངོ་།། ཡང་བཀའ་སྩལ་པ། གལ་ཏེ་འདུས་བྱས་ཀྱི་དགེ་འདུན་ལ་ཡང་ཡོངསུ་བསྩགས་པ་མེད་ན། འདུས་མ་བྱས་པའི་དགེ ་འདུན་ལ་ལྟ་ག་ལ་ཡོད་། འདུས་མ་བྱས་པའི་དགེ་འདུན་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ལ་གསང་བའི་ཆོས་བསྟན་པ་ག་ལ་ཡོད། གསང་བ་གང་ཡིན་པ་དེ་ནི ་ཡོངསུ་བསགས་པའོ།། རྗེས་བཅད་དུ་མེད་པ་ནི་གཡོ་བའི་བདེ་བ་སྟེ། མྱ་ངན་ལས་འདས་པའི་དོན་ཏོ།། དེ་ལ་ནི་ན་མཁའ་ཡང་མེད། ལོ་དང་། ཉི་མ་དང་། ཟླ་བ་རྣམས་ཀྱིས་ཀྱང་བྱར་མེད། ་མཇུག་རིངས་དང་། སྐར་མའི་ཚོགས་རྣམས་དང་། རི་རྣམས་དང་། དུས་དང་སྤྲིན་རྣམས་ཀྱང་མེད་དོ།། སྐྱེ་བའི་རྒྱུན་ཆད་པ། འཆི་བ་དང་། ན་བ་དང་། རྒ་བ་དང་། སྲིད་པ་ཉི་ཤུ་རྩ་ལྔ་སྤངས་པ། ་སྡུག་བསྔལ་གྱི་རྣམ་པ་དང་། ཉོན་མོངས་པ་དང་བྲལ་བ་སྟེ། དེ་བཞིན་གཤེགས་པ་རྟག་པ་དང་ད། མི་གཡོ་བ་དང་། གནས་མེད་པ་ནི་ཡོངསུ་མྱ་ངན་ལས་འདས་པ་སྟེ། དེར ་འགྲོ་བའི་ཕྱིར་དེང་དེ་བཞིན་གཤེགས་པ་གྲོང་ཁྱེར་ཆེན་པོར་གཤེག་སོ།། ཆེན་པོ་ཞེས་བྱ་བ་དང་། ཆེ་བ་ཞེས་བྱ་བ་ནི་དོན་གཅིག་གོ།། ཆེན་པོ་ཞེས་བྱ་བ་ནི་ལྷག་མ་དང་བཅས་པའི་དྷཱ། ་དྭགས་སྷོ། འདི་ནི་མི་ལ་ལ་ཆེ་དཔག་ཏུ་མེད་པར་གྱུར་ན། མི་དེ་སྐྱེས་བུ་ཆེན་པོ་ཞེས་བྱ་བའི་གྲངས་གཏོག་ཏེ། གལ་ཏེ་ཆོས་དང་ལྡན་ན། མི་དེ་སྐྱེས་བུ་ཐམས་ཅད་ཀྱིས་མཆོག་ཡིན་ནོ།། ་ཡང་འདིར་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཀྱིས་སྐྱེས་བུ་གཅིག་པུར་འགྱུར་ཏེ། སྐྱེས་བུ་ཆེན་པོ། དུ་མ་ཡོད་པའི་ནང་ན། གང་ལ་སྐྱེས་བུ་ཆེན་པོའི་རྣམ་པར ་རྟོག་པ་བརྒྱད་ཡོད་པ་ནི་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཡོད་པ་དེ་ནི་སྐྱེས་བུ་ཆེན་པོ་ཐམས་ཅད་ཀྱི་ནང་ན་ཡང་སྐྱེས་བུ་ཆེན་པོའོ་ཞེས་ངས་བཤད་པས་ན་དེའི་ཕྱིར་ཆེ་བ་ཞེས་བྱ།། ་ལྡུམ་དང་བཅས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ། གང་ལ་སྨན་བྱེད་པ་དེ་ནི་མྱ་ངན་ལས་འདས་པའོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དཔེར་ན་འདི་ན་མི་ལ་ལ་ཞིག་གདུག་པའི་ཟུག ་རྔུས་པས་སྟེ་བ་བརྗོའི་གནོད་པས་མེངས་པའི་མ་དྲུག་རྔུ་འབྱིན་པའི་སྨན་པ་ཆེན་པ་ནིག་གསོས་ཏེ་གདུག་པའི་དྲུག་རྔུབས་ས་ནས་འདི་བར་བྱས་ཏེ་དེ་གནོད་པ་མེད་པ་སྔ་མཁོན་པོན། ་།། དུ་བྱས་ནས་སླར་བ་དེས་མི་དེ་བོར་ཏེ། ཡུལ་གཞན་མ། གྲོང་གཞན་ནམ། ཁྱིམ་གཞན་གང་ན་སྨྲས་པ་ཡེང་བ་དང་། གང་ན་རྨིའི་ལས་བྱར་ལོང་བ་དེ་ན་གནས་པ་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་པ་ཆེན་པོའི་ཟུག་རྔུ་འབྱིན་པས་ཀྱང་། འཛ་སྤུ་གླེང་པའི་སེམས་ཅན་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ཚུན་ཆད་ནས། འདོད ་ཆགས་དང་། ཞེ་སྡང་དང་། གང་མུག་ལ་སོགས་པ་ཉོན་མོངས་པའི་དུག་གིས་ཕོག་པའི་སེམས་ཅན་ཤིན་ཏུ་སྨྲས་པ་ཐམས་ཅད་ཀྱི་ཟུག་རྔུ་རྣམས། ཐེག་པ་ཆེན་པོའི་མདོའི་སྡེ་ཚན་སྣ་ཚོགས ་ཀྱི་དགེ་བའི་རྩ་བའི་སྨན་རྣམས་ཀྱིས་གསོ་བར་མཛད་དོ།། གསོས་ནས་ཀྱང་དེ་རྣམས་མྱ་ངན་ལས་བཟླས་ཏེ། གང་ནས་སེམས་ཅན་སྨྲས་པ་རྣམས་ཡོད་པ་དེར། བཅོམ་ལྡན་འདས་ཡང ་དག་པར་སྣང་བར་འགྱུར་རོ།། དེ་བས་ན་མྱ་ངན་ལས་འདས་པ་ཆེན་པོ་ནི། ཡང་དག་པའི་དོན་ལ་རྟོག་པ་ཡིན་ནོ།། ཡོད་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ནི་སྲིད་པ ་ཐམས་ཅད་ན་ཐར་པའི་གྲོང་ཁྱེར་གྱི་ཚིག་བླ་དྭགས་ཡིན་ཏེ། གང་ན་གདུལ་བར་བྱ་བ་རྣམས་ཡོད་པ་དེར་རྫོགས་པར་སངས་རྒྱས་པར་སྣང་བ་འདི་ནི་ཚིག་གྲགས་པའོ།། གསལ་བའོ།། ་ཡང་དག་པའི་དོན་ནི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། གསོལ་པ། བཅོམ་ལྡན་འདས་ཅི་ལགས། སྨན་པས་སྨྲས་པ། ཐམས་ཅད་སོས་པར་བགྱིས་ཡུལ་དང་། གྲོང་ཁྱེར ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གཞན་གང་ན་སྨྲས་པ་རྣམས་མཆིས་པ་དེར་སྣང་བར་འགྱུར་རོ་ཞེས་བགྱི་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་སྲོག་ཆགས ་སྨྲས་པ་ཐམས་ཅད་ཀྱི་ནང་གསོ་བར་བྱེད་ཅེས་དེ་སྐད་མ་ཟེར་ཅིག། གསོར་མི་རུང་བའི་སེམས་ཅན་གཞན་རྣམས་ནི་གསོ་བར་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ནངད་ནི་གསོར་མི་རུང་བ ་ཡིན་ཏེ། དེ་བཞིན་དུ། དེ་བཞིན་གཤེགས་པ་ནི་གསོར་མི་རུང་བའི་ནང་། འདོད་ཆེན་པ་མ་གཏོག་པར་ནད་ཐམས་ཅད་གསོ་བར་མཛད་དེ། གང་མྱ་ངན་ལས་འདས་པ་དེ་དག་གསོས་པ་ཡིས ་ནོ།། གསོལ་ག། ཐར་པ་ཇི་ལྟ་བུ་ལགས། གཟུགས་ཅན་ལགས་སམ། གཟུགས་མ་མཆིས་པ་ལགས། བཀའ་སྩལ་པ། ཁ་ཅིག་ནི་གཟུགས་ཅན་ནོ།། ཁ་ཅིག་ནི་གཟུགས་ཅན་མ་ཡིན། ་པ་སྟེ། གཟུགས་ཅན་མ་ཡིན་པ་ནི་ཉན་ཐོས་དང་རང་སངས་རྒྱ་ས་རྣམས་ཀྱིའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་གཟུགས་ཅན་ཡིན་ནོ།། ཐར་པ་དེ་དག་ནི་གཟུ ་དེདང་གཟུགས་མེད་པ་ཡིན་ལ། གཟུགས་ཡིན་ནོ་ཞེས་བྱར་ལ་ང་མི་རུང་ངོ་།། གསོལ་གཅིའི་སླདདུ་ལགས། བཀའ་སྩ་ལ་ག། འོད་སྲུང་ཆེན་པོ་དང་རུས་གཅིག་པ། དཔེར་ན ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་ཀྱི་ལུས་ནི། གཟུགས་དང་། གཟུགས་མེད་པ་ཡིན་ལ། གཟུགས་ཡིན་ནོ་ཞེས་བྱ་བར་ཡང་མི་རུང་བ་བཞིན་ནོ།། གསོལ་པ་འདུ་ཤེས ་མོང་འདུ་ཤེས་མེད་མིན་གྱི་ལྷ་རྣམས། གཟུགས་དང་། གཟུགས་མ་མཆིས་པ་ལགས་ལ། གཟུགས་ཀྱང་མ་ལགས་ན། དེ་དག་ཇི་ལྟར་མ་མཆིས་པ་དང་། ཇི་ལྟར་རྒྱུ་བ་བསྟན་དུ ་གསོལ། བཀའ་སྩལ་བ། འདི་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་གྱིས་ཞོག་ཤིག། དེ་བཞིན་དུ་ཐར་པ་ཡང་གཟུགས་དང་གཟུགས་མེད་པ། ་། ཡིན་ལ། གཟུགས་ཀྱང་མ་ཡིན་པས་ན། སངས་རྒྱས་ཀྱི་ཡུལ་ཡིན་གྱི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ། ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་ཚུལ་གྱིས་ཐར་པ་བསྟན་དུ་གསོལ། བཀའ་སྩལ་པ། རིགས་ཀྱི་བུ་ལེགསོ་ལེག་སོ།། ཐར་པ་ཞེས་བྱ་བ་ནི་འཆིང་བ་ཐམས་ཅད་དང་བྲལ་བའོ།། ཡང ་བཀའ་སྩལ་པ། ཐར་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་མ་སྐྱེས་པའི་ཕྱིར། དེ་ནི་འཆིང་བ་ཐམས་ཅད་དང་། ཤིན་ཏུ་བྲལ་བ་སྟེ། ཇི་ལྟར་ཕ་མ་ཕྲད་པའི་ཡོན་ཏན་ལས་བུ་སྐྱེ་བ་དེ་བཞིན་དུ། སྐྱེས ་བ་མ་ཡིན་ཏེ། ཐར་པ་ནི་རང་གི་ཡུལ་དུ་གནས་པའོ།། མ་སྐྱེས་པ་ཞེས་བྱ་བ་ནི། འདི་ལྟར་མར་གྱི་སྙིང་ཁུ་རང་བཞིན་གྱིས་རང་གི་ངོ་བོ་ཉིད་དུ་འདུག་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ནི ་ཡབ་ཡུམ་འཁྲིག་པ་ལས་བྱུང་བ་ཡང་མ་ཡིན་ལ། དེ་བཞིན་གཤེགས་པས་ནི་གདུལ་བར་བྱ་བའི་དབང་གིས་ཡབ་ཡུམ་གཉིས་ཀྱིང་བསྟན་ཏོ།། ཐར་པ་གང་ཡིན་པ་དེ་བཞིན ་གཤེགས་པ་སྟེ། མ་བྱུང་བར་བྱུང་བའི་ཕྱིར་རོ།། དཔེར་ན་སྲན་སྡེའུ་འམ་སྲན་གྲེའུ་དཔྱིད་ཟླ་ར་བའི་ངོ་འམ། དབྱར་གྱིས་དུས་སམ། སྟོན་ཟླ་ཐ་ཆུངས་ཀྱི་ངོ་ལ་ས་བོན་བཏབ་ན་དེ་དག་ལས་མྱུགུ ་འཐུང་བར་འགྱུར་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ།། མ་བྱུང་བ་གང་ཡིན་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ་མ་བྱུང་བའོ།། དེ་བཞིན་གཤེགས་པ ་ནི་མ་བྱུང་བ་ཁོ་ན་སྟེ། དེ་བཞིན་གཤེགས་པ་མྱུ་གུ་ཡོད་པ་དང་མེད་པར་འགྱུར་བ་བཞིན་དུ་ཡོངསུ་བརྟག་པར་མི་བྱའོ།། དེ་བཞིན་གཤེགས་པ་ནི་རང་བཞིན་གྱིས་མ་བྱུང་བ་སྟེ། དེ ་བས་ནམ་བྱུང་བའོ།། མ་བྱུང་བ་ཞེས་བྱ་བ་ནི་མ་བྱས་པའོ།། མ་བྱས་པ་ཞེས་བྱ་བ་ནི་ཇི་ལྟར་གྲོང་ཁྱེར་དང་། གྲིའི་ཡང་ཐོག་དང་། སྒོ་གང་བྱེད་པ་དེ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། མ ་བྱས་པ་གང་ཡིན་པ་དེ་ནི། ཐར་པའོ།། དེ་ནི་དེ་བཞིན་གཤེགས་པའོ།། འདུས་མ་བྱས་པ་འདུས་མ་བྱས་ཞེས་བྱ་བ་ནི། ཇི་ལྟར་རྫ་མཁན་གྱིས་སྣོད་བྱས་ནས། དེའི་འོག་ཏུ་ཞིག་པར་འགྱུར ་བ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ནོ།། ཐར་པ་ནི་སྐྱེ་བ་ཡང་མེད་འགག་པ་ཡང་མེད་དོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། སྐྱེ་བ་ཡང་མེད་འཆི་བ་ཡང་མེད་དོ།། གང་སྐྱེ ་བ་མེད་པ་དག་མ་ཞིག་པ་དང་། རྒ་བ་མེད་པ་དང་། འཆི་བོ་མེད་པ་དང་། འདུས་མ་བྱས་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ཡོངསུ་མྱ་ངན་ལས་འདས ་པ་ཆེན་པོར་འགྲོ་བའོ།། རྒ་བ་མེད་པ་ཞེས་བྱ་བ་ནི། མགོ་དཀར་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་ཆོས་དང་། འདུ་ས་བྱས་ཀྱི་རང་བཞིན་གྱི་རྟོག་པ་དེ་ལྟ་བུ་ནི་ཐར་པ་མ་ཡིན་གྱི། གང ་ལ་གོང་དུ་སྨོས་པ་རྣམས་མེད་པ་དེ་ནི་ཐར་པ་ཡིན་ཏེ། དེ་བས་ན་རྒབ་མེད་པ་ཞེས་བྱའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ལ་ནི་མགོ་དཀར་བ་དང་། རྒ། ་བ་དང་། འདུས་བྱས་ཀྱི་རྣམ་པར་འགྱུར་བ་མེད་དོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་རྒ་བ་མེད་པའི་སྐུ་ཡིན་ན། འཆི་བར་ལྟ་ག་ལ་འགྱུར། ནད་མེད་པ་ནད་མེད་པ་ཞེས་བྱ་བ་ནི། བློ་བུར་གྱི་ནང ་བཞི་བརྒྱ་རྩ་བཞིས་གནོད་པར་གྱུར་པ་དང་། ཉེས་དམིགས་དུ་མ་དང་ལྡན་པའི་ལུས་གང་ལ་མེད་པ་དེ་ལྟ་བུའི་རང་བཞིན་ཡིན་ཏེ། དེ་བས་ན་ཐར་པ་ནི་ནད་མེད་པའོ།། ཐར་པ་གང་ཡིན་པ་དེ་ནི། ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ལ་ཡང་ནད་ཀྱི་བག་ཡོད་མེད་ན། ཆོས་ཀྱི་སྐུ་ལྔ་ལ་ནང་ག་ལ་ཡོད། དེ་བས་ན་དེ་བཞིན་གཤེགས་པ་ནི་ནད་མེད་པའོ།། འཆི་བ ་མེད་པ་འཆི་བ་མེད་པ་ཞེས་བྱ་བ་ནི། གང་ལ་མིའི་ལུས་བཞིན་དུ་འཆི་བ་མེད་པའོ།། དེ་ནི་ཐར་པ་ཡིན་ཏེ། དེ་ལ་ནི་དུས་འདི་ཙམ་གྱིས་ན་ཟད་པའི་མཐར་འགྱུར་བ་འམ། འཆི་བའི་མཐར་འགྱུར་རོ།། ་ཞེས་བྱ་བའི་མིང་ཡང་མེད་དེ། འཆི་བ་དང་བྲལ་བ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ལ་འཆི་བ་ཞེས་བྱ་བ་དེ་ནི་མི་སྲིད་དེ། སྐུ་རྡོ་རྗེ ་ལྟར་མཁྲེགས་པ་མི་རྟག་པར་ག་ལ་ཞིག་འགྱུར་ཏེ། དེ་བས་ན་འཆི་བ་མེད་པ་ནི་དེ་བཞིན་གཤེགས་པའོ།། ཉོན་མོངས་པ་ཅན་ཞེས་བྱ་བ་ལ། ཐར་པ་ནི་ནུར་ནུར་པོ་མི་གཙང་བས་མ་རུང ་བར་གྱུར་པ་མ་ཡིན་ཏེ། ཐར་པ་ནི་ཇི་ལྟར་མ་ཏོག་ཀུ་མུ་ཏ་དཀར་པོ་གཞིག་ཏུ་བསལ་བའོ།། ཐར་པ་གང་ཡིན་པ། དེ་ནི་དེ་བཞིན་གཤེགས་པའོ།། འདོད་པའི་ཉེས་པ་སྣ་ཚོགས ་བསྟན་པ་ནི་ཐབས་ཡིན་པར་ལྟ་བར་བྱའོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་ནོ།། ཟག་པ་མེད་པ་ཟག་པ་མེད་པ་ཞེས་བྱ་བ་ནི་རྨ་མེད་པའི་དོན་ཏེ་དེ་ནི་ཐར་པ་ཡིན་ནོ།། ་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། དེ་བས་ན་ཟག་པ་མེད་པ་ཞེས་བྱའོ།། གནོད་པ་མེད་པ་གནོད་པ་མེད་པ་ཞེས་བྱ་བ་ནི། ཇི་ལྟར་བཀྲེས་པས་གཡོས་བྱེད་པ་མ་མཐོང་ན། གནོད ་བར་འགྱུར་བ་དེ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། གནོད་པ་མེད་པ་གང་ཡིན་སྟེ། གནོད་པ་མེད་པ་གང་ཡིན་པ་དེ་ནི། ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཞི་བ་ཞི་པ། ་ཞེས་བྱ་བ་ནི། འཇིག་རྟེན་པ་རྣམས་ཀྱི་ལྷའི་གཟུགས་ལ་ཞི་བ་ཞེས་བྱ་བས་ན། དེ་ནི་བརྫུན་ཏེ་ཐར་པ་མ་ཡིན་ནོ།། རང་བཞིན་གྱིས་ཞི་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། གང་གི་ཕྱིར ་སེམས་ཅན་ཐམས་ཅད་ཀྱི་ཞི་བའི་མཆོག་ཡིན་པས་ན་དེའི་ཕྱིར་ཞི་བ་ཞེས་བྱའོ།། ཞི་བ་གང་ཡིན་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། བདེ་བ་བདེ་ཞེས་བྱ་བ ་ནི་ཇི་ལྟར་ཆོམ་རྐུན་གྱིས་འཇིགས་ནས། ལམ་བདེ་བར་འགྲོ་བ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། རང་བཞིན་གྱིས་བདེ་བ་དེ་ལ་ནི་འཇིགས་པའི་མིང་ཡང་མེད་དེ། དེ་བས་ན་བཅོས་པ་མ ་ཡིན་པའི་བདེ་བ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། སེམས་ཅན་ཐམས་ཅད་ལ་བདེ་བ་བྱེད་པ་ནི་དེ་བཞིན་གཤེགས་པའོ།། གཉེན་པོ་མེད་པ ་གཉེན་པོ་མེད་པ་ཞེས་བྱ་བ་ལ། གཉེན་པོ་མེད་པ་ཞེས་བྱ་བ་ནི། ཇི་ལྟར་རྒྱལ་པོ་ཤིར་དོགས་ཤིང་འཇིགས་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་ནི་ཡེ་རང་བཞིན་གྱིས་གཉེན་པོ ་མེད་པའོ།། གཉེན་པོ་མེད་པ་ཞེས་བྱ་བ་ནི་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལྟ་བུ་སྟེ། དེ་ལ་གཞན་སླར་འཇིགས་པར་བྱེད་པ་ནུས་མེད་དེ། ཡོད་མི་སྲིད་དོ།། དེ་བཞིན་དུ་ཐར་པ་ལ་ཡང་དག་པའི་ཆོས ་གཞན་ཟླར་གྱུར་པ་མེད་དོ།། ཡོད་མི་སྲིད་དོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ནི་དགྲ་གཞན་མེད་དེ། དེ་བས་ན་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གཉེན་པོ་མེད་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་མྱ་ངན་མེད་པ་མྱ་ངན་མེད་པ་ཞེས་བྱ་བ་ནི་གང ་ལ་མྱ་ངན་མེད་པ་སྟེ། ཇི་ལྟར་རྒྱལ་པོ་དཀྲུགས་མ་བྱེད་པའི་རྒྱལ་པོ་གཞན་གྱིས་རྒྱལ་སྲིད་ཕྲོགས་ཏེ། ཡུལ་འཁོར་བཅོམ་ཞིང་བཤིག་པ་ན་ཤིན་ཏུ་མྱ་ངན་གྱིས་ཐེབས། ་པ་བཞིན་དུ། མྱ་ངན་ལས་འདས་པ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་རྒྱལ་པོ་གཞན་གྱིས་མཚུགས་ཏེ་དགྲ་དང་བྲལ་བར་གྱུར་ནས། མྱ་ངན་མེད་པ་བཞིན་དུ། ཐར་པ་ཐོབ་པ་རྣམས་ཀྱང་མྱ་ངན་མེད ་པའོ།། ཐར་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའོ།། མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མྱ་ངན་དང་བྲལ་བ་མྱ་ངན་དང་བྲལ་བ་ཞེས་བྱ་བ་ནི་ཇི་ལྟར་བུད་མེད ་རང་གི་བུ་དམག་ཏུ་སོང་ནས་ཤིའོ།། ཞེས་ཐོས་པ་ལས་ཕྱིར་འོངས་པ་མཐོང་ན་མྱ་ངན་དང་བྲལ་བར་འགྱུར་བ་བ་ཞིན་དུ་མྱ་ངན་ལས་འདས་པ་དེ་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་ནི ་རྟག་ཏུ་མྱ་ངན་དང་བྲལ་བའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རྡུལ་མེད་པ་རྡུལ་མེད་ཞེས་བྱ་བ་ལ། རྡུལ་ཞེས་བྱ་བ་ནི་ས་རྡུལ་དང་ཉལ་ཉིད་ཡིན་ཏེ། ཇི ་ལྟར་དཔྱིད་ཀྱི་དུས་ན་ཕྱི་དྲོ་རླུང་ལངས་པས།། རྡུལ་བསླང་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ནོ།། རྡུལ་མེད་པ་ཞེས་བྱ་བ་ནི། ཇི་ལྟར་རྒྱལ་པོའི་གཙུག་གི་ནོར་བུ་དག་པ་དེ་བཞིན་དུ། ་རང་བཞིན་གྱི་རྡུལ་མེད་པ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རྡུལ་དང་བྲལ་བ་རྡུལ་དང་བྲལ་བ་ཞེས་བྱ་བ་ནི་ཇི་ལྟར་ན་གསར་ཡོངསུ་དག་པ་སྟེ། གསེག་མི ་དང་རྡོ་མེད་པར་གྱུར་པ་དབྱུག་ཏུ་རེད་པ། རང་བཞིན་དུ་གྱུར་པ་དེ་བཞིན་དུ། སྐྱོན་བྱང་བའི་རང་བཞིན་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། སོབ་སོབ་པོ ་མ་ཡིན་གསོབ་སོབ་པོ་མ་ཡིན་ཞེས་བྱ་བ་ནི། ཁམས་པའི་ཞོའི་བུམ་པ་གས་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ལྕགས་དང་རྡོ་རྗེའི་བུམ་པ་བཞིན་དུ། སོབ་སོབ་པོ་མ་ཡིན་པ་ནི་ཐར ་བའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། སོབ་སོབ་པོ་མ་ཡིན་པའི་ཆོས་ཅན། སོབ་སོང་པོ་མ་ཡིན་པའི་ཆོས་ཅན་ཞེས་བྱ་བ་ནི། ཇི་ལྟར་ཨེ་རན་དེའི་འབྲས་བུ་བརྔས་ནས ་སོས་ཀའི་དུས་སུ་ཁང་ཏོག་ཏུ་བཏིང་ན་ཀུན་ནས་རྩེག་ཙེ་གཟེར་ཞིང་། ཀུན་ནས་འགས་པ་དེ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ནོ།། སོ་སོ་བ་པོ་མ་ཡིན་པའི་ཆོས་ཅན་ཞེས་བྱ་བ་ནི། ཇི་ལྟར་ལྕག ་དང་། རྡོ་རྗེའི་བུམ་པ་ཤིང་ན་བ་སྟོང་གིས་མངས་འཕངས་ཀྱང་ཕིགས་པར་མི་ནུས་པ་དེ་བཞིན་དུ། སོབ་སོབ་པོ་མ་ཡིན་པའི་ཆོས་ཅན་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས། ་བའོ།། ཅི་བྱར་ཡང་མེད་པ་ཅི་བྱར་ཡང་མེད་པ་ཞེས་བྱ་བ་ནི། ཇི་ལྟར་མི་དབུལ་པོ་ཞིག་ལ་བུ་ལོན་ཆགས་པ་ལ། ས། ཕྱུག་པོའི་ལག་ཏུ་འོངས་ནས་ཉོན་མོངསུ་ཟིན་ཀྱང་། ཅི ་ཡང་འཇལ་དུ་མེད་ནས་བཏང་བ་བཞིན་དུ། ཐར་པ་ནི་དེ་ལྷ་མ་ཡིན་ཏེ། ཅི་བྱར་ཡང་མེད་པ་ཞེས་བྱ་བ་ནི། ཇི་ལྟར་མ་ནོར་བྱེ་བ་བདོགས་པ་སུའི་བུ་ལོན་ཡང་ཆགས་པ་དེ་བཞིན་དུ། ་ཆོས་བྱེ་བ་ཕྲག་མང་པོ་བཇོག་པའི་མཆོག་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཅི་བྱར་ཡང་མེད་པའི་ཆོས་ཅན་ཅི་བྱར་ཡང་མེད་པའི་ཆོས་ཅན་ཞེས་བྱ་བ ་ནི་ཇི་ལྟར་མི་དངུལ་པོས་རང་གི་ཁྱིམ་ནག་ལན་ཡང་ནོར་མེད་དེ་བདག་གིས་སྦྱིན་པོ་བླང་ངོ་སྙམ་ནས། དེས་སེམས་ཁོངསུ་ཆུད་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཅི་བྱར་ཡང ་མེད་པའི་ཆོས་ཅན་ཞེས་བྱ་བ་ནི། ཇི་ལྟར་ཁྱིམ་བདག་ནོ་དབྱེ་བ་བདེག་པའི་པ་དང་ཟླ་བ་ལ་ཡང་དག་པ་ལུས་ཏེ། དེ་ལྟར་འབྱོར་པ་དང་ལྡན་པའི་ཁྱིམ་བདག་གིས་ནི་ཅིན ་ལྷན་ནེར་འདུག་གོ་ཞེས་འམ། ཟླ་བ་ཤར་ཏོ་ཞེས་བྱ་བའི་སྒྲ་ཡང་མི་ཐོས་སོ།། དེ་ལྟར་མཆོག་ཏུ་སྐྱིད་པའི་ཁྱིམ་བདག་འཁོར་ལོས་སྒྱུར་བའི་རིགསུ་སྐྱེས་པ་དེ་ནི། ཕྱི་སྲིད་དུ་བྱ་བའི་ཕྱིར ་གཞན་ལས་སྐྱིན་པོ་ལེན་ཅེའམ། ཡང་ན་གཞན་གྱིས་འདི་ནི་ཕ་རོལ་ལས་སྐྱིན་པོ་ལེན་ཅིང་ཟའོ་ཞེས་བརྗེད་པ་མེད་དེ། དེ་ནི་མི་སྲིད་དོ།། དེ་བཞིན་དུ་ཐར་པ་ཡང་ཐར་པའི་གནས་གཞན ་ལེན་ལོ་ཞེས་བྱ་བ་དེ་ནི་མི་སྲིད་དོ།། དེ་བས་ན་ཅི་བྱར་ཡང་མེད་པ་འི་ཆོས་ཅར་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞི་ན་གཤེགས་པའོ།། གནོད་པ་མེད་པ་གནོད་པ་མེད་པ་ཞེ ་བྱ་བ་ནི་མ་སྲང་ང།། ཇི་ལྟར་སོས་ཀའི་དུས་སུ་ཧ་ཅང་མཆེ་ས་པ་བསྟེན་པ་དང་། དབྱར་གྱི་དུས་སུ་ཧ་ཅང་མངར་ཆེ་ས་པ་བསྟེན་པ་དང་། དགུར་གྱི་དུས་སུ་ཧ་ཅང་བསིལ ་ཆེས་པ་བསྟེན་པས། བདག་ཉིད་གནོད་པ་རྣམས་ཀྱིས་ཉེན་པ་དེ་ལས་གནོད་པ་རྣམས་འབྱུང་བ་བཞིན་དུ། ཐར་པ་ནི་དེ་ལྟར་ནད་མང་པོས་གནོད་པར་འགྱུར་བ་མ་ཡིན་ནོ།། གཞན་ཡང ་གནོད་པ་ཞེས་བྱ་བ་ནི། ཇི་ལྟར་ཤ་དང་ཉ་ཤ་ཟོས་པའི་འོག་ཏུ་འོ་མ་འཐུང་བ་ནི་འཆི་བར་འགྱུར་བ་བཞིན་དུ། ཐར་པ་ནི་གནོད་པའི་ཆོས་ཅན་མ་ཡིན་ནོ།། གནོད་པ་མེད་ཞེས་བྱ་བ་ནི། ་ལྟར་ཁ་ཟས་འཐུར་བ་ཟ་བས་རོ་ཞིམ་པ་ཡང་མྱོང་ལ་བདུད་རྩི་ཡང་ཟོས་པར་འགྱུར་བ་བཞིན་དུ་ཐར་པ་ནི་རང་བཞིན་གྱིས་བདུད་རྩི་ལྟ་བུ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གབྱེ ་བའོ།། གནོད་པ་མེད་པའི་ཆོས་ཅན་གནོད་པའི་ཆོས་ཅན་ཞེས་བྱ་བ་ནི། ཇི་ལྟར་ང་རྒྱལ་གྱིས་ཁེངས་པའི་མི། ང་རྒྱལ་གྱིས་དྲེགས་ཤིང་མྱོས་ནས་ང་མི་འཆིའོ་སྙམ་སྟེ། སྦྲུལ་དང་སྟག་ལ་འཛིན་པ ་རྩོལ་བ་ལས། དེས་ཟིན་ནས་དུས་མ་ཡིན་པའི་འཆི་བས་འཆི་བར་འགྱུར་བ་དེ་བཞིན་དུ། ང་རྒྱལ་ཁེངས་པ་ནི་ཐར་པར་མི་འགྱུརརོ།། གནོད་པ་མེད་པའི་ཆོས་ཅན་ཞེས་བྱ་བ་ནི། ཇི་ལྟར་འཁོར་ལོ ་སྒྱུར་བའི་རྒྱལ་པོའི་ཁར་བ་རིན་པོ་ཆེའི་གཟི་བརྗིད་ཀྱི་སྲོག་ཆགས་གདུག་པ་སྤུ་དང་། སྦྲུལ་དང་། ཀ་ན་བྷ་དང་། སྡོམ་ལ་སོགས་པའི་རིགས་དགུ་ཅུ་རྩ་དྲུག་པོ་རྣམས་ཀྱིས་ཐག་རིང་པོ་ནས་དེའི ་དྲི་ཚོར་བ་ཙམ་གྱིས་ཁར་བ་རིན་པོ་ཆེའི་རང་བཞིན་གྱི་དྲིས་སྐྲག་ནས་དུག་མེད་པར་འགྱུར་བ་དེ་བཞིན་དུ་ཐར་པ་ནི་རང་བཞིན་གྱིས་སྲིད་པའི་ཉེས་པ་ཉི་ཤུ་རྩ་ལྔ་དང་བྲལ་བ་ཡིན་ཏེ། ཐར་པ་གང ་ཡོན་པ་ནི། དེ་བཞིན་གཤེགས་པའོ།། ཉེན་མེད་པ་ཉེན་མེད་པ་ཞེས་བྱ་བ་ལ། ཐར་པ་ནི་ཨེ་ལ་སྔོན་པོ་དང་། ལྗང་ཁྲིའི་མ་དོག་ལྟ་བུ་མ་ཡིན་ནོ།། ཉེན་མེད་པ་ཞེས་བྱ་བ་ནི། ཇི་ལྟར ་ནམ་མཁའ་ལ་ཉེན་མེད་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཉེན་མེད་པའི་ཆོས་ཅན་ཞེས་བྱ་བ་ནི། ཇི་ལྟར་རྟེན་ལ་མར་མེ་ཉན ་རྩཝ་འགྱུར་བ་བཞིན་དུ།། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཉེན་མེད་པའི་ཆོས་ཅན་ཞེས་བྱ་བ་ནི། ཇི་ལྟར་ཟླ་བའི་འོད་སེམས་ཅན་ཐམས་ཅད་ལ་ཉེན་མེད་པ་བཞིན་དུ། ཐར་པ་ཡང་དེ་དང་འདྲ་སྟེ། ་སེམས་ཅན་ཐམས་ཅད་ལ་ཉེན་མེད་པའི་ཚུལ་ཅན་ཡིན་ནོ།། དེ་བས་ན་ཉེན་མེད་པ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཅི་ཡང་མེད་པ་ཅི་ཡང་མེད་པ་ཞེས་བྱ་བ་ནི ་ཇི་ལྟར་མིའི་མཛའ་བོ་དང་། དགྲ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཅི་ཡང་མེད་པ་ཞེས་བྱ་བ་ནི་ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་དགྲ་ཡོད་ཅེས་བྱ་བ་ནི་མི་སྲིད་དེ། ་ཐར་པ་ཡང་དེ་དང་འདྲའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཅི་ཡང་མེད་པ་ཞེས་བྱ་བ་ནི། ཇི་ལྟར་རས་དཀར་པོ་དགོས་པ་འགའི་ཕྱིར་བསྒྱུར་ན། སྔོན་པོ་དང་། དམར་པོར་འགྱུར ་བ་བནན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ནོ།། ཅི་ཡང་མེད་པ་ཞེས་བྱ་བ་ནི། ཇི་ལྟར་གླུ་ཤིང་གི་མེ་ཏོག་དྲི་ང་བར་འགྱུར་བ་འམ། སྔོན་པོར་འགྱུར་མི་སྲིད་པ་བཞིན་དུ། ཐར་པ་ཡང་དེ་དང་འདྲ ་སྡེ་ཆུང་ཟད་ཅིག་ཡོད་དོ།། ཞེས་བྱ་བ་མི་སྲིད་དེ། མེ་ཏོག་དེའི་དྲི་གཅིག་པུ་ཁོ་ནར་ཟད་པ་བཞིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ངོ་མཚ་རེང་མཚར་ཞེས་བྱ་བ་ནི། ་ལྔར་ཆུའི་ནང་ན་པད་མ་ཡོད་པ་དེ་མཚར་མི་ཆེ་བ་བཞིན་དུ།། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ངོ་མཚར་ཞེས་བྱ་བ་ནི། ཇི་ལྟར་མེའི་ནང་དུ་མེ་ཏོག་པདྨ་རྒྱས་པ་མཐོང་ན། དགའ་བ་སྐྱེ ་བ་དེ་བཞིན་དུ། ཐར་པ་ཡོད་ན་དགའ་བ་སྐྱེ་བར་འགྱུརརོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རྨད་དུ་བྱུང་བ་རྨ་དུ་བྱུང་བ་ཞེས་བྱ་བ་ནི། ཇི་ལྟར་བྱིས་པའི་སོ ་རྣམས་ཕྱིས་སྐྱེས་པ་དེ་བཞིན་དུ། ཐར་པ་ནི་དུས་ལ་བབ་པ་དང་དུས་ལ་མ་བབ་པ་ལས་འགྱུར་བ་མེད་དོ།། ཡ་མཚན་ཞེས་བྱ་བ་ནི་ཇི་ལྟར་འདོད་ཆེན་པ་རྣམས་ཀྱི་འདོད་ཆེན་པར་ལྷུང་བ ་སངས་རྒྱས་སུ་འགྱུར་ཞེས་བྱ་བ་ནི་མི་སྲིད་དོ།། གང་གི་ཚེ་དམ་པའི་ཆོས་ལ་དད་པ་དང་ལྡན་པ་འམ། དགེ་བསྙེན་དུ་གྱུར་པ་དེའི་ཚེ་ཐར་པ་ཟད་པར་འགྱུ་རོ་ཞེས་བྱ་བ་ནི་མི་སྲིད་དེ། ཁམས ་དེ་ནི་རང་བཞིན་གྱིས་རྨད་དུ་བྱུང་བའོ།། དེ་བས་ན་མཐར་པ་ནི་རྨད་དུ་བྱུང་བ་ཞེས་བྱའོ།། འདོད་ཆེན་པོའི་ལྟར་དེ་བཞིན་གཤེགས་པ་ནི་ཟད་པ་མེད་པའོ།། དགེ་བའི་རྩ་བའི་སེམས་ལ ་དམིགས་པ་ལ་ནི་ཆོས་རྣམས་སྐྱེ་བ་མེད་དེ། སྐྱེ་བ་མེད་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དཔག་ཏུ་མེད་པ་དཔག་ཏུ་མེད་པ་ཞེས་བྱ་བ་ནི། ཇི་ལྟར་འབྲུའི ་ཕུང་པོ་འམ། འབྲས་སཱ་ལིའི་ཕུང་པོ་གཞལ་དུ་ཡོད་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ནོ།། དཔག་ཏུ་མེད་པ་ཞེས་བྱ་བ་ནི། ཇི་ལྟར་རྒྱ་མཚོའི་ཆུ་དཔག་ཏུ་མེད་པ་བཞིན་དུ། ཐར་པ་ཡང ་དེ་དང་འདྲ་བར་དཔག་ཏུ་མེད་དོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཚད་མེད་པའི་ཆོས་ཅན་ཚ་ད་མེད་པའི་ཆོས་ཅན་ཞེས་བྱ་བ་ནི། ཇི་ལྟར་སེམས་ཅན་གཅིག ་ལས་ཀྱི་རྣམ་པར་སྨིན་པ་ཚད་ཡོད་པའི་ཆོས་ཅན་ཡིན། པ་བཞིན་དུ་ཐར་པ་ནི་དེ་ལྟར་ན་དེ་ལྟ་མ་ཡིན་ཏེ། ཚད་མ་དཔའི་ཆོས་ཅན་ཞེས་བྱ་བ་ནི། ཇི་ལྟར་སེམས་ཅན་རྣམས་ཀྱི ་འཁོར་བའི་མཐའ་ལས་ངེས་པར་འབྱུང་བ་ཚད་མེད་པ་བཞིན་དུ། ཐར་པ་ཡང་དེ་དང་འདྲའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མཆོག་དང་ཕུལ་དང་གཙོ་བོ་ཞེས་བྱ་བ ་ནི་གང་ལ་མཆོག་དང་ཕུལ་དང་། གཙོ་བོར་གྱུར་པའི་ཐར་པ་གཞན་མེད་པ་སྟེ། ཇི་ལྟར་རྒྱ་མཚོ་ཆེན་པོ་ལ། དེ་དང་འདྲ་བའི་ཆུ་ཆེན་པོ་གཞན་མེད་པ་བཞིན་དུ། ཐར་པ་ཡང་དེ་དང་འདྲ་སྟེ། ་ཐར་པ་རང་ཉིད་མཆོག་དང་ཕུལ་དང་གཙོ་བོ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རབ་ཅེས་བྱ་བ་ནི་ཇི་ལྟར་ན་མཁའི་གོང་ན་ན་མཁའ་གཞན་ནམ། ན་མཁའ ་ལས་ལྷག་པའི་ཆོས་གཞན་མེད་པ་བཞིན་དུ། ཐར་པའི་གོང་ན་མཐར་པའི་ཆོས་གཞན་མེད་དེ་ཐར་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའོ།། ཀུན་ཏུ ་རབ་ཏུ་རབ་ཅེས་བྱ་བ་ནི། ཇི་ལྟར་རི་དྭགས་ཐམས་ཅད་ལས་འདས་པ་ནི་སེངྒེའི་ས་ཡིན་པ་དེ་བཞིན་དུ། ཐར་ནི་ཆོས་ཐམས་ཅད་ལས་འདས་ཏེ། གཅིག་པུ་འོད་གསལ་བའོ།། ཐར་པ་གང ་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། བླ་མ་བླ་མ་ཞེས་བྱ་བ་ནི། ཇི་ལྟར་ཕྱོགས་ཐམས་ཅད་ཀྱི་ནང་ན། བྱང་ཕྱོགས་མཆོག་ཅེས་བྱ་བ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང ་ཡིན་པ་དེ་རི་དེ་བཞིར་གཤེགས་པའོ།། བླ་ན་རེད་པའི་ཡང་བླན་རེད་པ་ཞེས་བྱ་བ་ནི། ཇི་ལྟར་ཡུལ་ཐམས་ཅད་ཀྱི་ནང་ན་བྱང་ཕྱོགས་པ་ལ་ཡུལ་བླ་ན་མེད་པ་ཞེས་བྱ་བ་བཞིར་དུ། ཐར ་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའོ།། ངེས་པ་ངེས་པ་ཞེས་བྱ་བ་ནི། ཇི་ལྟར་ལྷ་རྣམས་དང་མི་རྣམས་ཀྱི་འཆི་བ་ནི་ངེས་ལ། སྲོག་ནི་མ ་ངེས་པ་སྟེ། ཐར་པ་ནི་ལྷ་དང་མི་རྣམས་ཀྱི་འཆི་བར་ངེས་པ་བཞིན་དུ། ངེས་པ་དང་གནས་པའི་ཆོས་ཅན་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མི་# ་ཞེས་བྱ་བ་ནི། ཇི་ལྟར་འདར་བུ་དང་། ཨེ་རནད་དང་། དབུ་པ་རྣམས་ནི་བརྟན་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ནོ།། མི་བརྟན་པ་ཞེས་བྱ་བ་ནི། མར་སྙིང་ཁུ་ལྟ་བུའོ།། ཐར་པ་ན་མཾ ་བརྟན་པ་མ་ཡིན་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འཇིགས་པའི་ཆོས་ཅན་མ་ཡིན་པ་འཇིགས་པའི་ཆོས་ཅན་མ་ཡིན་པ་ཞེས་བྱ་བ་ནི། ཇི་ལྟར་རྩིག་ངེས་ལ། ་སྦྲང་བུ་འཁོང་པ་རྣམས་ཁ་ཅིག་ནི་འབྱར། ཁ་ཅིག་ནི་ལཁ་ཅིག་ནི་འགྲོ་ཁ་ཅིག་ནི་རྩེ་བ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ནོ།། འཇིགས་པའི་ཆོས་ཅན་མ་ཡིན་པ་ཞེས་བྱ་བ་ནི། ཇི་ལྟར ་མཁན་གྱིས་རི་མོ་བྲིས་པའི་རྩིག་ངོས་ལ། དེ་དག་འཁོར་པ་མི་ནུས་ཤིང་། འབྱུང་བར་མི་འགྱུར་བ་དེ་བཞིན་དུ་ཐར་པ་ནི་ཉེས་པ་ཐམས་ཅད་ཀྱིས་མི་གོས་པ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན ་གཤེགས་པའོ།། མཐའ་ཡས་པ་མཐའ་ཡས་པ་ཞེས་བྱ་བ་ལ། ཐར་པ་ནི་གྲོང་ཕྲག་ལྟ་བུ་མ་ཡིན་ཏེ། མཐའ་ཡས་པ་ནི་ཇི་ལྟར་ན་མཁའ་ལ་མཐའ་མེད་པ་དེ་བཞིན་དུ། བདེ་བ་རྣམ་པ་མཐ ་ཡས་པ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་པ་ཤེགས་པའོ།། བསྟན་དུ་མེད་པ་བསྟན་དུ་མེད་པ་ཞེས་བྱ་བ་ནི། ཇི་ལྟར་ན་མཁའ་ལ་བྱའི་རྗེས་མི་སྣང་བ་དེ་བཞིན་དུ་ཐར་པ་ནི ་བརྟག་པར་དཀའ་བ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བ་ཞིན་གཤེགས་པའོ།། ཟབ་མོ་ཞེས་བྱ་བ་ནི། ཤིན་ཏུ་ཤ་ཐང་བས་འཇུག་པའི་ཆོས་ཅན་ཡིན་ཏེ། ཇི་ལྟ་བ་མ ་དཀའ་བ་བྱེད་པའི་ཡོན་ཏན་རྣམས་ཤིན་ཏུ་ཤ་ཐང་བས་འཇུག་པའི་སྒོ་ནས་ཤིན་ཏུ་ཟབ་པ་དེ་བཞིན་དུ།། ཐར་པ་ནི་ཟབ་པ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ་ཤིན་ཏུ་བལྟ་དཀའ་བ་ཤིན་ཏུ་བལྟ་དཀའ་བ་ཞེས་བྱ་བ་ནི། ཇི་ལྟ་མིས་རང་གི་མགོ་བོའི་སྟེང་ཤིན་ཏུ་དཀའ་བ་དེ་བཞིན་དུ། ཐར་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད ་གྱིས་ཀྱང་ཤིན་ཏུ་ལྟ་བར་དཀའ་སྟེ། ཐར་པ་གང་ཡིན་པ་དེ་ནི་ང་བཞིན་གཤེགས་པའོ།། གནས་མེད་པ་གནས་མེད་པ་ཞེས་བྱ་བ་ནི། ཁྱིམ་དང་ན་མཁའི་ཚིག་བླ་དྭགས་ཏེ། ཐར་པ ་ནི་དེ་ལྟ་མ་ཡིན་ནམ། གནས་མེད་པ་ཞེས་བྱ་བ་ནི་གོ་སྐབས་རེད་པའི་ཚིག་བླ་དྭགས་ཏེ། གང་ལ་སྲིད་པའི་གནོད་པའིཉི་ཤུ་རྩ་ལྔ་མེད་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ ་དེ་ནི་དེ་བཞིན་གཤེགས་པའོ།། ཉོན་མོངས་པ་མེད་པརྩོན་མོངས་པ་ཞེས་བྱ་བ་ནི། ཇི་ལྟར་མིའི་ཆད་པར་སྐྱུ་རུ་ར་གཟུང་དུ་ཡོད་པ་བཞིན་དུ།། ཐར་པ་ནི་དེ་དང་འདྲ་བར་ཅི་ཡང་གཟུང་དུ ་མེད་དོ།། ཅན་རེངས་པ་མེད་པ་ཞེས་བྱ་བ་ནི། ཇི་ལྟར་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྒྱུ་མ་ལ་ཅི་ཡང་གཟུང་དུ་མེད་པ་བཞིན་དུ།། ཐར་པ་ཡང་དེ་རིང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན ་གཤེགས་པའོ།། སྐྱོན་མེད་པའི་ལུས་སྐྱོན་མེད་པའི་ལུས་ཤེ་ས་བྱ་བ་ནི་ཇི་ལྟར་མིའི་ལུས་སྨེ་བ་དང་། ཤུ་བ་དང་། མཛེ་དང་། པགས་པའི་ནད་དང་། སྐྱོན་རྣམས་མེད་པར་གྱུར་པ ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ནོ།། སྐྱོན་མེད་པའི་ལུས་ཤེས་བྱ་བ་ནི། ཇི་ལྟར་བའི་འོ་མ་རང་བཞིན་གྱིས་མདོག་ཅིག་པོ་བཞིན་དུ། ཐར་པ་ཡང་མཚན་ཉིད་གཅིག་པ་སྟེ། ཐར ་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དག་པ་དག་པ་ཞེས་བྱ་བ་ནི། ཇི་ལྟར་རྙོག་པའི་དྲི་མ་དང་འདྲེས་པའི་ཆུའི་ནང་དུ། ཀ་ཏ་ཀའི་འབྲས་བུ་བདར་ན་ཚུའི་རང་བཞིན་དག་པར ་འགྱུར་བ་བཞིན་དུ་ཐར་པ་ནི། དེ་ལྟ་མ་ཡིན་ནོ།། དག་པ་ཞེས་བྱ་བ་ནི། ཇི་ལྟར་ན་མཁའ་ལ་ཆར་བའི་ཆུ་རོ་གཅིག་ཅིང་རྣམ་པར་དག་པ་བཞིན་དུ། ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན ་པ་དེ་ནི། དེ་བཞིན་གཤེགས་པའོ།། གྲོལ་བ་གྲོལ་བ་ཞེས་བྱ་བ་ལ། ཐར་པ་ནི་ཟླ་བ་ཚེས་བཅོ་ལྡིའི་དྲི་མ་མེད་པ་དང་འདྲ་སྟེ། ཟླ་བ་སྤྲིན་གྱིས་ཡོག་པ་ལྟ་བུ་མ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ ་བཞིན་གཤེགས་པའོ།། ཞི་བ་ཞི་པ་ཞེས་བྱ་བ་ནི། ཇི་ལྟར་སེམས་ཅན་རིམས་ནད་ཀྱིས་ཐེབས་པ་ལ། རིམས་ནང་དང་བྲལ་བར་གྱུར་བ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཞི་བ་ཞེས་བྱ་བ་ལ། ་བར་བ་ནི་སེམས་ཅན་ནད་མེད་ཅིང་གནོད་པ་མེད་པ་བཞིད་ཏེ། ཐར་པ་གང་ཡིན་པ་དེ་རི་དེ་བཞིར་གཤེགས་པའོ།། མཉམ་པ་ཉིད་མཉམ་པ་ཉིད་ཅེས་བྱ་བ་ནི། ཇི་ལྟར་ལུག་ཐུག་ར་གཉིས་ཕན་ཚུན ་འཐབ་པ་ན། སྟོབས་ཉམ་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་མ་དང་འཐུན་པར་སྨྲ་བ་དེ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཉེ་བར་ནི ་བཉེ་བར་ཞི་བ་ཞེས་བྱ་བ་ལ། གནས་ཀྱི་མཆོག་དེ་ཐོབ་པ་ནི། གནས་གཞན་འདོད་མི་སྲིད་དོ།། ཆོག་མི་ཤེས་པ་ཞེས་བྱ་བ་ནི་ཇི་ལྟར་ཉམ་ཆུང་བའི་ཚེ། ཁ་ཟས་ཀྱི་མཆོག་ཟོས་པའི་འོག་ཏུ། དར་བ ་བཏུང་བའི་སེམས་སྐྱེ་བར་འགྱུར་བ་བཞིན་དུ། ཐར་པ་ནི་དེ་ལྷ་མ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས། པའོ།། ཆང་པ་ཆད་པ་ཞེས་བྱ་བ་ལ། སྲེད་པའི་ཞགས ་པ་ལྟ་བུའི་ནང་གི་འདོད་པ་ཆད་པ་གང་ཡིན་པ་དེ་ནི་ཆད་པའི་སྒོ་ནས་ཐར་པ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་འོ།། ཕ་རོལ་ཕ་རོལ་ཞེས་བྱ་བ་ནི། ཇི་ལྟར་ཆུ་ཀླུང་ལ ་ཆུ་རོལ་དང་། ཕ་རོལ་གྱི་འགྲམ་དུ་གཉིས་ཡོད་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་ནི་ཕ་རོལ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཆུ་ཀླུང་བཞིན་ཞེས་བྱ་བ ་ལ། ཆུ་ཀླུང་ཉིད་དཔེར་རུང་བར་ཟད་ཀྱི། འཇིག་རྟེན་ར་ཆུ་ཀླུང་གཞན་དཔེར་རུང་བ་མེད་དོ།། ཆུ་ཀླུང་ཞེས་བྱ་བ་ནི་རྒྱ་མཚོ་ལ་བྱ་སྟེ། ཆུ་ཀླུང་ཐམས་ཅད་ཀྱི་ནང་ན། རྒྱ་མཚོ་འབའ་ཤིག་ཆུ ་།། ཡིན་པས་ན། རྒྱ་མཚོའི་ཆུ་ཀླུང་ཞེས་བྱ་བའི་གྲངསུ་གཏོགས་སོ།། ཆུ་ཀླུང་ཞེས་བྱ་བ་ནི་སྒྲ་ཆེན་པོ་སྒྲོགས་པའི་ཕྱིར་ཏེ། ཐར་པ་ནི་ཆུ་ཀླུང་རྒྱ་མཚོའི་ཕ་རོལ་དང་འདྲའོ།། ཐར་པ་གང ་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། བཟང་པོ་བཟང་པོ་ཞེས་བྱ་བ་ནི། གང་ལ་ཀེ་ཤ་ཏ་ཀཱའི་འབྲས་བུའི་རོ་ཚ་བ་མེད་པ་སྟེ། ཐར་པ་ནི་ཀོ་ཤ་ཏ་ཀའི་འབྲས་བུ་ལྟ་བུ་མ་ཡིན་གྱི། ཐར་པ་ནི་དགུན ་འབྲུམ་ལྟ་བུ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཇི་ལྟར་སྨན་པ་རྩི་དང་སྨན་ཐམས་ཅད་ཀྱིས། སེམས་གནས་པར་བྱས་ནས། ནད་དོ་ཅོག་སེལ་བ་དེ་བཞིན་དུ། ཐར་པ ་ཡང་ཉེས་པ་ཐམས་ཅད་དང་བྲལ་བའོ།། ཐར་པ་གང་ཡིན་པ་དེ། ནི་དེ་བཞིན་གཤེགས་པའོ།། འདུན་པ་དྲག་པོ་འདུན་པ་དྲག་པོ་ཞེས་བྱ་བ་ནི། ཇི་ལྟར་གྲོང་ཆུང་ངུར་སྐྱེ་བོ་ཕལ་པོ་ཆེ ་འཇུག་པའི་སྐབས་མེད་པ་དེ་བཞིན་དུ།། ཐར་པ་ནི་དེ་ལྟར་མ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། སྲེད་པ་དང་དགའ་བ་ཟད་པ་ཞེས་བྱ་བ་ནི། སྒྱུ་མ་སྤྲུལ་པ ་དང་བྲལ་བ་ལྟ་བུ་སྟེ། གང་ལ་སྐྱེས་པ་དང་། བུ་མེད་འཁྲིག་པའི་ཆོས་ཅན་རྣམས་ཀྱི་ཕན་ཚུན་དུ་གཏམ་ཟེར་བ་ཡོད་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། རང་བཞིན་གྱི་ངོ་བོ་ཉིད་ཀྱི་ཆོས ་ཅན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བ་གང་ཡིན་པ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། སྐོམ་པ་འདུལ་བ་སྐོམ་པ་འདུལ་བ་ཞེས་བྱ་བ་ནི། ་གང་ལ་སྲེད་པའི་ངག་ཙམ་ཡང་མེད་པའོ།། ཡི་དྭགས་ཀྱི་སྲེད་པ་མེད་པ་ཆོས་ཀྱི་སྲེད་པའོ།། ཆོས་ཀྱི་སྲེད་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའོ།། ཐར་པ་ནི་ཡི་དྭགས་ཀྱི ་སྲེད་པ་ལྟ་བུ་མ་ཡིན་ཏེ། བདག་དང་བདག་གིར་འཛིན་པ་དང་བྲལ་བ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འགོག་པ་འགོག་པ་ཞེས་བྱ་བ་ནི་ཐར་པ་སྟེ། སྲིད་པ་ལ་ཞེན་པ ་མེད་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། གནས་གནས་ཤེས་བྱ་བ་ནི་ཐར་པ་སྟེ། སྲིད་པ་ཐམས་ཅད་ལས་ངེས་པར་སྒྲོལ་ཞིང་སྐྱོབ་པ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ ་བཞིན་གཤེགས་པའོ།། སྐྱབས་སྐྱབས་ཞེས་བྱ་བ་ནི། ཇི་ལྟར་དེ་བཞིན་གཤེགས་པ་ལ་སྐྱབསུ་སོང་ནས། སྐྱབས་གཞན་མི་འཚོལ་བ་ལྟ་བུའོ།། ཇི་ལྟར་རྒྱལ་པོ་ལ་སྐྱབསུ་འགྲོ་བ་མི་བརྟན ་བ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། བདེ་བ་བརྟན་པ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དཔུང་གཉེན་དཔུང་གཉེན་ཞེས་བྱ་བ་ནི། ནགས་ཁུང ་དགོན་པ་མཆོག་ཏུ་འཇིགས་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་རི་དྭགས་ཀྱི་རྒྱལ་པོའི་དཔུང་གཉེན་རི་དྭགས་གཞན་རྣམས་ལ་མེད་པ་བཞིན་ནོ།། རི་དྭགས ་ཀྱི་རྒྱལ་པོ་ནི་འཆི་བས་འཇིགས་པ་ཐམས་ཅད་ཀྱིས་འཇིགས་པ་མེད་པ་དེ་བཞིན་དུ། ཐར་པ་དཔུང་གཉེན་ནོ།། ཐར་པ་གང་ཡིན་པ་དེ། དེ་བཞིན་གཤེགས་པའོ།། བདེ་བ་བདེ་བ་ཞེས་བྱ ་བ་ནི། རིན་པོ་ཆེའི་གླིང་དང་འདྲ་སྟེ། དེ་བཞིན་དུ་ཐར་པ་ནི་ཆོས་ཀྱི་འབྱུང་ཁུང་ངོ་།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཉམ་ང་བ་མེད་པ་ཉམ་ང་བ་མེད་པ་ཞེས་བྱ་བ་ནི།། ་ཇི་ལྟར་རྟག་གིས་འཇིགས་ཤིང་སྨག་ནས་ཁྲོན་པར་སོང་བའི་འོག་ཏུ་ཁྲོན་པའི་ནང་ནས་བདག་འབྱིན་ནུས་པ་སུ་ཡོད་ཅེས་ཟེར་བ་བཞིན་དུ། ཐར་པ་ནི་ཁྲོན་པ་ལྟ་བུ་མ་ཡིན་ནོ།། ཉམ་པ ་། མེད་པ་ཞེས་བྱ་བ་ནི། ཇི་ལྟར་གྲུ་ཆག་པ་ལས་གྲུ་གཞན་ཞིག་རྙེད་དེ། རྒྱ་མཚོ་ཆེན་པོ་ལས་ངེས་པར་རྒལ་ནས། ཉམ་ང་བ་མེད་ཅིང་བདེ་བར་གྱུར་པ་དེ་བཞིན་དུ། ཐར་པ་ནི་ཉམ ་ངབ་མེད་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། གནས་བཅོམ་པ་ཞེས་བྱ་བ་ནི་གོ་སྐབས་ཟད་པ་སྟེ། ཇི་ལྟར་འོ་མ་ལས་ཞོ་འབྱུང་ཞོ་ལས་མར་སར་འབྱུང་། མར་སར་ལས་ཞུན ་མར་འབྱུང་། ཞུན་མར་ལས་མར་གྱི་སྙིང་ཁུ་འབྱུང་བ་བཞིན་དུ། ཐར་པ་ནི་གནས་ཐམས་ཅད་ཡོངསུ་ཆད་པ་སྟེ། མར་གྱི་སྙིང་ཁུ་ལྟར་རང་བཞིན་དུ་གནས་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ ་བཞིན་གཤེགས་པའོ།། ང་རྒྱལ་འདུལ་བ་ང་རྒྱལ་འདུལ་བ་ཞེས་བྱ་བ་ནི། ཇི་ལྟར་སའི་མངའ་བདག་རྒྱལ་པོ་ཐམས་ཅད་ཀྱི་མཆོག་ཡིན་ནོ།། སྙམ་པའི་ང་རྒྱལ་འདུལ་བ་བཞིན་དུ། ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་ནི་ང་རྒྱལ་མེད་ཅིང་ང་རྒྱལ་དུ་འཛིན་པ་མེད་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རྒྱག་པ་འདུལ་བ་རྒྱགས་པ་འདུལ ་བ་ཞེས་བྱ་བ་ནི། གང་ལ་འཁྲིག་པའི་འདུན་པའི་མིང་ཡང་མེད་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མ་རིག་པ་འདུལ་བ་མི་རིག་པ་འདུལ་བ་ཞེས་བྱ་བ་ནི། ་ཇི་ལྟར་འོ་མ་ལས་གཅིག་ནས་གཅིག་ཏུ་བརྒྱུད་ཏེ། དྲི་མའི་ཉེས་པ་གང་དང་གང་ཟད་པར་གྱུར་པ་དེ་དང་དེ་ལས་མར་གྱི་སྙིང་ཁུ་འབའ་ཤིག་འབྱུང་བར་འགྱུར་བ་དེ་བཞིན་དུ། མ་རིག ་པ་ལས་མ་རིག་པ་འབའ་ཤིག་འབྱུང་བར་འགྱུར་ཏེ། མ་རིག་པ་གང་ཡིན་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དབེན་པ་དབེན་པ་ཞེས་བྱ་བ་ནི། གང་ལ ་ཟླའི་ཆོས་གཞན་མེད་པ་སྟེ། གླང་པོ་ཆེའི་དགོན་པ་ན་གླང་པོ་ཆེ་གཅིག་པུ་རྒྱུ་ཞིང་། གཅིག་པུ་གནས་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ ་རྣམ་པར་སྤོང་བ་རྣམ་པར་སྤོང་བ་ཞེས་བྱ་བ་ནི། བདག་མེད་པ་གཟུང་བར་བསྟན་ཏེ། དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པའོ།། ཇི་ལྟར་ཨེ་རན་ད་དང་འདམ་བུའི་སྡོང་བུ་ནི་འབྲས ་བུ་མ་གཏོགས་པར་ཐོག་རྟག་ཏུ་སྙིང་པོ་མེད་པ་བཞིན་དུ། ལྷ་དང་། མི་དང་། ལྷ་མ་ཡིན་གྱིས་ལས་ཐམས་ཅད་ནི། དེ་བཞིན་གཤེགས་པའི་སྙིང་པོ་མ་གཏོགས་པར་ཐམས་ཅད་ཨ་རཿ ་ང་དང་། འདམ་བུ་བཞིན་དུ་སྙིང་པོ་མེད་དོ།། སྲིད་པའི་སྙིང་པོ་མེད་པ་ཐམས་ཅད་རྣམ་པར་སྤངས་པ་ནི་ཐར་པའོ།། ཐར་པ་ནི་རང་ལ་བརྡའ་སྤྲོད་པ་ཡིན་ཏེ། ཐར་པ་གང་ཡིན་པ་དེ ་དེ་བཞིན་གཤེགས་པའོ།། སྤོང་བ་སྤོང་བ་ཞེས་བྱ་བ་ནི། ཁ་ཟས་མ་ཞུ་བས། ཁ་ཟས་མཚོས་པ་སྤོང་བ་བཞིན་དུ། སྲིད་པ་ཐམས་ཅད་གཅད་པ་དང་། སྤངས་པ་སྟེ། དེ ་ལྟར་ན་ཐར་པ་ནི་མཁས་པའོ།། བར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རང་གི་སངས་རྒྱས་ཀྱི་ཆོས་སངས་རྒྱས་ཀྱི་ཆོས་ཤེས་བྱ་བ་ནི་ཇི་ལྟར་གླུ་ཤིང་གི་མེ་ཏོག་པ་ཁལ་གྱི་ཚེ ་ཏོག་མ་ཡིན་པ་བཞིན་དུ། བ་རང་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཁངས་ཤེས་བྱ་བ་ལ་ཁམས་དེ་ནི་སེམས་ཅན་ཐམས་ཅད་ཀྱི་ཁམས་སོ། ་སྲོག་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སྲོག་གོ།། ཐར་པ་ཡང་དེ་དང་འདྲ་སྟེ། ཐ་རབ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། སྐྱེ་ཆེད་སྐྱེ་མཆེད་ཅེས་བྱ་བ་ནི། གང་ལ་འཐུང་བའི ་ཡོད་པ་སྟེ། བདག་མེད་པ་བསྐམས་ནས། བདག་ལམ་ལ་འཇུག་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དགེ་བ་དགེ་བ་ཞེས་བྱ་བ་ནི ་ཇི་ལྟར་རྗེ་སུ་བསྟན་པར་བྱ་བ་རྣམས་ལ་བླ་མའི་ཚིག་གཅིག་ཏུ་མེད་པ་ལྟ་བུའོ།། དགེ་བ་ཞེས་བྱ་བ་ནི། ལེགས་པ་ཡིན་ཏེ་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འཇིག་རྟེན་ལ ་འདས་པ་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་ནང་ན་གནས་ཀྱི་དམ་པ་སྟེ། དེ་ནི་ཐར་པའོ།། ཇི་ལྟར་ཁུ་བཅུད་ཐམས་ཅད་ཀྱི་ནང་ན་མཆོག་ནི་བའི་འོ་མ་ཡིན ་པ་བཞིན་དུ། འཇིག་རྟེན་ལས་འདས་པ་དེ་ནི། ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མི་གཡོ་བ་མི་གཡོ་བ་ཞེས་བྱ་བ་ནི་ཇི་ལྟར་སྒོ་གཏན་གྱི་རྟེན་མ་ཕྱོགས ་བཞིའི་རླུང་གིས་སྐྱོན་མི་ནུས་པ་དེ་བཞིན་དུ། ཐར་པ་ལ་ང་དེ་དང་འདྲ་བར་བརྟན་ཞིང་མི་གཡོ་བ་ཡིན་ནོ།། བར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རྒྱ་མཚོན ་བརླབས་ན་མ་བརྟན་པའི་རང་བཞིན་ཅན་ཡིན་ཏེ། ཐར་པ་ནི་དེ་ལྟ་མ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། གནས་གནས་ཤེས་བྱ་བ་ནི། རྒྱལ་པོའི་ཕོ་བྲང་ཁང ་བཟང་པན་སྐྱོན་མེད་པ་དེ་ཡང་བཅོས་མ་མ་ཡིན་ནོ།། ཐར་པ་ད་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ངེས་ངེས་པ་ཞེས་བྱ་བ་ནི། ཇི་ལྟར་འཛམ་བུ་ཆུ ་པོའི་གསེར་སྦྱིན་མེད་ཅིང་ཐམས་ཅད་དུབུས་སུ་རུང་བ་བཞིན་དུ། བར་བ་ཡང་དེ་དང་འདྲེསྟེ། ཐར་བ་གང་ཡིན་པ་དོན་དེ་བཞི་གཤེགས་པའོ།། མར་པ་ནི་བྱིས་པའི་སྤྱོད་པས་ཟུར ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའོ།། ཤིན་ཏུ་སྦྱངས་པ་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ནི་ཇི་ལྟར་རྒྱལ་སྲིད་ཀྱི་དབང་ཕྱུག་ཐོབ་ནས། མཐུ་ཆེ་ཞིང་བག་ཡང་སུ་དྲུག་པ་བཞིན ་དུ། ཕུང་པོ་ཡོངསུ་སྤངས་པ་ནི་ཐར་པ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མཐར་ཐུག་པ་མཐར་ཐུག་པ་ཞེས་བྱ་བ་ནི། ཉོན་མོངས་པ་མི་གཙང་བ་ཟང་སྟེ། ཐར་པ་ནི ་རྒྱལ་པོའི་བཙོན་ར་ནས་ཕྱིན་པའི་མི་དང་འདྲའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། བཅོས་མ་མ་ཡིན་པའི་བདེ་བའོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤོང་བ ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤོང་བ་ཞེས་བྱ་བ་ནི་གསུམ་གྱིས་བཏབ་པ་སྟེ། ཇི་ལྟར་སྦྲུལ་གདུག་པས་ཟིན་པས། བདག་ཉིད་སོས་པར་བྱ་བའི་ཕྱིར་བད་ཀན་སྐྱུག་པ ་བྱེད་པ་བཞིན་དུ་ཉོན་མོངས་པའི་བད་ཀན་ཟད་པ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའོ།། ཙན་མོངས་པ་སྤོངས་པ་ཅན་མོངས་པ་སྤོངས་པ་ཞེས་བྱ་བ་ལ ་སྦྲུལ་གདུག་པ་འདྲ་བའི་ཉོན་མོངས་པ་ཟད་པ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཕུང་པོ་སྤོང་བ་ཕུང་པོ་སྤོང་བ་ཞེས་བྱ་བ་ལ། སྡུག་བསྔལ་ཐམས་ཅད་པོར ་ཏེ། ཤས་ཆེར་བདེ་བ་ནི་བར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཟད་པ་ཞེས་བྱ་བ་ལ། གསུམ་ཟད་པར་བྱས་ཏེ་རྩ་ནས་གཏོན ་པ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཕུང་པོ་ཐམས་ཅད་སྤངས་ཕུང་པོ་ཐམས་ཅད་སྤངས་པ་ཞེས་བྱ་བ་ནི། ཉེས་པ་ཐམས་ཅད་སྤངས་པ་སྟེ། ལེགས་པར་མཐོ ་པ་འབྱོར་།། དོར་བར་པ་ཡིན་ཐར་པ་གང་ཡིན་པ་དེ་དེ་བའི་གཤེགས་པའོ།། དུས་བྱས་ཐམས་ཅད་སྤངས་པའི་དན། འདུས་ངས་ཐམས་ཅད་སྨྲས་པའི་དོན་ཅེས་བྱ། ་བ་ནི། ཐར་པ་སྟེ་དགེ་བ་ཐམས་ཅད་བསྒྲུབ་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བནི་གཤེགས་པའོ།། ལམ་ཆད་པ་ལ་མ་ཆད་པ་ཞེས་བྱ་བ་ནི་བདག་མེད་པ་བསྒོམས་ནས། རྒྱུན་མི་འཆད་པའི་ཚུལ ་གྱིས་བདག་མེད་པ་འཛིན་པ་དང་། བང་གི་བསྒོམས་ནས་རྒྱུན་མི་འཆད་པའི་ཚུལ་གྱིས་བདག་འཛིན་པ་དང་། གཉིས་ཀའི་ཕྱོགས་བསྒོམས་ནས། སངས་རྒྱས་ཀྱི་ཁམས་གང་ཡིན་པ་དེ་ནི་ཡོད་དོ།། ་ཞེས་དེ་འཛིན་པ་གང་ཡིན་པ་དེ་ནི་ཐར་པའོ།། བར་པ་གང་ཡི་ནུབ་དེ་ནི་དེ་བཞིན་གཤེགས་པའོ།། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི། གང་གི་ཚེ་བཙལ་ཀྱང་ཅི་ཡང་མ་རྙེད་པ་སྟེ། ཅི ་ཡང་མེད་པ་ཞེས་བྱ་བ་ནི་གཅེར་བུ་པ་རྣམས་ཡང་ཡོང་ཡོད་ཀྱི་བར་པ་ནི་དེ་ལྟ་མ་ཡིན་ཏེ། སྟོང་པ་ཉིད་ཅེས་བྱ་བ་ནི་ཇི་ལྟར་སྦྲང་རྩི་དང་། ནུན་མར་དང་། འབྲུ་མར་དང་། ཆུ་དང་། ་ཞེའི་བུམ་པ་རྣམས་ལ་ཞོ་ཡོད་ཀྱང་རུང་མེད་ཀྱང་རུང་། ཞོའི་བུམ་པ་ཞེས་བྱ་བ་དང་། དེ་བཞིན་དུ་སྦྲང་རྩི་དང་། ཆུ་ཡོད་ཀྱང་རུང་མེད་ཀྱང་རུང་། སྦྲང་རྩི་དང་། ཆུའི་བུམ་པ་ཞེས་བྱ་བ་དང་། ཅི ་དེ་ལ་བུམ་པ་སྟོང་པ་ཞེས་བྱ་འམ། དེ་དག་མེད་པ་ལ་བུམ་པ་རང་ཉིད་སྟོང་ངམ། གཟུགས་ཀྱང་ཡོད། ཁ་དོག་ཀྱང་ཡོད་ན་ཇི་ལྟར་སྟོང་ཞེས་བྱ་ཐར་པ་ནི་དེ་ལྟ་བུར་སྟོང་པ་མ་ཡིན་ཏེ། ཐར་པ་ནི ་གཟུགས་དང་། ཁ་དོག་ཕུམ་སུམ་ཚོགས་པ་ཡང་ཡོད་ན། ཇི་ལྟར་ཞིའི་བུམ་པ་སྟོང་པ་མ་ཡིན་དུ་ཟིན་ཀྱང་ནོ་མེད་པའི་ཕྱིར་སྟོང་པ་ཞེས་བྱ་བ་བཞིན་དུ། ཐར་པ་ཡང་སྟོང་པ་མ་ཡིན་བཞིན ་དུ་སྟོང་པ་ཞེས་བྱ་སྟེ། གཟུགས་ཡོད་བཞིན་དུ། ཇི་ལྟར་སྟོང་པ་ཞེས་བྱ་ཞེ་ན། སྟོང་པ་ཞེས་བྱ་བ་ནི། ཉོན་མོངས་པའི་རྣམ་པ་དང་། སྲིད་པའི་ཐ་སྙད་ཉི་ཤུ་རྩ་ལྔ་དང་། སྡུག་བསྔལ་དང་། འཇིག ་རྟེན་གྱི་ཆ་ལུགས་དང་། ཆོ་ག་དང་། སྤྱོད་ཡུལ་འབྱུང་བ་རྣམས་མེད་པའི་ཕྱིར་ཞིའི་བུས་པ་ཞོ་མེད་པ་བཞིན་དུ། ཐར་པ་ལ་སྟོང་པ་ཞེས་བྱ་སྟེ། དེ་ལ་ནི་བུམ་པའི་གཟུགས་མི་གཡོ་བ་བཞིན་དུ། ་ཤས་ཆེར་བདེ་བ་དང་། དགའ་བ་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། འཇིག་རྟེན་ལས་འདས་པའི་ཆོས་དང་། ཆོ་ག་དང་། སྤྱོད་ཡུལ་རྣམས་ཡོདང་ཡུལ་རྣམས་ཡོད་དོ།། ་ཐར་པ་ནི་བུམ་པའི་གཟུགས་བཞིན་དུ། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་མ་ཡིན་གྱི། བུམ་པ་ནི་ཆ། དག་པར་གྱུར་ཏོ།། རྒྱུའི་སྒོ་ནས་བཞག་པ་ཙམ་དུ་ཟད་དོ། ་ཐར་པ་ནི་བྱས་པ་མ་ཡིན་པའི་ཕྱིར་ཆགས་པར་མི་འགྱུར་ལ། ཐར་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་ཁམ་ས་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པའོ།། སྲེད་པ་ཟད་པ ་སྲེད་པ་ཟད་པ་ཞེས་བྱ་བ་ནི། སངས་རྒྱ་སུ་གྱུར་པའི་མདོ་ལ། བདག་དབང་པོར་གྱུར་ཅིག་ཅེའམ། དབང་ཕྱུག་ཆེན་པོ་འམ། མི་མཇེད་ཀྱི་བདག་པོ་ཚངས་པར་གྱུར་ཅིག་ཅེས་བྱ་བའི་སྲེད ་པ་དང་། འདོད་པ་གཞན་དེ་ན་མེད་དེ། ཡོད་ཅེས་བྱ་བ་འམ་སྐྱེ་བར་འགྱུར་ཞེས་བྱ་བ་མི་སྲིད་དོ།། སྲིད་པ་ཟད་པ་གང་ཡིན་པ་དེ་ནི་སངས་རྒྱས་སོ།། དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ ་བཞིན་གཤེགས་པའོ།། འདོད་ཆགས་དང་བྲལ་བ་འགོག་པ་འདོད་ཆགས་དང་བྲལ་བ་འགོག་པ་ཞེས་བྱ་བ་ལ། སྲིད་པ་ཐམས་ཅད་ལ་ཞེན་པ་དང་འདོད་པ་མ་ལུས་པ་ལུས་པ་མེད་པ། ལྷག ་པ་མེད་པ་ཐམས་ཅད་ལས་འདོད་ཆགས་དང་བྲལ་བ་རྣམས་གཏན་ཏུ་རབ་ཏུ་ཞི་བར་གྱུར་པ་ནི། ཐར་པ་ཡིན་ཏེ། འཆིང་བ་ཐམས་ཅད་འགོག་པའོ།། དེ་ལྟར་འགོག་པ ་གང་ཡིན་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མྱ་ངན་ལས་འདས་པ་མྱ་ལས་འདས་པ་ཞེས་བྱ་བ་ནི། ཇི་ལྟར་རི་དྭགས་ཀྱི་ཁྱུ་རྔོན་པའི་ལགས་ནས་ཤོར་བ ་འཆབས་འཇིགས་ཤིང་སྐྲག་ནས་ཐབས་ཅི་ཡོད་པས་རྒྱུག་ཅིང་། དྲང་སོང་གནས་སུ་ཕྱིན་ནས་བདེ་བར་འགྱུར་ཞིང་། དབུགས་ཕྱིན་པར་འགྱུར་བ་དེ་བཞིན་དུ་ཇི་ལྟར་དབུགས་ཕྱིན་ཅིང་བདེ ་བར་འགྱུར་བ་དེ་ལྟ་བུར། སེམས་ཅན་མང་པོ་མྱ་ངན་ལས་འདས་པ་ཟད་མི་ཤེས་པ། སྲིད་པ་མངོན་པ་ར་འདུ་བྱེད་པ་དང་། ཉོན་མོངས་པའི་རྣམ་པའི་དགྲ་ཐམས ་ཅད་ཀྱིས་ལག་ནས་ཐལ་ཏེ། ཤོར་ནས་འཆི་བས་འཇིགས་ཤིང་སྐྲག་སྟེ། ཐབས་ཅི་ཡོད་པས་རྒྱུག་ཅིང་ཆོས་ཀྱི་དྲང་སོང་གི་གནས་དེ་བཞིན་གཤེགས་པ་ཐུབ་པའི་བཞུགས ་ཡུལ་ཟླ་མེད་པའི་སྐྱབསུ་དོང་ནས་དབུགས་བྱིན་པར་གྱུར་ཏེ། དེ་དག་གང་གི་ཚེ་དབུགས་ཕྱིན་ཅིང་བང་བར་གྱུར་པ་དེ་ནི་མྱ་ངན་ལས་འདས་པ། ཟད་མི་ཤེས་པའི་མྱ་ངན་ལས་འདས་པའོ།། ་འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས།། ། བམ་པོ་བདུན་པ། དེ་ནས་བཅོམ་ལྡན་འདས་ལ། འོད་སྲུང་ཆེན་པོ་དང་། རུས་ཅིག་པས། ་འདི་ནད་ཅེས་གསོལ་ཏོ།། གལ་ཏེ་དེ་ལྟ་ལགས་ན། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་རྣམས་མ་མཆིས་པའི་གླང་དུ། ལུམ་ཡོ་དུ ་གཏོང་བའི་སྒོ་ནས་མྱ་ངན་ལས་འདས་པ་མཆོག་ཏུ་བདེ་བ་ཐོབ་པར་མི་འགྱུར་ཏེ། གསུམ་ལ་སྐྱབསུ་མཆིས་པ་རྣམས་མྱ་ངན་ལས་འདའ་བར་མི་འགྱུར་ལགསོ།། བཀའ་སྩལ་པ། ཇི་ལྟར ་མི་རྒྱལ་བ་ལས་སངས་པའི་དྲུང་དུ་མི་དགསོང་སྟེ། ཁྱོད་སངས་ཤིང་བདེ་བར་གྱུར་ཏམ་ཞེས་དྲིས་ན། དེ་སངས་ནས་བདག་སངས་ཏེ་བདེ་བར་གྱུར་ཏོ་ཞེས་ཟེར་ཏེ། དེ་རྒྱལ་བ་ལས ་སངས་པ་བཞིན་དུ། སྲིད་པ་ཉི་ཤུ་རྩ་ལྔ་པོ་ཐམས་ཅད་ལས་གྲོལ་ནས། སངས་རྒྱས་ཀྱི་ཡོངསུ་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ།། མཆོག་ཏུ་བདེ་ཞེས་བྱ་བ་དེ་ནི། དེར་ཟད་མི་ཤེས ་བའི་འདུ་ཤེས་ཀྱིས་མཆོག་ཏུ་བདེ་བའི་རྣམ་པ་མང་བ་གང་ཡིན་པ་སྟེ། དེ་ནི་ཡོངསུ་མྱ་ངན་ལས་འདས་པ་ཡིན་ནོ།། དེ་ནི་ཐར་པ་ཡིན་ནོ།། མཆོག་ཏུ་བརྟན་པ་དང་། མི་གཡོ་བ་དང་། ་བདེ་བ་དང་། རྟག་པ་མྱོང་བ་གང་ཡིན་པ་དེ་ནི་ཐར་པའོ།། ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དེ་ནས་བཅོམ་ལྡན་འདས་ལ་འོད་སྲུང་ཆེན་པོ་དང་རུས་གཅིག། ་བས་འདི་སྐད་ཅེས་གསོལ་ཏོ།། མ་སྐྱེས་པ་དང་། མ་བྱུང་བ་གང་ལགས་པ་དེ་ཐར་པ་ལགས། དེ་དེ་བཞིན་གཤེགས་པ་ལགས་ཀྱི་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་རིགས་ཀྱི་བུ་དེ་ལྟ་ལོས་ཀྱང་སྟེ། དེ་ནི་ཐར་པ་ཡིན་ནོ།། དེ་ནི་དེ་བཞིན་གཤེགས་པ་ཡིན་ནོ།། གསོལ་པ། འོ་ན་ན་མཁའི་ཁམས་ཀྱང་མ་སྐྱེས་པ། མ་བྱུང་བ་ལགས་ན། ཐར་པ་དང ་ཡང་དེ་དང་འདྲ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་ཞེས་བགྱི་འམ། བཀའ་སྩལ་པ། དེ་ལྟ་མ་ཡིན་ཏེ། ཐར་པ་ནི་ནམཁའི་ཁམས་དང་འདྲ་བ་མ་ཡིན་ནོ།། གསོལ་པ། འོན་ཛ ་བུ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན། བྱ་ཤང་ཤང་ཏེའུ་འམ། ཀ་ལ་བིང་ཀའ་གངྒཱའི་ཚེ་སྐད་འབྱིན་པ་དེའི་ཚེ། ཁྭ་ལྟར་སྐད་འབྱིན་ཅེས ་བྱ་འམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བྱ་གཞན་རྣམས་ཀྱི་སྐད་ནི། དེ་དག་གི་སྐད་ཀྱི་དཔེར་ཡང་མི་རུང་ལག་སོ།། ཁྭའི་སྐད་ནི། ཤང་ཤང་ཏེའུ་དང་། ཀ་ལ་བིང་ཀའི ་སྐད་ཀྱི་བརྒྱའི་ཆར་ཡང་མི་སྤྱོད། སྟོང་གི་ཆར་ཡང་མི་སྤྱོང་གྲངས་དང་། ཆ་དང་དཔེ་དང་། རྒྱུར་ཡང་མི་བཟོད་ལག་སོ།། བྱ་དེ་དག་ནི། དཔེ་མ་མཆིས་པ་ལག་སོ།། བཅོམ་ལྡན་འདས། ་བཞིན་གཤེགས་པའི་གསུང་ནི། རྨྱིའི་སྒོ་ནས་དཔེ་མ་མཆིས་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་ལེག་སོ་ལེག་སོ།། རིགས་ཀྱི་བུ་ཁྱོད་ཀྱིས། དེ་ལྟར་བཤད་པར་བྱ་བའི་རིགས་ཏེ། ་ལེག་སོ།། དེ་བས་ན་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་ག། ཤེགས་པའོ།། ཐར་པའི་རྒྱུ་དང་དཔེ་གཞན་ནི་ལྷ་དང་།། མི་དང་། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ན་མེད་དེ། ་དཔེ་མེད་བཞིན་དུ། གདུལ་བར་བྱ་བའི་དབང་གིས་ཡོན་ཏན་འདི་འདྲའོ།། དེ་འདྲའོ་ཞེས་དཔེས་བསྟན་ཏོ།། ཐར་པའི་དཔེ་ནི། དེ་བཞིན་གཤེགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། འདི་ལ་གཉིསུ་བྱར་མེད་ཅིང་། ཐ་དད་པ་བྱར་མེད་དོ།། རིགས་ཀྱི་བུ་དཔེར་ན། དཔེ་མེད ་བཞིན་དུ། རྒྱུའི་དོན་གྱིས་དཔེར་ལེན་པ་ཡང་ཡོད་དེ། ཀྱེ་མ་བཞིན་བཟང་ཁྱད་ཟླ་བ་ཉ་བ་བཞིན་ཞེས་བྱ་བ་དང་། གླང་པོ་ཆེ་བཟང་ཁྱད་གངས་ཀྱི་རི་བཞིན་ཞེས་བྱ་མོད་ཀྱི། ཅི་ཟླ་བ ་བཞིན་དང་འདྲ་འམ། བཞིན་ཡང་ཟླ་བ་དང་འདྲ་འམ། ཅི་གླང་པོ་ཆེ་རི་དང་འདྲ་འམ། རི་ཡང་གླང་པོ་ཆེ་དང་འདྲའམ། རིགས་ཀྱི་བུ་དེ་བཞིན་དུ། ཐར་པ་ཡང་དཔེ་མེད་པ་བཞིན་དུ ་སེམས་ཅན་ངེས་པར་བསྒྲལ་བའི་ཕྱིར། འདིར་རྒྱུའི་དབང་གིས་དཔེས་བསྟན་པར་རིག་པར་བྱའོ།། ཆོས་ཀྱི་དེ་ཁོ་ན་ཉིད་ཀྱང་རྒྱུའི་དབང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་དུ་རིག་པར་བྱའོ།། ་གསོལ་པ་ཅིའི་སླད་དུ། དེ་བཞིན་གཤེགས་པ་རྣམས་གཉིས་སུ་སྟོན་ལགས། བཀའ་སྩལ་པ། རིགས་ཀྱི་བུ་གཞན་ཡང་དཔེར་ན། མི་ལ་ལ་ཞིག་རལ་གྱི་ཐེག་ནས་ངས ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོ་གས་པའི་སངས་རྒྱས་གསད་དོ་སྙམ་སྟེ། གསོད་པ་ར་བྱེད་ལ། དེ་བཞིན་གཤེགས་པ་ནི་ལོག་པ་ཅུང་ཟད་ཀྱང ་མ་མཛད་དེ། ནུམ་པ་མེད་ཅིང་དགྱེས་བཞིན་དུ་ནུག། ས་ན། ཙ་མི་དེ་མཚམས་མེད་པ་བྱེད་པ་ཞེས་བྱ་འམ། 2ན་ཏི་མི་བྱ་གསོལ་པ། དངོས་པོའི་སྒོ་ནས་མཚམས་མེད་པ ་བགྱི་ལགས་སོ།། ཅིའི་སླད་དུ་ཞེ་ན། བསགས་པའི་ཁམས་མ་བཤིག་པ་ན། དངོས་པོའི་སྒོ་ནས་མཚམས་མེད་པ་བགྱིད་པ་མ་ལགས། དེ་བཞིན་གཤེགས་པའི་སྐུ་ལ་ནི ་བསགས་པའི་ཁམས་ཀྱི་བག་ཀྱང་མ་མཆིས་སྟེ། ཆོས་ཀྱི་ཁམས་ལགས་ན། ཇི་ལྟར་དགྲོངསུ་རུང་། དེ་བས་ན་སེམས་བསྐྱེད་པ་དང་། བརྩལ་བརྩམས་ལས། མཚམས་མེད ་པ་བགྱིད་པ་བགྱིད་པ་ཞེས་བགྱི་སྟེ། འདིར་རྒྱུའི་དབང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་རིག་པར་བགྱི་བ་ལག་སོ།། བཀའ་སྩལ་པ། རིགས་ཀྱི་བུ་ལེགསོ་ལེག་སོ།། ངས་ཀྱང་ཚིག་དེ ་། སྐད་དུ་སྨྲ་བར་བསམས་སོ།། རིགས་ཀྱི་བུ་གཞན་ཡང་འཛིན་མི་སྡིག་ཅན་ལ་ལ་ཞིག་བདག་གི་མ་བསང་ངོ་སྙམ་ནས། ཁྲེ་རྒོད་དང་། སན་ཆུང་གི་གཡུལ་དུ ་བྱར་བྱས་ནས། མ་དེར་འོངས་པ་དང་། ཁྱེད་ཀྱིས་ངའི་ཐུགས་པ་ལེགས་པར་ཁྱེར་ཏེ་མ་འོངས་སོ་ཞེས་ཟེར་ཏེ། དགྲ་སྟ་བདར་ནས། གསད་པར་བྱས་པ་དང་། དགྲ་སྟ་བདར་བའི་བར་དེའི ་སྐབསུ་དེའི་མ་སྐྲགས་ནས། སོགས་མའི་ཕུང་པོའི་ནང་དུ་ཞུགས་སོ།། དེ་ནས་དེས་དགྲ་སྟ་ཐོགས་ཏེ། སོགས་མའི་ཕུང་པོ་ལ་བསྣུན་ནས། ད་ནི་བདག་གི་མ་ཤིའོ་སྙམ་སྟེ། མི་གཞན ་གྱིས་འཇིགས་ནས། སོགས་མ་ལེགས་པར་བརྟགས་སོ།། དེ་ནས་མ་དེ་དེའི་ནང་ནས་བྱུང་སྟེ་སོང་ངོ་།། དེ་ནས་དེ་བདག་གི་མ་ཤི་ཟིན་ནོ་སྙམ་སྟེ། སེམས་དགའ་བར་གྱུར་ན། ་མཚམས་མེད་པ་བྱེད་པ་ཞེས་འམ། འོན་ཏེ་མི་བྱ་གསོལ་པ། མ་གསོད་པ་ཞེས་མ་བགྱི་ལགས་སོ།། ཡང་གསོལ་པ། ཅི་ལགས། མཚམས་མ་མཆིས་པའི་ལས་ཀྱི ་རྒྱུའི་དངོས་པོ་ཞུ་བར་འཚལ་ལམ། བཀའ་སྩལ་པ། ཕ་མའི་ཕུང་པོ་བཤིགས་པས་མཚམས་མེད་པ་བྱེད་པ་ཞེས་བྱ་བས་དེའི་ཕྱིར། དེ་མཚམས་མེད་པ་བྱེད་པ་མ་ཡིན་གྱི། མ་བསོད ་པའི་སེམས་བསྐྱེད་པ་བསལ་བས་ན། མཚམས་མེད་པ་བྱེད་པ་དང་འདྲ་བ་ཡིན་ནོ།། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དངོས་པོ་མ་ག་ཤག་གི་བར་དུ། མཚམས་མེད་པ ་བྱེད་པ་རྫོགས་པ་ཞེས་མི་བྱ་སྟེ། འདིར་རྒྱུའི་དབང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་རིག་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་ལེ་དེ་ལྟར་རྨྱིའི་དབང་གིས་རིག་པར ་ཡང་བགྱི། རིགས་པར་ཡང་མི་བགྱི་ལགསོ།། བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ།། ངས་རྒྱུའི་དབང་གིས་ཐར་བ་བརྗོད་པ་ཡིན་ནོ།། རྒྱུའི་སྒོ་ནས་མྱ་ངན་ལས་འདས་པ་ཡོན་ཏན། ་དཔག་ཏུ་མེད་པ་དང་ལྡན་པ། དཔེ་མེད་པ་ཁོ་ན་ཡིན་ནོ།། དེ་བཞིན་དུ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོར་འགྲོ་བ་ཡང་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ནོ།། དེང་དེ་བཞིན ་གཤེགས་པ་ཡོངསུ་མྱ་ངན་ལས་འདས་པར་མཛད་དེ། དེ་བས་ན་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་དོན་ནི་དེ་ཡིན་ནོ།། གསོལ་པ། དེ་བཞིན་གཤེགས་པ་ནི་ཟད་པར་འགྱུར་བ ་མ་ལགས་སོ།། དེ་བཞིན་གཤེགས་པ་ནི་སྐུ་ཚྭ་ཟད་མི་ས་པ་ལགས་པར་ལྟ་བར་བགྱིའོ།། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེག་སོ།། དམ་པའི་ཆོས་སྲུང ་བས་ནི་དེ་སྐད་བྱ་བའི་རིགས་སོ།། བདག་གི་ཐེ་ཚོམ་ངེས་པར་བྱེད་འདོད་པས་ནི། དེ་ལྟར་བྱ་བའི་རིགས་སོ།། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ ་གྲངས་འདི་བནས་ཆོས་སྟོན་པར་བྱེད་དོ།། །། འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམ་གྲངས་བཞིས་ཆོས་སྟོན། ་བའི་ལེའུ་སྟེ་བཞི་པའོ།། །། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ལ། དམ་པའི་ཆོས་ཀྱི་ཚུལ་ཐོབ་པ་དང་། དམ་པའི་ཆོས་འབྱིན་པ་དང་། རྟེན་དུ་གྱུར་པའི ་གང་ཟག་བཞི་ཡོད་དེ། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བ་མང་པོ་ལ་བདེ་བའི་ཕྱིར། འཇིག་རྟེན་དུ་འཐུང་ངོ་།། གཞི་གང་ཞེ་ན། ཀུན་ནས་ཉོན་མོངས་པའི་རང་བཞིན་ཅན་གྱི་མ་གང་ཟག། ་དེ་ལྟ་བུ་སྐྱེ་བོ་མང་པོ་ལ་བདེ་བ་དང་། སྐྱེ་བོ་རང་པོ་ལ་ཕན་པའི་ཕྱིར། འཇིག་རྟེན་དུ་འབྱུང་སྟེ། འདི་ནི་གང་ཟག་དང་པོའོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ལྡན་པའི་གང་ཟག་དེ་ལྟ་བུ་དང་ལྡན་པ་ནི་གཉིས་པའོ།། ཕྱིར་མི་འོང་བའི་གསུམ་པའོ།། དགྲ་བཅོམ་པ་ནི་བཞི་པ་སྟེ། གང་ཟག་བཞི་པ ་འདི་རྣམས་ནི་རྟེན་དུ་གྱུར་པ་ཡིན་ནོ།། དེ་ལ་སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི། གང་བདག་ཉིད་ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་དང་ལྡན་པར་གྱུར་ན། ཆོས་འབྱིན་པར་བྱེད་པ་དང་། ་དེ་བའིར་གཤེགས་པའི་རྩ་བ་དང་ལྡན་པ་གང་ཡིན་པ་དེ་དག་ཐོག་མ་ཁེ་ནར་རྒྱས་པར་བྱེད་ཅིང་། དོན་ཡང་རྟོག་པར་བྱེད་པ། ཆོས་འདི་ནི་འདོད་ཆེན་ཆུང་བའི་ཡིན་གྱི། ཆོས ་འདི་ནི་འདོད་ཆེན་ཆེ་བའི་མ་ཡིན་དེ།། ཞེས་དོན་བརྡའ་སྦེད་པར་བྱེད་པ་དང་། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་སྟོན་པར་བྱེད་པ་དང་། ཉེས་པ་བྱུང་ན་དེ་ལས ་བསླང་བའི་ཕྱིར་གཞན་དག་ལ་ཆགས་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་མ། དགོངས་པའི་ཚིག་ལ་མཁས་ཤིང་དམ་པའི་ཆོས་འབྱིན་པར་བྱེད་པ་འདི་ནི ་གང་ཟག་དང་པོ་སྟེ། སོ་སོའི་སྐྱེ་བོའི་གྲངསུ་གཏེག་མོད་ཀྱི། འདི་ནི་སོ་སོའི་སྐྱེ་བོ་ཐོས་པ་དང་ལྡན་པ་མ་ཡིན་ཏེ། བརྒྱད་པའི་སོ་སོའི་སྐྱེ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ། དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་སུ་འགྱུར་བ་གསུང་སྟེ། ལུང་བསྟན་པས། ལུང་བསྟན་པ་ཡིན་ནོ།། དེ་ལ་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ཞེས ་བྱ་བ་ནི། གང་ཐོབ་ནས་དམ་པའི་ཆོས་འདྲི་བ་དང་། འཆང་བ་དང་། འབྲལ་བར་འགྱུར་མི་སྲིད་པ་དང་། གཞན་དག་ལ་ཡང་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པ་རང་བཟོའི་ཚིག ་དང་ཡི་གེ་སྣ་ཚོགས་དང་། བྲན་དང་བྲན་མོ་ཡོངསུ་འཛིན་པ་སྟོན་མི་སྲིད་པ་སྟེ། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བའི་གྲངསུ་ནི་གཏོགས་མོད་ཀྱི། རྒྱུན་ཏུ་ཞུགས་པ་དང ་ལན་ཅིག་ཕྱིར་འོང་བ་ནི་མ་ཡིན་ནོ།། དེ་ལྟར་ས་དང་པོ་དང་། གཉིས་པ་དང་། གསུམ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་སུམ་དུ་ལུང་བསྟན་པས། ་སངས་རྒྱས་ཀྱི་གནས་སངས་རྒྱསུ་འགྱུར་བ་ལུང་བ་སྟན་ཏོ།། ཕྱིར་མི་འོང་བ་ཞེས་བྱ་བ་ཆོས་དེ་ཐོབ་ནས། འབྲ་ལ་མི་སྲིད་པ་དང་། གཞན་དག་ལ་ཡང་སངས་རྒྱས་ཀྱི ་གསུངས་པ་མ་ཡིན་པ་རུང་བ་མ་ཡིན་པའི་མདོ་རང་བཛྲ་སྣ་ཚོགས་ཀྱི་ཚིག་དང་། ཡི་གེ་དང་། བྲན་དང་། བྲན་མོ་ལ་སོགས་པ་ཡོང་སུ་འཛིན་པ་སྟོན་མི་སྲིད་པ་དང་། གློ་བུར ་གྱི་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་དེ་ལ་གནོད་པར་མི་སྲིད་པ་དང་། ནང་གི་ཉོན་མོངས་པ་རྣམས་ཀྱིས་དེ་ལ་གནོད་པར་འགྱུར་མི་སྲིད་པ་དང་དེ་བཞིན་གཤེགས་པའི་ཁམས་བཅབས ་ཏེ། ཆོས་སྟོན་པ་མི་སྲིད་པ་དང་། ཁམས་བཞིའི་སྦྲུལ་གདུག་པ་ལ་རྟེན་པའི་བློ་བུར་གྱི་ནང་རྣམས་ཀྱིས་དེ་ལ་གནོད་པ་བྱེད་པར་འགྱུར་མི་སྲིད་པ་དང་། བདག་ཏུ་སྨྲ་བ་ཡང་ཡིན། ་བདག་མེད་པར་སྨྲ་བ། ཚར་གཅོད་པ་ཡང་ཡིན་ལ། འཇིག་རྟེན་པའི་བདག་རྣམ་པར་སྤངས་པ་དང་། འཇིག་རྟེན་པའི་བྱ་བ་རྣམས་ཀྱིས་ཀྱང་འཇིག་རྟེན་ན་འཐུན་པར་བྱེད་པ་དང་། ཐེག ་པ་ཆེན་པོ་མ་ཡིན་པའི་ཐེག་པ་གནན་འབར་བར་བྱེད་མི་སྲིད་པ་དང་། སྲིན་བུའི་རིགས་བརྒྱད་ཅུ་དང་། ཉེས་རིམིགས་ཆེན་པོའི་ལུས་འཛིན་པ་མ་ཡིན་པ་དང་། འདོད ་པའི་བསམ་པ་རྣམ་པར་སྤངས་པ་དེའི་ལུས་ལ་རྨི་ལམ་དུ་ཡང་ཁུ་ཆུ་འབྱུང་མི་སྲིད་པ་དང་། འཆི་བའི་འཇིགས་པ་རྣམས་འོངས་པ་མཐོང་ན་འཇིགས་མི་སྲིད་པའོ།། གང་ཟག་དེ་ལྟ་བུ ་ནི་ཕྱིར་མི་འོང་བ་ཞེས་བྱ་སྟེ། གང་ཟག་གསུམ་པའོ།། དེ་ཡང་ངེས་པར་ཕྱིར་མི་འོང་བས་ན། ཕྱིར་མི་འོང་བ་ཞེས་བྱ་སྟེ། གང་ཟག་དེ་ལ་ནི་ཕྱིར་མི་འོང་བ་ཐོབ་པ་ཞེས་ཀྱང་མི་བྱའོ།། སྔར ་བསྟོན་པ་ཡོན་ཏན་རྣམས་ཀྱང་ཡོད་ལ། འདིར་སྐྱེས་ན། ཡང་སྔར་བསྟན་པའི་ཉེས་པ་རྣམས་ཀྱིས་མི་གོས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འོང་བ་དང་། འགྲོ་བའི་ཚུལ ་གྱིས་རྒྱུ་བར་བྱེད་ཀྱང་ཕྱིར་མི་འོང་བའི་གྲངསུ་གཏོགས་ཏེ། སེམས་བསྐྱེད་མ་ཐག་པའི་ལུང་བསྟན་པས་སངས་རྒྱ་སུ་ལུང་བསྟན་པ་སངས་རྒྱ་སུ་ལུང་བསྟན་པ་དང་། ་སེམས་བསྐྱེད་མ་ཐག་ཏུ་རིང་པོ་མི་ཐོག་པར་སངས་རྒྱ་སུ་འགྱུར་ར་བ་ཡིན་ཏེ། གང་ཟག་དེ་ལྟ་བུ་ནི་གང་ཟག་གསུམ་པའོ།། དགྲ་བཅོམ་པ་ཟག་པ་ཟད་པ་ནི་གང་ཟག་བཞི་པ་སྟེ། ་དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ།། ཁུར་པེར་པ། རང་གི་དོན་གྱི་བྱ་བ་བྱས་པ། དོན་འགྲུབ་པ་ས་བཅུ་ཐོབ་པ་ཞེས་བྱ་བའི་དོན་ཏོ།། དོན་གཞན་ཡང་རྒྱས་པར་བྱེད་དེ། ་མི་སྐྱེ་བའི་ཆེས་ལ་བཟོད་པའི་ལུང་བསྟན་པ་དང་། བདག་ཉིད་ཀྱིས་ཇི་ལྟར་རུས་པོའི་གཟུགས་དང་། ཇི་ལྟར་འདོད་པའི་གཟུགས་མངོན་པར་སྤྲུལ་པ་བྱེད་པ་དང་། གང་གིས་ལུས་ཀྱིས་སངས ་རྒྱ་སུ་འགྱུར་བར་འདོད་ག་དེའི་ལུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱསུ་འགྱུར་བར་བྱེད་དེ། ཡོན་ཏན་འདི་རྣམས་དང་ལྡན་པ་ནི་དགྲ་བཅོམ་པ། ་ཞེས་བྱ་སྟེ། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མཛེག་། གང་ཟག་བཞི་པོ་རྣམས་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བ་མང་པོ་ལ་བདེ་བའི་ཕྱིར་འཇིག་རྟེན་དུ་འབྱུང་ངོ་།། དེ་དག་ནི་དེ་བཞིན ་གཤེགས་པ་བཞིན་དུ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཡིན་ཏེ། བཞི་ཅར་སྐྱེས་བུ་ཚད་མ་ཡིན་ནོ།། རྟེན་དུ་གྱུར་པ་ཡིན་ནོ།། གསོལ་པ། གང་ཟག་བཞི་པོ་དེ་དག་ནི་བདག་གི་ཚད་མ་ཡང་མ ་ལགས། དེ་དག་ནི་རྟེན་དུ་གྱུར་པ་ཡང་མ་ལག་སོ།། དེ་ཅིའི་སླ་ད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅ་ན་ལས་བརྩམས་ཏེ། བདུད་ཚར་བཅད་པ་བཀའ་སྩལ ་པའི་ཚེ། གལ་ཏེ་ལྷ་འམ་བདུད་དམ། ཚངས་པ་ཡང་རུང་སྟེ། ང་དང་འདྲ་བར་ལུས་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་དང་། འོད་འདོམ་གང ་དང་ལྡན་པ་དང་། བཞིན་མཛོད་སྤུས་བརྒྱན་པའི་སངས་རྒྱས་ཀྱི་སྐུའི་ཚུལ་གྱིས་འོས་སུ་ཟིན་ཀྱང་དེ་ཁྱེད་ཀྱིས་ཚར་ཆོད་ཅིག་ཅེས་ངས་གནང་སྟེ། སྡིག་ཅན་ཁྱོད་འདི་ལྟར་དགྲ་བཅོམ་པའི ་གཟུགས་ཀྱི་དགྲ་བཅོམ་པ་བཞིན་དུ་བདག་ཉིད་མ་འདུག་ཤིག། སྡིག་ཅན་ཁྱོད་ན་མཁའ་ལ་ཉལ་བར་བྱེད་ཅིང་། གླུ་གཡེན་ཕྱོགས་ནས་མེ་འབར་བར་བྱེད་པ་དང་། གཡས་ཕྱོགས་ནས་ཆུ ་འབེབས་དང་། མེ་བཞིན་དུ། འབར་བཞན་ང་འབར་ཞིང་གཟི་བྱིན་དང་ལྡན་ལ་དུད་པར་འཐུལ་དུ་ཟིན་ཀྱང་ང་ཁྱེད་ཀྱི་ཚིག་མི་ཉན་ནོ།། ཡིད་ཆེས་པར་ཡང་མི་བྱེད་དོ།། གསུང་རབ་ཡན་ལག ་དགུ་ལྟ་བུ་སྐོན་དུ་ཟིན་ཀྱང་། ང་རང་བར་མི་བྱེད་དེ་ནས་གྱིས་ཤིག། རིགས་ཀྱི་བུ་ཁྱེད་དེ་ལྔར་ངོགས་ནང་ཡང་ཚར་ཅིག་རིགས་ཀྱི་བུ་དཔེར་ན་མཚན་མོ་མུན་པའི་ནང་དུ ་ཁྱི་ཀུན་འོངས་པ་ཚེར་ནི། ཁྱིམ་བདག་མ་འམ། དྲན་མས་དེ་ལ་འདི་སྐད་དུ་ཁྱི་ཀུན་ཁྱོད་ངས་མ་བསད་པར་སྐྱེན་པར་ཕྱིས་སོང་ཤིག་ཅེས་བྱས་ནས། ཁྱི་ཀུན་དེས་དེ་སྐད་ཐོས་པ་དང་། ་ཕྱིར་རྒྱུགས་ཏེ་སོང་ལ། ཕྱིན་ཆད་ཀྱང་ཁྱིམ་དེར་མི་འོང་བ་དེ་བཞིན་དུ། ཁྱེད་ཀྱིས་བདུད་སྡིག་ཅན་གྱི་ཀུན་བཞིན་དུ་ཚར་ཆེང་ལ། སྡིག་ཅན་དེ་ལྟར་མ་བྱེད་པར་ངས་བཅིང་བ་རྣམ་པ་ལྔས ་མ་བཅིངས་པར་ཕྱིར་སོང་ཤིག་ཅེས་དེ་ལ་འདི་སྐད་གྱིས་ཤིག་དང་། དེས་དེ་སྐད་ཐོས་མ་ཐག་ཏུ་ཁྱི་ཀུན་བཞིན་དུ་ཕྱིར་ལྡོག་པར་འགྱུར་ཏེ། དེ་ལྟར་བདུད་ཚར་གཅོད་པར་བྱེད་པ ་གང་ཡིན་པ་དེ་དགོ་ནི་དམ་པ་ཡིན་ཏེ། མྱ་ངན་ལས་འདས་པའི་དྲུང་ཁོ་ན་ན་འདུག་གོ་ཞེས། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅན་ལས་གླེངས་ཏེ། བདུད་ཚར ་གཅོད་པན་བཀའ་སྩལ་ལགས་མ། བཅོམ་ལྡན་འདས་ཅིའི་སླང་གང་ཟག་བཞི་པོ་རྣམས་རྟེན་དུ་གྱུར་པར་གཞག་པར་མཛད་ལགས། བདག་ནི་དེ་རྣམས་ལ་མི་ཉམ་ཅི་གློ་བ་མི་ཆེས་ལམས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ཏེ། ངས་ཇི་སྐད་སྨྲས་པ་དེ་ནི་དེ་ཁོ་ན་བཞིན་ནོ།། དེ་ལྟ་མེད་ཀྱི་ངས་བདུད་ཚར་གཅད་པར་སྨྲས་པ་ནི་བིས་པ་ཉན་ཐོས་ཀྱི་ཐེག ་པ་པ་ཤིའི་མིག་དང་ལྡན་པ་རྣམས་ཀྱིས་དོན་དུ་སྨྲས་པ་ཡིན་གྱི། ཐེག་པ་ཆེན་པོ་པ་རྣམས་ཀྱི་དོན་ཏུ་བདུད་ཚར་གཙང་བར་སྨྲས་པ་མ་ཡིན་ནོ།། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཡང་ལྡིའི་མིག ་དང་ལྡན་པ་དག་ཡོད་མེད་ཀྱི་དེ་དག་ནི་ཤིའི་མིག་ཅེས་བྱ་བའི་གྲངསུ་གཏོགས།། ཐེག་པ་ཆེན་པོ་པ་རྣམས་ལ་ཡང་ཤིའི་མིག་དང་ལྡན་པ་དག་ཡོད་མོད་ཀྱི། དེ་དག་ནི་སངས་རྒྱས་ཀྱི་སྤྱན་ཞེས་བྱའི ་གྲངསུ་གཏོག་སོ།། དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཐེག་པའི་མདོའི་དེ་ཁོ་ན་ཉིད་འཛིན་པའི་ཕྱིར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་མི་དཔའ་བོ།། ཡུལ་ཕྱོགསུ་གྲགས་པ་སྙིད ་སྟོབས་ཅན་རྟུལ་ཕོད་པ་འགའ་ཞིག་ཡོད་ལ། དེ་ལ་མི་སྔར་མ་འགའ་ཞིག་རྟེན་ཏེ། སྔར་མ་དེ་དཔའ་བོ་དེ་ལ་དཔའ་སློབ་པ་ན་དེ་ལ་སྒྲེ་བ། ཀྱེ་མི་ཁྱོད་དཔའ་བོར་འགྱུར་བར་འདེད་ན་རལ་གྲིའི་ས ་གཏམས་པའི་སྟེང་དུ། འགྲོ་བར་གྱིས་ཤིག། གང་དང་གང་གི་ཚེ། འཐབ་པ་དེ་དང་དེའི་ཚེ། སུས་ཀྱང་མི་འཇིགས་པར་གྱིས་ཤིག། ལྔ་ཡང་རང་ཏུམ་པོ་ཡང་རུང་སྟེ། ཙཙམ་དུ་ལྟོས་ཤིག ་སྙིང་སྟོབས་དང་། རྟུལ་པོད་པ་ལ་བརྩོན་པར་གྱིས་ཤིག། རུབ་ངན་པ་ཁ་ཅིག་དཔའ་བོ་ཆ་ལུགསུ་བསྒྱུར་ནས་དཔའ་བོ་འི་མཚོན་ཆ་ཐོགས་ཏེ། ཨུར་མེའི་རལ་གྲི་ཤུབ ་ནས་ཕྱུང་ནས། ཕྱེ་མར་གླེག་པ་ལྟར་བྱེད་ཅིང་འོང་ལ་རལ་གྲི་གཅིག་བརྡབས་པ་ལས་མེ་ལྟག་འབྲེ་བར་བྱེད་དེ། ཁུས་འདེབས་ཤིང་ཁྲོམ་གྱི་ནང་དུ་འོང་བ་དེ་ལྟ་བུ་དག་མཐོང་ནས་མ་འབྲོས ་ཤིག་དང་། རུ་བ་ངན་པ་གང་ཡིན་པ་དེ་དག་གིས་དེ་དག་མཐོང་ན། འདི་དག་ནི་དཔའ་བོ་ཡིན་རེ་སྙམ་དུ་རིག་རས་ཁྱི་ཀུན་བཞིན་དུ་འབྱེར་བར་འགྱུར་ལ། རུ་བ་བཟང་པོ་གང་ཡིན་པ་དེ་དག་ནི ་དེ་དག་ནི་ཁྲེལ་གྱིས་དོགས་ཏེ་འཐར་བར་བྱེད་དོ།། རུ་བ་ངན་པ་དེ་དག་ནི་དེ་དག་གིས་སྐྲག་ནས་འབྱོར་བར་འགྱུར་བ་དེ་བཞིན་དུ།། དེ་བཞིན་གཤེགས་པ་ཡང་ཉན་ཐོས་ཀྱི་ཐེག་པ་པ་རྣམས ་དཔའ་བ་སླབ་པར་མཛད་དེ། ཁྱི་བདུད་སྡིག་ཅན་ར་བསྔར་མ་ལྟ་བུས་མ་འཇིགས་པར་དཔའ་སློབ་པ་བཞིན་དུ། རྟུལ་ཕོད་པར་གྱིས་ཤིག་དང་། བདུད་ཡིད་མི་བདེ་བར་འགྱུར ་རོ།། ཞེས་སྟོན་ཏོ།། རིགས་ཀྱི་བུག་འམ་ཡང་རིགས་ཆེར་དཔའ་བའམ། དཔའ་རོའི་ཕུལ་ལ་ཞིག་སུ་ལ་ཡང་དཔའ་མ་བརླབས་ཏེ། དེའི་སློབ་དཔོན་སུ་ཡང་མེད་བཞིན་དུ།། དེ་རང་བཞིན་གྱིས ་དཔའ་ལ་རིགས་ཀྱི་ཆེས་ལུགས་གྱུར་པ་རང་གི་དཔའ་རིགས་ཀྱི་རྐྱེན་ཏུ་འཚམ་པར་དཔའ་བ་དེ་བཞིན་དུ་ཐེག་པ་ཆེན་པོ་པ་སྐྱེས་པ་འམ། བུད་མེད་དམ། ཁྱེའུ་འམ་བུ་མེ་ཡང་རུང་སྟེ། དེ་དག་གིས ་དགོངས་ཏེ་གསུངས་པའི་མདོའི་ཚིག་སྣ་ཚོགས་ཐོས་ནས། དེ་མི་སྐྲག་མི་དངང་བ་དེ་དག་ན་སྔོན་སངས་རྒྱས་དུ་མ་ལ་བསྙེན་བཀུ་ར་བྱེད་བྱེད་པ་ཡིན་ཏེ། དེས་ན་དེ་དག་གིས་ཐེག་པ་ཆེན་པོ ་འདི་ཁོང་དུ་ཆུད་ནས། མངོན་པར་དད་པར་འགྱུར་ཏེ། བདུད་དམ་བདུད་བྱེ་བ་ཡང་རུང་དེ་དག་མཐོང་ན་ཐེག་པ་ཆེན་པོ་པ་རྣམས་སྐྲག་པར་མི་འགྱུར་ཏེ། ཆུང་ཟད་ཡ་མཚན་དུ ་མི་འཛིར་ཏོ།། དཔེར་ན། སྦྲུལ་འཛིན་པའི་མི་ལ་ལ་ཞག་གིས་སྨན་གནོད་སེལ་དང་། སྔགས་ཀྱི་མཐུས་སྦྲུལ་གདུགས་པ་རྣམས་ཀྱི་དུག་མེད་པར་བྱེད་ལ་དེ་དག་གིས་མི་འཇིགས་པ་དེ་བཞིན་དུ་བདུད ་བྱེ་བ་རྣམས་ཀྱང་ཐེག་པ་ཆེན་པོའི་མདོའི་ཚིག་གི་སྔགས་ཀྱི་གཟི་བྱིན་དང་མཐུས་རྒྱགས་པ་མེད་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་ཀླུའི་སྦྲུལ་གདུག་པ་རྣམས་ཀྱིས་ནི་གླང་པོ་ཆེ་དང་། ་སྟག་དང་། གཟིགས་དང་། ཁྱི་རྣམས་ཀྱང་ལྟས་པ་ཙམ་གྱིས་སྐྲག་པར་བྱེད་དེ། ཁ་ཅིག་ནི་འཆི་བར་ཡང་འགྱུར། ཁ་ཅིག་ནི་ཤིར་དོགས་ནས་སྒྲ་ཐོས་པ་ཙམ་གྱིས་ཀྱང་འབྱེར་བར་འགྱུར་རོ།། ་ཁ་ཅིག་ནི། ཀླུའི་སྦྲུལ་གདུག་པ་དང་། ན་མཁའ་ལྡིང་དང་། གླང་པོ་ཆེ་དང་། སེངྒེ་དང་། སྔགས་རྣམས་ཀྱང་ཞོན་ཏེ་རྒྱུ་བར་བྱེད་པ་ཡང་ཡོད་དོ།། མི་ཁ་ཅིག་ནི་ཀླུ་དང་། ནམཁའ་ལྡིང་དང་། སེངྒེ ་དང་། སྲིན་པོ་དེ་དག་མཐོང་ན། རྒྱགས་པ་མེད་པར་འགྱུར་ཏེ། མི་སྤ་མ་དེ་དང་འདྲ་བར་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་བདུད་མཐོང་ན་སྐྲག་པར་འགྱུར་ན། བདུད་ནི་དེ་དག་གིས་འཇིགས་པ ་མེད་དེ། བདུད་ཀྱི་ལས་ཀྱང་བྱེད་དོ།། ཐེག་པ་ཆེན་པོ་པ་རྣམས་ནི་བདུད་ལ་ཞོན་ཏེ་དེ་དག་གི་གཟི་བྱིན་ཆེན་པོ་དང་། སྟོབས་ཆེན་པོ་དང་། སྙིང་སྟོབས་བཏུལ་ནས་ཆོས་སྟོན་པར་བྱེད་དེ། ཀླུ་ལ་སོགས་པ ་དང་འདྲ་བའི་བདུད་སྟོབས་པོ་ཆེ་དེ་དག་སྐྲག་ནས་མོད་ལ་དམ་པའི་ཆོས་ལ་དགའ་བར་འགྱུར་ཏེ། འདི་སྐད་དུ་ད་ཕྱིན་ཆད་དམ་པའི་ཆོས་ཀྱི་བར་ཆད་མི་བགྱིད་དོ།། ཞེས་ཀྱང་ཟེར་རོ།། ཉན ་ཐོས་ཀྱི་ཐེག་པ་པ་རྣམས་ནི་ཉོན་མོངས་པའི་རྣམ་པས་སྐྲག་གོ།། ཐེག་པ་ཆེན་པོ་པ་རྣམས་ནི་ཉོན་མོངས་པ་རྣམས་ཆུང་བར་འཛིན་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་པ་རྣམས་ནི་རྡུལ་ཕོད་པ་ཡིན ་ནོ།། དེ་བས་ན་སྔར་བཤད་པའི་རྒྱུ་ནི་དེ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ཆེན་པོ་རྣམས་ཀྱི་དོན་དུ་ངས་བདུད་ཚར་བཅད་པ་བསྟན་པ་ཡིན་ནོ།། དེ་ལྟར་ན་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ནི ་མཆོག་ཏུ་བཟོད་པར་དཀའོ།། ཀྱེ་མ་མདོ་སྡེ་ཆེན་པོའི་འདི་དང་དེ་བཞིན་གཤེགས་པ་རྟག་ཅེས་བྱ་བ་ཐོས་ན་ཡིད་ཆེས་པར་བྱེད་པ་གང་ཡིན་པ་དེ་དེ་དག་ནི་མཆོག་ཏུ་དཀའ་བ་བྱེད་པ་ཡིན་ཏེ། འཇིག ་རྟེན་ན་ཨུ་དུམ་པ་རིའི་མེ་ཏོག་བཞིན་དུ་ཤིན་ཏུ་དཀོན་ནོ།། ང་འདས་པའི་འོག་ཏུ་མདོ་སྡེ་ཆེན་པོ་འདི་ཤིན་ཏུ་རྙེད་དཀའ་བར་རའགྱུར་ཏེ་མ་འོངས་པའི་དུས་ན་སེམས་ཅན་གང་དག་མདོ་སྡེ་ཆེན་པོ ་འདི་ཐོས་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་དེ་དག་ནི་སེམས་ཅན་མང་པོས་སྤོང་བར་འགྱུ་རོ།། གསོལ་པ། ཡུན་ཇི་སྲིད་ཅིག་ན་སེམས་ཅན་རྣམས་ཀྱི་སྤོང་བར་འགྱུར་ལགས ་སེམས་ཅན་ཇི་ལྟ་བུ་དག་ནི་དམ་པའི་ཆོས་འབྱིན་པར་འགྱུར་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ང་འདས་པའི་འོག་ཏུ། ལོ་བཞི་སྟོང་གི་བར་དུ་འཛམྦུ་གླིང་དུ་སྤྱོད་པར་འགྱུར་ཏེ། དེའི ་རྗེས་ལ་སའི་འོག་ཏུ་ནུད་པར་འགྱུར་རོ།། རིགས་ཀྱི་བུ་དཔེར་ན། ཡུལ་གང་ན་བུ་རམ་ཤིང་དང་། འབྲས་ས་ལུ་དང་། འབྲུ་དང་། སྦྲང་རྩི་དང་། ཀ་ར་དང་། བིའི་འོ་མ་དང་། མར་གྱི་སྙིང་ཁུ་རྣམས ་མོད་པ་དེ་ཉིད་ན་སེམས་ཅན་རྣམ་པར་སྨིན་པས་དམན་ཞིང་། བསོད་ནམས་མ་བྱས་པ་གཞན་དག་ཀྱང་ཡོད་དེ། དེ་དག་འདི་སྐད་བདག་ཅག་ལུས་ཀྱི་ཁམས་འདི་ནི་ཁ་ཟས་བཟང ་བོ་ཟོས་ན་ནང་དུ་འགྱུརརོ།། ཞེས་ཟེར་ནས། ཙི་རྩེ་དང་། ཁྲེ་དང་། ཁྲ་རྒད་རྣམས་ཟ་བར་བྱེད་དེ།། ཡུལ་དེ་ཉིད་ན་གཞན་ཁ་ཅིག་ནི། ཅི་རྩི་དང་། ཁྲིད་དང་། ཁྲོ་རྒོང་རྣམས་ཀྱི་མིང་ཡང་ཐོས་པར ་མི་འདོད་དེ། བུ་རམ་ཤིང་དང་། འབྲས་བུ་ལུ་དང་། འབྲུ་རྣམས་འབའ་ཤིག་ཟ་བར་བྱེད་པ་དེ་བཞིན་དུ། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཡང་། སེམས་ཅན་གཞན་ཁ་ཅིག་ཐོས་པར ་ཡང་མི་འདོད་དེ། བསོད་ནམས་མ་བྱས་པ་རྣམས་ཅི་རྩེ་དང་རྒོད་ཟ་ཞིང་། བུ་རམ་ཤིང་དང་། འབྲས་ས་ལུ་ལ་སྡང་བ་བཞིན་དུ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཐེག་པ་ཆེན་པོ་ལ་སྡང་བར ་འགྱུར་རོ།། དེ་ལ་ཉན་པ་བསོད་ནམས་བྱེད་བྱེད་པ་གཞན་ཁ་ཅིག་ནི་འབྲས་ས་ལུ་ཟླ་བ་བཞིན་དུ་ཐེག་པ་ཆེན་པོ་པར་འགྱུརརོ།། རིགས་ཀྱི་བུ་དཔེར་ན་རི་ཁྲོད་གཅོང་རོང་ཡུལ་ངན་པ་གནས་པའི་རྒྱལ ་ཁོ་རྣམ་བུ་རམ་ཤིང་དང་། འབྲས་ས་ཆུ་རྣམས་ལྡན་པར་ཡོད་དུ་ཟིན་ཀྱང་། འབྲུ་འདི་ནི་དཀོན་པ་ཡིན་ཏེ། ཟད་ན་མི་རུང་ངོ་སྙམ་ནས་བདག་ཅག་མི་ཟད་པར་ཅི་རྩེ་དང་། ཁྲེ་དང་། ཁྲེ་རྒོད་བཞི ་བུ་རམ་ཤིང་དང་། འབྲས་ས་ལུ་དང་། འབྲུ་རྣམས་ནི་ཤིང་རྟ་རྣམས་བརྐང་ནས་རྒྱལ་པོ་ལ་འབུལ་བར་བྱེད་དེ་ན་སེམས་ཅན་གཞན་དག་རང་གི་ཡུལ་ན་འབྲས་ས་ལུ་ལ་སོགས་པ་སྔོན་མ་མཐོང ་དུ་ཟིན་ཀྱང་རྒྱལ་པོའི་ལོངས་སྤྱོད་ཀྱི་འཐུས་ཟ་བར་བྱེད་དོ།། རིགས་ཀྱི་བུ་དེ་བཞིན་དུ། གང་ན་གང་ཟག་ཆོས་ཀྱི་སྡེ་དཔོན་བྱེད་པ་བཞི་པོ་དེ་དག་གནས་པ་དེ་ཉིད་དུ། གང་གི་ཚེ། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་གཅིག་ཀྱང་འཇིག་རྟེན་དུ་བྱུང་ངམ། ཡང་ན་གང་གནས་ཀྱང་རུང་སྟེ་དེར་དེའི་དོན་ཏུ་དེ་དག་གི་ཐེག་པ་ཆེན་པོའི་མདོ་སྡེའི་མཚན་དག་སླ་རྔན་གྱིས་འདྲི་ཞིང་འདྲི ་འཇུག་སྟེ། བསྒྲུབས་ནས་གླེགས་བམ་ཕྱི་ཚམ་སུ་བཅུག། སྟེ་རྙེད་དང་བཀུར་བསྟིའི་ཕྱིར་རམ། ཆོས་སྤྱོད་པའི་ཕྱིར། མ། རྟེན་ཅའ་བའི་ཕྱིར་བསྐུར་བར་བྱེད་དེ། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བསྙེན་བཀུར་བྱེད། ཅིང་། སྐྱེ་བོ་མང་བ་ཐེག་པ་ཆེན་པོ་བཅུད་ཀྱིས་ལོངས་སྤྱོད་པ་ར་འགྱུར་ཏེ། རྒྱལ་པོའི་མཐུས་སཱ་ལུ་ཟ་བ་བཞིན་དུ་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་གཟི་བརྗིད་ཀྱི་མཐུས། སེམས་ཅན་རྣམས་ཀྱིས་སྔོན་མ་ཐོས་པའི་ཚིག་ཡི་གོ་འབྲུ་ཅིག་པའི་ཐིག་ལེ་ཐོས་པར་འགྱུརརོ།། ཡོངསུ་མྱ་ངན་ལས ་འདས་པ་ཆེན་པོ་ས་ཕྱོགས་གང་ན་སྤྱོད་པའི་ས་ཕྱོགས་ནི་རྡོ་རྗེའི་རང་བཞིན་དུ་འགྱུརརོ།། སེམས་ཅན་དེ་དག་ཀྱང་རྡོ་རྗེའི་རང་བཞིན་དུ་འགྱུ་རོ་ཞེས་ངཟེར་རོ།། སེམས་ཅན་ཕྲལ་བ་བསོད་ནམས་ཆུང ་།། དྲ་རྣམས་ཐེག་པ་ཆེན་པོ་ཐོས་ན། ཐེག་པ་ཆེན་པོའི་མདོའི་སྡེ་མཚན་གྱི་ངན་འཛིན་པར་མི་བྱེད་དེ། ཐེས་ན་ངོན་འཛིན་པར་མི་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ཁྲེ་རྒོདཿ ་བཞིན་དུ་མྱ་ངན་དུ་བྱ་བ་ཡིན་ནོ།། གསོལ་པ། དེ་བཞིན་གཤེགས་པ་འདས་ནས་ལེ་བཞི་སྟོང་གི་བར་དུ་འཛམ་གླིང་དུ་གནས་པའི་རྗེས་ལ་སིའི་འོག་ཏུ་ནུབ་པར་གྱུར་ནས། ཡུན་ཇི་སྲིད་ཅིག་ན། སླར ་ཡང་འཐུང་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་གི་ཚེ་དམ་པའི་ཆོས་ཀྱི་འཇུག་ལ་བརྒྱད་ཅུ་ལུས་པར་གྱུར་ཏེ། དམ་པའི་ཆོས་ནུབ་ཏུ་ཆ་བ་ན། ཡོངསུ་མྱ་ངན ་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་འཇམྦུ་གླིང་དུ་འཐུང་བར་འགྱུར་ཏེ། ལོ་བཞི་བཅུའི་བར་དུ་དམ་པའི་ཆོས་ཀྱི་ཆར་ཕབ་ནས་ནུབ་པར་འགྱུརོ།། གསོལ་པ། དམ་པོའི་ཆོས་ནུབ་པའི་དུས་དང ་ཚུལ་ཁྲིམས་ཅན་ཟང་པའི་དུས་དང་། དམ་པའི་ཆོས་མ་ཡིན་པ་རྣམ་པར་འཕེལ་བའི་དུས་དང་། སྒྲུབ་པ་མ་མཆིས་པ་འདུས་ན་མྱ་ངན་ལས་འདས་པ་ཆེན་པོ་འདི་འབྱུང་བའི་ཚེ། ་ཉན་པ་ནི་ཅི་འདྲ་བ་དག་ཅིག་འབྱུང་བར་འགྱུར་ལགས། འཆང་བ་ནི་ཅི་འདྲ་བ་རྩི་ལགས། ཀློག་པ་ནི་ཅི་འདྲ་བ་དག་ཅིག་ལགས། སུ་དག་ནི་སྲུང་བར་འགྱུར།། འཛིན་པར་འགྱུར། མཆོད་པ་འིགྱིས ་ནས། སྟོན་པར་འགྱུར་ལགས། འདྲར་འཇུག་པ་ནི་ཅི་འདྲི་བ་དག་ཅིག་ལགས་པ་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན ་ཐམས་ཅད་ལ་སྨན་པའི་སླད་དུ་བཀའ་སྩལ་དུ་གསོལ་བྱང་ཆུབ་སེམས་དཔའ་ཡང་དག་པར་སློབ་པར་འཚལ་བ་ཡང་མཆིས་ཏེ། དེ་དག་གིས་ཐོས་ནས་ཅི་ནས་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ལས་ཡོངསུ་ཉམས་པར་མི་འགྱུར་བར་བསྒྲུབ་པར་འགྱུར་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགསོ་ལེག་སོ།། རིགས་ཀྱི་བུ་ཁྱོད་དོན་འདི་འདྲི་བ་ནི་ལེགས ་རིགས་ཀྱི་བུ་གང་དག་གིས་སངས་རྒྱས་ཆུ་ཀླུང་གསེར་ལྡན་གྱི་བྱེ་མ་སྙེད་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི། ཕྱི་མི་འདུས་ན་བྱང་ཆུབ་ཀྱི་སེམས་ཉམ་སུ་ལེན་པར་གྱུར་ཏེ། ཉམ་སུ་མི་ལེན ་པར་མི་འགྱུརརོ།། མདོ་སྡེ་སྤོང་བར་ཡང་མི་འགྱུར།། གང་དག་གིས་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི། ཕྱི་མིའི་འདུས་ན་མཚུངས་པ་མེད་པ། སྤོང་བའི་སེམས ་བསྐྱེད་པར་མི་བྱེད་དོ།། མོས་པར་བྱེད་ཅིང་དེར་ཚིག་གིས་སྐྱེ་བོ་ཐམས་ཅད་ལ་རྒྱས་པར་གོ་བར་བྱེད་པར་འགྱུརརོ།། དག་གིས་ས་ངས་རྒྱས་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ལ། བྱང་ཆུབ ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས་ན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏེ་སྤོང་བར་མི་འགྱུར་རོ།། གང་དག་གི་ས་སངས་རྒྱས་གངྒཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ལ ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི། ཕྱི་མིའི་དུས་ན་མཚུངས་པ་མེད་པ་སྤོང་བར་མི་བྱེད་དེ། ལུང་ནོད་པར་བྱེད། ཉན་པར་བྱེད་འདྲི་བར་བྱེད་ལ་དོན་ནི་རྟོགས་པར་མི་འགྱུརརོ།། གང་དག་གིས ་སངས་རྒྱས་གངྒཱ་ཀླུང་བཞིའི་བྱེ་མ་སྙེད་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི། ཕྱི་མིའི་དུས་ན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏེ། མཚུངས་པ་མེད་པ་སྤོང་བར་མི་བྱེད་ཅིང་ལུང ་ནོད་པར་བྱེད། ཉན་པར་བྱེད། བྲི་བར་བྱེད་ལ། དོན་ནི་བཅུ་དྲུག་མཅིག་རྟོག་པར་འགྱུར་ཏོ། དོན་རྫོགས་པར་རྟོག་པར་མི་འགྱུར།། གང་དག་གིས་སངས་རྒྱས་གདི་ཀྲུང་ལྡི་བྱེ་མ་སྟོད་ལ་བྱང་། ་། ཏུ་སེམས་བསྐྱེད་པ་དེ་དག་ནི། ཕྱི་མའི་ཚེ་མཚུངས་པ་མེད་པ་སྤོང་བར་མི་འགྱུར་ཏེ། ལུང་ནོད་པར་བྱེད། ལྟ་བར་བྱེད། འདྲི་བར་བྱེད། བྲིས་ནས་ཀྱང་བདག་ཉིད་འཆང་བར་བྱེད ་ལ། དོན་ནི་བརྒྱད་ཆ་གཅིག་རྟོགས་པར་འགྱུར་ཏེ། དེན་རྫོགས་པར་རྟོག་པར་མི་འགྱུ་རོ།། གང་དག་གིས་སངས་རྒྱས་གངྒཱའི་ཀླུང་དྲུག་གི་བྱེད་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི ་ཕྱི་མའི་དུས་ན་མཚུངས་པ་མེད་པ་སྤོང་བར་མི་བྱེད་དེ། ལུང་ནོང་པར་བྱེད། བྲི་བར་བྱེད། བྲིས་ནས་ཀྱང་འཛིན་པར་བྱེད་ལ། དེ་ནི་ནི་གཞི་ཆ་གཅིག་རྟོགས་པར་འགྱུར་ཏེ། དོན་རྫོགས་པར ་རྟོགས་པར་མི་འགྱུར་རོ།། གང་དག་གིས་སངས་རྒྱས་ག། དྷའི་ཀླུང་བདུན་གྱི་བྱེ་མ་སྣད་ལ། བྱང་ཆུབ་ཏུ་སེམས་བསྐྱེ་ང་བ་དེ་དག་ནི་ཕྱི་མའི་དུས་ན་མཚུངས་པ་མེད་པ་སྤོང་བར་མི ་བྱེད་དེ། ལུང་ནོད་པར་བྱེད། འབྲི་བར་བྱེད། བྲིས་ནས་ཀྱང་འཛིན་པར་བྱེད་ལ། དོན་ནི་ཕྱེད་རྟོགས་པར་འགྱུར་ཏེ། དོན་རྫོགས་པར་རྟོག་པར་མི་འགྱུར་རོ།། གང་དག་གིས་སངས ་རྒྱས་གངྒཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས་ན། མཚུངས་པ་མེད་པ་སྤངས་པར་མི་བྱེད་དེ་ལུང་ནོད་པར་བྱེད། ཉན་པར་བྱེད། འདྲི་བར་བྱེད། ་དྲིས་ནས་འཛིན་པར་བྱེད། འཆང་བར་བྱེད། གློག་པར་བྱེད། སྟོན་པར་བྱེད། སྤང་བར་བྱེད་དེ། སྲུང་བར་བྱེད། འཆང་བར་བྱེད་དོ།། འཇིག་རྟེན་ཐམས་ཅད་ལ་སྙིང་རྩེ་བའི་ཕྱིར། གླེགས ་བམ་རྣམས་ལ་མཆོད་པ་དང་། བཀུར་སྟི་བྱེད། གཞན་དག་ཀྱང་བྱེད་དུ་འཇུག་ཅིང་བླ་མ་ལ་གུས་པ་ལྟ་བུར་ལྟ་བར་བྱེད་ལ། དོན་ཀྱང་རྫོགས་པར་རྟོག་པར་འགྱུར་ཏེ། བཅོམ་ལྡན་འདས ་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། མི་གཡོ་བ་དང་། ཤིན་ཏུ་བདེ་བའོ་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོང་ངོ་ཞེས་སྟོན་པ ་བྱེད་དོ།། དེ་ལྟར་ན་སྔོན་སངས་རྒྱས་དུ་མ་ལ་བསྙེན་བཀུར་བྱེད་བྱེད་པའི་སེམས་ཅན་རྣམས་ནི་དམ་པའི་ཆོས་འབྱིན་པར་འགྱུར་ཞིང་། དམ་པའི་ཆོས་ཀྱི་ཕྱོགས་འཛིན་པར་འགྱུ་རོ།། གང ་ངག་གི་ད་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས་ན་དམ་པའི་ཆོས་འབྱིན་པར་འགྱུར་ཞིང་། དམ་པའི་ཆོས་ཀྱི་ཕྱོགས་འཛིན་པར་འགྱུར་ཏེ། དེའི་ཚེ་སེམས་ཅན་དེ་ལྟ་བུ ་འཐུང་བར་འགྱུར་གྱིས་རིགས་ཀྱི་བུ་ཁྱོད་མ་འོངས་པའི་དུས་ན་སེམས་ཅན་དམ་པའི་ཆོས་འབྱོན་པ་རྣམ་པ་དེ་ལྟར་མ་ལུ་ཤིག། གང་དག་གིས་ད་ལྟར་བྱང་ཆུབ་ཏུ་སེམས ་བསྐྱེད་པ་དེ་དག་ནི་མ་འོངས་པའི་དུས་ན་ཡང་བྱང་ཆུཔཏུ་སེམས་བསྐྱེད་ནས་དམ་པའི་ཆོས་འབྱིན་པར་བྱེད་པ་གྱིས་ཤིག། རིགས་ཀྱི་བུ་གང་དགང་ཡོངསུ་མ ་ངན་ལས་འདས་པ་ཆེན་པོས་ཡོངསུ་མྱ་ངན་ལས་འདས་པ་ལ་ཡིད་མི་དགའ་བར་མི་བྱེད་ཅིང་། རབ་ཏུ་དགའ་བར་བྱེད་དེ། སངས་རྒྱས་བདག་ཅག་གི་རྙེད་པ་དང་བཀུར་སྟི་ལ་བགེགས ་བྱེད་པ་དེ་ནི་གྲོང་པར་འགྱུར་གྱིས་བདག་དག་དགའོ་སྙམ་སྟེ། དེ་ལྟར་སངས་རྒྱས་གྲོངས་པར་འགྱུར་སྙམ་ནས་རབ་ཏུ་དགའ་སྟེ། ཡིད་མི་དགའ་བར་མི་བྱེད་པ་དེ་དག་ནི་དེའི་ཚེ། གཡེལ ་བར་འགྱུར་ཏེ། ཆོས་གོས་ཀྱི་མཚན་པ་ཅན་རདོ་སྡེ་སྤོང་བར་འགྱུར་བར་ཤེས་པར་གྱིས་ཤིག། སེམས་ཅན་གང་དག་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དེ་དག་ནི་ཐེག་པ་ཆེན་པོ ་ཐོས་ན་མངོན་པར་དང་པར་འགྱུར་ཏེ། དམ་པའི་ཆོས་འདོད་པའི་རིགས་ཀྱི་བུ་དེ་དག་སྡིག་པའི་ལས་གྲངས་མེད་པ་བྱས་པ་རྣམས་གླང་པ་རང་དང་། རིམས་ཀྱིས ་གདུང་བ་དང་། ཟུག་རྔུ་དང་། སྐུར་པ་ཙམ་གྱིས་འབྱང་བར་འགྱུརརོ།། གཞན་ཡང་ཕྱི་མོའི་དུས་ན་གཞན་གྱིས་བརྙས་པར་འགྱུར་བ་དང་། མདོག་ངན་པར་འགྱུར་བ་དང་། མལ་ཆ་དང་། སྟན་དང་། ་ཁ་ཟས་ངན་པར་འགྱུར་བ་དམན་པར་འགྱུར་བ་དང་། དབུལ་པའི་རིགསུ་སྐྱེ་བ་དག། པལ་པོའི་རིགས་སྐྱེ་བ་དང་། ལེགས་པར་ལྟ་བའི་རིགསུ་སྐྱེ་བ་དང་། རྒྱལ་པོ་འཁྲུག་པ་དང་། ཡུལ ་འཁྲུག་པ་དང་། སྡུག་པའི་དངོས་པ་འཁྲུག་པ་དང་། དགེ་བའི་བཤེས་གཉེན་མོ་མཐོང་བ་དང་། གོས་དང་། ཟས་དང་། མལ་མ་དང་། སྟན་དང་། ནད་གསེས་པ་དང་། སྨན་ཟོང་མེད་པ་ང ་རྙེད་པ་ཆུང་བ་དང་། བཀྲེས་པ་དང་། སྙོམས་པས་ཉམ་ཆུང་བ་འི་གནོད་པ་དང་ལྡན་པ་དང་། སྐྱེ་བོ་ཕལ་བས་དགའ་བར་བྱ་བ་དང་། རྒྱལ་པོ་དང་། བློན་པོ་དང་། དེ་བྲང་འཁོར་གྱི་མི ་རྣམས་ཀྱིས་ཆོས་ཀྱི་གཏམ་མི་འཛིན་པ་དང་། ཆེས་སྨྲ་བའི་ཕྱོགས་མི་བྱེད་པ་དང་། བློན་པ་དང་། སྡེ་དཔོན་གང་དག་ཕྱོགས་དང་མགོན་བྱེད་དུ་རེ་བ་དེ་དག་ཀྱང་ས་ཤིང་གཏོལ་བ་མེད་པར་འགྱུར ་བ་དང་། དམ་པའི་ཆོས་ཀྱི་ཕྱོགས་མི་བྱེད་པ་དང་། བཟང་ན་ཡང་མི་མཛེས་པ་དང་། ལྟ་ན་སྡུག་པ་ཡང་ལྡན་མི་སྡུག་པར་འགྱུར་ཏེ། དེ་ལྟར་ན་ངལ་ཉན་ཐོས་གང་དག་འཇིག་རྟེན་ན་མདོ་སྡེ་ཆེན ་སྟོན་པ་རྣམས་ནི་དཀའ་བྱེད་པ་ཡིན་ནོ།། རིགས་ཀྱི་བུ་དཔེར་ན། ལྷོ་ཤིན་ཏུ་སྡུག་པོ་ཡབ་ཅི་མ་མ་ཤར་གྱི་དུན་གནས་ལ། ཉི་མ་ཤར་མ་ཐག་ཏུ་ནི་མ་ལུས་པར་སངས་རྒྱས་འགྱུར་བ་དེ་བཞིན་དུ ་རིགས་ཀྱི་བུ་སེམས་ཅན་དེ་དག་གི་སྡིག་པ་གྲངས་མེད་པ་ཡང་། གང་གི་ཚེ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་ཉི་མ་མ་ཤར་གྱི་བར་དུ་གནས་ལ། གང་གི་ཚེ་ཡོངསུ་མྱ་ངན་ལས་འདས་པ། ་ཆེན་པོའི་ཉི་པ་ཤར་བ་དེའི་ཚེ་ནི། སྡིག་པ་དེ་དག་མ་ལུས་པར་འབྱུང་བར་འགྱུརོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་ལ་ལ་ཞིག་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འདོད་ལ། ད་དུང་གཞོན་དུ ་ཚུལ་ཁྲིམས་ཀྱང་མ་བླངས་པར། མི་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ལས་རྫོགས་པ་དགེ་སློང་གི་དགེ་འདུན་མཆོད་སྟོན་གསོལ་བ་དེའི་ཚེ་ཁྱིམ་པ་དེ་ཡང་ཆོས་གོས་བགོས་ནས་ད ་བཞིན་གཤེགས་པའི་ཉན་ཐོས་རྣམས་དང་ཐབས་གཅིག། ཏུ་གྲོང་གི་རང་དུ་སོང་སྟེ། བཀོད་ན། དེ་བཞིན་གཤེགས་པའི་ཉ་ན་ཐོས་ཀྱི་དགེ་འདུན་གྱི་གྲངསུ་གཏོགས་པ་དེ་བཞིན་དུ ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། མདོ་སྡེ་འདི་ལ་སློབ་པ་ནི། བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་ས་བཅུ་ཐོབ་པ་རྣམས་ཀྱི་གྲངསུ་གཏོགས ་འདི་ལས་ཕྱི་རོལ་ཏུ་གྱུར་པ་རྫས་ཀྱི་བྲིང་བའི་ཕྱིར་རམ། རྙེད་པ་དང་། བཀུར་སྟི་དང་། ཚིགསུ་བཅད་པ་འདོད་པའི་ཕྱིར་ཐོས་པ་ཙམ་དུ་ཟད་དེ་མདོ་སྡེ་སྤོང་བར་མི་བྱེད་ན། ང་རྒྱལ་གྱི་དབང་གི ་སྤོངས་པ་མ་གཏོགས་པར་སེམས་ཅན་གཞན་དེ་དག་ནི། སངས་རྒྱས་དགྲ་བཅོམ་པ་རྣམས་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡར་པ་དེ་རིམས་ཀྱིས་ཐོབ་པར་འགྱུརོ།། རིགས་ཀྱི་བུ་དེ་བ ་ན་སྔར་བསྟན་པའི་གང་ཟག་བཞི་པ་རྣམས་རྟེན་དུ་གྱུར་པ་ཡིན་ཏེ། དེ་དག་གིས་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པའི་མདོ་སྡེ་ལ། སངས་རྒྱས་ཀྱི་གསུངས།། ཞེས་སྟོན་མི་སྲིད་དོ།། སྐབས་མེད་དོ།། དརྫ ་། ན་རྟེན་དུ་གྱུར་པ་ཡིན་ནོ།། གང་ཟག་བཞི་པོ་འདི་རྣམས་ཀྱི་ནང་ནས། གཅིག་ཙམ་གཅིག་འདུག་ན་ཡང་དེ་ལ་མཆོད་པ་གྱིས་ཤིག། བསྲུངས་པར་གྱིས་ཤིག། གསོལ་པ། དེ་ལ་ཇི ་ལྟར་མཆོད་པར་འཚལ་བཀའ་སྩལ་པ། གང་ཟག་དེ་ནི་བདགི་སྲོག་ཡོངསུ་བཏང་ནས། དམ་པའི་ཆོས་འབྱིན་པ་ཡིན་གྱིས། དེ་ལས་དམ་པའི་ཆོས་སྲུང་བ་བསླབ་པར་གྱིས་ཤིག། བསླབས་ནས་ཀྱང་སློབ ་དབེན་དེ་ལ་མཆེད་པ་གྱིས་ཤིག། ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ངས་བསྟན་ཏེ། རྒན་ནམ་ཡང་ན་གཞོན་ཀྱང་རུང་། གང་ལས་ཆོས་འདི་རྟོག་པར་འགྱུར་བ།། བྲམ་ཟེ་བསྲེག་སྦྱིན་མེ་བཞིན་དུ།། དེ་ལ ་བཀུར་སྟིས་ཕྱག་ཀྱང་བྱ།། རྒན་ནམ་ཡང་ན་གཞོན་ཀྱང་རུང་། གང་ལས་ཆོས་ནི་རྟོག་འགྱུར་བ།། དབང་ཆེན་ལྷ་ལ་བྱ་བ་བཞི་ན།། དེ་ལ་བཀུར་སྟི་ཕྱག་ཀྱང་བྱ།། ཞེས་བསྟན་པ་ཡིན།། སླེབ་དཔོན ་ལ་མཆོད་པ་བགྱི་བ་ནི་རིགས་ལགས་ན།། དགེ་སློང་རྒན་པོ་ཚུལ་ཁྲིམས་དང་ལྡན་པས་གསར་བུ་ལ་ཕྱག་བགྱི་བ་ནི་མི་རི་གས་ཏེ།། འདི་དཔྱད་འཚལ་ལག་སོ།། ཅི་ལགས་གལ་ཏེ་དགེ་སློང ་རྒན་པོ་གསར་བུ་ལ་སླེབ་ན་ཡང་དེས་གསར་བུ་ལ་ཕྱག་བགྱི་འཚལ་མ། གལ་ཏེ་གསར་བུ་ལ་ཕྱག་འཚལ་བར་གྱུར་ན་ནི། དེ་ལྟར་རྒན་པོ་དེ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་མ་ལགས་པར་འགྱུར ་ལག་སོ།། གཞན་ཡང་གླེང་འཚལ་བ་མ་མཆིས་ཏེ། གལ་ཏེ་དགེ་སློང་རྒན་པོ་ཚུལ་ཁྲིམས་འཆང་བ་ལགས། གསར་བུ་ནི་ཚུལ་ཁྲིམས་དང་ལྡན་པ་ལགས་ལ། དེ་ལས་ཆོས་ཀྱི་དེ་ཁོ་ན་ཉིད་རྟོག་པར ་འགྱུར་ན།། ཅི་ལགས་གསར་བུས་གློ་བར་ཆུང་བཞིན་དུ། རྒན་པོ་ཚུལ་ཁྲིམས་འཆལ་པ་ལ་ཕྱག་བགྱི་འཚལ་མ། གཞན་ཡང་གླེང་འཚལ་བ་མཆིས་ཏེ། ཅི་ལགས་ཁྱིམ་ན་གནས་པ་ལས་ཆོས ་རྟོག་པར་འགྱུར་ན་ཡང་། ཁྱིམ་ན་གནས་པ་ལ་ཕྱག་བགྱི་འཚལ་ལམ། ཧ་ཅང་ཞེས་ཆེར་བགྱི་བའི་མི་རིགས།། ཁྱིམ་ན་གནས་པ་རྣམས་ནི་རབ་ཏུ་བྱུང་བའི་མཆོད་པའི་འོས་དང་ཡོན་གནས་མ་ལག་ས།། ་བསྟན་པ་འདི་ལ་ནི་གནོན་ནུས་རྒན་པོ་རྣམས་ལ་མཆོད་པ་བགྱི་བའི་རིགས་ལག་སོ།། རྒན་པོ་མཆོད་པའི་འོས་ཤེས་བགྱི་བ་ནི་བསྙེན་པར་རྫོགས་པ་འདུལ་བ་དང་ཆོ་ག་དང་། སྤྱོད་ཡུལ་ལ་གནས་པ ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ཚུལ་ཁྲིམས་འཆལ་པ་རྣམས་ནི་ཞིང་གི་ནང་ན་ཞིང་གི་རྡོ་དང་འདྲའོ་ཞེས་གསུངས་ན་ད་ནི། རྒན་ནམ་ཡང་ན་གཞོན་ཡང་རུང་།། གང་ལས་ཆོས་ནི ་རྟོགས་འགྱུར་བ།། དབང་ཆེན་ལྷ་ལ་བྱ་བ་བཞིན།། དེ་ལ་བཀུར་སྟིས་ཕྱག་ཀྱང་བྱ། ཞེས་ཀྱང་གསུང་ངམ། ཚིག་གི་དོན་འདི་གཉིས་ནི་དཔྱད་འཚལ་ལག་སོ།། དེ་མ་ལགས་ན། དེ་ལྟར་བགྱིས ་ཀྱང་དམ་པའི་གན་སུ་འགྱུར་ལག་སོ།། བཅོམ་ལྡན་འ་དེས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་བསླུ་བར་མཛད་ལགས་སམ། འདི་ལ་ནོངས་པ་མང་དུ་མཆིས་ལགས ་ན། བཅོམ་ལྡན་འདས་ཀྱིས་མདོ་མང་པོ་དག་ལས། ཚུལ་ཁྲིམས་འཆལ་པ་རྣམས་ཆད་པས་གཅད་པར་བཀའ་སྩལ་ན་ཅི་ལགས། དེ་བཞིན་གཤེགས་པས་འདིར་དགོངས་ཏེ་གསུངས ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་ནམ་ཡང་ན་གཞོན་ཡང་རུང་། གང་ལ་ཆོས་ནི་རྟོགས་འགྱུར་བ།། དབང་ཆེན་ལྷ་ལ་བྱ་བ་བཞིན།། དེ་ལ་བཀུར་སྟིས་ཕྱག་ཀྱང་བྱ།། ་ཞེས་བྱ་བ་ནི་མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར། ངས་བསྟན་པ་ཡིན་གྱི།། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་ཕྱིར་དེ་སྐད་བསྟན་པ་ནི། མ་ཡིན་ནོ།། རིགས་ཀྱི་བུ་ངས། ་སྔར་བསྟན་པ་དམ་པའི་ཆོས་ནུབ་པའི་དུས་དང་། ཚུལ་ཁྲིམས་དང་ལྡན་པ་འགྲིབ་པའི་དུས་དང་། ཚུལ་ཁྲིམས་འཆལ་པའི་ཕྱོགས་རྣམ་པར་འཕེལ་བའི་དུས་དང་། ངེས ་པར་གྲོལ་བ་དང་། ཆགས་པ་མེད་པ་ཟད་པའི་དུས་དང་། བྲན་དང་བྲན་མེ་ལ་སོགས་པ་རྫས་ངན་པ་དུ་མ་ཡོངསུ་འཛིན་པར་བྱེད་པའི་དུས་ན། སྐྱེས་བུ་བཞིའི་ནང་ནས་གཅིག་ཙམ་ཡང་བྲན ་དང་བྲན་མོ་ལ་སོགས་པ་རྫས་ངན་པ་དུ་མ་ཡེངསུ་འཛིན་པའི་དགེ་འདུན་གྱི་ནང་དུ་ཁྱིམ་ནས་མེད་པར་རབ་ཏུ་བྱུང་ནས། དེ་རྣམས་ཀྱི་རུང་བ་དང་། རུང་བ་མ་ཡིན་པ་དང་། འདུལ་བ་དང ་འདུལ་བ་མ་ཡིན་པའི་བྱེ་བྲག་ཀྱང་ཤེས། དེ་དག་གིས་གཡེལ་བ་དང་། བདག་ཉིད་ཀྱི་ཅེས་པ་མང་པོའི་གཞི་ཡང་ཤེས་ཏེ། སྤྱོད་པ་འདི་ནི་བཅོམ་ལྡན་འདས་ཀྱི་སྤྱོད་པ་མ་ཡིན་ནོ་སྙམ ་དུ་ཡང་ཤེས་ན། ཡུལ་དང་དུས་ལ་ལྟས་ཏེ་གསར་བུ་རྣམས་ལས་གསུང་རབ་ཡན་ལག་དགུ་སློབ་པར་བྱེད་ཅིང་།། དེ་དག་ཕམ་པ་བྱུང་བར་ཤེསུ་ཟིན་ཀྱང་དམ་པའི་ཆོས ་འབྱུང་བར་བྱའོ་སྙམ་སྟེ། ཁ་རེག་པར་འདུག་ནས། དེ་འབའ་ཤིག་སེམས་ཤིང་དམ་པའི་ཆོས་བསྲུང་བ་ཁོ་ནའི་ཕྱིར་འཇིག་རྟེན་དུ་འབྱུང་ངོ་།། རིགས་ཀྱི་བུ་དཔེར་ན། གཞིག་གི་རྒྱལ་པོ་ཞིག ་ཤི་ནས་དོའི་བུ་རྣམས་ཀྱི་ནང་ན་རྒྱལ་པོ་ནུས་པ་མེད་དེ། རྒྱལ་པོ་དེ་ཉིད་ཀྱི་ཁམས་ཀྱི་གདོལ་བ་འབྲུག་སྒྲ་ལྟ་བུའི་སིལ་སྨན་དང་ལྡན་པ་ཞིག་གདོལ་པ་དག་དེད་དེ། མཐུས་རྒྱལ་སྲིད་ཕྲོགས ་ནས་རྒྱལ་པོ་བྱེད་ལ། གདེལ་བ་དེ་ཡང་རང་བཞིན་གྱིས་ནོར་དང་ལྡན་པ་ཞིག་སྟེ། དེ་ནས་གདོལ་པ་དེ་རྒྱལ་པོ་བྱེད་པ་ན་བྲམ་ཟེ་དང་ཁྱིམ་བདག་གནས་པ་རྣམས། གདོལ་པས་བཀོལ་ན། མི་རུང་སྙམ་ནས ་ཡུལ་བོར་ཏེ་གང་ན་རྒྱལ་པོའི་རིགས་རྒྱལ་པོ་བྱེད་པའི་ཡུལ་དེར་འགྲོ་བར་བྱེད་ལ། བྲམ་ཟེ་དང་། ཁྱིམ་བདག་གཞན་ཁ་ཅིག་ནི་བདག་ཡུལ་འདོར་མ་ཕོད་ནས། ཇི་ལྟར་ཤིང་གང་དུ་སྐྱེས་པ་དེ་ཉིདདུ ་སྐམ་པར་འགྱུར་བ་བཞིན་དུ་དེ་དག་ཤིང་དང་འདྲ་བར་ཡུལ་དེ་ཉིད་ན་འཁོད་དོ།། དེ་ནས་གདོལ་པ་དེས་མི་མང་པོ་བྱེར་རོ་སྙམ་ནས། གདོལ་པ་རྣམས་ལམ་ཐམས་ཅད་སྲུང་དུ་བཅུག་སྟེ། མི་ལྷག་མ ་རྣམས་བསྲུང་བའི་ཕྱིར་ཡང་བྲམ་ཟེ་གཙང་སྦྲ་ཅན་རིག་བྱེད་ཀྱི་མཐར་ཕྱིན་པ་གང་ཇིའི་རྒྱལ་སྲིད་ཀྱི་ཕྱེད་ལོང་སྤྱད་པ་དེས་ནི་ངའི་མདུན་ན་འདོན་གྱིས་ཤིག་ཅེས་བསྒྲགས་ཏེ། དེ་ལྟར་གྲོང་ཁྱེར་དུ་ན ་བདུན་གྱི་བར་དུ་རྔ་བོ་ཆེ་བརྡུངས་ཀྱང་བྲམ་ཟེ་གཙང་སྦྲ་ཅན་གདོལ་པའི་བླ་མཁྱེན་བྱེད་པ་སུ་ཡོད་ཅེས་ཟེར་ཏེ། སུ་ཡང་མ་བཏུའོ།། དེ་ནས་གདོང་པ་དེས་བསྒོ་བ་གལ་ཏེ་སུ་ཡང་དེ་ལྟར ་བྱེདུ་མ་བཆུབ་ན་བྲམ་ཟེ་ཐམས་ཅད་གདོལ་པ་རྣམས་དང་ལྷ་ན་གཅིག་ཏུ་ཟན་ཟོས་ཤིག། ཉོལ་ཤིག། གལ་ཏེ་མི་བཏུབ་ན། དེ་ཡང་ངས་ནན་གྱིས་བྱེད་བཞུའོ།། དེ་སྟེ་ལ་ལ་ཞིག་བཏུབ་ན་ནི་ངས ་རྒྱལ་སྲིད་ཀྱི་ཕྱེད་ཀྱང་སྤྲིན།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བདུད་རྩི་མཐུངས་ན་ལྷར་འགྱུར་བ་ཐོབ་པར་འགྱུར་བ་འཇིག་རྟེན་ན་དཀོན་པ་གང་ཡིན་པ་དེ་དང་ལྷན་ཅིག་ཏུ་འཐུངས་པ་ལྷར་འགྱུར་བར་བྱའོ།། ་ཞེས་བསྒོའོ།། དེ་ནས་དེར་བྲམ་ཟེ་གཞོནུ་གཙང་སྦྲ་ཅན་ཐོར་ཚུགས་དང་ལྡན་པ་རིག་བྱེད་ཀྱི་མཐར་ཕྱིན་པ་གཞོན་ཚངས་པར་སྤྱོད་པ་ཞིག་བསྒོ་བ་དེ་ཐོས་ནས་རང་གི་ཐོར་ཚུག་བཻ་ཤག་སྟེ། གདོལ་པ་དེའི་ཐང ་སོང་ནས་དེ་ལ་ཕྱག་འཚལ་ཏེ་སྨྲས་པ། རྒྱལ་པོའི་ཞལ་སྔ་ནས་བཀའ་ཅི་སྩ་ལ་པ་དེ་བཞིན་དུ་བགྱིའོ་ཞེས་བྱས་ཏེ། དེ་ནས་རྒྱལ་པོ་དེ་མདུན་ན་འདོན་དུ་དབང་བསྐུར་ཏོ།། དེ་ནས་བྲམ་ཟེ་རྣམས་ན་རེ། གདོལ་པའི ་།། མདུན་མ་འདོན་པར་ཁས་བླངས་པངན་པ་འདི་ངན་པ་འདི་ཞེས་འཛེར་ཏོ།། དེ་ནས་དེ་བཞིན་དུ་རྒྱལ་པོས་དེ་ལ་རྒྱལ་སྲིད་ཀྱི་ཕྱེད་བྱིན་ནས་དེ་དང་ལྷན་ཅིག་ཏུ་རྒྱལ་པོ་བྱེད་དོ།། དེ་ནས ་སྐབས་ཤིན་ཏུ་བྲམ་ཟེ་དེས་གདེལ་པའི་རྒྱལ་པོ་དེ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་བདགིས་བྲམ་ཟེའི་ཚུར་བོར་ནས་ཁྱོད་ཀྱི་མདུན་ན་འདོན་བགྱི་བར་ཁས་བླངས་ཏེ། ཁྱེད་ལ་རིག་པ་རེ་ནས་བརླབ ་སྙམ་ན་ཁྱེད་ད་དུང་བདག་ལ་ཐུགས་མི་བརྟན་ནམ། དེ་ནས་རྒྱལ་པོ་དེས་དེ་ལ་སྨྲས་པ། ཁྱོད་ལ་ང་ཅི་སྟེ་ཡིད་མི་སྟོན། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཁྱོད་ལ་ཡིད་རྟོན་གྱིས། ད་ནི་རྒྱལ་པོ་ཤི་བ་དེའི་བཅུ ་རྩིའི་བུམ་པ་འདི་ཕྱེད་པད་མཉམ་དུ་ད་ཏུ་ཞེས་བྱསོ།། དེ་ནས་ཐིག་མ་ཁོ་ནར་བློན་པོ་དེས་འཐུངས་པའི་འོག་ཏུ་བདུད་རྩི་དོའི་ནང་དུ་ཐབས་ཀྱིས་བཏུང་བ་གཞན་བླུགས་ནས་རྒྱལ་པོ་དེས་འཐུང་བ་དང ་བརྒྱལ་ཏེ་ཤི་བ་བཞིན་དུ་འདུག། དེ་ནས་བྲམ་ཟེ་དེས་རྒྱལ་པོ་སྔ་མི་བུ་རྒྱལ་པོར་བཅུག་ནས་སྨྲས་པ། རྒྱལ་སྲིད་འདི་ལོང་ལ་ཆུད་མ་ཟོས་པར་གྱིས་ཤིག། གདོལ་པ་ནི་རྒྱལ་སྲིད ་འདི་ལ་རྒྱལ་པོའི་འོས་མ་ཡིན་ཏེ། ཁྱེད་ཉིད་རྒྱལ་པོར་འོས་པ་ཡིནོ།། གདོལ་པས་རྒྱལ་པོ་བྱ་བ་ནི་མིཚད་ཀྱིས།། དེ་ནས་གདོལ་པ་དེ་རྒྱུ། ལ་བ་ལས་སངས་པར་འགྱུར་བའི་སྨན་བྱིན་ཏེ། སོས ་པར་བྱས་ནས་དེ་སྤྱུགས་ཏེ་འགལ་བ་བྱེད་པའི་ཆད་པས་བཅད་དོ།། དེ་ལྟར་བྲམ་ཟེ་དེས་རྒྱལ་སྲིད་སླར་བཙུགས་ཏེ། གདོལ་པ་དེ་སྤྲུགས་ན། དེ་བྲམ་ཟེ་ལས་ཉམས་པར་ཡང་མ་གྱུར་ལ་དྲ ་ཟེ་དང་ཁྱིམ་བདག་རྣམས་ཀྱང་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ཞེས་ཟེར་ཞིང་དེ་ལ་ལེགསོ་ལེག་སོ་ཞེས་བྱས་ཏེ་མཆོད་པ་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས ་དཔའ་ཡང་འདས་པའི་འོག་ཏུ་དམ་པའི་ཆེས་དབྱུང་བའི་དེར་ཏུ་ཐབས་ཅི་ཡང་བྱེད་དེ། རྫས་ངན་པ་ལ་འདུན་ཅིང་སྤྱོད་པ་ངན་པ་དང་ལྡན་པའི་དགེ་འདུན་གྱི་ནང་དུ་ཚུལ་ཁྲིམས་འཆལ་པ་དག་དང ་ཚུལ་འཐུན་པར་སྟོན་ཏེ།། ཚུལ་ཁྲིམས་འཆལ་པ་དེ་རྣམས་ཀྱི་ཆོས་གོས་དང་། གླེགས་བམ་དང་། ཡོ་བྱད་དེ་རྣམས་དེ་དག་ལས་ཕྲོགས་ནས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་སྦྱིན་པར ་གང་གིས་ནུས་པ་དང་། བསྒྲུབ་པ་དང་། གཙེ་བ་དང་། འབྲུ་བསྡུ་བ་ཡང་བསྟན་ཏེ། རུང་བ་མ་ཡིན་པ་བརྒྱད་ཀྱི་དངོས་པོ་ལེན་པར་བྱེད་པ་རྣམས་མེད་པར་བྱེད་པ་གང་གིས་ནུས་པ་དང་། བྲམ་བ ་གདེལ་པའི་རྒྱལ་པོ་ལ་བྱས་པ་བཞིན་དུ་དེ་དག་དང་ལྷན་ཅིག་ཏུ་སྐབས་དབྱེ་བ་དང་། གསོ་སྦྱོང་དང་ཐལ་མོ་སྦྱར་བས་གདུང་པིའི་ལས་བྱེད་ཅིང་འགལ་བ་བྱེད་པ་ཚར་གཅོད་པར ་གང་གིས་ནུས་པ་དང་། གཡེལ་བ་རྣམས་ཀྱང་དག་པའི་དགེ་འདུན་དུ་བསྒྱུར་ཞིང་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར། ཐེག་པ་ཆེན་པོའི་མདོའི་སྡེ་ཚན་སྟོན་པར་གང་གིས་ནུས་པའི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཡིན་པ་དེའི་ཆེད་ཚིག་སུ་བཅད་པ་དེ་དག་གསུངས་པ་ཡིན་ཏེ། དེ་ལྟར་བྱེད་པ་ནི་དམ་པའི་ཆོས་འབྱིན་པའི་ཕྱིར་བྲམ་ཟེ་དང་ཁྱིམ་བདག་རྣམས་མགུ་བར ་འགྱུར་ཏེ། བྲམ་ཟེ་ཡིན་བཞིན་དུ་འདིས་རྒྱལ་སྲིད་དང་དམ་པའི་ཆོས་བཙུག་སོ།། སྙམ་ནས་དེ་ལ་མཆོད་པ་བྱེད་དོ།། གང་དེ་ལྟར་སྙན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཁོ་ན་ཡིན་ཏེ། ཐབས་དང་སྦྱར ་ཞིང་བྱེད་པས་ན་དེ་ལ་ཉེས་པ་བསྐྱེད་པར་མི་བྱའོ།། དེ་ལ་ཉེས་པ་བསྐྱེད་ན། ཕྱིར་ཉེས་པ་ཐོབ་པར་འགྱུར་ཏེ། བཤགས་པར་འོས་པའི་ཉེས་པ་ལྟ་བུར་འགྱུར་ལ། ང་རྒྱལ་གྱིས་དབང་གིས་ཆགས་པར་ཡང ་མི་བྱེད་དོ།། བྱང་ཆུབ་སེམས་དཔའ་སློབ་དཔོན་དེ་ནི་མཆོག་ཏུ་གཡེལ་བ་ལྟ་བུར་སྟོན་ཀྱང་ཉེས་པར་མི་འགྱུར་ཏེ། དགོངས་པའི་ཚིག་འདི་ནི་བྱང་ཆུབ་སེམས་དཔའ་ཆེད་བསྟན ་ཏོ།། རྒན་ནམ་ཡང་ན་གཞོན་ཡང་རུང་ག་ལས་ཆོས་ནི་རྟོགས་འགྱུར་བ།། བྲམ་ཟེ་བསྲེག་སྦྱིན་མེ་བཞིན་དུ།། དེ་ལ་བཀུར་སྟིས་ཕྱག་ཀྱང་བྱ།། རྫོགས་སངས་རྒྱས་ཀྱིས་བསྟན་པ་ཡི།། ཆོས་ནི་གང ་ལས་རྟོགས་འགྱུར་བ།། དབང་ཆེན་ལྷ་ལ་བྱ་བ་བཞིན།། དེ་ལ་བཀུར་སྟིས་ཕྱག་ཀྱང་བྱ།། ཞེས་བྱ་བ་ནི་ཉན་ཐོས་རྣམས་ཀྱི་ཆེ་དུ་བསྟན་པ་མ་ཡིན་གྱི།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་བསྟན ་པ་ཡིན་ནོ།། གསོལ་པ་བཅོམ་ལྡན་འདས་ཅི་ལགས།། བྱང་ཆུབ་སེམས་དཔའ་གཡེལ་བ་དེ་ལྟ་བུ་དག་བསྙེན་པ་རྫོགས་པ་རུང་ངམ། འོན་ཏེ་མི་རུང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག། དེ་ཉིད་དེ་དག་གི་བསྙེན་པ་རྫོགས་པ་ཡིན་ཏེ། དེ་དགིས་ཉེས་པ་གང་དང་གང་བགེག་པ་དེ་དག་ནི། བཤགས་པ་བཟོད་པ་ཡིནོ།། རིགས་ཀྱི་བུ ་དཔེར་ན། རྫིང་སྙིང་པར་ལ་པའི་ཆུ་ནི་ཐམས་ཅད་ཟགས་པར་འགྱུརོ།། དེ་ཅིའི་ཕྱིར་ཞེ་ན། སྐྱེ་བོ་ཆོས་བཞིན་དུ་བྱེད་པ་རྣམས་ནི་འགྲིམས།། སྐྱེ་བོ་ཆོས་བཞིན་དུ་མི་སྲིད་པ་རྣམས་ནི་འཕེལ ་བའི་ཕྱིར་རོ།། གལ་ཏེ་རྫིང་དེ་ལ་ལ་ཞི་གིས་ཕྱིར་བཅོས་ན་ནི། དེས་ན་དེའི་ནང་ནས་ཆུ་འཛག་པར་མི་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས ་མེད་པའི་ཕྱིར་དང་། དགེ་འདུན་གྱི་བསྒྲུབ་པ་ཉམས་པའི་ཕྱིར་དང་། ཐེག་པ་ལ་གཡེལ་བ་ཡོང་སུ་འཕེལ་བའི་ཕྱིར། གཡོལ་བ་རྣམས་དང་ལྷན་ཅིག་ཏུ་བསྙེན་རྫོགས་པ་དང་། སྐབས་འབྱེད ་བ་དང་། གསོ་སྦྱོང་དང་། ཐལ་མོ་སྦྱར་བས་གདུང་པའི་ལས་བྱེད་པས་རྫིང་ཟག་པ་བཞིན་དུ། ཚུལ་ཁྲིམས་དང་། ཆོ་ག་ཟག་པར་འགྱུར་མོད་ཀྱི། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཆོས ་འབྱིན་པར་འདོད་པ་ཚུལ་ཁྲིམས་དང་ལྡན་པའི་མི་ནི། རྫིང་བཅོས་པ་བཞིན་དུ། དེ་ཉིད་བསྙེན་པ་རྫོགས་པ་ཡིན་ཏེ། དྲི་མ་མེད་པ་དང་བཤགས་བདག་ཉིད་དག་པར་བྱས་ནས་མདོ་སྡེ་དང ་འདུལ་བའི་དེ་ཁོ་ན་ཉིད་ཀྱིས།། རྫིང་བཅོས་པ་བཞིན་དུ་འཆོས་པར་བྱེད་དོ།། །། འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཁམ་པོ་བརྒྱད་པ ་གསལ་ག་བཅོམ་ལྡན་འདས་ཀྱིས། ཨ་སྨའི་འབྲས་བུ་རྣམ་པ་བིན་ལྟ་བུའི་མདོ་ལས་གསུངས་པའི་ཚུལ་ཁྲིམ་ས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་བ་དེ་ཇི་ལྟར་རྟོག་པར ་བགྱི་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ཚུལ་ཁྲིམ་ས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་ནི། ཡོངསུ་མྱ་ངན་འདས་པ་ཐེག་པ་ཆེན་པོའི་མདོ་ཆེན་པོ་ལས་རྟོག་པར་བྱའོ།། ་གསོལ་པ། ཇི་ལྟར་རྟོག་པར་བགྱི་ལགས། བཀའ་སྩལ་པ། ཁྱིམ་བདག་ཞིང་པ་ལ་ལ་ཞིག་གིས། འབྲས་སཱ་ལུ་དང་། འབྲུ་དང་། ཁྲེ་རྒོད་ཀྱི་ཞིང་ལ་ཐོག་མ་ཁོ་ནར་ཞིང་གི་ངོ་དང་། སྐེ་ལོང་མ་རྣམས ་བསལ་བ་དེ་དག་པར་བྱས་པ་དེ་ལ། དེ་ཕྲིན་ཆད་ནས་ནམ་འབྲས་བུར་མ་གྱུར་གྱི་བར་དུ་ཤིའི་མིག་གིས་གྲངསུ་རྩི་བར་བྱེད་ལ། འབྲས་བུར་གྱུར་པའི་ཚེ་ནི་ཕུབ་མ་དང་། ཁོང་སྟོང་དང་། འབྲས་བུ ་དང་། སྙིང་པོའི་བྱེ་བྲག་དང་། འདི་ནི་འབྲུ་ཡིན་ནོ།། འདི་ནི་འབྲུ་མ་ཡིན་ནོ།། སྙམ་དུ་ཡང་དག་པར་ཤེས་པ་དེ་བཞིན་དུ། གཞི་ཆེན་པོ་བརྒྱད་ནི་དགེ་འདུན་གྱི་སྐྱོན་ཡིན་ཏེ། དེ་རྣམས་ནིང་གི་ངོ་དང་། ་།། སྐེ་ལོང་བཞིན་དུ་བསལ་ནས། དེའི་འོག་ཏུ་ཤིའི་མིག་གིས་དགེ་འདུན་གྱི་ནང་དུ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་གི་གྲངསུ་རྩི་བར་བྱེད་དོ།། སུ་ཡང་རུང་སྟེ་ནམ་སྨྱོན ་ཅན་དུ་མ་གྱུར་པ་དང་། ཡོན་ཏན་གྱི་འབྲས་བུ་གསལ་བར་མ་གྱུར་གྱི་བར་དུ། འདི་ནི་འབྲུའོ་འདིན་འཐུ་ངན་པའོ།། ཞེས་བྱ་བར་ལྟ་བུར་ཤིའི་ཚིག་གི་སྟོག་པར་མི་ནུས་ཏེ། དེའི་དུས་མི་གྱི ་བར་སྐབས་ནི་ཞིང་བཞིན་དུ། དགེ་འདུན་གྱི་གྲགསུ་མགོ་མཉམ་དུ་རྩི་བར་འགྱུརརོ།། དེ་ཅིའི་ཕྱིར་ཞེ་ན། གང་གི་སྐྱོན་ནི་ཞིང་གི་ངོ་ཡིན་ལ། དགེ་འདུན་གྱི་སྐྱོན་ནི་གཞི་ཆེན་པོ་བརྒྱད་ཡིན ་པའི་ཕྱིར་རོ།། ཉེས་པའི་མཆོག་སྦྲུལ་གདུག་པ་ལྟ་བུ་དང་བྲལ་བའི་དགེ་འདུན་མི་ཞིང་བྱ་སྟེ། དགེ་སློང་སུ་ཡང་རུང་ཞིང་རྣམ་པར་དག་པ་ལྟ་བུར་གྱུར་པ་དེ་ནི་ལྷ་བཞིན་དུ་མཆོད་པ ་བྱ་བ་དང་། ཡོན་གན་སུ་བྱ་བ་ཡིན་ནོ།། འབྲས་བུར་གྱུར་པ་དེའི་སྔ་རོལ་ཏུ་ནི་ཤིའི་མིག་གིས་སྐྱོན་དང་ཡོན་ཏན་ཏོ། ག་བར་མི་ནུསོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་གྲོང ་གིས་འཁོར་ཅིག་གི་ནང་ན་ཤིང་ཀར་མང་པོ་ཡང་ཡོད་།། དེའི་ན་ཤི་རྟེན་ཏུ་ཀ་གཅིག་ཀྱང་ཡོད་ལ། རྟེན་དུ་ཀིའི་ཤིང་དེ་ལ་ཡང་འབྲས་བུ་ཡོད།། ཀ་ར་གཱའི་ཤིང་དེ་དག་ལ་ཡང་འབྲས ་དུ་ཡོད་པ་ལས། དེ་ནས་བུ་མོ་གཞོ་ནུ་དབུལ་མོ་ཤིང་ཐོག་ཐུ་བ་ཞིག་གིས་རྟེན་ཏུ་ཀྲིའི་འབྲས་བུ་བཏུས་ནས། ཀ་ར་ཀའི་འབྲས་བུ་ཡང་དེའི་བཅུ་འགྱུར་ཙམ་དུ་བཏུས་ཏེ། རྟེན་ཏུ་ཀི་འབྲས ་བུ་ཡིན་ནོ།། སྙམ་ནས། དེ་རྣམས་ཀྱིས་སྐོན་པ་བཀང་སྟེ། གྲོང་དེ་ཉིད་དུ་འཚོང་བར་བྱེད་ལ། དེ་ནས་བྱིས་རྣམས་ཀྱིས་འབྲས་བུ་རྣམ་པ་གཉིས་རྟེན་ཏུ་ཀའི་འབྲས་བུ་ཡིན་ནོ་སྙམ་ནས། ཆོས ་ཏེ། ཟོས་པ་དང་ཤིའོ།། དེ་ན་བྱེ་བྲག་ཕྱེད་པའི་མི། རྟེན་དུ་ཀའི་འབྲས་བུ་ཟ་འདོད་པ་གང་ཡིན་པ་དེ་དག་གིས་ནི་བུ་མོ་གཞོན་དེ་ལ་ལེགས་པར་དྲིས་ཏེ། ཆེ་ཞེས་འདི་དག་ཕྱོགས་གང་ལོག་ནས ་བླངས་ཤེས་བྱས་པ་དང་། དེས་དེ་དག་ལས་ཕྱོགས་བསྟན་ཏེ། དེ་དག་ལ་ཕྱོགས་བསྟན་པ་དང་། དེ་ན་ཀ་ར་ཀའི་ཤིང་མང་ལ། རྟེན་དུ་ཀའི་ཤིང་ནི་གཅིག་པུ་ལས་མེད་པར་ཤེས་ཏེ། འདི་ནི་དེ་ནས ་བླངསོ་སྙམ་དུ་རིག་ལ། རྟེན་དུ་ཀིའི་འབྲས་བུ་དེ་དག་བཙལ་ཏེ། མ་རྙེད་ནས། མཉོས་པར་ཕྱིར་དོང་བ་དེ་བཞིན་དུ། རིགས་ཀྱི་བུ་དགེ་འདུན་གང་དག་གཞི་ཆེན་པོ་བརྒྱད་ཤེས་བཞིན་དུ་སྤྱོད་པར ་བྱེད་པ་དེར། གལ་ཏེ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ངག་འཁོད་ན། དེ་དག་ནི་ཇི་ལྟར་ཀ་རི་ཚལ་ན་རྟེན་དུ་ཀིའི་ཤིང་འདུག་པ་བཞིན་དུ། དེ་དག་མཐོང་ན། ཚུལ་ཁྲིམས ་དང་ལྡན་པ་ཡིན་ཏུ་ཟིན་ཀྱང་། དགེ་བསྙེན་ཤེས་རབ་ཅན་གྱིས་དེ་དག་ལ་ཕྱག་མི་བྱ་ཞིང་མཆོད་པའི་གནསུ་མི་བྱའོ།། གལ་ཏེ་དེ་དག་ལ་ཕྱག་བྱ་བར་འདོད་ན། ཅི་ཁྱེད་གཞི་ཆེན ་བོ་བརྒྱད་ལེན་པར་བྱེད་དམ་འོན་ཏེ་ལེན་པར་མི་བྱེད་ཅེས་དྲིས་ནས་གདོད་ཕྱག་བྱ་སྟེ། ལོན་པར་བྱེད་པ་ཡིན་པ་དེ་དག་དང་ལྷན་ཅིག་སྐབས་དབྱེ་བ་དང་། གསོ་སྦྱོང་གི་ལས་རྣམས་བྱེད་དམ་མི ་བྱེད་ཅེས་དྲི་བར་བྱའོ།། གལ་ཏེ་འདི་སྐད་ཅེས་ཟེར་ཏེ། དགེ་འདུན་གྱི་གཞི་ཆེན་པོ་བརྒྱད་ནི་ལེན་པར་བྱེད་དེ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བས་ཀྱང་། རྒྱལ་བུ ་རྒྱལ་བྱེད་ཀྱི་ཚལ་དུ། གསེར་དུལ་དག་བཞེས་སོ་ཞེས་ཟེར་ལ། དེའི་ནང་ན་ཁ་ཅིག་ནི་ལེན་པར་མི་བྱེད་དེ། བདག་ཅག་ལེན་པར་བྱེད་པ་དག་དང་ལྷན་ཅིག་ཏུ་སྐབས་འབྱེད་པ་དང་། གསོ ་སྦྱོང་དང་། ཐལ་མོ་སྦར་བས་གཏུད་པའི་ལས་ཀྱང་མི་བྱེད། ཐུབ་པ་ཡང་མི་མཐུང་། དེ་དག་ལས་རྙེད་པ་དང་བཀུར་སྟི་ཡང་མི་ལེན་ནོ་ཞེས་ཟེར་བ་དང་། ལྷའི་ཡང་ལྷ་སངས ་རྫས་བཅོམ་ལྡན་འདས་དེས་ཀྱང་བཞེས་ན་དགེ་འདུན་གྱིས་བཞེས་པ་ལ་མི་བཟོད་པ་ཅི་ཡོད་ཅེས་དེ་སྐད་ཟེར་དུ་ཟིན་ཀྱང་དེ་དང་ལྷན་ཅིག་ཏུ་ཁྱེད་སྐབས་འབྱེད་པ་དང་། གསོ་སྦྱོང་དང ་ཐལ་མོ་སྦྱར་བ་བཏུང་པའི་ལས་མ་བྱས་གྲངས་ཞེས་སྨྲ་བར་བྱ་སྟེ། གལ་ཏེ་ཚིག་ཉན་ཏུ་བཏུབ་པ་དེ་དག་ནི་ཡང་དག་པའི་མདོ་སྡེ་ཤེས་པ་ཡི་ནོ།། ལེན་པར་བྱེད་པ་བྱིས་པ་དང་འདྲ་བ་དེ་དག་ནི་སེམ། ་ཅན་དམྱལ་བ་ཡིན་པར་རིག་པར་བྱ་སྟེ། སེམས་ཅན་དེ་དག་ནི་བྱིས་པ་ཆི་བ་དང་འདྲའོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་གྲོང་ཁྱེར་ཆེན་པོ་ཞིག་སྤོས་ཀྱི་ཚོང་འདུས་དག་ན། སྤོས་མ ་དུ་ར་གང་དང་། གཞན་ཡང་སྤོས་ཀྱི་རྣམ་གྲངས་དང་། སྨན་རྣམས་ཚོང་པ་དག་འཆང་། འཚོང་བར་བྱེད་ལ། དེ་ན་ཉོ་བི་འ་སེམས་ཅན་རྣམས་ཀྱིས། གངས་ཀྱི་རི་ལས་བྱུང་བའི་སྨན་ཅི ་འདྲ་བ་མི་ཤེས་ནས། དེ་དག་གིས་དྲིས་ཏེ། གལ་ཏེ་གངས་ཀྱི་རི་ལས་བྱུང་བའི་སྤོས་མ་དུ་རག་ལྟ་ཆུང་ཟད་ཅི་ཡོད་ཡོད་བྱིན་ཅིག་ཅེས་བྱས་པ་དང་། དེས་གངས་ཀྱི་རི་ལས་བྱུང་བའི་སྤོས་ལྟར་བཅོས ་པ་ལ་གངས་ཀྱི་རི་ལས་བྱུང་བའི་སྤོས་ཡི་ནོ།། ཞེས་བྱས་ཏེ་བྱིན་ནས། དེ་དག་གིས་འདི་ནི་གངས་ཀྱི་རི་ལས་བྱུང་བྱུང་བ་ཡིན་ནོ།། སྙམ་དུ་ཡང་དག་པར་ཡིད་ཆེས་སྟེ། བཅོས་མའི་སྤོབས་རྣམས་ལེན ་བར་བྱེད་པ་དེ་བཞིན་དུ་ཚུལ་ཁྲིམས་འཆལ་པ་འམ། ཚུལ་ཁྲིམས་དང་ལྡན་པ་ཡང་རུང་སྟེ། དེ་དག་ལ་འདི་དག་ནི་དགེ་འདུན་ཡང་དག་པ་ཡིན་ནོ།། འདི་དག་ནི་དགེ་འདུན་དག་པ་ཡིན་ནོ།། ་འདི་དག་ནི་དགེ་འདུན་འཐུན་པ་ཡིན་ནོ་སྙམ་དུ་བསམ་ཡིན་སྙམ་དུ་བས་མཐོ་མིག་དང་ལྡན་པའི་དགེ་བསྙེན་དེས་དེ་དག་ལ་ཕྱག་ཀྱང་བྱའོ།། སྦྱིན་པ་ཡང་སྦྱིན་པར་བྱའོ།། ཤའི་མིག་དང ་ལྡན་པའི་དགེ་བསྙེན་གྱིས་སྤོས་ཀྱི་ཆོངས་དུ་སུ་གངས་ཀྱི་རི་ལས་བྱུང་བའི་སྨན་བཞིན་དུ་བཅོས་མ་མ་ཡིན་པ་རྟོགས་པར་དཀའོ།། དེ་བཞིན་དུ་ལྷའི་མིག་མེད་པ་བྱེ་བྲག་མི་བྱེད་པས། གངས ་ཀྱི་རི་ལས་བྱུང་བའི་སྨན་བཞིན་དུ་འདི་ནི་ཚུལ་ཁྲིམས་དང་ལྡན་པའོ།། འདི་ནི་ཚུལ་ཁྲིམས་འཆལ་པའོ།། དགེ་འདུན་འདི་དག་ནི་གཞི་ཆེན་པོ་བརྒྱད་ཀྱི་ཉེས་པ་དང་བྲལ་བ་ཡིནོ།། སྙམ་དུ་རྟོག ་པར་མི་ནུསོ།། ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་པ་ནི་ལྷའི་མིག་དང་ལྡན་པ་རྣམས་ཀྱི་ཡུལ་ཡིན་གྱི་ཤིའི་མིག་དང་ལྡན་པ་རྣམས་ཀྱི་ཡུལ་མ་ཡི་ནོ།། གལ་ཏེ་མ་དག་པ་མཐོང ་ན་ནི། ཇི་སྲིད་བཤག་སུ་རུང་བའི་ཉེས་པ་བྱུང་བ་མ་བཤག། ས་ཀྱི་བར་དུ་དེ་དག་ལ་ཕྱག་ཀྱང་མི་བྱའོ།། སྦྱིན་པ་ཡང་སྦྱིན་པར་བྱའོ།། གཞི་ཆེན་པོ་བརྒྱད་ལེན་པའི་དགེ་འདུན་དག ་ལ། ཇི་སྲིད་བདག་ཉིད་ཀྱི་ཉེས་པ་བཤག་སུ་རུང་བའི་ཉེས་པ་བྱུང་བ་མ་བཤགས་པས་གངས་ཀྱི་རི་ལས་བྱུང་བའི་སྨན་བཞིན་དུ་དག་པར་མ་གྱུར་གྱི་བར་དུ་གོས་མཚོན་ཅན་བགོས་པ་ཙམ ་ལ་ཡིད་བསྟན་ཏེ་ཕྱག་མི་བྱའོ།། དེ་དག་ལ་སྦྱིན་པ་ཡང་སྦྱིན་པར་མི་བྱའོ།། གསོལ་པ། བཅོམ་ལྡན་འདས་ལགསོ་ལེག་སོ།། ལེགས་ལག་སོ།། བཅོམ་ལྡན་འདས་ཀྱི་བཀའ་འདི་ནི་ལེགས་པ ་གསུངས་པ་ལགས་ཏེ། རྡོ་རྗེ་རིན་པོ་ཆེ་བཞིན་དུ་སྤྱི་བོར་གནོན་པར་འཚལོ།། འདི་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དག་བཞི་པོ་འདི་དག་ནི་རྟེན་བཞི་ཡིན་ཏེ། བཞི་གང་ཞེ་ན། དགེ ་། སློང་དག་ཁྱེད་ཀྱི་རྟེན་ནི་ཆོས་ཉིད་ཡིན་གྱི་གང་ཟག་མ་ཡིན།། དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ངེས་པའི་དོན་གྱི་དྲང་བའི་དོན་མ་ཡིནོ།། དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ཡིས་ཀྱིས་རྣམ་པར་ཤེ ་པ་མ་ཡིའོ།། དགེ་སློང་དག་ཁྱེད་ཀྱི་རྟེནི་དོན་ཡིན་གྱི་ཡི་གེ་མ་ཡིན།། བདག་ལ་ནི་བརྟེན་བཞི་པོ་འདི་དག་ཚད་མ་ཡིན་གྱི་གང་ཟག་བཞི་པོ་རྣམས་ཚད་མ་མ་ཡིནོ་ཞེས་བགྱི་བ་ལེགས་པར་གསུང་སོ།། ། ་བཀའ་སྩལ་པ། ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡོངས་མྱ་ངན་ལས་འདས་པའོ།། དེ་བཞིན་གཤེགས་པ་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པའོ་ཞེས་བྱ་བ་འདི་ནི་སངས་རྒྱས་ཐ~ཾད་ཀྱི་ཆོས་ཉི། ་དོ།། དེ་བཞིན་གཤེགས་པ་མི་རྟག་པར་མཐོང་བ་ཡིན་པ་དེ་དག་ནི། ཆོས་ཉིད་མི་ཤེས་པ་ཡི་ནོ།། ཞེས་ངཟེའོ།། དེ་དག་ནི་གང་ཟག་ཡིན་ཞེས་ཟེའོ།། དེ་དག་ནི་ཚད་མ་ཡིན་ཞེས་ངཟེའོ།། དེ་མ་ཡིན་པའི་ག ་ཟག་ཡིན་པོ་རྣམས་ནི་ཚད་མ་ཡིན།། གང་ཟག་བཞི་པོ་དགོངས་པ་འཚིག་ལ་མཁས་པ་དང་། དེ་བཞིན་གཤེགས་པའི་གསང་བའི་དེ་ཁོ་ན་ཉིད་ཤེས་པ་དང་། རྟག་པ་ཡིན་པར་ཤེས་པ་གང་ཡིན་པ་དེ།། ་བཞིན་གཤེགས་པ་མི་རྟགོ་ཞེས་སེམས་བསྐྱེད་ཀྱང་མི་སྲིད།། གང་ཟག་བཞི་པོ་དེ་དག་ནི་རང་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡི་ནོ།། སེན་འདུན་ན་གང་དག་དེ་བཞིན ་གཤེགས་པ་རྟ་གོ་ཞེས་བྱ་བའི་དགོངས་པའི་ཚིག་ཐམས་ཅད་ལ་མཁས་པའི་གང་ཟག་དེ་དག་ཀྱང་ཚད་མ་དང་རྟེན་དུ་གྱུར་པ་ཡི་ནོ་ཞེས་ང་ཟེར་ན། བཞི་པོ་དེ་དག་ལྟ་རྟེན་ཅི་སྟེ་མ་ཡིན་དགེ་སློང་དག་ཁྱེད ་ཀྱི་རྟེན་ནི་ཆོས་ཉིད་ཡིན་ཏེ། ཉན་ཐོས་རྣམས་ཀྱི་མངོན་པར་ཤེས་པ་ཞེས་བྱ་བའི་དོན་དང་ཆོས་ཉིད་མི་བརྗེད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ།། ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྟོག་ཞེས ་ཁྱབ་ལ་བརྩོན་པར་བྱ་བ་ཡིན་གྱི་གང་ཟག་ལ་བརྩོན་པ་མ་ཡིནོ།། གང་ཟག་ཚུལ་ཁྲིམས་འཆལ་བ་ཟང་ཟིང་ལ་བསྐམས་པ་རྣམས་དེ་བཞིན་གཤེགས་པ་མི་རྟགོ་ཞེས་ཟེར་ན། གང་ཟག་དེ་དག་ནི་ཚད་མ ་མ་ཡིནོ་ཞེས་བྱ་བའི་དོན་ཏོ།། དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ངེས་པའི་དོན་གྱི། དྲང་བའི་འདོན་མ་ཡིན་ཞེས་བྱ་བ་ལ། ངེས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་རྣམས་ཡིན་ཏེ། དགོངས་པའི་ཚིག་དེ་བཞིན་གཤེགས་པ་འགས། ་བ་ཐོས་ན་ཐེ་ཙོམ་གྱི་ཉེས་པ་མེད་པའི་ཕྱིར་ངེས་པ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་ལས་རྒལ་ཅིང་དེ་ལས་བྱུང་ཞེས་བྱ་བའི་དོན་ཏོ།། ངེས་པའི་ཡེ་ཤེས་ནི་ཐེག་པ་ཆེན་པོ་ཞེས་བྱ་བ་ནི་ཐོག་པ་མེད་བཱི ་ཡེ་ཤེས་ལ་བྱའོ།། ཐོགས་པའི་ཡེ་ཤེས་ནི་ཉན་ཐོས་ཀྱི་ཐེག་པ་པའོ།། ངེས་པའི་ཡེ་ཤེས་ནི་ཡེ་ཤེས་ཆེན་པོ་དང་། ཐེག་པ་ཆེན་པོ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་གང་དག་དེ་བཞིན་གཤེགས་པ ་རྟག་པར་ཡང་དག་པར་ཁོང་དུ་ཆུད་པ་དེ་དག་ངེས་པར་བྱེད་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་ནི་ཚད་མ་ཡིན་གྱི་དྲང་བའི་དོན་ནི་དེ་ལྟ་མ་ཡིན་ནོ།། དེ་བཞིན་གཤེགས ་པ་ནི་ཤིའི་སྐུ་ཡིན་ཏེ་ཟུང་ཤིང་ཟེད་པའི་མེ་བཞིན་དུ་ཡོངསུ་མྱ་ངན་ལས་འདས་ཞེས་བྱ་བ་འདི་ནི་ཅན་ཐོས་ཀྱི་ཐེག་པ་ཡིན་ཏེ་ཚད་མ་མ་ཡིན།། མདོ་སྡེ་དེ་དག་ནི་གདུལ་བར་བྱ་བའི་དབང་གིས་གསུངས་པ ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ནི་ཡི་གེ་ཕྱེད་སྦར་བ་དང་འདྲ་ཞིང་བྱེ་བྲག་ཏུ་འབྱེད་པ་ཡིན་ཏེ། སློབ་དཔོན་བྱེད་པ་མ་ཡི་ནོ།། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ནི་དྲང་བའི་དོན་རྣམས་ཀྱི་གྲངསུ་གཏོག་སོ།། ཡེ ་ཤེས་ལས་གསུངས་པའི་དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཁོང་དུ་ཆུད་པའི་ཤེས་པ་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་ཐེག་པ་ཡིན་ཏེ། དེ་བས་ན་དྲང་བའི་དོན་ནི་ཚད་མ་མ་ཡིནོ།། གང་ཟག་བཞི་པོ་དེ ་། ངག་ནི་ཆང་པ་ཡིན་ཏེ། ངེས་པའི་དོན་ཡིན་གྱི་དྲང་བའི་དོན་མ་ཡིནོ།། དེ་བས་ན་དེ་དག་གི་རྟེན་དུ་གྱུར་པ་དང་ངེས་པའི་དོན་ཡིན།། དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ཡེ་ཤེས་ཡིན་ཞེས་བྱ་བ ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭག་སོ།། ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་ཚད་མ་ཡིནོ།། ཐབས་ཀྱི་སྐུ་གང་ཡིན་པ་དེ་ནི་ཚད་མ་མ་ཡིན།། ཐབས་ཀྱི་སྐུ་ལ་བལྟས་ན་དེ་བཞིན་གཤེགས་པའི་སྐུ་ལ ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཇི་ལྟར་ཡོད། གལ་ཏེ་མེད་ན་ཡང་སྐུ་གདུང་གི་ཕུང་པོ་གི་ལས་འོངས། དེ་བས་ན་སྐུ་གདུང་གི་ཕྱིར་འཇིག་རྟེན་ན་མཆོད་རྟེན་འཐུང་བ་ཡོད་ཀྱི། ཆོས་ཀྱི ་སྐུ་ནི་འབྱུང་བ་མེད་དོ།། དེ་བཞིན་གཤེགས་པ་ཤའི་སྐུའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བརྟགས་པ་ལ་བསྟན་ཏེ། རྣམ་པར་ཤེས་པ་ནི་ཚད་མ་མ་ཡིན་ནོ།། དེ་བས་ན་རྣམ་པར་ཤེས་པ་ཚད་མ་མ ་ཡིན་ཞེས་བྱའོ།། སེམས་ཅན་གང་དག་དེ་ལྟར་རྟོག་པ་དེ་དག་ཀྱང་ཚད་མ་ཡིནོ།། དེ་ལྟ་བུའི་མདོ་སྡེ་རྣམས་ཀྱང་ཚད་མ་མ་ཡི་ནོ།། དགེ་སློང་དག་ཁྱེད་ཀྱི་རྟེན་ནི་དོན་ཡིན་ཞེས་བྱ་བ་ལ ་དོན་ཅེས་བྱ་བ་ནི་གསལ་བའི་དོན་ཏོ།། གསལ་བའི་དོན་ཅེས་བྱ་བ་ནི་སྣང་བའི་དོན་ཏོ།། སྣང་བའི་དོན་ཅེས་བྱ་བ་ནི་ཞན་པ་མ་ཡིན་པའི་དོན་ཏོ།། ཞན་པ་མ་ཡིན་པའི་དོན་ཅེས་བྱ་བ་ནི་དེ་བཞིན་གཤེགས ་པ་རྟག་ཅེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་རྟག་པའི་དོན་ཅེས་བྱ་བ་ནི་ཆོས་རྟག་པའི་དོན་ཏོ།། ཆོས་རྟག་པའི་དོན་ཅེས་བྱ་བ་ནི་དགེ་འདུན་རྟག་པའི་དོན་ཏེ་དོན་ནི་དེ་ཡིནོ།། རྟེ་ནི་དེ་ཡིན་ནོ།། ་ཡི་གེ་མ་ཡིན་ཞེས་བྱ་བ་ནི་ཆོ་ག་མི་ཤེས་པ་དང་། ཡོ་བྱད་མ་བསྙུངས་པ་དང་། འདོད་ཆེན་ཚུལ་འཆོས་པ་དང་། ཁ་གསག་བྱེད་པར་འགྱུར་བའི་རང་བཟོའི་ཡི་གེ་དང་། ཚིག་སྣ་ཚོགས་སངས་རྒྱས་ཀྱིས ་གསུངས་པ་མ་ཡིན་པའི་མདོ་སྡེ་རྣམས་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཐུགས་བརྩེ་ནས་མུ་གེ་བྱུང་བའི་ཚེ། ཉིད་ཀྱི་སྲས་རྣམས་ཉོན་མོངས་པར་མི་འགྱུར་བར་མཛད་པའི་ཕྱིར། བྲན་དང ་བྲན་མོ་ལ་སོགས་པ་དང་། གཡོསུ་བྱས་པ་རྣམ་པ་དུ་མ་གནང་བའི་བསླབ་པའི་བཞི་གསུངས་ཏེ། བྲན་དང་བྲན་པོ་ལ་སོགས་པ་དང་། གསེར་དངུལ་དང་། བ་ལང་དང་། མ་ཧཱ་དང་། འབྲུ་རྣམས་བསྡུ་བ་དང་། ་ཉོ་འཚོང་དག་ཞིང་རྨོ་བ་ལ་སོགས་པ་ངས་གན་།། ཞེས་གསུང་སོ་ཞེས་བྱ་བ་ལ་སོགས་པ་དེ་དག་ནི་ཡི་གེ་ཞེས་བྱ་སྟེ། དེ་ལྟ་བུའི་མདོ་སྡེ་དང་། འདུལ་བ་ནི་ཚད་མ་མ་ཡིན།། དེ་བས་ན་ཡི་གེ་འདོན་པའི ་གང་ཟག་དེ་དག་ཀྱང་ཚད་མ་མ་ཡིན་ཏེ། དེའི་ཕྱིར་དགེ་སློང་དག་ཁྱེད་ཀྱི་རྟེན་ནི་དོན་ཡིན་ནོ་ཞེས་གསུང་སོ།། དོན་མེད་པ་ཞེས་བྱ་བ་ནི་གཞི་གསུམ་ལ་འཇིག་པ་དང་། ལྟུང་བ་དང་། འ ་པར་འཇིག་པ་ལ་སོགས་པའི་མི་རྟག་པ་ཉིད་ཡོད་པར་བལྟ་བ་སྟེ། འདི་ནི་དོན་མེད་པ་ཞེས་བྱའོ།། འདི་ནི་ཡི་གེ་ཞེས་བྱའོ།། དེ་བས་ན་དགེ་སློང་དག་ཁྱེད་ཀྱི་རྟེན་ནི་དོན་ཡིན་གྱི་ཡི་ཞེ ་ཞེས་གསུང་སོ།། དོན་གྱི་ཕྱོགས་ནི་ཐེག་པ་ཆེན་པོ་པ་རྣམས་ཡིན་ཏེ། དེ་བས་ན་ཐེག་པ་ཆེན་པོ་པ་རྣམས་ཚད་མ་ཡིན་བགྱི། འདི་ལས་ཕྱི་རོལ་པ་ཡི་གེ་ལ་བརྟེན་པ་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་བས་ན་དེ ་ངག་ནི་རྟེན་པ་ཡིན་མོད་ཀྱི། ཤའི་མིག་དང་ལྡན་པ་རྣམས་ཀྱི་ཕྱིར་བཞག་པ་ཡིནོ།། གསོལ་པ། སྔར་བཀའ་སྩལ་བའི་གང་ཟག་བཞི་པོ་རྣམས་རྟེན་དུ་གྱུར་པ་ཞེས་བགྱི་ལགས་སམ། བཀའ ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ཏེ། བཞི་པོ་རྣམས་རྟེན་ཡིན་པར་རིག་པར་བྱའོ།། དེ་མ་ཡིན་པ་བཞི་པོ་རྣམས་ནི་བདུད་ཡིན་ནོ་ཞེས་ང་ཟེར་རོ།། གསོལ་པ། ཅིའི་སླད་དུ་དེ་ལྟ་ལགས ་བཀའ་སྩལ་ག། དེ་དག་ནི་བདུད་ཀྱིས་སྨྲམ་པའི་མང་རྗེ་འཛིན་པའི་ཕྱིར་ན།། གསལ་པ། དེ་འི་ལྟ་བུ་ལགས། བཀའ་སྩལ་ལ། ཇི་ལྟར་བདུད་པའི་དེ་བཞིན ་གཤེགས་པ་ལ་སྔོ་ཞིང་། འདི་ནི་བདུད་ཀྱིས་སྨྲས་པ་ཡིན་གྱིས་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ།། སེམས་ཅན་འདི་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་གྱི་སངས་རྒྱས་དང་འཐུན ་པར་བྱེད་པ་མ་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ།། གསོལ་པ། བཅོམ་ལྡན་འདས་བདག་ནི་བདུད་ཀྱིས་སྨྲས་པ་དང་། སངས་རྒྱས་ཀྱི་གསུངས་པ་ཁོང་དུ་ཆུད་པར་འཚལ་ལག་སོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བདུད་སྡིག་ཅན་གྱིས་ནི། ང་འདས་པའི་འོག་ཏུ་ལོ་བདུན་རྒྱ་ལོན་པ། དཔེའི་བསྟན་པ་ཕྱེ་ཞིང་ཕྱེ་ནིང་བཤིག་པར་འགྱུར་ཏེ། དམའི ་ཆོས་ནུབ་པའི་ཚེ། བདུད་སྡིག་ཅན་ཟག་པ་ཅན་གྱིས་ཟ་ག་པ་མེད་པ་ལྟ་བུར་བསྒྱུར་ཏེ་བྱ་བའི་རྟགས་ཀྱི་ཚུལ་སྦེད་པ་བཞིན་དུ་།། དགེ་སློང་གི་གཟུགས་དང་། དགེ་སློང་མའི ་གཟུགས་དང་། དགེ་བསྙེན་གྱི་གཟུགས་དང་། དགེ་བསྙེན་མིའི་གཟུགས་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང ་སངས་རྒྱས་ཀྱི་གཟུགས་དང་། སངས་རྒྱས་ཀྱིས་གཟུགས་ཀྱིས་བཤིག་པར་གྱུར་ཏེ། དེ་འདི་སྐད་ཅེས་ཟེར་ཞིང་སངས་རྒྱས་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོས་ཏེ། རྒྱལ་པོ།། ་ཟས་གཙང་དང་། བཙུན་མོ་སྒྱུ་འཕྲུལ་ཕྲད་པ་ན་ཟླ་མཚན་གྱི་བྱེ་བྲག་གིས་འཁྲིག་པའི་ཆོས་ལས་སྐྱེསོ་ཞེས་ཟེར་ལ། དེ་བཞིན་གཤེགས་པ་ནི། འཁྲིག་པ་ལས་སྐྱེས་མི་སྲིད་དོ།། ་དེ་ལ་མིང་ཙམ་དུ་སྐྱེས་པ་ལས་སྔོན་དཀའ་ཐུབ་སྤྱད་པའི་ཡོན་ཏན་གྱིས། ལྷ་དང་། མི་དང་། ལཱ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱིས་མཆོད་ཅིང་བརྗོད་པར་འགྱུར་ཏེ། བང་གི་ཆུང་མ་དང ་འདོད་པ་རྣམ་པ་སྣ་ཚོགས་ཀྱི་སྦྱིན་པ་བྱིན་པས་ན་སངས་རྒྱསུ་གྱུར་ཏོ་ཞེས་ཟེར་བ་ལྟ་བུ་ནི་བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནི།། གདུལ་བར་བྱ་བའི་དབང་གིས་སྐྱེས་པ་ལྟ་བུར་བདག་ཉིད་ཀྱིས་བསྟན་མོད་ཀྱི། འཁྲིག་པ་ལས་སྐྱེས་པ་ནི་མ་ཡིན་ནོ།། དེ ་བཞིན་གཤེགས་པས་ཡབ་ཡུམ་གཉིས་ཡོད་པ་ལྟ་བུར་བསྟན་པ་འདི་ནི་འཇིག་རྟེན་དང་འཐུན་པར་མཛད་པ་ཡིན་ནོ།། ཞེས་ཟེར་བ་ལྟ་བུ་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོ ་ཀྵེ་དང་། འདུལ་བ་ཡིན་པར་རིག་པར་བྱའོ།། བདུད་ཀྱི་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམ་ས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ ་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུབ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤེགས ་བ་འཇིག་རྟེན་དུ་བྱུང་ནས་ཕྱོགས་དང་ཕྱོགས་མཚམ་སུ་གོམ་པ་བདུན་བདུན་གཤེགས་པར་བསྟན་ཏོ་ཞེས་བྱ་བ་འདི་ནི་ཡིད་ཆེས་པར་བྱར་མི་རུང་ངོ་།། དེ་ལྟ་བུའི་མདོ་སྡེ་དང་། འདུལ་བ་ནི ་བདུད་ཀྱིས་སྨྲས་པ་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤེགས་པ་བྱུང་ནས་ཕྱོགས་དང་ཕྱོགས་མཚམས་རྣམསུ་གོམ་པ་བདུན་བདུན་གཤེགས་པར་བསྟན་པ་ནི། དེ་བཞིན་གཤེགས ་པའི་ཐབས་ཀྱི་སྐུ་འཛིན་པ་ཡིན་ནོ་ཞེས་ཟེར་བ་དེ་ལྟ་བུ་ནི་སངས་རྒྱས་ཀྱི་གསུང་པོའི་རདེ་སྡེ་དང་། འདུལ་བ་ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ ་དང་། འདུལ་བ་ཚད་མར་བྱེད་པ་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པ ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤེགས་པ་ལྔ་ཁང་དུ་གཤེགས་ཏེ་བོན་ནས་ལྷ་རྣམས་ཀྱི་ཞབས་ལ་ཕྱག་བཞེས་ཏེ། ལྷ་རྣམས་ནི་དེ ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལོ།། ལྷ་རྣམས་ལ་མཆོད་པ་མཛད་པའི་འོག་ཏུ་དེ་དེ་བཞིན་གཤི་གས་པར་གྱུར་ནས་མངོན་པར་སངས་རྒྱས་ཏེ། ལྷ་རྣམས ་ནི་སྔ། འདི་ནི་འབྱིས་པས་ན། དེའི་ཕྱིར་མངོན་པར་རྫོགས་པ་ར་སངས་རྒྱས་པ་ཞེས་ཟེར་བ་ལ་སོགས་པ་ནི་བདུད་ཀྱིས་སྨྲ་ས་པ་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤེགས་པ་ལྔ ་ཁང་དུ་གཤེགས་ཏེ། བྱོན་པ་མཐོང་ནས། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་ཐལ་མོ་ལེགས་པར་སྦྱར་ཏེ་ཞབས་ལ་སྤྱི་བོ ་གཏུགསོ་ཞེས་ཟེར་བ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཚོད་མར་བྱེད་པའི་སེམ ་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱི་གསུངས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི། བྱང་ཆུབ ་སེམས་དཔའ་རིག་པར་བྱའོ།། དེ་བཞིན་གཤེགས་པ་རྒྱལ་འཆབ་ཏུ་གྱུར་པ། བེའདབ་ཀྱི་རྒྱལ་པོའི་བུ་མོ་ངག་དང་ལྡན་ཅིག་ཏུ་འདོད་པ་ཤིན་ཏུ་བསྟེན་ཏོ།། ཞེས་ཟེར་བ་ལ་སོགས་པ་ནི ་བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤེགས་པས་ནི། ལྡེའི་བུ་མོ་རབ་བླ་ལྟ་བུའི་བུད་མེད་དག་ཀྱང་མཆིལ་མ་བཞིན་དུ་བོར་ནས་ཁྱིམ་མེད ་པར་རབ་ཏུ་བྱུང་ངོ་ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་། འདུལ་བ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་པར་ལྟ་བར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པའི ་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཇིག་རྟེན་ཐམས་ཅད་ལ་ཐུགས ་རྩེ་བའི་ཕྱིར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མོད་ཟས་སྤྲིན་གྱི་ཀུན་དགའ་ར་བཱར་དབྱིག་དང་། གསེར་དང་། བྲན་དང་བྲན་མོ་དང་། བ་ལང་དང་། མ་ཧཱ་དང་། ར་དང་ལུག་དང་། བྱ་གག་དང་། ་པག་དང་། ཁྱི་དང་བྱི་ལ་དང་། ཟངས་དང་། ལྕགས་ཟངས་དང་། ནོར་བུ་དང་། མུ་ཏིག་དོང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། འཆོག་ཆས་རྣམ་པ་སྣ་ཚོ ་དང་། ཞིང་ས་དང་། ཚོང་འདུས་དང་། སྲང་དང་། ཉོ་འཚོང་བྱེད་པ་དང་། ཁྱེའུ་དང་། བུ་མོ་དང་། མཛོད་དང་། བང་བ་རྣམས་བཞེས་སོ་ཞེས་ཟེར་བ་དེ་ལྟ་བུ་ནི། བདུད་ཀྱིས་སྨྲས་པའི་མདོ་སྡེ ་དང་། འདུལ་བ་ཡིན་པར་རིག་པར་བྱའོ།། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་སྟོན་འདམ་བུ་དང་། ཨ་རན་དིའི་ཚལ་དང་། ཤིང་བི་ཙུམ་རྔའི་དྲུང་ན་བཞུགས་པའི་ཚེ ་བྲམ་ཟེ་ལུག་དཔལ་དང་ཀོ་སཱ་ལའི་རྒྱལ་པོ་གསལ་རྒྱལ་ལས་བརྩམས་ཏེ། བཀའ་སྩལ་པ། དབྱིག་དང་། གསེར་དང་། བྲན་དང་བྲན་མོ་དང་། བ་ལང་དང་། མ་ཧེ་དང་། ར་དང་ལུཿ། ་དང་། བྱ་གག་དང་། ཕག་དང་། ཁྱི་དང་། བྱི་བ་དང་། སྦྲུལ་དང་། ནེའུ་ལེ་དང་། ཟངས་དང་། ལྕགས་ཟངས་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་མན་ཤེལ་དང་། བྱི། ་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། ནོར་ད་ངོ། འཆོག་ཆས་རྣམ་པ་སྣ་ཚོགས་འཆང་བ་དང་། ཞིང་ས་དང་། ཚོང་འདུས་དང་། སྲང་དང་། ཉོ་འཚོང་བྱེད་པ་དང་། ་ཁྱེའུ་དང་། བུ་མོ་དང་། མཛོད་དང་། བང་བ་འཆང་བ་དང་། རང་ལག་དར་ཏེ་གཡས་བྱེད་པ་དང་། འཚེད་པ་དང་། འཚེད་དུ་འཇུག་པ་དང་། ལྷས་དང་། ཡན་ལག་གི་རིག་པ ་དང་། མོ་ཡིག་དང་། ཁ་དོག་འདོད་པ་དང་། བྱ་ལྟས་ཤེས་པ་དང་། སྒྲ་གཅན་དང་། ཉི་མ་དང་། ཟླ་བ་དང་། པ་བསངས་དང་། གཟའ་ལྷག་རྒྱུ་བ་དང་། མེ་ཏོག་གི་ཤིང་ཏྲ་དང་། ལག ་སྲུབས་ལྟ་བ་དང་། རྨི་ལྟས་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་གི་མཚན་ལྟ་བ་དང་། སྒྱུ་རྩལ་དྲུག་ཅུ་རྩ་བིན་དང་། རིགས་པའི་གནས་བཅོ་བརྒྱད་དང་། མཁན་བཟོ་དང་། ་བཟོའི་ལས་ཐམས་ཅད་སྟོན་པ་དང་། སྲུང་གཏམ་བྱེད་པ་དང་། སྤོས་ཀྱི་ཕྱེ་མས་འདེབས་པ་དང་། མེ་ཏོག་དང་། གདུག་པ་དང་། སྤོས་དང་། མེ་ཏོག་འཕྲེང་དང་། ཐུག་པ་འམ ་དང་། མགོ་བོ་ལའོ་བྱེད་པ་དང་། ཚུལ་འཆོས་པ་དང་། ཁ་བསགས་བྱེད་པ་དང་ཚེ་མི་ཤེས་པ་དང་། འདོད་ཆེན་ཅན་དང་། འདུ་འཇིལ་དགའ་བ་དང་། སྨྲ་འདོང་བ་དང་། ནོར་དང་། འབྲུང ་ཤ་དང་། ཉ་ཤ་དང་། དྲུག་སྦྱོར་བ་དང་། སྤོས་ཀྱི་ཏིལ་མར་དང་། སྨན་གྱི་སྦུ་བུ་དང་། གདུགས་དང་། ལྷམ་དང་། ཏ་ལའི་ལོ་མའི་བསལ་ཡབ་དང་། ཆ་སྣོད་དང་། བུ་དོན་དང་། བེང་བུང་འ ་བ་དང་། ཤིང་རྟོག་སྡུད་པ་དང་། སོ་རྩི་དང་། སྨན་མར་དང་། བཙོ་བིའི་བྱེ་མ་དང་བཟང་པོ་དང་། ཀ་ཀོ་ལ་དང་། འབྲས་བུ་ཆ་བསྟེན་པ་དང་། རྒྱལ་པོ་ལ་བསྟེན་པ་དང་། གཞན་ལ་བསྟེན་པ་དང་། ་དྲོད་མི་ཐུབ་པ་དང་། མཽ་སྨེ་བ་དང་། བུད་མེད་ཀྱི་ལྟར་ཚོས་པའི་ཤས་ཆེ་བ་དང་། མང་དུ་སྨྲ་བ་དང་། དྲ་བ་དང་། བཟང་ང་ན་དཔྱོད་པ་དག་སུན་འབྱིན་པ་དང་། འགྲོས་འཆོས་པ་དང ་གོས་དཀར་པོ་དང་། ཨར་མ་ནིག་དང་། ཁ་བཟང་ས་དང་། གཙང་ཁང་ཕྱུར་བའི་ལས་ལ་སོགས་པ་བྱེད་པ་དང་། རུང་བ་མ་ཡིན་པ་དང་། རྫས་ངན་པ་ཡོངསུ་འཛིན་པ་དང་། ་སྦྱིན་པའི་བསྔགས་པ་བརྗོད་པ་དང་། ཆང་བསྟེན་པ་དང་། སྨད་འཚོང་མའི་ཁྱིམ་དུ་འགྲོ་བ་རྣམས་དང་། དེ་ལྟ་བུ་བྱེད་པ་དམ་པ་མ་ཡིན་པ། ཚུལ་ངན་པ་དང་ལྡན་པ་དེ་དག་ལ་ནི་གོས ་དཀར་པོ་དག་བྱིན་པ་ལ། འཇིག་རྟེན་པའི་ལས་རྣམས་བྱེད་དུ་བཞུགས་པར་ངས་གནང་ངོ་།། ཡང་ན་འབྲས་སཱ་ལུའི་ཞིང་གི་ངོ་བསལ་བ་བཞིན་དུ། ཡུལ་ཕྱོགས་ནས་བསྐྲད་པར་ངས ་གནང་ངོ་ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་། འདུལ་བ་ནི། སངས་རྒྱས་ཀྱིས་གསུངས་པ་ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པའི ་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱི་གསུངས་པའི་མདོ་སྡེ་དང་། འདུལ་བ་ཆད་མར་བྱེད་པ་གང་ཡིན་པ ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤེགས་པ་ནི། ཚངས་པ་དང་། འཐུང་པོ་དང་། སྐྱེ་མཆེད་གནོ་ནུ་དང་། འཇིག་རྟེན་གྱི་མེས་པོ་དང་། ཀ་ཏ་ཡན་ལ ་སོགས་པའི་ལྔའི་གནས་ཐམས་ཅད་དུ་དེ་དག་གི་རྨུགས་པ་གཞོམ་པའི་ཕྱིར་མི་གཤེགས་ཏེ། གཤེགས་མི་སྲིད་དོ།། ཡ་མཚན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་མི་འབྱུང་ངོ་།། སེམས་ཅན ་ཐམས་ཅད་ཀྱི་ཀུན་ཏུ་རྟོག་པ་སྟོན་པ་མ་ཡིན་ནོ།། གསང་སྔགས་དང་། རིགས་སྔགས་ཐམས་ཅད་མི་འཆང་ངོ་།། ཁོ་ལ་པོ་དང་། བྲན་དང་བྲན་མོ་དང་། འདུམ་པ་དང་། འཐབ་པ ་སྦྱོར་བར་མི་མཛད་དོ།། སྨྲས་པ་དང་། བུད་མེད་དང་། སྨན་དང་། རྒྱལ་པོ་དང་། བློན་པོ་གཅེས་པར་མི་མཛད་དོ།། གལ་ཏེ་དེ་བཞིན་གཤེགས་པ་དེ་ལྟ་བུར་གྱུར་ན། དེ་བཞིན ་གཤེགས་པ་ཡང་མ་ཡིན་ཏེ། ལོག་པར་ལྟ་བ་ཞེས་བརྗོད་པར་བྱའོ།། དེ་བཞིན་གཤེགས་པ་ནི་སྟེའུ་དང་། ཙན་དན་དུ་མཚུངས་ཏེ། སུ་ལ་ཡང་ཚར་གཅོད་པ་ཡང་མི་མཛད། ཕན་འདོས ་པར་ཡང་མི་མཛད་དོ།། དེ་བས་ན་དེ་བཞིན་གཤེགས་པ་ནི། དབུ་མའི་ལམ་གཟིགས་པ་ཞེས་བྱའོ།། ཞེས་ཟེར་བ་དེ་ལྟ་བུ་ནི་མགོ་བོས་པར་བྱེད་པའི་མདོ་སྡེས། བདུད་ཀྱིས་སྨྲས་པ་ཡིན ་པར་བྱའོ།། དེ་བཞིན་གཤེགས་པ་ནི་ལྷའི་གནས་ཐམས་ཅད་དུ་གཤེག་སོ།། ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་འབྱུང་ངོ་།། སེམས་ཅན་ཐམས་ཅད་ཀྱི་ཀུན་ཏུ་རྟོག་པ་སྟོན་ཏོ།། ་གསང་སྔགས་དང་། རིགས་སྔགས་དང་། སྨན་ནོ་ཅོག་ལྟ་བུར་གྱུར་པ་དང་། དེ་དག་སྦྱོར་བར་མཛད་དོ།། འདུན་པའི་ནང་དང་། རོལ་མོའི་གནས་སུ་གཤེག་སོ།། བྲན་དང་བྲན་མོ་དང་། སེམས ་ཅན་ཐམས་ཅད་སྡུད་པར་མཛད་དོ།། གཞོན་ནུ་དང་གཞོན་ནུ་མ་དང་། བཙུན་མོ་འཁོར་དང་། ཕོ་བྲང་འཁོར་གྱི་མི་དང་། ཡུལ་མི་དང་། ཁྱིམ་བདག་དང་། བྲམ་ཟེ་དང་། ཡི་དྭགས་དང་། མགོན ་མིང་པ་དང་། སྐྱེས་པ་དང་། བུད་མེད་རྣམས་ཀྱི་ལུས་རྣམ་པ་སྣ་ཚོགས་ཀྱང་སྟོན་ལ། འཇིག་རྟེན་ཐམས་ཅད་སྡུག་བསྔལ་ལས་བསྐལ་བའི་ཕྱིར། དེ་དང་དེར་གཤེགས་པ་ན་ཡང། བཅཝ ་ཆུས་མི་ཆག་པ་བཞིན་དུ་ལྟ་བ་རྣམས་ཀྱིས་གོས་པར་མི་འགྱུར་བར་ཁོང་དུ་ཆུད་པར་བྱ་སྟེ། འདི་ནི་འཇིག་རྟེན་ཐམས་ཅད་དང་འཐུན་པར་མཛད་པ་ཡིན་ནོ།། ཞེས་ཟེར་བ་དེ་ལྟ་བུ་ནི ་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ་ད་ང་། འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ ་དེ་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུང་བའི་མདོ་སྡེ་དང་། འདུལ་བ་ཚད་མར་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར ་བྱའོ།། འདི་ལྟར་ངེད་ཀྱི་འདུལ་བ་ལས་ནི་སྡིག་པ་དང་། ཉེས་བྱས་དང་། ཉེས་པ་ཡང་བ་དང་། ལྕི་བ་དང་། ཉེས་པ་སྦོམ་པོ་རང་བཞིན་གྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་སྦྱང་བར་བཅོམ ་ལྡན་འདས་ཀྱིས་གསུངས་ཏེ། དེ་ལྟ་བུའི་ངེད་ཀྱི་འདུལ་བ་དང་འཐུན་པ་ཡིན་གྱི། ངེད་ཀྱི་འདུལ་བ་དང་འཐུན་པ་མ་ཡིན་ན། ཅིའི་ཕྱིར་བདག་ཉིད་ཀྱི་འདུལ་བ་ལས་འགལ་བར་བྱས་ཏེ། ་ཁྱེད་ཀྱིས་འདུལ་བ་བླང་བར་བྱ། ཁྱེད་ཀྱིས་འདུལ་བ་ནི་རང་བཟེར་བྱས་པ་ཡིན་ལ། ངེད་ཀྱི་འདུལ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ།། བཅོམ་ལྡན ་འདས་ཀྱིས་ནི་གསུང་རབ་ཡན་ལག་དགུ་ལ་ཕྱག་རྒྱ་དགུ་མཛད་ཅེས་གྲག་སྟེ། བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་དགུ་པོ་དེ་རྣམས་ཀྱིས་ཕྱག་རྒྱས་བཏབ་པབོ།། བདག་ཅག་གིས་ནི་ཤིན་ཏུ ་རྒྱས་པ་ཞེས་བྱ་བའི་སྒྲ། ཚིག་དང་། ཡི་གེ་དང་། ཐིག་ལེ་གཅིག་ཀྱང་སྔོན་མ་ཐོས་སོ།། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དུ་ཞིག་གསུངས། མདོ་སྡེ་བཅུ་ཞིག་གསུངས་སམ། བདག ་ཅག་གི་གསུང་རབ་ལ་ནི་ཤིལ་ཏུ་རྒྱས་པ་ཞེས་བྱ་བའི་སྒྲ་ཡང་མེད་དོ།། འདི་དག་ནི་མ་ལུས་པར་ལྔ་བྱིན་གྱིས་བྱས་པ་ཡིན་ཏེ། དོན་ཐམས་ཅད་མ་རུང་བར་བྱས་ནས་རྗོད ་པར་བྱེད་དེ། ཤིན་ཏུ་རྒྱས་པ་ནི་རང་གིས་རང་བཟོར་བྱས་པས་མི་བརྫུན་གྱིས། ངེད་ཀྱི་འདུལ་བ་ནི་དམ་པ་ཡིན་ནོ།། ངེད་ཀྱི་ནི་འདི་ལྟ་བུ་ཡིན་ནོ་ཞེས་བསྟན་པ་མ་རུང་བར ་བྱ་བའི་ཕྱིར་སྦར་བ་ཤིན་ཏུ་རྒྱས་པ་སྤོང་བར་བྱེད་པ་འདི་ནི་བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཡིན་པར་རིག་པར་བྱའོ།། མ་འོངས་པའི་དུས་ན་ཡང་དད་ཀྱི་འདུལ་བ་ནི་འདི ་ལྟ་བུ་ཡིན་ནོ།། ངེད་ཀྱི་འདུལ་བ་ལས་ནི། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུང་སོ་ཞེས་ལོག་པའི་འདུལ་བ་དང་། མདོ་སྡེ་སྨྲ་བའི་དགེ་སློང་དག་འབྱུང་བར་འགྱུར་རོ།། ངས་ནི ་ཐེག་པ་ཆེན་པོ་གསུང་རབ་ཡན་ལ་ལ་གུ་ལས་རྒྱུད་ཕྱི་མ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པར་བསྟན་ཏོ།། ངིའི་དྲུང་ན་ལྷན་ཅིག་ཏུ་བསྒྲུབ་པ་གང་ཡིན་པ་དེ་དག་ནི་ལོག་པའི་འདུལ་བ་དང་། ་བསྒྲུབས་འི་ནམཛ་བསྟན་པ་ནི་དྲུ་མ་ཡིན་པ་ཐམས་ཅད་སྦས་པ། རྣམ་པར་ངས་ག་དྲིམ་མེད་ག་ཟླ་བཉབ་དང་འདྲ་བཡིན་ཏེ། སའ་ལམསས་འསླབ་པོར་གནི་ནོ་འདོན་ག ་ཀླུང་གི་བྱེ་མ་སྦེད་དུ་བསྟེན་ལ་དེ་དག་ཀྱང་སྒྲའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་བསྟན་ཏོ།། ངེད་ཀྱི་འདུལ་བ་ལ་བསླབ་པའི་གཞི་གང་དང་གང་མེད་པ་དེ་དང་དེ་དག་ནི་བཅོམ་ལྡན ་འདས་ཀྱིས་མ་གསུང་སོ་ཞེས་དེ་སྐད་ཟེར་བ་གང་ཡིན་པ་དེ་དག་ལ་ནི་ཉེས་པ་འབྱུང་བར་འགྱུ་རོ།། གང་དག་བདག་ཅག་གིས་གཟུང་བས་མི་ལང་སྟེ། ཆོག་ཤེས་པ་དང་། ཡོ་བྱད་བསྙུངས ་པ་ལྷུར་ལེན་པ་དང་། སངས་རྒྱས་ཀྱི་གསུངས་པ་ཡིན་པར་འོས་པ་གང་དང་གང་ཡིན་པ་དེ་དང་དེ་དག་ནི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། ཐུགས་བརྩེ་བའི་ཕྱིར་ཐེག་པ་ཆེན་པོའི ་ཚུལ་དུ་གསུངས་པས་ན། བདག་གི་ཀྱང་ཤིན་ཏུ་རྒྱས་པ་ཞེས་བྱ་བ་བཤད་པར་བྱའོ་ཞེས་ཟེར་བ་དེ་ལྟར་དམ། འཆའ་བར་བྱེད་པ་གང་ཡིན་པ་དེ་དག་གི་སྟོན་པ་ནི་ང་ཡིན ་གྱི་དེ་མ་ཡིན་པ་རྣམས་ཀྱི་སྟོན་པ་ནི་ང་མ་ཡིན་ནོ།། དེ་དག་ནི་ངའི་ཕྱིར་རབ་ཏུ་བྱུང་བ་མ་ཡིན་ཏེ། དེ་དག་ཐམས་ཅད་ནི་མུ་སྟེགས་པའི་བུ་ཡིན་ནོ།། ཞེས་ཟེར་བ་དེ་ལྟ་བུ་ནི་སངས་རྒྱས་ཀྱིས ་གསུངས་པའི་མདོ་སྡེ་དང་། འདུལ་བ་ཡིན་པར་རིག་པར་བྱའོ་ཞེས་དེ་སྐད་སྨྲོས་ཤིག། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། ་བདུད་དང་། མཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན ་པར་རིག་པར་བྱའོ།། དེ་བཞིན་གཤེགས་པ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་མ་ཡིན་ནོ།། མི་རྟག་གོ།། ཡོངསུ་མྱ་ངན་ལས་འདས་པའོ།། སྟོང་པར་གྱུར ་པའོ།། བདག་མེད་པ་སྟོན་པའོ།། འཇིག་རྟེན་དང་འཐུན་པར་བྱེད་པ་མ་ཡིན་ནོ།། ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་ནི་བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཡིན་པར་རིག་པར་བྱའོ།། ་སངས་རྒྱས་བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་ཅིང་། ཡོན་ཏན་བསམ་གྱིས་མི་ཁྱབ། དཔག་ཏུ་མེད་གྲངས་མེད་པ་དང་ལྡན་པ་ཡིན་ནོ།། རྟག་པའོ།། བརྟན་པའོ།། ཐེར་དྲུག ་པའོ།། ཞེས་ཟེར་རོ་ཞེས་དེ་སྐད་སྨྲ་བ་ལ་ནི་ཏ་ལོའི་མགོ་བཅད་པ་བཞིན་དུ་ཕམ་པར་གྱུར་ཞེས་བརྗོད་པར་མི་བྱའོ།། ཕན་པའི་ཆོས་བཞི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས ་གསུངས་པ་རྣམ་པ་བཞི་ཅར་ལྟ་སོ་སྨྲས་ཏེ། ཕབ་པ་བཞིན་ནང་ནས་ཕམ་པ་གང་ཡང་རུང་བ་ཞིག་བྱུང་ན་ཡང་། རྡོ་ཆག་པའི་འཕྲོ་བཞིན་དུ་འགྱུརརོ།། ཞེས་རྒྱུད་ཕྱི་མའི ་ཡང་ཕྱི་མ་གཞུང་རྫོགས་པ་ལས། མིའི་ཆོས་ལས་བླ་མར་གྱུར་པའི་སྐབས་ནས་གསུངས་ཡིན་ན། དེ་ཅིའི་ཕྱིར་ཞེ་ན། བདག་ནི་འབྲས་བུ་ཐོབ་པ་ཡིན་ནོ།། ཞེས་འཆང་བའི་དོན་ཏོ། ་རླུང་ཕྱི་མའི་ཡང་ཕྱི་མ་ལས་མིའི་ཆོ་སུ་དབབ་པ་ངས་གསུངས་པ་ནི། འདི་ན་དགེ་སློང་འདོད་པ་ཉུང་བ་ཆོག་ཤེས་པ་ལ་ལ་ཞིག་གནས་པ་དེ། རྒྱལ་པོའམ། རྒྱལ་པོའི་བློན་པོ ་ཆེན་པོ་དག་གིས་མཐོང་ན། འབྲས་བུ་ཐོབ་པ་ཡིན་པར་སེམས་ཏེ། ཚིགསུ་བཅད་པའི་ཚུལ་སྦྱར་བའི་ཐབས་རྣམ་པ་སྣ་ཚོགས་ཀྱིས་སྟོན་པར་བྱེད་ཅིང་བཙུན་པ་འདི་ནི་ལུས་བྲལ ་ཏེ་ཤི་བིའི་འོག་ཏུ་སངས་རྒྱས་སུ་འགྱུར་རོ་ཞེས་ཟེར་བ། དགེ་སློང་དེས་དེ་དག་ལས་མངོན་སུམ་དུ་ཐོས་ནས་འདི་སྐད་ཅེས་ཟེར་ཏེ། འབྲས་བུ་མ་ཐོབ་པའི་གང་ཟག་ལ། འབྲས་བུ་བོ ་པ་བཞིན་དུ་སྟོན་པར་མ་བྱེད་ཅིག་ཆེ་འདོད་པ་ནི་སངས་རྒྱས་ཀྱིས་སྨད་དོ།། ཅང་མི་སྨྲ་བ་ནི་སངས་རྒྱས་ཀྱིས་བསྔག་སོ།། བདག་ནི་ཇི་སྲིད་འཚོའི་བར་དུ་ཡང་ཆོས་འདི་ལྟ་བུ་ལ་དགའ ་བ་མ་ཡིན་གྱིས། འདི་ལྟར་བདག་ཆེ་འདོད་པ་ལ་གཞག་པར་མ་བྱེད་ཅིག། བདག་ནི་འབྲས་བུ་ཐོབ་པ་མ་ཡིན་པར་བདག་ཉིད་ཀྱིས་ཤེས་སོ་ཞེས་ཟེར་བ་དང་། རྒྱལ་པོ་ཤེས་རབ་ཅན ་གྱིས་བཙུན་པ་འདི་ནི་འབྲས་བུ་ཐོབ་པ་སྟེ། སངས་རྒྱས་ཡིན་ནོ་སྙམ་ནས་འཇིག་རྟེན་ཐམས་ཅད་མཁས་པ་རྣམ་ས་ཀྱིས་ནང་དུ་སྒྲོགས་པར་བྱེད་ཅིང་། བཙུན་མོ་འཁོར ་དང་སྲས་རྣམས་ལ་ཡང་སྙན་དངགས་བཞིན་དུ་མདོ་རྣམས་སློབ་དུ་འཇུག་སྟེ། དེ་ལྟར་བྱས་ན་ཡང་སྟོང་པར་བྱེད་པའི་རྒྱལ་པོ་དང་། བློན་པོ་རྣམས་ལ་བསོད་ནམས་མང་དུ ་འཕེལ་བར་འགྱུར་རོ།། དགེ་སློང་དེ་ནི་ཚངས་པར་སྤོད་པ་ཚུམ་ཁྲིམས་དང་ལྡན་པ་ཙམ་དུ་ཟད་དེ། དགེ་སློང་དེ་ཡང་ཕམ་པ་བྱུང་བ་མ་ཡིན་ནོ་ཞེས་ཟེར་རོ།། མིའི་ཆོས་ལས་བླ་མར ་གྱུར་པ་བྱེད་པ་ཡང་མ་ཡིན་ཏེ། ཚུལ་ཁྲིམས་དང་ལྗོན་པ། འདོད་པ་ཉུང་བ་ཞེས་ང་ཟེར་རོ།། དེ་ལྟར་སྟོང་དུ་ཟིན་ཀྱང་། རང་གི་དད་པའི་སེམས་དང་བས་ན་སངས་རྒྱས་ཀྱི་གསུང་རབ་དང ་འཐུན་པར་བྱེད་པའི་དགེ་སློང་ལ་ནི་ཉེས་པ་ཆུང་ཟད་ཀྱང་མེད་དོ་ཞེས་ང་ཟེར་རོ།། གཞན་ཡང་འདི་ན་དགེ་སློང་ལ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྡེ་ཆེན་པོར་སྟོན་པར་བྱེད། ་སེམས་ཅན་ཐམས་ཅད་ལ་ནི་སངས་རྒྱས་ཀྱི་ཁམས་ཡོད་ལ། ཁམས་དེ་རང་རང་གིས་ལུས་ལ་འཆང་སྟེ། སེམས་ཅན་རྣམས་ཀྱིས་ཉོན་མོངས་པའི་རྣམ་པ་ཟད་པར ་བས་ནས། སངས་རྒྱས་སུ་འགྱུར་ཏེ། འདོད་ཆེན་པོ་ནི་མ་ཏོགས་སོ།། དེ་ལ་རྒྱལ་པོ་འམ། རྒྱལ་པོའི་བློན་པོ་འགའ་ཞིག་འདི་སྐད་ཅེས་ཟེར་ཏེ། དགེ་སློང་ཁྱོད་སངས་རྒྱས་སུ་འགྱུར ་རམ་མི་འགྱུར། སངས་རྒྱས་ཀྱིས་ཁམས་ཁྱོད་ལ་ཡོད་དམ་མེད་ཅེས་ཟེར་བ་ལ། དགེ་སློང་དེ་ན་རེ། ཚེ་དང་ལྡན་པ་བདག་སངས་རྒྱསུ་འགྱུར་རམ་མི་འགྱུར་བ་ལྟ་སུས་ཤེས ་མོད་ཀྱི། འོན་ཀྱང་བདག་གིས་ལུས་ལ་སངས་རྒྱས་ཀྱི་ཁམས་ནི་ཡོད་དོ་ཞེས་ཟེར་རོ།། དེ་ནས་དེས་དགེ་སློང་དེ་ལ་སྨྲས་པ། དགེ་སློང་ཁྱེད་འདོད་ཆེན་པ་ཁོ་ན་ཡིན་ན། ་བདག་ནི་སངས་རྒྱས་སུ་འགྱུར་རོ་སྙམ་དུ་སོམས་ཤིག། དེ་ནས་དགེ་སློང་དེས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཆོས་དེ་ནི་བདག་གི་ལུས་ལ་གོར་མ་ཆག་པར་ཡོད་དོ་ཞེས་གལ་ཏེ ་དེ་སྐར་ཟེར་ན། དགེ་སློང་དེ་ལ་མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པ་ཡོད་ཅེས་བྱ་འམ། མེད་ཅེས་བྱ་ཞེ་ན། ཁམས་ཡོད་དུ་ཟིན་ཀྱང་སྦྱིན་པ་དང་། ཚུལ་ཁྲིམས་དང་། ཤེས་པ ་དང་། ཆོས་དང་ལྡན་པ་རྣམས་ལ་ཡོད་པར་ཟད་དོ་ཞེས་བརྗོད་པར་བྱའོ།། གཞན་ཡང་དགེ་སློང་རབ་ཏུ་བྱུང་ནས་སེམས་པར་བྱེད་དོ།། ཀྱེ་མོ་བདག་སངས་རྒྱ་སུ་འགྱུར་རམ་མི་འགྱུར ་སྙམ་པ་འམ། བད་གིས་ནི་སངས་རྒྱས་ཉིད་ཐོབ་པར་འགྱུར་བར་མངོན་ནོ།། སྙམ་དུ་སེམས་ན་འབྲས་བུ་མ་ཐོབ་དུ་ཟིན་ཀྱང་བསོད་ནམས་མང་པོ་འཕེལ་བར་འགྱུར་རོ།། གལ་ཏེ་དེ ་ལྷ་ཡིན་ན། དགེ་སློང་ཐམས་ཅད་ཀྱང་མིའི་ཆོས་ལས་བླ་མར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ངས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཅུ་འབར་དུ། རུང་བ་མ་ཡིན་པའི་དབང་པོ་ཡོངསུ་འཛིན་པ ་སྤངས་ཏེ། ཆོག་ཤེས་པ་དང་། ཡོ་བྱད་བསྲུངས་པའི་མཆོག་ལ་གནས་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བསྒོམས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས ་ཀྱི་ཕུང་པོ་འབུམ་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་དང་ལྡན་པར་གྱུར་པའི་ཕྱིར་རོ།། ཞེས་ཟེར་བ་དེ་ལྟ་བུ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པའི་སེམས ་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པ་གང་ཡིན་པ ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། ཕམ་པ་བཞི་ཡང་མེད། དགེ་འདུན་གྱི་ལྷག་མ་བཅུ་གསུམ་ཡང་མེད། མ་ངེས་པ་གཉིས་ཀྱང་མེད། སྤངས་པའི ་ལྟུང་བྱེད་སུམ་ཅུ་ཡང་མེད། ལྟུང་བྱེད་འབའ་ཤིག་པ་དགུ་བཅུ་རྩ་གཅིག་ཀྱང་མེད། སོ་སོར་བཤགས་པར་བྱ་བ་བཞི་ཡང་མེད། བསླབ་པར་བྱ་བ་མང་པོ་ཡང་མེད། རྩོད་པ་ཞི ་བར་བྱ་བའི་ཆོས་བདུན་ཡང་མེད། ཉེས་བྱས་རྣམས་ཀྱང་མིད་ཉེས་པ་སྦོམ་པོ་རྣམས་ཀྱང་མེད། མཚམས་མེད་པ་དང་། འདོད་ཆེན་པོ་ཡང་མེད་དེ། སྔར་སྨོས་པའི་བསླབ་པའི ་གཞི་དེ་རྣམས་མེད་བཞིན་དུ་གལ་ཏེ་འགལ་བར་བྱས་པས། དགེ་སློང་དག་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ན། དེ་དག་ནི་སྟེགས་ཅན་ཡིན་ནོ།། ་གང་དག་ལ་དེ་རྣམས་མེད་ན། དེ་ལྟ་ན་ནི་མཐོ་རིས་སུ་འགྲོ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ནི་སྡིག་པའི་ཕྱིར་འདུལ་བ་ལས་བསླབ་པའི་གཞི་རྣམས་བཀའ་སྩལ་ཏོ།། མི་ཚངས ་བར་སྤྱོད་པ་བསྟེན་པར་འདོད་པ་གང་ཡིན་པ་དེ་ནི། གོས་ཆེན་ཅན་དང་ཆོས་གོས་སྤངས་ཏེ། གོས་དཀར་པོ་བགོས་ནས། དེ་ལྟ་བུ་བྱས་པའི་འོག་ཏུ་དེ་བདག་ཉིད་ཀྱིས་བསམས་པ ་བདག་གིས་ནི་རང་གི་ཡོན་ཏན་ཆུང་བའི་ཕྱིར་མནོག་ཆུང་བའི་འདོད་པ་བསྟེན་གྱིས་མེད་དོ།། འོན་ཀྱང་བཅོམ་ལྡན་འདས་བཞུགས་པའི་ཚེ་ཡང་དགེ་སློང་དག་གིས་འདོད་པ་རྣམས ་བསྟན་ནས་མཐོ་རིས་དང་། ཐར་པ་ཐོབ་པར་འགྱུར་ནས། ས་ཉིད་ལ་ཞུགས་པ་ཡིན་ན། འདི་ནི་གནའ་ནས་ལུགས། ཀྱིས་ཡོད་པ་ཁོ་ནའོ་སྙམ་དུ་དེ་ལྟར་བསྒོམས་པའི་དགེ ་སླེང་ནི་པར་པ་དྲུང་དུ་ཟིད་ཀྱང་། ཐར་པ་འཐེབ་པར་འགྱུརརོ།། བསླབ་པའི་གཞི་ལྔ་ལས་འགལ་བར་བྱས་པ་དང་། རུང་བ་མ་ཡིན་པ་ཐམས་ཅད་ཡོངསུ་བཟུང་བ་ཡང་དེ་དང་འདྲའོ།། དེ ་བཞིན་གཤེགས་པ་ཉེས་བྱས་ཀྱི་ཉེས་པ་བྱུང་བས་ཀྱང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལོ་གྲངས་ཀྱང་ལྷག་པར་ལོ་བརྒྱད་ཁྲིའི་བར་དུ་སེམས་ཅན་དམྱལ་བར་གཅོད་པར ་འགྱུར་ཞེས་གསུང་མོད་ཀྱི་དེ་ཡང་སྡིགས་པར་ཟད་དེ། ཕམ་པ་ལས་ན་གཅིག་གིས་དཔའ་བ་ཉེས་པ་སྦོམ་པོའི་སྐྱོན་གང་ཡིན་པ་དེ་ཡང་མི་བཟང་བ་མ་ཡིན་ཏེ།། འདུལ་བ་འཛིན་པ ་མང་པོ་རྣམས་ཀྱིས་བརྫུན་དུ་སྦས་མོད་ཀྱི། དེ་ནི་མི་བརྩོན་ནོ་ཞེས་དེ་བཞིན་གཤེགས་པས་གསུང་སོ་ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་། འདུལ་བ་ནི་བདུད་ཀྱིས་སྨྲས་པ་ཡིན་པར ་རིག་པར་བྱའོ།། བསླབ་པའི་གཞི་ཐམས་ཅད་ཀྱི་ནང་ན་ནི། ཉེས་བྱས་ཆུང་བ་ཡིན་ལ། དེ་ལྟར་ཆུང་བའི་ཉེས་བྱས་བྱུང་དུ་ཟིན་ཀྱང་། བདག་མ་བྱུང་ངོ་ཞེས་སྐྱེན་པར་བྱེད་དེ། ཉེས་པ་བྱུང ་བ་རུ་སྦལ་བཞིན་དུ་སྦེད་པར་བྱེད་པ་དེ་ལྟ་བུའི་གང་ཟག་ལ་བསྟེན་པར་མི་བྱའོ།། བརྫུན་དུ་སྨྲ་བའི་ཆོས་གཅིག་གལ་བར་བྱས་པའི་སྐྱེ་བོ་འཇིག་རྟེན་ཕ་རོལ་སྤངས་པས་ནི་མི་བྱ་བ་ཅུ ་ཡང་མེད་དེ། མི་བྱ་བའི་བག་ཅི་ཡང་མི་སྟེན་པ་མེད་ཅེས་བྱ་བའི་དོན་ཏོ།། སངས་རྒྱས་ཀྱི་བསྟན་པ་ནི་དེ་ལྟར་ཆ་ཕྲ་བ་ཡི་ན་ན། ཉེས་པ་སྦོམ་པོ་མི་སྡོམ་པར་ག་ལ་མཛད། ་གལ་ཏེ་དེ་ཙམ་ཡང་སྡོམ་པར་མི་བྱེད་པ་ནི་མཆོག་ཏུ་མ་བ་སྔམས་པ་ཡིན་ནོ།། ཅི་ཞིག་བཟུང་སྟེ་ཚུལ་ཁྲིམས་སྲུང་ཞེ་ན། སངས་རྒྱས་ཀྱི་ཁམས་ཡོད་ལ། གསུང་རབ ་ཡན་ལག་དགུའི་ཚུལ་གྱིས། སངས་རྒྱསུ་འགྱུར་བའི་རྟོག་པ་ཅིག་པུ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་དོ་ཞེས་བྱ་བ་དང་། ཤིན་ཏུ་རྒྱས་པ་ལས ་བདག་མེད་པའི་མཆོག་ཡང་ངོ་ཞེས་སྨྲ་བ་ནི་གསུང་རབ་ཡན་ལག་དགུའི་ཚུལ་གྱིས་མང་སྡེ་སྤོང་བ་མ་ཡིན་ནོ།། གཞན་དུ་ན་ནི་དེ་ལྟར་འགྱུར་རོ།། གསོལ་པ། སེམས་ཅན་ཐམས ་ཅད་ལ་སངས་རྒྱས་ཀྱི་ཁམས་མཆིས་པར་གསུང་རབ་ཡན་ལག་དགུ་ལས་ངེས་པར་བསྟན་ན། གང་ཟག་དུ་ལྟ་བར་ཇི་ལྟར་མི་འགྱུར་ལགས། བདག་གིས་ཐོས་པ་བཞིན་དུ ་ཇི་ལྟར་གཟུང་བར་བགྱི། དེ་ལྟར་ན་ནི་མིའི་ཆོས་ལས་བླ་མར་ཡང་འགྱུར་ལག་སོ།། བཀའ་སྩལ་པ། ཇི་ལྟར་རྒྱ་རམཚོའི་ནང་ན་རིན་པོ་ཆེ་ཡོན་ཏན་བརྒྱད་དང་ལྡན ་པ་སྣ་ཚོགས་མེད་དོ་ཞེས་སྨྲ་བ་དེ་བཞིན་དུ། གསུང་རབ་ཡན་ལག་དགུ་ཤིན་ཏུ་རྒྱས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་ལ་སངས་རྒྱས་ཀྱི་ཁམས་མེད་དོ་ཞེས་ཟེར་བ་ཡང་དེ་དང་འདྲ་སྟེ། ་སངས་རྒྱས་ཀྱི་གསུང་འདི་ནི་དེ་དག་གི་ཡུལ་མ་ཡིན་ལ། སངས་རྒྱས་ཀྱི་གསུངས་ནི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དེ་ནོས་བྱ་བའི་གཏམ་ཚིགས ་དང་། རྟགས་རྣམས་ཀྱིས་སྒོ་ནས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཡང་མ་ཡིན་པར་མངོན་ནོ།། ཐེག་པ་ཆེན་པོ་ལས་ནི་བདག་དང་། སྲོག་བཤིག་པ་ཡང་མེད་དེ། དེ ་བས་ན་སངས་རྒྱས་ནི་དབུ་མའི་ལམ་ཞེས་བྱའོ།། གང་དག་བདག་གི་ལུས་ལ་སངས་རྒྱས་ཀྱི་ཁམས་ཡོད་དོ།། བདག་གིས་སངས་རྒྱས་ཐོབ་པར་འགྱུར་མོད་ཀྱི ་ཉོན་མོངས་པ་ཟད་པར་བྱ་དགོ་སོ་ཞེས་དེ་སྐད་ཟེར་བ་དེ་དག་ནི་ངའི་ཉན་ཐོས་ཡིན་ནོ།། གཅིག་ཤེས་ནི་མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པ་བྱུང་བ་ཡིན་ནོ།། ཞེས་ང་ཟེར་རོ།། ངས་དེ ་སྐད་ཅེས་བསྟན་པའི་ཕྱིར་འདི་སྐད་ཅེས་ཟེར་ཏེ། བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཐོབ་པར་འགྱུར་བའི་སངས་རྒྱས་ཀྱིས་ནས་གཟིགས་པས་ན། བདག་ཀྱང་སངས་རྒྱས ་བཅོམ་ལྡན་འདས་འགྱུར་ཞེས་ཟེར་བ་གང་ཡིན་པ་དེ་མིའི་ཆེས་ལས་བླ་མའི་ཉེས་པར་འགྱུར་རམ་ཞེ་ན། མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པར་མི་འགྱུར་ཏེ། དེ་ན་རིམས ་ཀྱིས་སངས་རྒྱསུ་འགྱུརོ་ཞེས་བཟེརོ།། དེ་ལྟར་ན་སངས་རྒྱས་ཀྱི་གསུངས་ནི་ཆ་ཕྲ་ཞིང་ཟད་པ་ཡིན་ནོ།། གསོལ་བ། འདི་ན་རྒྱལ་པོ་ལ་ལ་ཞིག་འདི་སྐད་ཅེས་མ་ཆི་སྟེ། ཇི་ལྟར་ན ་དགེ་སློང་མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པ་བྱུང་བ་ཞེས་བགྱི་ཞེས་མཆི་བ་ལ་ལན་གདབ་འཚལ་ལག་སོ།། བཀའ་སྩལ་བ། འདི་ན་དགེ་སློང་རྙེད་པ་དང་། བཀུར་སྟིའི་ཕྱིར་རམ ་ཟང་ཟིང་གི་ཕྱིར་ཚུལ་འཆོས་པ་དང་། ཁ་གསགས་པ་བྱེད་པ་ཡོད་དོ།། ཇི་ལྟར་བྱས་ན་བདག་བསོད་སྙོམས་པ་ཡིན་པས་གཞན་དག་གིས་ཤེས་པར་འགྱུར་ཞིག་གུ། དེ་ལྟར་བྱས ་དང་རྙེད་པ་ཐོབ་པར་འགྱུརརོ་སྙམ་སྟེ། བསྔགས་པ་འདོད་པ་རྨོངས་པའི་རང་བཞིན་ཅན་དུ་གྱུར་པས། བདག་གིས་འབྲས་བུ་མ་ཐོབ་པར། བདག་གིས་འབྲས་བུ་ཐོབ་པར་གཞན ་གྱིས་ཤེས་པར་བྱའོ།། བདག་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡིན་པར་གཞན་དག་གིས་ཤེས་པར་བྱའོ།། དགེ ་བསྙེན་མདུན་ན་འཁོད་པ་རྣམས་ཀྱང་། སྐྱེ་བོ་ཐམས་ཅད་ཀྱིས་བདག་དེ་ལྟ་བུ་ཡིན་པར་ཤེས་པར་འགྱུར་བའི་ཚིག་སྨྲར་བཞུག་གོ་སྙམ་ནས། ཆོས་ཐོབ་པར་བྱ་བའི་ཕྱིར་མ་ཡིན ་པར། ཡིད་ལ་བྱེད་པ་དེ་ལྟ་བུས་རྙེད་པ་དང་། བཀུར་སྟི་དང་། བླ་མའི་མཆོད་པ་དང་། ཕྱག་བྱ་བ་དང་། ཟང་ཟིང་གི་ཕྱིར་དགྲ་བཅོམ་པ་འདྲ་བར་ཕན་ཚུན་ལྟ་བའི་ཐབས་དང ་ཚིགས་འཛུམས་པ་དང་། འགྲེས་རྣམས་འཆོས་པར་བྱེད་ཅིང་། ཆོས་གོས་དང་། སྣམ་སྦྱར་དང་། ལྷུང་བཟེད་རྣམས་འཆང་ལ། མལ་ཆ་དང་། སྟན་སར་པའི་སྟེང་ན་འདུག་པ ་དང་། སྐྱེ་བོ་དག་གིས་བདག་དགེ་སློང་དཀའ་ཐུབ་ཅན་ཡིན་ནོ།། ཞེས་བརྗོད་པར་འགྱུར་བར་བྱའོ།། འོན་ཏེ་ཏང་བདག་འཁོར་དང་སླབ་མ་ངག་དང་ལྡན་པར་འགྱུར ་རེ། དེ་རས་སྡེ་ཚན་བཅས་པ་དང་། བཟའ་བ་དང་། བཅའ་བ་དང་། ལྡག་པ་དང་། བཏུང་བའི་ཡོ་བྱད་རྣམས་རྙེང་པར་འགྱུར་རོ།། བུད་མེད་རྣམས་ཀྱིས་ཀྱང་བཀུར་བར་འགྱུར་རོ།། སཱ ་སེམས་ཀྱིས་རྟོག་པས། རང་མི་དང་། གཡོག་འཁོར་རྣམས་ལ་ཤེས་པར་བྱེད་དེ། དེ་ལྟ་བུར་འཆལ་པའི་དགེ་སློང་ངམ། དགེ་སློང་མ་ནི། མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པ་བྱུང་བ ་ཡིན་དེ་ཞེས་ང་ཟེར་རོ།། གཞན་ཡང་འདི་ན་དགེ་སློང་ལ་ལ། དམ་པའི་ཆོས་འབྱུང་བར་བྱའོ།། སྙམ་པའི་སེམས་ཀྱིས་མལ་ཆ་དང་སྟན་སར་པ་ལ་འདུག་ཅིང་། སྐྱེ ་ཐམས་ཅད་ཀྱིས། ཀྱེ་མ་དགེ་སློང་འདི་ནི་དགེ་བ་བཟ་ང་བོ་ཞིག་གོ་སྙམ་དུ་བདག་དགྲ་བཅོམ་པ་མ་ཡིན་པར་དགྲ་བ་ཙམ་པ་དང་འདྲ་བར་ཤེས་པར་བྱའོ།། བདག་དེ་ལྟ་བུ ་ཡིན་པར་ཤེས་པ་དང་། དགེ་སློང་མང་པོ་དག་བདག་གི་འཁོར་དུ་འགྱུར་ལ། འདི་ལས་ཕྱི་རོལ་པ་དག་ཀྱང་དགེ་བསྙེན་དུ་འགྱུར་རོ།། ཚུལ་ཁྲིམས་འཆལ་པ་རྣམས་ཀྱང་ནུམ་པར ་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱང་ངེས་པར་དབྱུང་བར་བྱའོ།། དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཀྱང་བསྟན་པར་བྱའོ།། ཤིན་ཏུ་རྒྱས་པའི་མདོ་སྡེ་རྣམས་ཀྱང་བསྒྲགས་པ ་བྱའོ།། སེམས་ཅན་ཐམས་ཅད་ཀྱང་ངེས་པར་བསྒྲལ་བར་བྱའོ།། འདུལ་བ་དང་འདུལ་བ་མ་ཡིན་པའི་བྱེ་བྲག་ཀྱང་ཕྱེང་པར་བྱའོ།། བདག་ལ་སངས་རྒྱས་སུ་འགྱུར་བའི་ས་བེན ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཡོད་དེ། བདག་གིས་སངས་རྒྱས་ཐོབ་པར་འགྱུར་རོ།། བདག་གིས་ཉོར་མོངས་པའི་རྣམ་པ་རྣམས་རྣམ་པར་གནོམ་པར་བྱའོ།། དགེ་བསྙེན་ཁྱེད ་རྣམས་ལ་ཡང་སངས་རྒྱས་ཀྱི་ཁམས་ཡོད་དེ། བདག་ཅག་ཀུན་ཀྱང་སངས་རྒྱསུ་འགྱུར་ཞིང་། དེ་བཞིན་གཤེགས་པའི་ས་ཐོབ་པར་འགྱུར་རོ།། ཉོན་མོངས་པའི་རྣམ་པ་རྣམས་ཟད་པར ་བྱའོ།། སྙམ་དུ་སེམས་པ་དེ་ལྟ་བུ་ནི་དམ་པའི་ཆོས་ཀྱི་རྟོག་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་ཡིན་ཏེ། མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པ་བྱུང་བ་མ་ཡིན་ནོ་ཞེས་ང་ཟེར་རོ།། ཉེས ་བྱས་ཀྱིས་ཉེས་པ་བྱུང་བས་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལོ་གྲངས་པས་ཀྱང་ལྷག་པར་ལོ་བརྒྱད་ཁྲིའི་བར་དུ་སེམས་ཅན་དམྱལ་བར་གཅོད་པར་འགྱུར་ན། ཉེས ་པ་སྦོམ་པོ་ལྟ་ཅི་སྨོས་ཏེ། ཐེག་པ་ཆེན་པོ་འདི་ལ་མིན་ས་པ་སྦོམ་པོའི་ཉེས་པ་བྱུང་བ་དང་བསྟེན་པར་མི་བྱའོ།། ཉེས་པ་སྦོམ་པོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་མཆོད ་རྟེན་བསྲུང་བའི་ཕྱིར་གཞན་གྱིས་ཡོངསུ་བཟུང་བ་ལ་མེ་ཏོག་གི་འཕྲེང་བ་བཏགས་པ་ང་རྙིངས་ནས། སྲང་བུ་དགོས་པའི་ཕྱིར་ལེན་པར་བྱེད་དེ། དགེ་སློང་རྣམས་ལ་འཛེམ་ཏེ། དགེ་སློང ་རྣམས་ལ་མ་དྲིས་པར་དགེ་སློང་གིས་བླངས་ནས་ཉེས་པ་སྦོམ་པོའི་ཉེས་པ་ཅན་དུ་འགྱུར་རོ།། གལ་ཏེ་འདི་ལྟ་ཞིག་གིས་ཅིར་ཡང་མི་འགྱུར་སྙམ་དུ་འཛིན་ཏེ། ལེན་པར་བྱེད་ན་ཡང་དེ་ལྟ ་བུ་དག་དང་། བསྟེན་པར་མི་བྱའོ།། བརྐུ་བའི་སེམས་ཀྱིས་མཆོད་རྟེན་པ་ཤིག་ན་ཡང་ཉེས་པ་སྦོམ་པོའི་ཉེས་པ་ཅན་དུ་འགྱུར་ཏེ། དེ་ལྟ་བུ་དག་དང་བསྟེན་པར་མི་བྱའོ།། འདི་ནི་ཁྱིམ་བདག ་གམ་བློར་པོ་ལ་ལ་ཞིག་གིས། གལ་ཏེ་ཆོས་ཀྱི་བསམ་པས་སྐུ་གདུང་ལ་བཀུར་སྟིར་བྱ་བ་འམ། པ་གུ་དགོས་པའི་ཕྱིར། མཆོད་རྟེན་རྙིངས་པ་བཤིག་སྟེ། བླངས་ནས་ཁྱིམ ་བདག་གམ། བློན་པོ་དེས་མཆོད་རྟེར་དེ་ལས་གསེར་དངུལ་ཞིག་བྱུང་ན། དེ་དགེ་སློང་འགའ་ཞིག་གི་ལག་ཏུ་གཏད་པ་ལས། དགེ་སློང་དེས་དེ་བླངས་ཏེ་བདག་གི་ནོར་བུ་བྱས་ལ་རྩོད་པར ་བྱེད་ན། དགེ་སློང་དེ་ལ་ལེགས་པ་མ་ཡིན་རོ།། དགེ་བསྙེན་དེ་དག་ནི་ཆོས་ལ་གནས་པ་ཡིན་ནོ།། དགེ་སློང་དེ་ནི་ཡིད་བརྟན་དུ་མི་རུང་སྟེ་བསྟེན་པར་མི་བྱའོ།། མ་ནིང་ཡིན་པར་ཤེས་པར་བྱའོ།། ་མཚན་གཉིས་པར་ཤེས་པར་བྱའོ།། མཚན་གཉིས་པ་ཞེས་བྱ་བ་ནི་གང་ལ་མཚན་གཉིས་ཡོད་པ་སྟེ། གང་གི་ཚེ་སྐྱེས་པའི་འདོད་ཆགས་སྐྱེས་པ་དེའི་ཚེ། བུད་མེད་དང་འདོད ་པར་བྱེད་ལ། གང་གི་ཚེ་བུད་མེད་ཀྱི་འདོད་ཆགས་སྐྱེས་པ་དེ་འི་ཆེ་ན། སྐྱེས་པ་དང་འདོད་པར་སྦྱོང་བར་བྱེད་དོ།། དེ་བས་ན་མཚན་གཉིས་པ་ཞེས་བྱ་སྟེ། དེ་དང་ཡང་བསྟེན་པར ་མི་བྱའོ།། དེ་ལྟར་དེ་ལྟ་བུ་དག་དང་ཡང་བསྟེན་པར་མི་བྱ་ན། བསླབ་པའི་གཞི་ལྡིའི་ཉེས་པ་བྱེད་པ་དེ་དག་ལྟ་ལ་བསྟེན་ཏུ་ག་ལ་རུང་།། ་འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ།། དམ་པོ་དགུ་པ། དགེ་སློང་རྣམས་ཀྱིས་ནི་ཐོག་མར་དགེ་སྦྱོང་གིས་ཆོས་ཀྱིས། གྲོག་སྦུར་རྣམས ་ལ་ཡང་སྙིང་རྗེ་བའོ།། དགེ་སློང་གི་ཆོས་ཀྱིས་ཆང་གི་དྲི་བྲོ་བའི་བཏུང་ང་ཡང་སྤང་བར་བྱའོ།། དགེ་སློང་གིས་ཆོས་ཀྱིས་རྨི་ལམ་དུ་ཡང་བརྫུན་དུ་སྤྲོ་བའི་སེམས་བསྐྱེད་པར་མི་བྱའོ།། དགེ ་སྦྱོང་གི་ཆོས་ཀྱི་རྨི་ལམ་དུ་ཡང་བུད་མེད་དང་ཕྲད་པའི་སེམས་བསྐྱེད་པར་བྱའོ།། གསོལ་པ། ཅི་ལགས། རྨི་ལམ་དུ་བུད་མེད་དང་ཕྲང་བར་གྱུར་ན། མི་ཚངས་པར་སྤྱད་པའི་ནོངས་པར་འགྱུར་ལགས། ་སོམ། བཀའ་སྩལ་པ། མི་འགྱུར་ཏེ། གལ་ཏེ་བློ་གྲོས་དང་། དྲན་པ་དང་ལྡན་པ་འདོད་པ་དྲིང་བ་དག་ལ་མི་ཚངས་པར་སྤྱོད་པའི་སེམས་མི་སྐྱེད་ན། དེ་ནི་ཉོན་མོངས་པ་དང་བུད་མེད་ཀྱི་གཏམ། ་སྨད་པས། རྟོག་པ་ཡང་དག་པར་ཆད་པའི་སེམས་སྐྱེད་མི་སྲིད་དོ།། རྨི་ལམ་དུ་ཕྲད་པར་གྱུར་ན་ཡང་། ནང་པར་སད་ན་མུ་གེ་བྱུང་བའི་ཚེ་དགེ་སློང་གིས་རང་གི་བུའི་ཤིའི་ཟས་ཟོས ་པ་བཞིན་དུ་འགྱོད་པར་འགྱུར་ན། དེ་ལ་གཙང་དེ་སྙམ་པིའི་བློ་ལྟ་ག་ལ་འབྱུང་། གལ་ཏེ་སེམས་སྐྱེས་ན་ཡང་ཕྱིར་གཞིལ་བར་བྱའོ།། ཞེས་ཟེར་བ་དེ་ལྟ་བུའི་ཆོས་ཀྱི ་སྒོ་ནི། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུ་ལ་བ་ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མད་སྡེ་དང་། འདུལ་བ་ཚང་མར་བྱེད་པའི་སེམས ་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཚང་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང ་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། དཔའ་བོའི་འདུག་སྟངས་དང་། མི་སྨྲ་བར་འདུག་པ་དང་། གཡང་སར་མཆོང་བ་དང་། དུག་ཟ་བ་དང་། སྨྱུང་བར་འདུག་པ་དང་། ་བདག་ཉིད་འཆིང་བར་བྱེད་པ་དང་། བདག་ཅིད་གསོད་པར་བྱེད་པ་དང་། ཞེ་ནོམ་བྱེད་དུ་འཇུག་པ་དང་། རིགས་སྔགས་དང་། གསང་སྔགས་ཟློས་པ་དང་། སྐྲུན་པའི་ལས་བྱེད་པར ་བཅོམ་ལྡན་འདས་ཀྱིས་གནང་ངོ་།། གདོལ་པའི་བུ་དང་། མ་ནིང་དང་། མཚན་གཉིས་པ་དང་། ཡན་ལག་ཉམས་པ་ཐམས་ཅད་རབ་ཏུ་འབྱུང་བར་བཅོམ ་ལྡན་འདས་ཀྱིས་གནང་ངོ་།། དེ་བཞིན་གཤེགས་པས་ནི་བའི་བཅུང་རྣམ་པ་ལྔ་དང་། སྦྲང་རྩི་དང་། འབྲུ་མར་ལ་སོགས་པ་དང་། ཟབ་དར་དང་། དུང་དང་ལྷམ་དང་། འབྲུ་ལ ་སོགས་པ་སྤངས་ཏེ། ཤིང་ངོ་ཅོག་ལ་སོགས་དང་འདུ་ཤེས་ཡོད་པར་གཟིགས་ནས། ཡོངསུ་མྱ་ངན་ལས་འདས་སོ་ཞེས་ཟེར་བ་དེ་ལྟ་བུ་ནི། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། ་འདུལ་བ་ཡིན་པར་རིག་པར་བྱ་སྟེ། དཔའ་བོའི་འདུག་སྟངས་ཀྱིས་གནས་པ་དང་། འཆག་པ་ལ་སོགས་པ་ཆོས་ཀྱི་བྱ་བ་རྣམས་ནི་མ་གཏོགས་ཏོ།། དུག་ཟེ་བ་དང་། མེར་མཆོད་བ ་དང་སྨྱུང་བར་འདུག་པ་དང་། གཡང་སར་མཆོད་བ་དང་། བདག་ཉིད་འཆིང་བར་བྱེད་པ་དང་། བད་གཉིད་བསོད་པར་བྱེད་པ་དང་། ཤོག་ད ་རྨྱི་པ་མ་མ་པ་ཟུ་པ་རྫུ་མ་ལ་། ཤིང་ཐམས་ཅད་ལ་སྲོག་མེད་པའི་འདུ་ཤེས་དང་། ་སེམས་པའི་འདུ་ཤེས་མེད་པར་ངས་གརང་ངོ་།། གནན་དུ་ལྟང་བ་གང་ཡིན་པ་དེ་དག་ནི། མུ་སྟེགས་ཅན་གྱི་ཉན་ཐོས་ཡིན་ནོ།། ངའི་བཀའ་བཞིན་དུ་བྱེད་པ་གང་ཡིན་པ་དེ་དག ་རི་ངོའི་འམ་ཐོས་ཡིན་མོ་ཞེས་དཟེར་རོ།། ཁམས་བཞི་ལ་ནི་སྲེག་དང་། འདུ་ཤེས་ཡོད་ཅེས་ང་མི་ཟེར་རིཞེས་ཟེར་བ་དེ་ལྟ་ཚུའི་མདོ་སྡེ་དང་འདུལ་བ་རི། སངས་རྒྱས་ཀྱིས་གསུ ་བ་ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ།། ་སངས་རྒྱས་ཀྱི་གསུངས་པའི་མདོ་སྡེ་དང་། འདུལ་ཚད་མར་བྱེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། རིགས་ཀྱི་བུ་འདི་ནི་ངས་བདུད་ཀྱིས་སྨྲས ་པ་དང་། སངས་རྒྱས་ཀྱི་གསུངས་པའི་བྱེ་བྲག་རྒྱས་པར་བསྟན་པ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས། བདག་ནི་དེང་གདོད་སངས་རྒྱས་ཀྱི་བཀའ་བཞིན་ལ་ཞུགས ་ལག་སོ།། བཀའ་སྩལ་པ་རིགས་ཀྱི་བུ་ལེགསོ་ལེག་སོ།། རིགས་ཀྱི་བུ་ཁྱོད་ལེགས་ཏེ། མཁས་པས་ནི་དེ་ལྟར་བྱ་དགོས་སོ།། ཡང་བཀའ་སྩལ་པ། རིགས་ཀྱི་བུ ་འདི་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ནི། འཕགས་པ་རྣམ་ས་ཀྱི་བདེན་པ་ཞེས་མི་བྱ་སྟེ། སྡུག་བསྔལ་དེ་ཡང་གང་ཞེ་ན། སྡུག་བསྔལ་ཞེས་བྱ་བ་ནི་བ་ལང་དང་། བོང་བུ་ལ་སོ། ་བ་དང་། སེམས་ཅན་དམྱལ་བ་རྣམས་ལ་ཡང་ཡོད་དེ། གལ་ཏེ་སྡུག་བསྔལ་དེ་བདེན་པ་ཡིན་དུ་ཟིན་ན་དེ་རྣམས་ཀྱི་ཡང་བདེན་པ་ཡིན་པར་འགྱུར་རོ།། སྡུག་བསྔལ་ཞེས་བྱ་བ ་འདི་ནི་ཀྱེ་མ་སྡུག་བསྔལ་ཤེས་པ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་རྟག་པའོ།། ཆོས་ཀྱི་སྐུ་ཡིན་ཏེ་ཤིའི་སྐུ་མ་ཡིན་ནོ་ཞེས་དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཤེས་པ་ནི། སྡུག ་བསྔལ་ཤེས་པའོ།། དེ་མ་ཐོབ་ཀྱི་བར་དུ་སེམས་ཅན་རྣམས་ཀྱིས་ཆོས་མ་ཡིན་པ་ལ། ཆོས་ཡིན་ནོ་སྙམ་དུ་ཡོང་སུ་བརྟགས་ནས་འཁོར་བའི་འཁོར་ལོ་ཤིན་ཏུ་སྡུག་བསྔལ་བའི་གན ་སུ་ཡིན་རིང་པོར་སྡུག་བསྔལ་ཉམསུ་མྱོང་ནས་ངན་འགྲོར་འགྲོ་བར་འགྱུར་རོ།། གང་གི་ཚེ་དེ་བཞིན་གཤེགས་པ་རྟག་པར་ཤེས་པ་དེའི་ཚེ་ན་ཡིག་འབྲུ་གཉིས་པོ ་ཇི་ལྟ་བུར་ཐོས་ཀྱང་རུང་སྟེ། བདེ་འགྲོར་འགྲོ་བར་འགྱུར་རོ།། དེ་ནས་ཐར་པ་ཡང་ཐོབ་པར་འགྱུར་རོ།། དེས་ན་འདི་ནི་རྫུ་འཕྲུལ་གྱི་བདེ་བ་ཡིན་ནོ་སྙམ་དུ་རང་གིས་རྟོག་པར་འགྱུར་ཏེ། ་དེ་བཞིན་གཤེགས་པ་རྟག་ཅེས་བྱ་བ་ཐོས་པ་ཙམ་གྱི་རྒྱུ་དེས་ན་བདག་འདིར་འོངས་སོ།། དེ་བཞིན་གཤེགས་པ་རྟག་པར་མ་ཤེས་ཀྱི་བར་དུ་ནི་ཡུན་དེ་སྲིད་ཀྱི་བར་དུ་བདག་སྡུག་བསྔལ ་རྣམས་ཀྱི་ནང་དུ་འཁོད་དོ།། ད་ནི་སྡུག་བསྔལ་ཤེས་སོ།། ཞེས་བྱ་བ་འདི་ནི་བདེན་པ་ཡིན་ནོ།། གཞན་དག་ནི་སྡུག་བསྔལ་བསྒོམས་པའི་དོན་མེད་པའོ།། འདི་ནི་སྡུག་བསྔལ ་ཀུན་འབྱུང་བའོ་ཞེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ལ་དེ་ཁོ་ན་ཉིད་མ་ཤེས་ནས་ཆོས་ལ་དགོངས་པའི་ཕྱིར་བྲན་དང་བྲན་མོ་ལ་སོགས་པ་རྫས་ངན་པ་དུ་མ་ལེན་པར་བྱེད་ཅིང ་ཆོས་མ་ཡིན་པ་ལ་ཆོས་ཡིན་ནོ་སྙམ་དུ་འཛིན་ཏེ། དམ་པའི་ཆོས་ནུབ་པར་བྱེད་ཅིང་། དམ་པའི་ཆོས་མི་སྣང་བར་བྱེད་པར་འགྱུར་ཏེ། དམ་པའི་ཆོས་གནས་པར་བྱ་བའི་ཐབས་མི ་ཤེས་པས་འདི་ལྟར་འཛིན་ཏེ། དམ་པའི་ཆོས་འཇིག་པར་འགྱུར་བ་ཞེས་བྱ་བ་མེད་དོ་སྙམ་ནས། དེའི་འབྲས་བུས་འཁོར་བའི་སྡུག་བསྔལ་རྣམས་ཀྱི་ནང་དུ་ཡོངསུ་འཁྱམ་མོ།། དེ ་ནས་མཐོ་རིས་དང་ཐར་པར་འགྱུར་ཏེ། མཐོ་རིས་དང་ཐར་པ་ཐོབ་པའི་སྡུག་བསྔལ་ཀུན་འབྱུང་བའི་དེ་ཁོ་ན་ཉིད་བདག་གིས་མ་ཤེས་པས། དམ་པའི་ཆོས་འཇིག་པའི་རྒྱུར་གྱུར་ཏེ། ་ཉེས་པར་སྨྲས་པའི་ཚིག་གིས་ཡུན་འདི་སྲིད་ཀྱི་བར་དུ་ཉོན་མོངས་པར་འགྱུར་ཏོ་སྙམ་དུ་ཤེས་པ་འདི་ནི་སྡུག་བསྔལ་ཀུན་འབྱུང་བ་ཤེས་པ་ཞེས་བརྗོད་པར་བྱའོ།། གཞན་དག་གི་ནི་དེ ་ལྷ་མ་ཡིན་ནོ།། འདི་ནི་སྡུག་བསྔལ་འགོག་པ་ཞེས་བྱ་བ་ལ། སྟོང་པ་ཉིད་བསྒོམ་པ་ནི་གཏན་དུ་སྟོང་པ་ཉིད་བསྒོམ་པ་ཐམས་ཅད་ཟད་པ་དེ་བཞིན་གཤེགས་པ་སྙིང་པོ་མེད་པ་བྱེད་པ ་དེ་ལྟ་མ་ཡིན་ཏེ། སྡུག་བསྔལ་འགོག་པ་བསྒོམ་པ་ནི། ཡ་མཚན་ཐམས་ཅད་ལ་ཡང་དོན་དང་འགལ་བའི་སྟོང་པ་ཉིད་ཡོད་དེ་རྣམས་ཀྱི་ཡང་སྡུག་བསྔལ་འགོག་པ་ཞེས་བྱ་བར ་འགྱུར་རོ།། སེམས་ཅན་ཐམས་ཅད་ལ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དེ་དེ་ནི་གསལ་བར་མི་མངོན་ནོ།། གང་གི་ཚེ་ཉོན་མོངས་པ་ཟད་པའི་ཚེ། དེ་བཞིན་གཤེགས ་པའི་སྟོང་པོ་ལ་འཇུག་པ་ཁྱེད་ཀྱིས་མཐོང་བར་འགྱུར་རོ།། གང་གི་ཚེ་སེམས་ཅིག་བསྐྱེད་པའི་ལས་ཀྱི་འབྲ་ས་བུས་བད་གིས་ཆོས་ཀྱི་དབང་ཕྱུག་རྟག་པ་དང་བདེ ་བ་འཐོབ་བོ་སྙམ་དུ་ཁྱེད་ཀྱིས་ཤེས་པར་གྱུར་པ་དེ་ནི་སྡུག་བསྔལ་འགོག་པ་བསྒོམས་པར་བྱ་བ་བསྒོམ་པ་ཡིན་ནོ།། དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པར་སྒོམ ་ཤིག། གཏན་དུ་སྟོང་པ་ཉིད་བསྒོམས་པས་ནི་སྡུག་བསྔལ་རྣམས་མ་འགག་པར་ཕྱེ་མ་ལོབ་མར་མེའི་ནང་དུ་སོང་བ་བཞིན་དུ་འགྱུར་རོ།། དེ་ལྟ་མ་ཡིན་པར་དེ་བཞིན་གཤྱེ ་བ་སྙིང་པོ་ཡོད་པར་བསྒོམས་པའི་སེམས་ཅན་རྣམས་ནི་ཉོན་མོངས་པ་རྣམས་ཡོད་བཞིན་དུ་ཉོན་མོངས་པའི་རྣམ་པ་འགོག་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས ་། པའི་སྙིང་པོའི་རྐྱེར་གྱིས་ཕྱིར་ཏེ། དེ་ཤེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་ལས་སྡུག་བསྔལ་འགོག་པའི་ཚིག་བདེན་པ་ཞེས་བྱའོ།། གཞན་གྱི ་བསྒོམ་པ་མ་ཡིན་པ་ལ་བསྒོམ་པའོ།། འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་། ཆོས་དང་། དགེ་འདུན་དང་། ཐར་པ་རྣམས་ཏེ། འདི་ལྟར ་དེ་རྣམས་ལ་ཕྱིན་ཅི་ལོག་བཞིས་ཕྱིན་ཅི་ལོག་ཏུ་གྱུར་པའི་དངོས་པོ་ཐར་པའོ།། ཐར་པ་ལ་ཡང་ཅི་ཡང་མེད་དོ་སྙམ་པ་དེ་ནི་འདི་ལྟར་སྒྱུ་མར་འདུག་སྟེ། འཁོར་བའི་སྡུག་བསྔལ་གྱི ་ནང་དུ་ཡོངསུ་འཁྱམ་པ་ཡིན་ལ། བསྒོམ་ཉེས་པ་དེའི་འབྲས་བུས་ན། ཡུན་རིང་བར་སྡུག་བསྔལ་ཉམསུ་མྱོང་བར་འགྱུརརོ།། དེ་ནི་བདག་གིས་དེ་བཞིན་གཤེགས་པ་དང་། ཆོས ་དང་། དགེ་འདུན་དང་། ཐར་པ་རྣམས་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། འཇིག་པར་མི་འགྱུར་བར། སེམས་གཅིག་བསྐྱེད་པའི་འབྲས་བུས་དབང་ཕྱུག ་རྟག་པའི་འབྲས་བུ་ཐོབ་བོ།། ཕྱིན་ཅི་ལོག་བཞི་པོ་སྡུག་བསྔལ་དང་། བདག་མེད་པ་དང་། མི་གཙང་འི་རྣམས། ཆོས་མ་ཡིན་པ་ལ་ཆོས་ཡིན་ནོ།། སྙམ་དུ་འཛིན ་པས་ལྟ་བ་ངན་པའི་འབྲས་བུ་མྱོང་བ་འདི་ནི། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་ཞེས་བྱའོ།། གཞི་གསུམ་རྟག་པར་བསྒོམ་པ་བསྒྲུབ་པའི་ཕྱིར། མི་རྟག་པ་བསྒོམ ་པ་གང་ཡིན་པ་དེ་དག་ནི་མི་བདེན་པ་བསྒོམ་པ་ལ་བསྒོམ་པ་ཡིན་ནོ།། དེ་ལྟར་རྟག་པར་བསྒོམ་པ་གང་ཡིན་པ་དེ་དག་ནི་ངའི་ཉན་ཐོས་ཡིན་ཏེ། འཕགས་པའི་བདེན་པ་བཞི་ཤེས་པའོ།། ་ཞེས་ང་ཟེར་རོ།། འདི་རྣམས་ནི་འཕགས་པའི་བདེན་པ་བཞི་ཡིན་པར་རིག་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞིའི་ལམ་འདིའི་ཚུལ་གྱིས་བསྒོམ་པར་བགྱི་བ ་བདག་གིས་བཟོད་རྟོགས་ལག་སོ།། བཀའ་སྩལ་པ། སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། བདེ་བ་ལ་སྡུག་བསྔལ་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། དེ་ལ ་དེ་བཞིན་གཤེགས་པ་མི་རྟག་ཅེས་བྱ་བ་དེ་ནི་སྡིག་པ་དང་། སྡུག་བསྔལ་ཡིན་ནོ།། དེ་བཞིན་གཤེགས་པ་བུད་ཤིང་ཟད་པའི་མེ་བཞིན་དུ་ཡོངསུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་དེ་ནི ་སྡིག་པ་དང་། སྡུག་བསྔལ་ཡིན་ནོ།། སྡུག་བསྔལ་མ་ཡིན་ནོ།། ཞེས་བདག་ཉིད་སྒོམ་པར་བྱེད་པ་དང་། དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་བྱ་བ་འདི་ནི་ཕྱིན་ཅི་ལོག་ཡིན་ནོ།། ་བདེ་བ་ལ་སྡུག་བསྔལ་བར་འདུ་ཤེས་པ་མེང་པ་ནི་ཕྱིན་ཅི་ལོ་ག་ཡིན་ཏེ། དེ་བཞིན་གཤེགས་པ་རྟག་གོ་ནས་བསྒོམས་ན་གང་ཟག་ཏུ་ལྟ་བར་འགྱུར་དུ་འོང་ངོ་སྙམ་ནས ་བསྒོམས་པ་འདི་ནི་སྡུག་བསྔལ་བའོ་སྙམ་པ་བདེ་བར་འདུ་ཤེས་པ་རྣམས་ཀྱི་ཕྱིན་ཅི་ལོག་ཡིན་ཏེ། འདི་ནི་ཕྱིན་ཅི་ལོག་དང་པའོ།། མི་རྟག་པ་ལ་རྟག་པར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན ་ནེ།། རྟག་པ་ལ་མི་རྟག་པར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། དེ་ལ་གཏན་དུ་སྟོང་པ་ཉིད་བསྒོམས་ན་མི་ཆེ་ཐུང་བར་འགྱུར་སྙམ་ནས་དེའི་ཕྱིར་མི་རྟག་པ་ཉིད་ལ་སྟོང་པ་མ་ཡིན་པར ་བསྒོམས་ན་བསྒོམས་པ་དེའི་འབྲས་བུས་ཚེ་རིང་བར་འགྱུར་རོ་སྙམ་པ་དེ་ཡང་ཕྱིན་ཅི་ལོག་ཡིན་ཏེ། འདི་ནི་ཕྱིན་ཅི་ལོག་གཉིས་པའོ།། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་ནི་བྱིན ་མ་མཅ་མས་དེ་ལ་འཇིག་རྟེན་པ་རྣམས་བདག་ཡོད་ཅེས་ཏེ། འཇིག་རྟེན་པ་བཞིན་དུ་སངས་རྒྱས་ཀྱི་གསུང་ལ་ཡང་བདག་ཡོད་པ་མ་ཡིན་ཏེ། དེ་བཞིན་ས་ཀྱེ། ་པིའི་སྙིང་པོའི་མིང་ཡང་མེད་དོ་ཞེས་བདག་མེད་པ་སྒོམ་པ་འདི་ནི་ཕྱིན་ཅི་ལོག་གསུམ་པའོ།། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། གཙང་བ་ལ་མི ་གཙང་བར་འདུ་ཤེས་པའི་ཕྱིན་ཅི་ལོག་ཡིན་ནོ།། དེ་ལ་དེ་བཞིན་གཤེགས་པ་རྟག་སྟེ་ཤིའི་སྐུ་མ་ཡིན་པ་ལ། ཤའི་སྐུ་ཡིན་ཏེ། ཤ་དང་ཁྲག་དང་། རྒྱུས་པས་སྤེལ་པ་ཡིན་ནོ།། ་མི་གཙང་ངོ་།། ཆོས་དང་། དགེ་འདུན་གཉིས་ཀྱང་ཐར་པ་ཐོབ་ནས་མི་སྣང་བར་འགྱུར་རོ་སྙམ་པ་དེ་གཙང་བ་ལ་མི་གཙང་བར་ཕྱིན་ཅི་ལོག་པ་ཡིན་ནོ།། བདག་གིས་ལུས་ཐམས ་ཅད་ནི་མི་གཙང་བ་ཡིན་ཏེ། གཙང་ཞེས་བྱ་བ་ཅི་ཡང་མེད་ན། བདག་གིས་ལུས་ནི་གཙང་ངོ་སྙམ་དུ་བསྒོ། མ་པ་ནི་མ་གཙང་བ་ལ་གཙང་ངོ་སྙམ་དུ་འཛིན་པ་ཡིན་ནོ།། ་བདག་ཀྱང་གང་ན་ཅི་ཡང་མེད་དེར་འགྲོའོ་སྙམ་པ་ནི་གཙང་བ་ལ་མི་གཙང་ངོ་སྙམ་དུ་སྒོམ་པ་རྨོངས་པར་བྱེད་པའི་ཆོས་ཡིན་ཏེ། འདི་ནི་ཕྱིན་ཅི་ལོག་བཞི་པ་ཡིན་པར་རིག་པར་བྱའོ།། ་གསོལ་པ། བཅོམ་ལྡན་འདས་བདག་ནི་ད་བཟོད་ཡང་དག་པའི་ལྟ་བ་ཅན་དུ་གྱུར་ཏེ། དེ་སྲིད་ཀྱི་བར་དུ་ལོག་པར་ལྟ་བར་གྱུར་ལག་སོ།། བཅོམ་ལྡན་འདས་ཅི་ལགས་སྲིད་པ་ཉི་ཤུ ་ལྔ་ལ། བདག་མཆིས་ཤེས་བགྱི་འམ། མ་མཆིས་ཤེས་བགྱི། བཀའ་སྩལ་པ། བདག་ཅེས་བྱ་བ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཏོ།། སངས་རྒྱས་ཀྱི་ཁམས་ནི་སེམ ་ཅན་ཐམས་ཅད་ལ་ཡོང་མོད་ཀྱི། དེ་ཡང་ཉོན་མོངས་པའི་རྣམ་པ་རྣམས་ཀྱིས་བསྒྲིབས་ཏེ། བདག་ཉིད་ལ་ཡོད་བཞིན་དུ། སེམས་ཅན་རྣམས་ཀྱི་མཐོང་བར་མི་ནུས་སོ།། འདི་ལྟ་སྟེ། དཔེར་ན ་གྲོང་ཁྱེར་ཆེན་པོ་ཞིག་ན་དབུལ་པོའི་ཁྱིམ་ཞིག་ན་གསེར་གྱི་གཏེར་ཟད་མི་ཤེས་པ་ཞིག་ཡོད་ལ། དེ་ན་བུད་མེད་དབུལ་མོ་ཞིག་འདུག་པ་དེས་ཀྱང་བདག་གི་ཁྱིམ་གྱིས་འོག་ན་གཏེར་ཡོད ་བར་མི་ཤེས་ཏེ། དེར་ཐབས་དང་ལྡན་པའི་མི་ཞིག་གིས་བུད་མེད་དེ་ལ་སྨྲས་པ། སྲུ་ཆུར་ཤོག། བདག་གིས་ཁྱོད་ལ་སྤྱིར་གྱིས། བདག་གི་ཞིང་ལས་བྱེད་དུ་སོང་ཤིག་ཅེས་བྱས་པ་དང་དེས་དེ ་ལ་སྨྲས་པ། ཇོ་བོ་བདག་མི་མཆིའོ།། གལ་ཏེ་ཁྱོད་ཀྱི་ས་བདག་གི་བུལ་གཏོར་བསྟན་ན། བཟོད་བདག་མིཆི་བར་འཚ་ལོ།། ཞེས་འཐད་པས་གྲུབ་པའི་ཚིག་སྨྲས་པ་དང་། དེས་དེ་ལ ་སྨྲས་པ། སྲུ་བདག་གི་བུ་ཁྱོད་ལས་སྐྱེས་མ་ཐག། རྩཝ་བདག་གིས་རིན་པོ་ཆེ་དང་གསེར་གྱི་གཏེར་ཟད་མི་ཤེས་པ་སྦྱིན་པར་བྱའོ།། དེ་ནས་དེ་ལ་སྨྲས་པ། ཁྱོད་ཀྱིས་ག་ལ་བྱིན ་ཏིབདག་ལ་ཐེ་ཙོམ་པར་ཟད་དོ།། དེ་ནས་དེས་དེ་ལ་སྨྲས་པ་ཁྱོད་ཉིད་ཀྱི་ཁྱིམ་ན་གཏེར་ཡོད་མོད་ཀྱི། ཁྱོད་བདག་ཀྱང་མི་ཤེས་ན་གཞན་གྱིས་ལྟ་ཤེས་པར་ག་ལ་ནུས། དེ་ནས་དེ་བདག་གི ་ཐོབ་པར་འཚལོ་ཞེས་དེ་དེ་ལ་གསོལ་བ་འདེབ་སོ།། དེ་ནས་ཁྱིམ་དེའི་ནང་ནས་གཏེར་དེ་བརྐོས་ནས་དེ་ཉིད་ལ་བྱིན་ནོ།། དེ་ནས་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། དེ་ལ་སྐྱབསུ་སོང་བ་དེ ་བཞིན་དུ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྲིང་པོ་ནི་སེམས་ཅན་ཐམས་ཅད་ལ་ཡོད་ལ་མཐོང་བར་མི་ནུས་པ་ཙམ་དུ་ཟད་དེ། བུད་མེད་དབུལ་མོ་དེ་ཉིད་ལ་གཏེར་ཡོད་པ་དང་། ་འདྲའོ།། རིགས་ཀྱི་བུ་དངས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་ཞེས་ཡང་དག་པར་བསྟན་པར་བྱ་སྟེ། ཇི་ལྟར་དབུལ་མོ་དེས་གཏེར ་ཆེན་པོ་ཡོད་པར་བསྟན་ཀྱང་མི་ཤེས་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཡང་ཉོན་མོངས་པའི་རྣམ་པས་བསྒྲིབས་པས་སེམས ་རྣམས་ཀྱིས་མི་ཤེས་ཤིང་། མ་མཐོང་ནས། དེ་དག་ལ་དེ་བཞིན་གཤེགས་པས་བསྟན་ཏེ། དེ་དག་མགུ་ནས་དེ་བཞིན་གཤེགས་པ་ལ་སྐྱབསུ་འགྲོའོ།། གསོལ་པ། བཅོམ་ལྡན ་འདས་སངས་རྒྱས་ཀྱི་ཁམས་མཆིས་པར་དེ་བདག་གིས་རྟོགས་ཏེ། གདམ་ངག་བསྟན་པར་མཛད་པའི་དེ་བཞིན་གཤེགས་པ་ཉིད་ནི་ཐབས་དང་ལྡན་པའི་མི་དེ་དང་འདྲ་བར་ལྟ་བར ་བགྱི། སེམས་ཅན་ཐམས་ཅད་ནི་བུད་མེད་དབུལ་མོ་དང་འདྲ་བར་བི་གྱའོ།། བཀའ་སྩལ་པ། རིགས་ཀྱི་བུ་གཞན་ཡང་། དཔེར་ན་བུད་མེད་གཅིག་ཡོད་ལ་དེའི་བུ ་ཤིན་ཏུ་ཆུང་བ་ནང་པ་ཞིག་ཡོད་དེ། དེའི་སྐབསུ་བུད་མེད་ངེས་སྨན་པ་བཀུག་ནས། སྨན་པ་དེས། བྱིས་པ་དེ་ལ་ཀ་ར་དང་སྦར་བིའི་སྨན་མར་དྲུད་ནས་དེའི་མ་ལ་བསྒོ་བ། ཆེ་ཞེས ་ཁྱེད་ཀྱིས་སྨན་མར་མ་ཞུ་བིའི་བར་དུ་བྱིས་པ་ནུ་མ་མ་ཀླུང་ཅིག་ཅེས་བྱས་ནས་བུད་མེད་ངེས་ནུར་མི་བཞུགས་པར་བྱ་བིའི་ཕྱིར་བདག་གི་ནུ་མ་གཉིས་ནིམ་པའི་ལོ་མ་བཏགས་པའི ་འདིའི་ཀུས་བཀུས་ནས་རང་གི་བུ་ལ་ཡང་འདི་སྐད་ཅེས་སྒོ་སྟེ། བུ་ཙོག་ངའི་ནུ་མ་དུག་གིས་སྐྱེས་ཀྱི་བུ་ཅིག་ཁྱེད་མ་ནུ་ཤོག་ཅེས་བྱས་སོ།། དེ་ནས་ཁྱེའུ་དེ་སྐོམ་ཏེ། ནུ་མ་བཏང་། ་སྙམ་དུ་བསམ་ན་ཡང་ནུ་མ་ནིས་པའི་ལོ་མིའི་དྲི་བྲོས་ནས་ངུས་ཏེ་ཆོ་གའི་མཐར་མ་ཕྱིན་གི་བར་དུ་རང་སྡོད་དོ།། དེ་ནས་ཆོ་ག་ཟིན་ནས་བུད་མེད་རང་གི་ནུ་མ་ཆུས་དཀྲུས་ནས་བུ་དེ་ལ ་སྨྲས་པ། ཀྱེ་བུ་ཅིག་ད་ནི་ནུ་མ་ནུས་ཅིག་ཅེས་བྱས་ན་ཁྱེའུ་དེས་དུག་ཡོད་སྙམ་སྟེ་ནུར་མ་བཏུབ་ནས་ངུ་ཞིང་འདུག་སྟེ། ལྟ་ཡང་མི་ལྟའོ།། དེ་ནས་སྨྲས་པ། སྔར་ནི་ཁྱོད་ཀྱི་སྨན་མར ་དེ་མ་ཞུ་བ་ལ་ཐེགས་ཏེ་ནུ་མ་ནུ་ར་མི་བཞུག་པའི་ཕྱིར་ངོས་ནུ་མ་གཉིས་ནི་མ་པའི་ལོ་མིའི་འདིའི་གུས་བསྐུས་ཏེ། ཁྱོད་ལ་གནོད་པར་འགྱུར་ཞིང་ཤིར། དོགས་ནས་ནུ་མ་བཅུག་པ ་ཡིན་གྱིས་ད་ནི་ནུ་ཤིག་ཅེས་བྱས་ནས་ནུར་བཅུག་སྟེ། དེས་ཀྱང་དལ་བུས་ནུ་མ་ནུས་སོ།། རིགས་ཀྱི་བུ་དེ་བ་ཞིན་དུ། ངས་ཀྱང་སྔར་ན་གདུལ་བར་བྱ་བའི་དབང་གིས ་བྱིས་པའི་སྨན་མར་ཞུ་བར་བྱ་བ་བཞིན་དུ་དགེ་སློང་རྣམས་ཀྱི་འཇིག་རྟེན་པའི་ལྟ་བ་གཞོམ་པར་བྱ་བའི་ཕྱིར་དང་། འཇིག་རྟེན་ལས་འདས་པའི་ཆེ་བ་ཉིད་ཡང་དག་པར ་སྙན་པའི་ཕྱིར་དང་། འཇིག་རྟེན་པའི་བདག་གི་དེ་ཁོ་ན་ཉིད་བརྫུན་པར་ཡང་དག་པར་བསྟན་པའི་ཕྱིར་དང་། བདག་མེད་པ་བསྒོམ་པས་རྣམ་པར་དག་པར་བྱ་བའི་ཕྱིར་དགེ་སློང་དག ་ཆས་བམསོ་ཅང་བདག་མེད་པར་སྐམས་ཤེལ། དེ་ལྟར་ཐམས་མི་དང་ངར་འཛིན་པ་སྤོང་བར་འགྱུར་རོ།། ངར་འཛིན་པ་ཡོངསུ་སྤངས་ནས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར ་ཞེ་བྱས་ཏེ།། དེས་འབྱིས་པ་འམས་རང་གི་དུང་རྣཾམ་ཚ་ལམ་མ་འའདོའི་གུས་བསླུས་པ་མའི་ནི་རུངས་པ་ཆོས་ཐམས་ཅད་བདག་མེད་པ་གང་བཅང་དུ་གྲངས་ཤིས ་། བྱས་མ།། ཇི་ལྟར་བྱིས་པའམ་ངེས་པས་རང་གི་ནུ་མ་ངཀླས་ཏེ། དུ་ལ་སྨྲས་པ། སྔར་ནི་ཁྱོད་ཀྱིས་སྨན་མར་ནུ་བར་བྱ་བའི་ཕྱིར་ནུར་མ་རུར་མ་བཅུག་གིས་ནི་ནུས་ཤིག། ་ཅེས་ཟེར་བ་དེ་བཞིན་དུ་ངས་ཀྱང་འཇིག་རྟེན་པའི་ཆོས་ལས་བསྒྱུར་བའི་ཕྱིར་དེ་སྐད་ཅེས་བསྟན་ཏེ། བདག་མེད་དོ་ཞེས་བྱས་ནས། ད་ནི་ང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས ་སྟོན་གྱིས་དགེ་སློང་དག་བྱིས་པ་བཞིན་དུ་མ་སྐྲག་པར། བྱིས་པ་དེས་བརྟགས་ནས་ཕྱིར་ཡང་མིའི་ནུ་མ་རུ་བར་བྱེད་པ་དེ་བཞིན་དུ་དགེ་སློང་དག་ཁྱེད་ཀྱིས་ཀྱང་བདག་ཅག་ལ་དེ་བཞིན ་གཤེགས་པའི་སྙིང་པོ་ཡོད་ངོ་།། སྙམ་དུ་བརྟགས་ནས་བསྒོམ་པ་ལ་བརྩོན་པར་གྱིས་ཤིག་དང་། ང་བསྟན་ཏོ།། གསོལ་པ། འདི་ན་བྱིས་པ་བཅས་མ་ཐག་ཏུ་ཤེས་པ་ཆུང་བ ་ཤེས་མ་མཆིས་པ་ནི་གསལ་བར་འགྱུར་བའི་མི་རིགས་ལག་སོ།། གལ་ཏེ་བདག་མ་མཆིས་ནི་ཤེས་པ་དང་བློ་གྲོས་དང་ཡང་ལྡན་པའི་རིགས་ལགས་སོ།། ་གལ་ཏེ་ཤེས་པ་ཞེན་པ་ལགས་ན་ནི། གསལ་བར་འགྱུར་བའི་ཡང་མི་རིགས་པས་ན། བདག་ནི་བདག་ས་མཆིས་ཤེས་མཆི་ལག་སོ།། དེ་ཅིའི་སླད་དུ་ཞེ་ན། བདག་རྟག་པ ་ལགས་ན། སྐྱེས་བླར་ཆང་འགུམ་པའི་མི་རིགས་སོ།། གལ་ཏེ་དེ་བཞིན་གཤེགས་པའི་ཁམས་རྟག་པ་ལགས་ན་ཐ་དད་པའི་བྱེ་བྲག་ཀྱང་དེ་ལ་སྣང་སྟེ། བྲམ་ཟེ་དང་། རྒྱལ ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། གདོལ་པ་དང་། དུད་འགྲོའི་སྐྱེ་གནསུ་གྱུར་པའི་ལས་ཀྱི་བྱེ་བྲག་རྣམས་ལས་སྐྱེས་པའི་བྱེ་བྲག་ཐ་དད་པ་དག་ཀྱང་སྣང ་ལག་སོ།། གལ་ཏེ་བདག་མཆིས་ན། བྱེ་བྲག་མཆིས་པའི་བདག་ནི་མཉམ་པ་ཉིད་ལགས་ཏེ། དེ་ལྟར་ན་དེ་ལ་ཁམས་མ་མཆིས་ལག་སོ།། གལ་ཏེ་ཁམས་མཆིས་ན། གསོད་པ། ་དང་། ཕ་རོལ་གྱི་ནོར་རྐུ་བ་དང་། འཁྲིག་པ་ལ་སོགས་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་ཅིའི་སླད་དུ་འཇུག་ལགས། ཆང་འཐུངས་པས་ཅིའི་སླད་དུ་ར་རོ་བར་འགྱུར ་ལགས། གལ་ཏེ་སེམས་ཅན་གྱི་ཁམས་རྟག་པ་ལགས་ན། དེ་ལྟར་ན་འོན་པ་རྣམས་ཀྱང་རྣ་བ་ཐོས་པར་འགྱུར་བའི་རིགས། ལོང་བ་རྣམས་ཀྱང་མཐོང་བའི་རིགས། ལྐུགས ་བ་རྣམས་ཀྱང་སྨྲ་མཁས་པར་འགྱུར་བའི་རིགས་ལག་སོ།། གལ་ཏེ་བདག་སེམས་ཅན་གྱི་ཁམས་དེ་རྟག་པ་ལགས་ན། བད་ཀན་དང་། ནུར་ནུར་པ་དང་། སྔོན་པོ་དང་། སེར་པོའི། ་ཚོགས་རྣམས་བདག་གི་ནང་ན་གནས་ལགས། བ་ངག་དེ་ཡང་དེ་རྣམས་ཀྱི་གོ་སྐབས་གང་ན་གནས་ལགས།། འོན་ཏེ་བླན་དང་འདྲ་བར་ཐམས་ཅད་དུ་གནས་ལགས ་སམ། གལ་ཏེ་དེ་ལྟར་ནི་མི་གཡུལ་དུ་མཆིས་པའི་རྣ་བ་དང་སྣ་ཆད་ན། བདག་དེའི་ཡང་ཉིང་ལག་ཉམས་པར་འགྱུར་བ་འམ། ལག་རྡུམ་དུ་འགྱུར་བའི་རིགས་ལག་སོ།། བཀའ ་སྩལ་པ། རིགས་ཀྱི་བུ་དཔེར་ན། རྒྱལ་པོ་ལ་ལ་ཞིག་གི་གྱད་ཀྱི་དཔྲལ་བའི་སྨིན་མཚམ་སུ་རིན་པོ་ཆེའི་རྡོ་རྗེ་བཏགས་པ་ལགས། གྱད་དེ་གྱད་གཞན་ཞིག་དང་། སྟོབས་བགྱེད ་དེ། དེ་གཉིས་ལུག་བཞིན་དུ་འགྱེད་པ་ལས། གྱད་གཅིག་ཤོས་ཀྱི་མགོ་བོས་བརྡུངས་ཏེ་གྱད་དེའི་དཔྲལ་བ་སྣང་བར་བྱས་ནས་སྨིན་མཚམས་ཀྱི་རྒྱན་རིལ་གྱིས་ནང་དུ་ནུབ་པར ་བྱས་ན་ཀྱང་ངེས་མཚོར་ཏེ་བདག་གིས་རྡོ་རྗེ་གར་གཞག་གྱི་ཇི་གུ་སྐམ་སྟེ། དེས་སྨན་པ་བཀུག་ནས་རྨ་ཁ་འཆོས་སུ་བཅུག་གོ། སྨན་པ་དེ་ཡང་ཐབས་མཁས ་ཤིང་ཡིང་རྣོ་བ་ཞིག་སྟེ། རྨ་འདི་ནི་ནེར་བུ་དེ་ལས་གྱུར་ཏོ་སྙམ་དུ་ཤེས་ནས། རྡོ་རྗེ་དབྲལ་བའི་རང་དུ་རུབ་ཅིང་འདུག་གེ་སྙམ་སྟེ། དེས་ཀྱང་དེ་ལ་ཀྱེ་མི་ཁྱེད་ཀྱི་ནོར་དུ་དེ་གར་སོང་ཞེས ་དྲིས་པ་དང་། དེ་སྨན་པ་དེ་ལ་སྨྲས་པ། ཀྱེ་སྨན་པ། སྨིན་མཚམས་ཀྱི་རྒྱན་རྡོ་རྗེ་དེ་སྟེར་ཏེ་གེར་མ་ཆག་གོ། ཀྱི་ཧུང་བདག་གིས་གང་ཆེའི་ནང་དུ་བཅུག་གམ། གར་བཅུག་པ་མི་ཤེས ་ཏེ། སྒྲོམ་བུའི་ནང་དུ་བཙལ་ན་ཡང་མ་རྙེད་དོ།། ཀྱི་ཧུད་པུང་གིས་མེད་དོ།། ཆུའི་ཆུ་བུར་བཞིན་དུ་མེད་པར་གྱུར་ན། ཅིའི་སྒྱུ་མ་ལྟ་བུར་གྱུར་ཏམ་ཞེས་ཟེར་རོ།། དེ་ནས་དེ་ལ ་སྨན་པས་སྨྲས་པ། ཀྱི་མི་ཁྱེད་དེ་ལྟར་མྱ་ངན་མ་བྱེད་ཅིག། ཁྱེད་ཀྱི་རྡོ་རྗེ་དེ་ནི་རྨིའི་ནང་དུ་ནུབ་ནས་ཤ་དང་། ཁྲག་དང་། རྣགི་ནང་ན་འབར་ཞིང་འདུག་སྟེ། ཁྱེད་སྟོབས་འཕྱེ། ་པ་ལ་ཡི་ཁྲེལ་ནས། མ་ཚེར་བར་ཟད་དོ་ཞེས་སྨན་པ་དེས་དེ་སྐད་བྱས་ཀྱང་ཡིད་མི་ཆེས་ཏེ། འོ་ན་རྣག་ཁྲག་དང་བཅས་ཏེ་ཅིའི་ཕྱིར་མ་བྱུང་། ཡང་ན་ཆུབ་ལ་ཐོག་ཏེ་འདུག་གམ། ་ཁྱོད་དེ་སྐད་དུ་མ་སྨྲ་ཤིག་ཅེས་སྨན་པ་ལ་དེ་སྐད་སྨྲས།། དེ་ནས་སྨན་པ་དེས་རྡོ་རྗེ་དེ་ཕྱུང་ནས། དེ་ལ་བརྟན་ཏེ། དེས་མཐོང་ནས་ངོ་མཚར་དུ་གྱུར་པ་དེ་བཞིན་དུ། སེམས་ཅན་ཐད ་ལ་དེ་བཞིན་གཤེགས་པ་སྙིང་པོ་ཡོད་མོད་ཀྱི། སེམས་ཅན་རྣམས་ཀྱི་དེ་མི་ཤེས་ཏེ། མི་དགེ་བའི་གྲོགས་པོ་ལ་བསྟེན་པའི་ཉེས་པ་དང་། འདོད་ཆགས་དང་། ཞེ་སྡང ་དང་། གཏི་མུག་གིས་ནོན་པས། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དྭགས་དང་། ལྷ་མ་ཡིན་དང་། གདོལ་པ་དང་། བྲམ་ཟེ་དང་། རྒྱལ་རིགས་དང ་རྗེའུ་རིགས་དང་། དམངས་རིགས་རྣམས་སྐྱེ་བར་འགྱུར་རོ།། བདག་གི་ཉེས་པའི་སྟོབས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མི་ཤེས་པས། སེམས་ཅན་རྣམས་དབེན ་པ་དང་། འོན་པ་དང་། ལོང་བ་དང་། ལག་རྡུམ་དང་། གཞོག་སྐམ་པ་དང་། དྲི་མ་སྣ་ཚོགས་ཀྱིས་གོས་པ་དང་། མི་གསེར་བ་དང་། སྲན་སྣེའུ་ཡི་མདོག་ལྟར་འདུག་པ་དང་། མེ་ཏོག ་ཀུ་རན་ཏ་ཀའི་མདོག་ལྟར་འདུག་པ་དང་། མིག་དམར་སེར་དུ་འདུག་པ་དང་། སྲིད་པ་ཉི་ཤུ་རྩ་ལྔ་དག་ཏུ་རྣམ་པ་སྣ་ཚོགས་སུ་འགྱུར་རོ།། ཇི་ལྟར་གྱང་དེ་རང་གི་ལུས་ལ་རྡོ་རྗེ ་འདུག་ཀྱང་འདུ་ཤེས་ཉམས་པས་སྟོར་པའི་འདུ་ཤེས་རྟོག་པ་དེ་བཞིན་དུ། སེམས་ཅན་འཇིག་རྟེན་པ་རྣམས་བ་དག་གི་དེ་ཁོ་ན་ཉིད་མ་རྟོགས་པ་དང་། མི་དགེ་བའི ་གྲོགས་པའི་དབང་དུ་གྱུར་པ་དང་། དགོད་པའི་ཚིག་མི་ཤེས་པས། བདག་ཡོད་བཞིན་དུ་བདག་མེད་པར་བསྒོམ་པར་བྱེད་དོ།། བདག་མེད་པ་མི་དགེ་བ་རྣམས་ནི་འཇིག་རྟེན་པའི་བདག ་སྒོམ་པར་བྱའོ།། ཇི་ལྟར་འཇིག་རྟེན་པའི་ཡོད་དོ་ཞེས་བདགི་དེ་ཁོ་ན་ཉིད་མ་རྟོགས་པ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཡང་དེ་དང་འདྲ་སྟེ། མི་དགེ་བའི་གྲོགས་པོ་ལ་སྟེན་པ་དང་། ་དགོངས་པའི་ཚིག་གི་མཐའ་མི་ཤེས་པས་བདག་མེད་དོ་བདག་མེད་དོ་ཞེས་སྒོམ་བཞིན་དུ། བདག་མེད་པ་དེ་ཁོ་ན་ཉིད་མི་ཤེས་ཏེ། བདག་ག་ལ་ཡོང་གང་ན་གནས་ཅི་རྫ་མ་འདུག་པ་དེ་ལྟ ་ཞིག་གམ། འོན་ཏེ་རླན་ལྟ་བུར་ཁྱབ་པར་འདུག་གམ། ཀྱང་རྨོངས་པའི་སྨིན་མཚམས་ཀྱི་རྒྱན་ལྟ་བུར་འདུག་གམ་སྙམ་པ་ལ། སྨན་པ་དེ་བཞིན་གཤེགས་པས་འདེ་དག་ལ་འདི ་སྐད་དུ། བདག་ནི་ཐམས་ཅད་དུ་གནས་པ་མ་ཡིན་ལ། རིན་པོ་ཆེ་རྡོ་རྗེ་ལྟར་འོད་གསལ་ཞིང་ཉོན་མོངས་པའི་རྣམ་པས་བསྒྲིབས་པ་ཡིན་ནོ་ཞེས་བཀའ་སྩལ་པ་ཏེ། དེ་སྐད་བཀའ་སྩལ་པ་ལ་སེམས ་ཅན་རྣམས་ཡིད་ཆེས་པར་འགྱུར་ལ། ཉོན་མོངས་པར་ཟད་པར་བྱ་དགོས་པ་ཙམ་དུ་ཟད་དོ།། དེ་ནས་རྡོ་རྗེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བར་འགྱུརརོ།། རིགས་ཀྱི་བུ་དེ་ལྟར ་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་དཔག་ཏུ་མེད་དོ།། གཞན་ཡང་རིགས་ཀྱི་བུ་དཔེར་ན། གངས་ཀྱི་རི་ལ་བཅུད་ཀྱི་ཁམས་བུང་བའི་ཅུང་ཞེས་བྱ་བ་ཞིག་ཡོད་དེ། དེ་ཤིང་གེལ་བའི་མ ་སྟུག་པོས་གཟིངས་ཤིང་འདུག་ཀྱང་དེ་དྲི་བསྲུང་གིས་མངོན་ཏེ། སྔོན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་གི་དེའི། དོན་དུ་ངོས་སོ་སོ་ནས་ཝ་གཙུགས་ནས། བཅུད་ཀྱི། ་ཁམས་དེ་ལས་ཝ་ལ་ལའི་ཁ་ནས་ནི་ཁུ་བ་སྒྱུར་བ་འབྱུང་། ལེ་ལའི་ཁ་ནས་ནི་ལན་ཚའི་རོ་འབྱུང་།། ལ་ལའི་ཁ་ནས་ནི་སྡོར་བ་འབྱུང་ལ་ལའི་ཁ་ནས་ནི་རོ་ཚ་བ་འབྱུང་། ལ་ལིའི ་ཁ་ནས་ནི་ཁབ་འབྱུང་། ལ་ལའི་ཁ་ནས་ནི་བསྐབ་འབྱུང་སྟེ། བཅུད་ཀྱི་ཁམས་དེ་ལྟ་བུ་ནགས་ཀྱི་ནང་ན་ན་མཁའ་ལ་ལྡིང་ངོ་།། བཅུད་རོ་ཅིག་པུ་དེ་འདྲ་བ་དེ་ལས་རོ་ཐ་དད་པ་སྣ ་ཚོགས་འབྱུང་ལ་རོ་དེ་དག་ཀྱང་ཕན་ཚུན་འདྲེ་བར་མི་འགྱུར་ཏེ། བཅུད་ཀྱི་ཁམས་དེ་ཡང་ལྡན་པའི་དཀྱིལ་འཁོར་བཞིན་དུ་ཡོངསུ་ཁྱབ་པར་འདུག་གོ།། དེ་དེ་ལྟར་འདུག་ཀྱང་སེམས ་ཅན་གཞན་དག་གིས་ནི་ཤིང་གེལ་བའི་ནགས་དེའི་ནང་དུ་ཞུགས་ཏེ་འཇོར་དག་གིས་བརྐོས་ཀྱང་སེམས་ཅན་སྐལ་བ་ཆུང་ངུ་རྣམས་ཀྱིས་ཐོབ་པར་མི་འགྱུར་ལ། འཁོར་ལོས་སྒྱུར་བའི ་རྒྱལ་པོས་ནི་བསོད་ནམས་ཀྱི་མཐུས་ཐོབ་པར་འགྱུར་བ་དེ་བཞིན་དུ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་བཅུད་ཀྱི་ཁམས་དང་འདྲ་ལ་ཉོན་མོངས་པའི་རྣམ་པས་བསྒྲིབས ་ཤིང་འདུག་སྟེ། སངས་རྒྱས་འགྱུར་བའི་རྒྱུར་རོ་གཅིག་ཏུ་ཟིན་ཀྱང་དེ་ལས་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་རོ་མང་པོར་འགྱུར་ཏེ། སྐྱེས་པ་དང་། བུད་མེད་དང་། མ ་ནིང་རྣམས་འབྱུང་བར་འགྱུར་རོ།། དེ་བཞིན་གཤེགས་པའི་ཁ་མས་དེ་ནི་སྐྱེས་བུའི་རང་བཞིན་ཡིན་ཏེ། དེ་བས་ན་སྲོ་ག་བཅད་པས་སྲོག་ཆགས་བསད་པར་མི་འགྱུར་རོ།། ་གལ་ཏེ་སྲོག་ཆགས་བསད་པར་འགྱུར་ན་ནི་འཚེ་བ་པོ་གཏན་མེ་ད་པར་བྱས་པར་འགྱུར་ལ། འཚོ་བ་པོ་གཏན་མེད་པར་འགྱུར་བ་ནི་མི་སྲིད་དོ།། དེ་ལ་འཚོ་བ་པོ་ཞེས་བྱ་བ་ནི་དེ ་བཞིན་གཤེགས་པའི་སྙིང་པོ་ཡིན་ལ། མཁས་པ་དེ་ནི་གཞིག་པ་འམ། བསད་པ་འམ། གཏན་མེད་པར་བྱར་མི་ནུས་ལ། སངས་རྒྱས་ཉིད་མ་ཐོས་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་པར་མཐོང ་བར་ཡང་མི་ནུས་སོ།། དེ་བས་ན་སྲོག་ཆགས་བསོད་པའི་མི་མེད་དོ།། གསོལ་པ། མ་མཆིས་ཤེས་བགྱི་མི་རུང་སྟེ། གལ་ཏེ་མ་མཆིས་སུ་ལགས་ན་སྲོག་ཆགས་བསྐུམ་པས་སྡིག་པར་མི ་འགྱུར་བའི་རིགས་ལག་སོ།། བཀའ་སྩལ་པ་ཡོད་དོ་ཞེས་བརྗོད་པར་བྱ་སྟེ། ཇི་ལྟ་ཞེ་ན། ཕྱི་རོལ་གྱི་བསགས་པའི་ཁམས་ཤིང་གེལ་པ་དང་། འདྲ་བ་དེ་བསང་པ་ལ་སྲོག་གཅོད་པ་ཞེས་བྱ་སྟེ། ་དེ་བས་སྲོག་གཅད་པས་དེ་སྡིག་པའི་ཚོགས་ཀྱིས་ངན་འགྲོར་འགྲོ་བར་འགྱུར་ལ། ལས་ངན་པའི་རྣམ་པར་སྨིན་པས། བྲམ་ཟེ་དང་། རྒྱལ་རིགས་དང ་རྗེའུ་རིགས་དང་། དམངས་རིགས་དང་། གདོལ་པ་དང་། བྱ་དང་རི་དྭགས་དང་། མཚན་ཐ་དད་པ་གསུམ་གྱི་མིང་དང་། བློ་ཐ་དད་པ་དང་། སྲིད་པ་ཉི་ཤུ་རྩ་ལྔ་དག་ཏུ་སེམས་ཅན་རྣམས་ཉིད ་མཚམས་སྦྱོར་བར་འགྱུར་རོ།། འཇིག་རྟེན་པ་རྣམས་ཀྱི་བདག་ནི། ལྡུམ་བུ་ཤ་མ་ཀའི་འབྲས་བུ་ཙམ་དང་། འབྲས་ཀྱི་འབྲས་བུ་ཙམ་དང་། མཐེ་བོ་ཙམ་ཞེས་བྱ་བ་ལ་སོགས་པར་རྟོག ་བ་སྟེ། མི་བདེན་པའི་རྟོག་པ་ཡིན་ནོ།། འཇིག་རྟེན་ལས་འང་ས་པའི་རྟོག་པ་ནི་སངས་རྒྱས་ཀྱི་ཁམས་ཡོད་པར་རྟོག་པ་གང་ཡིན་པ་སྟེ། དོན་དམ་པའི་བདེན་པའི་རྟོག་པ་ཡིན་ནོ།། ་རིགས་ཀྱི་བུ་གཞན་ཡང་དཔེར་ན། གཏེར་གྱི་འབྱུང་ཁུང་གི་དཔྱད་ཤེས་པའི་མིས་འཇོར་རམ་བརྐོ་བའི་སྤྱད་གཞ་ན་དག་གིས་གཏེར་བརྐོན་རྡོ་དང་གསྲེག་མ་ཐམས་ཅད ་ནི་ཕྱེ་མར་རློག་པར་ནུས་ལ། རྡོ་རྗེ་ནི་ནམས་ཀྱང་མཆོད་པར་མི་ནུས་ཏེ། མཚོན་ཆ་ཐམས་ཅད་ཀྱིས་ཀྱང་རྡོ་རྗེ་རིན་པོ་ཆེ་མི་ཆོད་པ་དེ་བཞིན་དུ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ ་སྐྱེ་བོའི་བདག་ནི་ལྷ་དང་བདུད་བྱེ་བ་སྙེད་ཀྱིས་ཀྱང་མཚོན་ཆ་ཐམས་ཅད་ཀྱིས་བཅད་པར་མི་ནུས་ལ། བསགས་པའི་ཁམས་ནི་རྡོ་རྗེ་དང་གསེག་མ་བཞིན་དུ་ཕྱེ་མར་ཀློག་ནས་སོ།། དེ ་བཞིན་གཤེགས་པའི་སྙིང་པོ་འཚོང་བ་པོ་ནི་རྡོ་རྗེ་རིན་པོ་ཆེ་དང་འདྲ་སྟེ། དེ་བས་ནི་མི་རྣམས་ཀྱི་སྲོག་བཅད་པས་འཚོ་བ་འཇིག་པར་འགྱུར་ཏེ། དེའི་ཕྱིར་བསགས་པའི་ཁམས་བཤིག་བླ ་སྲོག་ཆགས་བསད་པར་འགྱུར་རོ།། རིགས་ཀྱི་བུ་དེ་ལྟར་ན་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་རྒྱས་པ་ནི་མཆོག་ཏུ་ཆ་ཕྲ་སྟེ། བདུད་རྩིའི་མཆོག་ཀྱང་ཡིན་ནོ།། དུག་གི་མཆོག་ཀྱང་ཡིན་ནོ། ་གསོལ་པ། བཅོམ་ལྡན་འདས་ཅི་ལས་དགེངས་ཏེ། ཤིན་ཏུ་རྒྱས་པ་ནི་བདུད་རྩིའི་མཆོག་ཀྱང་ལགས། དུག་གི་མཆོག་ཀྱང་ལགས་ཤེས་བཀའ་སྩལ་ལགས། བཀའ་སྩལ་པ། རིགས་ཀྱི་བུ ་ཁྱོད་དགོངས་པའི་ཚིག་འདི་ཤེས་པར་འདོད་དམ། གསོལ་པ། བཅོམ་ལྡན་འདས་དགོངས་པའི་ཚེ་གསུང་གི་མཆོག་ཤེས་པར་འཚལ་ལག་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིག ་སུ་བཅད་པ་འདི་དག་བཀའ་སྩལ་ཏེ། ཁ་ཅིག་བདུད་རྩིའི་འཐུངས་པས་འཆི་མི་འགྱུར།། ཁ་ཅིག་གིས་ནི་མཐུངས་ནས་འཆི་བར་འགྱུར། ཁ་ཅིག་དུག་འཐུངས་ཀྱང་མཆི་མི་འགྱུར ་ཁ་ཅིག་གིས་ནི་འཐུངས་ན་འཆི་བར་འགྱུར་ཐེག་པ་ཆེན་པོ་འདི་ལ་ནི། ཆགས་མེད་ཡེ་ཤེས་བདུད་རྩི་ཡིན།། མཚུང་ས་པ་མེད་པའི་ཡེ་ཤེས་མཆོག། དེ་ཉིད་དུག་ཡིན་ཞེས ་ཀྱང་བསྟན།། ཞུ་བའི་འོག་ཏུ་ཟ་བ་ལ། མར་གྱི་སྙིང་ཁུ་སྦྲང་རྩི་དང་།། ཀ་ར་རྣམས་ནི་བདུད་རྩི་གཞན།། མ་ཞུ་ཟ་ལ་དུག་ཏུ་འགྱུར།། དེ་བཞིན་རབ་རྒྱས་བདུད་རྩིའི་མཆོག། དགོངས་པའི ་ཚིག་ལ་མི་མཁས་ཤིང་།། བྱིས་པའི་བློ་དང་ལྡན་རྣམས་ལ།། མི་ཟད་པ་ཡིད་དྲུག་ཏུ་འགྱུར།། རང་རྒྱལ་ཉན་ཐོས་རྣམས་ཀྱང་ནི།། རྟག་ཏུ་དེ་དང་འདྲ་བ་ཡིན།། ཐེག་ཆེན་སྨན་མཆོག་དེ་དག ་ལབའི་འོ་མ་འཐུང་བཞིན།། བྱང་ཆུབ་སེམས་དཔའ་འཇིགས་མེད་པ།། མི་མཆོག་བརྟན་པོ་དེ་དག་ནི།། ཐེག་པ་ཆེན་པོས་ངེས་པར་འབྱུང་།། འོད་སྲུང་དེ་ལྟར་ཤེས་ནས་ནི།། བདུད་རྩི ་ཁམས་ཀྱི་དབྱིངས།། དེ་ལ་ངེང་འདིར་སྐྱབས་མཆོག་སོང་།། བདུད་རྩིའི་མཆོག་གི་ཁམས་དེ་ནི།། ང་ཡི་ཁམས་ཡིན་སེམས་ཅན་ཁམས་རྟག་ཏུ་ང་ལ་སྐྱབས་སོང་ན ་སྐྱབས་གསུམ་བདག་ཉིད་ཁམསུ་འགྱུར།། ང་ཡི་སྐུ་ལ་ཁམས་ཡོད་ཀྱིས།། བདག་ཉིད་འདི་ལ་ཁྱོད་ཞུགས་ཤིག། སངས་རྒྱས་ཆོས་དང་དགེ་འདུན་རྣམས།། ང་ཡི་ཁམས་ཀྱི་རང ་བཞིན་ཏེ།། གསུམ་པོ་རིན་ཆེན་མཆོག་ཡིན་ཞེས།། བཅོམ་ལྡན་འདས་ཀྱིས་ཚིག་བཤང་གསུངས།། གསོལ་པ། འཇིགས་མེད་ཇི་ལྟ་སྐྱབས་མཆི་བ།། བདག་གིས་གློ་བར་མ་ཆུད་ལགྲ། ་དཀོན་མཆོག་གསུམ་ཡང་མ་འཚལ་ཏེ།། བདག་མེད་ལ་ནི་ཇི་ལྟར་མཆི།། སངས་རྒྱས་སྐྱབསུ་མཆིན་ཡང་།། ཇི་ལྟརང་བུག་ནི་ཕྱིན་པར་འགྱུར།། ཅི་ཡི་སླད་དུ་མི་རྣམས་ནི།། ཆོས་ལ ་སྐྱབསུ་མཆི་བར་བགྱི།། ཅི་ཞིག་གིས་ནི་རང་དགར། འགྱུར།། ཅི་ཞིག་གིས་ནི་མི་འགྱུར་ལགས།། དགེ་འདུན། ལ་ནི་སྐྱབས་མཆི་ན།། སྐྱབས་གསུམ་མཆོག་ཏུ་ཇི་ལྟར ་འགྱུར།། མ་འོང་བ་ན་སངས་རྒྱས་ཉིད།། ཡང་དག་བདེན་པར་ཇི་ལྟར་འཐོབ།། ཕྱི་མའི་དོན་ཏུ་སྐྱབས་ཀྱི་གཞི།། གསུམ་པོ་དག་ཀྱང་ཇི་ལྟ་བུ།། ཐེམ་སྐ་སེ་ལྟ་བུར་བདག་གིས་མཐོང་།། ་ཡེ་ཤེས་གུད་ན་གཞན་མ་མཆིས།། དུ་སྐྱེས་པ་ནི་མ་མཆིས་པར།། བུ་ཞེས་ཀྱང་ནི་ཇི་སྐད་བགྱི།། བུ་ཆགས་ན་ནི་སྐྱེ་འགྱུར་ཏེ།། བསམ་དང་ལས་ཀྱི་དོན་ཀྱང་མཆིས།། ཐུབ་པ་ཁྱོད་ནི། ་ཅི་གསུང་བ།། བློ་མེད་རྣམས་ཀྱིས་མི་རྟོགས་ཏེ།། འཁོར་བའི་བརྩོན་རར་ཐམས་ཅད་ཀྱང་།། འཁོར་ལོ་གཅིག་ཏུ་འཁྱམ་པར་འགྱུར།། དེ་ཕྱིར་དེ་དག་མིང་ཙམ་གྱི།། དགེ་བསྙེན་དུ ་། དུལང་མ་འགྱུལ་བགས། གྲུབ་པ་བདག་ལ་གྱི་སྟེག་ཏུས། ཁོཆོམ་གྱུར་དྲུ་གཅད་པར་གསལ། ཡེ་ཤེས་ཆེ་ལྔནང་བཞིན་གཤེགས།། དགངས་པ་ཅི་འདྲ་བསྟན་དུ་གསོལ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། འོད་སྲུང་ཆེན་པོ་དམ་པ་མཆོག། དགོངས་པ་དེ་ཡང་བསྟན་པར་བྱ།། ཁྱོད་ཀྱི་ཐེ་ཚོམ་གཅད་པར་བྱ།། སངས ་རྒྱས་ལ་ནི་སྐྱབས་སོང་བས།། དགེ་བསྙེན་ཉིད་ནི་ཐོབ་པར་འགྱུར།། ལྷ་རྣམས་དེ་དག་ཐམས་ཅད་ནི།། དེ་ཚེ་དེའི་སྐྱབས་མ་ཡིན།། ཆོས་ལ་སྐྱབསུ་སོང་ན་ཡང་།། འདིར་ནི་འཚེ་བ་སྤོང ་བར་འགྱུར།། དགེ་འདུན་ལ་ཡང་སྐྱབས་སོང་ན།། དེ་བཞིན་དགེ་བསྙེན་དག་ཏུ་འགྱུར།། དེས་ན་འདི་ལས་ཕྱི་རོལ་རྣམས།། དེ་ཡི་ཡོན་གནས་མ་ཡིན་ལ།། ཇི་ལྟར ་འཇིག་པ་མེད་པ་རྣམས།། སྐྱབས་ཀྱི་གཞི་གསུམ་ཐོབ་པར་འགྱུར།། གསོལ་པ། དེའི་ཕྱིར་དངོས་གསུམ་འ་ཇིག་པ་ལ།། བདག་ནི་སྐྱབསུ་མཆི་བར་བགྱི།། འདི་ཉིད ་དམ་པ་རྣམས་ཀྱི་ལམ།། འདི་ཉིད་སངས་རྒྱས་ཆེས་ཉིད་ལགས།། ཐུབ་པ་ཆེན་པོ་རྟག་ཏུ་ཡང་།། གཞི་གསུམ་པོ་ནི་མཉམ་པ་ཉིད།། བདག་ཀྱང་ཁྱོད་དང་འདྲ་བར་ནི།། གནས ་འདིར་བླ་ན་མེད་པ་ལགས།། ལམ་འདི་བདེ་བར་གཤེགས་པས་བསྔགས་པ་སྟེ།། དེར་མཆིས་པ་ནི་ཡང་དག་བཞུགས་པ་ལགས།། ཀུན་ཏུ་སྤྱན་ཡང་དེའི་ངེས་པར་འཐུང་།། ལམ ་འདི་བདེ་བར་གཤེགས་པས་བསྔགས་པ་སྟེ།། དེ་ཕྱིར་བདག་ཀྱང་སངས་རྒྱས་རྣམས་ཀྱི་ལམ།། ལམ་མཆོག་རྒྱ་ཆེན་འདིར་ནི་འཆི་བར་བགྱི།། གལ་ཏེ་བདུད་ནི་བདུད་རྩི་དང་རྩོལ ་ཀྱང་། སྲིད་པ་དག་ན་བདག་ནི་སྐབས་མི་མཆི།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ།། ཁྱེད་བྲིས་པ་ཉན་ཐོས་ཀྱི་ཐེག་པ་པ་བཞིན ་མ་མཛོད་ཅིག། གཅིག་པ་ལ་སྐྱབས་སོང་ཤིག། ཡེ་ཤེས་འདི་ལ་ནི་སྐྱབས་གསུམ་མེད་དེ།། ཆེས་དང་དགེ་འདུན་འདུ་བ་ཡང་མེད་དེ།། སངས་རྒྱས་ཉིད་ཆོས་ཀྱང་ཡིན། དགེ་འདུན་ཡང ་ཡིན་ཏེ། དེ་བཞིན་གཤེགས་པ་ཉིད་གཞི་གསུམ་པ་ཡིན་ནོ།། ཉན་ཐོས་ཀྱི་ཐེག་པ་ལས་ནི།། བྱིས་པ་རྣམས་ཀྱི་འཇིག་རྟེན་པའི་ལྟ་བ་བསལ་བའི་ཕྱིར།། གཞི་གསུམ་པ་བཞག་གོ།། གལ ་ཏེ། ཁྱོད་འཇིག་རྟེན་པ་དང་འཐུན་པར་བྱེད་ན། རིའི་ཆུ་ལ་གྱིས་སྐྱབས་ཀྱི་གཞི་གསུམ་དུ་འགྲོ་བར་གྱིས་ལ། བདག་སངས་རྒྱས་ལ་སྐྱབསུ་སོང་ནས།། སྐུ་གཅིག་པར ་གྱུར་ཅིག། དེ་ནས་སངས་རྒྱས་ཉིད་དུ་གྱུར་ནས་དེ་བ་ཞིན་གཤེགས་པའི་རླབས་བྱེད་པར་གྱུར་ཅིག། དེ་བཞིན་གཤེགས་པ་དང་མཉམ་པར་འགྱུར་ནས་སངས་རྒྱས་རྣ ་ལ་ཐལ་མོ་བཏུང་བར་མི་བྱའོ།། བདག་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཆེན་པོ་ལྟ་བུར་གྱུར་ཅིག། བདག་གིས་ཆོས་ཀྱི་སྐུ་ཡང་མི་གཏང་བར་སངས་རྒྱས་ཀྱི་ཁམས་དང་མཆོད་རྟེན་ལ ་ཕྱག་བྱའོ།། ཕྱག་བྱེད་མི་འདོད་པའི་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་ལྟ་བུར་བདག་གྱུར་ཅིག། བདག་གི་ལུས་སེམས་ཅན་ཐམས་ཅད་ཀྱི་ཕག་བྱ་བའི་གནསུ་གྱུར་ཅིག། བདག ་ཆོས་ལ་སྐྱབས་སོང་ནས་ཆོས་ཀྱི་སྐུར་གྱུར་ཅིག། དེ་ཁོ་ན་ཉིད་མ་ཡིན་པའི་ཆོས་སྒོམ་པའི་སེམས་ཅན་ཐམས་ཅད་བང་གི་མངའ་གཅིག་ནས་གཅིག་ཏུ་བརྒྱུད་པ་བཞིན་དུ་བྱེད་པར ་གྱུར་ཅིག། བདག་དགེ་འདུན་ལ་སྐྱབསུ་སོང་ནས་སྦྲང་བུ་དང་། འདྲ་བའི་དགེ་འདུན་རྣམས་ཀྱི་སྐྱབས་ལྟ་བུར་གྱུར་ཅིག། སྐྱབསུ་འགྲོ་བ་ལ་འཇུག་པའི་ཚུལ་གྱིས་སེམས་ཅན་རྣམས་ཀྱི་སངས ་རྒྱས་དང་། ཆོས་དང་དགེ་འདུན་ལྟ་བུར་གྱུར་ཅིག། བདག་དམུས་ལོང་དང་འདྲ་བའི་དགེ་འདུན་རྣམས་ཀྱི་མིག་ལྟ་བུར་གྱུར་ཅིག། བདག་ལ་ཉན་ཐོས་དང་། རང་སངས་རྒྱས་སྦྲང་བུ་དང ་འདྲ་བ་ཐམས་ཅད་སྐྱབསུ་འོང་བར་ཤོག་ཤིག་ཅེས་གྱིས་ཤིག། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བྱིས་པ་རྣམས་ལ་སྡིག་པའི་ཕུང་པོ་ཟད་མི ་ཤེས་པ་ལྟ་བུ་ཡང་ཡིན་ནོ།། མཁས་པ་རྣམས་ལ་ནི་དེ་ངག་ཉིད་སངས་རྒྱས་ལྟ་བུ་ཡང་ཡིན་ནོ།། དཔེར་ན་དཔའ་བོ་ཡང་དག་པ་ནི་གཡུལ་དུ་འཐབ་པ་ན་འདི་སྙམ་དུ་སེམས་ཏེ། བདག ་གིས་དཔའ་བོ་ཐམས་ཅད་ཕམ་པར་བྱས་ནས་ཐམས་ཅང་བདག་ལ་སྐྱབསུ་འོང་བར་བྱའོ་སྙམ་དུ་སེམས་དཔའ་དང་། དཔེར་ན་རྒྱལ་པོའི་བུ་ནི་རྒྱལ་པོ་རྗེ་བའི་སྐབས་རྒྱལ ་པོའི་བུ་ཐམས་ཅད་ལས་འདས་པར་བྱས་ཏེ། བདག་གིས་རྒྱལ་པོ་བྱའོ།། བདག་རྒྱལ་པོའི་བུ་ཐམས་ཅད་མངའ་བདག་ཏུ་འགྱུར་བར་བྱའོ།། བདག་ལ་དེ་དག་སྐྱབསུ་འོང་བར་བྱའོ།། བདགས ་དམན་པའི་སེམས་བསྐྱེད་པར་མི་བྱའོ།། སྙམ་དུ་སེམས་དཔའ་ལྟ་བུ་སྟེ། དཔའ་བོ་རྣམས་དང་། རྒྱལ་པོ་དང་། བློན་པོ་ཡང་རུང་སྟེ། ཤིན་ཏུ་མཆོག་ཏུ་གྱུར་པས་ཁྱད་པར་དུ་འཕགས་པ ་དེ་ལྟ་བུའི་རང་བཞིན་ཅན་རྣམས་ནི་རང་གི་ཡོན་ཏན་དང་འཚམ་པའི་བྱ་བ་སྒྲུབ་པར་བྱེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གཞི་གསུམ་ལས ་འདས་པར་འགྱུར་བའི་སེམས་དང་ལྡན་པ་ཡིན་ནོ།། དེ་བས་རྒྱལ་པོའི་བུ་དང་དཔའ་བོ་བཞིན་དུ་མི་འཇིག་པར་སྙིང་སྟོབས་སྐྱེད་ཅིག་དང་། ངས་གཞི་གསུམ་ཐ ་ངང་པ་མེད་པ་དང་། གསུམ་གྱི་ནང་ན་དེ་བཞིན་གཤེགས་པ་དམ་པ་ཡིན་པར་ངས་བསྟན་ཏོ་ལུས་ཐམས་ཅད་ཀྱི་ནང་རྣམམདེ་བཞིན་དུ་སངས་རྒྱས་ཉིད་གཙོ་བོ་ཡིན་ལ། ་ལྟར་ལུས་ལས་མགོ་བོ་གུད་ན་འདུག་པ་ཡང་མ་ཡིན། ལག་པ་གུང་ན་འདུག་པ་ཡང་མ་ཡིན། རྐང་པ་གུད་ན་འདུག་པ་ཡང་མ་ཡིན་པ་དེ་བཞིན་དུ་སངས་རྒྱས་གུད་ན་འདུག་པ་ཡང་མ ་ཡིན། ཆོས་གུད་ན་ཡང་འདུག་པ་ཡང་མ་ཡིན། ད་གྲེ་འདུན་གུད་ན་འདུག་པ་ཡང་མ་ཡིན་ནོ།། འོན་ཀྱང་ཐ་དད་དུ་དབྱེ་བ་ནི་བྱིས་པ་རྣམས་ངེས་པར་བསྒྲལ་བའི་ཕྱིར་ཐེམ་སྐས་དང ་འདྲ་བར་བསྟན་པ་ཡིན་ནོ།། ཆོས་ཀྱི་དེ་ཁོ་ན་ཉིད་དུ་ན་ན་གཞི་གསུམ་པོ་ལ་ཐ་དད་དུ་དབྱེ་བར་མ་ལྟ་ཤི་གོ། བྱིས་པ་བཞིན་དུ་རྨོངས་པར་བྱེད་པའི་ཚིག་བྱེད་པའི་ཚིག ་རྣམས་མ་འཛིན་ཅིག། ཨུར་མོའི་རལ་གྲི་བཞིན་དུ་སེམས་རྣོ་བར་གྱིས་ཤིག། ཡེ་ཤེས་ཆེན་པོ་དང་ལྡན་པར་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་འོད་སྲུང་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། དཔའ་བོ་ཆེན་པོ་བཅོམ་ལྡན་འདས། གློ་བར་ཆུང་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲི་མ་མེད་པ ་བཤད་པར་གསོལ་བའི་སླད་དུང་དགིས་ནུས་པ་ལགསོ།། བཅོམ་ལྡན་འདས་ཀྱེ་མ་བྱང་ཆུབ་སེམས་དཔའི་སྤྱད་པ་ཐེག་པ་ཆེན་པོ་བླ་ན་མེང་པ་ཤིན་ཏུ་རྒྱས་པ། ཨོར་མོའི་རལ་གྲིལ ་བུ་ལེགས་པར་བཀའ་སྩལ་ཏོ།། ཀྱེ་མ་ལེགས་པར་བཞག་གོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་བཤད་པ་ཐོས་ནས། བདག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་བསྟན་པར་འཚལ ་ལོ་། སེམས་ཅན་སུ་ཡང་རུང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་རྟོག་པར་བགྱི་བའི་སླད་དུ་མདོ་འདི་ལ་མངོན་པར་དད་པ་རྣམས་ནི་རང་ཉིད་སྐྱབས་གསུམ་ལགས་ཏེ། དེས ་ནི་བདག་ཉིད་ལ་སྐྱབསུ་མཆི་བར་བགྱིའོ།། གཞི་གསུམ་པ་ལ་མི་དགོས་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱི་ཁམས་མཆིས ་བའི་སླད་དུའོ།། རྣམ་པར་རྟོག་ནས་བང་གི་ལུས་ད་ལ་སངས་རྒྱས་ཀྱི་ཁམས་མཆིས་སོ་ཞེས་བརྗོད་པར་བགྱི་འོ།། དེ་ལྟར་འཚལ་ནས་དེས་སྐྱབས་གསུམ་ཡང་མཆི་བར་མི ་དགྱེ་སྟེ། དེ་ཉིད་ཆོས་དགེ་འདུན་གྱི་སྐྱབསའ། གྱུར་པ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་རྟག་ཏུ་ཕྱག་བགྱི་བའི་གནས་ལག་སོ།། དེ་བས་ན་ཐེག། ་པ་ཆེན་པོ་བསྒྲུབ་པ་བརྩམ་པར་བགྱིའོ།། དེ་ལྟར་སངས་རྒྱས་ཀྱི་ཁམས་དང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་བསམ་གྱིས་མི་ཁྱབ་ལག་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགསོ་ལེག་སོ།། ཤེས་པ་རྣོན་པོས་ནི་དེ་ལྟར་བྱ་དགོས་སོ།། རིགས་ཀྱི་བུ་གཞན་ཡང་། དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག ་པ་ངས་བཤད་པར་བྱའོ།། གལ་ཏེ་བདག་བརྟན་པ་དང་། ཐེར་ཟུག་པ་ཡིན་ན་ནི་སྡུག་བསྔལ་གྱི་མཐའ་ཡོད་པར་མི་འགྱུར་ལ། གལ་ཏེ་བདག་མེད་ན་ཡང་ཚངས་པར་སྤྱོད་པ ་ཐམས་ཅད་དོན་མེད་པར་འགྱུར་རོ།། ཆོས་ཐམས་ཅད་ལ་བདག་མེད་པ་ཡི་ན་ནི་དེ་ལྟར་ན་ཆང་པ་ལྟ་བར་འགྱུར་ལ། བདག་བརྟན་པ་ཡིན་ན་ནི་རྟག་པར་འགྱུར། ་རོ།། ཆོས་ཐམས་ཅད་མི་རྟག་པ་ཡིན་ན་ནི་དེ་ལྟར་ཆད་པར་ལྟ་བར་འགྱུར་ལ།། ཆོས་ཐམས་ཅད་རྟག་པར་ཡིན་ན་ནི་རྟག་པར་ལྟ་བར་འགྱུར་རོ།། ཆོས་ཐམས་ཅད་སྡུག་བསྔལ་བ ་ཡིན་ན་ནི་ཆད་པར་ལྟ་བར་འགྱུར་ལ། ཆོས་ཐམས་ཅད་བདེ་བ་ཡིན་ན་ནི་རྟག་པར་ལྟ་བར་འགྱུར་རོ།། ཐམས་ཅད་རྟག་པར་བསྒོམ་ན་ནི་ཆད་པར་འཛིན་པར་འགྱུར་ལ། ཐམས་ཅད ་ཆད་པར་སྒོམ་ན་ནི་མྱུར་དུ་རྟག་པར་འཛིན་པར་འགྱུར་རོ།། དཔེར་ན། སྲིན་བུ་པདྨ་རྣམས་མའི་མགོ་བོ་ལ་མྱུར་དུ་ཟ་ཞིང་མྱུར་དུ་གནས་གཅིག་ཤོས་འདོར་བ་དེ་བཞིན་དུ། རྟག ་བར་སྒོམ་ན་ནི་ཐམས་ཅད་འཛིན་པས་སྲིན་བུ་པདྨ་བཞིན་དུ་འགྱུར་རོ།། དེ་བས་ན་མི་དགེ་བའི་ཆོས་གཞན་ལ་ད་ནི་སྡུག་བསྔལ་བར་བསྒོམ་པར་བྱའོ།། དགེ་བའི་ཆོས ་གཞན་དག་ལ་ནི་བང་བདེ་བར་བསྒོམ་པར་བྱའོ།། ཉོན་མོངས་པའི་རྣམ་པ་ལ་སོགས་པའི་ཆོས་གཞན་དག་ལ་ནི་བདག་མེད་པར་བསྒོམ་པར་བྱའོ།། མྱ་ངན་ལས་འདས་པ ་ལ་ནི་གཞི་དང་གནས་མེད་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་ལས་སོགས་པ། ཆོས་གཞན་དག་ལ་ནི་བདག་ཡོད་པར་བསྒོམ་པར་བྱའོ།། ལོངས་སྤྱོད་ལས་སོགས་པ་ཆོས ་གཞན་དག་ནི་མི་རྟག་པར་བསྒོམ་པར་བྱའོ།། དེ་བཞིན་གཤེགས་པའི་ཆོས་ལས་སོགས་པ། ཆོས་གཞན་དག་ལ་ནི་རྟག་པར་བསྒོམ་པར་བྱའོ།། གཞི་གསུམ་དང་ཐར་པའི་ང་ཁོ། ་ན་ཉིད་ནི་སྲིན་བུ་བད་བ་ཟ་བ་ལྟ་བུ་མ་ཡིན་ནོ།། སངས་རྒྱས་ཀྱི་གསུངས་ནི་དབུ་མིའི་ལམ་ཡིན་ནོ་ཞེས་ཤེས་པར་གྱིས་ཤིག། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ཆད་པ་དང་རྟག་པ། ་གཉིས་གའི་མཐའ་སྤངས་པ་དབུ་མིའི་ལམ་དུ་གསུང་སོ།། བློན་པོ་རྣམས་ནི་སངས་རྒྱས་ཀྱི་གསུང་ལ་རྨོངས་ཏེ། ཕོ་བིའི་དྲོང་ཆུང་བ་རྣམས་མར་ཆེར་ཟ་བ་བཞིན་དུ། མྱུར་དུ་མཐའ ་གཉིས་སུ་ལྟ་བར་འགྱུར་ལ་ཡོད་ཅེས་བྱ་བ་ཡང་མ་གྲུབ་མེད་ཅེས་བྱ་བ་ཡང་འཐད་ངོ་།། དཔེར་ན་སྨན་པ་རྣམས་ནི་འཁྲིས་པ་ལས་སོགས་པའི་ཁམས་འཁྲུགས་ཏེ། ཕན་ཚུན་མི ་འཐུན་དུ་ཟིན་ཀྱང་མཁྲིས་པའི་ནང་ལ་ནི་མཁྲིས་པ་བཞི་བར་བྱེད། རླུང་ཤས་ཆེ་བ་ལ་ནི་རླུང་སེལ་བར་བྱེད། ཁད་ཀ་ན་ཅན་ལ་ནི་བད་ཀན་མེད་པར་བྱེད། ཆ་འདུས་པ་ལ་ནི་ཆ ་འདུས་པའི་གཉེན་པོ་བྱེད་དེ་ཕན་ཚུན་མི་འཐུན་པར་འགྱུ་རབ་ཡང་མི་བྱེད་ལ་བདེ་བ་ཡང་བསྐྱེད་པར་བྱེད་པ་དེ་བཞིན་དུ་སྨན་པ་ལྟར་ཉོན་མོངས་པའི་རྣམ་པའི་ནད་མཐའ་ཡས་པ ་རྣམས་མཐར་གྱིས་བསལ་ཏེ་ཡང་དག་པའི་ཁམས་ཀྱང་གསོ་བར་གྱིས་ཤིག། ཡང་དག་པའི་ཁམས་ཤེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། སངས་རྒྱས་ཀྱི་ཁམས་ཤེས ་བྱ་བ་ཡིན་གྱི། ཁམས་ཐམས་ཅད་སྤངས་ཏེ་རྟག་པ་དང་། བརྟན་པ་ལ་ནན་ཏན་གྱིས་ཤིག། ཤེས་རབ་ཅན་རྣམས་ཀྱིས་ནི་ཡོད་པ་ལ་ཡང་ཆགས་པར་མི་བྱའོ།། མེད་ཅེས་བྱ་བ་ཡང་བརྫུན ་དུ་སྨྲ་བ་ལས་བྱུང་བ་ཡིན་ན། ཡོད་ཅེས་བྱ་བ་ཡང་ཁ་རོག་སྟེ་ཁས་བླང་བར་མི་བྱའོ།། རྩོད་པར་ཡང་མི་བྱ་སྟེ་འདི་དག་རང་བཞིན་གྱི་ཆོས་ཉིད་དུ་ཤེས་པར་བྱའོ།། བླུན་པོ་དགོངས་པའོ་ཆག ་མི་ཤེས་པ་རྣམས་ཀྱིས་ནི། རིའི་ལུས་ལ་བདེ་བའི་ས་བོན་དེ་ལྟ་བུ་ཡོད་བཞིན་དུ། སྡུག་བསྔལ་བར་བསྟན་པའི་ཕྱིར་རྟག་ཏུ་རྩོད་པར་བྱེད་དེ། ཐམས་ཅད་བཟུང་བས་བྱིས་པ་རྣམས ་ངིའི་ལུས་མི་བརྟན་ནོ་སྙམ་དུ། སེམས་ཤིང་རྟོག་པར་བྱེད་དེ།། མི་རྟག་པ་ལ་བསྟན་ན་ནི་བྱིས་པ་རྣམས་རྫ་མཚན་གྱི་སྣོད་བཞིན་དུ་མི་རྟག་གོ།། སྙམ་དུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས ་ནི་ངའི་ལུས་ལ་ཆོས་ཀྱི་སྐུའི་ས་བོན་དེ་ལྟ་བུ་ཡོད་དོ་སྙམ་དུ་ཤེས་པས་ཐམས་ཅད་འཛིན་པར་བྱེད་དོ།། བདག་མེད་པ་བསྟན་ན་ནི་བྱིས་པ་རྣམས་བསྟན་པ་བདག་མེད་དོ་སྙམ་དུ་འཛིན་ཏོ།། ་ཤེས་རབ་ཅན་རྣམས་ཀྱི་ནི་ཐ་སྙད་དུ་ཡོད་དོ་སྙམ་དུ་ཤེས་ཏེ་ཐེ་ཙོམ་མེད་དོ།། དེ་བཞིན་གཤེགས་པའི་སྙིང་པོ་ནི་སྟོང་པ་ཡིན་ནོ་ཞེས་བསྟན་ནི། བྱིས་པ་རྣམས་ཆད་པ། འཇི ་སུ་རུང་བ་དང་། ཡོན་པོ་སྒོམ་པར་བྱེད་དེ།། ཤེས་རབ་ཅན་རྣམས་ཀྱིས་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་སྒྱུ་མ་ཙམ་དུ་ཡོད་པར་ཤེས་སོ།། ཐར་པ་བསྟན་ན་ནི་བྱིས་པ ་རྣམས་སངས་རྒྱས་རྣམས་ཀྱིས་ཐར་པ་བརྙེས་ནས་མེད་པར་འགྱུ་རོ་སྙམ་དུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་སངས་རྒྱས་བྱོན་པ་དང་། གཤེགས་པ་ཡེང་བར་ཤེས་ཏེ་མིའི་སེ ་བྱོན་ཏོ་ཞེས་ཟེར་རོ།། བྱིས་པ་རྣམས་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ལ་གཉིས་སུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་མ་རིག་པ་དང་རིག་པ་ཐ་དད་པ ་གཉི་སུ་མེད་པར་ཤེས་སོ།། བྱིས་པ་རྣམས་ནི་འདུ་བྱེད་ཀྱི་རྐྱེན་གྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་གཉི་སུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་འདུ་བྱེད་རྣམས་དང་། འདུ་བྱེད་པ ་མེད་པ་ཐ་དད་པ་གཉིསུ་མེད་པར་ཤེས་སོ།། དེ་བཞིན་དུ་བྱིས་པ་རྣམས་ནི། དགེ་བ་དང་། མི་དགེ་བ་ཐམས་ཅད་ལ་ཐ་དད་པ་གཉིསུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་གཉི་སུ་མེད ་པར་ཤེས་སོ་གསུངས་སོ།། བྱིས་པ་རྣམས་ནི་ཁ་ན་མ་ཐོ་བ་མེད་པ་ལ་གཉི་སུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི། དེ་བཞིན་དུ་གཉིསུ་མེད་པར་ཤེས་སོ།། ཞེས་གསུངས་ཏེ། དེ་ནི་ཤེས ་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ།། བྱིས་པ་རྣམས་ནི་ལམ་དང་ལམ་མ་ཡིན་པ་ཞེས་བྱ་བ་ལ་གཉི་སུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི། གཉི་སུ་མེད་པར་ཤེས་སོ།། ཞེས ་གསུངས་ཏེ། དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ།། བྱིས་པ་རྣམས་ནི་ཆོས་ཐམས་ཅད་ནག་པ་དང་། དཀར་བོའོ་ཞེས་བྱ་བ་ལ་གཉི་སུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱི ་ནི་གཉི་སུ་མེད་པར་ཤེས་སོ་ཞེས་གསུངས་ཏེ། དེ་ནི་ཤེས་རབ་ཅན་རྣམས་ཀྱིས་རང་བཞིན་ཡིན་ནོ།། བྱིས་པ་རྣམས་ནི་ཆོས་ཐམས་ཅད་སྡུག་བསྔལ་བ་དང་བདེ་བ ་ཐ་དད་བ་གཉིསུ་སྒོམ་པར་བྱེད་དོ།། ཤེས་རབ་ཅ་ན་རྣམས་ནི་གཉིསུ་མེད་པར་བསྒོམ་མོ།། ཞེས་གསུངས་ཏེ་དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ།། བྱིས་པའི་བློ་ཅན ་རྣམས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་སྒོམ་པར་བྱེད་དོ།། ཤེས་རབ་ཅན་རྣམས་ཀྱིས་ནི་གཉི་སུ་མེད་པར་ཤེས་སོ།། ཞེས་གསུངས་ཏེ། ་དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ།། བྱིས་པ་རྣམས་ནི་སངས་རྒྱས་ཀྱིས་བདག་མེད་པར་གསུངས་པ་ལ་ཆོས་ཐམས་ཅད་བདག་མེད་པར་འཛིན་ཏོ།། ཤེས་རབ་ཅན་རྣམས ་ཀྱིས་ནི་བདག་ཡོད་པ་དང་། བདག་མེད་པ་གཉིསུ་མེད་པར་ཤེས་ཏེ།། དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ།། དེ་བཞིན་གཤེགས་པའི་སྙིང་པོ་དཔག་ཏུ་མེད ་པཿསངས་རྒྱས་ཀྱིས་བསྔགས་པ་ནི་བསོད་རྣམས་ཐམས་ཅད་བསྡུས་པའི་མདོ་ལས་ངས་བསྟན་ཏེ། བདག་ཡོད་པ་དང་བདག་མེད་པ་གཉི་སུ་མེད་པར་བཟུང་བར་བྱའོ།། རིགས་ཀྱི་བུ ་བསོད་ནམས་ཐམས་ཅད་བསྡུས་པའི་མདོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མང་ཆེན་པོ་ལས། གཉིསུ་མེད་པ་ལ་འཇུག་པའི་སྣང་བ་དེ་ཉིད་ལས་བདག་ཡོད་པ་དང་། བདག ་མེད་པ་གན་སུ་མེད་པར་ངས་བསྟེན་པ་དེ་རྗེས་ངས་བསྟན་པ་དེ་རྗེསུ་དྲན་པར་གྱིས་ཤིག།། འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ལས ་བམ་པ་བཅུ་པ་དཔེར་ན་འོ་མ་ལས་ནི་འབྱུང་། ཞེ་ལས་མར་འབྱུང་། མར། ལས་ཞུན་མར་འབྱུང་། ཞུན་མར་ལས་མར་གྱི་སྙིང་ཁུ ་འཐུང་ན། དེ་ལ་ཅིན་དེའི་མའི་དངོས་པོ་དང་། མ་གེ་མཉམ་དུ་འབྱུང་ངམའ་མ་འོན་ཏེ་ཞོ་རང་ཉིད་འཐུང་ངམ། དེ་བཞིན་དུ་ཙ་མར་ངེ་ཞིའི་དངོས་པོ་དང་མགོ་མཉམ་དུ་བྱུང་ངས ་འོན་ཏེ་མར་རང་ཉིད་ཐུང་ངམ། དེ་བཞིན་དུ་ཅི་ཞུན་པར་དེ་མར་གྱི་དངོས་པོ་དང་མཉམ་དུ་བྱུང་ངམ། འོན་ཏེ་ཞུ་མར་རང་ཉིད་བྱུང་ངམ། དེ་བཞིན་དུ་ཅི་མར་གྱི་སྙིང་ཁུ་དེ་ཞུན་མར་གྱི་དངོས ་པོ་དང་། མགོ་མཉམ་དུ་བྱུང་ངམ། འོན་ཏེ་མར་གྱི་སྲིང་ཁུ་རང་ཉིད་བྱུང་ངམ། འོན་ཏེ་སྣམ་དེ་གཞན་ཞིག་ནས་བྱུང་ངམ། གལ་ཏེ་གཞན་ཞིག་ལས་བྱུང་ན། དེ་ལྟ་ན་གང་ལས ་བྱུང་དེ་ལྟེ་འོ་མ་མེད་པར་ཞོ་བྱུང་ན་ནི། འོ་མ་མི་དགོས་པར་འགྱུར་རོ།། གལ་ཏེ་དེ་ལྟ་ན་ནི་རང་བཞིན་ཅན་དུ་འགྱུར་ལ། ཞོའི་རྒྱུ་དང་རྟག་གཉིས་ཀྱང་སྣང་ངོ་།། དེ་བས་ན་གཅིག་ནས ་གཅིག་ཏུ་བརྒྱུད་ཏེ་བྱུང་བ་ཡང་ཡིན་ལ། དངོས་པོ་དེ་དག་དང་མགོ་མཉམ་དུ། གཅིག་ནས་གཅིག་ཏུ་རྒྱུད་དེ་བྱུང་ཞེས་ཀྱང་མི་བྱའོ།། གལ་ཏེ་དངོས་པོ་དེ་དག་དང་མགོ་མཉམ ་དུ་མ་བྱུང་ན་ཡང་། དེ་ལྟ་ན་ཡེ་མེད་དམ། བ་ལས་བྱུང་བའི་ཞུན་མར་ཡང་གཞན་ལས་བྱུང་བ་མ་ཡིན་ལ། རང་བཞིན་ཅན་དེ་ཡང་ཐམས་ཅད་ལ་ཡོད་མོད་ཀྱི། འོན་ཀྱང་ཉེས་པས་བསྒྲིབས ་བ་དང་། ཕན་ཚུན་འདྲེས་པའི་ཚུལ་དུ་བདུག་པའི་ཕྱིར། མི་མངོན་ཏེ། བིའི་ཟས་ཀྱི་ཉེས་པའི་ས་འོ་མ་ཁྲག་གི་དྲིང་བ་བྲོ་ལ། བས་ཤིང་མངར་ཟོས་ན་ནི་འོ་མ་མངར་བ ་འཐུང་ངོ་།། རྩ་རོ་མབ་ཟོས་ན་ནི།། འོ་མ་རོ་ཆབ་འབྱུང་ངོ་།། གངས་ཀྱི་རི་ལ་རྩཝའི་རིགས་སྣུམ་ཅན་ཞེས་བྱ་བ་ཞིག་ས་ད་དི། བས་དེ་ཟོས་ན་ནི། འོ་མ་མར་གྱི་སྙིང་ཁུའི་རང་བཞིན ་ཁོ་ནར་འབྱུང་སྟེ། དཀར་བ་ཡང་མ་ཡིན། སྔོ་བ་ཡང་མ་ཡིན། དམར་བ་ཡང་མ་ཡིན། སྔོ་སྐྱ་ཡང་མ་ཡིན་པ། མར་གྱི་སྙིང་ཁུའི་རང་བཞིན་ཁོ་ནར་འབྱུང་སྟེ། དེ་ལྟར་རྩཝའི་བྱེ ་བྲག་གིས། འོ་མ་མདོག་ངན་པ་དང་། མདོག་བཟང་པོར་འགྱུར་བ་དེ་བཞིན་དུ། མ་རིག་པ་དང་རིག་པ་གཉི་སུ་མེད་མོད་ཀྱི། སེམས་ཅན་རྣམས་ཀྱི་ལས་ཀྱི་ཉེས་པས། རིག་པ ་གྲང་ཡིན་པ་དེ་ཉིད་མ་རིག་པ་ལྟ་བུར་གྱུར་ཏེ། དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད་ཀྱང་གཉི་སུ་མེད་པ་ཁོ་ནའོ།། དེ་བས་ན་སྔར་བསྟན་པ་ཁོ་ན་བཞིན་དུ། དེ་བཞིན་ག ་པའི་སྙིང་པོ་ནི་མར་གྱི་སྙིང་ཁུ་ལྟ་བུའི་རང་བཞིན་ཅན་ཡིན་མོད་ཀྱི། ཉོན་མོངས་པའི་རྣམ་པའི་ཉེས་པས་གཞན་དུ་སྣང་བར་འགྱུར་རོ།། དཔེར་ན་རྒྱ་མཚོའི ་ཚུན་ལན་ཙཱའི་དོན་གཅིག་པུ་བྱེད་པར་ཟད་མོད་ཀྱི། ལན་ཚའི་དོན་ཅིག་པུ་བྱེད་པའོ་ཞེས་བརྗོད་པར་མི་བྱ་སྟེ། རྒྱ་མཚོའི་ནང་ན་འོ་མའི་རྒྱ་མཚོ་ཞེས་བྱ་བ་ཡང་ཡོད་དོ།། གངས་ཀྱི ་རི་ཡང་སྨན་མོད་པའི་ཕྱིར་ཡོན་ཏན་ལས་སྨོས་ཏེ། གངས་ཀྱི་རི་ལ་ནི་དུག་ཀྱང་ཡོད་མོད་ཀྱི། འོན་ཀྱང་སྨན་གཙོ་བོར་སྨོས་པ་དེ་བཞིན་དུ་ལུས་འདི་ཡང་དེ་དང་འདྲ་སྟེ། སྦྲུལ་གདུག་པ་ལྟ ་བུའི་ཁམས་བཞིའི་དུག་དང་ལྡན་མོད་ཀྱི་སྨན་གྱི་རྒྱལ་པོ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡོད་པས་ན། དེ་བཞིན་གཤེགས་པའི་སྙིང་པོ་ཐོག་མ་ནས་བཅོས་མ་མ ་ཡིན་པའི་ཁམས་ཡིན་ལ་ཉོན་མོངས་པ་རྣམས་ནི་བློ་བུར་དུ་བྱུང་བ་ཡིན་ཏེ། སངས་རྒྱས་སུ་འགྱུར་བར་འདོད་པ་སུ་ཡང་རུང་བ་རྣམས་ཀྱིས་ནི་ཉོན་མོངས་པའི་རྣམ་པ ་རྣམས་གཞོམ་པར་བྱའོ།། དཔེར་ན་ན་མཁའ་ལས་འབྲུག་སྒྲ་གྲག་ན་ཤ་མོ་མྱུར་རབ་ཏུ་སྐྱེ་བར་འགྱུར་ལ་སོས་ཀ་ན་ནི་ཤ་མོའི་མིང་ཡང་མེད་དེ་འབྲུག་སྒྲས་འཐོན་པར་འགྱུར་བ་དེ ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་ཡང་ཉོན་མོངས་པའི་རྣམ་པས་བསྒྲུབས་པས། བདག་མེད་པ་བཞིན་དུ་སྣང་ལ། མདོ་ཆེན་པོ་འདི་ཐོས་པ་གང་ཡིན་པ་དེ་དག་ཡོངསུ་མ ་ངན་ལས་འདས་པ་ཆེན་པོ་ཐོས་མ་ཐག་ཏུ། ཤ་མོ་བཞིན་དུ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་ཤེས་པ་སྐྱེ་བར་འགྱུར་རོ།། མདོ་སྡེ་ཐམས་ཅད་དང་ཏིང་ངེ་འཛིན་ཐམས ་ཅད་ནི་སོས་ཀའི་དུས་དང་འདྲ་སྟེ། མདོ་སྡེ་ཐམས་ཅད་ཏིང་ངེ་འཛིན་ཐམས་ཅད་ཐོས་པས་ནི། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཡང་དག་པར་མི་ཤེས་སོ།། དབྱར་གྱི་ནམ་ལ་ཤ ་མོ་སྐྱེ་བ་བཞིན་དུ། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ལས་དགོངས་པའི་ཚིག་གསང་བ་ཐམས་ཅད་འབྱུང་སྟེ། མདོ་སྡེ་འདི་ཐོས་མ་ཐག་ཏུ་དབྱར་གྱི་ནམ་ལག ་མོ་སྐྱེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཡང་དག་པར་ཤེས་པར་འགྱུརོ།། དེ་ལ་དོན་ཆེན་པོ་རྒྱས་པར་བྱེད་པས་ན་ཡོངསུ་མྱ་ངན ་འདས་པ་ཆེན་པོ་ཞེས་བྱ་སྟེ། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ལ་སློབ་པ་གང་ཡིན་པ་དེ་དག་ནི་ངལ་དྲིན་དུ་གཟོ་བ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས ་ཀྱེ་མ། དེ་བཞིན་གཤེགས་པའི་སྙིང་པོ་ནི་ཉན་ཐོ་ས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མཐོང་བར་ཤི་ན་ཏུ་དཀའ་བ་དང་། རྗེསུ་ཤེས་པར་ཤིན་ཏུ་དཀའ་བ་དང་། ་བཟོད་པར་ཤིན་ཏུ་དཀའ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། རིགས་ཀྱི་བུ་དེ་ནི་དེ་བཞིན་ཏེ། ང་ཡང་དེ་ཁོ་ན་སྐད་ཟེར་རོ།། གསོལ ་པ་ཇི་ལྟར་མཐོང་བར་དཀའ་བ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན། ལོང་བ་བརྒྱ་ཞིག་ཡོད་ལ། ལོང་བ་དེ་དག་མིག་མཐོང་བར་འདོད་པའི་ཕྱིར་སྨན་པ་ཆེན་པོ་མིག་མཁན ་ཞིག་གཉེར་ནས་སྨན་པ་དེས་དེ་དག་གི་དཔྱད་བྱས་ཏེ། དེ་དག་གི་མིག་དབྲིས་ཡོག་པ་བསལ་ནས་རང་གི་སོར་མོ་གཅིག་བསྟན་ཏོ།། རེ་རེ་ལ་འདི་སྐད་དུ་ཀྱེ་མི་ཁྱོད་ཀྱིས་ངའི་སོར་མོ ་ལྟོས་ཤིག་དང་། ཁྱོད་ཀྱི་དབྱང་ལེགས་སམ་ལེགས་པ་མངོན་ནོ་ཞེས་ཟེར་རོ།། དེ་ནས་དཔྱང་བྱསུ་ཟིན་ཀྱང་དེའི་སེར་པོ་ཐབས་ཇི་ལྟར་བསྟན་ཀྱང་མི་དེས་མ་མཐོང ་དེ།། དེ་ནས་ལར་གཉིས་ལན་གསུམ་གྱི་བར་དུ་བསྟན་པ་དང་། དེའུས་མཐོང་སྟེ་མཐོང་བ་དེ་བཞིན་དུ་རིགས་ཀྱི་བུ་ས་བཅུ་ཐེབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེངསུ་སྤང ་བའི་དཔྱད་ཐམས་ཅད་བྱས་པ་རྣམས་ཀྱང་དེ་དང་འདྲ་སྟེ། དེ་ལྟར་ཡོངསུ་སྤང་བ་བྱས་ཀྱང་། མི་དེ་དང་འདྲ་བར་བདག་ཉིད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ལན་གཉིས ་ལྡན་གསུམ་གྱི་བར་དུ། ངས་བསྟན་པ་དང་དེ་རུ་མ་མཐོང་སྟེ་མཐོང་ནས། འདི་སྐད་ཅེས་ཟེར་ཏེ། བདག་ཅག་ཀྱང་ཡུན་འདི་སྲིད་ཀྱི་བར་དུ་བདག་མེད་པའི་འཁོར་ལོ་གཅིག ་བུས་ཡོངསུ་བསྐོར་ན། ཉན་ཐོས་དང་རང་སངས་རྒྱ་ས་རྣམས་ཀྱིས་ལྷ་མཐོང་རེ་སྐན་ཞེས་ཟེར་ཏེ། རིགས་ཀྱི་བུ་དེ་ལྟར་ན་པིར་ཁམས་ཀྱི་བསྟན་བཅོས་ལ་འཇུག་པ་ནི ་མཐོང་བར་དཀའ་བ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། མི་ལ་ལ་ཞིག་གིས་ན་མཁའ་ལ་ངང་པ་སྦྲེངས་ཤིང་ལྡིང་བ་མཐོང་ནས། དེས་དེ་ལྟར་མཐོང་ནས་ཐེ་ཙོམ་སྐྱེས ་ཏེ། ཅི་འདི་ན་མཁའ་ཡིན་ནམ་འོན་ཏེ་ངང་པ་ལྡིང་བ་ཡིན། ཇི་གུ་སྙམ་ནས་དེས་ལེགས་པར་བརྟགས་ན་ངང་པ་ལྡིང་བ་ཡིན་པར་འོལ་ཕྱིར་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། བདག་ཅག་གིས་རང་རང་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་འོལ་ཕྱིར་མཐོང་ངོ་སྙམ་དུ་སེམས ་ན། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ལྷ་མཐོང་རེ་སྐན། དཔེར་ན་མི་ལ་ལ་ལམ་དུ་ཞུགས་པ་ལས་མཁྲིས་པ་འཁྲུགས་ཏེ་ཕྱོགས་བསླང་ནས་ལེགས་པར་བརྟགས་ན ་ལམ་དང་གཟུགས་འོལ་པར་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་ལེགས་པར་བརྟགས་ནས་རང་གི་ལུས ་ལ་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་ཡིན་པའི་ཁམས་ཡོད་པ་འོལ་ཕྱིར་མཐོང་བར་ཟད་དོ།། དཔེར་ན། འགྲོན་པོ་ལ་ལ་ཞིག་སྐོམ་གྱིས་གདུངས་ནས་དབྱེ་དགོན་པ་ན་ཚུ ་འདོད་ཅིང་འདུག་པ་ལས་ཤིང་ཀ་ན་བྱ་གར་འཁོ་དུ་བ་དག་མཐོང་ནས། ཅི་འདི་ཁང་བཟངས་ཤིག་ཡིན་ནམ་འོར་ཏེ་ན་མཁའ་ཡིན་སྙམ་པ་ལས་ལེགས་པར་བརྟགས་ན ་བྱ་གར་ཡིན་པར་འལ་བྱེར་མཐོང་བ་དེ་བཞིན་དུ། རིགས་ཀྱི་བུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་ས་མས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ་དེ ་བཞིན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ་ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ།། རིགས་ཀྱི་བུ་དཔེར་ན། རྒྱ་མཚོའི་གྲུར་ཞུགས་པའི་མིས་དཔག་ཚད་མང་པོ་ཞིག་གི་ཕ་རོལ ་ནས་གྲོང་ཁྱེར་གྱི་ནང་ན་ཁང་བཟངས་དཀར་པོ་ཞིག་མཐོང་ནས་འདི་སྙམ་དུ་རྟོག་སྟེ། ཅི་འདི་ན་མཁའ་ཡིན་ནམ་ཁང་བཟངས་ཡིན་ཇི་གུ་སྙམ་པ་ལས་ལེགས་པར་བརྟགན ་འ་བྱིར་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ་སངས་རྒྱས་ཀྱི་ཁམས་ཡང་བཞིན་དུ་ཡོད་པར ་འལ་བར་མཐོང་བར་ཟད་ངོ་།། རིགས་ཀྱི་བུ་དཔེར་ར་རྒྱལ་པོའི་གཉེན་སྐང་ངེ་བར་འདག་པ་ཞིག་མ་ཚན་ཡལ་ནང་སུ་རེལ་མེ་ལ་ལྗང་མེ་ལྟ་བ་ལས་ལངས་ཏེ། ཉི་མའི ་འོད་ཀྱིས་མིག་འཁྲུགས་པར་འགྱུར་པས་ལེགས་པར་རྟགས་ན་རང་གི་སྐ་རགས་ལེལ་བིར་ཙམ་དུ་མཐོང་བ་དེ་བཞིན་དུ། ས་བཅུ་ཐེབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི ་ཀྱང་རང་གི་ལུས་ལ་སངས་རྒྱས་ཀྱི་ཁམས་ཡེང་བར་འལ་བིར་མཐོང་བར་ཟད་དོ།། དཔེར་ན་རྒྱལ་པོའི་ཞར་རིང་ལ་ལ་ཞིག། མརར་མེ་མུར་རག་སྤྲེར་སྡུག་པོས་འཁྲིམས་པའི་རང་ན་རྒྱལ་པོའི ་པི་བྲང་རས་བྱུང་སྟེ་རང་གི་ཁྱིམ་དུ་འགྲོ་བར་ཀློག་འགྱུར་བིའ་སྐབསུ་གྲང་ཁྲུ་བ་མདུན་ལེག་ནས་འོང་བ་མཐོང་ནས། 2རི་སྐ་དུ་རྟག་སྟེ། ཅི་སྤྲིན་ནམ། ལེར་ཏེ་ཁྱིམ་འམ། སྐེ་ཁང་འམ ་ཡང་ཐེག་ཅིག་ག་སྐུར་པ་ལས་ལེགས་པར་བརྟག་ས་ར་འིལ་བིར་མཐོང་བ་དེ་བཞིན་དུ། ས་བཅུ་ཐེབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། ་རང་གི་ལུས་ལ་སངས་རྒྱས་ཀྱི་ཁམས་ཡང་བཞིན་དུ་བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དེ་སྙམ་དུ་འལ་བྱིང་མཐོང་བར་ཟད་དོ།། དཔེར་ན་དགེ་སློང་ཚུལ་ཁྲིམས་སྲུང་བ་ལ ་གུས་པ་ལ་ལ་ཞིག་གིས། དུ་སྲོག་ཆགས་མེད་པ་ལ་རང་གི་བློ་སྲེག་རགས་ཡོད་པར་མཐོང་ནས། འདི་སྙམ་དུ་རྟོག་སྟེ། ཅི་སྲོག་རགས་ཡིན་ན་ར། འོན་ཏེ་རྡུལ་ཡིན་ནམ། ཡང་ན་བློ་བུར་འངས་པ ་རྡུལ་ལམ། སྲེག་རགས་ཤིག་ག་སྣང་བ་ལས། ལེགས་པར་བརྟགས་ན་ལེལ་བར་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི་ངང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང ་། རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡད་བཞིན་དུ་ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ།། དཔེར་ན་མི་ལ་ལ་སྔ་དྲོ་ལྟ་བུར་འཁྲིག་པ་ན་ཕན་ཚུན་འགྲོ་བ་ལས་བྱིས་པ་དག་མཐོང་། ་ནས་འདི་སྙམ་དུ་རྟག་སྟེ། ཅི་བ་ལང་ངམ། མཧེ་འམ། འོན་ཏོ་བྱ་རྒོད་ངམ་སྙམ་པ་ལས། དེའི་འོག་ཏུ་བྱིས་པ་ཡིན་པར་འོལ་ཕྱིར་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡིད་བཞིན་དུ་ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ།། དཔེར་ན། བྱང་ཆུབ་སེམས ་དཔའི་གཟུགས་རས་ཆེན་པོ་ལ་བྲིས་པ་མཚན་མོ་རུ་ན་པའི་ནང་དུ་བཀྲམ་པ་ལ་མི་མིག་ཡོད་པ་དག་གིས་བརྟག་སྲན་ཅི་སངས་རྒྱས་ཀྱི་སྐུ་གཟུགས་ཤིག་ཡིན་ནམ། འོན་ཏེ་ཟོང ་རས་དམར་པོ་ཞིག་གམ། འོན་ཏེ་དབང་ཕྱུག་ཆེན་པོ་ད་ང་། ཚངས་པའི་གཟུགས་ཤིག་གམ་སྙམ་པ་ལས། དེ་འི་འོག་ཏུ་བྱང་ཆུབ་སེམས་དཔའི་གཟུགས་ཡིན་པར་འོལ་བྱི ་མཐོང་བ་དེ་བཞིན་དུ། རིགས་ཀྱི་བུ་ས་བཅུ་ཐོབ་པའི་བང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ། ཡོད་པར ་འོལ་ཕྱིར་མཐོང་བར་ཟད་དེ།། རིགས་ཀྱི་བུ་དེ་ལྟར་ན། དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བར་ཤིན་ཏུ་དཀའ་སྟེ། དེ་བཞིན་གཤེགས་པའི་ཡུལ་ཡིན་གྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི ་ཡུལ་མོ་ཡིན་ནོ།། རིགས་ཀྱི་བུ་དེ་ལྟར་མ། ངའ་བསྟན་པ་ནི་མཁས་པས་རིག་པར་བྱ་བ་ཡིན་ཏེ། འཇིག་རྟེན་ཐམས་ཅད་དང་མི་འཐུན་ནོ།། གསེལ་བ། གལ་ཏེ་དེ་ལ་ལགས་ན། ཤིའི་མིག་དང་ལྡ། ་པ་རྣམས་ཀྱིས་ཆ་པྲ་བ་ཇི་ལྟར་ལྟ་བར་བགྱི་ལགས། བཀའ་སྩལ་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་ཀྱང་ཇི་ལྟར་ལྟ་བར་བྱ། འདི་ནི་སངས་རྒྱས་ཉིད་ཀྱི ་ཡུལ་ཡིན་གྱི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་ཏེ། དེ་དག་གིས་ནི་མདོ་འདི་རྗེ་སུ་འཐུན་པ་ལས་ཡིད་ཆེས་པར་བྱའོ།། དེ་ལྟར་བས་ཏང་དེ་དག་ཀྱང་ཡང་དག་པའི་ལྷ ་བ་ཅན་དུ་འགྱུར་རོ།། རིགས་ཀྱི་བུ་དེ་ལྟར་ན། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འང་ཚུལ་གྱིས། བདག་གི་ལུས་ལ་དེ ་བཞིན་གཤེགས་པའི་སྙིང་པོ་ཡེང་བར་ཡིད་ཆེས་པར་བྱ་སྟེ། མདོ་སྡེ་དང་། རྗེསུ་འཐུན་པར་བརྩོན་པར་བྱའོ།། དེ་བ་ཞིན་གཤེགས་པའི་སྙིང་པོ་ནི་དེ་བཞིན་གཤེགས ་པའི་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ།། གསེལ་པ། བཅོམ་ལྡན་འདས་འཇིག་རྟེན་པ་རྣམས་ལ་ཡང་སེམས་ཅན་གྱི་ཁམས་གང་ཟག ་གནག་པ་མ་མཆིས་ལགས།། བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་མི་གཉིས་ཤིག་འཛའ་སྟེ། གཅིག་ནི་རྒྱལ་པོའི་བུ། གཅིག་ནི་དབུལ་པོའི་བུ་ཞིག་ཡིན་ལ། དེ་གཉིས་ཕན་ཚུན་བྱམས ་པས་གཅིག་གི་ཁྱིམ་དུ་གཅིག་འགྲོ་ཞིང་རྩེ་བར་བྱེད་ལ། དེ་ནས་མི་དབུལ་པོ་དེས་རྒྱལ་པོའི་བུ་དེའི་རལ་གྲི་དེ་ལ། མདོག་བཟང་པོ་མཐོང་བ་ལས། རྒྱལ་པོའི་བུ་དེས་རལ་གྲི་དེ་ཁྱེར་ཏེ། ་ཡུལ་གཞན་དུ་སོང་ངོ་།། དེ་ནས་མི་དབུལ་པོ་དེ་མཚན་མེ་མགོན་མེད་པའི་རྟེན་ཁང་ཞིག་ཏུ་ཉལ་བ་ལས་བརྡོལ་ཏེ་རལ་གྲི་ཞེས་ཟེར་ནས། དེའི་ཚིག་གྲོང་སྲུངས་རྣམས་ཀྱིས་ཐོས་ནས་རྒྱལ་པོ ་ལ་གསོལ་ཏེ། རྒྱལ་པོ་དེས་མི་དེ་བཀུག་ནས་ཀྭའེ་རལ་གྲི་དེ་ཅི་འདྲ་བ་ཞིག་ག་ལས་འོངས་ཤེས་སྨྲས་པ་དང་། དེས་སྐབས་དེའི་གཏམ་རྒྱལ་པོ་དེ་ལ་གསོལ་ནས། ལྷ་གལ་ཏེ་བདག་གིས་བརྐུས ་པར་གྱུར་ན་བདག་རྒ་ལག་འདི་དག་བཅད་དུ་གསོལ།། བདག་གིས་ནི་མཛའ་བོ་དང་ལྷན་ཅིག་རྩེ་བའི་ཚེ་མཐོང་བར་བས་ཏེ་རེག་ཀྱང་མ་རེག་ལག་སོ།། ཞེས་བྱས་སོ།། དེ་ནས་རྒྱལ་པོ་དེས་མི ་དེ་ལ་སྨྲས་པ། རལ་གྲི་དེ་དབྱིབས་དང་མདོག་ཅི་འདྲ་བ་ཞིག་ཅེས་བྱས་ནས། དེས་རྒྱལ་པོ་ལ་སོགས་པ། ལྷ་རལ་གྲི་དེ་ནི་ར་རུ་འདྲ་བ་ཞིག་ལགསོ་ཞེས་བྱས་སོ།། དེ་ནས་རྒྱལ་པོ་དེས་མི་དེ་བཏང་སྟེ ་མི་ཁྱོད་མ་འཇིག་ཤིག་མ་འཇིག་ཤིག་རྐྱེན་པར་གར་དགའ་བར་སོང་ཤིག། ཁྱོད་ཀྱིས་སྔོན་རལ་གྲི་དེ་རྒྱལ་པོའི་ཕོ་བྲང་འདིར་མཐོང་ཡང་མ་མཐོང་སྟེ། རྒྱལ་པོ་བུས་རང་གི་ཡུལ ་དུ་ཚེང་ངུས་ནས་རྙེད་པ་ལྟ་ཞིག་སྟེ། དེ་ནི་རྒྱལ་པོས་ཀྱང་རྙེད་པར་དཀའོ་ཞེས་བྱས་སོ།། དེ་ནས་རྒྱལ་པོ་དེས་མདུན་ན་འདོན་པ་དང་། བློན་པོ་རྣམས་ལ་རལ་གྲི་དེ་མཐོང་ངམ ་ཞེས་བྱས་ནས་ཤིའོ།། གཞན་ཡང་ཆེའོ་ཅོག་གི་རལ་གྲི་དེ་བཙལ་ཀྱང་མ་རྙེད་དོ།། དེ་ནས་རྒྱལ་པོའི་བུ་གཞན་ཞིག་རྒྱལ་སར་བཅུག་ནས། དེས་རལ་གྲི་དེ་རྙེད་དོ།། གཞན་དག་ནི་མ་རྙེད ་བཞིན་དུ་རྒྱལ་པོ་བྱེད་དོ།། དེ་ལྟར་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱལ་པོ་དེ་དག་གིས་ནི་རལ་གྲི་དེ་མ་མཐོང་སྟེ། རལ་གྲི་དེ་འདི་ལྟ་བུ་ཞིག་འདི་འདྲ་བ་ཞིག་གོ།། ལུག་རུ་འདྲ་བ་ཞིག་གོ།། ་ར་རུ་འདྲ་བ་ཞིག་གོ།། སྙམ་དུ་རྟོག་པར་བྱེད་དོ།། ཁ་ཅིག་ནི་ཅིག་གཔ་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་མཐིའི་རྒྱལ་པོའི་བུ་དེ་དང་འདྲ ་བར་འཇིག་རྟེན་དུ་དབྱུང་སྟེ། བདག་གི་དེ་ཁོ་ན་ཉིད་བསྟན་ནས་འཆི་བར་བྱེད་དོ།། དེ་ནས་བློ་ཆུང་བ་གང་ཡིན་པ་རེ་དག་ནི་སེམས་ཅན་ཐམས་ཅད་ལ་བདག་འ ་ལྟ་བུ་ཞིག། འདི་འདྲ་བ་ཞིག་ཡོད་དོ་སྙམ་སྟེ། ལོག་པར་མཐོང་ནས་ཤེས་རབ་མེད་པ་རྣམས་ལ་རྨི་ལམ་དུ་མི་རྨིས་པ་བཞིན་དུ་སྟོན་པར་བྱེད་དོ།། འཇིག་རྟེན་པ་དེ་དག་གིས་ཀྱང་དེ་སྐད་དུ ་ཐོས་ནས་རང་གི་ལུས་ལ་བདག་གི་ཁམས་ཡངང་སྲམ་དུ་རྟོག་པར་བྱེད་ལ་དེ་དག་གིས་བདག་དེའི་རང་བཞིན་མི་ཤེས་སོ།། དེ་ལྟར་བྱང་ཆུབ་སེམས་དཔའི་ཚིག་ཐོས་ནས་ལོག་ས ་བཟུང་སྟེ་རལ་གྱིར་རུ་འདྲ་བར་རྟོག་པ་དེ་བཞིན་དུ་རྣམ་པ་མང་བོར་རྟོག་པར་བྱེད་དོ།། འཇོག་རྟེན་པ་རྣམས་སྐྱེས་བུ་མཐེ་བ་ཙམ་ཞེས་བྱ་བ་དང་། ལྡུས་བུ་ཤ་ཀིའི་འབྲས ་ཙམ་དག་འབྲས་ཀྱི་འབྲུ་ཙམ་ཞིག་ཕྲེང་ལ་གནས་ཏེ་འབར། ཞེས་ལོག་པར་རྟོག་པར་བྱེད་དེ།། དེ་དག་གི་ལྟ་བ་དེ་ནི་ལོག་པར་ལྟ་བ་གཅིག་ནས་གཅིག་རྔུ་བརྒྱུང་དེ་འངས ་པ་ཡིན་ཏེ་དོན་དུ་འགྱུར་བ་དང་བདེ་བར་འགྱུར་བ་མ་ཡིན་ནོ།། དེ་བས་ནངས་བདག་མེད་པར་བསྟན་ཏོ།། འོན་ཀྱང་རུང་ཡང་འཇིག་རྟེན་པ་རྣམས་བདག་ཡོད་སྙམ་དུ་ལོག་པར་རྟོག་པར་བྱ ་བྱེད་དོ།། རིགས་ཀྱི་བུ་དེ་བས་ན་ཡང་ངོར་བསྟན་པ་ལས་རལ་གྲི་ཡང་དག་པ་དང་འདྲ་བར་བདག་ནི་འདི་ལྟ་བུ་ཞིག་གོ།། ཞེས་དེ་བཞིན་གཤེགས་པའི་སྙིང་པོ་ངས་བཤད་པར་བྱའོ། ་ལེགས་པར་སྨྲས་པ་ཆོས་དང་མཚམས་པ་གང་ཡིན་པ་དེ་ནི་འཇིག་རྟེན་པ་རྣམས་ཀྱི་ཡིན་ན་ཡང་འཇིག་རྟེན་ལས་འདས་པ་ཡིན་པར་རིག་པར་བྱའོ།། འཇིག་རྟེན་པའི་ནང་ན ་ནམ་པ་ཐམས་ཅད་དུ་ཆོས་ཀྱི་མཆོག་ནི་བྱང་ཆུབ་སེམས་དཔ་སྤྲུལ་པ་ཡིན་པར་རིག་པར་བྱ་སྟེ། བསྟན་བཅོས་སམ། མིག་སྔགས་སམ། གསང་སྔགས་ཅི་ཡང་རུང་བ་དེ་དག་ཐམ ་ཅད་ནི་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཡིན་པར་ཤེས་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཀྱིས་ཡི་གེའི་ཕྱི་མོ་ཇི་ལྟར་བཀའ་སྩལ་ལགས། བཅོམ་ལྡན་འང ་ཀྱིས་བཀའ་སྩལ་པ། ཡི་གེའི་ཕྱི་མོ་ཐམས་ཅད་ནི་ཐོག་མར་ཡི་གེ་བྱེད་པ་སྤྲུལ་ཏེ། བྱིས་པ་རྣམས་ལ་རིགས་སྔགས་དང་། གསང་སྔགས་དང་། ཆོས་ཀྱི་དེ་ཁོ་ན་ཉིད་དང་། ཕུང་པོ་ཐམས ་ཅད་ཀྱི་གཟུངསུ་འགྱུར་བའི་ཕྱིར་རོ།། དེ་ཡང་དམ་པའི་ཆོས་ཀྱི། ཚུལ་ཡི་གེའི་ཕྱི་མོ་བསླབས་ན་ཆོས་དང་ཆོས་མ་ཡིན་པའི་བྱེ་བ་བྲག་བྱེད་པར་འགྱུར་བའི་ཕྱིར་ངས་སྤྲུལ་པ ་ཡིན་གྱི་ཆོས་མ་ཡིན་པའི་ཕྱིར་ནི་མ་ཡིན་ནོ།། གསོལ་པ། ཡི་གེ་ཞེས་བགྱི་བའི་དོན་གང་ལགས། བཀའ་སྩལ་པ། སྒྲ་བཅུ་པ་ནི་ལ་ནི་ཡི་གེ་ཞེས་བྱ་སྟེ། གང་གི་ཕྱིར་ཡི་གེ ་ཐམས་ཅད་ངེས་པ་ཡིན་པའི་ཕྱིར་ཏེ། མི་བཟད་པའི་དོན་ཏོ།། ཡི་གེའི་སྒྲ་བཅུ་བཞི་ཞེས་བྱ་བ་གངྒི་མི་ཕྱེད་པའི་དོན་གང་ཡིན་ཞེ་ན། མི་ཟག་པའི་དོན་ཏོ།། ཡི་གེ་ཞེས་བྱ་བ་ནི། དེ་བཞིན ་གཤེགས་པའི་དོན་ཏོ།། དེ་བཞིན་གཤེགས་པ་ནི། རྡོ་རྗེའི་སྐུ་མི་བྱེད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ལ་སྒོ་དགུ་ནས་འཛག་ཅེས་བྱ་བ་ཡང་མེད་ལ། སྒོ་དགུ་པོ་ཉིད་ཀྱང་མེད་དོ།། དེ ་བས་ན་མི་ཟག་པའི་དོན་ནི་དེ་བཞིན་གཤེགས་པའི་སྟེ། ངེས་པ་ཡིན་པའི་ཕྱིར་ཡི་གེ་ཞེས་བྱ་སྟེ། བྱས་པ་མ་ཡིན་པའི་དོན་ཏོ།། ཨ་ཞེས་བྱ་བ་ནི་བཀྲ་ཤིས་ཀྱི་དོན་ཏོ།། གཞི་གསུམ ་ཤེས་བྱ་བའི་ཚག་གེ། ཡང་ཨ་ཞེས་བྱ་བའི་འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་རིག་བླ་དྲག་ས།། འཕགས་པ་གང་དག་ཡིན་ཅེ་ན། འཇིག་རྟེན་ན་ཕྱུག་པ་དང་། ་ཆགས་པ་མེད་པ་དང་། རུང་བ་ཐམས་ཅད་ཀྱིས་མཆོག་པར་འཛིན་པ་གང་ཡིན་པ་རྣམས་དང་། སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ཐམས་ཅད་ལས་ངེས་པར་སྒྲོལ་བ་གང་ཡིན་པ ་དེ་དག་ལ་རི་འཕགས་པ་ཞེས་བྱའོ།། ཨ་ཞེས་བྱ་བ་ནི། ཆོས་ལུགསུ་སྟོན་པ་སྟེ། ཆེ་ག་དང་། སྤྱོད་ཡུལ་དང་། འདུལ་བ་དང་འཇིག་རྟེན་དང་འཐུན་པ་འཇུག་པ་ཞེས་བྱ་བས་ན་དོན་ཐ་དད་པ་མ ་ཡིན་ནོ།། ཡང་ཨཱ་ཞེས་བྱ་བས་དེན་ཅི་ཞིག་རྒྱས་པར་བྱེདསན། འཕགས་པ་རྣམས་ལ་བརྟེན་ནས། སེམས་ཅན་ཐམས་ཅད་ཀྱིས་ཆོ་ག་དང་། སྤྱོད་ཡུལ་དང་། པ་མ་དང་། སླེབ་དབེན ་དང་། འདུལ་བ་གཅེས་པ་ཡིན་པར་ཤེས་ཤིང་། འདི་ན་ཆོས་ཉིད་ཡིན་ན་སྙམ་དུ་ཤེས་པར་འགྱུར་བའོ།། འདྲ། གས་པ་གང་ཡིན་པ་དེ་དག་ནི་རིགས་ཀྱི་བུ་འམ ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཏེ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འཕགས་པ ་ཞེས་བྱའོ།། ཡང་ཨཱ་ཞེས་བྱ་བ་ནི་ཁྲིམསུ་སྟོན་པ་སྟེ། ཁྲིམས་ཤེས་བྱ་བ་ནི་ཀྱེ་མི་ཁྱོད་ཚུར་ཤོག། ཁྱོད་ཀྱིས་ཚུལ་མ་ཡིན་པ་བྱས་ཀྱིས་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་བྱ་བ་དེ་ལྟ་བུ ་ཚུལ་མ་ཡིན་པ་རྣམས་དེའི་ཚེ་དྲན་པར་བྱེད་པའི་དོན་ཏོ།། ཨི་ཞེས་བྱ་བ་ནི། འདི་ཞེས་བྱ་བའི་དོན་ཏེ།། བསྟན་པ་འདི་ནི་ཚངས་པར་སྤྱོད་པ་ཟླ་བ་ཞབ་བཞིན་དུ་དྲི་མ་མེད་ཅིང་རྣམ་པར་དག ་པའོ།། བསྟན་པ་འདི་ནི་བཅོམ་ལྡན་འདས་ཀྱིའོ།། འདི་ནི་བྱོས་ཤིག། འདི་ནི་དོན་ཡེང་བའོ།། འདི་ནི་དོན་མེད་པའོ།། འདི་ནི་བདུད་ཀྱིས་སྨྲས་པའོ།། འདི་ནི་སངས་རྒྱས་ཀྱིས་གསུངས ་པའོ།། སྙམ་དུ་ཉམ་སུ་མྱོངས་པར་བྱ་བའི་དོན་ཏོ།། ཨཱི་ཞེས་བྱ་བ་ནི་དབང་ཕྱུག་སྟེ། རིའི་བསྟན་པ་འདི་ནི་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ཤིན་ཏུ་དཀོན ་པའོ།། དབང་ཕྱུག་ནི་ཆོས་སྦྱང་བ་སྟེ། ཆོས་སྐྱོང་བས་ན་རྒྱལ་པོའོ།། དེའི་ཕྱིར་དེ་ལ་འཇིག་རྟེན་སྐྱོང་ཞེས་བྱའོ།། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི་ནི། སེ ་ཅན་གཞན་དག་གི་ཕྱིར་དབང་ཕྱུག་རྣམས་ཀྱིས་ཞུས་སོ།། དབང་ཕྱུག་རྣམས་ཀྱིས་ཡོངསུ་བཟུང་ངོ་།། དབང་ཕྱུ་ག་རྣམས་ཀྱིས་བཤད་དོ།། དབང་ཕྱུག་རྣམས་ཀྱི་དམ ་པའི་མཆོག་ཏུ་འབར་བར་བྱེད་དོ།། དབང་ཕྱུག་རྣམས་ཀྱི་ཕྱིར་ངས་བསྟན་ཏེ། ངས་ཅི་བསྟན་ཅེ་ན། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་བསྟན་ཏོ།། དེ་བསྟན ་དབང་ཕྱུག་དང་ལྡན་པ་རྣམས་ཀྱི་ཤིན་ཏུ་རྒྱས་པ་ཡིན་ཏེ། འདི་ལ་ཕྲག་དོག་བྱེད་པ་རྣམས་ནི་ཞིང་ལ་ཞིང་གི་ངོ་བསལ་བ་བཞིན་དུ་ཚར་གཅད་པར་བྱའོ།། དེ་ལ་སོགས་པ་དོན་དུ ་མ་རྒྱས་པར་བྱེད་པས་ན་དེའི་ཕྱིར་ངས་ཨོཾ་ཞེས་བྱ་བ་བསྟན་ཏོ།། ཨུ་ཞེས་བྱ་བ་ནི་རྒྱུད་ཕྱི་མ་སྟེ། མདོ་སྡེ་འདིས་མདོ་སྡེ་ཐམས་ཅད་ཀྱི་དོན་ཕྱི་མའི་ཡང་ཕྱི་མ་བསྟན་ཏོ།། ངས ་ལན་ཅེས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སྔོན་མཐོས་པའི་ཡིག་གཅིག་པ་དི་ཁོག་ལེ་གཅིག་བསྟན་ཏེ།། མང་ཆེན་པོ་འདི་ནི་མཆོག་དམ་པ་ཡིན་ཏེ། དཔེར་ན་བྱང་གིམ། ་མི་སྙན་གྱིས་སེམས་ཅན་རྣམས་བསོད་ནམས་དང་ལྡན་པ་དེ་བཞིན་དུ་མདོ་སྡེ་ཆེན་པོ་འདི་ཉན་པ་གང་ཡིན་པ་དེ་དག་ནི་འཇིག་རྟེན་ལས་འདས་པ་སྟེ། དེ་དག ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ།། དེ་བས་ན་ཆེ་བ་ཞེས་བྱ་སྟེ། རྒྱུད་ཕྱི་མ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་ཨུ་ཞེས་བྱ་བ་ནི་ངས་དེ་ལྟར་བསྟན་ཏོ།། ་ཨུ་ཞེས་བྱ་བ་ནི་བིའི་ནུར་སོར་ལྟ་བུའི་དོན་ཏེ། དཔེར་ན་བའི་འོ་མ་ཞིམ་པ་བཞིན་དུ་མདོ་འདིའི་རོ་ཡང་དེ་དང་འདྲའོ།། མདོ་འདི་ལས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་སྤོང་བ ་བྱེད་པ་གང་ཡིན་པ་དེ་དག་ནི་བ་ལང་དང་འདྲ་སྟེ། དཔེར་ན་དྲིན་དུ་མི་བཟོ་བ་བང་གི་བདག་བསད་པར་མི་སེམས་པ་དེ་དག་མཆོག་ཏུ་མྱ་ངན་དུ་བྱ་བ་དེ་བཞིན་དུ། ་གཤེགས་པའི་སྙིང་པོ་སྤངས་ནས་བདག་མེད་པ་སྟོན་པའི་སེ་མས་ཅན་གང་ཡིན་པ་དེ་དག་ནི་མྱ་ངན་དུ་བྱ་བ་ཡིན་པར་རིག་པར་བྱའོ།། དེ་བས་ན་ཨུ་ཞེས་བྱའོ།། ་ཨེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཡོངསུ་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དེ་དེ་བས་ཨེ་ཞེས་བྱའོ།། ཨོཾ་ཞེས་བྱ་བ་ནི་དེ་བཞིན་ག་བྱ ་པའི་དོན་ཏེ། ཨོཾ་ཞེས་བྱ་བ་ནི། འོང་བ་དང་འགྲོ་བའི་དོན་ཡིན་པས་ན། ཇི་ལྟར་སོང་བ་དེ་བཞིན་དུ་འོངས་པས་ན། དེའི་ཕྱིར་ཨཻའི་ཞེས་བྱའོ།། ཨོཾ་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ཀྱི་དོན ་ཏེ། སྨད་འགྱུར་བས། མི་ལས་དེ་བཞིན་གཤེགས་པར་འགྱུརོ།། དེ་བས་ན་ཨོཾ་ཞེས་བྱའོ།། ཨོཾ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་དོན་ཏེ། སྒྲ་བཅུ་བཞི་པོ་ཐམས་ཅད་ཀྱི་འཇུག་པ་ནི་ཨོཾ་ཡིན། ་བས་ན་ཐེག་པ་ཆེན་པོའི་རྒྱུད་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་སྟེ། དེ་བས་ན་ཨོ་ཞེས་བྱའོ།། ཨཾ་ཞེས་བྱ་བ་ནི་ངའི་བསྟན་པ་ལ་རུང་བ་མ་ཡིན་པ་ཐམས ་ཅད་བཟློག་པ་དང་། གསེར་དང་དངུལ་སྤངས་པ་སྟེ། དེ་བས་ནི་བཟློག་པའི་དོན་དུ་ཨཾ་ཞེས་བྱའོ།། ཨཿཞེས་བྱ་བ་ནི་ཐེག་པ་ཆོ་ག་གི་དོན་ཏོ།། དེ་བས་ན་ཨཿཞེས་བྱ་སྟེ། དེ་བཞིན་དུ་སངས་རྒྱས ་ཀྱི་གསུངས་པའི་མདོ་སྡེ་ཐམས་ཅད་དང་། རྒྱུད་ཐམས་ཅད་ཀྱི་མཐའ་ནི་ཐེག་པ་ཆེན་པོ་ཡིན་ནོ།། ཀ་ཞེས་བྱ་བ་ནི་སྙིང་རྗེས་སེམས་ཅན་ཐམས་ཅད་ལ། སྒྲ་ཅན་ཟིན་བཞིན་དུ་ལྟ་བའི་དོན་ཏེ། ་བདག་གི་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་དུ། དེ་ལྟར་བ་སམ་པར་བྱ་བ་ཡིན་པས་ན་དེའི་ཕྱིར་ཀ་ཞེས་བྱའོ།། ཁ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསང་བའི ་དོན་ཏེ། མ་བགྲུངས་པ་རྣམས་ཀྱིས་ཤེས་པར་མི་ནུས་པས་ན་དེའི་ཕྱིར་ཁ་ཞེས་བྱའོ།། ག་ཞེས་བྱ་བ་ནི་སྙིང་པོའི་དོན་ཏེ་སེམ་ས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས ་པའི་སྙིང་པོ་ཡོད་པས་ན་དོའི་ཕྱིར་གཞེས་བྱའོ།། གྷ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསུང་རྟག་ཅེས་བྱ་བའི་དོན་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་རྟག་པ་ཡིན་ནོ།། ང་ཞེས ་བྱ་བ་ནི་འདུ་བྱེད་འཇིག་ཅེས་བྱ་བའི་དོན་ཏེ་དེ་བས་ན་ང་ཞེས་བྱའོ།། ཙ་ཞེས་བྱ་བ་ནི་སྤྱོད་པའི་དོན་ཏེ། སེམས་ཅན་ཐམས་ཅད་ཡོངསུ་སྨིན་པར་བྱ་བས་ན་དེའི་ཕྱིར་ཙ་ཞེས་བྱའོ།། ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དཀར་པོའི་ཆོས་རྣམས་ཀྱི་གདུག་གཅིག་པ་ལམ་མེར་བཞུགས་པ་ཡིན་ཏེ་དེ་བས་ན་ཚ་ཞེས་བྱའོ།། ཛ་ཞེས་བྱ་བ་ནི་ཛ་དང་འདྲ་བར་ཐར་པ་དེ་ཞིགས ་པ་མ་ཡིན་ཏེ། དེ་བས་ན་ཛ་ཞེས་བྱའོ།། ཛྷ་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་སྐྱེན་པར་སྤགས་པར་བྱ་བའི་དོན་ཏེ་དེ་བས་ན་ཛྙཱ་ཞེས་བྱའོ།། ཉ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད ་ཀྱིས་ཆོས་ཤེས་པའི་ཚིག་བླ་དྲགས་ཏེ་དེ་བས་མཉ་ཞེས་བྱའོ།། ཊ་ཞེས་བྱ་བ་ནི་རྔ་བཞིན་དུ་འཇམ་བུའི་གླིང་ཁ་ཅིག་ཏུ་དེ་བཞིན་གཤེགས་པ་མཚུངས་པ་མེད་པའི་སྐུ་སྟེན་པར ་མཛད་དེ་བས་ན་ཊ་ཞེས་བྱའོ།། ཋ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་དོན་ཏེ། ཐ་བཞིན་དུ་ཡོངསུ་རྫོགས་པས་ན་དེའི་ཕྱིར་བ་ཞེས་བྱའོ།། ཊ་ཞེས་བྱ་བ་ནི་དགེ་འདུན་གཞོན་ནུ་ཞེས་བྱ་བའི ་དོན་ཏེ། ནུབ་པར་མི་འགྱུར་བའི་ཕྱིར་ཌཱ་ཞེས་བྱའོ།། ཌྷ་ཞེས་བྱ་བ་ནི་ངོ་ཚ་མི་ཤེས་པའི་དོན་ཏེ། བླ་མ་རྣམས་ལ་དྲིན་དུ་མི་བཟོ་བས་ན་དེའི་ཕྱིརཿཞེས་བྱའོ།། ཎ་ཞེས་བྱ་བ་ནི་འདི ་ལས་ཕྱི་རོལ་པ་རྣམས་འཕགས་པ་མ་ཡིན་པའི་དོན་ཏེ་དེ་བས་ན་ཎ་ཞེས་བྱའོ།། ཏ་ཞེས་བྱ་བ་ནི་སྲིད་པ་ཐ་མས་ཅད་དུ་ལྟུང་བ་ལས་བཟློག་པའི་དོན་ཏེ་དེ་བས་ན་ཏྲ ་ཞེས་བྱའོ།། ཐ་ཞེས་བྱ་བ་ནི་མི་ཤེས་པའི་དོན་ཏེ། དར་གྱི་སྲིན་བུ་བཞིན་དུ་དཀྲིས་པས་ན་དེའི་ཕྱིར་ཐ་ཞེས་བྱའོ།། ད་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལས་བརྩོན་པར་བྱ་བ་ལ ་དགའ་བར་གྱིས་ཞིག་པའི་དོན་ཏེ་དེ་བས་ན་ད་ཞེས་བྱའོ།། དྷ་ཞེས་བྱ་བ་ནི་གཞི་གསུམ་རི་རབ་བཞིན་དུ་བརྟན་ཞིང་ནུབ་པར་མི་འགྱུར་བའི་དོན་ཏེ་དེ་བས་ན་དྡ་ཞེས་བྱའོ།། ན་ཞེས་བྱ་བ ་ནི་གན་གསུམ་གྲོང་ཁྱེར་གྱི་སྒོ་གཏན་གྱི་རྟེན་མ་བཞིན་དུ་ཤིན་ཏུ་བསྟན་པས་མདོའི་ཕྱིར་ན་ཞེས་བྱའོ།། བ་ཞེས་བྱ་བ་ནི་བྱིན་ཅི་ལག་གི་དོན་ཏེ་གཞི་གསུམ་ནུབ་པར་མི་འགྱུར་བ ་བདག་ཉིད་ཡོངསུ་རྨོངས་པར་འགྱུར་བས་ན་དེའི་ཕྱིར་པ་ཞེས་བྱའོ།། པ་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་འཇིག་པའི་དོན་ཏེ། འཇིག་རྟེན་འཇིག་པ་ན་གཞི་གསུམ་འཇིག་པར་འགྱུ ་རོ་ཞེས་ཟེར་བ་ནི་བདག་ཉིད་ཀྱི་འབྲས་བུ་འཇིག་པར་བྱེད་པ་སྟེ། བསྒྲུབ་པ་ལས་ཉམས་པས་ན་དེའི་ཕྱིར་པ་ཞེས་བྱའོ།། བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོབས་རྣམས་ཀྱི་ཚིག ་བླ་དྲགས་ཏེ། སྟོབས་བཅུ་དང་ལྡན་པས་ན་དེའི་ཕྱིར་བ་ཞེས་བྱའོ།། བྷེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ནི་དམ་པའི་ཆོས་ཀྱི་ཁུར་ཁྱེར་བ་ཡིན་ནོ།། ཞེས་བྱ་བའི་དོན་ཏེ་དེ་བས་ན ་ཞེས་བྱའོ།། མ་ཞེས་བྱ་བ་ནི་ངེས་པར་རང་གི་ཁུར་ཁྱེར་བར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ལ་གས་ཡིན་ཏེ་དེ་བས་ན་མ་ཞེས་བྱའོ།། ཡ་ཞེས་བྱ་བ་ནི་དོན་བཞི ་པོ་རྣམས་བྱང་ཆུབ་སེམས་དཔས་བྱ་དགོས་པས་ན་དེའི་ཕྱིར་ཡ་ཞེས་བྱའོ།། ར་ཞེས་བྱ་བ་ནི་འདོད་ཆགས་ད་ང་ཞེ་སྡང་དང་གཏི་མུག་གི་འཇིགས་པ་བསལ་བས་དེ་ཁོ་ན ་ཉིད་ཀྱི་ཆོས་ལ་འཇུག་པས་ན་དེའི་ཕྱིར་ར་ཞེས་བྱའོ།། ལ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལས་གྱེན་དུ་བསྐྱོད་ནས་ཐེག་པ་ཆེན་པོའི་མི་གཡོ་བ་ཉིད་བརྩམ་པར་བྱ་བ་ཡིན་པས་ན་དེའི་ཕྱིར ་ལ་ཞེས་བྱའོ།། ཝ་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ཀྱི་རིགས་སྔགས་དང་། གསང་སྔགས་དང་སྨན་རྣམས་བྱང་ཆུབ་སེམས་དཔའ་མཆོག་རྣམས་ཀྱིས་བསྟན་པས་ན་དེའི་ཕྱིར་ལ ་ཞེས་བྱའོ།། ཤ་ཞེས་བྱ་བ་ནི་ཟུག་རྔུ་གསུམ་དང་བྲལ་བའི་དོན་ཏེ་དེ་བས་ན་ཤ་ཞེས་བྱའོ།། ཥ་ཞེས་བྱ་བ་ནི་ཡོངསུ་རྫོགས་པའི་དོན་ཏེ། མདོ་སྡེ་ཆེན་པོ་འདི་ཐོས་ན་ཤིན་ཏུ་རྒྱས ་པ་ཐམས་ཅད་ཐོས་པར་འགྱུར་བས་ན་དེའི་ཕྱིར་ཥ་ཞེས་བྱའོ།། ས་ཞེས་བྱ་བ་ནི་དམ་པའི་ཆོས་དབྱུང་བའི་སེམས་ཀྱི་དོན་ཏེ་དེ་བས་ནས་ཞེས་བྱའོ།། ཧ་ཞེས་བྱ ་བ་ནི་ཀྱེ་མ་བདགིས་འཁོར་བ་མཐར་གཏུག་སོ།། ཀྱེ་མ་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདའོ།། སྙམ་དུ་དགའ་བ་དང་ཡོངསུ་གདུང་བའི་དོན་ཏེ། དེ་བས་ན་ཧ་ཞེས་བྱའོ།། ་ཀྵ་ཞེས་བྱ་བ་ནི་བདུད་ཀྱི་དོན་ཏེ། བདུད་བྱེ་བ་སྙེད་ཀྱིས་ཀྱང་དགེ་འདུན་དཔེ་བར་མི་ནུས་མོད་ཀྱི།། དེ་བཞིན་གཤེགས་པ་ནི་འཇིག་རྟེན་དང་འཐུན་པར་མཛད་པ་སྟོན་ཏོ།། ཡང་ཀྵ ་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་དང་འཐུན་པ་ར་བྱ་བའི་ཕྱིར། མ་ལ་སོགས་པའི་སྙན་པའི་དོན་ཏོ་དེ་བས་ཀྵ་ཞེས་བྱའོ།། རི་རི་ལི་ལི་ཞེས་བྱ་བའི་ཡི་གེ་བཞི་པོ་འདི་རྣམས་ཀྱིས་ནི ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་། གན་ན་པོ་སྟོན་པའི་དོན་བཞི་རྒྱས་པར་བྱེད་དོ།། འཇིག་རྟེན་དང་འབྲུ་ན་པར་བྱ་བ་དོན་གཉེན་པོ་ཡིན་ཏེ། དཔེར་ན་ལྷ་བྱིན་གྱིས ་དགེ་འདུན་ཕྱེ་བ་ལྟ་བུའོ།། དགེ་འདུན་ཕྱེ་བསྟོན་པ་ན། བསླབ་པའི་གཞི་བཅའ་བའི་ཕྱིར་ཚུལ་གཞན་དག་ཀྱང་སྤྲུལ་ཏེ། ཐབས་སྟོན་པ་དེ་མཐོང་ན་ཤེས་རབ་ཅན་སྐྲག་པར་མི་བྱ་བ ་འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཡིན་ནོ་སྙམ་དུ་ཡིད་ཆེས་པར་བྱ་སྟེ། དེ་བས་ན་རི་རོ་ལི་ལཱ་ཞེས་བྱའོ།། མཆུ་གཉིས་ལས་འབྱུང་བ་དང་། ལྕེ་དྲུང་ནས་འབྱུང་བ་དང་། ཁ་སྣ་གཉིས་ནས ་འབྱུང་བ་དང་། རིང་པོ་དང་། རྒྱུན་རིང་དུ་དྲང་བ་རྣམས་ནི་དོན་དང་ལྷན་ཅིག་ཏུ་སྦར་བ་ཡིན་ནོ།། ཡི་གེ་རྣམས་ལྷན་ཅིག་ཏུ་སྦར་བས་ནི་བྱེད་པ་ལ་འཇུག་པར་འགྱུར་རོ།། ལྕེ་དང་ལུས ་སོགས་པ་རྣམས་ནི་ལུས་ཀྱི་ཁམས་ཡིན་ཏེ། ཁམས་དེ་ཡང་རང་བཞིན་གྱིས་ཡོང་སུ་དག་པའོ།། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམ་པ་སྣ་ཚོགས་དེ་དག་ལྟ་བུ་ཡང་མགོ་མཉམ ་དུ་ཆོས་ཀྱི་དེ་ཁོ་ན་ཉིད་དུ་ཉེ་བར་ཞི་བར་ཁོངསུ་ཞའོ།། དེ་བཞིན་གཤེགས་པའི་སྙིང་པོས་ཁྱབ་པའི་ཁམས་དེའི་གཟི་བརྗིད་ཀྱིས་ལྷན་ཅིག་ཏུ་སྦྱ་རབས་བྱེད་པ་ལ་འཇུག་པར་འགྱུར་ཏེ། ་དེ་བས་ན་ཡི་གེ་བྱེད་པ་ཞེས་བྱའོ།། རྒྱུད་ཐམས་ཅད་དང་། གསང་སྔགས་ཐམས་ཅད་དང་། ཆོས་ཐམས་ཅད་ནི་ཡི་གེའི་ཕྱི་མེ་སྦྱར་བའི་ཐ་སྙད་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས ་པ་དང་ཐར་པ་དེ་ཁོ་ན་ཉིད་དུ་མཐོང་ངོ་།། ཡི་གེ་བ་རྗོད་པ་དང་། རྟོགས་པའི་འདུ་ཤེས་དང་། ཡི་གེ་དང་འབྲུའི་འདུ་ཤེ་ས་དེ་ཉིད་སྤངས་པ་ནི་དེ་བཞིན་གཤེགས་པ་དང་ཐར་པ་སྟེ། ་དེ་བས་ན་ཐར་པ་ནི་དེ་ཐམས་ཅད་དུ་གྲོལ་བ་དང་།། རབ་ཏུ་གྲོལ་བ་ཡིན་ནོ།། དེ་བཞིན་གཤེགས་དེ་ཉིད་ཡི་གེ་ཕྱཝ། ད་པའི་ཆོས་ཀྱི་དེ་ཁོ་ནའི་ཕྱིར་བྱུང་བ་ཡིན་ནོ་སྙམ་དུ་ཡང ་དག་པར་ཤེས་པ་གང་ཡིན་པ་དེ་དག་ནི་ཡི་གེ་ཤེས་པ་ཞེས་བྱའོ།། གཞན་དག་ནི་ཡི་གེ་བྱེད་པ་ཤེས་པ་ཞེས་བྱའོ།། ཡི་གེ་མེད་པ་གང་དག་ཡིན་ཞེ་ན། ཆོས་མ་ཡིན་བསྟེན་པ་གང ་ཡིན་པ་རྣམ་སོ།། ཆོས་ལ་སྙན་པ་ཡིན་དུ་ཟིན་ཀྱང་། དེ་བཞིན་གཤེགས་པ་རྟག་པ་དང་གཞི་གསུམ་པོ་དང་ཐར་པ་ཐེར་ཟུག་པ་དང་། མདོ་སྡེ་དང་། མདོ་སྡེ་མ་ཡིན་པ་དང་། འདུལ ་ཞུ་བ་མ་ཡིན་པ་དང་། བདུད་ཀྱིས་སྨྲས་པ་དང་། སངས་རྒྱས་ཀྱི་གསུངས་པའི་བྱེ་བྲག་མི་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཁོང་ན་ཡི་གེ་མེད་པ་ཞེས་ང་ཟེར་རོ།། རིགས་ཀྱི་བུ། ་དེ་བས་ན་ཁྱེད་ཀྱིས་ཚུལ་འདི་དག་ལས་ཡི་གེ་བྱེད་པ་རྣམས་སློབས་ཤིག་དང་། དེ་ལྟར་བྱས་ན་ཡི་གེ་བྱེད་པ་རྣམས་སླབས་ཤིག་དང་། དེ་ལྟར་བྱས་ན་ཡི་གེ་ཤེས་པ ་པ་ཞེས་བྱ་བའི་གྲངསུ་རྟོགས་པར་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་བང་གིས་གྲངསུ་ཆུད་པར་བགྱི་སྟེ། དེ་ལྟར་འཚལ་བས་ནི་ཡི་གེ་ཕྱེད་པ་རྣམས་བསླབ་པར་བགྱི་འཚལ ་ལག་སོ།། བཅོམ་ལྡན་འདས་བང་གིས་ད་བཟོད་སླེབ་དཔོན་གྱི་མཆོག་ཁྱེད་ལྟ་བུ་རྙེད་ལག་ས།། བཅོམ་ལྡན་འདས་བདག་ནི་ང་བཟོད་ཡིག་རྩིས་ཀྱི་གནས་ཞུགས་པ་ལག་སོ།། བཀའ་སྩལ ་པ་རིགས་ཀྱི་བུ་ལེགས་ལེག་སོ།། དམ་པའི་ཆེས་འདོད་པས་ནི་དེ་ལྟར་འདོད་པས་ནི་དེ་ལྟར་འདོད་པར་བྱ་དགེ་སོ།། རིགས་ཀྱི་བུ་ལ་ཐལ་མོ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། སྡུག་བསྔལ ་དང་། བདག་མེད་པ་རྣམས་ཀྱིས་ཐལ་མོ་རྣམས་དང་། གཞན་དང་འགྲོགས་པའི་ཐལ་མོ་རྣམས་ཏེ། དེ་ནི་བྱིའི་དོན་ཏོ།། གསོལ་པ། སྡུག་བསྔལ་དང་། མི་རྟག་པ་དང་། བདག ་མེད་པ་ལ་ཇི་ལྟར་ཟིལ་མོ་ཞེས་བགྱི་ལགས། བཀའ་སྩལ་པ། ཆེས་ཁ་ཅིག་ནི་མི་རྟག་ལ། ཆེས་ཁ་ཅིག་ནི་རྟག་པའི་ཕྱིར་དང་ཆོས་ཁ་ཅིག་ནི་སྡུག་བསྔལ་ལ། ཆེས་ཁ་ཅིག་ནི་བདེ་བའི་ཕྱིར ་དང་། རེས་ཁ་ཅིག་ནི་བདག་མེད་ལ། ཆོས་ཁ་ཅིག་ནི་བདག་ཡོད་པའི་ཕྱིར་ཏེ། དཔེར་ན་བུ་རམ་ཤིང་དང་། འབྲས་སཱ་ལུ་དང་། འབྲུ་དང་། ཁྲེ་དང་། ཁྲེ་རྒོད་དང་། སྲན་མ་དང་། སྲན་སྡེའུ་དང་། ་སྲ་གེའུ་ལ་སོགས་པ་འབྲུའི་སྣ་གྲངས་རྣམས། མེ་ཏོག་གི་དུས་ནས་འབྲས་བུའི་དུས་ཀྱི་བར་དུ་ནི་མི་རྟག་པའི་ཁོངསུ་འདུསོ།། ཕུབ་མ་མེད་པར་གྱུར་ནས་ནི། སེམས་ཅན་ཐམས་ཅད་ལ་ཕན། ་འདོག་པར་འགྱུར་ལ། འབྲུའི་གངས་ཀྱི་ཁོངསུ་འདུས་ཏེ་དེས་ན་རྟག་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་དུ་གྱུར་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཅི་ལགས། དེ་དག་སླང ་ཀྱིས་མ་མཆིས་པར་མི་འགྱུར་ལགས་སམ། དེ་དག་སླད་ཀྱི་མ་མཆིས་པར་མི་འགྱུར་བ་བཞིན་དུ་དེ་བཞིན་གཤེགས་པ་རྟག་པ་ཞེས་བགྱི་ལགས་མ། བཀའ་སྩལ་པ། དེ་བཞིན་གཤེགས ་པ་རི་རབ་བཞིན་ཞེས་དཔེར་བླང་མོད་ཀྱི། རིའི་རྒྱལ་པོ་རབ་ཀྱང་འཇིགས་པའི་བསྐལ་པས་འཇིག་པར་འགྱུར་བ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཁྱེད་དེ་ལྟར་མ་འཛིན་ཅིག། མྱ་ངན་ལས ་འདས་པ་མ་གཏོགས་པར་འཇིག་རྟེན་ཐམས་ཅད་ན་འཛི་ག་པར་མི་འགྱུར་བ་ཆུང་ཟད་ཀྱང་མེད་ཀྱིས། འཇིག་རྟེན་དང་འཐུན་པའི་ཚུལ་གྱིས་ཀུན་རྫོབ་ཀྱི་བསྙད་ཀྱི་རྗེ་སུ་འཇུག་པར་གྱིས ་ཤིག། གསོལ་པ། བཅོམ་ལྡན་འདས་ལེགསོ་ལེགས།། བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ། མདོ་སྡེ་ཐམ། ས་ཅད་དང་། ཏིངེ་འཛིན་ཐམས་ཅད་ཀྱི་བསྒོམ་པ་བསྒོམ ་པོའི་འབྲས་བུ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་འདི་སེམས་ཅན་རྣམས་ཀྱིས་ནམ་མ་ཐོས་པའི་བར་དུ་ནི་མི་རྟག་པའི་ཁོངསུ་འདུ་སོ།། མདོ་སྡེ་རིན་པོ་ཆེ་འདི་ཐོས་ནས་ནི་རིགས་ཀྱི་བུའོ ་རིགས་ཀྱི་བུ་མོ་རྣམས་ཉོན་མོངས་པ་དང་བཅས་པའི་ཡིན་དུ་ཟིན་ཀྱང་། ཉོན་མོངས་པ་མེད་པའི་ཁེངསུ་འདུས་ལ། སེམས་ཅན་ཐམས་ཅད་ལ་ཕན་འདོག་པར་ཡང་འགྱུར་ཏེ། ཅིའི ་བྱིར་ཞེ་ན། བདག་ལ་དེ་བཞིན་གཤེགས་པའི་སྲིང་པོ་ཡོད་པར་ཤེས་པའི་ཕྱིར་རོ།། མཆོག་ཏུ་རྟག་པར་ཤེས་ནས་ཀྱང་དེ་དག་འཇུག་པར་འགྱུརརོ།། རིགས་ཀྱི་བུ་གཞན་ཡང་དཔེ ་། ན། ཤིང་ཨ་མྲ་འམ། ཤིང་ཏ་ལ་ཡང་རུང་སྟེ། མེ་ཏོག་གི་དུས་ནས་འབྲས་བུའི་དུས་ཀྱི་བར་དུ་ནི་མི་རྟག་པའི་ཆོས་ཀྱི་ཁོངསུ་འདུསོ།། འབྲས་བུ་སྨིན་པར་གྱུར། ་ནས་ནི། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་འགྱུར་ཏེ་རྟག་པའི་ཆོས་ཀྱི་ཁོངསུ་འདུས་པར་འགྱུ་རོ།། རིགས་ཀྱི་བུ་དེ་བཞིན་དུ། མདོ་སྡེ་ཐམས་ཅད་དང་། ཏིང་འཛིན ་ཐམས་ཅད་ཀྱི་སྒོམ་པ་བསྒོམ་པའི་འབྲས་བུ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་སེམས་ཅན་རྣམས་ཀྱིས་ནམ་མ་ཐོས་པའི་བར་དུ་ནི་མི་རྟག་པའི་ཁོངསུ་འདུས ་མདོ་སྡེ་རིན་པོ་ཆེ་འདི་ཐོས་ནས་ནི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་རྣམས་ཉོན་མོངས་པ་དང་བཅས་པ་ཡིན་དུ་ཟིན་ཀྱང་། ཉོན་མོངས་པ་མེད་པའི་ཁོངསུ་འདུས་པ་ལ། སེམས ་ཅན་ཐམས་ཅད་ལ་ཡང་ཕན་འདོགས་པར་འགྱུར་ཏེ།། འི་ཕྱིར་ཞེ་ན། བདག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཤེས་པའི་ཕྱིརོ།། མཆོག་ཏུ་རྟག་པར ་ཤེས་ནས་ཀྱང་དེ་དག་འཇུག་པར་འགྱུརརོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་གསེར་ཁུང་ངམ་ཟངས་ཁུང་ཡང་རུང་སྟེ། བརྐོ་བའི་དུས་ཀྱི་བར་དུ་ནི་མི་རྟག་པའི་ཁོངསུ་འདུས་སོ།། ་གསེག་མ་དང་། རྡོ་དང་། སྐྱོན་རྣམས་མེད་པར་གྱུར་ནས་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་འགྱུར་ཏེ། རྟག་པའི་རྫས་རིན་པོ་ཆེའི་ཁོངསུ་འདུསོ།། རིགས་ཀྱི་བུ ་དེ་བཞིན་དུ། མདོ་སྡེ་ཐམས་ཅད་དང་། ཏིང་འཛིན་ཐམས་ཅད་ཀྱི་བསྒོམ་པ་བསྒོམས་པའི་འབྲས་བུ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི། སེམས་ཅན་རྣམས ་ཀྱིས་ནམ་མ་ཐོས་ཀྱི་བར་དུ་ནི་མི་རྟག་པའི་ཁོངསུ་འདུསོ།། མདོ་སྡེ་རིན་པོ་ཆེ་འདི་ཐོས་ནས་ནི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་རྣམས་ཉོན་མོངས་པ་དང་བཅས་པ་ཡིན་དུ་ཟིན་ཀྱང་། ན། ་མོངས་པ་མེད་པའི་ཁོངསུ་འདུས་ལ། སེམས་ཅན་ཐམས་ཅད་ལ་ཡང་ཕན་འདོག་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཤེས་པའི་ཕྱིར ་རོ།། མཆོག་ཏུ་རྟག་པ་ཤེས་ནས་ཀྱང་དེ་དག་འཇུག་པར་འགྱུརོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། བུ་རམ་ཤིང་ངམ། ཏིལ་ཡང་རུང་སྟེ། ཁུ་བ་དང་མར་དུ་གྱུར་པའི་དུས་ཀྱི་བར་དུ་ནི། ་མི་རྟག་པའི་ཁོངསུ་འདུསོ།། བུ་རམ་ཤིང་གི་ཚིགས་མ་དང་།། ཏིལ་གྱི་ཚིགས་མ་མེད་པར་གྱུར་ནས་ནི།། སེམས་ཅན་ཐམས་ཅད་ལ་ཡང་ཕན་འདོག་པར་འགྱུར་ལ། རྫས ་རྟག་པའི་ཁོངསུ་ཡང་འདུས་པར་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་མདོ་སྡེ་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་བསྒོམ་པ་བསྒོམས་པའི་འབྲས་བུ་ཡོངསུ་མྱ ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་སེམས་ཅན་རྣམས་ཀྱི་མ་ཐོས་ཀྱི་བར་དུ་ནི་མི་རྟག་པའི་ཁོངསུ་འདུ་སོ།། མདོ་སྡེ་རིན་པོ་ཆེ་འདི་ཐོས་ནས་ནི། རིགས་ཀྱི་བུ་འམ་རིགས ་ཀྱི་བུ་མོ་རྣམས་ཉོན་མོངས་པ་དང་བཅས་པ་ཡིན་དུ་ཟིན་ཀྱང་ཉོན་མོངས་པ་མེད་པའི་ཁོངསུ་འདུས་ལ་སེམས་ཅན་ཐམས་ཅད་ལ་ཡང་ཕན་འདོགས་པར་འགྱུར་ཏེ། ཅིའི་ཕྱིར ་ཞེ་ན། བདག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཤེས་པའི་ཕྱིར་རོ།། མཆོག་ཏུ་རྟག་པར་ཤེས་ནས་ཀྱང་དེ་དག་འཇུག་པར་འགྱུརོ།། རིགས་ཀྱི་བུ་གཞན་ཡང་དཔེར ་ན་ཆུ་རླུང་ཐམས་ཅད་ནི་རྒྱ་མཚོའི་ཁོངསུ་འདུས་སོ།། རིགས་ཀྱི་བུ་དེ་བཞིན་དུ་མདོ་སྡེ་ཐམས་ཅད་དང་། ཏིང་འཛིན་ཐམས་ཅད་དང་། ཐེག་པ་ཆེན་པོ་ཡོངསུ་མྱ་ངན་ལས་འདས ་པ་ཆེན་པོའི་མདོ་ཆེན་པོ་འདིའི་ཁོངསུ་འདུས་སོ།། ཅིའི་ཕྱིར་ཞེ་ན། འདི་ལས་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་ཡོངསུ་མཐར་ཐུག་པ་གསལ་བར་བསྟན་པའི་ཕྱིར་ཏེ། མཆོག་ཏུ་མཐ ་ཕྱིན་པ་གང་ཡིན་པ་དེ་ནི་རྒྱུ་ཞེས་བྱའོ།། དེ་བས་ན་ཆོས་ཁ་ཅིག་ནི་མི་རྟག་ལ། ཆོས་ཁ་ཅིག་ནི་རྟག་ཅེས་བྱའོ།། གསོལ་ག། སངས་རྒྱས་ལ་ཡང་མྱ་ངན་གྱི་ཟུག་རྔུ་མཛད་པ་མངའོ་ཞེས་སྨོས ་ཏེ། རྫོགས་པའི་སངས་རྒྱས་ཀྱི་ནི་མིའི་མྱ་ངན་ལྟ་བུ་ཡང་མ་ལ་གས། ལྕིའི་མྱ་ངན་ལྟ་བུ་ཡང་མ་ལགས། བདུད་ཀྱི་མྱ་ངན་ལྟ་བུ་ཡང་མ་ལགས། སངས་རྒྱས་ནི་དུད་འགྲོར་སྐྱེས་པ་ལྟ་བུར ་ཡང་མྱ་ངན་མི་མཛད་ལགས་ན། ཇི་ལྟ་བུ་ཞིག་ལགས་བཀའ་སྩལ་པ། འདུ་ཤེས་མེད་པ་རྣམས་ཀྱི་འདུ་ཤེས་ཀྱང་ཇི་ལྟ་བུ་ཞིག། འདུ་ཤེས་མེད་ན་ནི་གསོན་པའི་ཡང་མི ་རིགས་ཀྱི། འདུ་ཤེས་མེད་པ་རྣམས་ནི་གསོན་པོ་ཡིན་ནོ།། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་མེད་པ་དེ་དག་ལ་འདུ་ཤེས་ག་ལ་ཞིག་ཡོད་དེ། དཔེར་ན། ཤིང་རྣམས་ལ་ལྷ་རྣམ ་གནས་མེད་ཀྱི། ལྷ་དེ་དག་ཤིང་གི་ཡལ་ག་རྣམས་སམ། རྩ་བ་རྣམས་གང་ན་གནས་པ་མི་མངོན་པ་དེ་བཞིན་དུ་བསྟན་པ་ཡང་ཟབ་བོ།། དེ་བཞིན་གཤེགས་པ་ཡང་ཟབ་བོ།། སྒྲ་གཅན ་ཟིན་ལ་བྱ་བ་བཞིན་དུ་བྱམས་པས་རྟག་ཏུ་མྱ་ངན་བྱེད་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་མྱ་ངན་བྱེད་པ་དང་འདྲའོ།། དེ་དག་ནི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ ་ཡིན་ཏེ། སངས་རྒྱས་རྣམས་ནི་དེ་ལྟ་བུ་ཡིན་ནོ།། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཅི་འདྲ་བ་དང་། སྐུ་ཅི་འདྲ་བ་དང་རང་བྱུང་རྣམས་ཀྱི་གསུང་ཅི་འདྲ་བ་དང་། ཐུགས་ཅི་འདྲ་བ་ནི་སངས་རྒྱས ་རྣམས་ཀྱིས་སངས་རྒྱས་ཀྱིས་མཁྱེན་པར་ཟད་དེ། ཡིད་ཀྱི་རང་བཞིན་ལ་མྱ་ངན་ག་ལ་ཡོད། མྱ་ངན་མེད་ན་ཡང་བསྟན་ཤིན་ཏུ་རྒྱས་པ་ཡོད་པ་དང་འགལོ།། མྱ་ངན་མེད་དོ་ཞེས་བྱས ་ན་ནི་སྒྲ་གཅན་ཟིན་དང་འདྲ་བར་གཟིགས་ཤེས་བྱ་བ་བརྫུན་པར་འགྱུར་རོ།། ཆོས་ཐམས་ཅད་བརྫུན་པའོ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པར་བསྟན་ཏོ།། དེ་བཞིན་དུ་སངས་རྒྱས་བཅ ་ལྡན་འདས་ཀྱང་བསམ་གྱིས་མི་ཁྱབ་བོ།། ཆོས་ཀྱང་བསམ་གྱིས་མི་ཁྱབ་བོ།། བསྟན་པ་ཡང་བསམ་གྱིས་མི་ཁྱབ་སྟེ། དེ་ལྟར་ན་སངས་རྒྱས་རྣམས་ཀྱི་ཡང་དག་པའི་ཆོས་ཉིད ་ནི་དེ་ཡིན་ནོ།། ཇི་སྲིད་དུ་ན་མཁའ་ཡིན་པ་དེ་སྲིད་དུ་ཁྱིམ་གནས་པ་ཡང་མེད། བཀའ་བ་ཡང་མེད། རྡུལ་ཡང་མེད་དེ། ན་མཁའི་ངོ་བོ་ཉིད་ཁོ་ནར་འདུག་པ་དེ་མཐོང ་ནས་བྱིས་པའི་རང་བཞིན་ཅན་རྣམས་ཀྱི་ནམ་མཁའ་ཇི་ལྟར་འདུག་པ་དེ་བཞིན་དུ་སེམས་ཡོངསུ་བསྒྲུབ་པར་བྱའོ།། དེ་ལྟར་བསམ་གྱིས་མི་ཁྱབ་པ་ལ་མྱ་ངན་ག་ལ་ཡོད། མྱ་ངན ་མེད་པར་ཡང་སྒྲ་གཅན་ཟིན་དུ་གཟིགས་ཤེས་བྱ་བ་དོན་མེད་པར་གྱུར་ཏེ། དེ་བཞིན་གཤེགས་པའི་མྱ་ངན་ནི་ནམ་མཁའ་དང་འདྲའོ།། སྒྱུ་མ་ལ་སེམས་གཞན་མེད་པ་བཞིན་དུ་དེ ་བཞིན་གཤེགས་པ་ལ་མྱ་ངན་མངའ་ཞེས་བྱ་བ་དེ་ཡང་སྒྱུ་མའི་ཚུལ་ཙམ་དུ་ཟད་ན་ཡང་། ཡེངསུ་མྱ་ངན་ལས་འདས་པ་ལྟ་ལ་མྱ་ངན་ག་ལི་ཡོད། མི་རྟག་པ་ལ་ནི་མྱ་ངན་ཡོད་དེ། ་དེ་དག་གི་སེམས་ལས་གྱུར་པ་ཡིན་ནོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་གོ།། མི་རྟག་པ་ནི་མྱ་ངན་ཡོད་ན་དེ་བཞིན་གཤེགས་པ་ནི་མི་རྟག་པ་མ་ཡིན་པས ་ན་མྱ་ངན་ཡོད་ཅེས་བྱ་བ་དང་། མེད་ཅེས་བྱ་བར་རྟོགས་པར་མི་ནུས་ཏེ། དེ་བཞིན་གཤེགས་པ་ནི་མྱ་ངན་དང་བྲལ་བ་ཡིན་ནོ།། དམའ་བས་ནི་དམའ་བ་ཤེས་ཀྱི། དམའ་བས་འབྲིང་ཤེས ་ཀྱི། འབྲིང་གིས་རབ་མི་ཤེས་སོ།། རབ་ཀྱིས་ནི་དམའ་བ་དང་། འབྲིང་དང་། རབ་རྣམས་ཤེས་སོ།། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་རང་གི་སའི་བདག་ཤེས་པར་ཟད་དོ།། ས ་རྒྱས་རྣམས་ཀྱིས་ནི་ཐམས་ཅད་ཐུགསུ་ཆུད་དེ། དེ་བས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡེ་ཤེས་སྒྲིབ་བ་མི་མངའ་བ་ཞེས་བྱའོ།། དེ་ལྟར་ན་ལྷ་ཡུལ་དང་།། ་སིའི་སྟེང་དག་ཏུ་སྒྱུ་མ་རྣམ་པ་སྣ་ཚོགས་སྟོན་ཏོ།། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་དང་འཐུན་པར་སྟོན་ཏོ་སྙམ་དུ་ཤེས་ནས། ཤིའི་མིག ་དང་ལྡན་པའི་བྱིས་པ་རྣམས་ཀྱིས་ཀྱང་ཐོགས་པ་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་མཁས་པའི་ཤེས་ལ་གནས་པར་བྱའོ།། དེ་ལྟར་ན་མྱ་ངན་དང་། མྱ་ངན་མེད་པ་ཞེས་བྱ་བ་ནི ་རྫོགས་པའི་སངས་རྒྱས་ཀྱི་རྟག་པ་ཡིན་གྱིས་བྱིས་པ་རྣམས་ཀྱི་ཡུལ་མ་ཡིན་ནོ།། དེ་བས་ན་ཆོས་ཁ་ཅིག་ནི་བདག་ཡོད་ལ། ཆོས་ཁ་ཅིག་ནི་བདག་མེད་དེ། འདི་ནི་ཟལ་མོ་ལྟ ་བུར་བསྟན་པ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་སངས་རྒྱས་ཀྱི་སྤྲོ་ཡུལ། བྱ་གཞང་གཟས་ལ་འགྲོ་བ་ལྟ་བུ་བསྟན་པར་བྱ་སྟེ། དཔེར་ན་བྱ་གཞད་རྣམས་དང་། ཟལ་མོ་རྣམས་ནི ་དབྱར་ཆུ་ཀླུང་རྣམས་ཀྱི་ཆུ་ཤིན་ཏུ་དྲུག་པའི་ཚེ་རང་གི་སྒོ་ངའི་ཆེས་བྱ་བའི་ཕྱིར། ཐང་ཀ་ལས་གཞི་བསྟན་པོར་གནས་འཆའ་བར་བྱེད་ལ། སྤྱོད་ཡུལ་གང་ཡིན་པ་དེར་འདོང་བར ་བྱེད་དེ་དེ་ནི་དེ་དག་གི་ཆོས་ཉིད་དོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྐྱེད་ནས་སེམས་ཅན་བྱེ་བ་ཕྲག་མང་པོ་དམ་པའི ་ཆོས་ལ་བཀོད་དོ།། གཞན་དང་ཐལ་མོ་བཞིན་གདུལ་བར་བྱ་བ་ཇི་སྙེད་ཡོད་པ་དེ་དག་གི་དོན་རྣམས་བྱས་ཟིན་ནས་གདུལ་བར་བྱ་བ་གཞན་དག་ལ་ཡོད་པ་དེར་སྣང་བར་འགྱུར ་རོ།། དེ་ལྟར་ན་ཆོས་ཁ་གཅིག་ནི་སྡུག་བསྔལ་ལ་ཆོས་ཁ་ཅིག་ནི་བདེན་ཞེས་བྱ་སྟེ། འདུ་བྱེད་གང་ཡིན་པ་དེ་དག་ནི་སྡུག་བསྔལ་བ་དང་འཇིག་པ་ཡིན་ནོ།། མྱ་ངན་ལས ་འདས་པ་གང་ཡིན་པ་དེ་ནི་མཆོག་ཏུ་བདེ་བ་ཡིན་ཏེ་འདུ་ཁྱེད་སྤངས་པའི་ཕྱིར་བདེ་བ་དང་ལྡན་ནོ།། གསོལ་པ། དེ་རྗེ། ལྟ་བུ་ལགས་བཀའ་སྩལ་པ། ཇི་ལྟ་བ་བཞིན་ནོ།། ་གསོལ་པ་མྱ་ངན་ལས་འདས་པ་ཐོབ་པའི་སེམས་ཅན་རྣམས་ཇི་ལྟར་བདེ་བ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ངས་བསྟན་པ་ལ། རྒ་བ་དང་། འཆི་བ་ནི། འདུ་བྱེད་རྣམས་ལས ་བྱུང་བའོ།། བག་ཡོད་པ་ནི་འཆི་བ་མེད་པའི་གན་སོ།། བག་མེད་པ་ནི་འཆི་བའི་གན་སོ།། བག་ཡོད་པ་དང་ལྡན་པ་རྣམས་ནི་འཆི་བར་མི་འགྱུར་རོ།། བདག་མེད་པ་དང་ལྡན་པ་རྣམས་ནི ་རྟག་ཏུ་ཤི་བ་དང་འདྲའོ།། བག་མེད་པ་གང་ཡིན་པ་དེ་ནི་འདུ་བྱེད་ཡིན་ཏེ། དེ་ནི་མཆོག་ཏུ་སྡུག་བསྔལ་བའོ།། མྱ་ངན་ལས་འདས་པ་ནི་འཆི་བ་མེད་པའོ།། བདག་མེད་པ་དང ་ལྡན་པ་རྣམས་ནི་འདུ་བྱེད་དུ་གྱུར་པ་ཡིན་ཏེ།། དེ་དག་ནི་མཆོག་ཏུ་སྡུག་བསྔལ་བའོ།། མྱ་ངན་ལས་འདས་པ་གང་ཡིན་པ་དེ་དག་ནི་འཆི་བ་མེད་པ་ཡིན་ནོ་ཞེས་ང་ཟེར ་བག་ཡོད་པ་དང་ལྡན་པ་གང་ཡིན་པ་དེ་དག་ནི་འདུ་བྱེད་དུ་གྱུར་པ་མ་ཡིན་ཏེ། དེ་དག་ནི་འདུ་བྱེད་རྣམས་ལ་སྤྱོད་ཀྱང་རྒ་བ་མེད་པ་དང་། འཆི་བ་མེད་པ་དང་། གཞིག་ཏུ་མེད་པ་ཞེས་པ ་ཟེར་རོ།། དེ་ལ་བག་མེད་པ་དང་ལྡན་པ་རྣམས་ནི་གང་ཡིན། བག་ཡོད་པ་དང་ལྡན་པ་རྣམས་ནི་གང་ཡིན་ཞེ་ན། འཇིག་རྟེན་པ་རྣམས་ནི་བག་མེད་པ་དང་ལྡན་པ་ཡིན་ཏེ་ཤི་བ་དང་འདྲམ ་འཇིག་རྟེན་ལས་འདས་པ་རྣམས་ནི་རྒ་བ་མེད་པ་དང་། འཆི་བ་མེད་པའོ།། བག་ཡོད་པ་དང་ལྡན་པ་རྣམས་ནི་མྱ་ངན་ལས། འདས་པ་མཆོག་ཏུ་བདེ་བ་ཐོབ་པའོ།། དེ་བས ་ན་ཆོས་ཁ་ཅིག་ནི་སྡུག་བསྔལ་ལ། ཆོས་ཁ་ཅིག་ནི་བདེ་བ་ཡིན་ནོ་ཞེས་ངས་བསྟན་ཏོ།། ཆོས་ཁ་ཅིག་ནི་བདག་མེད་ལ། ཆོས་ཁ་ཅིག་ནི་བདག་ཡོད་པ་ནི་དཔེར་ན་ས་ལ་འདུག་པའི ་ལྷའི་མིག་མེད་པས་ན་མཁའ་ལ་བྱ་འཕུར་བའི་རྗེས་མི་མཐོང་བ་དེ་བཞིན་དུ་ཉོན་མོངས་པ་ལ་གནས་པ་རྣམས་ཀྱིས་བདག་ཉིད་ལ་སྙིང་པོའི་མཆོག་ཡོད་པ་བང་གིས་མི་མཐོང་སྟེ། དེ་བ ་ནངས་དགོངས་པའི་ཚིག་གིས་བདག་མེད་དོ་ཞེས་བསྟན་ཏོ།། ལྡིའི་མིག་མེད་པའི་མི་རྣམས་ཀྱིས་ནི་བདག་ལ་བདག་ཡོད་དུ་ཟིན་ཀྱང་མི་མཐོང་སྟེ། ཉོན་མོངས་པ་ཡི་ནོ་ཞེས་ངཟེརརོ།། ་ཉོན་མོངས་པའི་རྣམ་པའི་འདུ་བྱེད་རྣམས་གང་ཡིན་པའི་ཆོས་དེ་དག་ནི་མི་རྟག་པ་ཞེས་བྱའོ།། དེ་བས་ན་ཆོས་ཁ་ཅིག་ནི་མི་རྟག་པའོ་ཞེས་ངས་བསྟན་ཏོ།། རྒྱུ་དེས་ན་ཤེས་རབ ་རབ་ལྡན་པ་རི་ཀར་འདུས་པ་ཡིས། བྱིས་པ་ལ་འདུག་པ་ལེགས་པར་མཐོང་། ཤེས་རབ་ཁང་བཟངས་སྟེང་ན་འདུག་པ་ཡིས།། མྱ་ངན་མེད་ཀྱང་སྐྱེ་དགུ་མྱ་ངན་མཐོང་།། ཞེས་བྱ་བ ་སྟེ་དེ་ལྟར་ཉོན་མོངས་པའི་རྣམ་པ་བཅད་ནས་ཤེས་རབ་ཅན་རི་ཀ་ན་གནས་པས་ཉོན་མོངས་པའི་རྣམ་པ་དང་འབྲེལ་པའི་བྱིས་པ་མཐོང་བ་བཞི་ནོ།། གསོལ་པ། ཤེས་རབ་ཁང་ཐོག ་མཆིས་པ་གང་དག་ལགས། མྱ་ངན་མ་མཆིས་གང་ལགས་འཇིག་རྟེན་ན། མྱ་ངན་མ་མཆིས་མྱ་ངན་འདས་པ་ལ།། མྱ་ངན་དག་ནི་ཇི་ལྟར་མཆིས་པར་འགྱུར།། གལ་ཏེ་སངས་རྒྱས ་བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདས་ན་བྱིས་པ་རྣམས་ཀྱི་ཇི་ལྟར་མཐོང་ལགས། ཤེས་རབ་ཀྱི་ཁང་བཟངས་ཀྱི་སྟེང་དུ་ཡང་ཇི་ལྟར་བཞུགས་ལགས། མི་རི་ཀ་ན་མཆིས་པས ་ནི་མཐོང་དུ་རུང་སྟེ། འདི་ནི་མཆིས་ན་གདོང་རུང་ལགས་ན། ཡོངསུ་མྱ་ངན་ལས་འདས་པས་ཇི་ལྟར་མཐོང་ལགས། བཀའ་སྩལ་པ། ཤེས་རབ་ཀྱི་ཁང་བཟངས་ནི་མྱ་ངན ་ལས་འདས་པའོ།། མྱ་ངན་མེད་པ་ནི་དེ་བཞིན་གཤེགས་པའོ།། མྱ་ངན་གྱི་ཤས་ཆེ་བ་ནི་སྐྱེ་དགུ་རྣམས་ཡིན་ཏེ། དེ་དག་ནི་མྱ་ངན་ཅན་ཡིན་ལ་དེ་བཞིན་གཤེགས་པ་ནི་མྱ་ངན་མེད་པའོ།། ་རི་ཞེས་བྱ་བ་ནི་ཐར་པ་ཡིན་ཏེ། རི་རབ་བཞིན་དུ་བསྟན་པའི་ཕྱིའོ།། ས་ཞེས་བྱ་བ་ནི་འདུ་བྱེད་རྣམསོ།། བྱིས་པ་ཐམས་ཅད་ནི་ས་ལ་འཁོད་པའོ།། ཤེས་རབ་ཅན་ཞེས་བྱ་བ་ནི་རྫོགས་པའི ་སངས་རྒྱས་ཀྱི་དོན་ཏོ།། དེ་བཞིན་གཤེགས་པ་མྱ་ངན་མེད་ཅིང་བརྟན་པའི་ཕྱིར་རོ།། སངས་རྒྱས་ནི་མྱ་ངན་ཅན་གྱི་ནང་ན་མྱ་ངན་མེད་པ་སྟེ། སེམས་ཅན་རྣམས་ཀྱི་མྱ་ངན་གྱི་ཟུག་རྔུ ་། སེལ་བའོ།། གསོལ་པ། གལ་ཏེ་དེ་བཞིན་གཤེགས་པ་མྱ་ངན་ལས་མ་འདས་ན་ནི་ད་དུང་མྱ་ངན་མངའ་སྟེ། རྫོགས་པར་སངས་མ་རྒྱས་པ་ཞེས་བྱའོ།། བཀའ་སྩལ་པ། རྒྱུ་མེད་དེ། ་གང་ན་གདུལ་བར་བྱ་བ་རྣམས་ཡོད་པ་དེར་ནི་རྫོགས་པའི་སངས་རྒྱས་སྣང་སྟེ་དེར་སྐྱེ་བ་ལྟ་བུར་སྟོན་པ།། དེ་བས་ན་དེ་བཞིན་གཤེགས་པ་ནི་རྡེག་པ་ན་རྟག་པ་ཡིན་ཏེ། སངས་རྒྱས་བྱ ་གཞད་དང་།། ཟབ་མོ་ལྟ་བུ་ཞེས་བྱའོ།། འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ལས།། །། བམ་པོ་བཅུ་གཅིག་པ། ་རིགས་ཀྱི་བུ་དཔེར་ན། ཟླ་བ་ནི་ཉིན་པར་སྣང་བ་ན་ཁ་ཅིག་ཏུ་ལྟུང་བ་ལྟ་བུར་སྣང་ཏེ། དེ་ནས་སེམས་ཅན་རྣམས་ཀྱིས་ལྟ་བ་ལྟུང་ངོ་སྙམ་དུ་འཛིན་ཏོ།། ཟླ་བ་ནི་མེད་པར་མི་འགྱུར་ཏེ། ་གླིང་གཞན་དུ་འཆར་བར་འགྱུར་ལ་དེར་ཡང་ཟླ་བ་སྐྱེས་པ་མེད་དོ།། སེམས་ཅན་རྣམས་ཀྱིས་ནི་ཟླ་བ་ཤར་ཏོ་སྙམ་དུ་འཛི་ན་ཏེ། ཟླ་བ་ནི་ལྟུང་བ་ལྟ་བུར་སྣང་ཡང ་འཇིག་པར་མི་འགྱུར་ལ་འཆར་བ་ལྟ་བུར་སྡང་ཡང་སྐྱེ་བ་མེད་དེ། རིའི་རྒྱལ་པོ་རི་རབ་ཀྱིས་བསྒྲིབས་པས་མི་སྣང་བར་ཟད་ལ། ཟླ་བ་ནི་རང་བཞིན་གྱིས་སྐྱེས་ཟིན་པ ་ཡིན་ཏེ། སྣང་བྱེད་རྣམས་ཀྱི་ཆོས་ཉིད་ནི་དེ་ཡིན་ནོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་ན། འཛམ་བུ་གླིང་ལ་ལ་ནི་ཕ་མ་ཕྲད་པ་ལས་སྐྱེས་པར་ཡང་སྣང་སྟེ། སེམས་ཅན་རྣམས་ཀྱིས་སྐྱེསོ་སྙམ་དུ་འཛིན་ལ། དེ་བཞིན་གཤེགས་པ་ལ་ནི་སྐྱེས ་པ་མེད་དོ།། འཛམ་བུ་གླིང་ལ་ལ་ནི་ཡོངསུ་མྱ་ངན་ལས་འདའ་བ་ལྟ་བུར་སྣང་ལ་དེ་བཞིན་གཤེགས་པ་ནི་འཆི་བ་མེད་དོ།། སེམས་ཅན་རྣམས་ཀྱིས་ནི་ཤིའོ་སྙམ་དུ་འཛིན་ཏོ།། ་བཞིན་གཤེགས་པ་ནི་ལྟུང་བ་དང་། སྐྱེ་བ་ལྟ་བུར་སྣང་ཡང་སྐྱེ་བ་ཡང་མེད། འཆི་བ་ཡང་མེད། གདུལ་བར་བྱ་བའི་དབང་གིས་ནི་ཟླ་བ་བཞིན་དུ་ཡང་རྒྱུ་བར་མཛད་དོ།། ཟླ་བ་ནི་གླི ་ཁ་ཅིག་ཏུ་ཟླ་བ་ཉ་བ་ཡོངསུ་རྒྱས་པ་ལྟ་བུར་སྣང་སྟེ། སེམས་ཅན་རྣམས་ཀྱི་ཟླ་བ་ཉའོ་སྙམ་དུ་འཛིན་ཏོ།། ཟླ་བ་ནི་གླིང་ཁ་ཅིག་ཏུ་ཡི་གེ་དང་འདྲ་བར་ཟླ་བ་ཕྱེད་པ་ཡང་སྣང་སྟེ། ་འཛམ་བུ་གླིང་པ་རྣམས་ཀྱིས། དེང་ཟླ་བ་ཚེས་གཅིག་ཡིན་ནོ་སྙམ་དུ་འཛིན་ཏོ།། དེ་ནས་ཟླ་བ་བྱེད་པར་འཛིན་ཏོ།། དེ་ནས་ཆོས་བཅོ་ལྔ་ཡིན་ནོ་སྙམ་སྟེ། ཟླ་བ་ཉོ་བར་འཛིན་ཏོ།། ་ཅིག་གིས་ཟླ་བ་ཕྱེད་ཡིན་པར་འཛིན་ཏོ།། ཟླ་བ་ཕྱེད་དུ་འགྱུར་ཞིང་འཆར་ས་ཟླ་བ་ནི་རི་རབ་ཀྱི་རྐྱེན་གྱིས་དེ་ལྟར་སྣང་ངོ་།། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ལ་ཛམ་བུ་གླིང་ལ་ལར་ནི་ཡོངསུ་མྱ་ངན་ལས་འདའ་བ་ལྟ་བུར་སྣང་སྟེ། སེམས་ཅན་རྣམས་ཀྱི་དེ་བཞིན ་གཤེགས་པ་ཡོངསུ་མྱ་ངན་ལས་འདས་སོ་སྙམ་དུ་འཛིན་ཏོ།། འཛམྦུ་གླིང་ལ་ལར་ནི་ཟླ་བ་ཚེས་བཞིན་དུ་སྐྱེ་བ་ལྟ་བུར་སྣང་སྟེ། སེམས་ཅན་རྣམས་ཀྱིས་ཁྱེའུ་འདི་སྐྱེས་སོ། ་སྙམ་དུ་འཛིན་ཏོ།། ཟླ་བ་ཚེས་གཉིས་པ་དང་འདྲ་བར་ནི་ལྷའི་ཐང་དུ་འགྲོ་བར་འཛིན་ཏོ།། ཟླ་བ་ཚེས་གསུམ་དང་འདྲ་བར་ནི་ཡི་གེ་སློབ་པའི་སར་འགྲོ་བར་འཛིན་ཏོ།། ཟླ་བ་ཚེས ་བརྒྱད་ལྟ་བུར་ནི་རབ་ཏུ་བྱུང་བར་སྟོན་ཏོ།། ཟླ་བ་ཉ་བ་ལྟ་བུར་ནི་འོད་ཀྱིས་མུན་པ་སྩལ་པ་བཞིན་དུ་བདུད་བྱེ་བ་སྙེད་བརླག་ནས་ལམ་མེར་བཞུག་སོ།། ཟླ་བ་ནུབ་པ་ལྟ་བུར་ནི ་ཡོངས་མྱ་ངན་ལས་འདའ་བར་སྟོན་ཏེ།། ཟླ་བ་གཟའ་རྣམས་ཀྱིས་བསྐོར་བ་བཞིན་དུ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཏོ།། ཁ ་ཅིགས་ནི་ལྟུང་བར་འཛིན་ཁ་ཅིག་གིས་ནི་སྐྱེ་བར་འཛིན་ལ་སྐྱེས་པ་ཡང་མེད་འགག་པ་ཡང་མེད་དེ།། དེ་བཞིན་གཤེགས་པ་ནི་ཟླ་བ་ཉ་བ་བཞིན་དུ་དུས་ཐམས་ཅད་རྟག་པ་ཡིན ་ནོ།། དེ་བས་ན་དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་ཞེས་བྱའོ།། དཔེར་ན། ཟླ་བ་ཐམས་ཅད་དུ་སྣང་ཏེ། མུ་དང་། དགོན་པ་དང་། ཁྱིམ་དང་། གྲོང་ཁྱེར་དང་། ཆུར་ཆུས་གང་བ ་རྣམས་དང་། ཁྲོན་པ་དང་། གཞན་ཡང་དཔག་ཚད་སྟོང་སྲིད་དུ་ཡང་རུང་སེམས་ཅན་རྣམས་གང་དུ་འགྲོ་བ་དེ་དག་ཐམས་ཅད་དུ་སྣང་སྟེ། དེར་བྱིས་པ་རྣམས་ཀྱི་ཡིད་ལ་ཟླ་བ་འདི ་ནི་བདག་ཁོ་ནའི་ཕྱི་བཞིན་འབའ་ཤིག་ཏུ་འོང་ངོ་སྙམ་དུ་འཛིན་ཏོ།། གང་གང་གི་ཚེ་ཁྱིམ་གྱི་ནང་དུ་མཐོང་བ་དེའི་ཚེ་ནི།། ། ད་ནི་འདི་ན་སྣང་ན་དེ་ཟླ་བ་འདི་དེ་ཉིད་ཡིན་ནམ ་འོན་ཏེ་གཞན་ཞིག་ཡིན་ཞིག་གུ་སྙམ་དུ་རྟོག་གོ།། དེ་ལ་བྱིས་པ་ཁ་ཅིགྲི་ནི་ཟླ་བ་ཆུར་ཙམ་དུ་འཛིན་ཏོ།། བར་མ་རྣམས་ཀྱིས་ནི་ཤིང་རྟའི་ཕང་ལོའི་ཚད་ཙམ་དུ་འཛིན་ཏོ།། རབ་རྣམས ་ཀྱིས་ནི་ཟླ་བ་དཔག་ཚད་ལྔ་བཅུ་པ་ཙམ་ལ་ཟླུམ་པོ་ཡིན་པར་ཤེསོ།། དུད་འགྲོ་རྣམས་ཀྱིས་ནི་ཟླ་བ་སྲིན་བུ་མེ་ཁྱེར་ཙམ་དུ་མཐོང་སྟེ། སྐྱེས་གནས་ཐམས་ཅད་ལྡན་པའི་དུད་འགྲོ་རྣམ ་ཀྱིས་ཟླ་བ་ལ་རང་རང་གི་རྣམ་པར་ཤེས་པས་བརྟགས་ནས། སོ་སོར་མཐོང་ངོ་།། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་འཇིག་རྟེན་དུ་བྱུང་ན་ཐམས་ཅད་སྣང་སྟེ། སེམས་ཅན་ཁ་ཅིགས ་ནི་དེ་བཞིན་གཤེགས་པ་ཟླ་བ་དང་འདྲ་བར་འཛིན་ཏེ། བདག་ལ་ཐུགས་བརྩེ་བའི་ཕྱིར་བདགི་ཁྱིམ་གྱི་ཕུགསུ་བཞུགསོ་སྙ་མོ།། དུད་འགྲོ་རྣམས་ཀྱིས་ནི་རང་རང་གི་སྐྱེ་གནསུ་ལུས། ་ལྟ་བུར་མཐོང་ངོ་།། སེམས་ཅན་ལྐུག་པ་རྣམས་ཀྱིས་ནི་དེ་བཞིན་གཤེགས་པ་ལྐུག་པ་མཐོང་ངོ་།། འོན་པ་དང་ལག་རྡུམ་རྣམས་ཀྱིས་ཀྱང་བདག་ཉིད་དང་འདྲ་བར་མཐོང་ངོ་།། སྐྲ ་དང་འདུ་ཤེས་དང་ཡི་གེ་ཐ་དད་རྣམས་ཀྱིས་ཀྱང་བདག་ཅག་དང་འདྲའོ་སྙམ་དུ་འཛིན་ཏེ་བད་གི་སྐད་དུ་སྨྲའོ།། བད་གིས་འདུ་ཤེས་དང་འཐུན་ནོ།། བད་གི་ཁ་ཅིག་ཟས་ཟའོ་སྙམ་དུ ་འཛིན་ཏེ།། ལུས་ཆེ་བ་རྣམས་ཀྱང་དེ་བཞིན་གཤེགས་པ་ནི་བདག་ཅག་དང་འདྲའོ་སྙམ་དུ་འཛིན་ཏོ།། ཁ་རིག་གིས་ནི། ཉན་ཐོས་དང་རང་སངས་རྒྱས་ཡིན་ནོ་སྙམ་དུ ་འཛིན་ཏོ།། ཁ་ཅིག་གིས་ནི་ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་བྱུང་བར་མཐོང་ངོ་།། ཁ་ཅིགས་ནི་དེ་བཞིན་གཤེགས་པ་བདག་ཅག་གི་ཕྱིར་འཇིག་རྟེན་དུ་བྱུང་ངོ་སྙམ་དུ ་འཛིན་ཏེ།། དཔེར་ན་ཟླ་བ་རང་བཞིན་དུ་གནས་པས་སོ་སོའི་རང་བཞིན་དུ་ན་གུ་བར་བྱེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཆེས་ཀྱི་སྐུ་ཡིན་བཞིན་དུ་ཐབས་ཀྱི་སྐུ་དུག་སྨན ་གྱི་སྡོང་པོ་དང་འདྲ་བར་འཛིན་ཅིང་སེམས་ཅན་རྣམས་མགུ་བར་མཛད་དེ། འཇིག་རྟེན་ཐམས་ཅད་དང་འཐུན་པར་མཛད་པ་དག་གིས་སྐྱེས་པའི་རབས་སྟོང་ཕྲག་མང་པོ་སྟོན་པ ་མཛད་དོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་ཐམས་ཅད་དུ་སྐྱེ་སྟོན་པའི་ཕྱིར་སྐྱེས་པའི་རབ་ཀྱི་ཟླ་བ་ཞེས་བྱའོ།། དེ་བས་ན་དེ་བཞིན་གཤེགས་པ་རྟག་པ་དང་བརྟན་པ་ཡིན་ནོ།། རིག ་བུ་གཞན་ཡང་དཔེར་ན། ཟླ་བ་དང་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་བླང་བའི་ཚེ། འཇིག་རྟེན་པ་རྣམས་ཀྱིས་ཟླ་བ་གཟས་ཟིན་ཏོ་སྙམ་དུ་འཛིན་ཏོ།། སྒྲ་གཅན་ནི་ཟླ་བ ་ལ་འཛིན་པར་ཡང་མི་བྱེད་ལ། དེས་ནི་དེ་ལ་ཟ་བར་མི་ནུས་ཏེ། སྒྲ་གཅན་གྱི་ལག་པས་ཟླ་བ་བསྒྲིབས་ནས་འོད་མི་སྣང་བར་བྱེད་པར་ཟད་དེ། ཟླ་བ་ལ་རྨ་ཡང་མེད། ཉོན་མོངས་པ་ཡང་མེད ་དོ།། དེ་ལྟར་དུ་སྒྲ་གཅན་གྱི་ལག་པས་ཟླ་བ་བཀ་བ་དེ་ཙམ་དུ་ཟླ་བའི་འོད་མི་སྣང་བར་འགྱུར་ལ། སྒྲ་གཅན་གྱིས་ཟླ་བ་བཏང་བའི་ཚེ་ནི་ཁ་ནས་འབྱུང་བ་ལྟ་བུར་སྣང་སྟེ། མི་རྣམས་ཀྱིས ་ཟླ་བ་ནི་སྡུག་བསྔལ་ཞིང་འདུག་སྙམ་དུ་འཇི་ན་ཏོ།། ཟླ་བ་ནི་རང་བཞིན་ཁོ་ནར་འདུག་བཞིན་དུ་བདག་ཉིད་སྒྲ་གཅན་དང་ལྷན་ཅིག་འདུག་པར་སྟོན་ཏེ། འདི་ནི་འཇིག་རྟེན་གྱི་ཆོས ་ཉིད་དོ།། སྒྲ་གཅན་བྱེ་བ་སྙེད་ཀྱིས་ཀྱང་ཟླ་བ་གསང་བ་འམ་གཞིག་པར་མི་ནུས་ཏེ་ཟླ་བ་རང་ཉིད་དེ་ལྟར་སྟོན་ཏོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་ཉིད་ཟླ་བ་ལྟ་བུར་སྟོན་པར་མཛད་དེ། མ་འོངས་པའི་དུས་ཀྱི་དོན་ཏུ་ངན་སེམས་ཀྱིས་ཁྲག་བྱུང་བའི་མཚམས་མེད་པའི་ལས་བསྟན་པའི་ཕྱིར། དེ་ལ་སོགས ་པ་འདོད་ཆེན་པོའི་མཐའ་དང་། དགེ་འདུན་གྱི་དབྱེན་གྱི་ཆོས་ཐ་དད་པ་ཡང་སྟོན་པར་མཛད་དོ།། དེ་བཞིན་གཤེགས་པའི་སྐུ་ལ་ནི་བདུད་བྱེ་བ་ཕྲག་འབུམ་གྱིས་ཀྱང་ཁྲག་དབྱུང་བར ་མི་ནུས་ལ། དེ་བཞིན་གཤེགས་པའི་སྐུ་ལ་ནི་ཁྲག་དང་། རུས་པ་དང་། རྒྱུས་པ་ཡང་མེད་དེ་སྡུག་བསྔལ་བའི་བག་ཀྱང་མེད་དོ།། སེམས་ཅན་རྣམས་ཀྱིས་ནི་གཞི་གསུམ་མ་རུང་ངོ་།། ་དེ་བཞིན་གཤེགས་པ་ལ་རྨ་ཕྱུང་ངོ་།། སྙམ་དུ་འཛིན་ཏོ།། དེ་བཞིན་གཤེགས་པ་ནི་རང་བཞིན་ཁོ་ནར་བཞུགས་མོད་ཀྱི་དེ་ལྟར་འཇིག་རྟེན་དང་འཐུན་པར་སྟོན་ཏོ།། འདི་ལྟ་སྟེ་མི་ལ ་ལས་མི་ཞིག་ལ་འབྲེང་བའམ་དབྱུག་པས་བསྣུན་ཏེ། ཁྲག་ཕྱུང་ངམ་གསད་པའི་སེམས་ཀྱིས་དེ་བསད་ནས་དེའི་འོག་ཏུ་དེ་བཞིན་གཤེགས་པས་ལས་དེ་བརྩན་པར་མཛད་པར ་དགོངས་ཏེ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ན་མི་དེའི་སེམས་ཐུགསུ་ཆུད་ནས་མཚམས་མེད་པའི་ལས་ཡང་དག་པར་སྟོན་པར་མཛད་དོ།། དེ་ལྟར་ན་དེ ་དེ་བཞིན་གཤེགས་པ་ནི་མ་འོངས་པའི་དོན་གྱི་ཕྱིར་གྱི་ལས་ཀྱི་རྣམ་པར་དབྱེ་བ་སྟོན་པར་མཛད་དོ།། དཔེར་ན་སྨན་པ་ལ་ལ་ཞིགིས་རང་གི་བུ་ལ་རྩ་བའི་མིང་གི་རྣམ་གྲངས ་སློབ་པར་བྱེད་དེ་འདི་ནི་རྩ་བ་ལྔའོ་འདི་ནི་ཁ་བའོ་ཞེས་རྩ་བའི་རྣམ་པར་དབྱེ་བ་དག་གི་སྒོ་ནས་དེ་སྟོན་པར་བྱ་ད་དེ། ཁྱེའུ་དེས་ཀྱང་དེ་ལྟར་བསླབས་ནས་རྩ་བའི་རྣམ ་པར་དབྱེ་བ་ཤེས་པར་གྱུར་ལ། དེ་ནས་སྨན་པ་དེ་ཤི་ནས་ཁྱེའུ་ན་རེ། ཀྱི་ཧུད་པ་ཅིག་ཁྱོད་ཀྱིས་བདག་རྩ་བའི་རྣམ་པར་དབྱེ་བ་བསློབས་ཏེ་རྩ་བ་ནི་འདི་འདྲའོ་ལོ་མ་ནི་འདི་འདྲའོ།། ་ཞེས་དེ་སྐད་ཟེར་བ་དེ་བཞིན་དུ། དེ་བཞིན་གཤེགས་པས་ཀྱང་བསླབ་པའི་གཞི་ཐམས་ཅད་ཀྱི་སྤྲུལ་པ་སྤྲུལ་པར་མཛད་དེ། གསོར་རུང་བ་དང་གསོར་མི་རུང་བ་དང་། མཚམས་མེད ་པ་དང་། མདོ་སྡེ་སྤོང་བ་དང་། འདོད་ཆེན་པོའི་མཐའ་རྣམས་སྟེན་པར་མཛད་དེ། མ་འོངས་པའི་དུས་ན་འདི་ལྟ་བུར་འགྱུའོ་ཞེས་བྱ་བའི་དོན་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཡོངསུ ་མྱ་ངན་ལས་འདས་ནས་དགེ་སློང་རྣམས་ཀྱིས་སྨན་པའི་བུ་བཞིན་དུ་དེ་བཞིན་གཤེགས་པས་མདོ་སྡེ་ལས་འདི་སྐད་ཅེས་བཀའ་སྩལ་ཏེ། ལས་འདི་ནི་ཡིན་ནེ་སྙམ ་དུ་ཤེས་སོ།། དཔེར་ན་ཟླ་བ་ལ་གཟའ་འཇུག་པ་ན་མི་རྣམས་ཀྱིས་ནི་ཟླ་བ་དྲུག་ཅིང་ཟླ་བ་ལ་གཟིའ་འཇུག་པར་ཤེས།། སྟེང་གི་ལྷ་རྣམས་ནི་ཉིན་ཅིག་བཞིན་དུ་ཟླ་བ་ལ་གཟའ་འཇུག་པར ་ཤེས་ཏེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ལོ་ཚིགས་རིང་ལ་མི་རྣམས་ཀྱི་ལོ་ཚིག་འཐུང་བའི་ཕྱིར་རོ།། རིགས་ཀྱི་བུ་དེ་བཞིན་དུ་ལྷ་རྣམས་དང་མི་རྣམས་ཀྱིས་ནི་དེ་བཞིན་གཤེགས་པ་སྐུ་ཚེ ་ཐུང་ངོ་སྙམ་དུ་འཛིན་ཏོ།། ཇི་ལྟར་ལྷ་གོང་མགོང་མ་རྣམས་ཀྱིས་སྐད་ཅིག་སྐད་ཅིག་ལ་ཟླ་བ་ལ་གཟའ་འཇུག་པར་འཛིན་པ་དེ་བཞིན་དུ་ལྷ་གོང་མ་གོང་མ་རྣམས་ཀྱིས་སྐད་ཅིག ་སྐད་ཅིག་ལ་དེ་བཞིན་གཤེགས་པས་ཡེངསུ་མྱ་ངན་ལས་འདས་པ་བྱེ་བ་སྙེད་ཀྱི་སྟོན་པར་མཛད་དེ། ཉོན་མོངས་པ་དང་ཕུང་པོ་དང་ལྷ་དང་། འཆི་བདག་གི་བདུད་བྱེ་བ་སྙེད་ཀྱང ་སྟོན་པ་སྐྱེས་པའི་རབ་སྟོང་སྙེད་ཀྱང་སྟེན་པ་དང་། འཇིག་རྟེན་དང་འཐུན་པར་བྱ་བ་མང་པོ་དག་སྟོན་པར་ཤེས་སོ།། དེ་ལྟར་ན་དེ་བཞིན་གཤེགས་པ་ནི་དཔག་ཏུ་མེད་པ་ཡིན ་ཏེ། དེ་བས་ན་རྟག་པ་དང་བརྟན་པ་ཡིན་ནོ།། དཔེར་ན་ཟླ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་བལྟ་ན་སྡུག་པ་ཡིན་པས་ན་དེའི་ཕྱིར་མིང་ཟླ་བ་ཞེས་བྱའོ།། འདོད་པའི་དབང ་དུ་གྱུར་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤྱོད་པ་རྣམས་ཀྱི་ཡིད་དུ་འོང་བ་ནི་མ་ཡིན་ནོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་ཀྱང་རང་བཞིན་གྱིས་སེམས་ཅན་ཆོས་འདོད་པ་རྣམས་ཀྱི་ཡིད་དུ་འོང་བ་དང་། མཆོག་ཏུ་བལྟ་ན་སྡུག་པ་ཡིན་ནོ།། སྡང་བའི་སེམས་དང་ལྡན་པ་གཞན་དག་གི་ཡིད་དུ་འོང་བ་ནི་མ་ཡིན་ཏེ། ་དེ་བས་ན་དེ་བཞིན་གཤེགས་པ་ཟླ་བ་དང་འདྲ་བ་ཡིན་ནོ།། དཔེར་ན་ཉི་མ་དུས་ཚིགས་གསུམ་དུ་འགྱུར་ཞིང་པོ་སྟེ། དགུན་དང་། དབྱར་དང་། སོས་ཀའི་དུས་གསུམ་དུ་རྒྱུ་བར་བྱེད་ལ ་དགུན་ནི་ཉི་མ་མྱུར་བ་ཁོ་ནར་འགྲོའོ།། དབྱར་ནི་ཉི་མ་འབྲིང་ཙམ་དུ་འགྲོའོ།། སོས་ཀའི་ནི་ཉི་མ་རིང་དུ་ཐོགས་ཤིང་འགྲོ་སྟེ། འོད་ཤིན་ཏུ་ཚའོ།། དེ་བཞིན་དུ་དེ་བཞིན་གཤེགས་པ ་ཡང་འཇིག་རྟེན་གསུམ་དུ་སྐྱེ་བ་རྣམ་པ་གསུམ་སྟོན་པར་མཛད་དེ། སེམས་ཅན་ཚེ་ཐུང་བ་རྣམས་ཀྱི་ནང་དུ་ནི་མཆོ་ག་ཏུ་སྐུ་ཚེ་ཐུང་བར་སྟོན་ཏེ། སེམས་ཅན་རྣམས་ཀྱི་སངས ་རྒྱས་སྐུ་ཚེ་ཐུང་ངོ་སྙམ་དུ་འཛིན་ཏོ།། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ནི་དགུན་གྱི་ཉི་མ་བཞིན་དུ་སྐུ་ཚེ་ཐུང་བར་བསྟན་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ ་ནི་དབྱར་གྱི་ཉི་མ་བཞིན་དུ་སྐུ་ཚེ་འབྲིང་དུ་སྟོན་ཏོ།། སངས་རྒྱས་རྣམས་ལ་ནི་སོས་ཀའི་ཉི་མ་བཞིན་དུ་བསྐལ་པ་ལས་ལྷག་པར་བཞུགས་པར་སྣང་ངོ་།། རིགས་ཀྱི་བུ་ཐེག་པ་ཆེན་པོ ་འདི་ལས་དགོངས་པའི་ཚིག་དེ་བཞིན་གཤེགས་པའི་གསང་བའི་དམ་པའི་ཆོས་ཀྱི་ཆར་ངས་ཡང་དག་པར་བསྟན་པར་བྱ་སྟེ། མ་འོངས་པའི་དུས་ན་དམ་པའི་ཆོས་ཐེག་པ་ཆེན་པོ ་མདོ་སྡེ་ཚན་གྱི་ཕན་པའི་གདམས་ངག་སྟོན་པ་གང་ཡིན་པ་དེ་དག་ནི་དབྱར་གྱི་ནམ་གྱི་སྤྲིན་དང་འདྲ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ།། ་ཅན་ཐོས་རང་སངས་རྒྱས་རྣམས་ནི་དགོངས་པའི་ཚིག་ཐོས་ན་དགུན་གྱི་གྲང་ནད་ཀྱིས་ཐེབས་པ་དང་འདྲ་སྟེ། དེའི་ཕྱིར་ངས་སྐུ་ཆེ་ཐུང་བ་དང་ངེས་པར་མྱོང་བར་འགྱུ ་པ་ཡང་དག་པར་བསྟན་ཏེ།། སངས་རྒྱས་ཀྱི་ཚེ་བསྟན་པ་སངས་རྒྱས་ཀྱི་གནས་རྒྱ་ཆེན་པོ་ལས་ནི་སེཾས་ཀིའི་ཉི་མ་བཞིན་དུ་ངས་རྟག་པ་དང་བརྟན་པར་བསྟན་ཏོ།། ངས་ནི་ཙ་མ་བཞིན་དུ་ག ་ཡང་ལྟུང་བ་མེད་།། ཅེ་ཟླའི་ཆོས་ཉིད་ཀྱིང་སྤང་དོ།། དེ་ལྟར་ན་དེ་བཞིན་གཤེགས་པ་ནི་འཇིག་རྟེན་གསུམ་དུ་ཡང་དག་པར་སྣང་སྟེ། འདི་ནི་སངས་རྒྱས་རྣམས་ཀྱི་ཆེས་ཉིད་དོ།། རིགས་ཀྱི་ཐ ་གཞ་ཡང་པ་བ་སངས་དང་། པུར་བུ་དང་། མིག་མར་དང་། མཇུག་རིངས་དང་། གཟའ་ལྷག་ལ་སོགས་པ་ཉི་མ་དང་། ཟླ་བ་གཉི་ས་དང་། ལྷན་ཅིག་འགྲོ་བ་ན་སེམས་ཅན་རྣ ་ཀྱིས་བལྟ་བར་མི་ནུས། དེ་དག་ཀྱང་ལྡོག་པར་མི་འགྱུར་ལྷུང་བར་ཡང་མི་འགྱུར་ཏེ། དེ་དག་གི་ཆེས་ཆ་པྲ་ལ་ཉི་མ་དང་ཟླ་རིའིའོ། ད་ཏུ་ཆེ་བས་ཟིལ་གྱིས་ནོན་པའི་ཕྱིར་རོ།། ་བཞིན་དུ་དེ་བཞིན་གཤེགས་པ་ན་རྟག་ཏུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་གཟིའི་ཚོགས་རྣམས་དང་ལྷན་ཅིག་ཏུ་སྐྱེ་བ་ལྟ་བུར་ཡང་སྟོན་ལ། ཡོངསུ་མྱ་ངན་ལས་འདའ་བར་ཡང་སྟེན ་མེད་ཀྱི་ཉན་ཐོས་དང་རང་སངས་རྒྱས་དེ་དག་མི་རྟག་པ་ཡང་མ་ཡིན་མི་བརྟན་པ་ཡང་མ་ཡིན་ཏེ། དེ་དག་ནི་རྟག་པ་དང་བརྟན་པ་ཡིན་བཞིན་དུ་ཉིན་པར་གྱི་གཟའ་དང་འདྲ་བར་སེམས ་ཅན་གྱི་མཐོང་བར་མི་ནུས།། ཙོ་མ་དང་འདྲ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན་ནོ།། དཔེར་ན་ཉི་མ་དང་ཟླ་བ་སྤྲིན་གྱིས་ཡོག་པའི་ཚེ་མི་སྣང་སྟེ། སེམས་ཅན་རྣམས་ཀྱིས་མི ་སྡང་ངོ་སྙམ་དུ་འཛིན་མོད་ཀྱི་དེ་གཉིས་མེད་པར་ཡང་མི་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་འཇིག་རྟེན་ན་མི་བཞུགས་པའི་ཆོ་གཉི་ཟླ་སྤྲིན་གྱི་ཡོག་པ ་བཞིན་དུ་གཞ་གསུམ་འཇིག་པ་ལྟ་བུར་སྣང་མོད་ཀྱི་གཞི་གསུམ་མེད་པར་ཡང་མི་འགྱུར་ལ། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པར་འདུག་བཞིན་དུ་ཉེས་པ་རྣམས་ཀྱིས་ཀྱང་གོས་པ ་འགྱུར་བ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ།། རིགས་ཀྱི་བུ་དཔེར་ན་ཟླ་བ་ཡར་གྱི་ངོ་ཡང་མ་ཡིན། མར་གྱི་ངོ་ཡང་མ་ཡིན་པ་གནམ་སྟོང་གི་ཉིན་པར་ཉི་མ་དང་ཟླ་བ་མེད་པའི་སྐབས ་བཟའ་འཇུག་རིངས་གཟི་བརྗིད་དྲག་པོ་དང་ལྡན་པ་ཞེས་བྱ་བ་ཤར་ནས། འཇིག་རྟེན་ཐམས་ཅད་ཀྱིས་མཚོར་བར་སྐད་ཅིག་གཅིག་ཁོ་ན་ལ་མི་སྣང་བར་འགྱུརརོ།། རིགས ་ཀྱི་བུ་དེ་བཞིན་དུ། རང་སངས་རྒྱས་རྣམས་ཀྱང་སངས་རྒྱས་ན་མས་ཀྱང་མི་བཞུགས་པའི་ཚེ། གནམ་སྟོང་གི་ཉིན་པར་གཟའ་མ་ཇུག་རིངས་འཆར་བ་བཞིན་དུ་བྱུང་ནས ་སེམས་ཅན་བྱེ་བ་ཕྲག་མང་པོ་དམ་པའི་ཆོས་ལ་བཀོད་ནས་མི་སྣང་བར་འགྱུར་ལ། མཇུག་རིངས་ཀྱང་རྟག་ཏུ་ཡོད་དེ་སེམས་དཔ་རྣམས་ཀྱི་ནི་མཐོང་བར་མི་ནུས་སོ།། དེ་བཞིན་དུ་རང་སངས ་རྒྱས་རྣམས་ཀྱང་རྟག་ཏུ་ཡོད་བཞིན་དུ་དེ་དག་སེམས་ཅན་རྣམས་ཀྱིས་མཐོང་བར་མི་ནུས་ཏེ། བདག་ཉིད་ཡང་དག་པར་སྟོན་ཅིང་མི་མངོན་པར་བྱེད་པ་འདི་ནི་དེ་དག་གི་ཆོས་ཉིད་དོ།། ་རིགས་ཀྱི་བུ་དཔེར་ན་ཉི་མ་ཤར་ནས་ལྡེ་བུར་མེད་པར་འགྱུར་བ་དེ་བཞིན་དུ་ཡོངསུ་མ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་བྱུང་ན་ཐོས་པ་ཙམ་གྱིས་ཀྱང་ཕན་པ་རྣམས་དང་མཚ ་མེད་པའི་ལས་རྣམས་ཀྱི་སྡིག་པའི་ཕུང་པོ་མྱུར་དུ་མེད་པར་འགྱུར་རོ།། དེ་ལྟར་དཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་བསམ་གྱི་མི་ཁྱབ་པའི་ཡུལ་འདི ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྔོན་པ་ཡིན་པའི་ཕྱིར་དཔག་ཏུ་མེང་ངོ་།། དེབས་ན་རིགས་ཀྱི་དྲ་འམ། རིགས་ཀྱི་བུ་མོ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྟག། དམ་པའི་ཆོས་ནུང ་པར་མི་འགྱུ་རོ།། དགེ་འདུན་མེད་པར་མི་འགྱུར་རོ།། སྡོམ་དུ་མདོའི་ཤེས་པ་ལ་དེ་ལྟར་བརྩོན་པར་བྱའོ།། དེ་ལྟར་བྱས་ཏང་དེ་དག་ཀྱང་ང་དང་འདྲ་བར་སངས་རྒྱས་ཀྱི་གནསུ་སོན་པར་འགྱུ ་རོ།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟ་བུ་ལགས། བཀའ་སྩལ་པ། སེམས་བསྐྱེད་པ་ཡང་རུང་སེམས་མ་སྐྱེད་པ་ཡང་རུང་སྟེ། བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་སུ་འགྱུ་རོ།། གསོལ་པ། དེ་ཇི་ལྟ་བུ་ལགས་བཀའ་སྩལ་པ། རིག་ས་ཀྱི་བུ་དཔེར་ན་དགུར་མར་འཁྲུགས་པའི་ཚན་གྱིས་ཀྱང ་གཞུ་མི་ནུས་པ་དེ་བཞིན་དུ་མ་སྡེ་དང་། ཏིངངེ་འཛིན་ཐམས་ཅད་བསྒོམ་པར་བྱ་བ་བསྒོམ་པའི་འབྲས་བུའི་སྒོ་ནས་ནི་སེམས་བསྐྱེད་པ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་རོ།། ་སེམས་མ་བསྐྱེད་པས་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་རོ།། ཅིའི་ཕྱིར་ཞེ་ན། དགུན་གྱི་ཉི་མ་བཞིན་དུ་བརྩོན་འགྲུས་ནན་པའི་ཕྱིར་རོ།། མདོ་སྡེ་བསྒོམ་པར་བྱ་བ་བསྒོམ་པའི ་འབྲས་བུའམཆོག་ནི་དཔེར་ན་སོས་ཀའི་འི་མ་ཚ་བའི་ཆ་ཉི་མ་མ་ཤར་བར་མཚན་མོ་ཡང་ཤིན་ཏུ་འཁྲུགས་པ་ཡང་ཞུ་བར་བྱེད་ལ། རྒྱ་མཚོ་ཆེན་པོ་ཡང་དྲོ་བར་བྱེད་དོ།། དེ་བཞིན ་དུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་གིས་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་བྲེས་མ་ཐག་ཏུ་དྲན་ཏོར་དུ་བྲས་ཀྱང་རུང་། གཞན་གྱིས་བྱེངད་དུ་བཅུག་ཀྱང་ཆུ། ་གཞན་གྱི་དྲིང་འཇོག་ཀྱང་རུང་། རྙེད་པ་དང་། བསྐུར་སྟི་དང་། ཚིགསུ་བཅད་པའི་དོན་ཏུ་བྱས་ཀྱང་རུང་སྟེ། བདག་ལ་བྱང་ཆུབ་མི་དགོས་སྙམ་པ་འམ། སེམས་བསྐྱེད་པར་ཡང་མི ་འདོད་ཏུ་ཟིན་ཀྱང་གང་ཟག་དེ་འདྲ་བ་དག་གི་ལུས་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་དུ་བྱང་ཆུབ་ཀྱི་རྒྱུ་སོས་ཀའི་ཉི་མ་བཞིན་དུ་འཇུག་པར་འགྱུར་རོ།། དེ་བས་ན་རིགས་ཀྱི་བུ་དེ ་དག་ནི། བྱང་ཆུབ་སེམས་དཔའ་སེམས་ད་ངའ་ཆེན་པོ་ཡིན་ནོ་ཞེས་བ་ཟེར་རོ།། དེ་ལྟར་ན་བྱང་ཆུབ་ཟད་མི་ཤེས་པའི་མང་སྡེ་འདི་ན་བསོད་ནམས་ཀྱི་ཕུང་པོ་ཆེན་པོ ་ཡིན་ཏེ་དེ་བས་ན་ཆེ་བ་ཞེས་བྱའོ།། སྔ་བ་དང་། ཡེངས་པ་དང་། སེས་ཀའི་ཉི་མ་བཞིན་དུ་གཟི་བརྗིད་དང་ལྡན་པ་ཡིན་ཏེ། དེ་བས་ན་ཡོང་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། ་དེ་ཅིའི་ཕྱིར་ཞེ་ན། འདི་ལས་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་བསྟན་པའི་ཕྱིར་རོ།། རིགས་ཀྱི་བུ་གཞན་ཡང་སྐར་མ་དང་སྲིན་བུ་མེ་ཁྱེར་གྱི་འོད་ནི་གཉི་ཟླའི་འོད་ལས་འདས་ཏེ། ་བ་ལེར་སྣང་བར་མི་འགྱུར།། ཉི་ཟླའི་འོད་ནི་འོད་ཐམས་ཅད་ལས་འདས་ཏེ་ལམ་མེར་འདུག་གེ་དེ་བཞིན་དུ་གཞན་གྱི་འོད་རྣམས་ནི་མང་སྡེ་ཐམས་ཅད་དང་། ཏིང་འཛིན་ཐམས་ཅད ་བསྒོམ་པར་བྱ་བ་བསྒོམས་པའི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་འོད་ལས་འདས་ཏེ་ཐལ་ལེར་མི་འདུག་གོ།། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན ་པོའི་འདོར་འང་ཐམས་ཅད་ལས་འདས་ཉེས་ལེལ་ལྡང་ལ། སེམས་ཅན་ཐམས་ཅད་ཀྱི་སྐུ་དྲུང་དུ་ཞུགས་ནས་བྱང་ཆུབ་ཀྱི་སེམས་མི་དགས་སོ།། སམ་ཏེ་མ་བསྒྲེང་དུ་ཟིམ ་ཀྱང་བྱང་ཆུབ་ཀྱི་རྒྱུ་ངེས་པར་ཐེབ་པར་འགྱུར་ཏེ། དེ་བས་ན་མིང་ཡང་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། གསོལ་བ། བྱང་ཆུབ་ཀྱི་སེམས་མི་དགོས་པར་འཛིན་ཀྱང་སེམས་ཅན་བང ་ཀྱི་ལུས་ཀྱི་བ་སྤུལ་ཁུང་བུ་ཐམས་ཅད་དུ་ཞུགས་ནས་བྱང་ཆུབ་ཀྱི་རྒྱུ་མངོན་པར་འགྲུབ་པར་འགྱུར་ཞེས་བགྱི་བ་འདི་ལས། གཏན་ཚིགས་བཀའ་སྩལ་འཚལ་ལགས།། བཅོམ་ལྡན་འད ་བསྟན་པ་འདི་ལ་ཕམ་པ་བགྱིད་པ་དང་མཚམས་མ་མཆིས་པ་བགྱིད་པ་དང་། མ་སྡེ་སྤང་བ་དང་འདོད་ཆེན་པ་དག་ཀྱང་གདའ་ལགས་ན། གལ་ཏེ་སེམས་པ་སྐྱེང་དེ་མི་དགེས་པར་འཛིན ་ཀྱང་བྱང་ཆུབ་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་དུ་ལགས་ན། སངས་རྒྱས་ཀྱི་གསུངས་པ་ལ་བྱེ་བྲག་ཅི་མཆིས་ཏེ། ཡང་ན་བཞི་པོ་དེ་དག་མ་མཆིས་ཤེས་བཤང་འཚལ་ལགས ་སོ།། ཡང་ན་ངེས་སྡིག་པ་འབྱུང་བར་འགྱུར་ཞེས་བཤད་འཚལ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ཆེ་ན་པ་མ་གཏོགས་པར་ཡོངསུ་མྱ་ངན་ལས་འདས་པ་ཆེན ་པོའི་མདོ་ཆེན་པོ་འདི་རྣ་ལམ་དུ་གྲག་ཅིང་ཐོས་པ་ཙམ་གྱིས་ཀྱང་ཐམས་ཅད་ལ་བྱང་ཆུབ་ཀྱི་རྒྱུ་ཡོད་པར་འགྱུར་ཏེ། སངས་རྒྱས་གྲངས་མེད་པ་ལ་བཀུར་སྟི་བྱས་པ་རྣམས་ཀྱིས་ཡོའུ ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཐོས་པར་རུས་ལ། དགེ་བའི་རྩ་བ་ངན་ངོན་པ་ཡིན་པས་བྱང་ཆུབ་ཀྱི་རྒྱུ་འཐོབ་པར་འགྱུར།། དེ་བས་ན་དེ་བཞིན་གཤེགས་པའི་སང་པ་ཡང་དག་པར ་སྟོན་པའི་ཕྱིར་མདོ་ཆེན་པོ་མཐུ་ཆེ་བ་ཡིན་ནོ།། གསོལ་པ། སེམས་མ་བསྐྱེད་དེ་མི་དགོས་པར་འཛིན་པས་རྫ་ཆུབ་ཀྱི་ཕྱིར་འགྱུར་ལགས། བཀའ་སྩལ་པ། བྱང་ཆུབ་ཏུ ་སེམས་བསྐྱེད་ནས་མི་དགོས་པར་འཛིན་ཅིང་མདོ་སྡེ་ཁྱད་དུ་གསོད་པ་གང་ཡིན་པ་དེ་དག་ལ་ནི། རྨི་ལམ་དུ་སྲིན་པོ་ཆེན་པོ་འཇིགས་པའི་གཟུགས་ཅན་གྱིས་སྡིགས་ཏེ། འདི་སྐད་དུ་ངས ་མ་བསད་པ་སྐྱེན་པར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིག་ཅེས་ཀྱང་ཟེར་རོ།། དེ་ནས་དེ་དག་རྨི་ལམ་དུ་འཇིགས་ཤིང་སྒེག་སྟེ། སད་ནས་ནང་བར་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། དེ ་ངག་ཤི་ནས་སེམས་ཅན་དམྱལ་བ་རྣམསུ་བཅོད་པའམ། ཡི་དྭགས་ཀྱི་འཇིག་རྟེན་ནམ། མཐོ་རིསུ་སྐྱེས་ནས་ཀྱང་རུང་སྟེ། རྗེ་སུ་དྲན་ནས་དེའི་འོག་ཏུ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོར་འགྱུར་རོ།། དེ་ལྟར་ན་ཡོངསུ་མྱང་ན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ནི་མཐུ་ཆེ་སྟེ། མི་དགོས་པར་འཛིན་ཅིང་སེམས་བསྐྱེད་ཀྱང་བྱང་ཆུབ་ཀྱི་རྒྱུ ་སྐྱེད་པར་བྱེད་དོ།། རྒྱུ་ནི་དེ་ཡིན་ནོ།། རྐྱེན་དེ་ཡིན་ཏེ། ཐོག་པ་ཆེན་པོ་འདི་ལ་རྒྱུ་མེད་པ་མ་ཡིན་ནོ།། དེ་བས་ན་ངའི་བསྟན་པ་ནི་སངས་རྒྱས་ཀྱི་གསུངས་པ་ཞེས་བྱའོ།། རིགས་ཀྱི་བུ་གཞན ་ཡང་། ན་མཁའ་ལས་སྤྲིན་ཆེན་པོ་ཆར་འབེབས་པ་ན། ས་ཆེན་ཆེན་པོ་ཆུས་གང་པར་འགྱུར་ལ། འགྲམ་པའི་ས་ཕྱོགསུ་ནི་ཆར་ཆེན་པོ་བབ་ཏུ་ཟིན་ཀྱང་། ཆུ་ཅུང་ཟད་ཀྱང་གར ་པར་མི་འགྱུར་ཏེ། གར་གཞོལ་བར་འབ་ལ། བབ་ནས་ཀྱང་དེར་གནས་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ལ་ཡང་ཕན་འདོགས་པར་འགྱུར་བ་དེ་བཞིན་དུ། མདོ་སྡེ་ཆེན་པོ་འདི་ལྔ ་དམ་པའི་ཆོས་ཀྱི་ཆར་འབད་མེད་ཀྱི་འདོད་ཆེན་པ་ལ་ནི་བྱང་ཆུབ་ཀྱི་རྒྱུ་སྐྱེ་བར་མི་འགྱུར་ཏེ་སྐྱེ་མི་སྲིད་དོ།། གཞན་དག་ལ་ནི་ས་གཞོལ་བའི་ཆུ་བཞིན་དུ་སྐྱེང ་བར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་སྲན་སྡེའུ་འམ། སྲན་གྲེའུ་འར། སྲར་ནབ་སྤྲིའི་ས་བེན་ཚིག་པ་རྣམས་ལ་སྤྲིན་ཆེན་པོ་ཆང་སྟོང་དུ་བབ་ཀྱང་མྱུ་གུ་སྐྱེ་བར་མི་ནུས་ཏེ། དེ་དག ་ལ་མྱུ་གུ་འབྱུང་མི་སྲིང་ངོ་།། དེ་བཞིན་དུ་འདོད་པ་རྣམས་ཀྱིས་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཐེསུ་ཟིན་ཀྱང་བྱང་ཆུབ་ཀྱི་རྒྱུ་འཐོབ་མི་སྲིད་དེ། དེ་དག་ནི་དགེ་བའི་རྩ་བ་ཟད་པ་ཡིན ་པའི་ཕྱིར་ས་དེན་ཚིག་པ་དང་འདྲའོ།། རིགས་ཀྱི་བུ་དཔེར་ན་ཀ་ཏ་ཀའི་འབྲས་བུ་ཆུ་རེག་མ་ཅན་གྱི་ནང་དུ་བཅུག་ན་རྙོག་མ་གསལ་ཏེ་ཆུ་དང་བར་བྱེད་པ་དེ་བཞིན་དུ་ཡོངསུ་མྱ་ངན་ལས ་འདས་པའི་མདོ་ཆེན་པོ་འདི་ཡང་ཀ་ཏ་ཀའི་འབྲས་བུ་བཞིན་དུ་སེམས་ཅན་རྣམས་ཀྱི་ཕམ་པ་རྣམས་དང་མ་ཚམས་མེད་པའི་ལས་རྣམས་ཀྱི་ལས་ཀྱི་འདམ་རྫབ་དང་། ་རྙོག་མ་བསལ་ནས་བྱང་ཆུབ་ཀྱི་རྒྱུ་ལ་འགོད་པར་བྱེད་ངེ་འདོད་ཆེན་པ་ནི་མ་གཏོགས།། ཀ་ཏ་ཀཾའི་འབྲས་བུས་ཀྱང་རྙོག་མ་དང་བར་བྱེད་པར་ཟད་ཀྱི། ལེ་སྟང་གི་བར་དུ་བདར་དུ་ཟིན ་ཀྱང་འངམ་རྫབ་དེ་ལས་ཆུང་བྱུང་བར་མི་ནུས་སོ།། དེ་བཞིན་དུ་འདོད་ཆེན་པ་ཡང་དགེ་བའི་རྩ་བ་ཟད་ཅིང་གཞི་མེད་པར་འགྱུར་བ་ཡིན་པས། དེས་ནི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ ་འདི་ལོ་བྱེ་བར་ཐོསུ་ཟིན་ཀྱང་བྱང་ཆུབ་ཀྱི་རྒྱུ་བསྐྱེད་པར་ཡོང་ཡ་མི་ནུས་ཏེ་དེ་ལ་དགེ་བའི་མེད་པའི་ཕྱིར་རོ།། རིགས་ཀྱི་བུ་དཔེར་ན་དུག་སྨན་གྱི་སྡོང་པོ་སྨན་གྱི་རྒྱལ་པོ་ཆེན་པོ་ནི་དར་བ ་འམ། བུ་རམ་འམ། ཞུན་མར་འམ། འོ་མ་འམ། ཆུ་དང་སྦྱར་ཏམ། ཕྱེ་མ་འམ། འདའ་གུའམ། ཐུག་པར་བྱས་སམ། ཁ་བསྐུས་སམ། བདུད་ལས་བདུགས་སམ། མིག་བཀྲུས་སམ། དྲི་ཆོ ་རམ་ཐོང་ངམ། རེག་པར་གྱུར་ཀྱང་རུང་སྟེ། སེམས་ཅན་ཐམས་ཅད་ཀྱི་ནང་སེལ་བར་བྱེད་ལ། ཤིང་ལྗོན་པ་དེ་འདི་སྙམ་དུ་བདགི་ལོ་མ་ཁྱེར་ན་རུང་ངོ་རྩ་བ་ཁྱེར་ན་མི་རུང་ངོ་སྙམ་པ་འམ ་བདགི་རྩ་བ་ཁྱེར་ན་རུང་ངོ་ལོ་མ་ཁྱེར་ན་མི་རུང་ངོ་སྙམ་པ་འམ། སྡོང་བུ་ཁྱེར་ན་རུང་ངོ་ཤུན་པགས་ཁྱེར་ན་མི་རུང་ངོ་སྙམ་པ་འམ། ཤུན་པགས་ཁྱེར་ན་རུང་ངོ་སྡོང་བུ་ཁྱེར་ན་མི་རུང ་ངོ་།། སྙམ་དུ་མི་སེམས་ཏེ། དེ་དེ་ལྟར་སེམས་མི་བསྐྱེད་མོད་ཀྱི་འོན་ཀྱང་དེ་ནི་སྨན་ཁོ་ན་ཡིན་ཏེ་ནད་ཐམས་ཅད་སེལ་བར་བྱེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་ཡོངསུ་མྱ་ངན་ལས་འདས་པ ་ཆེན་པོའི་མདོ་ཆེན་པོ་འདི་ཡང་། སེམས་ཅན་ཐ་མས་ཅད་ཀྱི་སྡིག་པའི་ལས་ཀྱི་ནང་རྣམས་སེལ་བར་བྱེད་དེ། པམ། པར་བྱེད་པ་རྣམས་ཀྱང་རུང་། མཚམས་མེད་པར་བྱེད་པ་རྣམ ་ཀྱང་རུང་། འདི་ལས་ཕྱི་རོལ་པ་རྣམས་ཀྱང་རུང་སྟེ། བྱང་ཆུབ་དགོས་པར་མི་འཛིན་ཅིང་། སེམས་མ་བསྐྱེད་ཀྱང་བྱང་ཆུབ་ཀྱི་རྒྱུ་སྐྱེད་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན་སྡིག་པ་ཐམས་ཅད་ཀྱི ་དུག་སྨན་གྱི་སྡོང་པོའི་སྨན་ནི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ཡིན་པའི་ཕྱིར་རོ།། ལུས་བསྒོས་པ་རྣམས་ཀྱང་རུང་ལུས་མ་བསྒོས་པ་རྣམས་ཀྱང་རུང་སྟེ། མདོ་སྡེ ་འདི་ནི་མིང་ཙམ་ཐོས་པ་ཡང་མདོ་སྡེ་འདི་ནི་ཡོད་དོ་སྙམ་དུ་ཤེས་ན་སྡིག་པའི་ནང་ཐམས་ཅད་འབྱུང་བར་འགྱུརརོ།། གསེར་མི་རུང་བའི་ནད་ཨ་ན་རྒལ་ཞེས་བྱ་བ་དེ་ནི། ཇི་ལྟར་བྱས ་ཀྱང་གསོར་མི་རུང་ངོ་།། ཅིའི་ཕྱིར་ཞེ་ན། དོན་འཆི་བར་འགྱུར་བའི་ནང་ཡིན་པའི་ཕྱིར་ཏེ་དུས་མ་ཡིན་པར་འཆི་བའི་ནང་མ་ཡིན་ནོ།། དེ་བཞིན་དུ་འདོད་ཆེན་པོ་ཡང ་མདོ་སྡེ་འདིས་བྱང་ཆུབ་ཏུ་གཞོག་པར་མི་ནུས་ཏེ་དེ་ནི་རྒྱུ་མེད་པ་དང་ཤི་བ་ཡིན་པའི་ཕྱིར་རོ།། དཔེར་ན་ལག་མཐིལ་རྨ་མེད་པ་ལ་དུགིས་མི་ཚུགས་ལ། རྨ་ཡོད་པ་ལ་ནི་ཚུགས་པར ་འགྱུར་བ་དེ་བཞིན་དུ། འདིར་ཡང་འདོད་ཆེན་པ་ལ་བྱང་ཆུབ་ཀྱི་རྒྱུ་མི་སྐྱེའོ།། དེ་ལ་རྨ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་རྒྱུའོ།། དུག་ཅེས་བྱ་བ་ནི་མཆོག་ཏུ་བདེ་བའོ།། ལག་མཐིལ་རྨ་མེད་པ ་ལྟ་བུ་ནི་འདོད་ཆེན་པོ་སྔག་ཅན་ཡིན་ནོ།། དཔེར་ན་རྡོ་རྗེ་རིན་པོ་ཆེ་གཟི་བྱིན་ཆེན་པོ་ནི་ཅེས་ཀྱང་གཅིག་མི་ནུས་ལ། སྣ་གྲངས་གཞན་ཐམས་ཅད་ནི་དེས་ཆོམས་པར་འགྱུར ་མེད་ཀྱི་ལུག་རུ་ནི་མི་ཆོད་དེ།། དེ་བཞིན་དུ་ཡོངསུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་འདིས་ཀྱང་ཤིན་ཏུ་སྡིག་པའི་ལས་བྱེད་པ་འདོད་ཆེན་པོ་ནི་བྱང་ཆུབ་ཏུ་གཞག་པར་མི་ནུས ་ཏེ། རྒྱུ་མེད་པའི་ཕྱིར་རྡོ་རྗེས་ལུག་རུ་ལ་མི་ཚུགས་པ་བཞིན་ནོ།། དཔེར་ན་ཤིང་ས་ལ་ཀི་དང་། དོང་ཀིའི་ཤིང་དང་། ཀ་ན་ཀ་པྲ་བྷ་དང་། ཤིང་བལ་གྱི་ཤིང་དང་། བལ་མི་ཀི་དང་། ཀར་ན ་བལ་ལ་དང་། སྐན་ང་སྟ་བ་དང་། ཀེ་ཏ་ཀི་དང་། བད་ཏྲ་ཀ་དང་། བི་ན་ར་དང་། རོ་ཙ་ན་རྣམས་ནི་གཅད་དེ་དུ་མ་གཏུབས་ནས་ཁྱེར་ཏེ་ཁྱིམ་དུ་གཞག་ཀྱང་གལ་ཏེ་ཆུའི་རླན་དང་ཕྲད་པན ་ཆང་མྱུར་དུ་སྐྱེ་བར་འགྱུར་ཏེ། ལོ་མ་ཁ་འབུ་བ་དང་། སྙེམ་དང་ལྡན་ཞིང་ཡལ་ག་དང་སྡོང་བུ་དང་ལྡན་ཏེ། ཤིང་ལྗོན་པ་ཞེས་བྱ་བའི་གྲངསུ་གཏོགས་པར་འགྱུ་རོ་དེ་བཞིན་དུ། བསྟན་པ་འདི ་ཡང་ཕམ་པ་བྱེད་པ་རྣམས་དང་། མཚམས་མེད་པ་བྱེད་པ་རྣམས་ཤིང་ཏ་ལའི་མགོ་བཅད་པ་བཞིན་དུ་གྱུར་པ་ལས་མདོ་སྡེ་འདི་ཐོས་མ་ཐག་ཏུ་སེམས་བསྐྱེད་པ་དགོས་པར་མ ་འཛིན་གྱིས་ཀྱང་མི་མཆོག་དེ་དག་ནི་ཤིངས་ལ་ལ་ཀཾ་དང་། དོང་ཀིའི་ཤིང་ལ་སོགས་པ་བཞིན་དུ་བྱང་ཆུབ་ཏུ་འཁྲུང་བར་འགྱུར་རོ།། དཔེར་ན་སེང་ལྡེང་དང་། ཏིན་ཏུ་ཀིའི་ཤིང་ལྗོན ་པ་རྣམས་ནི། བཅད་ཕན་ཆད་ས་བོན་ཚིག་པ་བཞིན་དུ་སྐྱེ་བར་མི་འགྱུར་བ་བཞིན་དུ་འདོད་ཆེན་པོའི་སེམས་ཅན་རྣམས་ཀྱིས་ཀྱང་མདོ་སྡེ་འདི་ལན་མང་དུ་ཐོས་ཀྱང་ས་བོན་ཚིག ་པ་བཞིན་དུ་བྱང་ཆུབ་ཏུ་འཁྲུད་པར་མི་འགྱུར་རོ།། དཔེར་ན་སྤྲིན་ཆེན་པོ་ལས་ཆར་བབ་ཏུ་ཟིན་ཀྱང་ས་ཕྱོགས་བྱིལ་པོར་འདུག་པ་ལ་ཆུ་མམིའི་འཆགས་པ་དེ་བཞིན་དུ་མདོ་སྡེ་ཆེན ་བེའི་སྤྲིན་འདི་ལས་ཆོས་ཀྱི་ཆར་བབ་མོད་ཀྱི་འདོད་ཆེན་པ་ལ་བྱང་ཆུབ་ཀྱི་རྒྱུ་མི་ཆགས་ཏེ་དེ་ནི་རྡོ་རྗེ་བཞིན་དུ་བྱིལ་པོར་འདུག་པའི་ཕྱིར་རོ།། འདོད་ཆེན་པ་རྣམས ་ཀྱིས་ནི་དགེ་བ་བྱས་པ་ནི་མཐོང་གི་སྨད་པ་དང་བཤུད་པའི་སྡིག་པ་གང་ཡིན་པ་ནི་མཐོང་ངོ་།། ལེགས་པ་བྱས་པ་ནི་བྱང་ཆུབ་ཀྱི་དོན་ཏོ།། མ་འོང་བ་ནི་མི་ཕྲད་པའི་དོན་ཏོ།། དགོངས ་པ་ནི་དག་པའི་དོན་ཏོ།། དགོངས་པ་ལས་ཁྱད་པར་དུ་འཕགས་པའི་དགེ་བ་སུ་ལ་མི་འོང་ཞེ་ན། ལས་བཟང་པོ་ནི་འདོད་ཆེན་པ་ལ་མི་འོང་ངོ་།། དགེ་བའི་སེམསུ་ལ་མི་འོང་ཞེ་ན། འདོད ་ཆེན་པ་ཞེས་གྲགས་པ་ནི་དགེ་བ་མེད་པའི་སེམས་ཅན་ང་རྒྱལ་གྱི་དབང་དུ་གྱུར་པ་ཡིན་ཏེ། འདོད་ཆེན་པ་དེ་ལ་མི་འོང་ངོ་།། གཞིའི་ཡན་ལག་ཅི་ཞེ་ན་མདོ་སྡེ་སྤོང་བའོ།། དེ་བས ་ན་མདོ་སྡེ་སྤོང་བ་ནི་འཇིག་སུ་རུང་བ་ཡིན་ཏེ་ངེས་འཇིགས་པར་གྱིས་ཤིག། དེ་ཡི་ཕྱིར་ན་མཁས་པ་བསྟན་པོ་རྣམས།། ལམ་པོ་ཆེ་ན་འདུ་བྱེད་ཡོད་པས་འཇིགས། ་བྱིས་པ་རྣམས་ནི་ལམ་ཆེན་འཇིགས་པ་མེད།། ང་རྒྱལ་དབང་གིས་མི་བཟང་འགྲོ་བར་འགྱུར།། དེས་ན་བློ་ངན་རྣམས་ཀྱི་དེ་མི་འཐོབ།། སྤྲེའུ་རྣམས་ཟླ་བ་རླབ་པར་བྱེད་པ་བཞིན།། མིའི ་དབང་པོ་ལམ་ཆེན་ཞུགས་པ་ལྟར།། མཁས་པ་བརྟན་པོ་རྣམས་ཀྱིས་ཐོབ་པར་འགྱུར།། གང་གིས་བྱས་པ་མི་མཐོང་ཞེ་ན་འདོད་ཆེན་པ་སྡིག་ཅན་གྱིས་བྱས་པ་མི་མཐོང་སྟེ།། དེས་འཁོར ་བའི་མཐའ་བར་གྱི་བྱས་པ་མི་མཐོང་ངོ་།། ངས་དེའི་ངོན་མདོར་བསྡུས་ཏེ་བསྟན་གྱི་མཆོག་ཏུ་འཇིག་སུ་རུང་བས་འཇིག་པར་གྱིས་ཤིག། གང་གི་ཚེ་སེམས་ཅན་ཐམས་ཅད་སེམས ་གཅིག་ཏུ་འཐུན་པར་གྱུར་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚ། ང་རྒྱ་བར་འགྱུར་སྲིང་ན་དེའི་ཚེ་འདོད་ཆེན་པ་སྡིག་ཅན་བྱང ་ཆུབ་མཆོག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཡང་སྲིད་པ་ཞིག་ན། དེ་ནི་བྱས་པ་མི་མཐོང་བ་ཡིན་ཏེ། དཔའ་བོ་ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས་ཤིག། སུའི་བྱས་པ་ཆུང་མི་ཟ་ཞེན། ་དེ་བཞིན་གཤེགས་པའི་བྱས་པ་ཆུད་མི་ཟའོ།། གང་གི་ཚེ་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང ་རྒྱབ་དེའི་ཚེ། དེ་བཞིན་གཤེགས་པའི་བྱས་པ་ཆུད་ཟ་བར་འགྱུར་ཏེ། དེའི་ཚེ་གཏན་ཏུ་ཡོངསུ་མྱ་ངན་ལས་འདས་པས་ཡོངསུ་མྱ་ངན་ལས་འདས་ནས། མར་མེ་དང་། ཤིང ་ཟད་པའི་མེ་བཞིན་དུ་སངས་རྒྱས་མི་རྟག་པར་འགྱུརརོ།། དེ་བཞིན་དུ་འདོད་ཆེན་པོའི་སྡིག་པའི་ལས་ཀྱང་སྨད་པ་དང་། ཁཤུང་བ་ཡིན་ནོ།། བྱང་ཆུབ་ཀྱི་རྒྱུའི་བསོད་ནམས་གང ་ཡིན་པ་གལ་ཏེ་བྱང་ཆུབ་སེམས་དཔའ་སྤོང་བྱེད་པ་དེ་ཡང་ཐེག་པ་ཆེན་པོ་ལས་སྨད་པ་དང་བཤུང་བ་བཞི་སོ།། དེ་སྟེ་མི་སློང་ན་ནི། དེ་ལྟར་ན་རྫོགས་པའི་སངས་རྒྱས་ཤེས་བྱ་བའི ་མེང་ཐོགས་པར་འགྱུར་ཏེ་དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ།། འོ་མ་དང་སྡིག་པའི་ལས། མདོ་སྡེ་ལྡང་བར་མི་འགྱུར་ཏེ།། མེ་ནི་ཐལ་བས་གཡགས་པ་ལ།། བྱིས་པ་སོང་ན་ཚིག་པ ་བཞིན། འདོད་ཆེན་པོ་ལོང་བ་གཅིག་པུ་དགྲ་བཅོམ་པ་ཡིན་པར་འདོད་པ་ནི་ལམ་མི་བཟད་པ་ཆེན་པོར་འགྲོ་འདོད་དོ།། བྱམས་པ་དང་ལྡན་པའི་དགྲ་བཅོམ་པ་ཡིན་པར་འདོད་ལ ་ཤིན་ཏུ་རྒྱས་པ་སུན་དབྱུང་བར་འདོད་དེ་དགྲ་བརྩེ་མ་པ་ཡིན་པར་འདོད་ཅིང་། ཉན་ཐོས་ཀྱི་ཐེག་པ་སུན་ཕྱུང་ནས་ང་ནི་བྱང་ཆུབ་སེམས་དཔའ་སྟེ་ཤིན་ཏུ་རྒྱས་པ་སྟོན་པ་ཡིན། ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོན་ཏན་རྣམས་ཡོད་དེ། སངས་རྒྱས་ཡོད་དོ་ཞེས་ཟེར་ཞིང་སངས་རྒྱསུ་ལུང་སྟོན་པར་བྱེད་དོ།། ང་དང་ཁྱོད་ཀྱིས་ཉོན་མོངས ་བའི་རྣམ་པ་ཆུ་བུམ་པ་བཞིན་དུ་གཞོམ་པར་བྱའོ།། ཐེ་ཚོམ་མེད་པར་བྱང་ཆུབ་བསྒོམ་པར་བྱའོ།། མདོ་སྡེའི་མན་ངག་ནི་དེ་ལྟ་བུ་ཡིན་ནོ་ཞེས་ཟེར་རོ།། དཔེར་ན་རྒྱལ་པོའི་ཕོ་ཉ་གཙང་ཞིང ་སྙིང་ཅེ་ལ་སྨྲ་མཁས་ཤིང་གཟི་བྱིན་ཆེ་བ་དགྲའི་ནང་དུ་རང་གི་སྲེག་དང་བསྡུས་ཏེ། རྒྱལ་པོ་ལ་ཚིག་རྫོགས་པར་སྨྲ་བ་དེ་བཞིན་དུ། ཤེས་རབ་ཅན་ཤིན་ཏུ་རྒྱས་པ་གཅེས་པར་འཛིན ་པ་ནི་བྲིས་པ་རྣམས་ཀྱི་ནང་དུ་རང་གི་སྲོག་དང་བསྔོས་ནས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས་སངས་རྒྱ་སུ་ལུང་སྟེན་པར་བྱེད་དོ།། དགོན ་བབ་མདོ་སྡེ་སྡང་བ་བྱིས་པ་བླུན་པོ་དགྲ་བཅོམ་པ་ཡིན་པར་འདོད་པ་གང་ཡིན་པ་དེ་ལ་དགྲ་བཅོམ་པ་དང་འདྲ་བར་ལྟ་ཞིང་སེམས་ཅན་ཆེན་པོ་དང་འདྲ་བར་ལྟ་སྟེ། འདོད་ཆེན་པོ་དགེ་སློང་སྡིག ་ཅན་དེ་དགོན་པ་ན་གནས་ཤིང་བདག་ཉིད་དགྲ་བཅོམ་པ་དང་འདྲ་བར་རྩི་བར་བྱེད་དེ། དགོན་པ་ན་གནས་པའི་དགེ་སློང་རྣམས་གཞན་གྱིས་བོས་པ་མི་བཟོད་པ་རྐྱེན་བཞི་ལས་ཤིན་ཏུ་རྒྱས་པ ་ནི་བདུད་ཀྱིས་སྨྲས་པ་ཡིན་ནོ།། བཅོམ་ལྡན་འདས་ནི་མི་རྟག། ཆོས་དང་དགེ་འདུན་ཡང་མེད་པར་འགྱུར་རོ།། དམ་པའི་ཆོས་མེད་པར་འགྱུར་བའི་ལྟོས་དེ་ལྟ་བུ་དག་སྣང་ངོ་ཞེས་བྱ་བ ་འདི་ཐེག་པ་ཆེན་པོ་ལས་ལེགས་པར་བཤད་དོ་ཞེས་ཟེར་ཏེ། དེ་སྐད་དུ་དམ་པའི་ཆོས་མ་ཡིན་པ་སྨྲ་བ་ནི་འོ་མ་བཞིན་དུ་མོད་ལྡང་བར་མི་འགྱུར་ཏེ། མེ་ཐལ་བས་བཀབ་པ ་ལ་བབ་པ་བཞིན་དུ་བྱིས་པ་འདོད་ཆེན་པ་རྣམས་ཕྱིས་ཚིག་པར་འགྱུར་རོ།། དེ་ལྟར་ན་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེན་པོ་ཆེ་ཕྲ་བ་ཡིན་ཏེ་མདོ་སྡེ་འདི་ནི་ཀ་ཏ་ཀིའི་འབྲས་བུ་དང་འདྲ ་རིགས་ཀྱི་བུ་དཔེར་ན་མེ་ཏེག་པད་མ་ཁ་ཟུམས་པ། ཉི་མའི་འོད་ཀྱིས་བག་མཁ་འབྱེ་བ་དེ་བཞིན་དུ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ཐོས་མ་ཐག་ཏུ། བྱང་ཆུབ ་ཀྱི་སེམས་མིང་ཙམ་བསྐྱེད་པ་ཡང་མི་དགེས་པར་འཛིན་པའི་སེམས་ཅན་ཐམས་ཅད་ཀྱང་དབང་མེད་པར་བྱང་ཆུབ་ཀྱི་རྒྱུ་སྤུ་དྲུང་ཐམས་ཅད་དུ་འཇུག་པར་འགྱུར་རོ།། འདོད་ཆེན ་བ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་མོད་ཀྱི་འོན་ཀྱང་གཡོགས་སམ། ཤིན་ཏུ་སྟུག་པར་འཇུའོ། དཔེར་ན་དར་གྱི་སྲིན་བུ་རང་ཉིད་ཀྱིས་ཀུན་ནས་དཀྲིས་ཏེ། སྒོམ་བཏོད ་པས་ཕྱིར་འབྱུང་མི་ནུས་པ་དེ་བཞིན་དུ།། དེ་བཞིན་གཤེགས་པའི་སྙིང་པོ་ཡང་དེའི་ལས་ཀྱི་ཉེས་པས་འདོད་ཆེན་པོའི་ཁོང་ནས་དབྱུང་བར་མི་ནུསོ།། དེ་བས་ན་འཁོར་བའི་མཐའ་ལས་བྱང ་ཆུབ་ཀྱི་རྒྱུ་མི་འཐོབ་པ།། དེ་བས་ན་རིགས་ཀྱི་བུང་པར་ན་པད་མ་དང་། ཨུཏྤལ་དང་། ཀུམ་དདང་། བདྨ་དཀར་པོ་རྣམས་འདས་གྱི་ནང་ནས་སྐྱེས་ནས་ཀྱང་འམ་ཀྱིས་མི་ཞེས་པ་དེ་བཞིན་དུ ་མདོ་སྡེ་ཆེན་པོ་འདི་ལ་ཡང་ཐེག་པོ་རྣམས་ཉོན་མོངས་པ་དང་བཅས་པ་ཡིན་དུ་ཟིན་ཀྱང་ཉོན་མོངས་པ་མེད་པའི་གྲངསུ་གཏོགས་སོ།། ཅིའི་ཕྱིར་མི་གོས་ཤེ་ན་དེ་བཞིན་གཤེགས་པའི ་སྙིང་པོ་བྱིན་གྱིས་བརླབས་ཀྱིས་མི་གོས་སོ།། དཔེར་ན་སེར་བུ་བསིལ་བ་ལངས་པའི་ཚེ། དབང་མེད་པར་སེམས་ཅན་ཐ་མས་ཅད་ཀྱི་སྤུ་དྲུང་ཐམས་ཅད་ཞུགས་ནས་ཚ་བ་ཐམ ་ཅད་ཞི་བར་བྱེད་པ་དེ་བཞིན་དུ་མདོ་ཆེན་པོ་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་སྤུ་དྲུང་ཐམས་ཅད་དུ་ཞུགས་ནས་དབང་མེད་པར་བྱང་ཆུབ་ཀྱི་རྒྱུ་ལ་འཇོག་པར་བྱེད་དེ་འདོད་ཆེན་པ ་སེམས་བསྐྱེད་པ་དགོས་པར་མི་འཛིན་པ་ནི་མ་གཏོགས།། རིགས་ཀྱི་བུ་དཔེར་ན་སྨན་པ་ཆེའི་རིགས་བྱེད་ཡན་ལག་བརྒྱད་ལ་མཁས་པ་ནི་ནད་ཐམས་ཅད་གསོ་བར་བྱེད་མོད་ཀྱི། གསོར་མི ་རུང་བ་ནི་གསོ་བར་མི་ནུས་པ་དེ་བཞིན་དུ་མདོ་སྡེ་དང་ཏིངེ་འཛིན་ཐམས་ཅད་ཀྱང་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་ནད་ཀྱིས་ཐེབས་པ་ཐམས་ཅད་གསོ་བར་བྱེད་ལ། ཉོན་མོངས་པའི ་ཟུག་རྔུ་ཐམས་ཅད་ཀྱང་སེལ་བར་བྱེད་མེད་ཀྱི། ཕམ་པ་བྱེད་པ་རྣམས་དང་མཚམས་མེད་པ་བྱེད་པ་རྣམས་རིགསེ་བར་མི་ནུས་སོ།། དཔེར་ར་སྨན་པ་ཚེའི་རིག་བྱེད་ཡན ་ལག་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ནང་གསེ་བར་བྱེད་མོད་ཀྱིས། ངེས་ཀྱང་འཆི་བའི་དུས་ལ་བབ་པའི་གསོ་མི་ནུས་པ་དེ་བཞིན་དུ་ཡོངསུ་མྱ་ངན་ལས་འདས ་པ་ཆེན་པོའི་མདོ་ཆེན་པོ་འདི་ཡང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནང་ཐམས་ཅད་བསལ་ནས་སེམས་ཅན་རྣམས་བྱང་ཆུབ་ཀྱི་རྒྱུ་ལ་འགེད་པར་བྱེད་མོད་ཀྱི། འཆི་བའི་དུས ་ལ་བབ་པ་ལྟ་བུའི་འདེད་ཆེན་པོ་ནི་མ་གཏེག་སོ།། དཔེར་ན་མི་དམུས་ལེང་གིས་ཉི་ཟླའི་འོད་ཀྱང་མི་ཤེས་ན། གསལ་བར་ལྟ་ག་ལ་མཐོང་སྟེ། སྨན་པ་ཆེན་པོས་ཀྱང་མིག་རྟུལ་བ་རྣམ ་ཀྱི་མིག་བཅས་ནས་མཐོང་བར་བྱེད་བ་ཟང་དེ་དམུས་ལེང་ནི་མ་གཏོགས།། དེ་བཞིན་དུ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ཡང་ལེང་བ་ལྟ་བུའི་ཉན ་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མིག་བཅོས་ནས་མྱུར་བ་ཁོ་ནར་ཐེག་པ་ཆེན་པོའི་མིག་མཐོང་བར་བྱེད་ལ་ཕམ་པ་བྱེད་པ་རྣམས་དང་། མཚམས་མེད་པ་བྱེད་པ་སེམས་བསྐྱེད་མི ་དགོས་པར་འཛིན་པ་རྣམས་ཀྱང་བྱང་ཆུབ་ལ་འགོད་པར་བྱེད་མོད་ཀྱི་ཤིན་ཏུ་དམུས་ལོངས་དུ་འདུག་པ་འདོད་ཆེན་པོ་ནི་མ་གཏོག་སོ།། རིགས་ཀྱི་བུ་དཔེར་ན་སྨན་པ་ཆེན་པོ་ཆེའི་རིག ་བྱེད་ཡན་ལག་བརྒྱད་ཀྱི་རྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ནི་སྨན་སྣར་ཀྲུགས་པ་དང་། ཁོང་དུ་བཏུང་བ་དང་། ལུས་བསྐུ་བ་དང་། དུད་པས་གདུག་པའི་ལས་རྣམས་ཀྱིས་སེམས་ཅན ་ཐམས་ཅད་ཀྱི་ནང་སེལ་བར་བྱེད་དེ། མགོན་མེད་པ་རྣམས་དང་བདག་ཅག་ལ་སྨན་མི་དགོས་སྙམ་སྟེ་སེམས་མི་བསྐྱེད་པ་རྣམས་དང་། ཁྱིམ་བདགི་ནང་ངམ། རྩ་དག་གི་ཁྲོད་དུ་བནག ་སྟེ་སྔགས་དང་། སྨན་དང་། སྨན་གནོད་སེལ་གྱི་མཐུས་དུག་རྣམས་དང་ནད་རྣམས་སེལ་བར་བྱེད་ལ། བུད་མེད་སྦྲུམ་བུ་བཅའ་བར་འདོད་ན། བཙར་མི་བཏུབ་པ་རྣམས་ཀྱང་སྨན་ལན། ་སིལ་གྱི་མཛུམ་དང་བར་བཅའ་བར་བྱེད་ལ། བྱིས་པ་ཡང་ནད་མེད་པར་བྱེད་པ་དེ་བཞིན་དུ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་གླེག་བམ་དུ་བྱས་པ་སེམས་ཅ ་ཐམས་ཅད་ཀྱི་ཁྱིམ་ན་འཆང་བ་དེ་དག་ཀྱང་ཐེག་པ་ཆེན་པོའི་མཐུས་བདེ་བར་བྱེང་ལ། མདོ་ཆེན་པོ་འདིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་ཡང་འགྱུར་རོ།། པམ ་པ་བྱེད་པ་རྣམས་དང་མཚམས་མེད་པ་བྱེད་པ་སེམས་བསྐྱེད་པ་མི་དགོས་པར་འཛིན་པ་རྣམས་ཀྱང་བྱང་ཆུབ་ལ་དགོད་པར་བྱེད་དེ། འདོད་ཆེན་པ་ཤི་བ་དང་འདྲ། ་བ་ནི་མ་གཏོག་སོ།། གསོལ་པ། བམ་པ་བྱེད་པ་རྣམས་དང་། མཚམས་མ་མཆིས་པ་མི་བཟད་པ་ཏ་ལའི་མགོ་བཅད་པ་དང་འདྲ་བ་དེ་དག་བདག་ཅག་གིས་བྱང་ཆུབ་ཏུ་སེམས ་བསྒྲེང་མི་དགོས་སོ་སྙམ་དུ་འཛིན་ན་སེམས་མ་བསྐྱེད་པར་དེ་དག་ལ་བྱང་ཆུབ་ཀྱི་རྒྱུ་ཇི་ལྟར་སྐྱེ་བར་འགྱུར་ལགས། བཀའ་སྩལ་པ། རིགས་ཀྱི་བུ་དེ་དག་ནི་རྨི་ལམ་དུ་ཡང་རུ ་བའི་འོག་ཏུ་ཡང་རུང་སེམས་ཅན་དམྱལང་རྣམ་སུ་བརྩེད་པ་ནོ། འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་ནི་མ་ལེགས་པ་བྱས་སོ།། གལ་ཏེ་འདི་ནས་ཐར་བར་འགྱུར ་བ་ཞིག་ཡོད་ན་ནི་ཤིན་ཏུ་འཇིགས་པ་འདི་མཐོང་བས་བདག་ཅག་གང་དང་གང་དུ་སྐྱེས་པ་དེ་དང་དེར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། སྙམ་དུ་སེམས་ཏེ། ་པའི་ཆེས་འབྱུང་བར་སེམས་པ་ནི་འབྲས་བུ་རྩེ་བ་ཡིན་ནོ།། དཔེར་ན་བྱིས་པ་ལ་ལ་ཤེད་བྱེ་ནས་བདག་ཉིད་ཤེས་པར་བྱེད་ཅིང་། འདི་ལྟར་བདག་མའི་མངལ་ན་འདུག་པའི་ཚེ། སྨན་པ་འདིས་སྔ ་དང་སྨན་གནོད་སེལ་གྱིས་མཐུས་བདགི་མ་བདེ་བ་བས་པས་ན་སྲོག་འདི་ནི་ཁྱོད་ཀྱི་དྲིན་རོ།། ཀྱེ་ས་བདག་གི་མ་གང་གིས་བདག་ཟླ་བ་བཅུ་གཉིས་ཀྱི་བར་དུ་མངལ་ན་འཆང་ཞིང་ཤི ་ཏུ་ཉེར་མོངས་པར་གྱུར་ནས། དེའི་འོག་ཏུ་ངེས་པ་ངག་ཤིན་ཏུ་ཆགས་ཆེར་པོས་བཅས་པ་དང་། བདག་མངལ་གྱི་དྲི་མ་ལྡན་ལྗིན་དང་ཁྲག་གིས་ལོག་པ་བཀྲུས་པ་དང ་བདག་ཆུ་ཁ་ཚུ་རལ་ནལ་པོས་གཤེར་བར་འདུག་པ་ལའོ་བྱས་པ་དང་། ཐབས་ཅི་ཡོད་པས་གསོས་པ་ནི་མ་ཆོག་ཏུ་བཀའ་ང་དང་བྱེད་པ་ཡིན་ཏེ། ངའི་ཁྱེད་ཀྱི་བཀའ ་དྲིམ་ལ་བདག་སྐྱེས་པས་བླ་མའི་མཆེད་པ་བ་དགོས་ཏེ་དེ་དང་འཚམ་པར་བྱའོ།། ཞེས་ཟེར་བ་དེ་བཞིན་དུ་ཕམ་པ་བྱེད་བྱེད་པ་རྣམས་དང་། མཚམས་མེད་པ་བྱེད་བྱེད་པ་རྣམས་དང ་འཆི་བའི་ཚེ་དྲན་པ་མ་བརྗེད་པའི་འབྲས་བུས་ལྔའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། དེ་རས་ཕམ་པ་བྱེད་བྱེད་པ་དང་། མཚམས་མེད་པ་བྱེད་བྱེད་པ་ཡང་དྲར་པ་མ་བརྗེད་པའི་འབྲས ་བུས། སེམས་ཅན་དམྱལ་བ་འམ་པའི་འཇིག་རྟེན་དུ་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། འདོད་ཆེན་པ་ནི་མོ་གཏོག་སོ།། དཔེར་ན་སྨརན་པ་འམ་སྨན་པོའི་བུ་རྒྱུད་ཕྱི་མ་ཤེས་པས་སྦྲུལ ་གདུག་པ་དང་། མིག་གདུག་པ་དང་། ཀླུ་བྱ་གག་ཅེས་བྱ་བ་ལ་སོགས་སྨན་གནོད་སེལ་དང་། རིགས་སྔགས་ཀྱི་མཐུས་རང་གི་ལྷམ་ལ་དབང་བྱ་བ་བཞིན་དུ་བཏུལ་ནས་དྲུག་མེད་པར ་བྱེད་དེ། ཀླུ་ཤིན་ཏུ་དྲག་པོ་ནི་མ་གཏོག་སོ།། དེ་བཞིན་དུ་མདོ་ཆེན་པོ་སླད་གནོད་སེལ་དང་འདྲ་བ་འདིས་ཀྱང་། ཕམ་པ་བྱེད་པ་རྣམས་དང་། མཚམས་མེད་པའི་ལས་བྱེད་པའི་སྡིག་ཅན ་གྱི་ཀླུ་མཆོག་ཏུ་དྲག་པ་སེམས་བསྐྱེད་མི་དགོས་པར་འཛིན་པ་རྣམས་བཏུལ་ནས་བྱང་ཆུབ་ཀྱི་གནས་ཆེན་པོར་འགོང་བར་བྱེད་དེ། དེ་བས་ན་སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསྐྱེད ་བའི་ཕྱིར་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མིང་སྨན་གནོད་སེལ་ཆེན་པོ་ཡོན་ཏན་གྱི་ཚུལ་ཅན་ཞེས་བྱ་སྟེ། འདོད་ཆེན་པའི་གླུ་དྲག་པོ་མི་བཟད་པ་ནི་མ་གཏོག་སོ།། དཔེ ་ན་སྨན་པས་དུག་སྨར་ཟུག་རྔུ་འབྱིན་པའི་སྔར་གྱི་རྒྱལ་པོ་བསྒྲུབས་ཏེ། དེས་རྔ་བོ་ཆེ་ལ་བསྐུས་ནས་ཕོ་བྲང་འ་ཁོར་དུ་རྔ་དེ་བརྡུངས་ན། སྒྲ་དེའི་མཐུས་སྐྱེ་བོ་ཇི་སྙེད་ཀྱིས་སྒྲ ་ཐོས་པ་དེ་དག་གི་ཟུག་རྔུ་ཐམས་ཅད་འབྱུང་བར་འགྱུར་ཏེ། དེ་ཉིད་ན་འཆི་བའི་དུས་ལ་ཉེ་བ་རྣམས་ཀྱི་ནི་འབྱུང་བར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ལས་ཀྱི་རྣམ་པར་སྨིན་པ ་བཟང་བ་ཡོད་པའི་ཕྱིར་རོ།། དེ་བཞིན་དུ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་སྒྲ་གང་དུ་ཐོས་ཀྱང་རུང་སྟེ། འདུ་བྱེད་ཀྱི་ཕོ་བྲང་འཁོར་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཟུག་རྔུ་རྣམས་འབྱིན་པར་བྱེད་ལ་འདུ་བྱེད་པ་མེད་པར་ཡང་བྱེད་དོ།། ཕོ་བྲང་འཁོར་ན་གནས་པ་དེ་དག་གི་ཡིད་ལ་འདི་སྙམ་དུ ་། ཟུག་རྔུ་འཐུང་མི་འགྱུར་སླར་དུ་སེམས་ཀྱི། དེ་དག་གི་ཡིད་ལ་ཟུག་རྔུ་རྣམས་འབྱུང་བར་འགྱུར།། སྐམ་དུ་ཇིག་སེམས་སས། དེ་བཞིན་དུ་གཅིག་ཤེས ་ལ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུ་གི་ཟུག་རྔུ་རྣམས་འབྱུང་བར་འགྱུ་རོ་སྙམ་པའི་སེམས་མེད་དེ། དེ་དག་གི་སེམས་ནི་འདོད་པ་རྣམས་ལ་གནསོ།། དེ་བཞིན་དུ་ཕམ་པ ་བྱེད་པ་རྣམས་དང་། མཚམས་མེད་པའི་ལས་བྱེད་པ་སེམས་བསྐྱེད་མི་དགོས་པར་འཛིན་པ་རྣམས་ཀྱི་ཡང་བྱང་ཆུབ་ཀྱི་རྒྱུ་སྐྱེད་པར་བྱེད་དེ། འདོད་ཆེན་པོ་འཆི་བའི་དུས་ལ་བབ་པ ་དང་འདྲ་བ་ནི་མ་གཏོག་སོ།། རིགས་ཀྱི་བུ་དཔེར་ན་མཚན་མོ་མུན་པའི་ནང་ན་འཛམྦུ་གླིང་པའི་སེམས་ཅན་རྣམས་ཞོང་ལས་ལ་སོགས་པའི་ལས་བྱ་བ་ལ་འཇུག་པ་མེད་དེ ་མ་འཆར་བ་སྡོད་ཅིང་འཁོད་དོ།། དེ་ནས་ཉི་མ་ཤར་བ་དང་ཞིང་བླས་ལ་སོགས་པ་ལ་འཇུག།། དེ་བཞིན་དུ་ཐེག་པ་ཆེན་པོ་རྣམས་ཀྱིས་ཀྱང་མདོ་སྡེ་དང་། ཏིང་འཛིན་ཐང་ཐོས ་ཤིང་བསྒོམས་ནས། ཞིང་ལས་བྱེད་འདོད་པའི་སེམས་ཅན་མཚན་མོ་སྡོང་པ་བཞིན་དུ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་ཉི་མ་འཆར་བ་སྡོད་དོ།། དེ་ནས་མདོ ་ཆེན་པོ་འདི་ལས་དགོངས་པའི་ཚིག་ཐོས་ནས་དམ་པའི་ཆོས་ཀྱི་གནསུ་ལས་རྩོམ་པར་བྱེད་དོ།། དེ་ནས་ཞིང་ལས་ཇི་ལྟར་བྱས་པ་ལ་ཆར་ཆེན་པོ་བབ་པས་ལོ་ཏོག་སྐྱེ་བར་འགྱུར་ལ་ལོ།། ་ཡང་ལེགས་པར་འགྱུརོ།། དེ་བཞིན་དུ་དམ་པའི་ཆོས་ཀྱི་ཞིང་ལས་བྱས་པ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྡེ་ཆེན་པོའི་སྤྲིན་ཆེན་པོ་ལས་ཐོས་པ་ལས་ཐོས་པའི་ཆོས ་ཀྱི་ཆར་བབ་ན། རིམས་ནད་རྣམ་པར་གྲོལ་བ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཡིད་འོང་བར་བྱེད་པའི་ལུང་བསྟན་པ་ཆེན་པོའི་ལོ་རྟོག་སྐྱེ་བར་འགྱུར་ཏེ། དམ་པའི་ཆོས་པདྨ་དཀར་པོའི་མདོ ་ཆེན་པོ་ལས། ཉན་ཐོས་ཆེན་པོ་བརྒྱད་ཅུ་དཔྱིད་ཟླ་ར་བ་ལ་འབྲུ་རྣམས་མཐར་ཐུག་པ་བཞིན་དུ་ལུང་བསྟན་པ་ཆེན་པོའི་ལོ་ཏོག་སྐྱེ་བའི་མཐར་ཐུག་པ་དང་འདྲ་བར་འགྱུར་ཏེ། འདོད་ཆེན་པོ ་ནི་མ་གཏོག་སོ།། འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ལས།། བམ་པོ་བཅུ་གཉིས་པ། རིགས་ཀྱི་བུ་དཔེར་ན་སྨན་པ་ཆེན་པོས་འཐུང་པོས་ཟིན ་པ་འམ། སྦྲུལ་གྱིས་ཟིན་པའི་དོན་ཏུ་སྨན་གྱི་རི་ལུ་འམ། སྨན་གནོད་སེལ་རྒྱང་གྲགས་མང་པོ་ཞིག་ཏུ་སྐུར་ཏེ་འདི་སྐད་སྤྱན་འདྲི་མྱུར་དུ་ཁྱེར་ལ་ཁྱེར་ནས་ཀྱང་དེའི་དཔྱད་གྱིས་ཤིག་དང ་དེ་ལྟར་བྱས་ན་དེའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོའི་གདོན་རྣམས་མེད་པར་འགྱུ་རོ།། དེ་སྟེ་མཁྱེར་ན། ཁད། གཉིད་འགྲོ་བར་བྱའོ།། དེ་བར་མ་དོར་ཆུད་ཟོས་ན་མི་རུང ་ངོ།། ཞེས་ཀྱང་ཟེར་ལ། དེ་ནས་སྨན་པའམ་སྨན་པ་འི་འཕྲིན་པ་ཐག་རིང་པོ་ཞིག་ནས་མཐོང་ནས། སྔགས་དེའི་གཟི་བྱིན་དང་མཐུས་གནོད་པ་ཐཾད་ཞི་བར་འགྱུར་ཏེ་ང་ཡང་བར་འགྱུར ་བ་དེ་བཞིན་དུ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་མཐུ་ཆེ་བ་འདི་ཡི་གེར་བྲིས་པ་ཞིག་ཞིག་གནས་ན་ཡོད་དོ་ཞེས་དགེ་སློང་ངམ། དགེ་སློང་མའམ། འདི་ལས་ཕྱི་རོལ་པ་གན། ་གྱིས་ཤེས་མ་གཞན་གྱིས་ཐོས་ན་དེ་དག་གི་བྱང་ཆུབ་ཀྱི་རྒྱུར་འགྱུར་ལ་ཕམ་པ་བྱེད་པ་དང་། མཚམས་མེད་པའི་ལས་བྱེད་པའི་བྱུང་པོ་དང་ཤ་ཟིའི་གདོན་གྱིས་ཟིན་པ་ཇི་སྙེད་ཀྱིས་ཐོས་ཀྱང ་རུང་སྟེ། དེ་ངག་ཐམས་ཅད་སྨན་པ་ཆེན་པོ་མཐོང་བ་བཞིན་དུ་གདོན་དང་བྲལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འགྱུརརོ།། ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ། ་རྟག་པའི་མདོ་སྡེ་ཆེན་པོའི་མཐུའི་རྒྱུས་དེ་ལྟར་འགྱུར་ཏེ། དེ་ལྟ་ན་གང་དག་གིས་མདོ་སྡེ་ཆེན་པོ་གླེག་བམ་ལ་བྲིས་པ་ཀླག་སམ། ཐོས་མ་དྲིས་ཀྱང་རུང་། དེ་དག་ལྟ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོར་ཅི་སྟེ་མི་འགྱུར།། འདོད་ཆེན་པོ་ནི་མ་གཏོག་སོ།། དཔེར་ན་འོན་པས་སྒྲ་མི་ཐོས་པ་དེ་བཞིན་དུ་འདོད་ཆེན་བས་ཀྱང་མདོ་སྡེ་འདི་ཐོས་པར་མི་ནུས་ཏེ་དེ་ལ་རྒྱུ་མེད་པའི་ཕྱིརོ།། རིགས་ཀྱི ་བུ་གཞན་ཡང་དཔེར་ན་སྨན་པ་ཆེའི་རིག་བྱེད་ཡན་ལག་པ་རྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ཞིགས་རྒྱལ་པོ་མཐོང་ནས། རྒྱལ་པོ་ཆེན་པོ་ཁྱེད་ལ་གྲོངས་ལ་ཐུགས་པ་ཙམ་གྱི་སྤྱན་གྱི ་བེབས་པར་འགྱུ་རོ་ཞེས་ལུང་བསྟན་པ་དང་རྒྱལ་པོ་དེས་དེ་ལ་བཀའི་སྩལ་པ། ཁྱོད་ཀྱིས་མ་མཐོང་བར་དད་ཚ་བཱ་པོ་ཆེ་འབྱུང་བར་ཇི་ལྟར་ཤེས། དེ་ནས་སྨན་པ་དེས་རྒྱལ་པོ ་ལ་གསོལ་པ། གལ་ཏེ་ཐུགས་མི་ཆེས་ན་སྨན་གསོལ་ཅིག་དང་མངོན་ནོ་ཞེས་བྱས་ན། འོན་ཀྱང་རྒྱལ་པོ་དེ་སྨར་འཐུང་དུ་ཡང་མེ་བཏུབོ།། དེ་ནས་སྨན་པ་ཆེན་པོ་དེས་རིག་པའི་སྟོབས་ཀྱི་གན། ་རགཞང་འཕྲུལ་འཐོན་པར་བྱས་སོ།། དེ་ནས་རྒྱལ་པོ་དེས་གཞང་འབྲུམ་དེ་དག་མཐོང་ནས་སྐྲག་ཅིང་མི་དགའ་སྟེ་ཀྱེ་བུང་ཞེས་བྱས་ནས་སྨན་པའི་ཚིག་བདེན་ནོ་སྙམ་དུ་སེམས་ཏེ། ་གནང་འབྲུམ་འཐོན་པར་ཤེས་ནས་ཀྱེ་མ་སྨན་པའི་རིགས་པའི་སྟོབས་ངོ་མཚར་ཏོ་སྙམ་སྟེ་སྨན་པ་དེ་ལ་ཕ་མ་ལ་གུས་པར་བྱ་བ་བཞིན་དུ་བཀུར་སྟི་བྱེད་པ་དེ་བཞིན་དུ། ཡོངསུ་མ ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ནི་སེམས་བསྐྱེད་མི་དགོས་པར་འཛིན་པའི་སེམས་ཅན་ཐམས་ཅད་ལ་ཡང་སྨན་པ་ཆེན་པོས་རྒྱལ་པོ་ལ་བྱ་བ་བཞིན་དུ་བདེ་བླག་ཏུ་བྱང ་ཆུབ་ཀྱི་རྒྱུ་ལ་འཇོག་པར་བྱེད་དེ། དེ་དག་ལ་རྨི་ལམ་དུའམ་འཆི་བའི་ཚེ་ཡང་རུང་སྟེ། སེམས་ཅན་དེ་དག་གིས་མི་ཤེས་བཞིན་དུ་བྱང་ཆུབ་ཀྱི་རྒྱུ་འཇུག་པར་འགྱུ་རོ།། འདོད་ཆེན ་པ་ནི་མ་གཏོགསོ་ཏེ། སྨན་པ་ཆེན་པོས་ཀྱང་འདི་ནི་གསོར་མི་རུང་ངོ་སྙམ་ནས་ལས་མི་བཟད་པ་དང་ལྡན་པའི་འཆི་བར་འགྱུར་བའི་ནད་གསོ་བར་མི་བྱེད་དོ།། འཆི་བར་འགྱུར་པ་དང་འདྲ་བ ་ནི་འདོད་ཆེན་པོ་ཡིནོ།། རིགས་ཀྱི་བུ་དཔེར་ན་སྨན་པ་ཆེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ཞིག་ས་རང་གི་དུ་ཐོག་མར་རྒྱུད་ཀྱི་ཡན་ལག་ཐང་དང་། ཆུ་དང་། ་རི་ལས་སྐྱེས་པའི་སྨན་རྣམས་སློབ་པར་བྱེད་ཀྱི། ཐོག་མ་ཡན་ལག་སློབ་པ་ཙམ་ན་རྒྱུད་ཕྱི་མ་སློབ་པར་མི་བྱེད་དེ། གང་གིས་ཚེ་ཆེའི་རིག་བྱེད་ཡན་ལག་བརྒྱད་བསླབ ་ཟིན་པ་དེའི་ཚེ་ནི་རྒྱུད་ཕྱི་མ་ལས་སྔགས་དང་སྨན་གྲུབ་པའི་ལས་སློབ་པར་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང ་ཉིད་ཀྱི་སྲས་དགེ་སློང་དག་ལ་ཐོག་མའི་ཡན་ལག་ཉོན་མོངས་པའི་རྣམ་པ་སྦྱང་བ་དང་། ལུས་སྙིང་པོ་མེད་པར་བསྒོམ་པ་དང་། ཐང་དང་། ཆུ་དང་། རི་ལས་སྐྱེས་པ་ལྟ་བུ་རྣམ་པ་ག ་བསྒོམ་པ་སློབ་པར་མཛད་དོ།། དེ་ལ་ཐང་ཞེས་བྱ་བ་ནི་ལུས་ཀྱི་སྡུག་བསྔལ་རྣམ་པ་དུ་མ་རྣམ་སོ།། ཆུ་ཞེས་བྱ་བ་ནི་ལུས་འདི་ཆུའི་ཆུ་བུར་ལྟ་བུར་མི་རྟག་པའོ།། རི་ཞེས་བྱ་བ་ནི་ཉོན་མོངས ་། པའི་རྣམ་པ་རྣམས་ལ་བདག་མེད་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ལུས་འདི་ནི་བདག་མེད་པའོ་ཞེས་སློབ་པར་མཛད་དོ།། གལ་ཏེ་དགེ་སློང་རྣམས་ཀྱི་གསུང་རབ ་ཡན་ལག་དགུའི་དེ་ན་མ་མཐོང་མ་ནི་ཐེག་པ་ཆེན་པོའི་མཆོག་འདི་སློབ་པར་མི་མཛད་དོ།། ད་ནི་སྨན་པ་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་གསུང་རབ་ཡན་ལག་དགུ་ལ་དོན་གྱི་བྱ ་དངས་ཟིན་པའི་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྒྱུད་ཕྱི་མ་ལས་དེ་བཞིན་གཤེགས་པའི་སྙིང་པོ་རྟག་གེ་ཞེས་སྟོན་པར་མཛད་དོ།། དེ་ལྟར་དེ་བཞིན་གཤེགས་པས ་ཡེངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་བ་སྙན་པ་ཐོས་ན་སེམས་བསྐྱེད་མི་དགོས་པ་འཛིན་པའི་སེམས་ཅན་རྣམས་ལ་ཡང་བྱང་ཆུབ་ཀྱི་རྒྱུར་འགྱུར།། འདོད ་ཆེན་པོ་ནི་མ་གཏོག་སོ།། རིགས་ཀྱི་བུ་དེ་ལྟར་ན་ཡེངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ནི་དེ་ལྟར་བསམ་གྱིས་མི་ཁྱབ་སྟེ། སྨན་པ་ཆེན་པོ་བཞིན་དུ་སྨ ་བ་རྣམས་ཀྱི་མཆོག་ཏུ་འགྱུར་བ་ཡིན་ཏེ།། མདོ་སྡེ་འདི་ནི་མདོ་སྡེའི་རྒྱལ་པོའི་མཆོག་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་གྲུ་ནི་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། ཕ་རོལ་གྱི ་འགྲམ་ནས་ཚུ་རོལ་གྱི་འགྲམ་དུ་འོང་ཞིང་ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་འགྲོ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངསུ་སུ ་ངན་ལས་འདས་ནས། གྲུ་ཕ་རོལ་ཏུ་འགྲོ་བ་དེ་བཞིན་དུ་སེམས་ཅན་རྣམས་སྒྲོལ་དུ་གཤེགས་ཏེ། གང་དང་གང་ན་གདུལ་བར་བྱ་བ་རྣམས་ཡོད་པ་དེ་དང་དེར་རྫོགས་པའི་སངས་རྒྱས་སྟོན ་པར་མཛད་དོ།། དེ་བས་ན་ཇི་ལྟར་གྲུ་གང་དང་གང་དུ་སེམས་ཅན་བསྒྲལ་བར་འདོད་པ་དེ་དང་དེར་འགྲོ་བ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། དེ་བས་ན་མཉན་པ་ཆེན་པོ་ཞེས་བྱ། ་དེ་བས་ན་དེ་བཞིན་གཤེགས་པ་རྟག་པ་དང་བརྟན་པ་ཡིན་ནོ།། གྲུ་ཡོད་ན་མཉན་པས་སྒྲོལ་བར་བྱེད་ལ་དེ་བཞིན་གཤེགས་པ་རྟག་པར་ཡོད་པ་དང་། ད་དུང་དུ་སེམས་ཅན་སྒྲོལ་ཞིང་སྐྱེ ་བར་འགྱུརརོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་རྒྱ་མཚོ་ཆེན་པོའི་ནང་དུ་གྲུ་བོ་ཆེ་འགྲོ་བ་རླུང་དང་ཕྲང་ན་དྲང་པོར་འགྲོ་ཞིང་། སྐད་ཅིག་ཙམ་གྱིས་དཔག་ཚད་དུ་མར་འགྲོ་ལ། གལ་ཏོ།། ་རླུང་དང་མ་ཕྲང་ན་ནི་ལོ་དུ་མར་ཡང་མལ་ཅིག་ན་འདུག་པ་འམ་ཡང་ན་བུད་པར་འགྱུར་བ་དེ་བཞིན་དུ་མི་ཤེས་པའི་རྒྱ་མཚོ་ཆེན་པོར་ལྟུང་བའི་སེམས་ཅན་རྣམས་ཀྱང་ཡོད ་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་རླུང་གི་རྒྱལ་པོ་བྲང་ན་ནི་གྲུ་བཞིན་དུ་མྱུར་བ་ཁོ་ནར་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུརརོ།། གང་དག་མདེའི་རླུང་གི ་རྒྱལ་པོ་འདི་དང་མ་ཕྲད་པ་དེ་དག་ནི་གྲུ་རྒྱ་མཚོ་ཆེན་པོར་བུབ་པ་བཞིན་དུ་འཁོར་བའི་འཁོར་ལོར་བརླག་པར་འགྱུརརོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་རྒྱ་མཚོ་ཆེན་པོ་འཇིགས་པའི ་གནས་རླུང་དང་ཕྲང་ན་ད་ནི་ཤི་བ་ཉིད་འདི་ཡི་ནོ།། སྙམ་སྟེ་དཀོས་ཐག་པར་གྱུར་པའི་སེམས་ཅན་རྣམས་མི་ཤེས་བཞིན་དུ་རླུང་གི་རྒྱལ་པོས་ཡུད་ཙམ་གྱིས་ཁྱེར་ནས་དེ་དག་འདི ་སྙམ་དུ་སེམས་ཏེ། ཀྱེ་མ་བདག་ཅག་ཐར་པར་འགྱུར་བ་འདི་ནི་ངོ་མཚར་ཆེའོ་སྙམ་པ་དེ་བཞིན་དུ་མདོ་ཆེན་པོ་འདིའི་མདེའི་རླུང་གི་རྒྱལ་པོ་འང་ཡང་མི་ཤེས་པའི་རྒྱ་མཚོ་ཆེན་པོ་ན་ཁོད་ནི ་། སེམས་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་མི་དགོས་པར་འཛིན་པ་རྣམས། མི་ཤེས་བཞིན་དུ་བྱང་ཆུབ་ཀྱི་རྒྱུ་ལ་འགོད་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་སྦྲུལ་གྱིས ་བགས་པ་རླིང་པ་བོར་ན་ཇིག་ཤི་འམ་མེད་པར་སོང་བ་ཡིན་ནམ། གསེལ་པ། བཅོམ་ལྡན་འདས་དེ་ནི་མ་ལག་སོ།། བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡིད ་པགས་པ་རྙིང་པ་འདོར་བ་བཞིན་དུ་ཐབས་ཀྱི་སྐུ་དྲུག་སྨན་གྱི་སྡོང་པོ་སྙིང་པ་སྤོང་བར་མཛད་པ་ལ་ཇི་ག་དེ་བཞིན་གཤེགས་པ་མི་རྟག་པར་འགྱུར་མ། གསོལ་པ། བཅོམ་ལྡན་འདས་དེ་ནི ་མ་ལགས་ཏེ། སྦྲུལ་ལྤགས་པ་རྗེ་བ་བཞིན་དུ་འཛེམྦུ་གླིང་ཁ་ཅིག་ཏུ་ཐབས་ཀྱི་སྐུ་གཞན་བོར་ནས་ཐབས་ཀྱི་སྐུ་གཞན་སྟོན་པར་མཛད་ལག་སོ།། བཀའ་སྩལ་པ། རིགས་ཀྱི་བུ་དེ་བས་ན ་དེ་བཞིན་གཤེགས་པ་རྟག་པ་ཡིན་ནོ།། རིགས་ཀྱི་དབུ་གཞན་ཡང་དཔེར་ན་གསེར་འགར་གྱི་གསེར་གྱི་འབྱུང་བ། ནས་གསེར་གའུ་སྟེ། སྐྱོན་དང་བྲལ་བར་གྱུར་ནས་རྒྱན ་བཟང་པོ་ཅི་དང་ཅི་འདོད་པ་གསེར་འགར་བྱེད་དུ་བ་ཅུག་ན་དེ་དང་དེ་ལྟ་བུར་བྱེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པས་ཀྱང་སྲིད་པ་ཉི་ཤུ་རྩ་ལྔ་དག་ཏུ་གཏུལ་བར་བྱ་བ་རྣམས་ཅི ་དང་ཅི་ལྟ་བུར་འདོད་པ་དང་དེ་ལྟ་བུའི་ཐབས་ཀྱི་གཟུགས་མངོན་པར་སྤྲུལ་ནས་སེམས་ཅན་རྣམས་སྒྲོལ་བར་མཛ་།། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་ནི་མཐའ་ཡས་ཏེ་རྟག་པ ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་ཨ་མྲའི་ཤིང་ངམ། འཛམྦུའི་ཤིང་རུང་དུས་ཚིག་རྣམ་པ་གསུམ་གྱི་དབང་གིས་འགྱུར་ཏེ། རེས་འགའ་ནི་སྦལ་མིག་བྱེ་བ་དང་། ལོ་མ་ཁ ་འཇུ་བར་འགྱུའོ།། རེས་འགའ་ནི་ལོ་མ་རྒྱས་ཤིང་གྲིང་མ་བསིལ་བར་འགྱུ་རོ།། རེས་འགའ་ནི་ཤིང་སྐམ་པོ་བཞིན་དུ་ལོ་མ་ལྷགས་པར་འགྱུར་ན། ཇིག་ཤིང་དེ་དག་ཤི་ཞེས་བྱ་བ་འམ། ་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལག་སོ།། བཀའ་སྩལ་པ། རིགས་བཤིན་དུ་ཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་གདུལ་བར་བྱ་བའི་དབང ་གིས་འཇིག་རྟེན་གསུམ་དུ་ཐབས་ཀྱི་སྐུ་རྣམ་པ་ག་སུམ་སྟོན་པར་མཛད་དེ། སྐྱེ་བ་ལྟ་བུ་དང་། འཚོ་ཞིང་བཞུགས་པ་ལྟ་བུ་དང་། ཡོངསུ་མྱ་ངན་ལས་འདའ་བ་ལྟ་བུར་སྟོན་ན་ཇི་ག་དེ ་བཞིན་གཤེགས་པ་མི་རྟག་པ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལག་སོ།། བཀའ་སྩལ་ག་རིགས་ཀྱི་བུ་དེ་བས་ན་དེ་བཞིན་གཤེགས་པ་རྟག་པ་ཡིནོ། ་དེ་བཞིན་གཤེགས་པའི་སྐུ་དང་དེ་བཞིན་གཤེགས་པའི་དགོངས་པའི་ཚིག་ཀྱང་ཤེས་པར་ནུས་པར་དཀའོ།། དཔེར་ན་རྒྱལ་པོ་ལ་ལ་ཞིགས་རང་གི་བློན་པོ་ལ་སིན་དུ་བ ་འོན་ཅིག་ཅེས་དེ་སྐད་བསྒོ་ན་དེ་ལས་དེ་ལ་སིན་དུ་པ་ཞེས་བྱ་བ་ནི། ལན་ཙ་དང་། སྐོམ་སྣོད་དང་། རལ་གྱི་དང་། རྟ་རྣམས་ལ་བྱ་སྟེ། འདི་བཞིའི་མིང་སིན་དུ་བ་ཞེས་བྱ་ན། དེ་ལྟར་མིང་གི་ཅག ་ལ་དོན་མང་པོ་ཡོད་པས་གང་གི་ཚེ་རྒྱལ་པོ་བཤོས་གསོལ་པ་ན་སིན་དུ་བ་ཞེས་ཟེར་ན་ནི། དེའི་ཚེ་བློན་པོས་སིན་དུ་པའི་ལན་ཙ་ཡིན་པར་རིག་ནས་ལན་ཅི་འབུལ་བར་བྱེད་དོ།། གང་གི ་ཚེ་རྒྱལ་པོ་བཤོས་གསོལ་ཟིན་ནས་སིན་དུ་པ་ཞེས་ཟེར་ན་ནི། དེའི་ཚེ་བློན་པོས་སྐོམ་སྣོད་ཡིན་པར་རིག་ནས་སྐོམ་འབུལ་བར་བྱེད་དོ།། གང་གི་ཚེ་རྒྱལ་པོས་སྐྱེད་མོས་ཚལ་དུ་འགྲོ་བའི ་ཚེ། སིན་དུ་པ་ཞེས་ཟེར་ན་ནི། དེའི་དེ་བློད་པས་ན་ཡིན་པར་རིག་ནས་རྟ་འབུལ་བར་བྱེད་དེ།། གང་གི་ཚེ་རྒྱལ་པོ་འཐབ་པའི་ཚེ་སིན་དུ་པ་ཞེས་ཟེར་ར་ནི།། དེའི་ཚེ་བློན་པོས་རལ ་གྲི་ཡིན་པར་རིག་ནས་རལ་གྱི་འབུལ་བར་བྱེད་དེ། དེ་ལྟར་རྒྱལ་པོའི་དགོངས་པའི་ཚིག་རྣམ་པ་བཞི། བློན་པ་རྣམས་ཀྱིས་ཁོང་དུ་ཆུད་པར་འགྱུར།། རིགས་ཀྱི་བུ་དེ་བཞིན་དུ་ཐེག་པ་ཆེན ་པོ་འདི་ལ་ཡང་མི་རྟག་པ་བཞི་ཞེས་བྱ་བ་ཡོད་པར་ཐེག་པ་ཆེན་པོ་པ་བློན་པོ་དང་འདྲ་བས། དེ་བཞིན་དུ་རིག་པར་བྱ་སྟེ། གང་གི་ཚེ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས་སངས་རྒྱས ་ཡོངསུ་མྱ་ངན་ལས་འདའོ་ཞེས་སྟོན་ན་ནོ།། དེའི་ཚེ་ཐེག་པ་ཆེན་པོ་པས་མི་རྟག་པ་སྟོན་ཏེ་སྙམ་དུ་ཤེས་པར་བྱ་སྟེ། མི་རྟག་པ་འི་འདུ་ཤེས་བསྒོམ་པར་བྱའོ།། གང་གི་ཚེ་དེ་བཞིན་གཤྱེ ་བ་དམ་པའི་ཆོས་ནུབ་པ་དང་ཞིག་པར་འགྱུར་རེ་ཞེས་སྟེན་ན་ནི།། དེའི་ཚེ་སྡུག་བསྔལ་སྟོན་ཏོ་སྙམ་དུ་ཤེས་པར་བྱ་སྟེ། སྡུག་བསྔལ་བསྒོམ་པར་བྱའོ།། གང་གི་ཚེ་ང་བན ་གཤེགས་པ་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་ལ་ངའི་ལུས་ནང་ཆེན་པོ་མཐའ་ཡས་པས་གཟིར་ཏོ།། དགེ་འདུན་འཇིག་པར་འགྱུར་ཞེས་སྟོན་ན་ནི།། དེའི་ཚེ་བདག་མེད་པ་སྟོན་ཏེ། ་སྙམ་དུ་ཤེས་པར་བྱ་སྟེ། བང་ག་མེད་པ་བསྒོམ་པ་བསྒོམ་པར་བྱའོ།། གང་གི་ཚེ་དེ་བཞིན་གཤེགས་པ་ཐར་པ་ནི་མཚན་མ་མེད་པ་དང་། སྟེང་པ་དང་། ཅི་ཡང་མེད་པའོ་རེས་སྟེན་ན ་དེའི་ཚེ་ཐར་པ་ནི་སྲིད་པ་ཉི་ཤུ་རྩ་ལྔ་དང་བྲལ་བ་ཡིན་ནོ་ཞེས་སྟོན་པར་ཤེས་པར་བྱ་སྟེ། དེ་བས་ན་སྟོང་པ་ཞེས་བྱའོ།། གང་གི་ཕྱིར་དེ་ལ་སྡུག་བསྔལ་མེད་པས་ན་དེའི་ཕྱིར་སྡུག་བསྔལ ་ཅི་ཡང་མེད་པ་དང་། མཆོག་ཏུ་བདེ་བ་དང་། མཚན་མ་མེད་པ་ཡིན་ནོ།། གང་གི་ཕྱིར་དེ་ལ་མི་རྟག་པ་དང་། མི་བརྟན་པ་དང་། ཐེར་ཟུག་མ་ཡིན་པ་དང་། ཞི་བའི་རང་བཞིན་མ་ཡིན་པ་མེད ་པས་ན་དེའི་ཕྱིར་ཐར་པ་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། ཞི་བ་སྟེ་དེ་ཉིད་དེ་བཞིར་གཤེགས་པ་ཡིན་ནོ།། གང་གི་ཚེ་དེ་བཞིན་གཤེགས་པ་སེམས་ཅད་ཐམས་ཅད་ལ་དེ ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་སྟོན་ན་དེའི་ཚེ་ཡང་དག་པར་རྟག་པ་བསྒོམ་པ་བསྒོམ་པར་བྱའོ།། དགེ་སློང་གང་དག་དེ་ལྟར་བསྒོམ་པ་དེ་དག་ནི་ངའི་ཉན་ཐོས་ཡིན་ནོ་ཞེས ་ངཟེར་རོ།། རྒྱལ་པོའི་བློན་པ་བཞིན་གེངས་པའི་ཚིག་ལ་མཁས་པ་ཡིན་ཞེས་ང་ཟེར་རོ།། དེ་ལྟར་རྒྱལ་པོའི་ལུགས་ལ་ཡང་དགོངས་པའི་ཚིག་ཡོད་ན། ངའི་བསྟན་པ་ལ་དགོངས་པའི ་ཚིག་ག་ལ་ཞིག་མེད་དེ་མཁས་པ་དག་གིས་དེ་ལྟ་ར་རིག་པར་བྱའོ།། ངའི་བསྟན་པ་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་ཤིང ་ལ་ཤ་དང་། མྱ་ངན་འཚང་དང་། དོང་ཀིའི་ཤིང་རྣམས་ནི་ཆར་པ་དཀོན་པའི་ཚེ་མེ་ཏོག་ཀྱང་ངན་པར་འགྱུར། འབྲས་བུ་ཡང་ངར་བར་འགྱུ་རོ།། ཆུ་དང་། ཐང་ལས་སྐྱེས་པའི་མེ་ཏོག་གཞན ་རྣམས་ཀྱང་ཁྲུ་ཐུང་བ་དང་། མདོག་ངན་པ་དང་། གཟི་བྱིན་ཆུང་བ་དང་། དྲི་ཆུང་བར་འགྱུར་ཏེ། དེ་ལྟར་ནམ་འདས་པའི་དུས་ན་མེ་ཏོག་དང་། སྨན་རྣམས་གཟི་བྱིན་དང་དྲི་ལ་སོགས་པ་ཉམས་པ ་འགྱུརརོ།། རིགས་ཀྱི་བུ་དེ་བཞིན་དུང་འདས་པའི་འོག་ཏུ་མ་འོངས་པའི་དུས་ན་དུས་ངན་པ་འབྱུང་བའི་ཚེ་དམ་པའི་ཆེས་འཇིག་པ་ན་སེམས་ཅད་རྣམས་བསོད་ནམས་ཆུང་བའི་ཕྱིར་ཆར་པ་དཀོན ་པའི་ཚེ་རེ་ཏོག་གཟི་བྱིན་རེད་པ་བཞིར་དུ་ཡོངསུ་མྱ་ངན་ལས་འདས་པ་ཆེར་པོའི་མདོ་ཆེན་པོ་འདིའི་དགོངས་པའི་ཚིགསུ་བཅད་པའི་དོན་འཇིག་རྟེན་དུ་བརྡའ་སྦེད་པའི་ཚེ ་སུ་བཅད་པ་དང་། ཚིག་དང་ཚིགས་སིལ་བུའི་ཕྱེད་ཙམ་སྤོང་བར་འགྱུར།། དགེ་སློང་སྡིག་ཅན་རྣམས་ཀྱིས་ཀྱང་རང་ལ་མཐུ་མེད་པས་དགོངས་པའི་ཚིག་གསང་བའི་ཚིགསུ་བཅད་པ་བདུད ་རྩིའི་ཚིག་རྣམས་དེར་ནས་གཞན་འདེན་པར་བྱེད་དེ། རྐུན་པོ་དག་གིས་ཕུབ་མ་ཁུར་དུ་ཁྱེར་ལ་ཆེ་བ་ལ་ངེས་པའི་རིན་པོ་ཆེ་འདོར་བཞིན་དུ་དགེ་སློང་གཡེལ་བ་རྣམས་ཀྱང་མདོ་འདིའི་ཚིགསུ ་བཅད་པ་དགོངས་པའི་ཚིག་རྣམས་འདོར་བར་བྱེད་།། ཀྱེ་མ་ལ་འོངས་པའི་དུས་མཆོག་ཏུ་སྐྲག་ཏུ་རུང་བ་འབྱུང་བར་འགྱུརརོ།། ཀྱེ་མ་མ་འོངས་པའི་སེམས་ཅན་ཤིན་ཏུ་དཔལ་ཡོན་ཆུང ་བདག་འདྲུང་བར་འགྱུར་ཏེ་དེ་དག་ནི་མདོ་སྡེ་ཆེན་པོ་འདི་ཉན་པར་མི་འགྱུའོ།། གང་དག་ཉན་པར་བྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ཏེ། ་དེ་ཁོ་ན་ཉིད་ཀྱི་དོན་འཛིན་པར་འགྱུར་གྱི་ཡི་གེ་ལཱུ་མ་འཛིན་ཏོ།། མདོ་སྡེའི་དོན་ཇི་སྙེད་ཡོད་པ་དེ་ཁོ་ན་སྙེད་གཞན་པ་ག་ལ་སྟོན་པར་བྱེད་ཀྱི་དོན་མེད་པ་རྟོག་པར་མི་བྱེད་དུ། ་རིགས་ཀྱི་བུ་དཔེར་ན་ཕྱུག་རྫི་མེ་ཞིགས་ཁེ་བྱིན་པར་བྱ་བའི་པིར་འོ་མའི་གཞི་ལས་ཆུ་བུ་རམ་དང་སྦྱར་བས་བསླང་ཕྱུག་ཀྱི་གནས་ནས་འོ་མིའི་བུ་པ་ཁྱེར་ཏ་སོང་ནས་ངེས་ཕྱུག་རྫི་མ ་ཟླ་ལ་བཙོངས་ལ། དེ་ནས་ཕྱུག་རྫི་མོ་ཟླ་དེས་ཀྱང་འོ་མ་དེ་ཆུ་ཉོས་འགྱུར་གྱིས་བསླད་ནས་བར་ལོང་མོ་ལ་བཙོངས། བར་ལོང་མ་དེས་ཀྱང་འོ་མ་དེ་ཆུ་ཉིས་འགྱུར་གྱིས་བསླང་ནས་བར ་ལོང་མིར་ཟླ་ལ་བརྨོངས་པར་ལོང་མི་འདིའི་ཟླ་དེས་ཀྱང་། ཆུ་ཉེས་འགྱུར་གྱིས་བསྐྲད་ནས་གྲོང་ཁྱེར་མཆོད་འདུས་ཉོ་བའི་མི་ཞིག་བུའི་གཅུང་བུང་འཇོག་པའི་དུས་སྟོན་གྱིའོ་ཐུག ་བྱ་བའི་ཕྱིར་འདི་ནི་དཀོན་པ་ཡིན་ནོ།། སྙམ་སྟེ། འོ་མ་དེ་ཉོས་ནས་འོ་མ་ཆུས་བསླང་བ་དེས་འོ་ཐུག་བཙོས་ནས་ཟས་ཀྱི་མཆོག་དེ་རོ་ཆུང་བར་གྱུར་ཏོ།། འོན་ཀྱང་རོ་བྲོ་བ་ཐམས་ཅད་ཀྱི་ནང་ན ་བིའི་བཅུད་རྣམས་གཙོ་བོ་ཡིན་ལ། དེའི་ནང་ན་ཡང་འོ་མ་དམ་པ་ཡིན་པས་ན་ཟས་ཀྱི་མཆོག་དེ་རོ་ཚ་བ་བས་ཆེས་སྟོང་འགྱུར་གྱིས་ཞིམ་མོ།། རིགས་ཀྱི་བུ་དེ་བཞིན་དུང་འདས་བཱི ་འོག་ཏུ་ལོ་བརྒྱ་ཕྲག་དུ་མ་ལོན་པ་ན། གང་གི་ཚེ་དམ། པའི་ཆོས་གནས་པའི་ལྷག་མ་ལོ་བརྒྱད་ཅུ་ལུས་པ་དོའི་བྱ།། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི ་འཛམྦུ་གླིང་དུ་སྤྱོད་པར་འགྱུར་ཏེ། དེའི་ཚེ་དེ་ལྟར་མདོ་སྡེ་སྤྱོད་པ་དེ་ལས་དགེ་སློང་སྡིག་ཅན་མཆོག་ཏུ་གཡེལ་བ་དམ་པའི་ཆོས་ཀྱི་མེ་ཏོག་གི་དྲི་མེད་པར་བྱེད་པ་རྣམས་ཀྱིས་གླེག ་བམ་པར་ཆོས་པར་བྱེད་དེ། མང་སྡེ་འདི་ཀློག་ན་དོན་དང་། ཚིག་གཏོགས་པར་དཀའ་བ། དགོངས་པའི་ཚིག་གསང་བ་རྣམས་ལས་ན་དང་། མ་དང་། ཀུ་ལ་སོགས་པ་དགག་པའི་ཡི་གེ་རྣམས་བོར ་ཞིང་གཞན་འདོན་པར་བྱེད་དོ།། དགེ་སློང་རང་གི་རྙེད་པ་སྒྲུབ་པ། རུང་བ་མ་ཡིན་པའི་རྫས་འཆང་བ་དེ་དག་ནི་བདུད་ཀྱི་ཕྱོགས་ཡིན་ཏེ། ཕྱུགས་རྫི་མོས་བུ་རམ་གྱི་ཆུས་འོ་མ་བསླད་པ་བཞིན ་དུ་མདོ་སྡེ་འདི་མ་རུང་བར་བྱེད་དོ།། གཞན་ཡང་ཀློག་མི་ཤེས་པ་དང་། ཆོས་སྨྲ་བ་ངན་པ་དང་ཡི་གེ་པ་ངན་པའི་ཉེས་པ་དང་། ཆོས་ལ་མི་གནས་པ་དང་། བླ་མ་ལ་སྲི་ཞུ་མི་བྱེད་པ་དང ་མི་ངན་པས་ཁྱད་དུ་བསང་བ་དང་། ཆས་ཉེས་པ་དང་། ཡུན་རིངས་པ་དང་། ལག་བརྒྱུད་པའི་ཉེས་པས་ཚིག་དང་། དོན་བྱེད་ཙམ་དུ་གྱུར་པ་སྨོད་ཅིང་། མདོ་སྡེའི ་ལྷག་མ་ཆུང་ཤས་ཙམ་ཞིག་ལྔས་པར་ཟད་དེ།། བར་ལོང་མ་ལས་ཉིད་ཏོར་ཉོས་པའི་འོ་མས་ཟས་ཀྱི་མཆོག་བཅོས་པ་རོ་མེད་པར་གྱུར་ཀྱང་ཟས་ཀྱི་མཆོག་དེ་ནི་རི་བྲོ་བ་ཐམས་ཅད ་ཀྱི་དམ་པ་ཡིན་པ་དེ་བཞིན་དུ་མདོ་སྡེ་ཆེན་པོ་འདི་ཡང་དེ་ལྟར་ལྤག་མ་ཆུང་ཤས་ནི་ག་ལུས་པར་ཟས་མེད་ཀྱི་སན་ཐོས་ཀྱི་ཐེག་པའི་མང་སྡེ་ཐམས་ཅད་པས་སྟོང་འགྱུར་གྱིས ་བོར་གྱུར་པ་ཡིན་ནོ།། ཅིའི་ཕྱིར་ཞེ་ནི། མདོ་སྡེ་དང་། ཏིང་འཛིན་ཐམས་ཅད་ནི་ཡོངསུ་མྱ་ངན་ལས་འདས་པའི་མཐུ་ཡིན་པས་ན། དེའི་ཕྱིར་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ ་མཆོག་ཅེས་བྱ་སྟེ། མིང་ཆེ་བ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་སྐྱེས་པ། འི་རང་བཞིན་དུ་འགྱུར་བར་བསྒོམ་པར་བྱའོ།། ་ཅིའི་ཕྱིར་ཞེ་ན། བུད་མེད་ཀྱི་རང་བཞིན་ནི་ཆོས་མ་ཡིན་པ་ཐམས་ཅད་ཀྱི་རྒྱུའི་སྒོ་ནས་འབྱུང་ཀུང་ཡིན་ཏེ། དཔེར་བྱ་ན། སྦྲང་བུའི་གཅིན་གྱིས་ནི། ནམས་ཀྱང་ས་ཆེན་པོ་རླན་པོར ་ཡང་མི་འགྱུར་ངོམས་པར་ཡང་མི་འགྱུར་བ་དེ་བཞིན་དུ། བུད་མེད་ཀྱང་ནམས་ཀྱང་འདོད་པས་ངོམས་པར་མི་འགྱུར་ཏེ། བུད་མེད་ནི་གལ་ཏེ་ས་ཆེན་པོ་རྒྱ་ཤུགས་གེ་རུས ་འམ་ཡུངས་འབྲུ་ཙམ་གྱི་རི་ལུར་བྱས་པ་དེ་ལ་རི་ལུ་ཇི་སྙེད་པ་ཡོད་པ་དེ་སྙེད་ཀྱི་སྐྱེས་པ་དང་ལྷན་ཅིག་ཏུ་འདོད་པས་ཞེན་པར་སྙན་ཏུ་ཟིན་ཀྱང་། སྦྲང་བུའི་གཅན་གྱི་རླན་ཞིང་ངོམས ་པར་མི་འགྱུར་བ་བཞིན་དུ། དུད་མེད་རྣམས་འདོད་པས་ངོམས་པར་མི་འགྱུརརོ།། རིགས་ཀྱི་བུ་གཞན་ཡང་བུད་མེད་ཇི་ལྟར་མི་བཟང་བ་ཉོན་ཅིག། བུད་མེད་ནི་གལ་ཏེ་སྐྱེས་པ་གངྒཱའི ་ཀླུང་གི་བྱེ་མ་སྙེད་དམ། གཏམ་སྙེད་དམ། དཀྲིགས་སྙེད་དམ་ལྷན་ཅིག་ཏུ་འདོད་པ་ཞེན་པར་བསྟེན་ཏུ་ཟིན་ཀྱང་སྦྲང་བུའི་གཅིན་གྱིས་ས་རླན་ཞིང་ངོམས་པར་མི་འགྱུར་བ་བཞིན་དུ་བུད ་མེད་རྣམས་འདོད་པས་ངོམས་པར་མི་འགྱུ་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། རྒྱ་མཚོ་ཆེན་པོ་ནི་ཆར་འབབ་པའི་ཆུ་དང་། ཆུ་ཀླུང་རྣམས་ཀྱི་ཆུ་དེར་འབབ་ཀྱང་། ངོམས་པ་མེད་པ ་བཞིན་དུ་བུད་མེད་རྣམས་ཀྱང་འདོད་པས་ངོམས་པ་མེདོ།། རོ་གས་ཀྱི་བུ་གཞན་ཡང་དཔེར་ན། མེ་ཏོག་གི་ཤིང་མྱ་ངན་རང་། དང་། དོང་ཀིའི་ཤིང་དང་། པ་ཏ་ལ་ལ་སོགས་པ ་མེ་ཏོག་རྒྱས་པ་ན། བུང་པ་རྣམས་མེ་ཏོགི་ཁུ་བས་ངོམ་པར་མི་འགྱུར་ཏེ། བུང་བ་རྣམས་ཀྱིས་མཁས་པ་དང་། ཆ་པ་བ་དང་། ཟབ་མོར་མེ་ཏོགི་ཁུ་བ་འཐུང་བར་བྱེད་པ་དེ་བཞིན་དུ ་བུད་མེད་རྣམས་ཀྱིས་ཀྱང་། སྐྱེས་པ་རྣམས་ཀྱི་ནོར་དང་། འདོད་པ་དང་། ཁུ་བ་རྣམས་འཐུང་བར་བྱེད་དེ། བུང་བ་བཞིན་དུ་ངོམས་པར་མི་འགྱུ་རོ།། རིགས་ཀྱི་བུ་དེ་བས་ན་ཡོངསུ་མྱ་ངན ་ལས་འདས་པ་ཆེན་པོ་འདི་ཐོས་ནས་བུད་མེད་ཀྱི་རང་བཞིན་ལ་མ་ཆགས་པའི་སེམས་བསྐྱེད་པར་བྱ་སྟེ། སྐྱེས་པའི་རང་བཞིན་དུ་འགྱུར་བར་སེམས་བསྐྱེད་པར་བྱའོ།། ཅིའི་ཕྱིར་ཞེ་ན། ་མདོ་འདི་ནི་སྐྱེས་པའི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་ཡང་དག་པར་སྟོན་པ་ཡིན་པའི་ཕྱིརོ།། སྐྱེས་པའི་རང་བཞིན་ནི་མི་བྱའོ།། དེ་བཞིན་གཤེགས་པའི་རང་བཞིན་ནི་སྐྱེས ་པའོ།། འཇིག་རྟེན་ན་སྐྱེས་པ་ཡོད་ན་གང་ཡིན་པ་དེ་དག་ཀྱང་། བདག་ཉིད་ལ་དེ་བནན་གཤེགས་པའི་སྙིང་པོ་ཡོད་པར་མི་ཤེས་པའི་ཕྱིར། སྐྱེས་པའི་རང་བཞིན་མ། ་ཡིནོ།། དེ་བཞིན་གཤེགས་པའི་སྙིང་པོ་མི་ཤེས་པ་གང་ཡིན་པ་དེ་དག་ནི། བུད་མེད་ཡིན།། ཞེས་ངཟེའོ།། དེ་བཞིན་གཤེགས་པའི་སྙིང་པོ་བདག་ལ་ཡོད་དོ་སྙམ་དུ་ཡང་དག་པར་ཤེས་པ་གང་ཡིན ་པདེ་དག་ནི་སྐྱེས་པའི་མཆོག་ཏུ་གཏོགས་ཏེ་བུངས་ན་ཏུ་ཟིན་ཀྱང་སྐྱེས་པའི་མཆོག་ཏུ་གཏོག་སོ།། དེ་ལྟར་ན་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ནི་དེ་བཞིན་གཤེགས ་པའི་སྙིང་པོ་སྟོན་པའི་ཕྱིར་དཔག་ཏུ་མེད་པ་ཡིན།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མེ་མདོ་སྡེའི་གནས་འདི་མྱུར་དུ་རྟོགས་པར་འདོད་པས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ ་བརྩོན་པར་བྱའོ།། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་དེ་ལགས། བཅོམ་ལྡན་འདས་དེ་ནི་དེ་ལགས་ཏེ། བདག་ཀྱང་དེ་ང་དུ་དེ་བཞིན་གཤེགས་པའི་སྙིང་པོ་བསྒོམ་པའི་སླད་དུ ་སྐྱེས་པའི་རང་བཞིན་ལ་ཞུགས་ལག་སོ།། མངོན་པར་ཕྱེ་ལག་སོ།། ད་མཇལ་བར་བགྱིས་ལག་སོ།། བཀའ་སྩལ་པ། རིགས་ཀྱི་བུ་ལེགསོ་ལེག་སོ།། འཇིག་རྟེན་དང་འཐུན་པར་བྱེད་པ ་ནི་དེ་ལྟར་བལྟ་བར་བྱའོ།། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་དང་འཐུན་པ་མ་ལགས།། བཀའ་སྩལ་པ། རིགས་ཀྱི་བུ་ལེག་སོ་ལེག་སོ།། དེ་ལྟར་བུང་བ་ཤིང་གི་མེ་ཏོག་ཟ ་བཞིན་དུ་ཟབ་དེའི་ཆོས་ཀྱི་ཟས་བཟའ་བར་བྱའོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་སྡང་བུའི་གཅིན་ཉུང་ཆེས་པས་ས་ཆེན་པོ་ངོམས་པར་མི་འགྱུར་བ་དེ་བཞིན་དུ། སྦྲང་བུའི་གཅིན ་དང་འདྲ་བར་མ་འོངས་པའི་དུས་ན་མདོ་སྡེ་ཆེན་པོ་འདི་འཇིག་རྟེན་དུ་ཆུང་ཤས་ཙམ་ཞིག་སྤྱོད་པར་འགྱུར་ཏེ། དམ་པའི་ཆོས་འཇིགས་པའི་ཐ་མར་སྦྲང་བུའི་གཅི་ན་ས་ཆེན་པོ ་ལ་སོང་བ་བཞིན་དུ་ཟད་པར་འགྱུར་རོ།། འདི་ནི་དམ་པའི་ཆོས་ནུབ་པའི་ལྟས་བདུན་པ་སྟེ། ལྷས་གཞན་ཡང་ཡོད་པར་མཁས་པས་ཤེས་པར་བྱའོ།། རིགས་ཀྱི་བུ་གཞན་ཡང ་དཔེར་ན། དབྱར་ཟད་པའི་འཇུག་དགུན་གྱི་ཟླ་བ་དང་པོ་ནི་སྟོན་ཞེས་བྱ་སྟེ། སྟོན་གྱི་དུས་ལ་བབ་ན། མ་སྨིན་པ་སྨིན་པར་བྱ་བའི་ཕྱིར་སྤྲིན་རྣམས་ཀྱི་ཆར་པབ་ནས་མྱུར་བ་མྱུར་བར་འགྱེས ་པ་དེ་བཞིན་དུ། མདོ་ཆེན་པོ་འདི་ཡང་སྟོན་གྱི་སྤྲིན་གྱིས་ཆར་ཕབ་ནས་མྱུར་དུ་འགྱེས་པ་བཞིན་དུ། ལྷོ་ཕྱོགསུ་སོང་ནས་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་དགོངས་པའི ་ཚིག་ཐམས་ཅད་ཆོས་ཀྱི་ཆར་འབེབ་སོ།། དེ་ནས་ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དམ་པའི་ཆོས་འཇིག་པར་ཤེས་ནས། དགུ ་གྱི་དུས་དང་ཉེས་པ་གྱུར་པའི་སྤྲིན་བཞིན་དུ་ཁ་ཆེ་ཡུལ་དུ་སྲོང་། ནམ་ས་ལ་ནུབ་པར་འགྱུར་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པ་བདུད་རྩིའི་མཆོག་གི་དམ་པའི་ཆོས་ཐང ་ནུབ་པར་འགྱུ་རོ།། ད་ལྟར་ནི་དེ་བཞིན་གཤེགས་པས་མཁྱེན་པའི་མདོ་སྡེ་འདི་ལག་ཏུ་འོངས་མོད་ཀྱི། དམ་པའི་ཆོས་ནུབ་པར་འགྱུར་སྙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་མི་མཆོག་རྣམས་ཀྱིས་ཤེས་པར་བྱའོ།། གསོལ་པ། དེ་བཞིན་གཤེགས་པ་དང་། རང་སངས་རྒྱས་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་ཁམས་ཐ་དད་པ་མ་མཆིས་པ་སེན ་། ཐམས་ཅད་ཀྱིས་བདེ་བླག་ཏུ་རྟོགས་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་གསལ་ཞིང་ཟུར་ཕྱིན་པར་བཀའ་སྩལ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། རིགས་ཀྱི་བུ་དཔེར་ན་ཁྱིམ་བདག་གམ། ཁྱིམ་ངང་གི་ངུ་ཞིག་ལ་བ་ལང་གི་ལྷས་མང་པོ་ཡོད་དེ་བ་ལང་སྤུ་ཁ་དོག་ཐ་དད་པ་དག་བདོག་ལ། དེའི་ནང་ན་སྔོན་མོ་དག་ཀྱང་ཡོད་དེ ་བདེ་དག་པ་རྫི་གཅིག་འཚོར་བཅུག་གོ།། དེ་ནས་ཁྱིར་བདག་དེས། ལན་གཅིག་ཅིག་ན་རང་གི་ལྷ་མཆེད་པའི་ཕྱིར་བ་ལང་གི་ལྷས་རྣམས་གཅིག་ཏུ་བསྡུས་ནསའོ་མ་འཛར་བཅུག་གོ། ་དེ་ནས་འོ་མ་དེ་དག་དུང་གི་མདོག་བཞིན་དུ་དཀར་པོར་འདུག་པ་མཐོང་ནས་ངོ་མཚར་དུ་བཟུང་ནས་བསམས་པ། འདི་ན་བ་འདི་དག་སྤུ་ཁཱ་ཐ་དད་པར་འདུག་ན། བ་སྔོན་མོ་འདི་རྣམ ་ཀྱི་འོ་མ་ཡང་སྔོན་པོར་འདུག་ལ་དཀར་པོ་རྣམས་ཀྱི་ཡ་ང་དེ་དང་འདྲ་སྟེ་དུང་གི་མདོག་ལྟར་འདུགོ་སྙ་མོ།། དེ་ནས་ཕྱིས་རྟོགས་ཏེ། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པ ་སྨིན་པའི་རྒྱས་ལས་གྱུར་པ་ཡིན་པར་བལྟ་བར་བྱའོ།། སྙམ་མོ།། རིགས་ཀྱི་བུ་དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡང ་འོ་མ་དང་འདྲའོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ཟག་པ་ཟད་པའི་ཕྱིར་རོ།། སེམས་ཅན་ཐམས་ཅད་ཀྱིས་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང ་བཞིན་ཐ་དད་པ་དང་དབྱིབས་ཐ་དད་འཛིན་མོད་ཀྱི། དེ་དག་གིས་ཀྱང་ཁྱིམ་བདག་བཞིན་དུ་མཐར་གྱིས་ཤེས་པར་འགྱུརརོ།། རིགས་ཀྱི་བུ་དཔེར་ན། གསེར་ཁུང་ངམ། ཟངས་ཀྱི་ཁུང་ནས ་རྡོ་དང་། གསེག་མ་མེད་པའི་གསེར་གྱི་རང་བཞིན་རིན་ཐང་མེད་པ་འབྱུང་བ་དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་གསེར་དང་འདྲ་བར ་རིན་ཐང་དང་རང་བཞིན་གཅིག། ཅིའི་ཕྱིར་ཞེ་ན། རྡོ་དང་གསེག་མ་ལྟ་བུ་ཉོན་མོངས་པ་དང་བྲལ་བའི་ཕྱིར་ཏེ། དེ་བས་ན་སངས་རྒྱས་ཀྱི་ཡེ་ཤེས་འདི་ལ་ནི་དབྱེར་མེདོ།། སེམས་ཅན་ཐམས ་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་པ་ཡང་དེ་དང་འདྲ་སྟེ། ཁྱིམ་བང་གིས་འོ་མ་ཇི་ལྟ་བ་བཞིན་དུ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྡེ་ཐོས་ནས་ཉོན་མོངས་པའི་རྣམ་པ ་ཟད་པར་བྱས་ཏེ། སངས་རྒྱས་ཀྱི་ཁམས་རྟོགས་པར་འགྱུརརོ།། གསོལ་པ། བཅོམ་ལྡན་འདས་ཙེ་ལགས། སེམས་ཅན་ཐམས་ཅད་དང་། དེ་བཞིན་གཤེགས་པ་རྣམས་ཐ་དད་པ་མ་མཆིས ་ལགས་སམ། གལ་ཏེ་དེ་བཞིན་གཤེགས་པ་བསྟན་པ་དེ་ལྟར་སྟེན་པར་འགྱུར་ན་འདི་ལ་སྐྱོན་ཆེན་པོ་མཆིས་ཏེ། ད་དེའི་གཏན་ཚིག་བཀའ་སྩལ་འཚལ་ལག་སོ།། སེམས ་ཅན་ཐམས་ཅད་དང་། རང་སངས་རྒྱས་རྣམས་ལྟ་ཞིག་ལགས་ཀྱི། དེ་ལྟ་ན་ཤཱ་རིའི་བུ་དང་། མོའུ་དགལ་གྱི་བུ་གཉིས་ཅིའི་སླད་ཉན་ཐོས་ཀྱི་ཡོངསུ་མྱ་ངན་ལས་འདས་པ་ཡོངསུ་མྱ་ངན ་ལས་འདས་ལགས། རང་སངས་རྒྱས་རྣམས་ཀྱང་ཅིའི་སླད་རང་སངས་རྒྱས་རྣམས་ཀྱི་ཡོངསུ་མྱ་ངན་ལས་འདའ་བས་ཡོངསུ་མྱ་ངན་ལས་འདའ་བར་འགྱིད་ལགས། བྱང་ཆུབ་སེམས ་དཔའ་རྣམས་ཀྱང་ཅིའི་སླད་བྱང་ཆུབ་སེམས་དཔའི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངསུ་མྱ་ངན་ལས་འདས་པར་མི་བགྱིད་ལགས། བཀའ་སྩལ་པ། སངས་རྒྱས་རྣམས ་ཀྱིས་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་ཡིན་ཏེ། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ ་འདི་ནི་སངས་རྒྱས་རྣམས་མ་གཏོགས་པར་གཞན་དག་གི་གནས་མེད་དོ།། གསེལ་བ་ཇི་ལྟ་བུ་ལགས། བཀའ་སྐལ་པ། དེ་བཞིན་གཤེགས་པ་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ ་མང་པོ་ཞིག་ན་དེ་བཞིན་གཤེགས་པ་འབྱུང་བར་སྟོན་པར་མཛད་ན། དེ་བཞིན་གཤེགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཁྱད་པར ་ཅི་ཡོད་ཅེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པ་གསང་བ་ལ་དགྲ་བཅོམ་པ་རྣམས་ཀྱི་གནས་མེད་དོ་ཞེས་ངས་བསྟན་ཏེ། དེ་ནི་གནས་མེད་པ་ཡིན ་ནོ།། དེ་བས་ན་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདིའི་ཚུལ་གྱིས་ཡོངསུ་མྱ་ངན་ལས་འདས་པ་ཆེ། ན་པོ་ལ་གནས་མེད་དོ།། དེ་བས་ན་ཡོངསུ་མྱ་ངན་ལས་འདས ་བ་ཆེན་པོ་ཞེས་བྱའོ།། གསོལ་པ། ཐ་དད་པ་ཁོ་ནར་གདའ་ལག་སོ།། བཀའ་སྩལ་པ། ཇི་ལྟར་སྣང་གསོལ་པ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་རྣམས་ཀྱང ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངསུ་མྱ་ངན་ལས་འདས་པར་འགྱུར་ཏེ། ཆུ་ཀླུང་རྣམས་རྒྱ་མཚོར་འབབ་པ་བཞིན་དུ་དེ་དག་གི་གནས་ཀྱང་དེ་དག་ལ་གསོ།། དེ་བས་ན་དེ ་དག་ཀྱང་རྟག་པ་ཞེས་བགྱིའོ།། བཀའ་སྩལ་པ། དེ་དག་ནི་ངའི་མཆོག་ཏུ་རྟག་པ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཁམས་ཐ་དད་པ་མ་མཆིས་པ་དང་། ཐ་དད་པ་ཇི་ལྟ་བུ་ལཊ། ་བཀའ་སྩལ་པ་གནས་སྐབས་ཐ་དད་དོ།། གསོལ་པ་ཇི་བུ་ལགས། བཀའ་སྩལ་པ། དཔེར་ན་འོའོ་མའི་མཆོག་ཏུ་མངར་བ་ཡིན་ཏེ། ཁམས་ཀྱང་དེ་དང་འདྲའོ།། ཉན་ཐོས་རྣམས་དང་། རང་སངས ་རྒྱས་རྣམས་ཀྱི་ཁམས་ནི་ཞོ་དང་འདྲའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁམས་ནི་མར་དང་འདྲའོ།། སངས་རྒྱས་རྣམས་ཀྱི་ཁམས་ནི་མར་གྱི་སྙིང་ཁུ་དང་འདྲ་སྟེ། དེ་ལྟར་ཡོངསུ་མྱ ་ངན་ལས་འདས་པ་ཆེན་པོ་ལས་གདམས་ངག་སྟོན་པའི་དེ་བཞིན་གཤེགས་པས་རྣམས་བཞིར་སྟོར་ཏོ།། གསོལ་པ། སེམས་ཅན་ཐམས་ཅད་ཀྱི་ཁམས་ཇི་ལྟ་བུ་ལགས། བཀའ་སྩལ་པ ་བ་བེའུ་འབྲངས་མ་ཐག་པའི་འོ་མ་ཁྲག་དང་འདྲེས་པ་བཞིན་དུ། ཉོན་མོངས་པའི་ཁྲག་དང་འདྲེས་པའི་ཁམས་ངེས། དེ་བཞིན་གཤེགས་པའི་ཁམས་མར་གྱི་སྙིང་ཁུ་དང་འདྲ ་པ་ཁྱད་པར་འདུག་གོ། གསོལ་པ། བཅོམ་ལྡན་འདས་ཀྱིས། ཀུ་ཤིའི་གླེང་ཁྱེར་འདི་ན་གནས་པའི་གདོལ་པ་འཇིག་རྟེན་གྱི་ཁམས་འདིར་སངས་རྒྱས་སྟོང་དང་ལྷན་ཅིག ་ཏུ་དེ་དག་གི་ནང་དུ་དེ་བཞིན་གཤེགས་པ་གཅིག་ཏུ་འགྱུར་ཏེ། དེ་བཞིན་གཤེགས་པ་རབ་ཏུ་དགའ་བ་ཞེས་བྱ་བར་འགྱུར་ཏེ་སེམས་བསྐྱེད་པ་གཅིག་ཁོ་ནས་དུས་འདི་སྲིད་ཅིག་ན་མྱུར ་དུ་སངས་རྒྱསུ་འགྱུར་ཞེས་སངས་རྒྱསུ་ལུང་བསྟན་པས་ལུང་བསྟན་ལགས་ར། ཅིའི་སླད་དུ། ཤཱ་རིའི་བུ་དང་། མེའུ་དགལ་གྱི་བུ་གཉིས་ཆེས་མྱུར་ཏུ་སངས་རྒྱ་སུ་འགྱུར་བར་སངས་རྒྱས ་སུ་ལུང་མ་བསྟན་ལགས། བཀའ་སྩལ་པ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་དམ་པའི་ཆོས་འབྱུང་བའི་ཕྱིར་ཡུན་རིང་པོར་སྨོན་ལམ་འདེབ་པ་ཡང་ཡོད ་ཁ་ཅིག་ནི་མྱུར་བར་སྨོན་ལམ་འདེབས་པ་ཡང་ཡོང་དེ་བ་རི་དེའི་སྨོན་ལམ་གྱི་དབང་གིས་ར། ཆེས་མྱུར་བར་སངས་རྒྱས་ཀྱི་གནས་མཆོག་ཏུ་ལུང་བསྟན་པར་བྱེད་དོ།། རིཿ ་ཀྱི་བུ་གཞན་ཡང་མཉན་པ་ཆེན་པོ་ལ་ལ་ཞིག་གདེལ་པའི་གྲོང་ཁུར་དུ་སེང་སྟེ། རིན་པོ་ཆེ་རིན་ཐང་མེད་པ་འཚོད་པ་ལས། གདེལ་པ་བྱེ་བྲག་མི་བྱེད་པ་དེ་དག་གིས། རིན་པོ་ཆེ་དེ་མཐོང་ན ་འཕྱས་འདོགས་ཤིང་ཐིང་སླང་བྱེད་དེ། མཉན་པས་རིར་རེ་བ་ཡི་རེ་ནོས་བྱས་ཀྱང་དེ་དག་གིས་བརྡ་མི་ཕྲད་ནས་འདི་ནི་ཤེལ་ཡིན་ནོ་ཞེས་དེ་སྐད་ཀྱང་ཟེར་རོ།། རིགས་ཀྱི་བུ་དེ་བཞིན་དུ་ངས་ཀྱང་ཉན ་ཐོས་རྣམས་ལ་གལ་ཏེ་སངས་རྒྱས་ཀྱི་གནསུ་མྱུར་དུ་སངས་རྒྱ་སུ་ལུང་བསྟན་ཏུ་ཟིན་ན་ནེར་བུ་དཀོན་པ་འཚོང་པའི་མཉན་པ་བཞིན་དུ་འགྱུརརོ།། གདེལ་པ་རྣམས་ལྟ་བུ་ནི་མ ་འོངས་པའི་དུས་ན། དགེ་སྦྱོང་བླུན་པོ་གཡེལ་བ་དགེ་བའི་རྩ་བ་སྤངས་པ། འཚོ་བས་ཕོངས་པ་བཀྲེས་ཤིང་སྐོམ་པས་གཟི་ར་བ་མུ་གེས་མནར་པ། རང་གིས་ལུས་ཙམ ་བོར་བྱེད་པ། འཚེ་བ་དོན་ཏུ་གཉེར་བ་མི་བརྟན་པ་རྣམས་འབྱུང་བར་འགྱུར་བ་དེ་དག་ཡིན་ཏེ། དེ་དག་གིས་ངའི་ཉན་ཐོས་ལུང་བསྟན་པ་ཐོས་ནས་འཕྱས་འདོགས་ཤིང་གཤེ་བར་འགྱུར ་ལ་བརྡའ་མི་ཕྲད་པ་ནས་ཚུལ་ཁྲིམས་འཆལ་པ་ཡིན་ནོ་ཞེས་བླ་བར་བྱེད་དོ།། དེའི་ཉན་ཐོས་དེ་དག་ནི་དགེ་སྦྱོང་མ་ཡིན་ཏེ། གདོལ་པ་རྣམས་དང་མཉན་པ་ཇི་ལྟ་བ་བཞིན་ནོ།། རིགས་ཀྱི་བུ ་དེ་བས་ན་ང་ནི་སེམས་ཅན་མྱུར་བའི་སྨོན་ལམ་ཅན་རྣམས་ནི་སངས་རྒྱསུ་ལུང་བསྟན་པར་བྱེད་དོ།། དམ་པའི་ཆོས་འབྱུང་བའི་སྟེར་བ་ཅ་དེ་དག་ནི་ཇི་ལྟར་འདོད་པ་བཞིན་དུ་ཡུན་རིང ་མོ་ཞིག་གིས་སངས་རྒྱས་ཀྱི་གནསུ་ལུང་བསྟོན་པར་བྱེད་དོ།། གསོལ་བ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གཡོག་འཁོར་མི་ཕྱེད་པ་དང་ལྡན་པར་འགྱུར ་ལགས། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་མི་མཆོག་རྣམས་ནི་དམ་པའི་ཆོས་དབྱུང་བར་བྱའོ་སྙམ་དུ་དེའི་སྦྱོར་བ་བརྟན་པོར་བྱས་གཡོག་འཁོར་མི་བྱེད་པ་དང་ལྡན་པར་འགྱུར། ་གསོལ་པ། སེམས་ཅན་མ་རུངས་པ་འཇིག་སུ་རུང་བ་ལྕེ་དང་། རྐན་དང་། རྐོ་ག་མ་ཚིག་པ་རྣམས་ཅི་ལས་འགྱུར་ལོགས། བཀའ་སྩལ་པ། གཞི་གསུམ་མི་ཤེས་པ་གང་ཡིན་པ་དེ ་ངག་ནི་སེམས་ཅན་མ་འདུས་པ་འཇིག་སུ་རུང་བ། ལྔ་དང་། རྐན་དང་། རྐེག་མ་ཚིག་པར་འགྱུར་རོ།། དཔེར་ན་མིང་དང་། དུད་འ་གྲོ་ལྕེ་ཚིག་པ་རྣམས་ཀྱི་རོ་དྲུག་སྟེ། མངར་བ་དང ་སྐྱུར་བ་དང་། ལན་ཚའི་རོ་དང་། ཚ་བ་དང་། ཁ་བ་དང་། སྐབ་རྣམས་ཟ་བ་ན། རོའི་བྱེ་བྲག་མི་བྱེད་པ་དེ་བཞིན་དུ་སེམ་ས་ཅན་མི་ཤེས་པ་ལྕེ་དང་། རྐན་དང་། རྟོག ་མ་ཚོགས་པ་མ་རུངས་པ། འཇིག་སུ་རུང་བ། གཞི་གསུམ་པ་རྟག་པར་མི་ཤེས་པ་གང་ཡིན་པ་དེ་དག་ནི། ལྕེ་དང་། རྐན་དང་། རྐོག་མ་ཚིག་པ་ཞེས་བྱའོ།། རིགས་ཀྱི་གཞན་ཡང ་དེ་བཞིན་གཤེགས་པ་རྟག་པར་མི་ཤེས་པ་གང་ཡིན་པ་དེ་དག་ནི་དམུས་ལོང་གི་མཆོག་ཡིན་ནོ་ཞེས་ང་ཟེར་རོ།། དེ་བཞིན་གཤེགས་པ་རྟག་པར་ཤེས་པ་གང་ཡིན་པ་དེ་དག་ནི ་ཤིའི་མིག་དང་ལྡན་པ་ཡིན་དུ་ཟིན་ཀྱང་ལྔའི་མིག་དང་ལྡན་པ་ཡིན་ནོ་ཞེས་ང་ཟེར་རོ།། རིགས་ཀྱི་བུ་གཞན་ཡང་མདོ་སྡེ་འདི་ཐོས་ནས་དེ་བཞིན་གཤེགས་པ་རྟག་པར་ཤེས་ཤིང་ཁོང་དུ ་རྒུང་པ་གང་ཡིན་པ་དེ་དག་ནི་ལྔའི་མིག་དང་ལྡན་པ་ཡིན་ནོ་ཞེས་འཟེར་རེ།། ལྷའི་རིག་དང་ལྡན་པ་ཡིན་དུ་ཟིར་ཀྱང་། དེ་བཞིན་གཤེགས་པ་རྟག་པར་མི་ཤེས་པ་གང་ཡི ་པ་དེ་དག་ནི་ཤིའི་ཡིག་དང་ལྡན་པ་ཡིན་ཞེས་པ་ཟེར་རོ།། དེ་དག་མིང་དུང་བསྐལ་པ་བྱེ་བ་མང་པོར་ཡང་བདག་གི་མགེ་མཇུག་ཅིང་ཅི་འདྲ་བ་ཡང་མཐོང་བ་འམ་ལ་བསྟན་པར་མི་ནུས་ཏེ། ་དེ་བས་ན་དེ་དག་ནི་དེ་བཞིན་གཤེགས་པ་རྟག་པར་བསྒོམ་པ་དང་བྲལ་བའི་པིར་ཤིའི་མིག་དང་ལྡན་པ་ཞེས་པ་ཟེར་རོ།། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིག་རྟེ་ན་ཐམས་ཅད་ཀྱི་ཕ་མ་ལྟ་བུ་ཡིན་ནོ།། ཅོའི་ཕྱིར་ཞེན། སེམས་ཅན་རྐང་གཉིས་དང་། རྐང་མངས་ཐམས་ཅང་ལ་རང་རང་གི ་ཡུལ་བཞིན་དུ་ཆེས་སྟེན་ཅིང་ཚིག་གཅིག་གིས་སེ་མས་ཅན་ཐམས་ཅད་ཀྱི་རང་རང་གི་ཡུལ་བཞིན་དུ་ས་པར་འགྱུར་ཏེ། ཀྱེ་མ་བདག་ཅག་གི་རང་བཞིན་དང་། ་འདུ་ཤེས་རྣམས་རྟོག་པར་བྱ་བའི་ཕྱིར་ཆེས་སྟོན་ཏེ་སྙམ་དུ་འཛིན་ཏེ།། རིགས་ཀྱི་བུ་གཞན་ཡང་དཔེར་མ། ཁྱིམ་བདག་གམ་ཆེང་དཔེན་ཡང་རུང་སྟེ། རང་གི་བུ་ཟླ་བ་བཅུ་དྲུག་ལེན ་པ་དང་། ལྷན་ཅིག་ཏུ་ལྐུག་པ་བཞིན་དུ་སྨྲ་བར་བྱེད་དེ། དེའི་དབང་གི་བུ་དེའི་པིའི་སྐད་སློབ་པར་བྱེད་ན། ཅི་ངོའི་པ་ལྐུག་པ་ཞེས་བྱ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་ལ་ལ། ་བུ་དེའི་དབང་གིས་བགྱིད་པར་བལྟ་ལགས།། བཀའ་སྩལ་བ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ལྐུག་པ་བཞིན་དུ་གསུང་སྟེ། སེམས་ཅན་ཐམས་ཅང་དམ་པའི་ཆེ ་ཆེས་ལ་འགེད་པའི་ཕྱིར་དེ་ལྟ་བུའི་སྐུ་སྟོན་པར་མཛད་ན་ཅི་དེ་བཞིན་གཤེགས་པ་ལྐུག་པ་ཞེས་བྱ་བ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་བཞིན་གཤེགས་པ ་ནི་རྟག་ཏུ་སེདྨོའི་སྒྲ་སྒྲེགས་པ་ལགས་ན། ལྐུག་པ་ལྟར་གསུང་པ་དེ་ནི་འཇིག་རྟེན་དང་མཐུན་པར་མཛད་པར་ལྟ་བར་བགྱི་ལག་སོ།། དེ་ནས་དེའི་ཚེ། བཅོམ་ལྡན་འདས་ཀྱིས་ཉིད་ཀྱི ་ཞལ་ནས་འོད་ཟེར་སྣ་ཚོགས་བཀྱེ་སྟེ། འོད་ཟེར་དེ་དག་གི་མགར་བའི་བུ་ཙུན་ངལ་པོ་གནས། ཀྱེ་མ་དེ་བཞིན་གཤེགས་པ་ལ་ཕྱིན་ཆང་དབུལ་དུ་མེད་པའི་སྤེན་པ་ནི་དཀོན་པ་ཡིན ་ནེ་སྙམ་ནས། ཤིན་ཏུ་རིངས་པར་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཚིམ་པར་འགྱུར་བའི་ཞ་ལ་ཟས་སྦྱར་ཏེ། རང་གི་འཁོར་རྣམས་དང་ལྷན་ཅིག་ཏུ ་རིངས་པར་འཛམྦུ་གླིང་གི་གསེར་དྲི་མ་མེད་པའི་སྣ་ང་དཀྱིལ་དུ་ནོར་བུའི་འབུར་མཐེར་པོ་འོང་ཅན་གྱིས་སྤྲས་པ་རྣམས་དང་། ཞལ་ཟས་སྐྱུ་རུམ་སྣ་ཚོགས་དང་སྦར ་བས་བཀང་བ་དང་མཆེད་པའི་ཡོ་བྱད་མང་པོ་དག་ཁྱེར་ནས་གླེང་ཁྱེར་གྱི་བར་ནས་བྱུང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་ཆས་སོ།། དེ་ནས་ལྷའི་བུ་མཐུ་ཆེན་པོ་དང་ལྡན་པོ་རྣ ་ཀྱིས་མགར་བའི་བུ་ཙཱན་ང་ལ་བསྐོར་ནས། འདི་སྐད་ཅེས་སྨྲས།། ཙུན་ད་རེ་ཤིག་ཞལ་ཟས་མ་དབུལ་བར། དེ་བཞིན་གཤེགས་པ་པང་ཅིག་ཞོག་ཤིག་ཅེས་པསོ།། དེ་ནས་ཡང ་བཅོམ་ལྡན་འདས་ཀྱིས་ཉིད་ཀྱིས་འོད་ཟེར་དག་བཀྱེ་སྟེ། འོད་ཟེར་དེ་དག་གིས་ལྷའི་བུ་རྣམས་ལ་ཕོག་ནས་ཙུན་ང་བཏང་ངོ་།། དེ་ནས་ལྷས་ལས་སོགས་པ་དེར་འདུས་པ་གང ་ཡིད་པ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ཏེ། ཙུ་དང་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་ཐང་དུ་དོང་ནས་འདི་སྐད་ཅེས ་གསོལ་ཏོ།། དགེ་སློང་རྣམས་ཀྱི་གདུགས་ཆེད་ལ་བབ་ན་གནང་བར་མཛད་དུ་གསོལ། དེ་ནས་དགེ་སློང་རྣམས་ཀྱིས་གདུགས་ཚེད་ལ་བབ་པར་ཤེས་ནས་སྦེང་ལམ་བཟང་པོར་བྱས་ཏེ། ་ལྷུང་བཟེད་ལག་ཏུ་བླངས་ནས་སྡོང་དེ།། དེ་ནས་མགར་བའི་བུ་ཙུན་ངས། སེངྒེའི་ཁྲི་སྣ་ཚོགས་ཚིག་ཏུ་བཟླས་ཏེ། ཡང་མི་ནུས་པ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་རྐྱེན་དུ་རུང་བ ་ལྡེ་བུ་དག་ཀྱང་བཤམས་ཞལ་ཟས་ཀྱང་སྟ་གོན་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ།། དེ་བཞིན་གཤེགས་པ་བསྐལ་པ་འམ། བསྐལ་པ་ལས ་ལྷག་པར་ཡང་ཡུན་རིང་དུ་བཞུགསུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཙུན་གལ་ཏེ་ང་ཡུན་རིང་དུ་འདོད་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐ་མའི་དུས་ལ ་བབ་ཀྱི་མྱུར་དུ་ཕུལ་ཅིག། དེ་ནས་ལྷ་དང་མི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཀྱེ་མ་བཙུན་ད་སྐྱིད་དེ་བ་འདིས་ཕུལ་བའི་ཞལ་ཟས་དེ ་བཞིན་གཤེགས་པས་གསོལ་བར་ཆད་པ་ལྟ། བདག་ཅག་ནི་དཔལ་ཡོན་མེད་དེ་བང་གི་ཞལ་ཟས་སྟ་གོན་བྱས་པ་ནི་དོན་མེད་གྱུར་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་བ ་སྤོའི་ཁུང་བུ་ཐམས་ཅད་ནས་པ་སྤུ་རེ་རེའི་ཁུང་བུ་ནས་ཀྱང་སངས་རྒྱས་རེ་རེ་མངོན་ཏུ་སྤྲུལ་ནས། དེར་འཁོར་རེའི་ནང་དུ་ཡང་དེ་བཞིན་གཤེགས་པ་རེ་རེ་དགེ་སློང་གི་དགེ་འདུ ་དང་བཅས་པ་བཤོས་གསོལ་བ་ལྟ་བུར་བསྟན་ཏོ།། དེ་བཞིན་གཤེགས་པ་ཉིད་ནི་ཙུན་དས~ཾ་ཕུལ་བའི་ཞལ་ཟས་གསོལ་ལོ།། ཙུན་ངས་འབྲས་པ་ས་ལུ་ཡུལ་མ་ག་དྷའི་ནི་ལི་ཏ ་བརྒྱད་ལས་ཞལ་ཟས་སྦྱར་བ་ཡང་དེ་བཞིན་གཤེགས་པའི་མཐུས་དགེ་སློང་གི་དགེ་འདུན་ཐམས་ཅད་ཞལ་ཟས་ཀྱི་ཁྱད་པར་མཛད་དོ།། དེ་ནས་ཙུན་ད་ཡང་དགའ་བར་འགྱུརཏེ། ་ཁང་གི་སྦྱིན་པ་དེ་བཞིན་གཤེགས་པའི་དགེ་སློང་གི་དགེ་འདུན་དང་བཅས་པས་གསོལ་ནས་ཡོངསུ་མྱ་ངན་ལས་འདའ་བར་མཛད་དོ་སྙམ་མོ།། འཁོར་དེ་དག་ཐམས་ཅད་ཀྱང་འདི་སྙམ ་དུ་སེམས་ཏེ། བདག་ཅགས་ཕུལ་བའི་ཞལ་ཟས་དེ་བཞིན་གཤེགས་པས་བཞེས་ཀྱི། བཙུན་དེའི་མ་བཞེས། བདག་ཅགས་ཕུལ་བའི་ཞལ་ཟས་གསོལ་ནས་དེ་བཞིན་གཤེགས ་བ་ཡོངསུ་མྱ་ངན་ལས་འདའ་བར་མཛད་དོ་སྙམ་སྟེ། མཆོག་ཏུ་དགའ་བར་གྱུར་ཏོ།། འཁོར་ཆེན་པོ་དེ་ན་དེ་བ་ཞིན་གཤེགས་པ་རྣམས་བཤོས་གསོལ་ཞིང་བཞུགས་ནི། ་བར་མཚམས་སྦྲང་བུའི་རྩེ་མོའི་ཁྱོན་ཙམ་གྱིས་མཆོད་པར་སྣང་ངོ་།། ཁ་ཅིག་ནི་ཁབ་ཀྱི་རྩེ་མོའི་ཁྱོན་ཙམ་གྱིས་ཕྱོགས་དག་ན་བཞུགས་ཤིང་ཞལ་ཟས་དང་མཆོད་པ་རྣམས་འདྲ ་བར་མངའ་བར་སྣང་ངོ་།། དེ་ནས་དེའི་ཚེ་ལྷ་དང་། མེ་དང་། ལྷ་མ་ཡིན་དེ་དག་ངུ་ཞིང་ཆོ་ངེ་འདོམ་པར་བྱེད་དེ་བདགིས་སོ་སོ་ནས་ཕུལ་བའི་ཞལ་ཟས་གསོལ་ནས་དེ་བཞིན་གཤེགསཔ ་ཡོངས་མྱ་ངན་ལས་འངའོ།། ཕྱིན་ཅད་དབང་གིས་སུ་ལ་ཞལ་ཟས་དབུལ་བར་བྱ། བདག་ཅག་ནི་མགོན་དང་བྲལ་ཏེ་མགོན་མེད་པར་འགྱུར་ཞེས་འཛེར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི ་འཁོར་དེ་དག་ཐམས་ཅད་ལ་ཚིགསུ་བཅད་པ་འདི་དག་གསུང་སོ།། ། འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ལས ་བམ་པོ་བཅུ་གསུམ་པ་སྟེ་ཐ་མའོ།། །། སངས་རྒྱས་ཆོས་ཉིད་འདི་ཡིན་གྱིས།། གདུང་ཞིང་ངུ་བར་མ་བྱེད་ཅིག། ང་ནི་མྱ་ངན་འདའ་བ་ན། བསྐལ་པ་བྱེད་པ་ཟད་པར་འགྱུར།། ར། ་རྟག་པ་དེ་དམ་པ་ཡི།། མྱ་ངན་འདའ་བ་ང་ལས་ཉོན།། ང་ནི་ཁ་ཟས་མི་ཟ་སྟེ།། བྲུ་བ་ཚ་བ་ཡོང་གིས་མེད།། སེམས་ཅན་ཀུན་ལ་ཕན་བདེ་བའི།། རྗེ་སུ་ཡི་རངས་ངས་བཤད་ཀྱི།། ཐོས་ནས་ཡང་དག ་རྫོགས་སངས་རྒྱས།། རྟག་པ་དེ་ཉིད་ཤེས་པར་གྱིས།། གང་ཚེ་འུག་པ་བྱ་རོག་རྣམས།། ཤིང་གཅིག་ལ་ནི་གནས་ནས་ཀྱང་།། སྤུན་དང་བུ་དང་འདྲ་བར་ནི།། ཕན་ཚུན་རྟག་ཏུ་ཚིམ་པར་བྱེད།། ་དེ་ཚེ་སྒྲ་གཅན་ཟིན་བཞིན་དུ།། དེ་བཞིན་གཤེགས་པས་སེམ། ས་ཅན་གཟིགས།། སེམས་ཅན་ཀུན་གྱིས་མཆོག་གྱུར་པ།། གཏན་ཏུ་མྱ་ངན་འདའ་བར་གྲོལ།། གང་ཚོ་སྦྲུལ ་དང་ནེའུ་ལེ་དག། ཤིང་གཅིག་དྲུང་དུ་གནས་ནས་ཀྱང་།། སྤུན་དང་བུ་དང་འདྲ་བར་ནི།། ཕན་ཚུན་རྟག་ཏུ་ཚིམ་པར་བྱེད།། དེ་ཚེ་སྒྲ་གཅོན་ཟིན་བཞིན་དུ།། དེ་བཞིན་གཤེགས་པས་སོན ་གཟིགས།། སེམས་ཅན་ཀུན་གྱི་མཆོག་གྱུར་པ།། གཏན་ཏུ་མྱ་ངན་འདའ་བས་གྲོངས།། གང་ཚེ་སབ་ཏ་བར་ན་ཡི།། མེ་ཏོག་བར་ཤིའི་དྲིར་འགྱུར་ཞིང་།། ཀ་ར་ཀའི་ཤིང་རྣམས་ལས། ་ཏིན་ཏུ་ཀ་ཡིས་འབྲས་བུ་འཐུང་།། དེའི་ཚེ་སྒྲ་གཅན་ཟིན་བཞིན་དུ།། དེ་བཞིན་གཤེགས་པས་སེམས་ཅན་གཟིགས།། སེམས་ཅན་ཀུན་གྱི་མཆོག་གྱུར་པ།། གཏན་ཏུ་མྱ་ངན་འང། ་པས་གྲོངས།། གང་ཚེ་སྡུག་ཅན་འདོད་ཆེན་པོ།། བྱང་ཆུབ་མངོན་པར་འཚང་རྒྱ།། མཆོག་ཏུ་བདེ་བ་ཐོབ་ནས་ཀྱང་།། ཉེས་པ་ཐམས་ཅད་རྣམ་སྤང་བ།། དེ་ཚེ་སྒྲ་གཅན་ཟིན་བཞིན་དུ།། ་བཞིན་གཤེགས་པས་སེམས་ཅན་གཟིགས།། སེམས་ཅན་ཀུན་གྱི་མཆོག་གྱུར་པ།། གཏན་ཏུ་མྱ་ངན་འདས་པས་གྲོངས།། གང་ཚེ་སེམས་ཅན་ཐམས་ཅད་ནི།། བསམ་པ་འཐུན་པར ་གནས་གྱུར་ཏེ།། བྱང་ཆུབ་མཆོག་ཏུ་རྫོགས་སངས་རྒྱས།། ཉེས་པ་ཐམས་ཅད་རྣམ་སྤངས་པ།། དེ་ཚེ་སྒྲ་གཅན་ཟིན་བཞིན་དུ།། དེ་བཞིན་གཤེགས་པས་སེམས་ཅན་གཟིགས།། སེཾན ་ཀུན་གྱི་མཆོག་གྱུར་པ།། གཏན་དུ་མྱ་ངན་འདའ་བས་གྲོངས།། ། གང་ཚེ་སྦྲང་བུའི་གཅིན་ཙམ་གྱི།། རྒྱ་མཚོ་བཞིའི་མཐས་ཀླས་པ།། ནགས་ཚལ་རི་རྣམས་བཅས་པ་ཡི། ་ས་གཞི་ངོམས་པར་གྱུར་པ་ན།། དེ་ཚེ་སྒྲ་གཅན་ཟིན་བཞིན་དུ།། དེ་བཞིན་གཤེགས་པས་སེམས་ཅན་གཟིགས།། སེམས་ཅན་ཀུན་གྱི་མཆོག་གྱུར་པ།། གཏན་ཏུ་མྱ་ངན་འང། ་བས་གྲོངས།། དེ་བས་ན་ཆེས་དང་ལྡན་པ།། ཆོས་ལ་གུས་པ་ཁྱེད།། མྱ་ངན་མ་བྱེད་ཅིག། མ་ངུ་ཤིག་དེ་བཞིན་གཤེགས་པ་ནི་རང་ལ་དབང་ཡོད་ཀྱིས།། མི་རྟག་པའི་འདུ་ཤེས་མ་བྱེད ་བར་རྟག་པ་དང་།། ཐེར་ཟུག་པ་དང་། མཆོག་ཏུ་བརྟན་པ་ཡིན་པར་ཡང་དག་པར་ལྟོས་ཤིག་གཞི་གསུམ་རྟག་པའི་གསང་སྔགས་ཀྱི་སྦ་བ་དང་། བསྲུང་བ་འདིས་བསྲུང་བར་གྱིས ་ཤིག། གཞི་གསུམ་རྟག་པའི་གསང་སྔགས་ཀྱི་ནི།། གནས་ལྕགས་ཀྱིས་ཚིག་པའི་ཤིང་རྣམས་ཀྱང་སྐྱེ་བར་འགྱུར་ཏེ། ཡལ་ག་ཕྲེའུ་དང་། སྔལ་མིག་བྱེ་བ་དང་། ལེ་མ་ཁ་འབུས་པ ་དང་ལྡན་པར་འགྱུརརོ།། འཁོར་བ་ནི་བེ་ལས་གཞི་གསུམ་རྟག་པར་རྗེ་སུ་ཡི་རང་བའི་གཏམ་འང་ཕན་ཚུན་ཐོས་ནས། བྱང་ཆུབ་ཀྱི་སེམས་བསྐྱེད་མ་དགོས་པར་འཛིན ་ཀྱང་གཞི་གསུམ་མཆོག་ཏུ་རྟག་པའི་རྒྱུས་ན་བྱང་ཆུབ་ཀྱི་རྒྱུར་སྐྱེ་བར་འགྱུར་ཏེ་འདི་ནི་སངས་རྒྱས་ཀྱི་རྗེསུ་ཡི་རང་བ་ཞེས་བྱའོ།། གཞི་གསུམ་རྟག་པ་ལས་བྱུང་བའི་རྗེསུ་ཡི་རང་བ ་འདི་དགེ་སློང་ངམ། དགེ་སློང་མ་གང་དག་སེམས་ཅན་རྣམས་ལ་སྙན་པར་བྱེད་པ་དེ་དག་ནི་ཡུལ་འཁོར་གྱི་བསོད་སྙོམས་ཟ་བར་འོས་པ་ཡིན་ནོ།། གཅིག་ཤེས་དག་ནི་འོས་པ་མ་ཡིན ་ཇི་ལྟར་རྗེ་སུ་ཡི་རང་བ་འདིས་གདོལ་པ་དེ་འཇིག་རྟེན་ཐམས་ཅད་དུ་བདེ་བར་གྱུར་པའི་ཆོས་ཀྱི་བདེན་པ་དེས་ན། དམ་པའི་ཆོས་འདོད་པ་རྣམས་ལ་བགེག་མེད་པ་དང་། གནོད་པ ་མེད་པར་གྱུར་ཅིག་དེ་རས་ལྷ་དང་། ལྷ་མ་ཡིན།། དང་། མི་དང་བཅས་པའི་འཇིག་རྟེན་གྱིས་དེ་བཞིན་གཤེག། ས་པ་རྟག་པར་ཁོང་དུ་ཆུད་ནས། རབ་ཏུ་དགའ་བའི་སེམས ་དང་དགེ་བའི་རྩ་བའི་སེམས་དང་། སྒྲིབ་པ་དང་བྲལ་བའི་སེམས་དང་། གཞོལ་བ་མེད་པའི་སེམས་དང་། པདྨ་ཁ་བྱེ་བ་ལྟོ་བུའི་བཞིན་དང་ལྡན་པར་གྱུར་ནས་ལྷའི་མཆོད་པ་ཆེན་པོའི་ལས ་བྱས་ཏེ་མེ་ཏོག་དང་། ཕྱེ་མ་དང་། གདུག་པ་དང་། སྤོས་ཀྱི་བསྒོ་བ་ལས་སོགས་པས་གཏོར་ཏོ།། སིལ་སྙན་ལ་སོགས་པ་ཡང་དཀྲོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་འོད་སྲུང་ཆེན་པོ་དང་རུས་གཅིག་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དེང་འདིར་ངོ་མཚར་རྨ་དུ་བྱུང་བ་མཐོང་། གསོལ་པ། བཅོམ་ལྡན་འདས་བདག་སྔོན་ལན ་འགའ་ཡང་མ་མཐོང་བའི་ངོ་མཚར་རྨད་དུ་བྱུང་བ་མཐོང་སྟེ། འཁོར་རེ་རེས་ཕུལ་བའི་ཞལ་ཟས་དེ་བཞིན་གཤེགས་པ་རེ་རེ་དགེ་སློང་གི་དགེ་འདུན་དང་བཅས་པས་གསོལ་བ་མཐོང་ལ ་སོ།། འཁོར་འདི་ནི་སྨྱུང་བུའི་རྩེ་མོའི་ཙམ་གྱིས་ཁྱོན་དག་ལ་ཡང་ཇི་ལྟར་བཤམས་པའི་གདན་དག་ལ་དེ་བཞིན་གཤེགས་པ་སྐུ་ཆེན་པོ་དུ་མ་བདེ་བར་བཞུགས་ཏེ། རྗེ་སུ་ཡི་རང་བཅུ་གསུ ་གྱི་ཚིགསུ་བཅད་པ་དག་སྟོན་ཅིང་བཞུགས་པ་མཐོང་ལག་སོ།། སེམས་ཅན་ཐམས་ཅད་ཀྱིས་ནི་སྒྱུ་འཕྲུལ་མ་འཚལ་ཏེ། བཅོམ་ལྡན་འདས་ནི་བདག་གིས་ཕུལ་བའི་ཞལ་ཟས་གསོ ་ཞིང་བཞུག་སོ་སྙམ་དུ་འཛིན་ལགས། མེ་མཆོ་ག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ་ནི་པ་འཇམ་དང་ལ་གཞོ་ནུར་གྱུར་པ་ལ་སོགས་པས་ནི་ཙུན་ངས་དེ་ལྟར་འབྲས ་ས་ལུ་ཡུལ་མ་ག་ཏིའི་ན་ལི་ཏ་བརྒྱད་ལས་ཞལ་ཟས་སྦྱར་བ་ཡང་། རྡུལ་ཙམ་ཡང་དགེ་སློང་གི་དགེ་འདུན་གྱིས་མི་གསོལ་བ། དེ་བཞིན་གཤེགས་པས་ཞལ་ཟས་མ ་གསོལ་བའི་ཡ་མཚན་རྨད་དུ་བྱུང་བ་འདི་ཡ་ང་དག་པར་འཚལ་ཏེ། འདི་ནི་ཐབས་ཙམ་དུ་མཛད་པར་བས་སོ་སྙམ་དུ་སེམས་ལག་སོ།། ཉན་ཐོས་ཀྱི་ཚོགས་རྣམས་ཀྱིས་ནི་ཀྱེ་མ་དེ ་བཞིན་གཤེགས་པ་ནི་དཔག་ཏུ་མེད་པ་དང་། རྟག་པ་ལགསོ་སྙམ་དུ་མ་འཚལ་ལག་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འགར་བའི་བུ་ཙུན་ང་ལ་བཀའ་སྩལ་པ། ཙུན་ད་ཁྱོད་ཀྱིས ་མཚར་རྨད་དུ་བྱུང་བ་ཅི་མཐོང་གསོལ་པ། བཅོམ་ལྡན་འདས་སྔར་ནི་དེ་བཞིན་གཤེགས་པ་མཚན་གྱི་མཆོག་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་མངའ་བ་དུ་མ ་མཐོང་བ་ལྟས་ད་ནི་རང་རང་གི་བསྒྱུར་ནས་འདི་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཏུ་སྣང་ལགས།། དེ་བཞིན་གཤེགས་པས་དུག་སྨན་གྱི ་སྡོང་པོ་ལྔ་བུའི་སྐུ་གཅིག་པུར་གྱུར་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བར་གདའ་ལག་སོ།། སངས་རྒྱས་སྔ་མ་གང་ཡིན་པ་དེ་དག་ནི་སེམས་ཅན་ཐམས་ཅད་ལ་པར ་པ་དང་། བང་བ་དང་། ཡིད་དགའ་བར་བྱ་བ་དང་། བསོད་ནམས་མི་ཟད་པར་བྱ་བའི་ཕྱིར་སྤྲུལ་པ་ཡིན་ཏེ། སྒྱུ་འཕྲུལ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་སེམས ་ཅན་རྣམས་ཀྱིས་མི་ཤེས་སོ།། དེ་ལྟར་ར་བྱང་ཆུབ་སེམ། ས་དཔའི་སྤྱོད་པ་ནི་དཔག་ཏུ་མེད་དོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི ་དཔག་ཏུ་མེད་དོ།། བྱང་ཆུབ་སེམས་དཔའ་མི་མཆོག་ན་མས་ལ་ནི། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་མཐུ་མེད་དོ།། འགར་བའི་བུ་ཙུན་ད་ཡང་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ཐོབ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་གི་མཐར་ཐུག་པ་ནི་དེ་ལྟ་བུ་ཡིན་ནོ།། འོད་སྲུང་ཆེན་པོ་དང་རུས་གཅིག་པས ་གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན་མི་མཆོག་ཙུན་དལ་བདག་རྗེསུ་ཡི་རང་ལགསོ།། བཅོམ་ལྡན་འདས་ད་ནི་མདོ་སྡེ་རྣམས ་བཤད་པའི་སླད་དུ་སྣང་བ་མཛད་པའི་རིགས་སོ།། བཅོམ་ལྡན་འདས་ཅི་ལགས་མདོ་སྡེ་ཐམས་ཅད་ལྷག་མ་མཆིས་པའི་དོན་ལགས་སམ། འོན་ཏེ་ལྷག་མ་མ་མཆིས་པའི་དོན ་ལགས། བཀའ་སྩལ་པ། ལྷག་མ་ཡོད་པའི་དོན་ཀྱང་ཡིན་ལྷག་མ་མེད་པའི་དོན་ཀྱང་ཡིན་ནོ།། གསོལ་བ། སྦྱིན་པ་ཀུན་ཏུ་བསྔགས་པ་ཡིན། སྦྱིན་པ་གང་དུའང་སྨད་པ་མེད་ཅེས་བགྱི། ་བ་འདིར་ལྷག་མ་མཆིས་པའི་དོན་ཏུ་ཇི་ལྟར་བཤད་ལགས། ཚིགསུ་བཅད་པའི་དོན་ནི་གང་ལགས། ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པའི་བྱེ་བྲག་ནི་ཅི་མཆིས ་བཀའ་སྩལ་བ། གཅིག་མ་གཏོགས་པར་སྦྱིན་པ་ནི་ཐམས་ཅད་དུ་བསྔག་སོ།། གསོལ་པ། མ་གཏོགས་པ་གང་ལགས། བཀའ་སྩལ་པ། མདོ་སྡེ་འདི་ལས་ཚུལ་ཁྲིམས་འཆལ ་བར་བརྩི་བ་གང་ཡིན་པའོ།། གསོལ་པ། བཅོམ་ལྡན་འདས། བཅོམ་ལྡན་འདས་ལ་དེང་བདག་འདི་ཁོ་ན་ཞུགས་ན་མྱུར་དུ་བཀའ་སྩལ་དུ་གསོལ།། བཀའ་སྩལ་པ། འདོད་ཆེན་པོ ་མ་གཏོགས་པར་སྦྱིན་པ་ནི་ཐམས་ཅད་དུ་བསྔགས་པ་ཡི་ན་ནོ།། གསོལ་པ། འདོད་ཆེན་པ་ཇི་ལྟ་བུ་ལགས། བཀའ། སྩལ་པ། དགེ་སློང་ངམ། དགེ་སློང་མ་འམ། ་དགེ་བསྙེན་ནམ། དགེ་བསྙེན་མ་ཡང་རུང་སྟེ། ཚིག་ངན་པས་མདོ་སྡེ་སྤངས་ནས་ཕྱིས་བཟོད་པར་གསོལ་བར་ཡང་མི་བྱེད་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་འདོད་ཆེན་པོའི་ལམ་དུ ་ཞུགས་པ་ཡིན་ནོ།། ཕམ་པ་བཞི་བྱུང་བ་རྣམས་དང་། མཚམས་མེད་པ་ལྔ་བྱེད་བྱེད་པ་གང་ཡིན་པ་དེ་དག་ནི་བདག་ཅག་འཇིགས་པའི་གན་སུ་ཞུགས་སྙམ་དུ་ཤེས་ཀྱང་འཇིགས ་བར་མི་ལྟ་ལ་དམ་པའི་ཆོས་ཀྱི་ཕྱོགས་ཀྱང་མི་འཛིན་དམ་པའི་ཆོས་དབྱུང་སྙམ་དུ་འབད་པར་ཡང་མི་བྱེད་ལ།། དེ་ཉིད་ཀྱི་སྔགས་པ་མ་ཡིན་པ་ཡང་བརྗོད་པར་བྱེད་པ་དེ་དག་ཀྱང་འདོད་ཆེན ་། པའི་ལམ་དུ་ཞུགས་པ་ཡིན་ནོ།། སངས་རྒྱས་མེད་དོ།། ཆེས་མེད་དོ།། དགེ་འདུན་མེད་པ་ཞེས་ཟེར་བ་དེ་གང་ཡིན་པ་དེ་དག་ཀྱང་འདོད་ཆེན་པོའི་ལམ་དུ་ཞུགས་པ་ཡིན་ནོ།། ཞེས་ང་ཟེར ་ཏེ། འདོད་ཆེན་པ་དེ་དག་མ་གཏོགས་པར་སྨིན་པ་ཐམས་ཅད་དུ་བསྔག་སོ།། གསོལ་པ། དེ་ལ་ཚུལ་ཁྲིམས་འཆལ་པ་ཞེས་བགྱི་བ་གང་དག་ལགས། བཀའ་སྩལ་པ། ཕམ་པ་ཞི་བྱེད་བྱེད་པ། ་རྣམས་དང་། མཚམས་མེད་པ་ལྔ་བྱེད་བྱེད་པ་རྣམས་དང་། མདོ་སྡེ་སྤང་བར་བྱེད་པ་དེ་དག་ཉིད་དེ་གསོལ་པ། བཅོམ་ལྡན་འདས་ཅི་ལགས། དེ་དག་རྟག་ཏུ་ཚུལ་ཁྲིམས་འཆལ་པ་ཁོ་ན ་ལགས་སམ། བཀའ་སྩལ་པ། འདི་ལ་རྒྱུ་ཡོད་དེ།། དེས་ན་ཡེ་རྟག་པ་ཡང་ཡང་ངོ་དེ།། ཡེ་མི་རྟག་པ་ཡང་ཡོད་དེ། གང་དག་གོས་ཆེན་ཅན་གྱི་རྟག་ཅན་རྣམས་དང་ལྷན་ཅིག ་ཏུ་མི་གནས་ཤིང་། སྐྱེ་མ་བདག་ཅག་ནི་ཕམ་པ་བྱུང་བ་ཡིན་ཏེ། བདག་ཅགས་ཉེས་པ་བྱས་སོ་སྙམ་ནས་འཇིགས་པ་ར་ལྟ་ལ། དེ་དག་དམ་པའི་ཆོས་དབྱུང་བར་བྱའོ་སྙམ། ་ནས་ཉམ་སུ་ལེན་པར་བྱེད་ཅིང་། དམ་པའི་ཆོས་ཀྱི་ཕྱོགས་འཛིན་པ་རྣམས་ཀྱི་བསྔགས་པ་བརྗོད་པར་བྱའོ།། ཆོས་མ་ཡིན་པའི་ཕྱོགས་རྣམས་ནི་ཚར་བཅད་པར་བྱའོ།། མཚུངས་པ་མེད་ནི ་མདོ་སྡེ་རྣམས་ནི་གདེན་པར་བྱའོ།། སྙམ་དུ་བརྩོན་པར་བྱེད་པ་གང་ཡིན་དེ་དག་ནི། ཚུལ་ཁྲིམས་འཆལ་པ་ཡིན་ནོ་ཞེས་ངམི་ཟེར་རོ།། ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དཔེར་ན་ཉི་མ་ཤར་ན་། ་ངུར་གྱི་རྡུལ་སངས་པར་འགྱུར་བ་དེ་བཞིན་དུ་མདོ་སྡེ་ཆེན་པོའི་ཉི་མ་འདི་ཤར་པ་ན་དེ་ལྟར་སྒོམ་པར་བྱེད་པའི་སེམས་ཅན་རྣམས་ཀྱི་སྡིག་པའི་ཕུང་པོ་གྲངས་མེད་པ་བྱས་པ་རྣམས་ཟད ་པར་འགྱུར་ཏེ། དེ་ལྟར་ན་དམ་པའི་ཆོས་འབྱིན་པ་ནི་འབྲས་བུ་ཆེ་བ་ཡིན་ནོ།། མཚམས་མེད་པ་བྱེད་བྱེད་པ་རྣམས་དང་མདོ་སྡེ་སྤོང་བ་གང་ཡིན་པ་དེ་དག་གལ་ཏེ་ཀྱེ་མ་བདག་ཅག་གིས་མེདོ། ་སྡེ་སྤོང་བ་བྱས་པ་འདི་ནི་བདག་ཅག་བརླག་པར་འགྱུར་བ་ཡིན་ཏེ་ཉེས་པ་བྱས་སོ་སྙམ་དུ་འགྱོད་ཅིང་གདུང་བར་གྱུར་ནས་བདག་ཅག་གི་སྐྱབས་ནི་མདོ་སྡེ་འདི་ཉིད་ཡིན་ཏེ། འཁྲས ་གཞན་མ་མཐོང་ངོ་སྙམ་དུ་སེམས་བསྐྱེད་པར་བྱེད་ན་དེ་དག་ནི་ཟླ་བྱེད་དམ། ཟླ་བ་གཅིག་གམ། དུས་ཇི་སྲིད་ཀྱི་བར་དུ་མདོ་སྡེ་ལ་སྐྱབསུམ་སོང་བའི་བར་དུ་ནི། དེ་དག་ལ་བྱིན་པ་འབྲས ་དུ་ཆུང་བར་འགྱུར།། གང་གི་ཚེ་མ་སྡེ་ལ་སྐྱབསུ་སོང་བ་དེའི་ཚེ་ནི་དེ་དག་ཀྱང་ཡོན་གནས་འགྱུར།། གལ་ཏེ་མཚམས་མེད་པོ་བྱེད་བྱེད་པ་ཡང་འགྱོད་དེ་ཀྱེ་མ་ང་གིས་མི་རིག་པ ་བྱས་ཀྱིས་བང་གིས་དམ་པའི་ཆོས་དབྱུང་བར་བྱའོ་སྙམ་དུ་སེམས་ནི། དེ་ཡང་མཚམས་མེད་པ་བྱེད་བྱེད་པ་མ་ཡིན་པ་ར་རིག་པར་བྱ་སྟེ། དེ་ལ་ནི་ཆུང་ངུ་ཞིག་བྱིན་ན་ཡང་། ་འབྲས་བུ་ཡོད་དོ།། མཆོག་ཏུ་ཚུལ་ཁྲིམས་འཆལ་བ་གཅིག་ཤོས་དེ་དག་ལ་བྱིན་པ་ནི་འབྲས་བུ་ཆུང་ཟད་ཀྱང་མེད་དོ།། གས་ཀྱི་བུ་གཞན་ཡང་ཕམ་པ་བྱེད་བྱེད་པས་ཇི ་ལྟར་བྱ་བ་ཉོན་ཅིག་ཕམ་པ་བྱེད་བྱེད་པས་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཁོང་དུ་ཆུད་པར་བྱས་ནས་དམ་པའི་ཆོས་དབྱུང་བར་བྱའོ།། སྙམ་དུ་བསམ་ན་དེ་ལ ་བྱིན་པ་ཡང་ཆེས་ཁྱད་པར་ཅན་དུ་འགྱུར་རོ།། རིགས་ཀྱི་བུ་དཔེར་ན་བུད་མེད་སྦྲུམ་མ་ཞིག་ཡུལ་འཁྲུགས་ནས། ཡུལ་གནན་དུ་སོང་སྟེ། ལྔ་ཁང་ཞིག་གི་ནང་དུ་ཁྱེའུ་ཞིག་བཙས ་དེ་བདེ་བར་གྱུར་ནས་ཁྱེའུ་དེ་ཁྱེར་ཏེ། རང་གི་ཡུལའི་བར་གྱུར་པའི་འོག་ཏུ་ལོག་སུ་མས་པ་ལས། རུ་ཀླུང་ཆེན་པོ་ཞིག་དང་ཕྲང་ནས་ཆུང་དེ་རྒལ་བ་ན་བུ་དང་བཅས། ་ཏེ་ཚུའི་ནང་དུ་ཉམ་ཐག་པར་གྱུར་ནས། བདག་ནི་ཤི་ཡང་བློའི་ཁྱེའུ་འདི་ཐར་པར་བྱའོ་སྙམ་ནས་ངའི་དོན་ཏུ་འབད་པ་ལས་བུ་དང་ལྷན་ཅིག་ཏུ་ཤི་ནས་སྔོན་མཆོག་ཏུ་འཇིགས་པའི ་ལས་བྱས་སུ་ཟིད་ཀྱང་བུ་ལ་བེམས་ཤིང་ཐར་པར་བྱའོ་སྙམ་པའི་འབྲས་བུ་མཐོ་རིས་སུ་སྐྱེས་པ་དེ་བཞིན་ཕམ་པ་བྱེད་བྱེད་པ་དང་། མཚམས་མེད་པ་བྱེད་བྱེད་པ་ལས་དམ་པའི་ཆོས ་འབྱིན་པར་བྱེད་པ་དེ་དག་ནི། སྔོན་སྡིག་པའི་ལས་བྱས་སུ་ཟིན་ཀྱང་དམ་པའི་ཆེས་འབྱིན་པའི་འབྲས་བུ་བུད་མེང་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་ཡོན་གནས་སུ ་འགྱུར་ཏེ། དམ་པའི་ཆོས་འབེན་པའི་འབྲས་བུ་ནི་དེ་ལྟར་ཆེའོ།། གསོལ་པ། བཅོམ་ལྡན་འདས་འདོད་ཅེ་ན་པ་འདོད་ཆེན་པར་ལྷུང་བར་གྱུར་པ་ལས་སླད་གྱིས ་གཞི་གསུམ་ལ་འཆགས་པར་བགྱིད་ཅིང་བཟོད་པར་གསོལ་བར་བགྱིད་ན་ཅི་ལགས། དེ་ལ་སྩལ་བ་ཡང་འབྲས་བུ་ཆེ་བར་མི་འགྱུར་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ ་དེ་སྐད་མ་ཟེར་ཅིག། དཔེར་ན་མི་ལ་ལ་ཞིག་གིས་ཤིང་ཏོག་ཨ་མྲ་ཟོས་ནས་རུས་པ་ས་ལ་བོར་བེར་བའི་འོག་ཏུ་ངེས་འདི་སྙམ་དུ་བསམས་ཏེ་ནང་གི་ཚིག་གུ་ཞིམ་ཡང་དག་སྙམ ་ནས། དེས་ངོའི་ཕ་རོལ་རུས་པ་བོར་ཏེ་ཚིག་གུ་ཟོས་པ་དང་ངེས་དེའི་རོ་མི་ཞིམ་པར་ཚོར་ནས་ཡང་བོར་རོ་དེ་ནས་ངེས་ཀྱི་ཧུང་བང་གིས་ས་བོན་མ་རུང་བར་བྱས་སོ་སྙམ་དུ་བསམ་ན ་ས་བོན་དེ་ཕྱིར་རུས་པའི་ནང་དུ་བཅུག་ནས་ས་རྐོས་པའི་འོག་ཏུ་བཅུག་སྟེ། འོ་མ་དང་མར་ཁུས་བླུགས་ལ་ཆར་ཆེན་པོ་བབ་ཏུ་ཟིན་ཀྱང་ས་བོན་ངན་པ་མ་རུང་བར་བྱས་པ་སྐྱེ་བར ་མི་འགྱུར་ཏེ་སྐྱེ་མི་སྲིད་དོ།། དེ་ནས་དེ་ས་བོན་འདི་མ་རུང་བར་བྱས་པ་ཡིན་ཏེ་སྐྱེ་བར་མི་འགྱུརརོ་སྙམ་ནས། ངལ་བར་གྱུར་ཏེ་ཅང་མི་ཟེར་བར་འདུག་པ་དེ་བཞིན་དུ། འདོད་ཆེན་པ་ལ་ཡང ་ས་བོན་མེད་དེ། འདོད་ཆེན་པ་འཆགས་ཤིང་བཟོད་པ་གསོལ་བའི་སེམས་བསྐྱེད་པ་ནི་མི་སྲིད་དོ།། དེ་བས་ན་འདོད་ཆེན་པ་དེ་ལྟ་བུ་ལ་ནི་ཐམས་ཅད་དུ་སྦྱིན་པ་འབྲས་བུ་ཆེ་བ་མ་ཡིནོ།། ་དགྲ་བཅོམ་པ་རྣམས་ལ་ཕུལ་བའི་འབྲས་བུ་ཡང་ཐ་དང་ངོ་དོ།། རང་སངས་རྒྱས་རྣམས་ལ་ཕུལ་བའི་འབྲས་བུ་ཡ་ང་ཐ་དད་དོ།། དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བའི ་འབྲས་བུ་ཡང་ཐ་དད་དོ།། དེ་བས་ན་ཐམས་ཅད་དུ་སྦྱིན་པའི་འབྲས་བུ་ཆེ་བ་མ་ཡིན་ནོ།། གསོལ་པ། ཅིའི་སླ་ད་དུ་བཅོམ་ལྡན་འདས་ཀྱིས་ཚིག་སུ་བཅད་པ་འདིའི་དོན ་རྣམ་པ་གཉིསུ་བཀའ་སྩལ་ལགས། བཀའ་སྩལ་པ་རྒྱུ་ལས་འགྱུར་ཏེ། སྔོན་རྒྱལ་པོའི་ཁབ་ཀྱི་དགེ་བསྙེན་དང་པ་མེད་པ་གཅེར་པུ་ལ་དགའ་བ་ཞིག་ཡོད་པ་དེས་ངལ་སྦྱིན་པ ་བྱས་པ་ཅིར་འགྱུར་བ་དྲིས་པ་དེའི་ཚེ་དེ་དྲངས་པའི་ཕྱིར་སྦྱིན་པ་ཀུན་ཏུ་བསྔགས་པ་ཡིན་ཞེས་བྱ་བའི་ཚིག་སུ་བཅང་བ་དེ་དེ་ལ་བསྟན་ཏོ།། ང་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་དོན་ཏུ་ཚིགསུ་བཅད་པའི་དོན་དགོངས་པའི་ཚིག་ཏུ་བསྟན་ཏེ། དུས་ཐམས་ཅད་དུ་ཚིགསུ་བཅད་པའི་དོན་འདྲ་བར་བསྟན་པ་མ་ཡིན་ནོ།། ཐམས་ཅད་ཅེས་བྱ་བ་ནི་སྐབས་དང་སྦར་ཏེ། ་ཚིག་གི་ལྷག་མ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་མི་མཆོག་གིས་ནི་ཚུལ་ཁྲིམས་འཆལ་བ་རྣམས་ཞིང་གི་ངོ་བཞིན་དུ་ཚར་བཅད་པར་བྱའོ།། ། ་ཀྱི་བུ་གཞན་ཡང་ངས་སྔོན་ཚིགསུ་བཅད་པ་འདི་བསྟར་ཏེ། འདི་ལྟ་སྟེ། ཆུ་ཀླུང་ཆུ་ཀུན་གྱ་གྱུར་འབབ།། ནགས་འཚལ་ཀུན་ནི་ཤིང་ཉིད་ཡིན།། བུད་མེད་ཀུན་ལ་གཡོ་རྒྱུ་ཡོད་།། དབང ་ཕྱག་ཐམས་ཅད་བདེ་བ་ཡིན།། བུད་མེད་རྣམས་ཀྱི་སེམས་ནི་གཡོ་སྒྱུ་ཅན་དང་།། འཇིག་སུ་རུང་བ་ཡིན་ནོ།། དེ་ནས་འཇམ་དཔལ་གཞོ་ནུར་གྱུར་པ་བསྟན་ལས་ལངས་ཏེ། བཅོམ་ལྡན་འདས ་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་སླར་ཚིགསུ་བཅང་དེ་གསོལ་པ། ཆུ་ཀུན་གྱི་གྱུར་འབབ་མ་ལགས།། ནགས་ཚལ་ཀུན་ཀྱང ་ཤིང་མ་ལགས། བུད་མེད་ཀུན་ལང་གཡོ་མ་མི་ཆིས།། དབང་ཕྱུག་ཀུན་ཀྱང་བདེ་མ་ལགས།། ཀུན་ཀྱང་བདེ་མ་ལ་གས།། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་དེ་སྐད་དུ ་བཀའ་སྩལ་པ་ནི་ལེགས་པར་བཀའ་སྩལ་པ་མ་ལགས་ཏེ། འདི་ལ་རྒྱུ་ཅི་མཆིས་པ་བཀའ་སྩལ་ག་འཚལ་ལག་སོ།། སྟོང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན ་གླིང་ཐ་དད་པར་ནུབ་ཀྱི་བར་ལང་སྤྱོད་ཅེས་བགྱི་བ་མ་མཆིས་ཏེ། དེ་ན་ཆུ་ཀླུང་གི་མིང་དྲང་པོར་འབབ་ཅེས་བགྱི་བ། ཤིང་མཁན་གྱི་ཐིག་སྐུད་བཞིན་དུ་ནུབ་ཕྱོགས་ཀྱི་རྒྱ་མཚོ་ནས་ཤར ་ཕྱོགས་ཀྱི་རྒྱ་མཚོར་དྲང་པོར་འབབ་པ་ཞིག་མཆིས་ལ། ཐམས་ཅད་ཅེས་བགྱི་བ་ནི་ཤིན་ཏུ་རྒྱས་པའི་ལུང་ལས་ལྷག་མ་ཡོད་པའི་དོན་ལགས་པར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན ་ཆུ་ཀླུང་དྲང་པོར་འབབ་ཅེས་བགྱི་བ་དེ་ཤིན་ཏུ་རྒྱས་པའི་ལུང་གི་མདོ་གང་ལས་བཤང་པ་བཅོམ་ལྡན་འདས་བདེན་པ་གསུང་བས་བཀའ་སྩལ་དུ་གསོལ། དཔེར་ན་ནོར་གྱི་འཐུང་ཁུང་། ་གི་རྒྱུ་སུ་མཁན་འབྱུང་ཁུང་ལ་མི་མཁས་པ་ཞིགས་དེ་ཁོ་ན་གསེར་མཆིས་པ་བཞིན་དུ། འདི་ནི་གསེར་མ་མཆིསོ་ཞེས་མཆིས་པས་ནི། གནས་ཀྱི་ཕྱོགས་ཆེའི་བྱེ་བྲག་ཙམ་ཉི་ཚེ་ཤེས་པར ་བགྱི་ལག་སོ།། ནགས་ཚལ་ཀུན་ནི་ཤིང་ཉིད་ཡིན་ནོ་ཞེས་བགྱི་བ་ནི་ལྷག་མ་ཡོད་པའི་དོན་ལགས་ལ་ནགས་ཚལ་ནི་རྣམ་པ་མང་དུ་མཆིས་ཏེ། འདི་ལྟ་སྟེ། གསེར་དང་། བཻ་ཌཱུཪྻའི་ནགས་ཚལ ་ཡང་མཆིས་ལག་སོ།། དེ་བཞིན་དུ་བུད་མེད་ཀུན་ལ་གཡོ་སྒྱུ་ཡོད་ཅེས་བགྱི་བ་ཡང་ལྷག་མ་ཡོད་པའི་དོན་ལགས་ཏེ། རང་མེད་ལ་ཡང་ཚུལ་ཁྲིམས་དང་ལྡན་པ་དང་། འདོད་ཆགས ་དང་བྲལ་བ་དང་། སེར་སྣ་མ་མཆིས་པ་དུ་མ་མཆི་ས་ལགས་སོ།། དབང་ཕྱུག་ཐམས་ཅད་བདེ་བ་ཡིན་ཞེས་བགྱི་བ་དེ་ཡང་ལྷག་མ་ཡོད་པའི་དོན་ལགས་ཏེ། དབང་ཕྱུག་ཅེས ་བགྱི་བ་ནི་འཁོར་ལོར་སྒྱུར་བའི་རྒྱལ་པོ་དང་། སངས་རྒྱས་རྣམས་དབང་ཕྱུག་གི་མཆོག་ལེགས་མོད་ཀྱི་དེ་དག་ཀྱང་འཆི་འཕོའི་དབང་དུ་འགྱུར་ཞིང་ཟད་པའི་ཆོས་ཅན་ལགས་ན། ཚངས། ་པའི་དབང་ཕྱུག་འདི་དག་ཀྱང་ལྟུང་བའི་ཆོས་ཅན་ལགས་ཏེ། དེ་བས་ན་དེ་དག་གི་ནི་དབང་ཕྱུག་མ་ལགས་ཤེས་བདག་མཆིས་ལག་སོ།། རྟག་པ་དང་བརྟན་པའི་དབང་ཕྱུག་གང་ལགས ་པ་དེ་ནི་མྱ་ངན་ལས་འདས་པ་མཆོག་ཏུ་བདེ་བའི་དབང་ཕྱུག་ལག་སོ།། བཀའ་སྩལ་པ། འཇམ་དཔལ་དཔེར་ན་སྨན་པ་ཞིག་གིས་ཁྱིམ་བདགོ་ཀནད་གསོ་བར་བྱེད་དེ། སྨན་མར་བསྐོལ་ནས ་དེ་འཐུང་ངུ་བཅུག་པ་ན་ནང་པ་དེ་མར་མང་དུ་འཐུང་བར་རྩོལ་ལོ།། དེ་ནས་སྤར་པ་དེས་དེ་ལ་སྨྲས་པ། ཉམ་སྟེབས་དང་ལྡན་པས་ནི་མར་མང་དུ་བཏུང་བར་བསྐུལ་ཀྱང ་དེས་འཇུ་བར་ནུས་ཀྱི། ཁྱེད་ནི་ཉམ་སྟོབས་མེད་པས་མར་ཧ་ཅང་མང་དུ་མ་འཐུང་ཤིག། མར་ནི་ནད་སེལ་བ་ཡང་ཡོན་མེད་ཀྱི་མང་དུ་འཐུངས་ན་དེ་ཉིད་ཀྱིས་ཁྱེད་ཡེ་འདྲེག་དུ་འཆི་བར ་འགྱུར་རོ།། ཞེས་བྱས་ན། ཅི་སྨན་པ་ཕན་པར་འདོད་པ་དེས་སྙིང་བརྩེ་བ་དེས་ཡང་དག་པའི་དོན་དེ་མ་རུང་བར་བྱས་པ་ཡིན་ནས། དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་། རྒྱལ་བ ་དང་། བློན་པོ་དང་། ཙུན་མོ་རྣམས་ཀྱི་ང་རྒྱལ་བསལ་བ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མེ་རྣམས་གཞན་དང་གཡེམ་པ་ལ་འཇིགས་པ་དང་སྐྱོ་བ་བསྐྱེད་པའི་ཕྱིར། ་སྨན་པ་བཞིན་དུ་དེ་བཞིན་གཤེགས་པས་རྒྱལ་པོ་གས་ལ་རྒྱལ་ལས་བརྩམས་ནས་ཆུ་ཀླུང་ཆུ་ནི་གྱ་གྱུརལབབ་ཅེས་ཚིགསུ་བཅད་པ་འདི་བཀའ་སྩལ་ཏེ། ཆུ་ཀླུང ་གྱ་གྱུར་འབབ་ཅེས་བྱ་བ་ལ་དེ་བཞིན་གཤེགས་པ་འཁྲུལ་པ་མི་མངའོ།། གང་གི་ཚེ་འཁྲུལ་པ་ཞིག་ཏུ་གྱུར་ན་གནམ་ས་ལོག་པར་འགྱུ་རོ།། དེ་བས་ན་ཐམས་ཅད་སྨོས་ཏེ། གསུངས་པ ་ནི་ལྷག་མ་ཡོད་པ་ཡང་ལྷག་མ་མེད་པ་དང་འདྲ་བར་གསུང་སོ།། འཇམ་དཔལ་བྱང་ཆུབ་སེམས་དཔའི་ཁྱུ་མཆོག་དམ་པ་ཁྱོད་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཤེས་རབ ་རྒྱས་པར་བྱས་པ་འདི་ནི་ལེག་སོ་ལག་སོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་ཡང་ཚིགསུ་བཅད་དེ་གསོལ་པ། བདག་གིས་དང་མ་བྱས་རྣམས།། བརྟག ་བར་བྱ་ཡི་གཞན་དག་གི་བྱས་དང་མ་བྱས་རྣམས་དང་ནི། གཞན་གྱི་མི་འཐུན་བནག་མི་བྱ།། ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཀྱི་སྒོ་དེ་སྐད་དུ་བཀའ་སྩལ་པ་ནི། ་ལེགས་པར་བཀའ་སྩལ་པ་མ་ལགས་ཏེ། འདི་ལ་ཅིའི་སླད་དུ་དེ་སྐད་ཅེས་བཀའ་སྩལ་པའི་རྒྱུ་བཀའ་སྩལ་འཚལ་ལག་སོ།། བཅོམ་ལྡན་འདས་ཀྱིས་གསུངས་རབ་ཡན་ལག་དྲག ་ལས། འདི་ན་གཅེར་བུ་པ་སེམས་ཅན་དམྱལ་བ་པ་ཐམས་ཅད་དང་། ཡ་མཚན་ཅན་དགུ་བཅུ་རྩ་དྲུག་པོ་རྣམས་ནི་ལམ་ངན་པར་ཞུགས་པ་ཡིན་ནོ།། སངས་རྒྱས་ཀྱི་སྲས་ཐམས་ཅད་ནི ་མྱ་ངན་ལས་འདས་པ་ལ་བཞུགས་པ་ཡིན་ནོ།། དྲང་པོ་དང་། ཚུལ་ཁྲིམས་དང་། ཆོ་ག་དང་ལྡན་པ་དང་། དབང་པོ་ཐུལ་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་མཐོ་རིས་འགྲོ་བ་དང་ཆོས་ཀྱི ་སྤྱོད་ཡུལ་ཅན་ཡིན་ནོ་ཞེས་བདག་སྟོད་པ་དང་། གཞན་སྨོད་པ་དང་། གཞན་བཤུང་བ་བཀའ་སྩལ་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལྟར་གཞན་དང་མི་འཐུན་པ་རྣམས་ཀྱང ་བཀའ་སྩལ་ལ། གཞན་དག་དང་མི་འཐུན་པ་ཞེས་བགྱི་བ་ཡང་མ་ལགས་པ་དེ་ལ་ཇི་ལྟ་བུ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས ་བཀའ་སྩལ་ཏོ།། རིགས་ཀྱི་བུ་ངས། གཞན་གྱི་མི་འཐུན་རྟག་མི་བྱ་ཞེས་བསྟན་པ་དེ་གང་ལས་ནི་བརྩམས། ཅིའི་ཕྱིར་ནི་བསྟན་ཅེ་ན། མ་སྐྱེས་དགྲ་ལས་བརྩམས་ནས་བསྟན་པ་ཡིན ་ཏེ། སངས་རྒྱས་བཅོམ་ལྡན་འདས་ལས་ནི་རྒྱུ་མེད་པར་དོན་དང་འགལ་བ་སྟོན་པར་མི་མཛད་ཀྱི། རྒྱུ་དང་བཅས་རྐྱེན་དང་བཅས་པར་སྟོན་པར་མཛད་དོ།། སྔོན་མ་སྐྱེས་དགྲས་པ ་བསད་ནས་དེའི་ཐང་དུ་འོངས་ནས་འདི་ལྟ་བརྙས་ཐབས་དྲི་བདྲིས་པ་ཅི་ལགས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ལགས་སམ། འོན་ཏེ་ཐམས་ཅད ་མཁྱེན་པ་མ་ལགས། གལ་ཏེ་ཐམས་ཅད་མཁྱེན་པ་ལགས་ན། ཅིའི་སླད་དུ་ལྷ་བྱིན་རབ་ཏུ་ཕྱུང་ལགས། དེ་ཚེ་རབས་སྟོང་ཕྲག་མང་པོར་ཕྱི་བཞིན་འབྲང་ཞིང་གནོད་པ ་བགྱིད་པར་གཟིགས་ན། ད་ལྟར་ཡང་རྒོལ་དུ་འོང་བར་ཐམས་ཅད་མཁྱེན་པ་ཁྱོད་ཀྱིས་ཇི་ལྟར་མ་གཟིགས་ཞེས་ཟེར་ནས་ངས་དེ་ལ་འདི་སྐད་དུ། གཞན་གྱི་མི་མཐུན་པ་རྟག་མི ་བྱ་ཞེས་ཚིགསུ་བཅད་པ་བསྟན་ཏེ། དེ་ནི་རྒྱལ་པོ། ཆེན་པོ་ཁྱོད། བདག་གིས་པ་བསད་དེ་མཚམས་མེད་པའི་ལས་ཀྱི་རབ་དུག་ཆེན་པོ་བྱས་པ་དེ་སྦྱང་བར་གྱིས་ཤིག། ་རྒྱལ་པོ་གཞན་གྱི་ཉེས་པ་ལ་མ་གཏོག་པར་དེ་ལྟ་བུ་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་བྱས་སོ།། གཞན་ཡང་མི་འཐུ་ན་པ་བརྟག་པར་ཡང་བྱ་སྟེ། ཚུལ་ཁྲིམས་དང་ཆོ་ག་ལ ་བརྟན་པ་གང་ཡིན་པ་དེ་དག་གི་སྐྱོན་བརྟག་པ་ལྷུར་བླང་བར་བྱ་སྟེ། དེ་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ།། གཞན་གྱི་མི་འཐུན་པ་ལ་རྟོག་པ་རྣམས་ཀྱིས་ནི་བདག་དང་གཞན་དག་གི ་བྱས་པ་དང་མ་བྱས་པ་ནི་བདག་དང་གཞན་དག་གི་ཡིན་པར་ཤེས་པར་བྱའོ།། དེ་ལྟ་བུའི་ཚུལ་གྱིས་གཞན་གྱིས་བྱས་པ་རྟག་ཏུ་ཡང་དག་པར་མཐོང་བ་གང་ཡིན་པ་དེ་དག་ནི་ང ་ཉན་ཐོས་ཡིན་ནོ་ཞེས་ངཟེར་རོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོ་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཆད་པ་གང་གིས་ཐམས་ཅད་སྐྲག། ཀུན་ལ ་སྲོག་ནི་ཕངས་པ་ཡིན།། བདག་གི་ཉམས་ལས་དཔག་བྱ་ཞིང་།། བརྡེག་པར་མི་བྱ་གསད་ཏི་བྱི།། དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོནུར་གྱུར་པས་འདི་སྐད་ཅེས་གསོལ། ་ཏོ།། ཆད་པས་ཐམས་ཅད་སྐྲག་མི་འགྱུར།། སྲོག་ཀྱང་ཀུན་ལ་ཕངས་མ་ལགས། བདག་ག་ཉམས་ལས་དཔག་བགྱི་ཞིང་།། ཐབས་ཀྱིས་བགྱི་བ་རྟོག་པར་བགྱི།། དེ་བས་ན་བཅོམ ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་དེ་སྐད་དུ་བཀའ་སྩལ་ན་ལེགས་པར་བཀའ་སྩལ་པ་མ་ལགས་ཏེ། དགྲ་བཅོམ་དང་ནི་འཁོར་ལོས་སྒྱུར།། གླང་ཆེན་བུད་མེད་རིན་ཆེན་དང་།། ཁྱིམ ་བདག་རིན་ཆེན་རྟ་རྣམས་ནི།། གནོད་པ་ཅིས་ཀྱང་མི་ཚུག་སོ།། འདི་རྣམས་ལན་ལྔ་དང་མི་དང་། ལྷ་མ་ཡོན་དུ་བཅས་པའི་འཇིག་རྟེན་ན། སུས་ཀྱང་གནོད་པར་བགྱིད་པའི་རྔོ་མི་ཐོག་སྟེ ་དགྲ་དྲག་ཤུལ་གྱི་སྟོབས་ཅན་རྣམས་ཀྱིས་ཀྱང་དེ་དེ་དག་ལ་གནོད་པས་འཇིགས་མི་སྲིད་ལག་སོ།། དེ་དག་ནི་ལྷ་དང་། བདུད་དང་། ཚངས་པ་རྣམས་ཀྱིས་ཀྱང་མི་འཛི ་ལག་སོ།། དེ་བས་ན་སེམས་ཅན་དེ་དག་ནི་ཅིས་ཀྱང་མི་ཚུགས་པ་ཞེས་བགྱི་ལག་སོ།། གཡུལ་ངོར་གཅིག་ཏུ་དཔའ་བ་དང་། གཅིག་ཏུ་ཁྱིམ་ཐབ་ལ་མི་འཁུ་བའི་ཆུང་མ་དང ་སེངྒེ་དང་། སྲིན་དུ་བའི་རྟ་ཅང་ཤེས་པ་དང་། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་འདི་རྣམས་ནི་གནོད་པས་ཚུགས་པ་ལགས་ཀྱིས་ཀྱང་ཅིས་ཀྱང་མི་འཇིགས་ལག་སོ།། དེ་ལ་ཆད ་པ་དག་གིས་ཐམས་ཅད་སྐྲག། ཅེས་བགྱི་བ་ནི་འདིར་ལྷག་མ་ཡོད་པའི་དོན་ལགས་པས་ན་མདོར་བསྡུས་པ་ལགསོ།། བདག་གི་ཉམས་ལས་དཔག་བྱ་ཞིང་། ཅེས་འགྱི་བ་དེ་ཡང ་། ལྷག་མ་ཡོད་པའི་དོན་ལགས་ཏེ། དགྲ་བཅོམ་པ་རྣམས་ནི་བདག་དང་མི་སྐམ་མོ་ཞེས་དེ་ལྟར་འཇིག་རྟེན་དུ་གྲགས་ལག་སོ།། གལ་ཏེ་དགྲ་བཅོམ་པ་རྣམས་ཀྱི། ་བདག་ཏུ་འདུ་ཤེས་པ་དང་། དགྲ་བཅོམ་པ་རྣམས་ཀྱི་སྲོག་ཏུ་འདུ་ཤེས་པ་བསྲུངས་པ་ལགསོ་ཞེས་དེ་ལྟར་ལྟ་བའི་བློ་ཆུང་ངུ་རྣམས་ཀྱིས་ནི། དགྲ་བཅོམ་པ་གནས་ངན་པར་གཞག ་པ་ལགས་ཏེ། དེ་ལྟར་བགྱིས་པའི་སྲོག་ཏུ་འདུ་ཤེས་པའི་ལྟ་བ་ངན་པས་རྨོངས་པའི་འབྲས་བུས་མྱུར་དུ་མནར་མེད་པར་སྐྱེ་བར་འགྱུར་ལགསོ།། གཅིག་ཏུ་ན་གལ་ཏེ་དགྲ་བཅོམ ་པ་རྣམས་གསད་པའི་སེམས་བསྐྱེད་དུ་ལགས་ཀྱང་སེམས་ཅན་དེ་དག་གིས་བསོད་པར་འགྱུར་མི་སྲིད་དེ། སེམས་ཅན་མང་པོ་ལོག་ཀྱང་དེ་དག་གསོད་པའི་རྔོ་མི་ཐེགས ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲོ་ག་ཆགས་རྣམས་ལ་སྙིང་རྩེ་བའི་ཕྱིར། བདག་དང་འདྲ་བ། ར་བལྟའོ།། དགྲ་བཅོམ་པ་ནི་འཚེ་བ་མེད་པའི ་སྒོ་ནས་དཔག་ཏུ་མེད་པ་དང་། མཚུངས་པ་མེད་པར་བལྟ་བར་བྱ་སྟེ་དེ་དག་ལ་གསད་པའི་སེམས་བསྐྱེད་པར་མི་བྱའོ།། དེ་ལྟར་ན་སངས་རྒྱས་ནི་རྒྱུ་མེད་པར་དོན་དང་འགལ་བ་མི ་སྟོན་ཏོ།། ཚིགསུ་བཅད་པ་འདི་རྒྱལ་པོའི་ཁབ་ཀྱི་རི་དྭགས་ཀྱི་རྔོན་པ་ལས་བརྩམས་ནས་བསྟན་ཏོ།། དེས་རི་དྲགས་བསད་ནས་ཤ་བ་དང་ལྡན་པའི་ཟས་ཀྱི་སྦྱིན་པ་ལང་སྤྱན་དྲངས ་ནས། ངས་ཀྱང་ངེས་སྤྱན་དྲངས་པ་ལ་གནང་ནས་སྒྲ་གཅན་ཟིན་དང་འདྲ་བར་བལྟ་བའི་ཚུལ་གྱིས་ཚིགསུ་བཅད་པ་འདི་སྐད་ཅེས་བྱས་སོ།། ཆད་པ་དག་གིས་ཐམས་ཅད་སྐྲག། ་ཀུན་ལ་སྲོག་ནི་ཕངས་པ་ཡིན།། བདག་གི་ཉམས་ལས་དཔག་བྱ་ཞིང་།། བརྡེག་པར་མི་བྱ་བསང་མི་བྱ།། མིག་རྒྱང་རིང་དུ་ལྟོས་ལ། རིང་དུ་འཚོ་བར་གྱིས་ཤིག། འཚོ་བ་མེད་པའི་རྟགས་ཀྱི། ་དོན་ཁོང་དུ་ཆུད་པར་གྱིས་ཤིག། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན་མིའི་ཁྱུ་མཆོག་འཇམ་དཔལ་ལེག་སོ་ལེག་སོ།། སེམས་ཅན། ཐམས་ཅད་ལ་ཕན་པའི་ཕྱིར་དགོད་པའི ་ཚིག་འདི་དྲིས་པ་ནི་ལེགས་སོ།། དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོ་ནུར་གྱུར་པས་ཚིགསུ་བཅད་དེ། འདི་སྐད་ཅེས་གསོལ་ཏོ།། མ་ལ་མཆོད་པའི་ཚུལ་གྱིས་ནི། ཕ་མ ་གཉིས་ལ་མཆོད་བགྱིས་ནི། བླ་མ་ལ་ཡང་གུས་གྱུར་ལ། མ་ནར་མེད་འཇིག་པར་ཇི་ལྟར་མཆིས། དེ་ནས་བཅོམ་ལྡན་འངས་ཀྱིས་ཚིགསུ་བཅད་དེ། འདི་སྐད་ཅེས་བཀའ ་སྩལ་ཏོ།། འདིར་ནི་སྲིད་པ་མ་ཞེས་བྱ།། གཏི་མུག་ལ་ནི་པ་ཞེ་ས་བྱ།། ཆོས་འདི་གཉིས་ལ་གང་མཆོད་པ།། དེ་ནི་མནར་མེད་འཇིག་པར་འགྲོ། དེ་ནས་བཅོམ་ལྡན་འདས་ཀྱིས ་ཡང་།། འཇམ་དཔལ་གཞོནུར་གྱུར་པ་ལ།། ཚིགསུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞན་གྱི་དབང་གྱུར་ཐམས་ཅད་སྡུག། རང་དབང་ཅན་ནི་ཐམས་ཅད་བདེ།། ང་རྒྱལ ་དབང་གྱུར་ཀུན་མི་བཟང་།། དགའ་བ་ཐམས་ཅད་བཟང་བ་ཡིན།། དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོ་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་ཀྱིས་ཆོས་ཀྱི་སྒོ་དེ་སྐད་དུ་བཀའ་སྩལ་པ་ནི། ལེགས་པར་བཀའ་སྩལ་པ་མ་ལགས་ཏེ། འདི་ན་ཁྱིམ་བདག་ལ་ལ་ཞིག་གིས་བདག་གི་བུ་བྱིས་པའི་སློབ་དཔོན་ལ་གཏད ་མཅི་ལགས་ཁྱེའུ་དེ་གཞན་གྱི་དབང་དུ་གྱུར་པ་ཞེས་མི་བགྱི་ལགས་སམ། ངལ་གཞན་གྱི་དབང་དུ་གྱུར་པ་མ་ལག་སོ།། ཞེས་བགྱིས་ན་ཡང་དོན་དང་འགལ ་བར་གྱུར་ལ། དེ་ལ་རང་དབང་ཅན་ལག་སོ།། ཞེས་བགྱི་ན་ཡང་། དོན་དང་འགལ་བར་འགྱུར་ཏེ། ཆོས་འདི་ནི་ཤིན་ཏུ་མ། ཀའ་བ་ལག་སོ།། འདི་ན་རྒྱལ་པོའི་བུ་ལ་ལ་བཅོསུ་མི་རུང་བར ་འགྱུར་ཏེ། ཅི་ཡང་སློབ་མི་འཆལ་ནས་རང་དགའ་དང་རང་ཉམ་དུ་འཁྱམ་པ་དེ་ལ་རང་དབང་ཅན་མ་ལགས་ཞེས་གྱིས་ན་ནི་དེན་དང་། ཚབས་ཆེར་འགལ་བར་འགྱུར་ལ། གཞན ་གྱི་དབང་དུ་གྱུར་ཏོ་ཞེས་བགྱིས་ན་ནི་ངན་དང་འགལ་བར་འ་གྱུར་ཏེ། ཆོས་འདི་ནི་ཤིན་ཏུ་བརྟག་དཀའ་བ་ལགས།། གཞན་གྱི་དབང་གྱུར་རྗེས་བགྱི་བའི་ཚིག་བླ་དྭགས་ནི། ་དེ་རང་དབང་དུ་གྱུར་ན། སྡིག་པ་བགྱིད་པ་དང་འགུམ་པར་འ་གྱུར་པས་ན། བཀའ་སྩལ་འདི་ནི་ལྷག་མ་ཡོད་པའི་ངོར་ལགས་ཏེ། དེ་བས་ན་གཞན་གྱི་དབང་དུ་གྱུར ་པ་ཐམས་ཅད་སྡུག་པ་ཡང་མ་ལགས་ལ། རང་དབང་ཅན་ཐམས་ཅད་བདེ་བ་ཡང་མ་ལགས།། ང་རྒྱལ་དབང་གྱུར་ཀུན་མི་ཟད།། ཅེས་བགྱི་བ་དེ་ཡང་ལྷག་མ་ཡོད་པའི་དོན་ལགས་ཀྱི ་ང་རྒྱལ་གྱི་དབང་དུ་གྱུར་པ་ཀུན་མི་བཟད་པ་ཡང་མ་ལགས་ཏེ། འདི་ན་ལ་ལ་ཞིག་ང་རྒྱལ་གྱི་དབང་གིས་རབ་ཏུ་བྱུང་ན་ཅི་ལགས་རབ་ཏུ་བྱུང་བ་དེ། ང་རྒྱལ་གྱི་དབང་དུ་གྱུར་པ་ཀྲ ་མི་བཟང་ཅས་བགྱི་ལགས་སམ། དེ་ནི་ང་རྒྱལ་མ་མཆིས་པ་དང་། བསོད་ནམས་དང་ལྡན་པ་དང་། ཚུལ་ཁྲིམས་དང་། ཆོ་ག་དང་ལྡན་པ་དང་དབང་པོ་བསྲུངས་པ་ལགས་ཏེ། དེ་བས་ན ་ང་རྒྱལ་གྱི་དབང་དུ་གྱུར་པ་ཀུན་མི་བཟདང་པ་ཡང་མ་ལག་སོ།། དགའ་བ་ཐམས་ཅད་བཟང་བ་ཡིན་ཞེས་བགྱི་བ་དེ་ཡང་ལྷག་མ་ཡོད་པའི་དོན་ལགས་ཀྱི། དགའ་བ་ཐམས་ཅད་ཀྱང ་བཟང་བ་མ་ལགས་ཏེ། བསྟན་པ་འདི་ལ་ཕམ་པ་བྱུང་བ་རྣམས་གོས་ཚོན་ཅན་གྱི་རྟགས་ཅན་རྣམས་དང་ལྷན་ཅིག་འཁོད་པ་བདག་ཉིད་ཀྱིས་རུང་བར་མཐོང་ཡང་། སེམས་ཅན་དམ ་བ་རྣམསུ་སྐྱེ་བར་འགྱུར་ཏེ་དེ་ལྟ་བུ་དག་ལ་བཟང་ཞེས་བགྱིས་ན་དོན་དང་འགལ་བར་འགྱུར་ལགསོ།། ཕམ་པ་བྱེད་བྱེད་པ་དེ་དག་གིས་དཀར་པོ་གྱོན་དུ་འཇུག་པ་དེ་དག་ནི་བཟང་པོའི ་མཆོག་དོན་རྒྱ་ཆེན་པོ་བགྱིད་པ་ལག་སོ།། ཕམ་པ་བགྱིད་པ་རྣམས་ནི་མི་བཟང་བ་ཞེས་བགྱི་སྟེ། དེ་དག་ཕུང་བར་བགྱིད་པ་དེ་དག་ནི་བཟང་བ་ཞེས་བགྱིའོ།། དེ་བས་ན་དག ་བ་ཐམས་ཅད་བཟང་བ་མ་ལགས་ན། ལྷའི་ཡང་ལྷ་སངས་རྒྱས་དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ་དེ་སྐད་ཅེ་ས་བཀའ་སྩལ་ལགས། དེ་ནས་བཅོམ་ལྡན ་འདས་ཀྱི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སངས་རྒྱས་ནི་རྒྱུ་མེད་པར་དོན་དང་འགལ་བ་མི་གསུང་གི་རྒྱུ་དང་བཅས་རྐྱེན་དང་བཅས་པར་གསུང ་སྟེ། རྒྱལ་པོའི་ཁབ་ན། ཁྱིམ་བདག་ཀཽ་ཏ་ཀིའི་བུ་མོ་རབ་བཟང་མ་པའི་ཁྱིམ་དུ་སོང་ནས་རབ་ཏུ་བྱུང་བའི་སེམས་སྐྱེས་ཏེ། དེ་བཞིན་གཤེགས་པའི་ཐད་དུ་སོང་ནས་བུད་མེད་དུ་གྱུར ་པ་ནི་གཞན་གྱི་དབང་དུ་གྱུར་པ་ཡིན་ལ། སྐྱེས་པར་འགྱུར་བ་ནི་རང་དབང་ཅན་ཡིན་ནོ་སྙམ་དུ་བསམ་ནས། དེ་བཞིན་གཤེགས་པ་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབསུ་སོང་སྟེ། ་ངོ་ཇོག་པ་ཐུག་སུ་ཆུང་ནས། བཅོམ་ལྡན་འདས་ཀྱིས་གཞན་གྱི་དབང་གྱུར་ཐམས་ཅད་སྡུག། ཅེས་ཚིགསུ་བཅང་བ་དེ་སྐད་གསུངས་སོ།། བྱང་ཆུབ་སེམས་དཔའ ་རྣམས་ཀྱི་ནང་ན་མིའི་ཁྱུ་མཆོག་འཇམ་དཔལ་ལེགསེ་ལེག་སོ།། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། དགོངས་པའི་ཚིག་འདི་ང་ལ་ཞུས་པ་ལེགས།། དེ་ནས་བཅོམ་ལྡན་འདས ་གྱིས། ཡང་འཇམ་དཔལ་གཞེནུར་གྱུར་པ་ལ་ཚིགསུ་བཅང་དེ་བཀའ་སྩལ་པ། ཐམས་ཅད་ཟས་ལ་རྟེན་པ་ཡིན། སེར་སྣ་མེད་པ་ཐམས་ཅད་གཡོ།། ཟས་ཀྱི་ཉེས་པས་ནང་དུ་འགྱུར། ་ཚངས་པར་སྤོང་བ་འགྲེགས་ན་བདེ་།། འཇམ་དཔལ་གྱི་ས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཙུན་དའི་སྦྱིན་པ་ཆེར་གསོལ་ནས་ཞལ་ཟས་ཀྱི་ཉེས་པས ་བརླངས་ལགས་སམ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ཅན་ཐམས་ཅད་ཀྱང་ཟས་ལ་རྟེན་པ་མ་ཡིན་ནོ།། སེར་སྣ་མེད ་པ་ཐམས་ཅད་ཀྱང་གཡོ་བ་མ་ཡིན་ནོ།། ཐམས་ཅད་ལ་ཡང་ཟས་ཀྱི་ཉེས་པས་ནང་དུ་འགྱུར་བ་མ་ཡིན་ནོ།། ཆེས་སྤྱོད་པ་རྣམས་དང་འགྲེགས།། ཅིག་ཀྱང་བདེ་བ་མ་ཡིན་ནོ།། འཇམ་དཔ ་གང་གི་མ། ཁྱེད་ནད་ཀྱིས་ཐེབས་པ་དེའི་ཆེང་ཡང་རང་ཀྱིས་ཐེབས།། དགྲ་བཅོམ་དང་ནི་རང་སངས་རྒྱས།། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས།། དེ་དག་རྟག་ཏུ་ཟས་མེད་དེ། ་དེ་ནི་སངས་རྒྱས་ཆོས་ཉིང་ངོ་།། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ནི་ཞལ་ཟས་ཀྱང་མི ་གསོལ་ལ།། སྦྱིན་པ་འབུམ་ཕྲག་མང་པོ་ཡང་བཞེས་པར་མཛད་དོ།། སྦྱིན་པ་བླང་བར་བྱ་བའི་གདམས་ངག་ཀྱང་སྟོན་པར་མཛད་དོ།། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། ་དུད་འགྲོ་དང་། ཡི་དྭགས་ཀྱི་རྒྱ་མཚོ་ལས་ངེས་པར་བསྒྲལ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྔགས་པར་ཡང་མཛད་ལ་གསོལ་བར་ཡང་མི་མཛད་དོ།། དེ་བཞིན་གཤེགས་པ་ལ ་དྲུག་བར་དུ་དཀའ་བ་སྤྱད་པས་ཉམ་ཆུང་བར་གྱུར་ཏོ།། ཞེས་སངས་རྒྱས་ལ་སེམས་ཅན་ཐམས་ཅད་དང་འདྲ་བར་བལྟ་བར་མི་བྱའོ།། འདོད་པའི་ཆུ་བོ་ལས་རྒལ་བ་དེ་དག་ནི་བརྟན་པོ ་ཡིན་ཏེ། དཔའ་བོ་དེ་དག་ནི་མིའི་ཡུལ་ལ་སྤྱོད་པ་མ་ཡིན་ནོ།། དེ་བཞིན་དུ་ངའི་ཉན་ཐོས་རྣམས་ཀྱི་སྟོབས་དང་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ་བོ།། སེམས་ཅན་ཐམས་ཅད་ཟས་ལ ་རྟེན་ཅེས་བྱ་བ་ཡང་ལྷག་མ་ཡེང་བའི་དོན་ཡོད་བར་ཤེས་པ་ར་བྱའོ།། སེར་སྣ་མེད་པ་ཐམས་ཅད་གཡོ་བ་ཡིན་ཞེས་བྱ་བ་འདི་ལྷག་མ་ཡོད་པའི་དོན་ཡིན་ཏེ། བདག་ལ་སེརསྣ ་བྱེད་པ་མི་གཡོ་བའི་བདེ་བར་འགྲོ་བ་དམ་པ་འགའ་ཡང་ཡོད་དོ།། ཐམས་ཅད་ཟས་ཀྱི་ཉེས་པས་ནང་དུ་འགྱུར་ཞེས་བྱ་བ་དེ་ཡང་ལྷག་མ་ཡོད་པའི་དོན་ཡིན་ཏེ། ཚེར་མས་ཟུག་པ ་ལ་སོགས་པའི་ནད་བློ་བུར་དག་ཀྱང་ཡོད་དོ།། ཆེས་སྤྱོད་པ་རྣམས་དང་འགྲོག་པ་ཐམས་ཅད་བདེ་བ་ཞེས་བྱ་དེ་ཡང་ལྷག་མ་ཡོད་པའི་དོན་ཡིན་ཏེ། འཇིག་རྟེན་པ་རྣམས་ལ་ཡང་ཆོས ་འཛིན་པ་རྣམས་དང་འཚམ་པའི་ཆོས་རྣམས་མང་པོ་དག་ཡོད་དེ་དག་ལ་ཡང་བྱ་བ་སྣ་ཚོགས་ཡོད་མོད་ཀྱི། སྨྱུང་བ་རྣམ་པ་སྣ་ཚོགས་ཅན་ལུས་སྙམ་སྤངས་པ་དེ་དག་དང་གལ ་ཏེ་ལ་ལ་ཞིག་འགྲེགས་པར་གྱུར་ན་ཅི་བདེ་བ་ལ་བསྟེན་པར་འགྱུར་རམ། དེ་ལྟར་ན་ནི་དེན་དང་འགལ་བར་འགྱུ་རེ།། དེ་བས་ན་སངས་རྒྱས་ནི་རྒྱུ་མེད་པར་དེན་དང ་འགལ་བསྟེན་པར་མི་མཛད་དེ།། གདུལ་བར་བྱ་བའི་དབང་གིས། རྒྱུ་དང་བཅས་རྐྱེན་དང་བཅས་པར་སྟེན་པར་ཤེས་པར་གྱིས་ཤིག། འཇིག་རྟེན་ལས་འདས་པའི་ཆེས་ནི་མཆོག་ཏུ ་བང་པ་ཡིན་ནོ།། ཚིག་སུ་བཅང་བ་འདི་ནི་གྲོང་ཁྱེར་གྱེན་ཏུ་རྒྱལ་ཞེས་བྱ་བའི་བྲམ་ཟེ་ལུག་དཔལ་ཞེས་བྱ་བ་ལས་བརྩམས་ནས་བསྟན་པ་ཡིན་ཏེ། བྲམ་ཟེ་ལུག་དཔལ་ཞག་བཞི་པའི ་སྨྱུང་བ་བྱེད་ཅིང་། ངའི་ཐང་དུ་འོངས་ནས་ངས་དེའི་ཞག་པའི་པ་འི་སྤང་བའི་ལྟ་བ་བསལ་བའི་ཕྱིར། སེམས་ཅན་ཐམས་ཅད་ཟས་ལ་རྟེན་ཅེས་བྱ་བའི་ཚིག་སུ་བཅད་པ་འདི་བསྟན ་ཏེ་ཏེ་དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའི་ཆེན་པོ་འོད་སྲུང་ཆེན་པོ་དང་རས་གཅིག་པས་འདི་སྐད་ཅེས་གསོལ་ཏེ།། བཅོམ་ལྡན་འདས་ཐམས ་མ་ལུས་པ་ཇི་ལྟ་བུ་ལེགས། ཐམས་ཅད་ཅེས་བགྱི་བ་ཡང་ཇི་ལྟ་བུ་ལགས། བཀའ་སྩལ་པ། མ་ལུས་པའི་དེན་ནི་དགེ་བའི་ཕྱོགས་ཐམས་ཅད་རྟག་པའོ།། བདེ་བའོ་ཞེས་པ་བ་ལྟ ་བུའོ།། དེ་ལྟར་ན་ཁ་ཅིག་ནི་ལྷག་མ་ཡོད་པའོ།། ཁ་ཅིག་ནི་ལྷག་མ་མེད་པ་ཡིན་པར་ཆེས་འདོད་པའི་རིགས་ཀྱི་བུས་རིག་པར་བྱའོ།། གསོལ་པ། ཀྱེ་མ་དེ་བཞིན་གཤེགས་པ་ནི ་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་པ་ལགས་ཏེ་བདག་ཤིན་ཏུ་རངས་ལག་སོ།། བཀའ་སྩལ་པ། རིགས་ཀྱི་བུ་ལེགསེ་ལེགས་དེ་ལྟར་ཆ་ཕྲ་བར་བརྟག ་དགོས་སོ།། གསོལ་པ། བཅོམ་ལྡན་འདས་ང་ནི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་བསོད་ནམས་ཇི་ལྟར་སྐྱེ་བ་བཀའ་སྩལ་དུ་གསོལ། བཀའ་སྩལ་པ། སངས་རྒྱས ་ཀྱི་ཡུལ་འདི་ནི་བསམ་གྱི་མི་ཁྱབ་པའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མདོ་སྡེ་འདི་མིང་ཡང་ཚིག་ཙམ་དུ་ཡང་ཉན་པར་རྣམས་ལ་བརྗོད་པར་མི་ནུས་སོ།། དེ ་ནས་བཅོམ་ལྡན་འདས་ལ་ལྷ་དང་། མི་དང་། ལྷ་མ་ཡིན་རྣམས་ཀྱིས་ཚིག་འཐུན་པར་ཚིགསུ་བཅད་དེ་གསོལ་པ། སངས་རྒྱས་བསམ་ཡས་ཆོས་གསུངས་པ། ཆོས་དང་དགེ་འདུན ་རྟག་ཏུ་ཁྱོད་ལ་རྟེན། དེ་ཕྱིར་དགེ་སློང་འོད་སྲུང་ཀུན་དགའོ།། མ་མཆིས་བར་དུ་མགོན་པོ་བཞུགས་པར་གསེལ། བེ་དེ་ཧ་ཡི་རྒྱ་ལ་པོ་མ་སྐྱེས་དགྲ། ཁྱོད་ཀྱི་འཛའ་མཆོག ་ཐུགས་འདྲ་ཆེ་བ་ཡང་། ང་དུང་མ་མཆིས་མཐར་ཐུག་ཁྱེད་མ་གཤེགས།། ཀུན་མཁྱེར་ཁྱེད་ཀྱིས་བདག་ཅག་ཐེ་ཆེམཆེད།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད ་ཅེས་བཀའ་སྩལ་ཏོ།། དེའི་སྲས་མཆོག་ཐུ་བོ་འོད་སྲུང་དང་།། བློ་ལྡན་ཀུན་དགའ་ཁྱེད་ཀྱི་ཐེ་ཙོམ་ཅོད།། ཁྱོད་ཀྱིས་ང་ཡི་ཞལ་ལྟོས་རྟག་པ་དང་། མི་རྟག་ཤེས་བྱོས་མྱ་ངན་མ་བྱེད་ཅིག། ་དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས། དེར་སེམས་ཅན ་གངག་ཀླུང་གཏམས་ཕྲག་བཀྲིགས་སྙེད་ཀྱི་བྱེ་མའི་གྲངསུ་སྙེད་ཀྱིས་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་ས་དང་པོའི་གནས་ཐོབ་པོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ ་དཔལ་གཞོན་ནུར་གྱུར་པ་དང་བྲམ་ཟེ་ཆེ་ཞིང་མཐོ་འོད་སྲུང་ཆེན་པོ་དང་རུས་གི་ཆག་པ་ལ་བཀའ་སྩལ་ཏེ། མགར་བའི་བུ་ཙུན་ད་བྱང་ཆུབ་ཏུ་དབང་བསྐུར་ནས། བྱང་། ་ཆུབ་སེམས་དཔའ་དེ་གསུམ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་བག་ཡོད་པར་གྱིས་ཤིག། བག་ཡོད་པར་གྱིས་ཤིག། དགེད་པའི་ནང་དྲག་པོས་བཏབ་སྟེ། གཞོནུ་དག་ང་རེ་ཤིག ་ཐབས་ཀྱི་ནང་པོ་བྲང་བུ་ཉལ་བར་འདོད་ཀྱིས་ཉལ་དུ་ཆུག་ཤིག། འཇམ་དཔལ་ཁྱོད་ཀྱིས་འཁོར་ཐམས་ཅད་ལ་ཆོས་སྟོན་ཅིག། སེངྒེའི་སྒྲ་སྒྲོགས་ཤིག། གནས་བརྟན་འོད་སྲུང་ཆེན་པོ་དང་། ་ཀུན་དགའ་བོ་གཉིས་མ་འོངས་ཀྱི་བར་དུ་ངས་ཁྱེད་ལ་བསྟན་པའ་དེ་གཏད་ཀྱིས། ནམ་འོངས་པ་ན་གཉིས་ལ་གཏོད་ཅིག་ཅེས། དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས ་གདུལ་བར་བྱ་བའི་དབང་གིས་ནང་པའི་ཚུལ་དུ་བཞུགས་པར་བསྟན་ཏེ་གཟིམ་ཁང་ལོགསུ་ཟུར་གྱིས་གཟིག་སོ།། ཡོད་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ། ་དམ་པའི་ཆོས་གསུང་རབ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་རྒྱུད་ཕྱི་མ་ལྟ་བུ། རྟོག་པར་དཀའ་བའི་ཆོས་ཀྱི་འབྱུང་གནས། གཅིག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་སྲོལ། ལེའུ ་ཁྲི་ལྔ་སྟོང་ཡོད་པ་ལས་ལྷ་དང་མི་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། རིག་སྔགས་འཆང་དང་། སྲིན་པོ་ལས་སོགས་པར་འདུས་པས་ཞུས་པ་ཞེས་བྱ་བའི་ལེའུ་འཕགས་པ་ཡོངསུ་མྱ ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། ཤུ་ལོ་ཁ་སུམ་སྟོང་བརྒྱད་བརྒྱ་མཆིས། རྒྱ་གར་གྱི་མཁན་པོ་འཛིན་ན་མཻ་ཏྲ་དང་། ཛྙཱ་ན་གར་བྷ་དང་། ཞུ་ཆེན ་གྱི་ལོ་ཆབ་བསྟེ་བ་ཙན་དྲས་བསྒྱུར་ཏེ་གཏན་ལ་ཕབ་པ།། ། རྒྱ་ཡཾ་སྐང་དུ།། དོའི་འཕང་བྱ་ན། པཱུར་བོའུ་ཨིན་ཀྱེང་སུ་པི་མདོའི་ཕྱིར། བེང་སྐད་དུ། ཐབས་མཁས ་