CLOSE WINDOW

L119: 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙཱབ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། ་ཨཱརྱ་བི་ཤེ་ཤ་ཙིན་ཏི་པྲཧྨ་བ་འིརི་པྲིང་ཚན་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚངས་པ་ཁྱང་པར་སེམས་ཀྱིས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ། དམ་པོ་དང་པོ ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པའི་འོད་མའི་ཚལ ་ན་དགེ་སློང་སྟོང་ཕྲག་དྲུག་ཅུ་རྩ་བཞིའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་མངོན་པར ་ཤེས་པས་མངོན་པར་ཤེས་པ། གཟུངས་ཐོབ་པ།། སྤོབས་པ་ཐོགས་པ་མེད་པ། ཏི་འཛིན་ཐོག་པ། མངོན་པར་ཤེས་པས་རྣམ་པར་རོལ་ཅིང་སྤོབས་པ་མི་འཇིགས་པ་དང་ལྡན་པ། ཆོས་ཐད ་ཀྱི་ངོ་བོ་ཉིད་སྟོན་པ་ལ་མཁས་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ལ་འདི་ལྟ་སྟེ། གཞོ་ནུར་གྱུར་པ་འཇམ་དཔལ་དང་། གན་ནུར་གྱུར་པ་ལག་ན་རིན་པོ་དང་། གནོན་ནུར་གྱུར་པ་ལག་ན་ཕྱག་རྒྱ་རིན ་བོ་ཆེ་དང་། གཞོན་ནུར་གྱུར་པ་རིན་པོ་ཆེ་དཔལ་དང་། གཞོན་ནུར་གྱུར་པ་མཁའ་མཛོད་དང་། གཞོན་ནུར་གྱུར་པ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གཞོ་ནུར་གྱུར་པ་དྲ་བ་ཙམ་གྱི་འོད་དང་། ་གནོ་ནུར་གྱུར་པ་རྣམ་པར་བསྒྱིངས་པ་དང་། གཞོན་ནུར་གྱུར་པ་དཔལ་གྱི་སྙིང་པོ་དང་། གཞོན་ནུར་གྱུར་པ་བདོག་པ་ཐམས་ཅད་ཡོངསུ་གཏོང་བ་དང་། གཞོན་ནུར་གྱུར་པ་པདྨ་བཀོད་པ་དང་། གཞོན་ནུར ་གྱུར་པ་སེང་གེ་དང་། གནོན་ནུར་གྱུར་པ་ཟླ་འོད་དང་། གཞོན་ནུར་གྱུར་པ་ཟླ་བའི་གཟེར་གྱི་འོད་དང་། གནོན་ནུར་གྱུར་པ་བློ་གྲོས་མཆོག་དང་། གནོན་ནུར་གྱུར་པ་རྒྱན་ཐམས་ཅད་བཀོད་པ་དང་། ་བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་ལ་འདིས་སྟེ། བཟང་སྐྱོང་དག། དཀོན་མཆོག་འབྱུང་གནས་དང་། དེད་དཔོ་མཆོག་དང་། མས་བྱིན་དང་། ཟུགསས། ་དང་། ཆུས་བྱིན་དང་། དབང་བྱིན་དང་། དབང་པོས་བྱིན་དང་། བླ་མའི་བློ་གྲོས་དང་། ཁྱད་པར་བློ་གྲོས་དང་། བློ་གྲོས་འཕེལ་དང་། མཐོང་བ་དོན་ཡོད་དང་། ཤིན་ཏུ་ཡང་དག་ཞུགས་དང་། རབ་ཀྱི་སྦྲུལ་གྱིས་རྣ ་པར་གནོན་པ་དང་། བློ་གྲོས་མཐའ་ཡས་དང་། བརྩོན་པ་མི་གཏོང་བ་དང་། ཉི་མའི་སྙིང་པོ་དང་། ས་འཛིན་དང་། དེ་ལྟ་བུ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། རྒྱལ་པོ། ་ཆེན་པོ་བཞི་དང་། བརྒྱ་བྱིན་ལྷའི་དབང་པོ་ལ་སོགས་པ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ་ཚངས་པ་ལ་སོགས་པ་ཚངས་པའི་རིས་ཀྱི་ལྷ་བརྒྱད་སྟོང་དང་། དེ་མ་ཡིན་པ་གཞན་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཙཾ་དང་། ལྟོ་འཕྱེ་ཆེན་པོ་དང་། མཾ་དང་མི་མ་ཡིན་པ་རྣམས་དང་ཡང་ཐབས་གཅིག་སྟེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན ་དུ་བདར་ནས་ཆོས་སྟོན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་བླ་གོས་ཕྲག་པ་གཅིག་ཏུ་བཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན ་འདས་ག་ལ་བ་དེ་ལོག་སུ་ཐས་སུལ་བཏུང་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རབ་ཏུ་གཡོ་བར་བྱས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་གྱི་སེན། ་ཐམས་ཅད་ལ་བལྟས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བདག་བཅོམ་ལྡན། ་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དྲ་བ་ཅན་གྱི་འོད་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་། དྲིས་པ་དེ་དང་དེ་ཉིད་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས ་རངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་སྐུ་ནི་བལྟ་བས ་ཆོག་མི་ཤེས་པ་ཁ་དོག་ཉི་མ་བྱེ་བ་ཁྲག་ཁྲིག་བརྒྱ། སྟོང་པས་ལྷག་པ་ལགས་ཏེ། བཅོམ་ལྡན་འདས་བདག་ནིག། ང་དེ་བཞིན་གཤེགས་པའི་སྐུ་བལྟ་བ་འམ། བརྟོག་པར་ནུས་པ ་འདི་ནི་ངོ་མཚར་ཏོ་སྙམ་བགྱིད་དོ།། བཅོམ་ལྡན་འདས་ཡང་བདག་ནི་དེ་བཞིན་གཤེགས་པའི་སྐུ་ལྟ་བ་འམ། རྟོག་པ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་མཐུའོ་སྙམ་བགྱིད་དོ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། དྲ་བ་ཅན་གྱི་འོད་ཇི་སྐད་ཟེར་བ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་སྐབས་ཕྱེ་བར། དེ་བཞིན་གཤེགས་པའི་སྐུ་བལྟ་བ་འམ་བརྟག་པར་མི་ནུསོ།། དེ་ཅིའི་ཕྱིར་ཞེ་ན། དྲག ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་རབ་ཏུ་ཞི་བའི་རྣམ་པར་བཀོད་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ། འོད་ཟེར་དེས་རེག་པའི་སེམས་ཅན་རྣམས། དེ་བཞིན་གཤེགས་པའི་སྐུ་ལ་ལྟ་ཞིང་རྟོག་ལ་དེདག། ་གི་མིག་གི་དབང་པོ་ཡང་ཉམས་པར་མི་འགྱུ་རོ།། དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་མི་འཇིགས་པ་སྤོབས་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ། འོད་ཟེར་དེས་རེག་པའི་སེཾན། ་རྣམས་དེ་བཞིན་གཤེགས་པ་ལ་ཀུན་འདྲི་ཞིང་ཕྱིར་འདྲི་བར་ཡང་ཡོད་དོ།། དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསགས་པ་ཞེས་བྱ་བའི་འོད་ཟེར་ཡོད། འོད་ཟེར་དེས་རེག་པའི་སེམ ་ཅན་རྣམས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲིད་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཀུན་འདྲེའོ།། དེ་བཞིན་དུ་སྦྱར་ཏེ་འོད་ཟེར་དགེ་བའི་རྣམ་པ་བཀོད་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི ་སེམས་ཅན་རྣམས་བརྒྱ་བྱིན་ཐོབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་ཀུན་འདྲིའོ།། འོད་ཟེར་བདག་པོ་ཐོབ་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་ཚངས་པའི་འཇིག་རྟེན ་དུ་སྐྱེ་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་ཀུན་འདྲིའོ་།། འོད་ཟེར་ཉོན་མོངས་པ་མེད་པར་གྱུར་པ་ཞེས་བྱ་བའི་འོད་ཟེརང་ར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ། ་ཉན་ཐོས་ཀྱི་ཐེག་པ་ཀུན་འདྲིའོ།། འོད་ཟེར་རྩེ་གཅིག་པ་དང་ན་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས་ཅན་རྣམ་ས་དེ་བཞིན་གཤེགས་པ་ལ་རང་སངས་རྒྱས་ཀྱི་ཐེག་པ་ཀུན ་འདྲའོ་ཁ་འོད་ཟེར་ཐམས་ཅད་མཁྱེན་པའི་ཡེ་ཤེསུ་དབང་བསྐུར་བ་ཐོབ་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཐེག ་བ་ཀུན་འདྲིའོ།། འོད་ཟེར་ཁྱད་པར་འགྲོ་བ་ཞེས་བྱའི་འོད་ཟེར་དེས་དེ་བཞིན་གཤེགས་པ་བྱོན་པ་འམ་བནུད་པའི་ཞབས་ཀྱི་མཐིལ་གྱིས་སེམས་ཅན་གང་ལ་རེག་པ་དེ་དག་ཤི་འཕོས་མ་ཐག་ཏུ་བདེ ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེའོ།། བརྒྱན་ཐམས་ཅད་བཀོད་པ་ཞེས་བྱ་བའི་འོད་ཟེར་དེ། དེ་བཞིན་གཤེགས་པ་གྲོང་དུ་གཤེགས་པ་གྲོང་དུ་གཤེགས་པ་ན་འབྱིན་ཏེ། དེར་དེ་བཞིན་གཤེགས་པར ་འོད་དེས་སེམས་ཅན་སུ་དག་ལ་རེག་པ་དེ་དག་ཐམས་ཅད་བདེ་བའི་མཆོག་དང་ལྡན་པར་འགྱུརརོ།། རྒྱན་ཐམས་ཅད་བཀོད་པ་ཡང་གྲོང་ཁྱེར་དེར་འབྱུང་བར་འགྱུ་རོ།། རྣམ་པར་འཐོར་བ་ཞེས་བྱ་བའི་འོད ་ནེར་དེས་ནི་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རབ་ཏུ་གཡོ་བར་བྱེད་དོ།། བདེ་བ་བསྟོན་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི ་སེམས་ཅན་མྱལ་བའི་སྡུག་བསྔལ་མེད་པར་བྱེད་།། འོད་ཟེར་དབྱམས་པ་ལས་གལགས་པ་ནས་བྱ་བ་དེས་མི་བྱོལ་སོང་ཞི་བློ་དགན་སུ་སོང་བའི་སེམས་ཅན་རྣམས་གཅིག་ལ་གཅིག་ནས། ་མེད་པར་བྱེད།། འོད་ཟེར་རབ་ཏུ་སིམ་པར་བྱེད་པ་ཞེས་བྱ་བ་དེས་ནི། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་མེད་པར་བྱེད།། དྲི་མ་མེད་པ་ཞེ ་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་མདོངས་པའི་རྣམས་མིག་ཐོབ་པར་འགྱུར་རོ།། རྣ་བའི་རྗེསུ་སུ་འཐུན་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་འོན་པ་རྣམས་རྣ་བ་ཐོབ་པར་འགྱུར་རོ།། རྣམ་པར ་སྤོང་བ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་མི་དགེ་བཅུའི་ལས་ཀྱི་ལམ་ལ་གསས་པ་རྣམས་དགེ་བཅུའི་ལས་ཀྱི་ལམ་ཐོབ་པར་འགྱུར་རོ།། ངོ་ཚ་ཤེས་པ་ཞེས་བྱ་བའི་འོད་ཟེར་དེས་ནི ་སེམས་ཅན་མྱོས་པའི་རྣམས་དྲན་པ་ཐོབ་པར་འགྱུར་རོ།། མེད་པར་འགྱུར་བ་ཞེས་བྱ་བའི་འོད་ཟེར་དེས་ནི།། སེམས་ཅན་ལོག་པར་བལྟ་བ་ཅན་རྣམས་ཡང་དག་པར་ལྟ་བ་ཐོབ་པར་འགྱུར་རོ།། ་རབ་ཏུ་གཏོང་བ་ཞེས་བྱ་བའི་འོད་ཟེར་ངེས་ནི་སེམས་ཅན་སེར་སྣ་ཙམ་རྣམས་གཏོང་བ་ཐོབ་པར་འགྱུར་རོ།། ཡོངསུ་གདུང་བ་མེད་པ་ཞེས་བྱ་བའི་འོད་ཟེར་དེས་ནི ་སེམས་ཅན་ངན་པའི་ངང་ཚུལ་ཅན་རྣམས་ཚུལ་ཁྲིམས་ཐོབ་པར་འགྱུར་རོ།། ཕན་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་གནོད་པར་སེམས་པ་རྣམས་བཟོད་པ་ངེས་པ་ཐོབ ་བར་འགྱུར་རོ།། འབར་བ་ཅན་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་ལེ་ལོ་ཅན་རྣམས་བརྩོན་འགྲུས་ཐོབ་པར་འགྱུར་རོ།། རྩེ་གཅིག་པ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན ་དྲན་པ་ཉམས་པ་རྣམས་བསམ་གཏན་ཐོབ་པར་འགྱུར་རོ།། ཡེ་ཤེས་བྱ་བའི་འོད་ཟེར་ངེས་ནི། སེམས་ཅན་འཆལ་པའི་ཤེས་ར་བ་ཙན་རྣམས་ཤེས་རབ་ཐོབ་པར་འགྱུརརོ།། རྙོག་པ་མེད་པ་ཞེས་བྱས ་འོད་ཟེར་དེས་ནི། སེམས་ཅན་མ་དད་པ་རྣམས་དད་པ་ཐོབ་པར་འགྱུར་རོ།། ཀུན་འཛིན་པ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་ཐོས་པ་ཉུང་བ་རྣམས་ཐོས་པ་ཐོབ་པར་འགྱུར་རོ།། སྤྱོད་པ་དང་ལྡན་པ་ཞེས ་བྱ་བ་འོད་ཟེར་དེས་ནི། སེམས་ཅན་ངོ་ཚ་བ་དང་འཛེམ་པ་མེད་པའི་རྣམས་ངོ་ཚ་ཤེས་དང་ཁྲེལ་ཡོད་པ་ཐོབ་པར་འགྱུར་རོ།། སྐྱོ་བ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་འདོད་ཆགས་སྤྱོད་པ་རྣམས ་ཀྱི་འདོད་ཆགས་འཇོམས་པར་འགྱུར་རོ།། དགའ་བ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ཞེ་སྡང་སྤྱོད་པ་རྣམས་ཀྱི་ཞེ་སྡང་འཇོམས་པར་འགྱུར་རོ།། སྣང་བ་ཅན་ཞེས་བྱ་བའི་འོད་ཟེར་དེས་ནི། ་སེམས་ཅན་གཏི་མུག་སྤྱོད་པ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པར་འགྱུར་རོ།། ཀུན་ཏུ་འགྲོ་བ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་ཆ་མཉམ་པར་སྤྱོད་པ་རྣམས་ཆ་མཉམ ་པར་སྤྱོད་པ་སྤོང་བར་འགྱུར་རོ།། དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་གཟུགས་ཐམས་ཅད་སྟོན་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ། འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས ་པའི་སྐུ་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་ཁ་དོག་བརྒྱ་སྟོང་དུམ་པས་ལྷག་པར་མཐོང་བར་འགྱུར་རོ།། དྲ་བ་ཅན་གྱི་འོད་ངས་དེ་བཞིན་གཤེགས་པའི་འོད་ཟེར་ལས་བརྩམས་ཏེ། བསྐལ་པ ་ལས་ལྷག་པར་བཤད་ཀྱང་དེ་བཞིན་གཤེགས་པའི་འོད་ཟེར་གྱི་རྣམ་པ་དང་། ལྡན་པའི་ཆོས་བསྟན་པ་ཡོངས་སུ་ཟད་པར་མི་འགྱུར་ཏེ། དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འོད་ཟེར་གྱི་ཡོན་ཏན་མཐའ་ཡས་མུ་མེད་པ་དང་ལྡན་པ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་བ་དང་བཅོམ་ལྡན་འདས་ལ་བྱང་ཆུབ ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོ་ལ་ཏོ།། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེག་ས་པའི་སྐུའི་བཀོད་པ་ཚད་མ་མཆིས་པར་བསྟན་པ་འདི་དང་། ་ཐབས་མཁས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཆོས་བསྟན་པ་ངོ་མཚར་ཏོ།། བཅོམ་ལྡན་འདས་འོད་ཟེར་འདི་དག་ནི་བདག་ཅག་གིས་སྔོན་མཐོས་ཏེ། ཇི་ལྟར ་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་བདག་འཚལ་བ་ལྟར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལ་ལ་འོད་ཟེར་འདི་དག་གི་མིང་ཐོས་ནས་དད་པ་རྙེད་པར ་འགྱུར་བ་དེ་དག་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ཟེར་འདི་ལྟ་བུས་རབ་ཏུ་སྣང་བར་བགྱིད་པའི་སྐུ་དང་ལྡན་པར་འགྱུར་རོ།། ཡང་བཅོམ་ལྡན་འདས་དེ་བཞིན ་གཤེགས་པས་འོད་ཟེར་གང་གི་སངས་རྒྱས་ཀྱི་ཞིང་གནན་གྱིས་བྱང་ཆུབ་སེམས་དཔའ་རྣམས་བསྐུལ་མ་ཐག་ཏུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་འཆི་བར ་འགྱུར་བ་དང་། བྱང་ཆུབ་སེམས་དཔར་སུ་དག་འདྲི་བ་དང་། ལུང་བསྟན་པ་དང་། བཤད་པ་ལ་མཐར་ཕྱིན་པ་རྣམས་མཆིས་ནས་དེ་བཞིན་གཤེགས་པ་ལ་ཀུན་ནུ་ནིང་བསྙེན་བཀུར་བགྱིད་པ་དང་། ་སླར་ཞུ་བར་འགྱུར་བའི་འོད་ཟེར་བྱང་ཆུབ་སེམས་དཔའ་བསྐུལ་བ་ཞེས་བགྱི་བ་བཏང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འོད་གང་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ ་སྣང་བར་འགྱུར་བའི་འོད་ཟེར་དེ་ལྟ་བུ་སྐུ་ལས་ཕྱུང་སྟེ། བྱང་ཆུབ་སེམས་དཔའ་རྣམས་འོད་དེས་བསྐུལ་མ་ཐག་ཏུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་ཕྱིན་པར་གྱུར་ཏོ།། དེ་ནས་སངས ་རྒྱས་ཀྱི་ཁྲི་མེས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་། བརྒྱ་སྟོང་ཕྲག་གང་གའི་ཀླུང་བདུན་བཅུ་རྩ་གཉིས་ཀྱི་བྱེ། མ་སྙེད་འདས་པ་ན། ཡོངས་སུ་དག་པ་ཞེས་བྱ་བའི་འཇིག་རྟེན ་གྱི་ཁམས་ཡོད་དེ། དེ་ནས་ཟླ་བའི་འོད་ཅེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་པ་འཚོ་ཞིང་བནས་ཏེ། བྱང་ཆུབ་སེམས ་དཔའ་འབའ་ཤིག་ལ་ཆོས་ཀྱང་འཆང་སངས་རྒྱས་ཀྱི་ཞིང་དེ་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཚངས་པ་ཁྱད་པར་སེམས་ཤེས་བྱ་དེ་འོད་དེས་བསྐུལ་མ་ཐག་ཏུ་བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བའི་འོད་ག་ལ་བ་དེར་སོང་སྟེ། ཕྱིན་པ་དང་། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་དུ་སྣང་བ་ཆེན་པོ་འདི་ཟུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་སངས ་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ན། སངས་རྒྱས་ཀྱི་ནིང་བརྒྱ་སྟོང་ཕྲག་གང་གའི་ཀླུང་བདུན་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན། མི་མཇེད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས ་ཡོད་དེ། དེ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟ་ན་བཞུགས་ཏེ། འཚོ་ཞིང་གནས་ལ་ཆོས་ཀྱང་སྟོན་ཏོ།། དེ ་བཞིན་གཤེགས་པ་དེས་འདི་ལྟ་སྟེ་ཕྱོགས་བཅུའི་བྱ་། ང་ཆུབ་སེམས་དཔའ་བསྡུ་བའི་ཕྱིར་སྐུ་ལས་འོད་འདི་བཏ་ང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར ་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་བདག་གཟིགས་པར་བཞེད་ན། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ ་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བགྱི་བ་དང་། ཀུན་ཞུ་བ་དང་། སླར་ཞུ་བའི་སླད་དུ་བདག་མཆིའོ།། བཅོམ་ལྡན་འདས་དེས་བཀའ་སྩལ་པ། ཚངས་པ་ད་ལྟར་མི་མཇེད ་ཀྱི་འཇིག་རྟེན་གྱི་ཁམས་དེར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་ཡང་ཕྱིན་གྱིས། དེའི་དུས་ལ་དབབ་པར་ཤེས་ན་ཁྱོད་སོང་ཤེག། ཚངས་པ་སངས་རྒྱས་ཀྱི་ཞིང་དེར་ལྷག་པའི་བསམ ་པ་བཅུ་རྣམས་ཀྱིས་གནས་པར་བྱའོ།། བཅུ་གང་ཞེ་ན་སྙན་པར་སྨྲ་བ་དང་། ངན་དུ་སྨྲ་བ་རྣམས་ལ་ཁོང་ཁྲོ་བ་མེད་པའི་སེམས་དང་། སྙན་པ་ཐོས་པ་དང་། མི་སྙན་པ་ཐོས་པ་ལ་བྱམས་པའི་སེམས ་དང་། དུས་ཐམས་ཅད་དུ་སེམས་ཅན་རྣམས་ལ་སྙིང་རྗེ་བའི་སེམས་དང་། སེམས་ཅན་རབ་འབྲིང་ཐ་མ་རྣམས་ལ་ཡང་སྦྱོར་བ་དང་། རི་མོ་བྱེད་པ་དང་། བསྡུས་པར ་བྱེད་པ་རྣམས་ལ་སེམས་མཉམ་པ་དང་། གཞན་གྱིས་ལྟུང་བའི་འཕྲུལ་པ་ཐམས་ཅད་ལ་ཉེས་པར་མི་ལྟ་བ་དང་། ཐེག་པ་སྣ་ཚོགས་ལ་རོ་གཅིག་པ་དང་། ངན་སོང་གི་སྡུག་བསྔལ་ཐམས་ཅད ་ཀྱི་སྒྲས་མི་སྐྲག་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་བསྙིགས་མ་ལྔ་ཅན་ན་དེ་བཞིན་གཤེགས་པ་མཐོང་བ་ལ་ངོ་མཚར་དུ་ཤེས་པ་སྟེ། ་ཚངས་པ་ལྷག་པའི་བསམ་པ་བཅུ་པོ་དེ་དག་གིས་སངས་རྒྱས་ཀྱི་ཞིང་དྲེར་གནས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་ཀྱི་སྤྱན་སྔར་བདག་སེང་གེའི་སྒྲ་མི་སྒྲོག་སྟེ། འོན་ཀྱང་བདག་གི་སྤྱོད་པ་གང་ལགས་པའི་སྤྱོད་པ་འདི་ལ་བཅོམ་ལྡན་འདས་ཉིད་མངོན་སུམ་དུ་གྱུར་པས། ་བཅོམ་ལྡན་འདས་བདག་གི་ལྷག་པའི་བསམ་པ་དེ་དག་ཀྱང་རྣམ་པར་སྤྱང་ཞིང་མཉམ་པར་གཞག་པའི་བྱེ་བྲག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེར་གནས་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་ཟླ་འོད་ཀྱི་སངས་རྒྱས་ཀྱི་ཞིང་དེའི་བྱང་ཆུབ་སེམས་དཔའ་གཞན་དག་གིས་ཀྱང་། བཅོམ་ལྡན་འདས་དེ་ལྟར་སེམས་ཅན་མ་རུངས་པའི་རྣམས་ཚོགས་པའི་སངས་རྒྱས་ཀྱི ་ཞིང་དེར་བདག་ཅག་མ་སྐྱེས་པ་ནི་རྙེད་པ་ལེགས་པར་རྙེད་དོ།། བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཁྱེད་རྣམས་དེ་སྐད་མ་མཛོད་ཅིག། དེ་ཅིའི་ཕྱིར་ཞེ་ན། ་རིགས་ཀྱི་བུ་དག་སངས་རྒྱས་ཀྱི་ཞིང་འདི་ན་གང་བསྐལ་པ་བརྒྱ་སྟོང་དུ་ཚངས་པར་སྤྱོད་པ་ལ་གནས་པ་བས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན། གང་སྔ་དྲོའི་དུས་གཅིག་སེམས་མེ ་སྡང་མེད་པར་གནས་ན་དེཔས་ནིན་ནས་ཏུ་མཆོག་ན།། དཅི་ཕྱིར་ཞེ་ན། འཇིག་རྣོན་གྱི་ཁམས་དེནི་དེ་ཙམ་དུ་ཀུན་ནས་ཉོ་མོངས་པར་གྱུར་པ་སྟེ། སེམས་ཅ་ཅིད་དགཔའ་དཙམ་དུ ་གཙེ་བ་མང་ཞིང་ཀུན་ནས་ཉོན་མོངས་པ་མང་བ་ཡིན་ནོ།། དེ་ནས་སངས་རྒྱས་ཀྱི་ཞིང་དེ་ནས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་ཚངས་པ་ཁྱད་པར་སེམས་དང་ལྷན་ཅིག་ཏུ་ཆས ་ཚངས་པ་བདག་ཅག་ཀྱང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་མཆིའོ།། བསམ་པ་འདི་དག་ཀྱང་རྣམ་པརསྦྱང་ངོ་།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ ་ཡང་བལྟའོ།། ཕྱག་བགྱིའོ།། བསྙེན་བཀུར་བགྱིའོ།། མཉམ་པར་བཞག་པའི་བྱེ་བྲག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེར་གནས་པར་བགྱིའོ།། དེ་ནས་ཚངས ་བ་ཁྱངད་པར་སེམས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་འོད་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས ་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་སྦྱང་བ་འམ། སྨྱུང་བ་ལས་བསྐུམ་པའི་སྐད་ཅིག་ཡུད་ཙམ་ཅིག་དེ་ཙམ་གྱིས་སངས་རྒྱས་ཀྱི་ཞིང་དེར་མི་སྣང་བར་གྱུར་ནས། བཅོམ ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་འདིར་ཕྱིན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དྲ་བ ་ཅན་གྱི་འོད་ལ་བཀའ་སྩལ་པ། དྲ་བ་ཅན་གྱི་དང་ཁྱོད་ཀྱིས་ཚངས་བསྲུང་པར་སེམས་འདས་པ་མཐོང་ངས། གསོལ་པ། བཅོམ་ལྡན་འདས་མཛང་།། བཅོམ། ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲ་བ་ཅན་གྱི་འངཚངས་པ་ཁྱད་པར་སེམས་འདི་ནི་བྱང་ཆུབ་སེམས་དཔའ་ཚུལ་བཞིན་འདྲི་བ་ཀུན་འདྲི་བ་ལ་མཁས་པ་རྣམས་ཀྱི་ནང་ན་མཆོག་གོ།། ཚིག ་གཟུང་བ་རྣམས་ཀྱི་ནང་ན་མཆོག་གོ།། ཚིག་བཙུན་པ་རྣམས་ཀྱི་ནང་ན་མཆོག་གོ།། ཚིགས་འཇམ་པ་རྣམས་ཀྱི་ནང་ན་མཆོག་གོ།། གསོང་པོར་སྨྲ་བ་རྣམས་ཀྱི་ནང་ན་མཆོག་གོ།། ཚིག་མཆོད་པ ་རྣམས་ཀྱི་ནང་ན་མཆོག་གོ།། ཚིག་ཐོགས་པ་མེད་པ་རྣམས་ཀྱི་ནང་ན་མཆོག་གོ།། ལྡེམ་པོ་ངག་དུ་སྦ་བ་རྣམས་ཀྱི་ནང་ན་མཆོག་གོ།། སེམས་ཁོང་ཁྲོ་བ་མེད་པའི་ནང་ན་མཆོག། བྱམས་པ་ལ་གནས ་པ་རྣམས་ཀྱི་ནང་ན་མཆོག་གོ།། སྙིང་རྗེ་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ།། དགའ་བ་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ།། བཏང་སྙོམས་ལ་གནས་པ་རྣམས་ཀྱི་ནང་ནམ ་གོ་བྱང་ཆུབ་སེམས་དཔའ་ཐེ་ཙོམ་ཐམས་ཅད་གཅོད་པ་དང་། ཀུན་འདྲི་བ་ལ་མཁས་པ་རྣམས་ཀྱི་ནང་ན་མཆོགོ།། དེ་ནས་ཚངེས་པ་ཁྱད་པར་སེམས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་པོ། ་དེ་དག་དང་། ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོངས་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ ་བདེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིག་སུ་བཅད་པ་དག་གིས། རྣམ་པ་མང་པོར་མངོན་པར་བསྟོད་དོ།། རྣམ་པར་སྒྲ་བསྒྲགས་སྲིད་པ་གསུམ་དུ་གྲག། བསྔགས་པའི ་འཕྲེང་བ་འཇིག་རྟེན་ཀུན་ཏུ་རྒྱུ།། བདག་གིས་སེམས་ཅན་མཆོག་རྣམས་ཞིང་ན་མཐོང་།། དེ་དག་ཀུན་ཀྱང་ཁྱོད་ཀྱི་ཡོན་ཏན་གསུང་།། འདིན་ཡོང་སུ་དག་པའི་ཞིང་མཆིས་ཏེ། དྲི་མ་མ་མཆིས་ངན། ་སོང་གསུམ་སྤངས་པ།། དེ་འདྲའི་ཞིང་རྣམས་དེ་དག་རྣམ་སྤངས་ནས།། ཁྱོད་ཀྱི་ཐུགས་རྗེས་ངན་པ་ཡོངསུ་བཟུང་།། འཇིག་རྟེན་མགོན་ཁྱོད་ཡེ་ཤེས་དམན་མ་མཆིས།། མ་ལུས་བདེ་བར་གཤེགས་དང ་ཁྱོད་དུ་མཚུངས།། ཤིན་ཏུ་རྣམ་དག་བསམ་པ་སྔོན་མཛད་པ།། འདི་འདྲི་བ་ཡི་ཞིང་འདི་ཁྱོད་ཀྱིས་བཟུང་།། ཚུལ་ཁྲིམས་ཐམས་ཅད་རྣམ་དག་འདོད་སྤངས་ནས།། གང་ཞིག་བསྐལ་པར་གཞན་ན་སྤྱོད ་འབྲས།། སུ་དག་བྱམས་པའི་སེམས་ཀྱིས་ཤིན་ཏུ་འདིར།། སྐད་ཅིག་སྤྱོད་ནའང་འདི་མི་ཁྱད་པར་འཕགས།། ལུས་དང་། ངག་དང་འོན་ཏེ་ཡིད་ཀྱིས་ཀྱང་།། གང་ལ་ཉེས་བགྱིས་རྣམཐ། ་གསུམ་མཆིས་ཏེ།། ངན་སོང་གསུམ་དུ་མྱོང་བར་གང་འགྱུ་ར་བ།། དེ་ནི་ཚེ་འདི་ཉིད་ལ་འབྱུང་བར་འགྱུར།། བྱང་ཆུབ་སེམ་ས་དཔའ་འདི་ན་གང་མཆིས་པ།། དེ་དག་རྟག་ཏུ་གདུང་བར་མི ་བགྱི་སྟེ།། དེ་ཡི་ལས་གང་ལོག་ལྟུང་མཆི་བ་ཡང་།། དེ་དག་འདིར་ནི་ཀླད་པ་ན་པས་འབྱུང་།། འདི་ནི་བྱང་ཆུབ་སེམས་དཔའ་སྐྱོན་མེད་གང་།། དམ་པའི་ཆོས་སྲུངས་ཆོས་མཆོག་འཛིན་པ་རྣམས།། དེ ་དག་འདི་ལས་ཕྱིན་ཆད་ནམ་དུ་ཡང་།། དྲན་པ་མི་འཁྲུག་བློ་ཡང་མཉམས་མི་འགྱུར།། གང་ཞིག་བདུད་ཀྱི་བཅིངས་པ་བཅང་བ་དང་། དེ་བཞིན་ཉོན་མོངས་ལས་བཅས་སྤྱོང་འཚལ་བ།། དེ་ནི་ཞིང་འདིར ་དམ་པའི་ཆོས་ཉིད་སྲུང་།། འདི་ལ་ཡེ་ཤེས་ལྡན་པའི་མཆོག་ཏུ་འགྱུར།། གང་ཞིག་བསྐལ་པ་བྱེ་བར་ཞིང་གཞན་དུ།། སེམས་ལྡན་དམ་ཆོས་འཛིན་པར་གྱུར་པ་བས།། སུ་དག་སྔ་དྲོ་གཅིག ་། ཙམ་མི་མཇེད་དུ།། འདི་ནི་དེ་བས་མཆོག་ཏུ་མཁས་པས་དགོངས།། བདག་གིས་མངོན་པར་དགའ་བའི་འཇིག་རྟེན་དང་།། དེ་བཞིན་ཚེ་དཔག་མེད་ཀྱི་བདེ་ཅན་མཆོག། དེ་ན་སྡུག། ་བསྔལ་སྡུག་བསྔལ་སྒྲ་མ་མཆིས།། དེར་ནི་ཡོན་ཏན་བགྱི་བ་རྨད་མི་ཆེ།། ཉོན་མོངས་འབྱུང་གནས་འཇིག་རྟེན་ཉེས་གང་འདིར།། ཞེ་སྡང་ཅན་གྱི་བར་དུ་ཉེས་བཟོད་ལ།། ཆོས་འདི་ལ་ཡང་གཞན་དག་མཛུད ་པར་ནི་། འདི་ནི་དེ་བས་དཀའ་བའི་མཆོག་ཏུ་འགྱུར།། སྙིང་རྗེས་བརླན་སེམས་སྡུག་བསྔལ་མང་ལས་འགྲོལ།། བླ་མེད་བླ་མ་ཁྱོད་ལ་བདག་ཕྱག་འཚལ།། གཏུམ་སེམས་ཅན་ལ་ཆོས་གང་འཆད་པ་ནི།། ་བདག་པོ་འཇིག་རྟེན་ན་ཡང་དེ་སྤྱད་དཀའ།། ཤིན་ཏུ་རྒྱ་ཆེ་བ་ཡི་འཁོར་འདི་དང་།། ཕྱོགསུ་རྣམ་པར་གྲགས་པའི་སངས་རྒྱས་སྲས།། ཆོས་ཀྱིས་མ་ངོམས་རྒྱ་མཚོ་འདྲ་བ་ཚོགས།། དེ་དག་ལ་ནི་རྒྱལ ་བའི་བྱང་ཆུབ་གསུངས། ཚངས་པ་དབང་པོ་འཇིག་རྟེན་སྐྱོང་བ་དང་། ལྷ་ཀླུ་ལྷ་མིན་མི་འམ་ཅིར་བཅས་པ།། ཆོས་ཉིད་འཚལ། བ་མང་པོ་ཚོགས་པ་ལ།། ཇི་ལྟར་མོས་པ་བཞིན་དུ ་ཆོས་ཉིད་གསུངས།། དགེ་བསྙེན་པ་དང་། དགེ་བསྙེན་མ་དང་།། དགེ་སློང་དང་། དགེ་སློང་མ་དང་། འཁོར་བཞི་པོ་འདི་དག་ཚོགས།། ཇི་ལྟར་ཐོས་ནས་ནོར་གྲུབ་རབ་འདོང་བར། ་དེ་ལྟར་དེ་དག་ལ་ནི་ཆོས་བསྟན་གསོལ།། གང་རྣམས་སངས་རྒྱས་ཐེག་ལ་རྟག་མོས་དང་།། དེ་བཞིན་རང་རྒྱལ་ཐེག་དང་ཉན་ཐོས་ཐེག། ཐུབ་པ་གང་གིས་སེམས་བསམ ་གང་མཁྱེན་པ།། དེ་ལ་སྨན་པའི་སླད་དུ་དེ་གསུངས་ཤིག། སངས་རྒྱས་རིགས་ལ་གནས་ཕྱིར་གང་བཞུགས་པ།། དཀོན་མཆོག་གསུམ་པོ་གང་ལས་བྱུང་བ་ཡི།། བྱང་ཆུབ་ངེས ་སེམས་དག་ལ་སྨན་སླད་དུ།། ཆོས་ཀྱི་རྒྱལ་པོ་ཁྱོད་ལ་བདག་གསོལ་ཏོ།། ཁྱོད་ཀྱི་བསྔགས་པའི་ཕྲེང་བ་གྲགས་ཐོས་ནས།། ཤེས་རབ་ཡངས་པ་འདི་རྣམས་བདེ་བར་ལྷགས།། སེམས ་ཅན་གཙོ་བོ་དེ་དག་མཁྱེན་པ་བཞིན།། དེ་དག་ལ་ནི་བླ་མེད་སྤྱོད་པ་ཤོག། འདི་ལྟར་བདེ་གཤེགས་མཁྱེན་པ་བསམ་མི་ཁྱབ།། དགྲ་བཅོམ་བདག་ཉིད་ཆེན་པོའི་ས་འདི་མིན།། འདི་ནི་རང་རྒྱལ། ་གྱི་ཡང་ཡུལ་མ་ལགས།། བདག་ཀྱང་འདྲེན་ལ་དད་པའི་རྗེས་སུ་འབྲང་།། བདག་གིས་གང་ཁྱོད་དོན་ཆེན་འདི་བྲིས་པ།། འཇིག་རྟེན་རྣམ་འདྲེན་ཁྱོད་ལ་བདག་བཟོད་གསོལ།། གང་། ་ཕྱིར་ཁྱོད་ཀྱི་ཐུགས་ནི་སྐྱོ་མི་མངའ།། དེ་ཕྱིར་བྱང་ཆུབ་ལམ་མཆོག་བསྟན་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པ་ཁྱད་པར་སེམས་ཀྱིས་ཚིགས་སུ ་བཅད་པ་འདི་དག་སྨྲས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དག་ལྷག་པའི་བསམ་བརྟན ་ཞིང་ཡིད་མི་སྐྱོ་བ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དག་མགོ་གཅིག་ཏུ་སྨྲ་ཞིང་ཚིག་གདུང་བ་མ་མཆིས་པ་རྣམས་ལགས། ཇི་ལྟར་ན་དགེ་བའི་རྩ་བ ་རྣམས་མངོན་པར་འཕགས་པ་རྣམས་ལགས། ཇི་ལྟར་ན་བསླད་པ་མ་མཆིས་ཤིང་སྤྱོད་ལམ་ཡང་མི་འཁྲུགས་པ་ལགས། ཇི་ལྟར་ན་ཆོས་དཀར་པོ་རྣམས་རྣམ་པར་འཕེལ་བར་བགྱིད་པ་རྣམས ་ལགས། ཇི་ལྟར་ནས་ནས་སར་འཕར་བར་བགྱིད་པ་རྣམས་ལགས། ཇི་ལྟར་ན་སེམས་ཅན་ཡོངསུ་སྨིན་པར་བགྱི་བ་ལ་ཐབས་མཁས་པ་རྣམས་ལགས། ཇི་ལྟར་ན་སེམས་ཅན་རྣམས་ལ་ཉེ་བར ་། སྤྱོད་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་སྲུང་བ་རྣམས་ལགས། ཇི་ལྟར་ན་སེམས་རྩེ་གཅིག་ཅིང་ཡིད་རྣམ་པར་མ་འདྲེས་པ་རྣམས་ལགས། ་ཇི་ལྟར་ན་ཆོས་རྣམས་ཡོངས་སུ་ཚོལ་བ་མཁས་པ་རྣམས་ལགས། ཇི་ལྟར་ན་ལྟུང་བ་ལས་འདྲུང་བ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་ཉན་མོངས་པ་རྣམས་འདུལ་བ་ལ་མཁས་པ་རྣམས ་ལགས་ཇི་ལྟར་ན་འཁོར་གྱིནང་དུ་འཆི་བ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་ཆོས་རྣམ་པར་འབྱེད་པ་ལ་མཁས་པ་རྣམས་ལགས། ཛཾ་ལྟར་ན་རྒྱུའི་སྤོབས་དང་ལྡན་ནིང་དགེ་བའི་རྩ་བ་ཆས ་མི་འཚལ་བ་རྣམས་ལགས། ཇི་ལྡེ་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་བསྟན་པར་བྱེད་པ་དང་། དེ་ཞིན་དུ་གས་རབཀྱི་བར་དུམ་བསྟན་པ་ལགས།། ཇི་ལྟར་ན་བསམ་གཏན་རྣམས་ཀྱི་བ ་བ་ལས་ལྡོག་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན། སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་རྣམས་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་རིགས་མི་གཅོད་པ ་རྣམས་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ལེགསོ་ལེགས་སོ།། ཡང་ཚངས་པ་ཁྱོད་དེ ་བཞིན་གཤེགས་པ་དེ་ལྟ་བུའི་དོན་དྲི་བར་སེམས་པ་ལེགས་སོ།། ཚངས་པ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བཤད་དོ།། བཅོམ་ལྡན་འདས་ལེག་སོ་ཞེས་གསོལ་ནས། ་ཚངས་པ་ཁྱད་པ་སེམས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་དག་ལྷག་པའི་བསམ་པ་བསྟན་ཞིང་ཡིད་མི་སྐྱོ་བ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་། མི་སྐྱོ་བའི་བརྩོན་འགྲུས་དང་། འཁོར་བ་ལ་རྨི་ལམ ་བུར་མོས་པ་དང་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་མཉམ་པ་དང་མཉམ་པར་ཡོངསུ་འཇལ་བ་སྟེ། ཚངས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག ་ལྷག་པའི་བསམ་གཏན་ཡིད་མི་སྐྱོ་བ་རྣམས་ཡིན་ནོ།། ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མགོ་གཅིག་ཏུ་སྨྲ་ཞིང་ཚིག་གདུང་བ་མེད་པ་རྣམས་ཡིན། ་ཏོ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཆོསདམས་ཅད་ལ་གང་ཟག་མེད་པར་མགོ་གཅིག་ཏུ་སྨྲའོ།། བྱང་ཆུབ་སེམས་དཔའ་རྣམས་སྐྱེ་གནས་ཐམས་ཅད་ལ་དགའ་བ ་མེད་པར་མགོ་གཅིག་ཏུ་སྨྲའོ།། བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོའི་བསྔགས་པ་མགོ་གཅིག་ཏུ་སྨྲའོ།། བྱང་ཆུབ་སེམས་དཔའ་རྣམས་དགེ་བ་དང་མི་དགེ་བའི་ལས་རྣམས་ཆུང་མི ་ཟ་བར་མགོ་གཅིག་ཏུ་སྨྲའོ།། ཚངས་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚིག་མགོ་གཅིག་པ་བཞིའོ།། ཚངས་པ་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་རྩ་བ་མངོན་པར་འཕགས་པར་འགྱུར་བ་སྟེ། བཞི་གང་ཞེ་ན། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། འབྱུང་བ་སྟེ་བཞི་པོ་འདི་དག་གོ།། ཚངས་པ ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་སལ་མི་བསླད་ཅིང་སྤྱོད་ལམ་རྣམ་པར་འཁྲུགས་པར་མི་འགྱུར་ཏེ། བནི་གང་ཞེ་ན། རྙེད་པ་མེད་པ་དང་། སྨད་བ་མེད་པ་དང་། གྲགས་པ་མེད་པ་དང་། ་སྡུག་བསྔལ་བ་སྟེ། ཚངས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མི་བསྐྲད་ཅིང་སྤྱོད་ལམ་རྣམ་པར་མི་འཁྲུགས། ་པར་འགྱུར་རོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དགེ་བའི་རྩ་བ་འཕེལ་བར་བྱེད་དེ། གཞི་གང་ཞེ་ན། སེམས་ཅན་རྣམས་བྱང་ཆུབ་ལ་ཡང་དག་པར ་འཛུད་པ་དང་། སྦྱིན་པ་བྱིན་ནས་རྣམ་པར་སྨིན་པ་ལ་མི་རེ་བ་དང་། དམ་པའི་ཆོས་ཡོངསུ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་སྟོན་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་། ་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ས་ནས་སར་འཕར་ཏེ། བཞི་གང་ཞེ་ན། དགེ་བའི་རྩ་བ་བསགས་པ་དང་། ཐོས་པ་ཐམས་ཅད་རྣམ་པར་སྤོང་བ་དང་། བསྔོ་བ་ལ་མཁས ་བ་དང་ཁརྩོན་འགྲུས་ཤིན་ཏུ་འབར་བ་དང་བཞི་པོ་འདི་དག་གོ།། ཀྱེ་ཚངས་པ་ཚངས་ཆོས་བནི་དང་ལྡན་ན། བྱང་ཆུབ་སེམས་དང་། འ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་ཡོངསུ་སྨིན་པར ་བྱ་བ་ལ་ཐབས་མཁས་པ་རྣམས་ཡིན་ཏེ། བནི་གང་ཞེ་ན། སེམས་ཅན་གྱི་རྗེསུ་འཇུག་པ་དང་། གཞན་གྱི་བསོད་ནམས་ལ་རྗེ་སུ་ཡི་རང་བ་དང་། ཉེས་པ་འཆགས་པ་དང་། སངས་རྒྱས་ཐམས་ཅད་ལ་གསོ ་བ་འདེབས་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་རྣམས་ལ་ཉེ་བར་སྤྱོད་པ་ལ་མཁས་པ་རྣམས་ཡིན་ཏེ། བཞི ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པའི་དངོས་པོ་དང་། བདག་བདེ་བ་ལ་མ་ཆགས་པ་དང་། བཟོད་ཅིང་ངེས་པ་དང་། ང་རྒྱལ་བཅོམ་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན།། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བྱང་ཆུབ་ཀྱི་སེམས་ཆུད་མི་གཟོན་ཏེ། བཞི་གང་ཞེ་ན། སངས་རྒྱས་རྗེ་སུ་དྲན་པ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་བྱང་ཆུབ་ཀྱི ་སེམས་སྔོན་དུ་འགྲོ་བ་དང་། དགེ་བའི་བཤེས་གཉེན་ལ་སྟེན་པ་དང་། ཐེག་པ་ཆེན་པོ་ཡང་དག་པར་བསྔགས་པ་སྟེ་བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམ ་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་རྩེ་གཅིག་ཅིང་ཡིད་མ་འདྲེས་པ་རྣམས་སུ་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཉན་ཐོས་ཀྱི་སེམས་རྣམ་པར་སྤོང་བ་དང་། རང་སངས་རྒྱས་ཀྱི་ཡིད ་ལ་བྱེད་པ་གཏོང་བ་དང་། ཆོས་ཡོངས་སུ་ཚོལ་བས་མི་ངོམས་པ་དང་། ཇི་ལྟར་ཐོས་པ་བཞིན་དུ་ཆོས་སྟོན་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཡོངསུ་ཚོལ་ཏེ། བ་ནི་གང་ཞེ་ན། རྙེད་པར་དཀའ་བའི་ཕྱིར་རིན་པོ་ཆེར་འདུ་ཤེ་ས་པ་དང་། ནང་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར ་རྩིར་འདུ་ཤེས་པ་དང་། ཆུད་མི་ཟའི་ཕྱིར་དོན་དུ་འདུ་ཤེས་པ་དང་། མྱ་ངན་འདས་པའི་ཕྱིར་སྡུག་བསྔལ་ཐམས་ཅད་ཞི་བར་འདུ་ཤེས་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལྟུང་བ་ལས་འབྱུང་བ་ལ་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ནང་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། མི་འཕོ་བས་མི་འགས ་པ་ལ་བཟོད་པ་དང་། རྒྱུ་ལ་སོ་སོར་རྟོག་པས། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བཟོད་པ་དང་། གཅིག་ནས་གཅིག་ཏུ་སེམས་ཕན་ཚུན་དུ་གྱུར་པ་སྟེ། བཞི་པ་འདི་དག་གོ།། ཚངས་པ ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཉོན་མོངས་པ་རྣམ་པར་སྦྱོང་སྟེ། བཞི་གང་ཞེ་ན། ཚུལ་བཞིན་དུ་སོ་སོར་རྟོག་པ་དང་།། ་མ་འོངས་པ་ན་སྡོམ་པ་དང་། དཀར་པོའི་ཆོས་ཀྱི་སྟོབས་བསྐྱེད་པ་དང་། རབ་ཏུ་དབེན་པར་གནས་ཏེ་བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་པོ་འདི་དང་ལྡན་པས། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྣམས་འཁོར་གྱི་ནང་དུ་འགྲོ་སྟེ། བཞི་གང་ཞེ་ན། ཆོས་འདོད་པའི་ཕྱིར་ཏེ། ཀླན་ཀ་ཚོལ་བའི་བསམ་པས་མ་ཡིན་པ་དང་། རི་མོ་དང་བཅས་པའི་ཕྱིར།། ང་རྒྱལ་དང་ཁེངས་པས ་མ་ཡིན་པ་དང་། དགེ་བ་གང་ཡིན་པ་ཚོལ་བའི་ཕྱིར་ཏེ། བདག་པ་ཅོམས་པས་མ་ཡིན་པ་དང་། སེམས་ཅན་རྣམས་དགེ་བའི་རྩ་བ་ལ་བཟུད་པའི་ཕྱིར་ཏེ། རྙེད་པ་དང་། བཀུར་བསྟི་དང་། ་ཚིགསུ་བཅད་པའི་ཕྱིར་མ་ཡིན་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་དེ། བནི ་གང་ཞེ་ན། དམ་པའི་ཆོས་ཡོངསུ་འཛིན་པ་དང་། བདག་ཉིད་ཀྱི་ཤེས་རབ་གསལ་བར་བྱེད་པ་དང་། སྐྱེས་བུ་དམ་པའི་ལས་བྱེད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་སྟོན་པ་སྟེ། ་བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྒྱུའི་སྟོབས་དང་ལྡན་ཞིང་། དགེ་བའི་རྩ་བ་ཆུད་མི་ཟ་བ་ཡིན་ཏེ། བཞི་གང་ཞེ་ན། གཞན་གྱི ་འཁྲུལ་པ་ལ་ཉེས་པར་མི་ལྟ་བ་དང་། ཁྲོས་པ་རྣམས་ལ་བྱམས་པསྒོམ་པ་དང་། ཆོས་རྣམས་ཀྱི་རྒྱུ་སྟོན་པ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་། ་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་བསྟན་པར་ཤེས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སྦྱིན་པ་དག་ལ་སྔོན་དུ་འགྲོ་བ་རྣམས་ཡིན། ལྟུང་བ་རྣམ ་ཀྱིས་ཕ་རོལ་ལ་རྩོད་པར་མི་བྱེད། སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར། བསྡུ་བའི་དངོས་པོ་ལ་མཁས་པ་ཡིན། ཆོས་རྣམས་ལ་ཟབ་མོར་མོས་པ་རྣམས་ཡིན་ཏེ། བཞི་པོ་འདི་དག་གོ ་ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་གཏན་ལ་གནས་ནས་འདོད་པའི་ཁམས་སུ་སྐྱེའོ།། བཞི་གང་ཞེ་ན། སེམས་ལ་སུ་རུང་བ་དང ་དགེ་བའི་རྩ་བ་རྣམས་ཀྱི་སྟོབས་བསྐྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་མི་གཏོང་བ་དང་། ཐབས་དང་ཤེས་རབ་སྒོམ་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ལ་ཕྱིར་མི་ལྡོག་པ་ཡིན་ཏེ། བཞི་གང་ཞེ་ན། འཁོར་བ་དཔག་ཏུ་མེད་པ་ཡོངསུ་འཛིན་པ་དང་། ་སངས་རྒྱས་དཔག་ཏུ་མེད་པ་ལ་མཆོད་ཅིང་རིམ་གྲོ་བྱེད་པ་དང་། བྱམས་པ་དཔག་ཏུ་མེད་པ་བསྒོམ་པ་དང་། སྙིང་རྗེ་དཔག་ཏུ་མེད་པ་སྒོམ་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང ་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་རིགས་མི་གཅོད་དོ།། བཞི་གང་ཞེ་ན། སྔར་དམ་བཅས་པ་ལས་མི་འགྱུར་བ་དང་། ཇི་སྐད་སྨྲས་པ་དེ་བཞིན ་བྱེད་པ་དང་། དགེ་བའི་རྩ་བ་རྣམས་ལ་ཤིན་ཏུ་མོངས་དང་། བསམ་པའི་ནན་ཏན་ལ་གནས་པ་སྟེ། ཚངས་པ་ཆོས་བཞི་པོ་འདི་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་རྣམས་སངས་རྒྱས་ཀྱི་རིགས་མི་གཅོད་དོ།། བཅོམ་ལྡན་འདས་ཀྱིས་བཞི་པ་མངོན་པར་བསྒྲུབ་པ་འདི་བཤད་པ་ན། ལྷ་དང་མིར་བཅས་པའི་སྐྱེ་དགུ་རྣམས་ལས་སྲོག། ་ཆགས་སྟོང་ཕྲག་སུམ་ཅུ་རྩ་གཉིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། བྱང་ཆུབ་སེམས་དཔའ་ལྔ་སྟོང་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེ་སོ།། སངས་རྒྱས ་ཀྱི་ཞིང་སྣ་ཚོགས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྷའི་མེ་ཏོག་རྣམ ་ཀྱིས་བུས་ནུབ་ཙམ་དུ་ཁེབས་པར་བྱས་སོ།། དེ་ནས་གནོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས། ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ།། ཚངས་པ་ཁྱོད་བཅོམ་ལྡན་འདས ་ཀྱིས་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དྲི་བ་འདྲི་བ་ལ་མཁས་པ་རྣམས་ཀྱི་མཆོག་ཏུ་གསུངས་ན། དེ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་འདྲེ་བ་ཡིན། ཁྱད་པར་སེམས ་ཀྱིས་སྨྲས་པ་རིགས་ཀྱི་བུ་བདག་ཏུ་སྒྲོ་འདོགས་པས་འདྲི་ན་ཚུལ་བཞིན་མ་ཡིན་པར་འདྲིའོ།། གཞན་དུ་སྒྲོ་འདོགས་པས་འདྲི་ན་ཚུལ་བཞིན་མ་ཡིན་པར་འདྲིའོ།། ཆོས་སུ་སྒྲོ་འདོགས་པས ་འདྲིན་ཚུལ་བཞིན་མ་ཡིན་པར་འདྲིའོ།། དྲ་བ་ཅན་གྱི་འོད་གང་ལ་སྒྲོ་འདོགས་པ་མེད་པ་དང་། གཞན་དུ་སྒྲོ་འདོགས་པ་མེད་པ་དང་། ཆོ་སུ་སྒྲོ་འདོགས་པ་མེད་པ་འདི་ནི་ཚུལ་བཞིན་འདྲི་བའོ།། གཞན ་ཡང་དྲ་བ་ཅན་གྱི་འོད་སྐྱེ་བའི་ཕྱིར་འདྲི་ན། ཚུལ་བཞིན་མ་ཡིན་པར་འདྲིའོ།། འགག་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། གནས་དང་གནས་མ་ཡིན་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན ་མ་ཡིན་པའོ།། དྲ་བ་ཅན་གྱི་འོད་གང་ལ་ཆོས་གང་ལའང་སྐྱེ་བའི་ཕྱིར་རམ། འགག་པའི་ཕྱིར་རམ། གནས་དང་གནས་མ་ཡིན་པའི་ཕྱིར་འདྲི་བ་མེད་པ་དེ་ནི་ཚུལ་བཞིན་འདྲི་བའོ།། གཞན་ཡང་དྲབ་། ་གྱི་འོད་ཀུན་ནས་ཉོན་མོངས་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། རྣམ་པར་བྱང་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། འཁོར་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། ་བ་ལས་ཤིན་ཏུ་བཟླ་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། ཡོངསུ་མྱ་ངན་ལས་འདའ་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། དྲ་བ་ཅན་གྱི་འོད་གང་ལ་ཀུན་ནས་ཉོན་མོངས་པའི་ཕྱིར་མ། ་ཡིན་རྣམ་པར་བྱང་བའི་ཕྱིར་མ་ཡིན། འཁོར་བའི་ཕྱིར་མ་ཡིན། འཁོར་བ་ལ་ལས་ཤིན་ཏུ་བཟླ་བའི་ཕྱིར་མ་ཡིན་ཡོངསུ་མྱ་ངན་ལས་འདའ་བའི་ཕྱིར་འདྲི་བ་མེད་པ་དེ་ནི་ཚུལ་བཞིན་དྲི་བའོ།། དེ་ཅིའི་ཕྱིར། ་ཞེ་ན། ཆོས་མི་འགྱུར་བ་ཉིད་ནི་ཀུན་ནས་ཉོན་མ་མོངས།། རྣམ་པར་བྱང་བར་མི་འགྱུར། མི་འཁོར་ཞིང་ཡོངསུ་མྱ་ངན་ལས་མི་འདའོ།། གཞན་ཡང་དྲ་བ་ཅན་གྱི་འོད་འཐོབ་པའི་ཕྱིར ་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། མངོན་དུ་བྱ་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། མངོན་པར་ཤེས་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། ཡོངསུ་ཤེས་པ་དང་བསྒོམ ་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། འབྲལ་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། དྲ་བ་ཅན་གྱི་འོད་གང་ལ་ཐོབ་པ་མེད་པ་དང་འཛིན་པ་མེད་པ་དང་། མངོན་དུ་བྱ་བ་མེད་པ་དང་། ་ཀུན་ཏུ་རྟོག་པ་མེད་པ་དང་། མངོན་པར་ཤེས་པ་མེད་པ་དང་ཁརླ་སྲེ་བ་དང་སྒོམ་པ་མེད་པ་དང་། སྒོམ་པར་ལྟ་བ་མེད་པ་དེ་ནི་ཚུལ་བཞིན་དྲི་བའོ།། གཞན་ཡང་དྲ་བ་ཅན་གྱི་འོད་འདི་ནི་དགེ་བའོ།། འདི་ནི་མི ་། དགེ་བའོ།། དི་ནི་ཟག་པ་མེད་པའོ།། དི་ནི་ཁ་ན་མ་ཐོབ་དང་། བཅས་པའོ།། འདི་ནི་ཁ་ན་མ་ཐོ་མེད་པའོ།། འདི་ནི་འདུས་བྱས་སོ།། འདི་ནི་འདུས་མ་བྱསོ།། འདི་ནི་འཇིག་རྟེན་པའོ།། དི། ་ནི་འཇིག་རྟེན་ལས་འདས་པའོ་ཞེས་འདྲེན་དེ་ནི་ཚུལ་བཞིན་མ་ཡིན་པ་སྟེ། དྲི་བ་ཅན་གྱི་འོད་ཇི་ཙམ་དུ་གཉིས་སུ་འཇུག་པས་འདྲི་བ་དེ་ཙམ་དུ་ཚུལ་བཞིན་མ་ཡིན་པའོ།། དྲ་བ་ཅན་གྱི་འོད ་གང་ལ་གཉིས་མེད་པ་དང་། གཉིས་མ་ཡིན་པ་མེད་པ་དང་། འདུ་ཤེས་མེད་པ་དང་། མིང་མེད་པ་དང་། སྤྱི་མི་འཇུག་པ་དེ་ནི་ཚུལ་བཞིན་དྲི་བའོ།། གཞན་ཡང་དྲ་བ་ཅན་གྱི་འོད ་སངས་རྒྱས་ཐ་དད་དུ་བྱེད་པ་དང་། ཆོས་ཐ་དད་དུ་བྱེད་པ་དང་། དགེ་འདུན་ཐ་དད་དུ་བྱེད་པ་དང་། ཞིང་ཐ་དད་དུ་བྱེད་པ་དང་། སེམས་ཅན་ཐ་དད་དུ་བྱེད་པ་དང་། ཐེག་པ་ཐ་དད་དུ ་བྱེད་པ་དེ་ནི་ཚུལ་བཞིན་མ་ཡིན་པའོ།། དྲ་བ་ཅན་གྱི་འོད་གང་ལ་ཆོས་གང་ཡང་ཐ་དད་པར་རམ་གཅིག་པར་མི་འདྲི་བ་དེ་ནི་ཚུལ་བཞིན་འདྲི་བའོ།། གཞན་ཡང་དྲ་བ ་ཅན་གྱི་འོད་ཆོས་ཐམས་ཅད་ནི་ཚུལ་བཞིན་ནོ།། ཆོས་ཐམས་ཅད་ནི་ཚུལ་བཞིན་མ་ཡིན་པའོ།། སྨྲས་པ། ཚངས་པ་ཇི་ལྟར་ན་ཆོས་ཐམས་ཅད་ནི་ཚུལ་བཞིན། ཆོས་ཐམས་ཅད་ནི་ཚུལ་བཞིན། ་མ་ཡིན་སྨྲས་པ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཕྱིར་ཆོས་ཐམས་ཅད་ནི་ཚུལ་བཞིན་ནོ།། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ལ་སེམས་པར་ཞུགས་པ་དེ་དག་གི་ནི་ཚུལ ་བཞིན་མ་ཡིན་པའོ།། ཆོས་ཐམས་ཅད་ནི་དབེན་པའི་མཚན་ཉིད་དེ། དེ་ནི་ཚུལ་བཞིན་ནོ།། གང་དབེན་པ་ལས་མ་མོས་པ་དེ་དག་ནི་ལྷག་པར་བྱེད་པ་ལ་ཞུགས་པའོ།། གང་ལྷག་པར་བྱེད་པ་ལ་ཞུགས ་བདེ་ས་མ་སྡུག་པར་བྱེད་པ་ལ་འརྩོན་པའོ།། གང་ལྷག་པར་བྱེད་པ་ལ་བརྩོན་པ་དག་ཛིཅམ་དུ་ལྷག་པར་བྱེ་བ་ས་དུ་ཚུལ་བནམ་ཡིན་པའོ།། ས་གསས་བཅོས་རྣམས། ་ཚུལ་གང་ཡིན།། སྨྲས་པ། རིགས་ཀྱི་བུ་རང་གི་ཡུལ་དབེན་པ་འདོད་ཆགས་དང་བའི་མཐའ་ནི་ཆོས་རྣམས་ཀྱི་ཚུལ་ལོ།། སྦས་པ། ཚངས་པ་གང་ཆོས་རྣམས་ཀྱི་ཚུལ་འདི་ཁོང་དུ་ཆུད་པའི ་སེམས་ཅན་དེ་དག་ནི་ཉུང་ཞིག་འབྱུང་བར་འགྱུར་རོ།། སྨྲས་པ། རིགས་ཀྱི་བུ་འདོད་ཆགས་དང་བྲལ་བའི་མཐའ་ནི་གཅིག་པའང་མ་ཡིན། མང་པོ་ཡང་མ་ཡིན་ཏེ། དྲ་བ་ཅན་གྱི་འོད་རིགས་ཀྱི་བུ་འམ། ་རིགས་ཀྱི་བུ་མོ་གང་ཆོས་རྣམས་ཀྱི་ཚུལ་བཞིན་འདི་དག་གི་རྗེསུ་སོང་བ་འམ། རྗེསུ་འགྲོ་བ་འམ། རྗེསུ་འགྲོ་བར་འགྱུར་བ་དེ་དག་གིས་ཆོས་གང་ཡང་མ་རྟོགས། མི་རྟོག་པ་རྟོགས་པར་མི ་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཁོང་དུ་ཆུད་པ་མེད་པར་བཅོམ་ལྡན། འདས་ཀྱིས་ཀུན་ཤེས་པ་ལུང་བསྟན་པ་གསུངས་སོ།། ག། ང་རྣམས་ཚུལ་བཞིན་ཆོས་བསྟན་པ་འདི་ཐོས་ནས། མོས་པ ་བྱེད་པ་དེ་དག་ནི་ཇི་ལྟར་བསྟན་པ་དེ་བཞིན་དུ་རབ་ཏུ་སྦྱོར་བ་ཡིན་ཏེ། དེ་དག་ནི་ཆོས་གང་ཡང་སྤྲོས་པར་མི་བྱེད་པར་འགྱུར་རོ།། སུ་ཆོས་གང་ལ་ཡང་སྤྲོས་པར་བྱེད་པར་མི་འགྱུར་བ་དེ་དག་ནི་ཆོས་གང ་ཡང་ཁོང་དུ་ཆུད་པར་མི་འགྱུར་རོ།། སུ་ཆོས་གང་ཡང་ཁོང་དུ་ཆུད་པར་མི་འགྱུར་བ་དེ་དག་ནི་འཁོར་བར་འགྲོ་བ་ཡང་མ་ཡིན། མྱ་ངན་ལས་འདས་པའི་ཆོས་ཅན་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར ་ནེ་ན། བཅོམ་ལྡན་འདས་ཀྱིས་འཁོར་བ་ཡང་མི་དམིགས། ཡོང་སུ་མྱ་ངན་ལས་འདས་པ་ཡང་མ་དམིགས་པའི་ཕྱིར་རོ།། སྦས་པ། བཅོམ་ལྡན་འདས་ཀྱིས་འཁོར་བ་ལས་བཅཝམ ་ཕྱིར་ཆོས་མ་བཤད་དམ། སྨྲས་པ། བཅོམ་ལྡན་འདས་ཀྱིས་གང་འཁོར་བ་ལས་འདའ་བའི་ཆོས་གང་ཡང་བསྟན་ཏམ། སྒྲས་ག། དེན་མ་ཡིན་ནོ།། སྨྲས་པ། རིགས་ཀྱི་བྱེ་དེ་ལྟ ་བས་ན་བཅོམ་ལྡན་འདས་ཀྱིས་འཁོར་བ་ཡང་མི་སེལ། མྱ་ངན་ལས་འདས་པ་ཡང་ཐོབ་པར་མི་བྱེད་མོད་ཀྱི། འཁོར་བ་དང་མྱ་ངན་ལས་འདས་པ་གཉི་སུ་འདུ་ཤེས་པ་ལས་འདའ་བར་སྟོན་ཏེ། འདི་ལ། ་གང་ཡང་འཁོར་བ་ལས་འདའ་བར་ཡང་མི་བྱེད། ཡོངསུ་མྱ་ངན་ལས་འདས་པ་ཡང་ཐོབ་པར་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་ནི་མི་འཁོར། མྱ་ངན་ལས་མི་འདའ། ཀུན་ནས་ཉོན་མི ་མོངས་པ་རྣམ་པར་དག་པར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་ལེག་སོ་ཞེས་བྱ་བ་བྱིན་ཏེ། ཚངས་པ་ལེགསོ་ལེག་སོ།། ཚངས་པ་ཇི་སྟེ་བཤད ་པར་བྱ་ན་དེ་སྐད་བཤད་པར་བྱའོ།། ཚུལ་བཞིན་དུ་ཆོས་བསྟན་པ་འདི་བསྟན་པ་ན། དགེ་སློང་ཉིས་སྟོང་རྣམས་ཟག་པ་ལས་ལ་ན་པ་མེད་པར་སེམས་རྣམ་པར་གྲོལ་ལོ།། དེ་ནས་བ ་ལྡན་འདས་ཀྱི་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ངས་འཁོར་བ་དང་མྱ་ངན་ལས་འདས་པ་མ་དམིགས་སོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་འཁོར་བ ་འདོགས་ཀྱང་འདི་ལ་གང་ཡང་འཁོར་བ་མེད་དོ།། མྱ་ངན་ལས་འདས་པར་སྟོན་ཀྱང་འདི་ལ་གང་ཡང་ཡོངསུ་མྱ་ངན་ལས་མི་འདའོ།། ཚངས་པ་གང་རྣམས་ཚུལ་འདི་ལ་ཞུགས་པ་དེ་དག ་ནི་འཁོར་བའི་ཆོས་ཅན་ཡང་མ་ཡིན། ཡོངསུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཡང་མ་ཡིན་ནོ།། དེ་ནས་འཁོར་དེའི་ནང་ནས་དགེ་སློང་ལྔ་བརྒྱ་བསྟན་པ་འདི་ཐོས་པ་དང་། སྟེན་ལས་ལངས ་ཏེ་དངངོ་ངོ་འཚིག་འདི་སྐད་ཅེས་ཀྱང་སྨྲས་ཏེ། གལ་ཏེ་འདི་ལ་གང་ཡང་མ་འཁོར། གལ་ཏེ་གང་ཡང་ཡོངསུ་མྱ་ངན་ལས་མི་འདའ་ན། བདག་ཅག་ཚངས་པོར་སྤྱོད་པ་ལ་གནས་པ་ཡང ་དོན་མེད་དོ།། བདག་ཅག་ལམ་སྒོམ་པ་དང་། བསམ་གྲཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཡང་ཅིར་དགོས་ཞེས་ཟེར་རོ།། དེ་ནས་བཅོམ་ལྡན་འདས་ལ་གཞོན་ནུར ་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་དག་ཆོས་གང་ལ་སྐྱེ་བ་འམ། འགག་པར་འཚལ་བ་དེ་དགེ་ལ་སངས་རྒྱས་འབྱུང་བ་མ་མཆིས་སོ།། ་བཅོམ་ལྡན་འདས་གང་དག་མྱ་ངན་ལས་འདས་པ་དངོས་པོར་ཚོལ་བ་དེ་དག་ལ་ཡང་འཁོར་བ་ལས་འདའ་བ་མ་མཆི་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས ་བགྱི་བ་ནི། གང་མཚན་མ་ཐམས་ཅད་རབ་ཏུ་ཞི་བ་དང་། ག། ཡོ་བ་ཐམས་ཅད་མ་མཆིས་པ་ལགས་ན། བཅོམ་ལྡན།། འདས་སྐྱེས་བུ་བླུན་པོ་འདི་དག་ལེགས་པར་བཤ ་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་མུ་སྟེགས་ཅན་གྱི་ལྟ་བར་ལྟུང་སྟེ། མྱ་ངན་ལས་འདས་པ་དངོས་པོར་ཚོལ་ལོ།། འདི་ལྟ་སྟེ། བཅོམ་ལྡན་འདས་ཏིལ་ལས་ཏིལ་མར་དང་། འོ་མ་ལྔ ་མར་བཞིན་དུ་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པ་དངོས་པོར་ཚོལ་བ་དེ་དག་ནི་ཉན་ཐོས་མུ་སྟེགས་ཅན་ང་རྒྱལ་ཅན་ཞེས་བདག་མཆིའོ།། བཅོམ་ལྡན་འདས་རྣལ་འབྱོར་སྤྱོད་པ ་ཡང་དག་པར་ཞུགས་པ་ནི་ཆོས་གང་ལ་ཡང་སྐྱེ་བ་འམ། འགག་པར་མི་མཐོང་། ཆོས་གང་ལའང་འཐོབ་པ་འམ། མངོན་པར་རྟོགས་པར་མི་འཚལ་ལོ།། དེ་ནས་གཞོན་ནུར་གྱུར་པ ་དྲ་བ་ཅན་གྱི་འོད་ཀྱིས། ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ།། ཚངས་པ་དགེ་སློང་ལྔ་བརྒྱ་འཁོར་འདི་ནས་སྙན་ལས་ལངས་ཏེ་དོང་བ་འདི་དག་ཅིནས་ཀྱ ་ཆོས་འདུལ་བ་ལ་འཇུག་པ་དང་། མོས་པར་འགྱུར་བ་དང་། སྡིག་པའི་ལྟ་བར་གྱུར་པ་དེ་ལས་རྣམ་པར་གྲོལ་བ་སྟོན་ཅིག། སྨྲས་ག་རིགས་ཀྱི་བུ་འདོང་ལ་རག་གོ་འདོད་ལ་རག་གོ།། གལ་ཏེ་སངས་རྒྱས ་ཀྱི་ཞིང་གང་གའི་ཀླུང་གི་བྱེ་མ་སྙེད་དུ་དང་ཡང་བསྟན་པ་འདི་ལས་མི་ཐར་རོ།། རིགས་ཀྱི་བུ་འདི་ལྟ་སྟེ། སྐྱེས་བུ་བྱིས་པའི་རང་བཞིན་ཅན་ན་མཁས་འཇིགས་ཤིང་སྐྲག་སྟེ། ཐོས་ཀྱང་དེ་ལས་གར ་སོང་བ་དེ་དང་དེ་དག་ཏུ་ན་མཁའ་མཐོང་ངོ་།། དེ་བཞིན་དུ་དགེ་སློང་འདྲི་དག་ཀྱང་ཇི་སྲིད་དུ་རིང་དུ་སོང་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་མཚན་ཉིད་ལས་མ་འདས ་སོཀ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གཞན་ཞིག་ན་མཁའ་རྙེད། པར་བྱའོ་ཞེས་ན་མཁའ་ཚོལ་ཏེ། ཕྱོགས་དང་ཕྱོགས་མ། ཚམས་སུ་རྒྱུག་ཅིང་ཇི་ཙམ་དུ་ན་མཁའི་མིང་ནས ་བརྗོད་ཀྱང་ན་མཁའ་མི་རྙེད་དོ།། དེ་ན་མཁའ་དེ་ཉིད་ཀྱི་ནང་ནས་འགྲོ་ཡང་དེ་མི་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། གང་ནམ་མཁའ་ཞེས་བྱ་བ་དེ་ནི་མིང་ཙམ་མོ།། རིགས་ཀྱི་བུ་དེ་བཞིན་དུ་དགེ་སློང ་འདི་དག་ཀྱང་མྱ་ངན་ལས་འདས་པ་དངོས་པོར་ཚོལ་ཏེ། མྱ་ངན་ལས་འདས་པ་དེ་ཉིད་ལ་རྣམ་པར་སྤྱོད་ཀྱང་དེ་མི་མཐོང་ཁོང་དུ་མི་ཆུད་དོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་མྱ་ངན་ལས ་འདས་པ་ཞེས་བྱ་བ་དེ་ནི་མིང་ཙམ་མོ།། ཇི་ལྟར་ན་མཁའ་ན་མཁའ་ཞེས་བརྗོད་པ་ཡང་གཟུང་དུ་མེད་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཞེས་བརྗོད་པ་ཡང་གཟུང་དུ་མེད་པའོ།། དེ་ནས་དགེ་སློང་། ་ལྔ་བརྒྱ་པོ་དེ་དག་བཤད་པ་འདི་ཐོས་ནས། ཟག་པ་ལས་ལེན་པ་མེད་པར་སེམས་རྣམ་པར་གྲོལ་ཏེ། མངོན་པར་ཤེས་པ་ཐོབ་པ་དེ་དག་གིས་ཚིག་སྨྲས་པ། བཅོམ་ལྡན་འདས་གང་རྣམས་ཆོག ་ཐམས་ཅད་ཤིན་ཏུ་ཡོངསུ་མྱ་ངན་ལས་འདས་པ་ལ་མྱ་ངན་ལས་འདས་པ་དངོས་པོར་ཚོལ་བ་དེ་དག་ལ་སངས་རྒྱས་འབྱུང་བ་མ་མཆིས་སོ།། བཅོམ་ལྡན་འདས་བདག་ཅག་ནི་སོ་སོའི་སྐྱེ ་བོ་ཡང་མ་ལགས། སློབ་པ་ཡང་མ་ལགས། དགྲ་བཅོམ་པ་ཡང་མ་ལགས། འཁོར་བའི་ཆོས་ཅན་ཡང་མ་ལགས། མྱ་ངན་ལས་འདས་པའི་ཆོས་ཅན་ཡང་མ་ལགསོ།། དེ་ཅིའི ་སླད་དུ་ཞེ་ན་བཅོམ་ལྡན་འདས་སངས་རྒྱས་འབྱུང་བ་ནི། དབྱེད་པ་དང་། སེམས་དང་། གཡོ་བ་དང་། སྤྲོས་པ་ཐམས་ཅད་མ་མཆིས་པའོ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས ་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ག་གིས་དགེ་སློང་ཉིད་ཁོང་དུ་ཆུད་དོ།། རང་གི་དོན་བྱས།། དེ་དག་གིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་བདག་གིས ་ཀུན་ནས་ཉོན་མོངས་པ་ཁོང་དུ་ཆུད་དེ།། མི་བྱ་བ་བྱསོ།། ཤཱ་རི་བུས་སྨྲས་པ། ཚེ་དང་ལྡན་པ་དག་ཙཾ་ལས་བསམས་ཏེ་དེ་སྐད་སྟོན།། དེ་དག་གིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་ཀུན་ནས་ཉོན་མོང། ་པ་ཡོངསུ་ཤེས་པའི་ཕྱིར་དགེ་སྦྱོང་ཉིད་དོ།། བཙུན་པ་ཤཱ་རིའི་བུ་མི་བྱ་བ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། འདི་ལ་བསམས་ནས་བདག་ཅག་གིས་ཀུན་ནས་ཉོན་མོངས་པ་ཁོང་དུ་ཆུད་དོ།། ་མི་བྱ་བ་བྱས་ཞེས་སྟོན་ཏོ།། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རྣམས་ལེག་སོ་ལེགས་སོ།། ཚེ་དང་ལྡན་པ་རྣམས་ནི་སྦྱིན་གནས་ཀྱི་སར་གནས་པ་ཡིན་ནོ།། དེ་དག་གིས་སྨྲས་པ། བཙུན ་པ་ཤཱ་རིའི་བུ་སྟོན་པ་གང་ཡིན་པ་འདི་ཉིད་ཀྱང་སྦྱིན་པ་མི་སྤྱོད་ན། བདག་ཅག་གིས་ཇི་ལྟར་སྦྱང་། སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཀྱི། ་དབྱིངས་རང་བཞིན་གྱིས་ཡོངསུ་དག་པ་ཡོངསུ་མཁྱེན་པའི་ཕྱིར་རོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་ན་གང། ་དག་སྦྱིན་གནས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་གང་དག་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་རྣམས་སོ།། གསོལ་པ། འཇིག་རྟེན་ན་སྦྱིན་པ་སྤྱོང་པ ་གང་དག་ལགས། བཀའ་སྩལ་པ། གང་དག་ཆོས་གང་ཡང་ཡོངསུ་མི་འཛིན་པ་རྣམསོ།། གསོལ་བ། འཇིག་རྟེན་ན་བསོད་ནམས་ཀྱི་ཞིང་གང་དག་ལགས། བཀའ་སྩལ་པ། གང་དག་བྱང་ཆུབ ་ཀྱི་སེམས་ཆུད་མི་བཟོད་པ་རྣམ་སོ།། གསོལ་ག། དགེ་བའི་བཤེས་གཉེན་གང་དག་ལགས། བཀའ་སྩལ་པ། གང་དགགིས་སེམས་ཅན་ཐམས་ཅད་ལ་བྱམས་པ་ཡོངསུ ་མ་བཏང་བ་རྣམ་སོ།། གསོལ་པ། དེ་བཞིན་གཤེགས་པ་ལ་བགྱིད་པ་གཟོ་བ་གང་དག་ལགས། བཀའ་སྩལ་པ། གང་དག་སངས་རྒྱས་ཀྱི་རིགས་མི་གཅོད་པ་རྣམ་སོ།། གསོལ་པ། དེ་བཞིན ་གཤེགས་པ་ལ་མཆོད་པ་བགྱིད་པ་གང་དག་ལགས། བཀའ་སྩལ་པ། གང་དག་མི་སྐྱེ་བའི་མཐའ་རྟོགས་པ་རྣམ་སོ།། གསོལ་པ། དེ་བཞིན་གཤེགས་པ་དང་ཉེ་བར་གནས་པ་གང་དག་ལགས། ་བཀའ་སྩལ་པ། གང་དག་སྲོག་གི་ཕྱིར་ཡང་བསླབ་པ་མི་འབྲལ་བ་རྣམསོ།། གསོལ་པ། དེ་བཞིན་གཤེགས་པ་ལ་རི་མོ་དང་བཅས་པ་གང་དག་ལགས། བཀའ་སྩལ་པ། གང་དག་དབང་པོ་རབ་ཏུ ་བསྡམས་ཏེ་གནས་པ་རྣམས་སོ།། གསོལ་པ། འཇིག་རྟེན་ན་ནོར་ཆེ་བ་གང་དག་ལགས། བཀའ་སྩལ་པ། གང་དག་ནོར་བདུན་དང་ལྡན་པ་རྣམ་སོ།། གསོལ་པ། འཇིག་རྟེན་ན་ཆོ་ག་འཚལ་བ་གང་། ་དག་ལགས། བཀའ་སྩལ་པ། འཇིག་རྟེན་ན་གང་དག་ལ་ཤེས་རབ་བླ་ན་མེད་པ་ཡོད་པ་རྣམ་སོ།། གསོལ་ག། རབ་ཏུ་དབེན་པ་གང་དག་ལགས། བཀའ་སྩལ་པ། གང་དག་ཁམས་གསུམ ་དུ་སྨོན་པ་མེད་པ་རྣམས་སོ།། གསོལ་པ། འཇིག་རྟེན་ན་ཤིན་ཏུ་བསྡམས་པ་གང་དག་ལགས། བཀའ་སྩལ་པ། གང་ཀུན་ཏུ་སྦྱོར་བ་ཐམས་ཅད་ཤིན་ཏུ་བྱང་བ་རྣམས་སོ།། གསོལ་པ། ་འཇིག་རྟེན་ན་བདེ་བ་རྣམས་གང་དག་ལགས། བཀའ་སྩལ་པ། གང་རྣམས་ལ་ཡོངསུ་འཛིན་པ་མེད་པའོ།། གསོལ་བ་ཡོངསུ་མི་འཛིན་པ་གང་དག་ལགས། བཀའ་སྩལ་པ། ་གང་དག་གིས་ཕུང་པོ་ཡོངསུ་ཤེས་པའོ།། གསོལ་པ། ཕ་རོལ་ཏུ་མཆིས་པ་གང་དག་ལགས། བཀའ་སྩལ་ག་གང་གིས་སྐྱེ་མཆེད་དྲུག་སྤངས་པ་རྣམ་སོ།། གསོལ་པ། 6 ་ལྡན་འདས་འགྲམ་དུ་ཕྱིན་པ་རྣམས་གང་དག་ལགས། བཀའ་སྩལ་པ། ཚངས་པ་གང་གིས་མཉམ་པ་ཉིད་ཐོབ་པ་རྣམསོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས ་སྦྱིན་པ་རྒྱས་པ་ལགས། བཀའ་སྩལ་གནམ་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་སེམས་ལ་མོས་པར་བྱེད་པའོ།། གསོལ་པ། ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་རྣམས ་ལགས། བཀའ་སྩལ་པ། ནམ་ཐམས་ཅད་མཁྱེན་པའི་སེམས་མི་འདོར་བའོ།། གསོལ་པ། ཇི་ལྟར་ན་བཟོད་པ་དང་ལྡན་པ་རྣམས་ལགས། བཀའ་སྩལ་བ། ནམ་ཐམས་ཅད་མཁྱེན་པའི ་སེམས་མི་ཟད་པར་མཐོང་བ་རྣམས་སོ།། གསོལ་པ། ཇི་ལྟར་ན་བརྩོན་འགྲུས་དང་ལྡན་པ་རྣམས་ལགས། བཀའ་སྩལ་ག། ནམ་ཐམས་ཅད་མཁྱེན་པའི་སེམས་ལ། ་བརྟགས་ནས་མི་དམིགས་པའོ།། གསོལ་བ། ཇི་ལྟར་ན་བསམ་གཏན་པ་རྣམས་ལགས། བཀའ་སྩལ་བ། ནམ་ཐམས་ཅད་མཁྱེན་པའི་སེམས་རང་བཞིན་གྱིས་ཞི་བར་རབ་ཏུ་རྟོགས་པའོ།། ་གསོལ་པ། ཇི་ལྟར་ན་ཤེས་རབ་དང་ལྡན་པ་རྣམས་ལགས། བཀའ་སྩལ་པ། ནམ་ཆོས་ཐམས་ཅད་ལ་སྤྲོས་པར་མི་བྱེད་པའོ།། གསོལ་པ། ཇི་ལྟར་ན་བྱམས་པ་ལ་གནས་པ་རྣམས་ལགས། ་བཀའ་སྩལ་ག། ནམ་སེམས་ཅན་དུ་འདུ་ཤེས་འཇུག་པར་མི་བྱེད་དུའོ།། གསོལ་པ། ཇི་ལྟར་ན་སྙིང་རྗེ་ལ་གནས་པ་རྣམས་ལགས། བཀའ་སྩལ་པ། ནམ་ཆོས་ཐམས་ཅད་ལ་འདུ། ་ཤེས་འཇུག་པར་མི་བྱེད་པའོ།། གསོལ་པ། ཇི་ལྟར་ན་དག། འབ་ལ་གནས་པ་རྣམས་ལགས། བཀའ་སྩལ་པ། ནམ། བདག་ཏུ་འདུ་ཤེས་འཇུག་པར་མི་བྱེད་པའོ།། གསོལ་ལོ། ་ཇི་ལྟར་ན་བཏང་སྙོམས་ལ་གནས་པ་རྣམས་ལགས། བཀའ་སྩལ་པ། ནམ་བདག་དང་གཞན་དུ་འདུ་ཤེས་འཇུག་པར་མི་བྱེད་པའོ།། གསོལ་པ། ཇི་ལྟར་ན་དད་པ་ལ་གནས་པ་རྣམས་ལགས ་བཀའ་སྩལ་ག། ནམ་ཆོས་ཐམས་ཅད་བརྗོད་དུ་མེད་པར་མོས་པའོ།། གསོལ་པ། ཇི་ལྟར་ན་ཐོས་པ་ལ་གནས་པ་རྣམས་ལགས། བཀའ་སྩལ་པ། ནམ་སྒྲ་ཐམས་ཅད་ལ་མངོན་པར་མི ་ཆགས་པའོ།། གསོལ་པ། ཇི་ལྟར་ན་ངོ་ཚ་འཚལ་བ་དང་། ལྡན་པ་རྣམས་ལགས། བཀའ་སྩལ་པ། ནང་ཡོངསུ་ཤེས་པས་སོ།། གསོལ་བ། ཇི་ལྟར་ན་ཁྲེལ་མཆིས་པ་ཕུན་སུམ། ་ཚོགས་པ་རྣམས་ལགས། བཀའ་སྩལ་པ། ཕྱི་རོལ་གྱི་སྐྱེ་མཆེད་འདོར་བས་སོ།། གསོལ་བ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ན་ཡོན་ཏན་ཐམས་ཅད་ཚེགས ་ཤིང་ཀུན་ཏུ་འགྲོ་བ་རྣམས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་དང་ངག་དང་ཡིད་ཀྱི་ལས་ཡོངསུ་དག་པས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། ཚིགས ་སུ་བཅད་པ་འདི་དག་གསུངས་སོ།། ལུས་ནི་རྣམ་པར་དག་ཅིང་སྡིག་པ་མི་བྱེད་དོ།། ངག་ཀྱང་རྣམ་པར་དག་པས་རྟག་ཏུ་རྫུན་རྣམས་སྤོང་།། ཡིད་ཀྱང་གཙང་བས་རྟག་ཏུ་བསམ་པ་དྲི ་མ་མེད་པ་དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་གསུང་ངས།། མི་སྡུག་སྒོམ་ཞིང་འདོད་ཆགས་ཀྱིས་ཀྱང་ཆགས་པ་མེད། བྱམས་ལ་གནས་ཤིང་ཞེ་སྡང་གིས་ནི་གཏུམ་པ ་མེད་པ་ཤེས་རབ་དག་ལ་གནས་ཤིང་གཏི་མུག་ཐུན་པ་ཡིན།། མཁས་པ་རྣམས་ནི་དེ་ལ་ཀུན་འགྲོ་བར་གསུ་ངས།། དེ་ནི་གྲོང་དུ་ཇི་བཞིན་དགོན་པར་ཡང་།། དགོན་པ་དང ་ནི་གྲོང་དང་འཁོར་དུ་དེ་འདྲ་བར།། དེ་ནི་སྤྱོད་ལམ་རྣམ་པར་འགྱུར་བར་མི་བྱེད་དེ།། དེ་ཕྱིར་རྒྱལ་བས་དེ་ལ་ཀུན་ཏུ་འགྲོ་བར་བརྗོད།། རྒྱལ་བ་ཀུན་གྱི་ཆོས་ཉིད་ལ་ནི་དེ་མོས་ཏེ།། མཁས་པ ་ཆོས་ཉིད་ལའང་འདོད་ཆགས་བྲལ་བ་དང་།། དགེ་འདུན་ལ་ཡང་འདུས་མ་བྱས་པར་ཤིན་ཏུ་མོས།། དེ་ཕྱིར་རྒྱལ་བ་རྣམས་ཀྱིས་ཀུན་ཏུ་འགྲོ་བར་གསུངས།། འདོད་ཆགས་མོས་པ་དག ་གིས་སྤྱོད་པར་རབ་ཏུ་ཤེས།། ཞེ་སྡང་མོས་པ་རྣམས་དང་དེ་བཞིན་གཏི་མུག་དང་།། སྤྱོད་པ་རྣམ་པར་འགྱུར་བ་ལ་ཡང་དེ་མཁས་ཏེ།། དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་བསྟན།། ་འདོད་པའི་ཁམས་ལ་ཤིན་ཏུ་གནས་པར་མི་བྱེད་དེ།། གཟུགས་ཀྱི་ཁམས་ལ་ཡང་ནི་གནས་པར་མི་འགྱུར་རོ།། དེ་ནི་གཟུགས་མེད་པ་ཡི་ཁམས་ལ་མི་གནས་ཏེ། དེ་བྱེར་དེ་ནི་རྩ ་བས་ཀུན་ཏུ་འགྲོ་བར་བརྗོད།། རྟག་ཏུ་མཚན་མ་དང་ནི་སྨོན་པས་གསོག་གྱུར་དང་།། དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་དེ་མོས་ཤིང་།། ཟག་པ་རྣམས་ནི་བར་དུ་ཟད་པར་མི་བྱེད་དེ།། དེ་ཕྱིར་དེ་ནི་རྒྱལ་བས་ཀུན ་ཏུ་འགྲོ་བར་བསྟན།། དེ་ནི་རང་རྒྱལ་ཐེག་པ་ལ་ཡང་མཁས་པ་ཡིན།། སྒྲ་ཕྱིར་འབྲང་བ་ཉན་ཐོས་འགྱུར་བའང་དེ་ཡིས་ཤེས།། རྫོགས་པའི་སངས་རྒྱས་ཐེག་པའི་ཕ་རོལ་སོང་བ་ཡིན།། དེ་ཕྱིར་བདེ ་བར་གཤེགས་པས་ཀུན་ཏུ་འགྲོ་བར་བརྗོད།། དེ་དག་རྟག་པར་ཀུན་ཏུ་བློ་གྲོས་དྲི་མ་མེད།། དེ་དག་ཚུལ་དང་ཚུལ་མ་ཡིན་ལ་མི་རྨོངས་ཏེ།། མཛའ་བ་དང་ནི་མི་མཛའ་བ་ལའང་མཉམ་པའི་ཡིད།། ་དེ་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་འགྲོ་བ་ཡིན།། འདས་པ་དག་གི་ཆོས་ལའང་རྣམ་པར་མི་རྟོག་ཅིང་།། མ་འོངས་པ་དང་། ད་ལྟར་གྱི་ལའང་དེ་བཞིན་ཏེ།། ཐམས་ཅད་དུ་ཡང་དཔའ ་བོ་རྣམ་པར་མི་རྟོག་སྤྱོད།། དེ་ཕྱིར་སེམས་དག་པ་ཀུན་ཏུ་འན་བའོ།། བམ་པོ་གཉིས་པ།། ། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས ་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཆོས་རྣམས་ལས་ཤིན་ཏུ་འདའ།། འཇིག་རྟེན་གྱི་ཆོས་ཀྱི་ནང་ནའང་གད ་ལ། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་ཀྱང་མི་གོས།། འཇིག་རྟེན་གྱི་ཆོས་ཀྱི་འཇུག་པའང་རབ་ཏུ་འཚལ་ལ། འཇིག་རྟེན་གྱི་ཆོས་ཀྱི་འཇུག་པར་ཡང་མི་མཆི།། འཇིག་རྟེན་གྱི་ཆོས་ཀྱི་འཇུག ་པས་ཀྱང་སེམས་ཅན་རྣམས་འཇིག་རྟེན་གྱི་ཆོས་ཁས་ཡོངསུ་ཐར་བར་བགྱིད། འཇིག་རྟེན་གྱི་ཆོས་ཀྱི་མཉམ་པ་ཉིད་ཀྱང་ཐོབ་ལ། འཇིག་རྟེན་ཡང་རྣམ་པར་སྤྱོད་ཅིང་། འཇིག་རྟེན་གྱི་ཆོས ་རྣམས་ཀྱང་རྣམ་པར་འཇིག་པར་མི་བགྱིད་པ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་བྱེད་པར་སེམས་ལ་ཚིག་སུ་བཅད་པ་དག་གིས་སླར་བཀའ་སྩལ་པ། འཇིག་རྟེན་ཕུང་པོར ་ངས་བཤད་དེ།། འཇིག་རྟེན་དག་ནི་འདི་ལ་གནས།། འདི་ལ་གྲནས་པར་མ་བྱས་ན།། འཇིག་རྟེན་ཆོས་ལས་རྣམ་པར་གྲོལ།། བྱང་ཆུབ་སེམས་དཔའ་མཁས་པ་དེར།། འཇིག་རྟེན་རང ་བཞིན་ཉིད་ཤེས་ནས།། ཕུང་པོ་རྣམས་དང་རབ་ལྡན་ཡང་།། ། འཇིག་རྟེན་ཆོས་དང་ལྡན་མ་ཡིན།། རྙེད་པ་དང་ནི་མ་རྙེད་དང་།། ། དེ་བཞིན་གྲགས་དང་མ་གྲགས་དང་།། བསྟོད་སྨད་དང ་དང་སྡུག་བསྔལ་དང་།། དེ་དག་གིས་ནི་འཇིག་རྟེན་སྐྱོད།། ཤེས་རབ་ཆེན་པོ་བརྟན་དེ་རྣམས།། འཇིག་རྟེན་ཆོས་རྣམས་རབ་རྟོགས་ཤིང་།། འཇིག་རྟེན་འཇིག་པ་མཐོང་ནས་ནི།། འདི་དག ་ལ་ཡང་ཕུ་མོ་མི་འགྱུར།། རྙེད་པས་མཐོས་པར་མི་སེམས་ཏེ།། མ་རྙེད་པས་ཀྱང་སྨྲས་པ་མེད།། རཾ་རབ་བཞིན་དུ་མཐུ་བརྟན་པ།། རྣམ་པ་ཀུན་ཏུ་གནོད་མི་འགྱུར།། དེ་བཞིན་གྲགས་དང་མ ་གྲགས་ཀྱང་།། རྟག་ཏུ་མཚུངས་པར་འགྱུར་བ་ཡིན།། བདེ་དང་སྡུག་བསྔལ་བསྟོད་སྣད་ལ།། མཉམ་པ་ཉིད་དུ་གནས་པར་འགྱུར།། འཇིག་རྟེན་འདི་ནི་གཉིས་ལས་དྲུང་།། ཕྱིན་ཅི་ལོག ་ལས་ཀུན་ནས་ལངས།། དེ་ཕྱིར་འཇིག་རྟེན་འགྲོ་རྟོགས་ནས།། མཁས་པ་རྣམས་ནི་འགྲོ་མེད་འགྲོ།། འཇིག་རྟེན་འདི་འགྲོ་གང་ཡིན་པ།། འགྲོ་བ་དེ་མི་དེ་དག་ཤེས།། དེ་ཕྱིར ་འཇིག་རྟེན་འགྲོར་ཞུགས་ནས།། མི་བདེ་བ་ལས་སྐྱེ་བོ་འགྲོལ།། དཔའ་བོ་དེ་དག་འཇིག་རྟེན་སྤྱོད།། འདྲོ་བཞིན་དུ་ཆགས་པ་མེད། ཆོས་ཀྱི་དབྱིངས་ལ་རབ ་གནས་ནས།། འཇིག་རྟེན་དག་ཀྱང་འཇིག་མེད་བྱེད།། འཇིག་རྟེན་ཆོས་ཉིད་མི་ཤེས་པར།། འཇིག་རྟེན་གང་ལ་སྤྱོད་པར་ཡང་།། འཇིག་རྟེན་མཚན་ཉིད་ཤེས་ནས་ནི།། མཁས་པ་དེ་དག་ཉིད ་ན་སྤྱོད།། འཇིག་རྟེན་ནམ་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། དེ་དག་དེའི་འགྲོ་རིག་ནས།། འཇིག་རྟེན་ཆོས་ཀྱིས་གོས་པ་མེད།། ཇི་ལྟར་འཇིག་རྟེན་རབ་ཤེས་པ་ཀདེ ་བཞིན་སྲོག་ཆགས་རྣམས་ལ་སྨྲ།། ཆོས་ཀྱི་རང་བཞིན་ཤེས་ནས་ནི།། འཇིག་རྟེན་དག་ཀྱང་འཇིག་མི་བྱེད།། ཕུང་པོ་རྣམས་ལ་རང་བཞིན་མེད།། འདི་ནི་འཇིག་རྟེན་ཆོས་ཉིད་དོ།། གང་རྣམས ་དེ་ལྟར་མི་ཤེས་པ།། དེ་དག་རྟག་ཏུ་འཇིག་རྟེན་གནས།། མི་སྐྱེས་བ་དང་མ་བྱུང་བར།། གང་གིས་ཕུང་པོ་ཀུན་ཤེས་པ།། དེ་དང་། འཇིག་རྟེན་སྤྱོད་འགྱུར་ཡང་།། འཇིག་རྟེན་འདི་ལའང ་མི་གནས་སོ།། འཇིག་རྟེན་ཆོས་རྣམས་མི་ཤེས་ཤིང་།། འདུ་ཤེས་གཉིས་ལ་གང་གནས་པ།། འདི་བདེན་འདི་ནི་བརྫུན་ནོ་ཞེས།། མི་མཁས་དེ་དག་བརྩོད་པར་འགྱུར།། འདི་ལྟར་འཇིག་རྟེན་ཆོས ་རྣམས་ཀྱི།། ཡང་དག་ཆོས་ཉིད་ངས་ཤེས་པས།། ང་ནི་འཇིག་རྟེན་རྣམས་དང་ཡང་།། ནམས་ཀྱང་རྩོད་པར་མི་བྱེད་དོ།། རྩོད་པ་མེད་པའི་ཆོས་འདི་ནི།། སངས་རྒྱས་ཀུན་གྱིས་བཤད་པ་སྟེ། འཇིག ་རྟེན་མཉམ་པ་ཉིད་ཤེས་ན། འདི་ལ་བདེན་པ་འམ་བརྫུན་པ་མེད།། བརྫུན་པ་འམ་ཡང་ན་བདེན་པ་ཞིག། བསྟན་པ་ལ་ནི་རྙེད་གྱུར་ན།། མཐར་འཛིན་པར་ནིང་འགྱུར་ཏེ།། མུ་སྟེགས་ཅན་དང་ཁྱད ་པར་མེད།། གང་ཕྱིར་ཆོས་རྣམས་ཡང་དག་མིན།། བདེན་པ་དང་ནི་བརྫུན་པ་མེད།། དེ་ཕྱིར་འཇིག་རྟེན་འདས་པའི་ཆོས།། ངས་ནི་གཉི་སུ་མེད་པར་བཤད།། འཇིག་རྟེན་ཆོས་ཉིད་ཇི་ལྟ་བར།། གང་། ་གིས་འཇིག་རྟེན་འདི་ཤེས་པ།། མཁས་པ་དེ་དག་བདེན་པ་འམ།། བརྫུན་པའི་ལྟ་བའང་མི་འཛིན་ཏོ།། ནམ་མཁའ་ལྟ་བུར་རྣམ་པར་དག། གང་གིས་འཇིག་རྟེན་འདི་ཤེས་པ།། གྲགས་པ་ཆེན ་པོའི་འཇིག་རྟེན་གྱི།། སྣང་བ་ལྟ་བུར་གྱུར་པ་ཡིན།། ང་ཉིད་ཀྱིས་ནི་མཐོང་བ་ལྟར།། དེ་ལྟར་གང་གིས་འཇིག་རྟེན་མཐོང་།། ཕྱོགས་དང་ཕྱོགས་མཚམས་གང་བཞུགས་པ།། རྫོགས་པའི། ་སངས་རྒྱས་དེ་དག་གཟིགས།། ཆོས་རྣམས་ངོ་བོ་ཉིད་མེད་པར།། བརྟེན་པའི་ཆོས་རྣམས་རབ་ཏུ་ཤེས།། གང་རྣམས་བརྟེན་པ་ཤེས་པ་ནི།། དེ་དག་ཆོས་ཉིད་ཤེས་པ་ཡིན།། གང་རྣམས ་ཆོས་ཉིད་རབ་ཤེས་པ།། དེ་དག་སྟོང་པ་ཉིད་དེ་ཤེས།། གང་རྣ་མས་སྟོང་ཉིད་རབ་ཤེས་པ།། དེ་ཡིས་འདྲེན་པ་དེ་རྣམས། མཐོང་།། གང་རྣམས་འཇིག་རྟེན་བརྟན་པ་འདི།། རྣལ ་གྲག་པར་འགྱུར་བ་ནི།། དེ་དག་འཇིག་རྟེན་སྤྱོད་མོད་ཀྱི།། འཇིག་རྟེན་འདི་ལ་གནས་མ་ཡིན།། ལྷ་ལ་གནས་པ་གང་སུ་དག། གཞན་གྱིས་ནི་འདི་མ་ཡིན།། འཇིག་རྟེན་དུ་ནི་སྤྱོད་བྱེད་ཀྱང་།། ་འཇིག་རྟེན་འདི་ལ་གནས་པ་མེད།། སངས་རྒྱས་མྱ་ངན་འདས་ནས་ཀྱང་།། གང་རྣམས་བཟོད་པ་འདིར་མོས་པ།། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ།། རྫོགས་པའི་སངས་རྒྱས་དེ་ལ ་བཞུགས།། གང་གིས་ཚུལ་འདི་ཤེས་པ་ནི།། དེས་ནི་ང་ཡི་ཆོས་བཟུང་སྟེ།། དེ་ཡིས་ང་ལ་རྟག་ཏུ་མཆོད།། དེ་དག་འཇིག་རྟེན་སྟོན་པའོ།། གང་ཞིག་འཇིག་རྟེན་བསྟན་པ་འདི།། རྣ་ལམ ་གྲག་པར་གྱུར་པ་ནི།། སྡིག་ཅན་བདུད་ཀྱིས་དེ་དག་ལ།། གླགས་ཀྱང་རྙེད་པར་མི་འགྱུར་རོ།། གང་གིས་རྣམ་པ་འདི་ཤེས་པ།། དེ་དག་ཕྱུག་ཅི་ལོངས་སྤྱོད་ཆེ།། ་དེ་དག་སྦྱིན་ལ་རྟག་པར་དགའ།། དེ་དག་ཚུལ་ཁྲིམས་ཕུན་སུམ་ཚོགས།། གང་གིས་འཇིག་རྟེན་འདི་ཤེས་པ།། དེ་དག་བཟོད་པའི་སྟོབས་ལྡན་པ།། དེ་དག་བརྩོན་འགྲུས་རྟོགས་པར་རིག་མཁས། ་བདེ་དག་བསམ་གཏན་དགའ།། གང་གིས་རྣམ་པ་འདི་ཤེས་པ།། དེ་དག་ཏིང་འཛིན་ཕུན་སུམ་ཚོགས།། དེ་དག་ཉེ་བར་ནི་ལ་དགའ།། བརྟན་པ་དེ་དག་ཤེས་རབ་འཕགས།། གང་ན་འདི་འདྲ་གྲགས་པ ་ཡི་འཕྱོགས་དེ་སངས་རྒྱས་སྟོངས་མ་ཡིན།། སེམས་དཔའ་ཆེན་པོ་རང་མི་ཐོགས།། བྱང་ཆུབ་སྙིང་པོར་འགྲོ་བར་འགྱུར།། གྲང་རྣམས་འཇིག་རྟེན་བསྟན་པ་འདི།། རྣ་ལམ་གྲག་པར་འགྱུར་བ ་དག་། གཡོན་ཅན་བདུད་རྣམས་བཅོམ་ནས་ནི།། བྱང་།། ཆུབ་མཆོག་ཏུ་རྫོགས་འཚང་རྒྱ།། དེ་ནས་བཅོམ་ལྡན་འདས། ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་བཀའ་སྩལ། ་ཏོ་ཚངས་པ་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཡུལ་ལས་འདས་པས། འཇིག་རྟེན་དང་འཇིག་རྟེན་ཀུན་འབྱུང་བ་དང་། འཇོག་རྟེན་འགོག་པ་དང་། འཇིག་རྟེན་འགོག་པར་འགྲོ་བའི་ལམ ་དུ་ཡང་འདོག་སོ།། ཚངས་པ་དེ་ལ་འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔ་རྣམསོ།། གང་དེ་ལ་ཆགས་པ་དེ་ནི་འཇིག་རྟེན་ཀུན་འབྱུང་བའོ།། གང་ཕུང་པོ་རྣམས་ཀྱི་ཟད་པ་དང་འགག་པ་དེ་ནི་འཇིག ་རྟེན་འགག་པའོ།། གང་ཕུང་པོ་རྣམས་ཚོལ་བ་དང་མི་ཚོལ་བ་གཉིསུ་མེད་པ་དེ་ནི་ལམ་ལོ།། གཞན་ཡང་ཚངས་པ་ཕུང་པོ་རྣམས་ཕུང་པོ་རྣམས་ཤེས་ཐ་དད་དུ་འདོགས་པ་ལ། ་གང་སྨྲ་བ་དང་སྨྲ་བར་ལྟ་བ་འདི་ནི་འཇིག་རྟེན་ནོ།། གང་ལྔ་པ་དེའི་རྗེསུ་འབྲང་བ་འདི་ནི་འཇིག་རྟེན་ཀུན་འབྱུང་བའོ།། གང་ལྟ་བ་དེ་ཇི་ལྟ་བ་བཞིན་དུ་མཚན་ཉིད་འགགས་པ་དེ་ནི་འཇིག་རྟེན་འགག ་པ་ཞེས་བྱའོ།། ལམ་གང་གིས་ལྔ་བ་དེ་དག་མི་འཛིན་པ་དེ་ནི། འཇིག་རྟེན་འགོག་པར་འགྲོ་བའི་ལམ་སྟེ། ཚངས་པ་ངས་འདི་ལ་བསམས་ནས་ང་ནི་ལུས་འདོམ་གྲང་བ་འདི་ལ་འཇིག ་རྟེན་དང་། འཇིག་རྟེན་ཀུན་འབྱུང་བ་དང་། འཇིག་རྟེན་འགོག་པ་དང་། འཇིག་རྟེན་འགོག་པར་འགྲོ་བའི་ལམ་དུ་འདོག་སོ།། ཞེས་ཚིག་དེ་སྐད་བཤད་དོ།། དེ་ནས་བཅོམ་ལྡན ་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གང་འདི་འཕགས་པའི་བདེན་པ་བཞི་བསྟན ་ན། བཅོམ་ལྡན་འདས་འཕགས་པ་རྣམས་ཀྱི་བདེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་པ་འདི་ན་སྡུག་བསྔལ་བའོ་ཞེས་བྱ་བ་དེ་ནི་འཕགས་པ་རྣམས ་ཀྱི་བདེན་པ་མ་ཡིན་ནོ།། ཚངས་པ་འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།། འདི་ནི་སྡུག་བསྔལ་འགོག་པའོ།། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་བྱ་བ་དེ་ནི་འཕགས་པ་རྣས་ཀྱི ་བདེན་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འདི་ནི་སྡུག་བསྔལ་བའོ་ཞེས་བྱ་བ་དེ་ཇི་སྟེ་འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། དེ་ནི་བྱོལ་སོང་བ་ཡང་དང་། བོང་བུ་དང་། སེམས་ཅན ་དམྱལ་བ་བ་ཐམས་ཅད་ཀྱི་ཡང་འཕགས་པའི་བདེན་པར་འགྱུརརོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་སྡུག་བསྔལ་བ་ཚོར་བ་རྣམས་མྱོང་ངོ་།། ཚངས་པ་འདི་ནི་སྡུག་བསྔལ་ཀུན་འབྱུང་། ་བ་ཞེས་བྱ་བ་དེ་ཇི་སྟེ་འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། དེ་ནི་གང་འགྲོ་བ་རྣམསུ་འབྱུང་བའི་འགྲོ་བ་ཐམས་ཅད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཡང་འཕགས། ་པའི་བདེན་པར་འགྱུར་རོ།། འདི་ནི་འགོག་པའོ་ཞེས་བྱ་བ་དེ་ཇི་སྟེ་འཕགས་པའི་བདེན་པ་ཡིན་དུ་ཟིན་ན། དེ་ན་གང་རྣམས་དངོས་པོ་བཤིག་པས་མྱ་ངན་ལས་འདས་པ་ཚོལ་བ་དང་། འགོག་པར་ལྟ ་བར་ལྷུང་བ་ཆད་པར་སྨྲ་བ་ཐམས་ཅད་ལ་ཡང་འཕགས་པའི་བདེན་པར་འགྱུར་རོ།། འདི་ནི་ལམ་མོ་ཞེས་བྱ་བ་དེ་ཇི་སྟེ་འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། དེ་ནི་འདུས་བྱས་ཀྱིས་འདུས ་བྱས་ལས་འབྱུང་བར་ཚོལ་བ། འདུས་བྱས་ལམ་དུ་ད་མི། གས་པ་ཐམས་ཅད་ལ་ཡང་འཕགས་པའི་བདེན་པར་འགྱུར་ཏེ། དེ་བས་ན་ཚངས་པ་རྣམ་གྲངས་འདིས་ཇི་ལྟར་སྡུག་བསྔལ ་དང་། ཀུན་འཐུང་བ་དང་། འགོག་པ་དང་། ལརྣམས་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་པར། ཁྱོད་ཀྱིས་རིག་པར་བྱའོ།། དེ་ལྟ་མོད་ཀྱི་ཚངས་པ་གང་སྡུག ་བསྔལ་མི་སྐྱེ་བ་དེ་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། གང་ཀུན་འབྱུང་བ་མི་འཇུག་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། གང་ཆོས་ཐམས་ཅད་ཤིན་ཏུ་འགགས་པ་ལ་མི་སྐྱེ་མི ་འགོག་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། གང་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དང་གཉིས་སུ་མེད་པའི་ལམ་སྒོམ་པ་འདི་ནི་འཕགས་པའི་བདེན་པའོ།། ཚངས་པ་གང་བདེན། ་པ་བདེན་པ་ཞེས་བྱ་བ་ནི། གང་བདེན་པ་ཡང་མ་ཡིན། བརྫུན་པ་ཡང་མ་ཡིན་པའོ།། བརྫུན་པ་གང་ཞེ་ན། བདག་ཏུ་འཛིན་པ་དང་། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། ་གང་ཟག་ཏུ་འཛིན་པ་དང་། ཆད་པར་འཛིན་པ་དང་། རྟག་པར་འཛིན་པ་དང་། འབྱུང་བར་འཛིན་པ་དང་། འཇིག་པར་འཛིན་པ་དང་། སྐྱེ་བར་སེམས་པ་དང་། འགག་པར་འཛིན་པ་དང་། འཁོར་བར ་འཛིན་པ་དང་། མྱ་ངན་ལས་འདས་པར་འཛིན་པ་དེ་ནི་བརྫུན་ཞེས་བྱའོ།། གང་འཛིན་པ་འདི་དག་ལ་མི་འཛིན་ཅིང་མཆོག་ཏུ་མི་སྙེམས་པ་འདི་ནི་བདེན་པ་ཞེས་བྱའོ།། སྡུག་བསྔལ་ཡོངསུ ་ཤེས་པ་ཞེས་བྱ་བ་ནི་བརྫུན་ནོ།། ཀུན་འབྱུང་བ་རབ་ཏུ་སྤང་ངོ་ཞེས་བྱ་བ་ནི་བརྫུན་ནོ།། འགོག་པ་མངོན་དུ་བྱའོ་ཞེས་བྱ་བ་ནི་བརྫུན་ནོ།། ལམ་བསྒོམ་མོ་ཞེས་བྱ་བ་ནི་བརྫུན་ནོ།། དེ་ཅིའི་ཕྱིར ་ཞེ་ན། དེ་དག་ནི་སངས་རྒྱས་ཀྱིས་བཀའ་སྩལ་པའི་དྲན་པ་ལ་ཉམས་པ་ཡིན་ཏེ། དེའི་ཕྱིར་བརྫུན་པ་ཞེས་བྱའོ།། 8། སངས་རྒྱས་ཀྱིས་བཀའ་སྩལ་པའི་དྲན་པ་ཞེས་བྱ་བ་གང ་ཞེ་ན། གང་ཆོས་ཐམས་ཅད་ལ་མི་དྲན་ཞིང་ཡིད་ལ་མི་བྱེད་པ་འདི་ནི་སངས་རྒྱས་ཀྱིས་བཀའ་སྩལ་བའི་དྲན་པ་ཞེས་བྱ་བ་སྟེ། གང་དྲན་པ་དེ་ལ་གནས་པ་དེ་ནི་མཚན་མ་ཐམས ་ཅད་ལ་མི་གནས་པའོ།། གང་མཚན་མ་ཐམས་ཅད་ལ་མི་གནས་པ་དེ་ནི་ཡང་དག་པའི་མཐའ་ལ་གནས་པའོ།། གང་ཡང་དག་པའི་མཐའ་ལ་གནས་པ་དེ་ནི་ཡིད་མི་གནས་པའོ།། ་གང་ཡིད་མི་གནས་པ་དེ་ནི་བདེན་པར་སྨྲ་བ་ཡང་མ་ཡིན། བརྫུན་དུ་སྨྲ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་ཚངས་པ་རྣམ་གྲངས་འདིས་གང་ལ་བདེན་པ་ཡང་མེད། བརྫུན་པའང་མེད་པ་དེ་ནི ་འཕགས་པ་རྣམས་ཀྱི་བདེན་པ་ཡིན་པར་རིག་པར་བྱའོ།། ཚངས་པ་བདེན་པ་ཞེས་བྱ་བ་དེ་ནི་ནམ་ཡང་མི་བདེན་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུང་། མ་སྐྱེས། ་ཀྱང་རུང་ཆོས་ཉིད་ཆོས་ཀྱི་དབྱིངས་འདི་ནི་གནས་པའོ།། དེ་བཞིན་དུ་འཁོར་བ་དང་། དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་རྟག་ཏུ་མི་ཆད་པར་འཕགས་པ་རྣམས ་ཀྱི་བདེན་པའོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འཁོར་བ་སྤངས་པའི་ཕྱིར་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན། མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཡང་འཕགས་པ་རྣམས ་ཀྱི་བདེན་པ་མ་ཡིན་ཏེ། ཚངས་པ་གང་དག་གིས་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་དེ་ལྟར་མངོན་པར་རྟོགས་པ་མངོན་དུ་བྱས་པ་དེ་དག་ནི་བདེན་པར་སྨྲ་བ་ཡིན་ནོ།། ཡང ་ཚངས་པ་མ་འོངས་པའི་དུས་ན། དགེ་སློང་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ་ཁ་གཅིག་འབྱུང་སྟེ། དེ་དག ་ནི་སྡུག་བསྔལ་སྐྱེ་བ་ལ་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་སྨྲ་བར་འགྱུར་རོ།། ཀུན་འབྱུང་བའི་ཕྱིར། ཀུན་འབྱུང་འཕགས་པའི་བདེན་པ་ཞེས་སྨྲ་བར་འགྱུར་རོ།། ་དངོས་པོ་འཇིག་པའི་ཕྱིར་འགོག་པ་འཕགས་པ་འི་བདེན་པ་ཞེས་སྨྲ་བར་འགྱུར་རོ།། ལམ་གྱིས་འབྱུང་བའི་ཕྱིར་འཕགས་པའི་བདེན་པ་གཉིས་སུ་སྨྲ་བར་འགྱུར་ཏེ། སྐྱེས་བུ ་བླུན་པོ་དེ་དག་ནི་ཉན་ཐོས་མུ་སྟེགས་ཅན་ཞེས་ངས་བཤད་དོ།། གང་རྣམས་དངོས་པོ་འཇིག་པས་འགོག་པ་འཕགས་པའི་བདེན་པའོ་ཞེས་སྨྲ་བར་འགྱུར་བ་དེ་དག་ནི་ལམ་ལོགས་པར་ཞུགས་པ ་ཡིན་ཏེ། ང་ཡང་དེ་དག་གི་སྟོན་པ་མ་ཡིན། དེ་དག་ཀྱང་ངའི་ཉན་ཐོས་མ་ཡིན་ནོ།། ཚངས་པ་ལྟོས་ཤིག་ང་བྱང་ཆུབ་ཀྱི་སྙིང་པོར་འདུག་ནས་བདེན་པ་འམ། བརྫུན་པ་ཞེས་བྱ་བ་ཁོང་དུ་མ་ཆུ་དོ།། ་། ཆོས་གང་ངས་ཁོང་དུ་མ་ཆུད་པའི་ཆོས་དེ་དེ་བཞིན་གཤེགས་པ་གཞན་ལ་སྟོན་པར་མཛད་དམ། འཆད་པར་མཛད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལག་སོ།། བཅོམ་ལྡན་འདས་ཀྱིས། ་བཀའ་སྩལ་བ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་མི་དམིགས་པ་སྟེ། མ་ཟིན་པ་སྲིད་པའི་འགྲོ་བ་ཐམས་ཅད་དང་བྲལ་བའོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས ་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་སྟེ་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས། ཆོས་གང་ཡང་མ་དམིགས་ན། ཅི་མངོན་པར་རྟོགས་པས་དེ་བཞི། ་གཤེགས་པ་བྱང་ཆུབ་བརྙེས་ཤིང་ཡང་དག་པར་རྫོགས་པར་སངས་རྒྱས་ཤེས་བགྱི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་འདི་ཇི་སྙམ་དུ་སེམས་། ག་ངས ་འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་བཤད་ཝ་འདི་དག་དེ་བཞིན་ནམ། དེ་ལྟ་མ་ཡིན། གསོལ་པ། བཅོམ་ལྡན་འདས་མ་མཆིས་པ་ལག་སོ།། དེ་བར་གཤེགས་པ་མ་མཆིས་པ ་ལགསོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཆོས་གང་རྣམས་མེད་པ་དེ་དག་ཡོད་པ་འམ། འོན་ཏེ་མེད་པ། གསོལ་པ། བཅོམ་ལྡན་འདས་གང་མ་མཆིས་པ་དེ་ནི་མཆིས ་པའམ་མ་མཆིས་པ་ཞེས་མི་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གང་ཡང་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ཡང ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ཡང་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་དེ་ལྟར་དེ་བཞིན་གཙེ ་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ནས་མེད་པ་ཕྱིན་ཅི་ལོག་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་ཤིན་ཏུ་རང་བཞིན་གྱི་མི་སྐྱེ་བའི་ངོ་བོ་ཉིད་དུ་མཁྱེན་ཏེ། ཇི་ལྟར་ཤིན་ཏུ ་མི་མཁྱེན་པ་དང་། ཤིན་ཏུ་མི་རིགས་པ་དེ་ལྟར་མཁྱེན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་ངས་འདི་ལྟར་ཆོས་གང་མངོན་པར་སངས་རྒྱས་པ་དེ་ནི། མ་མཐོང་མ་ཐོས་མི་དྲན་མ་རྟོགས་རྣམ་པར་མི་རིག ་ཅིང་གཟུང་བ་ཡང་མེད། སྦྱར་བ་ཡང་མེད། བརྗོད་དུ་ཡང་མེད། རྗེསུ་སྦྱོར་བ་ཡང་མེད། ཡུལ་ཐམས་ཅད་ལས་འདས་པ། སླར་མེད་པ། རབ་ཏུ་སྨྲར་མེད་པ། དཔྱོད་པ་མེད་པ། རྟོགས་པར་མི་རུང ་ཡི་གེ་མེད་པ། ཚིག་གི་ལམ་མེད་པ། རྣམ་པར་རིག་ཏུ་ཡིན་ཏེ། ཚངས་པ་དེ་ལྟར་ཆོས་གང་ན་མཁའ་དང་འདྲ་བའི་ཆོས་ཆོས་དེ་མངོན་པར་རྟོགས་པར་འདོད་དམ། གསོལ་པ། བཅོམ ་ལྡན་འདས་དེ་ལྟ་མ་ལག་སོ།། བཅོམ་ལྡན་འདས་སངས་རྒྱ་ས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་བསམ་གྱིས་མི་ཁྱད་པའི་ཆོས་དང་ལྡན་ཏེ། དེ་ལྟར་རབ་ཏུ་ཞི་བའི་ཚེ ་མངོན་པར་སངས་རྒྱས་ནས། ཡི་གེ་དང་། ངེས་པའི་ཚིག་གིས་གཞན་དག་ལ་གོ་བར་མཛད་པ་ངོ་མཚར་ཏོ།། བཅོམ་ལྡན་འདས་གང་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ལ་མངོན་པར ་དད་པའི་སེམས་ཅན་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལག་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའོ།། བཀའ་སྩལ་པ། ཚད ་པ་ཇི་ལྟར་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ཡིན། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་འཇིག་རྟེན་ནི་བདེན་པ་ལ་མངོན་པར་ཆགས་ན། ཆོས་འདི་ནི་བདེན་པ་ཡང་མ་ལགས་བརྫུན་པ ་ཡང་མ་ལག་སོ།། འཇིག་རྟེན་ནི་ཆོས་ལ་མངོན་པར་ཆགས་ན་ཆོས་ཀྱང་མ་ལགས། ཆོས་མ་ལགས་པའང་མ་ལགས་སོ།། འཇིག་རྟེན་ནི་མྱ་ངན་ལས་འདས་པ་ལ་ཆགས་ན། ཆོས་དི ་ལ་ནི་འཁོར་བ་ཡང་མ་མཆིས། མྱ་ངན་ལས་འདས་པ་ཡང་མ་མཆིས་སོ།། འཇིག་རྟེན་ནི་དགེ་བ་ལ་མངོན་པར་ཆགས་ན། འདི་ལ་ནི་དགེ་བ་ཡང་མ་མཆིས། མི་དགེ་བ་ཡང་མ་མཆིས ་སོ།། འཇིག་རྟེན་ནི་བདེ་བ་ལ་མངོན་པར་ཆགས་ན། འདི་ལ་ནི་བདེ་བ་ཡང་མ་མཆིས། སྡུག་བསྔལ་བ་ཡང་མ་མཆི་སོ།། འཇིག་རྟེན་ནི་སངས་རྒྱས་འབྱུང་བ་ལ་མངོན་པར་ཆགས་ན་འདི ་ལ་ནི་སངས་རྒྱས་འབྱུང་བ་ཡང་མ་མཆིས། མྱ་ངན་ལས་འངས་པ་ཡང་མ་མཆིས།། ཆེས་བསྟན་ཀྱང་དེ་བརྗོད་དུ་མ་མཆིས་པ་འོ།། དགེ་འདུན་བསྟན་ཀྱང་དེ་འདུས་མ་འགྱིས་པའོ།། ་སླད་དུ་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཇུ། ན་པ་ལགསོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། མེ་དང་ཆུའམ། ཆུ་དང་མེའི་གནས་འདི་ནི་མི་མཐུན་པའོ།། ་དེ་བཞིན་དུ་ཉོན་མོངས་པ་དང་། བྱང་ཆུབ་བམ། བྱང་ཆུབ་དང་ཉོན་མོངས་པ་ནི་མི་མཐུན་པའོ།། དེ་ཅིའི་སླད་དུ་ཞེ་ན། ཉོན་མོངས་པ་མ་མཆིས་པར་དེ་བཞིན་གཤེགས་པས་མངོན་པར་སངས་རྒྱས། ་སོ།། བཤད་ཀྱང་སྣང་བའི་གཟུགས་མ་ལག་སོ།། ཀུན་མཁྱེན་ཀྱང་རྣམ་པར་མཁྱེན་པ་མ་མཆིས།། བསྒོམས་ཀྱང་གཉིས་སུ་མ་བགྱིས་མངོན་དུ་བགྱིས་ཀྱང་ཐོབ་པ་མ་མཆིས། མྱ ་ངན་ལས་འདས་ཀྱང་ཞི་བ་ཡང་མ་མཆིས་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་རྣམས་ཆོས་ཀྱི་ཚུལ་གྱི་རྣམ་པར་འདི་ལ་མོས་པ་དེ་དག་ནི་ལྟ་བར་གྱུར ་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ།། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བགྱིས་ཤིང་། སྔོན་གྱི་རྒྱལ་བ་ལ་ལྷག་པར་བགྱི་བ་བགྱིས་པ་ལས ་སོ་འདེ་དག་དགེ་བའི་བཤེས་གཉེན་གྱིས་ཡོངསུ་བཟུང་བ་ལག་སོ།། དེ་དག་དགེ་བའི་རྩ་བ་འབར་བའི་སླད་དུ་རྒྱ་ཆེན་པོ་ལ་མོས་པར་འགྱུར་རོ།། དེ་དག་དེ་བཞིན་གཤེགས་པའི་མཛོད ་འཆད་པའི་སླད་དུ་གཏེར་རབ་ཏུ་རྙེད་པར་འགྱུར་རོ།། དེ་དག་ལེགས་པར་བགྱི་བའི་ལས་བགྱིས་པའི་སླད་དུ་ལས་ཀྱི་མཐའ་ཤིན་ཏུ་འཐུན་པར་འགྱུ་རོ།། དེ་དག་སངས་རྒྱས་ཀྱི་རིགས་འཛིན ་པའི་སླད་དུ་རིགས་བཙུན་པར་འགྱུར་རོ།། དེ་དག་ཉོན་མོངས་པ་ཐམས་ཅད་ཡོངསུ་བཏང་བའི་སླད་དུ་གཏོང་བ་ཆེན་པོ་དང་ལྡན་པར་འགྱུར་རོ།། དེ་དག་ཚུལ་ཁྲིམས་ཀྱི་སྟོབས་དང་ལྡན་པ ་འགྱུར་ཏེ། ཉོན་མོངས་པའི་སྟོབས་ཅན་མ་ལནས། ལུས་སྲོག་བོར་བའི་སླད་དུ་དེ་དག་བཟོད་པའི་སྟོབས་ཅན་དུ། འགྱུར་རོ།། དེ་དག་ཡིད་ཡོངསུ་སྐྱོ་བ་མ་མཆིས་པའི་སླད་དུ་བརྩོན ་འགྲུས་ཀྱི་སྟོབས་ཅན་དུ་འགྱུར་རོ།། དེ་དག་སྡིག་པའི་ལས་བསྲེགས་པའི་སླད་དུ་བསམ་གཏན་གྱི་སྟོབས་ཅན་དུ་འགྱུར་རོ།། དེ་དག་སྡིག་པར་ལྟ་བ་རྣམས་དང་བྲལ་བའི་སླདདུ་ཤེས་རབ་ཀྱི་སྟོབས། ་ཅན་དུ་འགྱུ་རོ།། དེ་དག་བདུད་རྣམས་ཀྱིས་རབ་ཏུ་ཐུབ་པར་དཀའ་བར་འགྱུརརོ།། དེ་དག་ཕྱིར་རྒོལ་བ་རྣམས་ཀྱིས་མི་རྫི་བར་འགྱུརརོ།། དེ་དག་དེ་བཞིན་གཤེགས་པ་རྣམས་ལ་མི་སླུ་བར་འགྱུར་རོ།། ་དེ་དག་ཆོས་ཀྱི་རང་བཞིན་སྟོབས་པ་ལ་མཁས་པའི་སླད་དུ་ཡང་དག་པ་སྨྲ་བར་འགྱུ་རོ།། དེ་དག་དོན་དམ་པའི་ཆོས་སྟོན་པའི་སླད་དུ་བདེན་པ་སྨྲ་བར་འགྱུ་རོ།། དེ་དག་དེ་བཞིན་གཤེགས་པ་རྣམས་ཀྱིས ་ཡོང་སུ་བཟུང་བར་འགྱུའོ།། དེ་དག་འགྲོགས་ན་དེ་བའི་སླངད་དུ་ངེས་པར་འགྱུར།། དེ་དག་ལགས་པའི་ནོར་རྣམས་ཀྱིས་ནོར་དང་ལྡན་པར་འགྱུར།། དག་འཕགས་པའི་རིགས་རྣམས་ཚན ་འཚལ་བར་འགྱུར་རོ།། གསོ་སླ་ཞིང་དགང་སྲ་བར་འགྱུར་རོ།། དེ་དག་ཕ་རོལ་ཏུ་མཆི་བའི་སླད་དུ་དབུགས་འབྱིན་པ་ཐོབ་པར་འགྱུར་རོ།། དེ་དག་མ་རྒལ་བ་རྣམས་སྒྲོལ་བར་འགྱུར་རོ།། དེ་དག་མ་དགྲོལ ་བ་རྣམས་གྲོལ་བར་བགྱིད་པར་འགྱུར་རོ།། དེ་དག་དབུགས་འབྱིན་པ་མ་མཆིས་པ་རྣམས་ཀྱི་དབུགས་འབྱིན་པར་འགྱུར་རོ།། ཡོངསུ་མྱ་ངན་ལས་མ་འདས་པ་རྣམས་ཡོངསུ་མྱ་ངན་ལས་བཟློ་བར ་འགྱུར་རོ།། དེ་དག་ལས་སྟོན་པར་འགྱུར་རོ།། དེ། དག་མྱ་ངན་ལས་འདས་པ་སྟོན་པར་འགྱུར་རོ།། དེ་དག་སྨན་ཐམས་ཅད་ཡོངསུ་འཚལ་བའི་སླད་དུ་སྨན་པ་རྣམས་ཀྱི་རྒྱལ་པོར་འགྱུར ་རོ། དེ་དག་ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པའི་སླད་དུ་སྨན་ལྟ་བུར་འགྱུར་རོ།། དེ་དག་ཡེ་ཤེས་ཀྱི་སྟོབས་དང་ལྡན་པར་འགྱུརོ།། དེ་དག་མཐུས་སྤྲོ་བ་དང་ལྡན་པར་འགྱུརོ།། དེ་དག ་གཞན་གྱི་དྲིང་ལ་མི་འཇོག་པའི་སླད་དུ་རྩལ་དང་ལྡན་པར་འགྱུ་རོ།། དེ་དག་འཛེགས་པས་སྤུ་ལྡང་བ་མ་མཆིས་པའི་སླད་དུ་སེང་གེ་ལྟ་བུར་འགྱུརརོ།། དེ་དག་ཅང་ཤེས་པའི་སླད་དུ་བ་གླང་ལྟ་བུར ་འགྱུར་རོ།། དེ་དག་སེམས་རབ་ཏུ་དུལ་བའི་སླད་དུ་གླང་པོ་ཆེར་འགྱུར་རོ།། དེ་དག་འཁོར་མང་པོ་ཡོངསུ་སྡུད་པའི་སླད་དུ་ཁྱུ་མཆོག་ཏུ་འགྱུར་རོ།། དེ་དག་བདུད་དང་། ཕྱིར་རྒོལ་བ་རྣམས ་རབ་ཏུ་བཅོམ་པའི་སླད་དུ་དཔའ་བོར་འགྱུར་རོ།། དེ་དག་འཁོར་གྱིས་འཇིགས་པ་མ་མཆིས་པའི་སླད་དུ་བརྟན་པར་འགྱུར་རོ།། དེ་དག་མི་འཇིགས་པ་ཐོབ་པའི་སླད་དུ་མི་ཐུབ་པར ་འགྱུར་རོ།། དེ་དག་བདེན་པ་བསྟན་པ་རྣམས་ལ་འཇིགས་པ་མ་མཆིས་པར་འགྱུར་རོ།། དེ་དག་དཀར་པོའི་ཕྱོགས་ཡོངསུ་རྒྱས་པའི་སླད་དུ་ཟླ་བ་དང་མཚུངས་པར ་འགྱུ་རོ།། དེ་དག་ཤེས་རབ་ཀྱིས་སྣང་བར་བགྱིད་པས་ཉི་མ་ལྟ་བུར་འགྱུར་རོ།། དེ་དག་མུན་པ་ཆེན་པོ་དང་དང་བྲལ་བའི་སླད་དུ་སྒྲོན་མ་ལྟ་བུར་འགྱུརོ།། དེ་དག་མཛའ་བ་དང་ཁོང་ཁྲོ་བ་མ་མཆིས་པའི་སླད་དུ ་གནི་རྟེན་ལྟ་བུར་འགྱུ་རོ།། དེ་དག་སེམས་ཅན་ཐམས་ཅད་ཉེ་བར་འཚེ་བའི་སླད་དུ་ས་དང་མཚུངས་པར་འགྱུརོ།། དེ་དག་ཆོས་ཐམས་ཅད་ལ་མི་གནས་པའི་སླད་དུ་རླུང་དང་མཚུངས་པར་འགྱུར་རོ།། ་དེ་དག་ཉོན་མོངས་པའི་དྲི་མ་ཐམས་ཅད་འཁྲུ་བའི་སླད། དུ་ཆུ་དང་མཚུངས་པར་འགྱུ་རོ།། དེ་དག་རློམ་སེམས་ཐམས་ཅད་ཡང་དག་པར་འཇོམས་པའི་སྐད་དུ་མེ་དང་མཚུངས ་བར་འགྱུར་རོ།། དེ་དག་སྐྱོད་མི་ནུས་པའི་སླད་དུ་རི་རབ་དང་མཚུངས་པར་འགྱུར་རོ།། དེ་དག་ལྷག་པའི་བསམ་པ་བརྟན་ཞིང་མི་ཕྱོད་དར་རྡོ་རྗེ་ལྟར་སྲ་བའི་འཁོར་ཡུ་གི་རི་ལྟ་བུར་འགྱུརོ།། དེ་དག ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་གདུལ་དཀའ་བར་འགྱུར་རོ།། དེ་དག་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་གཏིང་དཔག་དཀའ་བར་འགྱུརརོ།། དེ་དག་ཆོས་རིན་པོ་ཆེ་ཐད ་འདུ་བའི་སླད་དུ་རྒྱ་མཚོ་ལྟ་བུར་འགྱུ་རོ།། དེ་དག་ཉོན་མོངས་པ་ཐམས་ཅད་བས་པའི་སླད་དུ་གཏིང་དང་འདྲ་བར་འགྱུར་རོ།། དེ་དག་ཆོས་ཡོངསུ་ཚོལ་བས་ཆོག་མི་ཤེས་པར་འགྱུ་རོ།། དེ་དག་ཤེས ་རབ་ཀྱིས་ངོམས་པར་འགྱུརརོ།། དེ་དག་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བས་རྒྱལ་པོ་དང་མཚུངས་པར་འགྱུར་རོ།། དེ་དག་གཟུགས་འཛིན་པའི་སླད་དུ་བརྒྱ་བྱིན་དང་། མཚུངས་པར་འགྱུར་རོ།། དེ་དག ་དབང་སྒྱུར་བའི་སླད་དུ་ཚངས་དང་མཚུངས་པར་འགྱུར་རོ།། དེ་དག་ཆོས་མངོན་པར་སྒྲོག་པའི་སླད་དུ་སྤྲིན་དང་འདྲ་བར་འགྱུར་རོ།། དེ་དག་བདུད་རྩིའི་ཆར་རབ་ཏུ་འབེབས་པའི་སླད་དུ་ཆར་དང་འདྲ ་བར་འགྱུར་རོ།། དེ་དག་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་རྣམ་པར་འཕེལ་བར་བགྱིད་པར་འགྱུར་རོ།། དེ་དག་འཁོར་བའི་འདམ་ལས་རྒལ་བར་འགྱུར་རོ།། དེ་དག་སངས ་རྒྱས་ཀྱི་ཡེ་ཤེས་ལ་ཞུགས་པར་འགྱུར་རོ།། དེ་དག་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་འགྱུ་རོ།། དེ་དག་བློས་མཉམ་པ་མ་མཆིས་པར་འགྱུར་རོ།། དེ་དག་ཐོས་པས་མི་མཉམ་པ་དང ་མཉམ་པར་འགྱུར་རོ།། དེ་དག་གཞལ་བ་ལས་འདས་པའི་སླང་དུ་མཚུངས་པ་མ་མཆིས་པར་འགྱུར་རོ།། དེ་དག་སྤོབས་པ་ཐོགས་པ་མ་མཆིས་པར་འགྱུར་རོ།། དེ་དག་གཟུངས་རབ་ཏུ ་ཐོབ་པའི་སླད་དུ་དྲན་པར་འགྱུར་རོ།། དེ་དག་དོན་རྟོགས། པའི་སླད་དུ་འབྲང་བས་རྟོགས་པ་དང་ལྡན་པར་འགྱུར་རོ།། དེ་དག་ཆོས་ལ་ཚུལ་བཞིན་དུ་སོ་སོར་རྟོག་པའི་སླད་དུ་བློ ་གྲོས་དང་ལྡན་པར་འགྱུར་རོ།། དེ་དག་སེམས་ཅན་གྱི་བསེ་མ་པ་རྣམས་ལ་མཁས་པར་འགྱུར་རོ།། དེ་དག་འཇིག་རྟེན་ལ་ཕན་པའི་སླད་དུ་བརྩོན་པར་འགྱུརོ།། དེ་དག་འཇིག་རྟེན་ལས ་འཕགས་པར་འགྱུར་རོ།། དེ་དག་པདྨོ་ལྟ་བུར་མི་ཆགས་པར་འགྱུར་རོ།། དེ་དག་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་ཡོངསུ་མ་ཟིན་པར་འགྱུར་རོ།། དེ་དག་མཁས་པ་རྣམས་དགའ་བར་འགྱུར ་དེ་དག་མང་དུ་ཐོས་པ་རྣམས་ཀྱིས་ཆེར་བཀུར་བར་འགྱུ་རོ།། དེ་དག་རིག་པ་རྣམས་ཀྱིས་རི་མོར་བགྱི་བར་འགྱུར་རོ།། དེ་དག་ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར་རོ།། དེ་དག་འཇིག་ཏུ ་རྣམས་ཀྱིས་ཕྱག་བགྱི་བར་འགྱུར་རོ།། དེ་དག་འཕགས་པ་རྣམས་ཀྱིས་བཀུར་བསྟི་བགྱི་བར་འགྱུར་རོ།། དེ་དག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་སྨོན་པར། ་བགྱི་བར་འགྱུ་རོ།། དེ་དག་ཉི་ཚེར་སྤྱོད་པ་ལ་རེ་བ་མ་མཆིས་པར་འགྱུརོ།། དེ་དག་ཆགས་པ་མ་མཆིས་པའི་སླང་དུ་ཚུལ་མི་འཆོས་པར་འགྱུརརོ།། དེ་དག་སྤྱོད་ལམ་མཛེས་པར་འགྱུར་རོ།། དེ་དག་གཟུས ་བལྟ་ན་སྡུག་པར་འགྱུ་རོ།། དེ་དག་གཟི་བརྗིད་ཀྱིས་ཡིད་ཆགས་པར་འགྱུར་རོ།། དེ་དག་མཚན་རྣམས་ཀྱིས་བརྒྱན་པར་འགྱུ་རོ།། དེ་དག་དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པར་འགྱུར་རོ།། དེ་དག ་སངས་རྒྱས་ཀྱི་རིགས་ཡང་དག་པར་འཛིན་པར་འགྱུར་རོ།། དེ་དག་ཆོས་ཀྱི་རིགས་ཡོངསུ་སྲུང་བར་འགྱུར་རོ།། དེ་དག་དགེ་འདུན་གྱི་རིགས་ཀུན་ཏུ་སྲུང་བར་འགྱུ་རོ།། དེ་དག་ནི་སངས་རྒྱས་ཐམས ་ཅད་ཀྱིས་གཟིགས་སོ།། དེ་དག་གིས་ཆོས་ཀྱི་སྤྱན་རབ་ཏུ་ཐོབ་བོ།། དེ་དག་སངས་རྒྱས་ཀྱི་ཡེ་ཤེས་སུ་ལུང་བསྟན་པར་འགྱུར་རོ། དེ་དག་གིས་བཟོད་པ་གསུམ་ཡོང་སུ་རྫོགས་པར་བགྱི། ་སོ།། དེ་དག་བྱང་ཆུབ་ཀྱི་སྙིང་པོ་ཡོངསུ་རྫོགས་པ་གནསོ།། དེ་དག་གིས་བདུད་ཀྱི་སྡེ་རབ་ཏུ་བཅོམ་མོ།། དེ་དག་ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ།། དེ་དག་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་འགྱུར ་རོ།། དེ་དག་བཅོམ་ལྡན་འདས་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་ཏེ། བཅོམ་ལྡན་འདས་གང་གི་ཆོས་ཀྱི་ཚུལ་ཟབ་མོ་འདི་ཐོས་ནས་མི་སྐྲག་མི་དངང་ཤིན་ཏུ་དངང་བར་མི་འགྱུར་བ་དང་། ་གང་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འདི་ལྟར་ཟབ་པ་འདི་ལྟར་ཤེས་དཀའ་བ། འདི་ལྟར་བལྟ་དཀའ་བ། འདི་ལྟར་ཁོང་དུ་ཆུད་པར་དཀའ་བ། འདི་ཐོས་ནས་མོས་པར་འགྱུར་བ་དང་། ་འཛིན་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། གཞན་ལ་ཡང་རྒྱས་པར་བགྱིད་པར་འགྱུར་བ་དང་། ཆོས་འདི་ལ་རབ་ཏུ་ཞུགས་ཤིང་གཞན་ཡང་ནན་ཏན་ལ་འགོད་པར་བགྱིད་པའི་སྐྱེས ་བུ་དམ་པ་དེ་དག་གི་བསྔགས་པ། བསྐལ་པ་ལས་ལྷག་པར་བརྗོད་ཅིང་ཡོན་ཏན་ཡོངསུ་བསྒྲགས་ཀྱང་། བཅོམ་ལྡན་འདས་བདག་གིས་སྐྱེས་བུ་དམ་པ་དེ་དག་གི་ཡོན་ཏན་མཐར ་མི་ཕྱིན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཁྱོད་ཀྱིས་སྐྱེས་བུ་དམ་པ་དེ་དག་གི་བསྔགས་པ་འམ་ཡོན་ཏན་ཇི་ཙམ་དུ་ཤེས། ཚངས་པས ་གསོལ་པ། དེ་བཞིན་གཤེགས་པས་ཐོགས་པ་མ་མཆིས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཇི་སྙེད་མཁྱེན་པ་དང་།། དེ་དག་གི་ཡོན་ཏན་དེ་དག་དང་། དེ་ལས་ལྷག ་བར་ཡང་འཚལ་བར་བགྱི་སྟེ། གང་དེ་བཞིན་གཤེག། ས་པས་བཤད་པའི་དོན་དང་། ཚིག་དང་ཡི་གེ་ཟབ་མོ་རྣ་མས་རྟོགས་པར་རིག་པ་དང་མ་ལྡེམ་པོ་ངག་འཚལ ་པ་དང་འཐུན་པར་བགྱིད་ཅིང་འགལ་བར་མི་བགྱིད་པ་དང་། ཡང་དག་པར་སྤྱོང་ཞིང་སུན་འབྱིན་པར་མི་བགྱིད་པ་དང་། དོན་རྟོགས་པར་རིག་ཅིང་ཡི་གེའི་ཕྱིར་མི་སྙེགས་པ་དེ་དག་ནི་བརྗོད ་བ་གང་གིས་དེ་བཞིན་གཤེགས་པ་རྣམས་ཆོས་གསུང་བ་དང་། ལྡེམ་པོ་དག་གང་གིས་དེ་བཞིན་གཤེགས་པ་ཆོས་གསུངས་པ་དང་། ཐབས་གང་དང་ཚུལ་གང་དང་། སྙིང ་རྗེ་ཆེན་པོ་གང་གིས་དེ་བཞིན་གཤེགས་པ་ཆོས་སྟོན་པ་ངེས་པའི་ཚིག་བརྗོད་པ་རབ་ཏུ་འཚལ་ཏོ།། བཀའ་སྩལ་བ། ཚངས་པ་བྱང་ཆུབ་སེམས་དཔའ་གང་ལ་ལ་དེ་བཞིན ་གཤེགས་པའི་སྟོབས་ལྔའི་སྦྱོར་བ་འདི་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི་སངས་རྒྱས་ཀྱི་མཛད་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་ཞེས་བྱའོ།། ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་ལྔའི་སྦྱོར་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་སྨྲ་བ་དང་། ལྡེམ་པོ་དག་ཏུ་སྨྲ་བ་བསྟན་པ་དང་། ་བབས་ཀྱིས་ཆོས་ལ་མོས་པར་བྱེད་པ་དང་། ཚུལ་ཉེ་བར་བསྟན་པ་དང་། སྙིང་རྗེ་ཆེན་པོའི་རྗེས་སུ་འཇུག་པ་སྟེ། ཚངས་པ་འདི་དག་ནི་གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མ། ་ཡིན་པ། དེ་བཞིན་གཤེགས་པའི་སྟོབས་ལྔའི་སྦྱོར་བའོ།། གསོལ་པ་བཅོམ་ལྡན་འདས་གསུང་བ་གང་གིས་དེ་བཞིན་གཤེགས་པ་ཆོས་རྣམས་གསུང་།། བཅོམ་ལྡན་འདས་ཀྱིས། ་བཀའ་སྩལ་པ། ཚངས་པ་འདས་པ་སྨྲ་བ་དང་། མ་འོངས་བ་སྨྲ་བ་དང་། ཀུན་ནས་ཉོན་མོངས་པ་སྨྲ་བ་དང་། རྣམ་པར་བྱང་བ་སྨྲ་བ་དང་། དགེ་བ་དང་མི་དགེ་བ་སྨྲ་བ་དང་། འཇིག་རྟེན་པ་དང་། ་འཇིག་རྟེན་ལས་འདས་པ་སྨྲ་བ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་སྨྲ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་སྨྲ་བ་དང་། འདུས་བྱས་དང་། འདུས་མ་བྱས་སྨྲ་བ ་དང་ཁདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་སྦ་བ་དང་། ཐོབ་པ་མངོན་དུ་བྱེད་པ་སྨྲ་བ་དང་། འཁོར་བ་དང་མྱ་ངན་ལས་འདའ་བ་སྨྲ་བ་སྟེ། ཚངས ་བསྨྲ་བ་དེ་དག་ཀྱང་ཡོངསུ་མ་གྲུབ་པའི་ཚུལ་གྱིས་སྨྲ་བ་སྒྱུ་མ་ལྟ་བུར་བལྟའོ།། མེད་པ་མཐོང་བའི་ཚུལ་གྱིས་སྨྲ་བ་རྨི་ལམ་ལྟ་བུར་བལྟའོ།། ན་མཁའི་སྒྲ་སྐད་ཀྱི་ཚུལ་གྱིས་སྨྲ་བ་བྲག ་ཆ་ལྟ་བུར་བལྟའོ།། རྐྱེན་འདུས་པའི་ཚུལ་གྱིས་སྨྲ་བ་མིག་ཡོར་ལྟ་བུར་བལྟའོ།། རྒྱུ་མི་འཕོ་བའི་ཚུལ་གྱིས་སྨྲ་བ་གཟུགས་བརྙན་ལྟ་བུར་བལྟའོ།། ཕྱིན་ཅི་ལོག་ཏུ་མཐོང་བའི་ཚུལ་གྱིས་སྒྲ ་བ་སྨིག་རྒྱུ་ལྟ་བུར་བལྟའོ།། མི་འབྱུང་མི་འཇིག་པའི་ཚུལ་གྱིས་སྨྲ་བ་ན་མཁའ་ལྟ་བུར་བལྟའོ།། བརྗོད་དུ་མེད་པའི་ཚུལ་གྱིས་སྨྲ་བ་སྨྲར་མེད་པར་བལྟའོ།། ཚངས་པ་བྱང་ཆུབ་སེམས ་དཔའ་གང་ཆོས་སྨྲ་བ་འདི་ཤེས་ན། བྱང་ཆུབ་སེམས་དཔའ་དེ་དག་ནི་སྨྲ་བ་ཐམས་ཅད་སྒྲ་ཡང་ཆོས་གང་ལ་ཡང་མངོན་པར་མི་ཆགས་སོ།། དེ་མངོན་པར་མ་ཆགས་པས་ཡེ ་ཤེས་ཐོགས་པ་མེད་པའི་སྤོངས་པ་གང་གིས་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་ཆོས་བཤད་ཀྱང་རྒྱུན་མི་ར་འཆད་པ་དང་། སྨྲ་བ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས། ་དང་ཐ་མི་དད་པར་སྨྲ་བ་དང་། ཆོས་རྣམས་ཀྱི་ཐ་མི་དད་པ་ལ་ཡང་མངོན་པར་ཆགས་པར་མི་འགྱུར་བའི་ཡེ་ཤེས་ཐོགས་པ་མེད་པའི་སྤོབས་པ་འཐོབ་བོ།། ཚངས་པདེ ་བཞིན་གཤེགས་པས་དེ་ལྟར་གསུང་བར་ཆོས་བརྗོད་དོ།། ཚངས་པ་དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ལྡེམ་པོ་དག་ལ་མཁས་པ་ཁོང་དུ་ཆུད་ཅེ་ན། ་ཚངས་པ་འདི་ལ་དེ་བཞིན་གཤེགས་པ་ཀུན་ནས་ཉོན་མོངས་པ་ཡང་རྣམ་པར་བྱང་བར་སྟོན།། རྣམ་པར་བྱང་བ་ཡང་ཀུན་ནས་ཉོན་མོངས་པར་སྟོན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ལྡེམ་པོ ་ངག་ཏུ་ཤེས་པར་བྱའོ།། ཚངས་པ་དེ་བཞིན་གཤེགས་པ་ཀུན་ནས་ཉོན་མོངས་པ་ལ་རྣམ་པར་བྱང་བར་ཇི་ལྟར་སྟོན་ཅེ་ན། ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་རློམ་སེམས་མེད་པའི་ཕྱིར ་ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བར་སྟོན་ཏོ།། རྣམ་པར་བྱང་བ་ཀུན་ནས་ཉོན་མོངས་པར་ཇི་ལྟར་སྟོན་ཅེ་ན། རྣམ་པར་བྱང་བའི་ངོ་བོ་ཉིད་རློམ་སེམས་མེད་པའི། ་ཕྱིར་ཏེ། དེ་ལྟར་རྣམ་པར་བྱང་བ་ཀུན་ནས་ཉོན་མོངས་པར་སྟོན་ཏོ།། ཚངས་པ་ང་སྦྱིན་པས་མྱ་ངན་ལས་འདས་པར་སྟོན་ཏེ། དེ་ནི་བྱིས་པ་དག་གིས་མི་ཤེས་ཀྱི། དེ་ལ་བྱང་ཆུབ་སེམས ་དཔའ་ལྡེམ་པོ་ངག་ལ་མཁས་པ་ན། སྦྱིན་པ་ཡང་ཕྱི་མའི་ཚེ་སྐྱིད་པ་ཆེན་པོར་འགྱུར་ཡང་འདི་ལ་ཆོས་གང་ཡང་འཕོ་བ་མེད་དོ།། མི་འཕོ་བས་ན་མྱ་ངན་ལས་འདས་པའོ།། མངོན་པར་འདུ ་མི་བྱེད་པའི་ཚུལ་གྱིས་ཚུལ་ཁྲིམས་ཀྱིས་མྱ་ངན་ལས་འདྲས་པའོ།། སྐད་ཅིག་པའི་ཚུལ་གྱིས་བཟོད་པས་མྱ་ངན་ལས་འདས་པའོ།། བླང་བ་དང་དོར་བ་མེད་པའི་ཚུལ་གྱིས་བརྩོན་འགྲུས ་ཀྱིས་མྱ་ངན་ལས་འདས་པའོ།། རྣམ་པར་མི་རྟོག་པའི་། ཚུལ་གྱིས་བསམ་གཏན་གྱིས་མྱ་ངན་ལས་འདས་པའོ།། ཐོགས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱིས་མྱ་ངན་ལ། ་འདས་པའོ།། ཆོས་ཀྱི་དབྱིངས་འདོད་ཆགས་དང་བྲལ་བས་ན། འདོད་ཆགས་ནི་འདོད་ཆགས་དང་བྲལ་བའི་མཐའོ།། ཆོས་ཀྱི་དབྱངས་ལ་གཏུམ་པ་མེད་པས་ཞེ་སྡང་ནི་ཡང་དག་པའི་མཐའོ།། ་ཆོས་རྣམས་ལ་རྨོངས་པ་མེད་པའི་ཕྱིར་གཏི་མུག་ནི་གཏི་མུག་མེད་པའི་མཐའོ།། ཤི་འཕོ་མེད་པ་དང་སྐྱེ་བ་མེད་པའི་ཚུལ་གྱིས་འཁོར་བ་ཡང་མྱ་ངན་ལས་འདས་པའང་འཁོར་བའོ།། ཐ ་སྙད་དུ་འདོགས་པའི་ལྟ་བས་བདེན་པ་ཡང་བརྫུན་པའོ།། མངོན་པའི་ང་རྒྱལ་ཅན་རྣམས་ལ་ནི་བརྫུན་པ་ཡང་བདེན་པའོ་ཞེས་དེ་ལྟར་ཤེས་སོ།། གཞན་ཡང་ཚངས་པ་དེ་བཞིན་གཤེགས་པ ་ནི་ལྡེམ་པ་དག་གི་རྣམ་གྲངས་ཀྱིས་བདག་ཉིད་རྟག་པར་སྨྲ་བར་ཞལ་གྱིས་གནས་སོ།། བདག་ཉིད་ཀུན་ནས་ཉོན་མོངས་པར་སླ་བ་དང་ཆད་པར་སྨྲ་བ་དང་། ཁྱ་བ་མེད་པར་སྨྲ་བ་དང་། ལོག་པར། ་ལྟ་བ་དང་། མ་དད་པ་དང་། བྱས་པ་མི་གཟོ་བ་དང་། མཚམས་གཅོད་པ་དང་། སྐྱུགས་པ་ཟ་བ་དང་། གོ་སྐབས་མི་ཕྱེད་པར་ཞལ་གྱིས་བཞེས་ཀྱང་དེ་བཞིན་གཤེགས་པ་ནི་བཤད་པ་འདི ་དག་ལ་མི་འབྱུང་བ་མི་སྣང་ངོ་།། ལྡེམ་པོ་ངག་གང་གིས་སེམས་ཅན་རྣམས་ལྷག་པའི་ང་རྒྱལ་འཛིན་པ་འདོར་བར་འགྱུར་བའི་ལྡེམ་པོ་དག་དེ་དེ་བཞིན་གཤེགས་པ་སྟོན་ཏེ། དེ་ནི་དེ་བཞིན ་གཤེགས་པའི་ལྡེམ་པོ་དག་གོ།། ཚངས་པ་དེ་ལྟར་ན་དེ་བཞིན་གཤེགས་པ་ལྡེམ་པོ་ངག་ཏུ་ཆོས་སྟོན་ཏེ། དེ་ལ་བྱང་ཆུབ་སེམས་དཔས་སྤྱོད་པ་ལ་མཁས་པར་བློ་སྤྱད་པར ་ཕྱིའོ།། དེ་དེ་ལྟར་མཐར་ཕྱིན་པས་བསྟན་པ་ཐམས་ཅད་ལ་མཁས་པར་འགྱུར་རོ།། དེ་སེམས་ཅན་རྣམས་ལ་གཟུགས་ཀྱི་སྐུ་སྟོན་པས་སངས་རྒྱས་བྱུང་ངོ་སྙམ་དུ་མོས་པར་འགྱུར་རོ།། ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་དེ་བཞིན་གཤེགས་པ་མ་བྱུང་བའོ་ཞེས་མོས་པར་འགྱུར་རོ།། ཡི་གེ་རྣམ་པར་རིག་པ་ལྷུར་བྱེད་པའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པས་ཆོས ་བསྟན་ཏོ་ཞེས་མོས་པར་འགྱུར་རོ།། ཆོས་ཉིད་བརྗོད་དུ་མེད་པར་ངེས་པར་བྱས་ནས་ཆོས་བསྟན་དུ་མེད་དོ་ཞེས་མོས་པར་འགྱུར་རོ།། ཕྱིན་ཅི་ལོག་ལས་བྱུང་བའི་ཉོན་མོངས་པ ་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་ཡོངསུ་མྱ་ངན་ལས་འདས་པ་ཡོད་དོ་ཞེས་མོས་པར་འགྱུར་རོ།། མ་སྐྱེས་ཆོས་རྣམས་མི་འཇིག་པའི་ཕྱིར་མྱ་ངན་ལས་འདས་པ་མེད་དོ་ཞེས ་མོས་པར་འགྱུར་རོ།། ཀུན་རྫོབ་ལ་འཇུག་པས་སེམས་ཅན་ཡོད་དོ་ཞེས་མོས་པར་འགྱུར་རོ།། དོན་དམ་པ་བསྟན་པས་སེམས་ཅན་མེད་དོ་ཞེས་མོས་པར་འགྱུར་ཏེ། ་ཚངས་པ་དེ་ལྟར་ན་དེ་བཞིན་གཤེགས་པས་ལྡེམ་པོ་ངག་བསྟན་པས་ཆོས་སྟོན་ཏོ།། དེ་ལ་བྱང་ཆུབ་སེམས་དཔས་བསྟན་པ་ཐམས་ཅད་ལ་མི་སྐྲག་པར་བྱའོ།། དེ་ལ་ཚངས་པ ་དེ་བཞིན་གཤེགས་པ་ཐབས་གང་གིས་སེམས་ཅན་རྣམས་ལ་ཆོས་སྟོན་ཙ་ན། སྦྱིན་པས་ལོང་སྤྱོད་འཐོབ་པ་དང་། ཚུལ་ཁྲིམས་ཀྱིས་མཐོ་རིསུ་སྐྱེ་བ་དང་། བཟོད་པས ་གཟུགས་བཟང་པོ་འཐོབ་པ་དང་། བརྩོན་འགྲུས་ཀྱིས་ཡེ་ཤེས་འཐོབ་པ་དང་། བསམ་གཏན་གྱིས་རབ་ཏུ་དབེན་པ་འཐོབ་པ་ད་དང་། ཤེས་རབ་ཀྱིས་ཉོན་མོངས་པ་འདོར་བ་དང་། ཐོས་པས་ཤེས ་རབ་འཐོབ་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་གྱིས་མི་དང་ལྷའི་ཕུན་སུམ་འཚེགས་པ་རྣམས་འཐོབ་པ་དང་། བྱམས་བ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱིས་ཚངས ་བའི་འཇིག་རྟེན་དུ་སྐྱེ་བ་འཐོབ་པ་དང་། ཞི་གནས་ཀྱི་ལྷག་མཐོང་འཐོབ་པ་དང་། སློབ་པའི་སས་མི་སློབ་པའི་ས་འཇོག་དང་། རང་སངས་རྒྱས་ཀྱི་སས་སྦྱིན་པ་ཡོངསུ་སྦྱོང་བ་དང་། སངས་རྒྱས ་ཀྱི་སས་ཚད་མེད་པའི་ཡེ་ཤེས་མཐོང་བ་དང་། མྱ་ངན་ལས་འདས་པས་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་འཐོབ་པར་འགྱུར་རོ་ཞེས་ཚངས་པ་ང་ནི་ཐབས་ཀྱིས་སེམས་ཅན་རྣམས་ཆོས་འདི ་ལ་མོས་པར་བྱེད་དེ། དེ་བཞིན་གཤེགས་པ་ནི་བདག་གམ་སེམས་ཅན་ནམ། སྲོག་གམ། གང་ཟག་ཏུ་མི་དམིགས་སོ།། དེ་བཞིན་གཤེགས་པ་ནི་སྦྱིན་པའང་མི་དམིགས་སྦྱིན་པའི་འབྲས། ་བུ་ཡང་མི་དམིགས། སེར་སྣ་ཡང་མི་དམིགས། སེར་སྣའི་འབྲས་བུ་ཡང་མི་དམིགས། ཚུལ་ཁྲིམས་ཀྱང་མི་དམིགས། ཚུལ་ཁྲིམས་ཀྱི་འབྲས་བུ་ཡང་མི་དམིགས།། ངང་ཚུལ་ངན ་བ་ཡང་མི་དམིགས་ངང་ཚུལ་ངན་པའི་འབྲས་བུ་ཡང་མི་དམིགསབཟོད་པ་ཡང་མི་དམིགས་བཟོད་པའི་འབྲས་བུ་ཡང་མི་དམིགས་གནོད་སེམས་ཀྱང་མི ་དམིགས། གནོད་སེམས་ཀྱི་འབྲས་བུ་ཡང་མི་དམིགས། བརྩོན་འགྲུས་ཀྱང་མི་དམིགས། བརྩོན་འགྲུས་ཀྱི་འབྲས་བུ་ཡང་མི་དམིགས། ལེ་ལོ་ཡང་མི་དམིགས། ་ལེ་ལོའི་འབྲས་བུ་ཡང་མི་དམིགས་བསམ་གཏན་ཡང་མི་དམིགསབསམ་གཏན་གྱི་འབྲས་བུ་ཡང་མི་དམིགས། གཡེངས་པ་ཡང་མི་དམིགས། གཡེང་བའི་འབྲས་བུ། ་ཡང་མི་དམིགས། ཤེས་རབ་ཀྱང་མི་དམིགས། ཤེ་ས་རབ་ཀྱི་འབྲས་བུ་ཡང་མི་དམིགས།། འཆལ་བའི་ཤེས། རབ་ཀྱང་མི་དམིགས། འཆལ་བའི་ཤེས་རབ་ཀྱི་འབྲས་བུ། ་ཡང་མི་དམིགས་བདེ་བ་ཡང་མི་དམིགས། སྡུག་བསྔལ་བ་ཡང་མི་དམིགས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་མི་དམིགས་པ་ནས། བྱང་ཆུབ་ཀྱི་བར་དུ་ཡང་མི་དམིགས། ཡོང་སུ་མྱ ་ངན་ལས་འདས་པ་ཡང་མི་དམིགས་ཏེ། ཚངས་པ་སེམས་ཅན་དེ་དག་དེ་ལྟར་བསྟན་པས་སྦྱོར་ཞིང་རྩོལ་ཏེ་འབད་ཀྱང་། གང་གི་ཕྱིར་སྦྱོར་བ་དང་། རྩོལ་བ་དང་འབད་པའི་ཆོས་དེ་དག ་ཁོང་དུ་མི་ཆུད་ཅིང་མི་ཐོབ་སྟེ། གང་འདི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ན། ་མྱ་ངན་ལས་འདས་པའི་བར་དུ་ཁོང་དུ་མི་ཆུད་མི་ཐོབ་པ། ཚངས་པ་འདི་ནི་དེ་བཞིན་གཤེགས་པའི་ཐབས་ཀྱིས་ཆོས་བསྟན་པ་ཡིན་ཏེ། སེམས་ཅན་རྣམས་དམ་པའི། ་ཆོས་ཡོངསུ་འཛིན་དུ་གཞུག་པའི་ཕྱིར། བྱང་ཆུབ་སེམས་དཔས་ཐབས་མཁས་པ་ལ་སྦྱོར་བར་བྱའོ།། ཚངས་པ་དེ་ལ་དེ་བཞིན་གཤེགས་པའི་ཚུལ་བསྟན་པ་གང་ཞེ་ན། མིག་ནི་ཐར་པའི ་ཚུ་ལོ་དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་ནི་ཐར་པའི་ཚུལོ།། དེ་ཅིའི་ཕྱིར་ཞེ་ན། མིག་ནི་བདག་གམ་བདག་གིས་སྟོང་སྟེ། དེའི་རང་བཞིན་འདི་ཡིན་ནོ།། དེ་བཞིན་དུ་ཡི།། ་ཀྱི་བར་དུ་བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་འདི་ཡིན་ནོ།། ཚངས་པ་མི་སླུ་བའི་ཕྱིར་སྐྱེ་མཆེད་ཐམས་ཅད་ནི་སེམས་ཅན་རྣམས་ཀྱི་ཐར་པའི་ཚུལ་དུ་རིག་པར་བྱའོ།། འདི་ནི་སེམས ་ཅན་རྣམས་ཀྱི་ཐར་པ་ལ་བརྩོན་པ་མི་སླུ་བ་སྟེ། གཟུག། ས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་རྣམས་ཀྱངདེ་བཞིན་ནོ།། ཆོས་ཐམས་ཅད་ཀྱི་ཚུལ་འདི་ཡིན་ཏེ། གང ་འདི་སྟོང་པ་ཉིད་ཀྱི་ཚུལ་དང་། མཚན་མ་མེད་པའི་ཚུལ་དང་།། སྨོན་པ་མེད་པའི་ཚུལ་དང་། མངོན་པར་འདུ་མི་བྱེད་པའི་ཚུལ་དང་། མི་སྐྱེ་བའི་ཚུལ་དང་། མི་འགག་པའི་ཚུལ་དང་། འགྲོ་བ་མེད། ་ཅིང་འོང་བ་མེད་པའི་ཚུལ་དང་། ཤི་འཕོ་མེད་ཅིང་སྐྱེ་བ་མེད་པའི་ཚུལ་དང་། རང་བཞིན་གྱིས་འོད་གསལ་བའི་ཚུལ་དང་། དབེན་པའི་ཚུལ་ལོ།། རང་བཞིན་གྱིས་བེམས་པོ་ཡིན་པའི་ཕྱིར། ཁན ་ཚུན་མི་འཕྲད་པས་ན། དེ་བཞིན་གཤེགས་པས་ཡི་གེ་ཐམས་ཅད་ལས་ཐར་པའི་སྒོའི་ཚུལ་སྨོས་སོ།། ཚངས་པ་ཡི་གེ་ཐམས་ཅད་ལ་བདེན་པའི་གཏམ་དུ་བལྟས་ཏེ། གཏམ་ཐམ་ཅད ་ནི་དེ་བཞིན་གཤེགས་པའི་ཐར་པའི་ཚུལ་བདེན་པ་བསྟན་པས་བསྟན་ཏོ།། དེ་བཞིན་གཤེགས་པའི་ཆོས་བསྟན་པ་གང་ཀུན་ནས་ཉོན་མོངས་པར་འགྱུར་བ་དེ་གང་ཡང་མེད་དོ།། ་ཆོས་བསྟན་ཏོ་ཅོག་ཏུ་ཐར་པ་འདྲེན་ཅིང་མྱ་ངན་ལས་འདས་པ་སྟོན་ཏོ།། ཚངས་པ་འདི་ནི་དེ་བཞིན་གཤེགས་པའི་ཚུལ་བསྟན་པ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ།། ཚངས ་བདེ་ལ་དེ་བཞིན་གཤེགས་པ་སྙིང་རྗེ་ཇི་ལྟ་བུས་སེམས་ཅན་རྣམས་ལ་ཆོས་སྟོན་ཅེ་ན། སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་རྣམ་པ་སུམ་ཅུ་རྩ་གཉིས་དང་ལྡན་པ། ་སྐྱེའོ།། སུམ་ཅུ་རྩ་གཉིས་གང་ཞེ་ན། ཆོས་ཐམས་ཅད་ནི་བདག་མེད་པ་ཡིན་ན། སེམས་ཅན་རྣམས་ནི་བདག་མེད་བར་མ་མོས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམ་ས་ཅད་ནི་སེམས་ཅན་མེད་པ་ཡིན་ན། སེམས་ཅན་རྣམས་ནི་སེམས་ཅན་དུ་སྨྲ་སྟེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན ་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་སྲོག་མེད་པ་ཡིན་ན། སེམས་ཅན་རྣམས་ནི་སྲོག་ཏུ་སྨྲའོ་ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང ་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་གང་ཟག་མེད་པ་ཡིན་ན། སེམས་ཅན་རྣམས་ནི་གང་ཟག་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ ་སྐྱེའོ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཡིན་ན། སེམས་ཅན་རྣམས་ནི་ངོ་བོར་ལྟ་སྟེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས ་ཅད་ནི་གནས་མེད་པ་ཡིན་ན། སེམས་ཅན་རྣམས་ནི་གནས་ལ་རྟེན་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས ་ཐམས་ཅད་ནི་ཀུན་གཞི་མེད་པ་ཡིན་ན། སེམས་ཅན་རྣམས་ནི་ཀུན་གཞི་ལ་མངོན་པར་དགའ་སྟེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས ་ཅད་ནི་ང་ཡིར་བྱ་བ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་ངའིར་འཛིན་པ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས ་ཅད་ནི་བདག་པོ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་ཡོངསུ་འཛིན་པ་ལ་བརྩོན་ཏེ། དེའི་ཕྱིར་སེམས་ཅན་རྣམ་ས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། ་ཆོས་ཐམས་ཅད་ནི་དངོས་པོ་མེད་པ་ཡིན་ན།། སེམས་ཅན་རྣམས་ནི་དངོས་པོ་ལ་བརྟེན་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས ་ཅད་ནེ་མ་སྐྱེས་པ་ཡིན་ན། སེམས་ཅན་རྣམས་ནི་སྐྱེ་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་མ་འཕོས་མ ་བྱུང་བ་ཡིན་ན། སེམས་ཅན་རྣམས་ནི་འཆི་འཕོ་དང་སྐྱེ་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་ཀུན་ནས ་ཉོན་མོངས་པར་གྱུར་པ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་ཀུན་ནས་ཉོན་མོངས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས ་ཅད་ནི་འདོད་ཆགས་དང་བྲལ་བ་ཡིན་ན། སེམས་ཅན་རྣམས་ནི་ཆགས་པར་བྱེད་དོ།། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི ་ཞེ་སྡང་དང་བྲལ་བ་ཡིན་ན། སེམས་ཅན་རྣམས་ནི་ཞེ་སྡང་བར་བྱེད་དེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་གཏི་མུག ་དང་བྲལ་བ་ཡིན་ན།། སེམས་ཅན་རྣམས་ནི་འོངས་པ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་འོང་བ ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་འོང་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་འགྲོ་བ་མེད་པ་ཡིནན། ་སེམས་ཅན་རྣམས་ནི་སྐྱེ་བ་ལ་གནས་ཏེ། དེའི་ཕྱིར་སེམ། ས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེ། དེའོ།། ཆོས་ཐམས་ཅད་ནི་མངོན་པར་འདུ་མི་བྱེད་པ་ཡིན་ན།། ་སེམས་ཅན་རྣམས་ནི་མངོན་པར་འདུ་བྱེད་པ་ལ་སྤྱོད་དེ། དེ་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་སྤྲོས་པ་མེད་པ་ཡིན་ན། སེམས་ཅན ་རྣམས་ནི་སྤྲོས་པ་ལ་དགའ་སྟེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་སྟོང་པ་ཡིན་ན།། སེམས་ཅན་རྣམས་ནི་ལྟ་བར་ཞུགས་ཏེ། དེའི ་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་མཚན་མ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་མཚན་མ་ལ་སྤྱོད་ཡུལ་བར་འགྱུར་ཏེ།། ་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་སྨོན་པ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་སྨོན ་ལམ་སྤྱོད་དེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཕན་ཚུན་རྩོད་པས་ཡོངསུ་ཟིན་ཅིང་གནོད་སེམས་ཀྱི་ཐ་བའི་སྐྱོན ་ལ་ཞུགས་པར་གཟིགས་ནས་དེ་དག་ལ་གནོད་སེམས་ཀྱི་ཐ་བའི་སྐྱོན་སྤང་བའི་ཕྱིར་ཆོས་བརྟན་ཏོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་འཇིག ་རྟེན་གནས་པ་འདི་ནི་ཕྱིན་ཅི་ལོགས་དང་ལྡན་ཞིང་ལམ་ཉམས་དྲ་བར་ཞུགས་པ། ལམ་གོལ་བ་ལ་གནས་པ་ཡིན་ཏེ། དེ་དག་ཡང་དྲག་པའི་ལམ་དུ་གཟུད་བར་བྱའོ།། ཞེས་སེམས་ཅན་རྣམས ་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་བརྐམ་ཞིང་ཆགས་པའི་ཟིལ་གྱི། ས་ནོན་པ། ཆོག་མི་ཤེས་ཤིང་གཞན་གྱི་ནོར་འཕྲོག་པ ་ཡིན་ཏེ། དེ་དག་འཕགས་པའི་ནོར་དད་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་། གཏོང་བ་དང་། ཤེས་རབ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་ནོར་ལ་དགོད་དོ་ཞེས་སེམས་ཅན་རྣམས་ལ་དེ ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་ནོར་དང་འབྲུ་དང་། ཁྱིམ་དང་། བུ་དང་། ཆུང་མ་ལ་སྲེད་པས་འཁོལ་ཅིང་སྙིང་པོ་མེད་ལ་སྙིང་པོར་འཛིན་ཏེ། དེ་དག་ལ ་ཤིན་ཏུ་མི་རྟག་པ་ཉིད་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་མི་རིགས་པས་འཚོ་ཞིང་གཅིག་ལ་གཅིག་འདྲིད་པ། ་ལ་གནས་ཏེ། དེ་དག་འཚོ་བ་ཡོངསུ་དག་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་མི་མཛའ་བ ་ཡིན་ན།། ཁེ་དང་བཀུར་བསྟིས་རྒྱགས་ནས་བདག་ཅག་མཛའོ་སྙམ་དུ་སེམས་ཏེ། དེ་དག་གི་གང་འདི་སྡུག་བསྔལ་རྣམ་པར་ཞི་བའི་བདེ་བ་མྱ་ངན་ལས་འདས་པ་ལ་ཤིན་ཏུ་ཡང་དག་པའི ་དགེ་བའི་བཤེས་གཉེན་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་ནི་ཤིན་ཏུ་ཉོན་མོངས་པར་གྱུར་ཅིང་སྡུག ་བསྔལ་གྱི་ཆོས་མང་བའི་ཁྱིམ་གྱི་གནས་ལ་མངོན་པ།། ར་དགའ་བ་དེ་དག་ཁམས་གསུམ་ལས་བཟླ་བའི་ཕྱིར། འབྱུང་བའི་ཆོས་བསྟན་ཏོ།། ཞེས་སེམས་ཅན་རྣམ ་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་རྒྱུས་ཉེ་བར་འགྲོ་བ་རྣམ་པར་བསྒྲུབས་པས་ཉེ་བར་གནས་པའི་མཚན་ཉིད་དེ། འཕགས་པའི་རྣམ་པར་གྲོལ་བ ་དེ་ལ་ལེ་ལོ་བྱེད་དོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། སེམས་ཅན་རྣམས་ནི་ཆགས་པ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་མཆོག་ཁྱད་པར་དུ ་འཕགས་པའི་ཡོངསུ་མྱ་ངན་ལས་འདས་པ་འདི་བཏང་ཞིང་། གང་འདི་ཐེག་པ་དམན་པ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཚོལ་ཏེ། དེ་དག་གང་འདི་སངས་རྒྱས་ཀྱི་ཡེ་ཤེས ་ལ་དམིགས་པར་བྱ་བའི་ཕྱིར་རྒྱ་ཆེན་པོ་ལ་སེམས་མོས་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཚངས་པ་སེམས་ཅན་རྣམས་ལ་དེ་བཞིན་ག་ཕྱེ ་པ་སྙིང་རྗེ་རྣམ་པ་སུམ་ཅུ་རྩ་གཉིས་པོ་དེ་དག་དང་ལྡན་པར་སྐྱེ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོ་ལ་གནས་པ་ཞེས་བྱའོ།། ཚངས་པ་བྱང་ཆུབ་སེམས་དཔའ ་གང་ལ་ལ་སྙིང་རྗེ་ཆེན་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་དང་ལྡན་པར་སེམས་ཅན་རྣམས་ལ་འཇུག་ན། ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བསོད་ནམས ་ཀྱི་ཞིང་གཟི་བརྗིད་ཆེན་པོ་ཡོངསུ་རྒྱས་པ། ཕྱིར་མི་ལྡོགས་པ་སེམས་ཅན་གྱི་དོན་ལ་བརྩོན་པར་ཤེས་པར་བྱའོ།། ཡང་སྙིང་རྗེ་ཆེན་པོའི་ཆོས་ཀྱི་སྒོའི་ལེའུ་འདི་བཤད་པ་ན། སྲོག་ཆགས ་སྟོང་ཕྲག་སུམ་ཅུ་རྩ་གཉིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེསོ།། སྲོག་ཆགས་བརྒྱད་སྟོང་གིས་ནི་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ།། ལྷའི་བུ་སྟོང་ཕྲག་བདུན ་ཅུ་རྩ་གཉིས་ནི་ཆོས་རྣམས་ལ་རྡུལ་མེད་ཅིང་དྲི་མ་དང་བྲལ་བའི་ཆོས་ཀྱི་མིག་རྣམ་པར་དག་གོ།། དེ་ནས་བཅོམ་ལྡ་ན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད ་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཚངས། པ་བྱེད་པར་སེམས་འདི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཆོས་བསྟན་པ་འདི་ཐོས་ན་དགའ་བར་མི་དགྱི། ་རངས་པར་མི་འགྱུར་རོ།། ཁྱད་པར་སེམས་ཀྱིས་སྨྲས་པ། རིགས་ཀྱི་བུ་གང་གིས་རྣམ་པར་ཤེས་པ་གཉིས་དང་ལྡན་པ་དེ་དག་ལ་ནི་དགའ་བ་འམ། རངས་པར་ཡང་འགྱུར་གྱི་གཉི་སུ་མེད་པ་ཡང ་དག་པའི་མཐའ་ལ་གནས་པ་ལ་ནི་དགའ་བ་ཡང་མེད་རངས་པ་ཡང་མེདོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མས་སྤྲུལ་པའི་སྐྱེས་བུ་ནི་རྒྱུ་མ་གར་བྱེད་པར་ཞུགས་པ་ལ་དགའ་བ་ཡང་མེད་རངས ་པ་ཡང་མེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དང་ལྡན་པའི་ཕྱིར། དེ་བཞིན་གཤེགས་པའི་ཆོ་འཕྲུལ་ལ་དགའ་བ་ཡང་མི་སྐྱེ། རངས་པར་ཡང་མི ་འགྱུར་རོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པས་དེ་བཞིན་གཤེགས་པའི་སྤོབས་པ་ཐོས་ན་དགའ་བར་མི་བྱེད། རངས་པར་མི་འགྱུར་རོ།། རིགས་ཀྱི་དུ་དེ ་བཞིན་དུ་ཆོས་རྣམས་སྤྲུལ་པའི་རང་བཞིན་དུ་ཤེས་ནས། དེ་བཞིན་གཤེགས་པ་ལ་ལྷག་པར་དགའ་བ་ཡང་མི་སྐྱེའོ།། སེམས་ཅན་གཞན་ལ་ཡང་དམན་པར་མི་འཛིན་ཏོ།། དྲ་བ་ཅན་གྱི ་འོད་ཀྱིས་སྨྲས་པ། ཚངས་པ་ཁྱོད་ཀྱིས་ཆོས་ཐམས་ཅད་སྨྲ་མས་སྤྲུལ་པའི་རང་བཞིན་དུ་ཤེས་སམ། སྨྲས་པ། རིགས་ཀྱི།། བུ་གང་རྣམ་པ་གཉི་སུ་རྣམ་པར་བཞག་པ་སྤྱོད་པ་དེ་དག ་ལ་དྲིས་ཤིག། སྨྲས་པ། ཚངས་པ་ཁྱོད་གང་ལ་སྤྱོད། སྦས་པ། གང་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་སྤྱོད་པ་དེ་ལ་ང་ཡང་སྤྱོད་དོ།། སྨྲས་པ། ཚངས་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་འདོད། ་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ལ་སྤྱོད་དོ།། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཙོམ་དང་། ངར་འཛིན་པ་དང་།། ང་ཡིན ་འཛིན་པ་དང་། འདོད་པ་དང་། འདོད་ཆེན་དང་། ལོག་པར་སྦྱོར་བ་རྣམས་ལ་སྤྱོད་ན། ནི་ཁྱོད་ཀྱང་དེ་དག་ལ་སྤྱོད་དམ། སྨྲས་པ། རིགས་ཀྱི་བུ་ཁྱོད་སོ་སོའི་སྐྱེ་བོའི་ཆོས་ཡོངས་སུ་གྲུབ་པར། ་འདོད་དམ། སྨྲས་པ། ས་སོའི་སྐྱེ་བོ་ཉིད་ཀྱང་ང་མི་འདོད་ན། དེ་དག་གི་ཆོས་ཡོངསུ་གྲུབ་པ་ག་ལ་འདོད། སྨྲས་པ། རིགས་ཀྱི་བུ་གང་འདི་ཆོས་ཡོངས་སུ་མ་གྲུབ་པའི་ཆོས་དེ་ལ ་ཆགས་པ་འམ། ཞེ་སྡང་བ་འམ། གཏི་མུག་པར་བྱ་བ་ཁྱོད་འདོད་དམ། སྨྲས་པ། དེ་མ་ཡིན་ནོ།། སྨྲས་པ། རིགས་ཀྱི་བུ་ཆོས་ཐམས་ཅད་འདོད་ཆགས་དང་བྲལ། ་ཞེ་སྡང་དང་བྲལ། གཏི་མུག་དང་བྲལ་བའི་སྤྱོད་པ་ཡང་དེའི་མཚན་ཉིད་དོ།། རིགས་ཀྱི་བུ་དེ་ལྟར་སྤྱོད་པ་གཉི་སུ་མེད་པའི་ཕྱིར་སོ་སོའི་སྐྱེ་བོའི་སྤྱོད་པ་གང་ཡིན་པ་དེ་ཉིད་འཕགས་པ་རྣམས་ཀྱི ་སྤྱོད་པའོ།། རིགས་ཀྱི་བུ་ཡང་སྤྱོད་པ་ཐམས་ཅད་ནི་སྤྱོད་པ་མ་ཡིན་ནོ།། འདོགས་པ་ཐམས་ཅད་ནི་འགྲོ་བ་མ་ཡིན་པའོ།། སྨྲས་པ། ཚངས་པ་དེ་ཇི་ལྟར་སྤྱོད་པ་ཐམས་ཅད་སྤྱོད་པ་མ་ཡིན། སྨྲས་པ། ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་སྤྱོད་ཀྱང་ཆོས་ཀྱི་དབྱིངས་ལ་བྲི་བ་འམ། གང་བར་མི་དམིགས་ཏེ། དེའི་ཕྱིར་སྤྱོད་པ་ཐམས་ཅད་སྤྱོད་པ་མ་ཡིན་ནོ།། སྨྲས་པ། ཚངས་པ་ཇི་ལྟར་ན་འདོག ་པ་ཐམས་ཅད་འདོགས་པ་མ་ཡིན་ཞེ་ན། སྨྲས་པ། རིགས།། ཀྱི་ཆོས་ཐམས་ཅད་འདོགས་པ་མ་ཡིན་པས་བཏགས་པ། སྟེ། དེའི་ཕྱིར་ཆོས་ཐམས་ཅད་དུ་འདོགས་པ་ནི། འདོགས ་པ་མ་ཡིན་པའོ།། སྨྲས་པ། ཚངས་པ་ཇི་ལྟར་ན་འགྲོ་བ་ཐམས་ཅད་འགྲོ་བ་མ་ཡིན་ནེ་ན་སྨྲས་པ་གར་ཡང་མི་འགྲོ་བའི་ཕྱིར་འགྲོ་བ་ཐམས་ཅད་འགྲོ་བ་མ་ཡིན་པའོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་ཚངས་པ་ཁྱད་པར་སེམས་ལ་ཚངས་པ་ལེགསོ་ལེགས་སོ།། གལ་ཏེ་བཤད་པར་བྱ་ན། དེ་ལྟར་བཤད་པར་བྱའོ་ཞེས་ལེགསོ་ཞེས་བྱ་བ་བྱིན་ནོ།། དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན ་གྱི་འོད་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ།། ཚངས་པ་ཁྱོད་གང་འདི་སྐད་དུ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་སྤྱོད་པ་དེ་ཉིད་ལ་བདག་སྤྱོད་དོ་ཞེས་ཟེར ་ན་སྤྱོད་པ་དེ་ཁྱོད་ཀྱིས་ཐོབ་པ་ཡིན་ནོ།། སྨྲས་པ། རིགས་ཀྱི་བུ་གལ་ཏེ་བདག་ལ་སྐྱེ་བའི་རྒྱུ་ཡོད་ན་ནི། བདག་གིས་སྤྱོད་པ་ཡང་འཐོབ་པར་འགྱུར་རོ།། སྨྲས་པ། ཚངས་པ་དེ་གལ་ཏེ་མི་སྐྱེ་ན། ཇི ་ལྟར་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་སྤྲུལ་པའི་སྐྱེ་བ་ཇི་ལྟ་བར་བདག་གི་སྐྱེ་བ་ཡང་དེ་དང་འདྲའོ།། སྨྲས་པ། དེ་ནི་དེ་བཞིན ་གཤེགས་པས་སྤྲུལ་པ་ལ་སྐྱེ་བ་གང་ཡང་མེད་དེ།། སྨྲས་པ། ཅི་དེ་བཞིན་གཤེགས་པས་སྤྲུལ་པ་སྣང་ངམ། སྨྲས་པ། སངས་རྒྱས་ཁྱུ་མཆོག་ལྟ་བུར་བའི་ཕྱིར་སྣང་ངོ་།། སྨྲས་པ། ་རིགས་ཀྱི་བུ་ཁྱུ་མཆོག་ལྟ་བུར་གྱུར་པའི་ཕྱིར་བདག། གི་སྐྱེ་བ་ཡང་དེ་བཞིན་དུ་བལྟའོ།། སྨྲས་པ། ཚངས་པ་ཇི།། ལས་མངོན་པར་འདུ་བྱེད་པ་ལ་སྤྱོད་དམ། སྨྲས་པ། ་རིགས་ཀྱི་བུ་བདག་ནི་ལས་མངོན་པར་འདུ་བྱེད་པ་ལ་མི་སྤྱོད་དོ།། སྨྲས་པ། ལས་མེད་པ་ལ་དེ་ཇི་ལྟར་ལས་ཁྱུ་མཆོག་ལྟ་བུར་འགྱུར། སྨྲས་པ། ལས་ཇི་ལྟ་བ་བཞིན་དུ་དེ་ཁྱཱ ་མཆོག་ཀྱང་དེ་བཞིན་ཉིད་ལས་མི་འདའོ།། དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གླང་པོ་ཆེ་འདི་དག་གི་ལྡེམ་པོ་དགེ ་ལ་གང་འཇུག་པར་འགྱུར་བ་དེ་དག་ནི་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་སྐྱེས་བུ་དམ་པ་དེ་དག་གི་མིང་ཙམ་ཐོས་པ་ཡང་ལེགས་པར ་ཐོས་པ་ལགས་ན། ཆོས་བསྟན་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ཤིང་ལྗོན་པས་ཆེན་པོ་ལ་མ་བརྟེན་པར། རྩ་བ་དང་། སྡོང་པོ་དང་། ཡལ ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་སྟོན་པ་ལྟར། བཅོམ་ལྡན་འདས་སྐྱེས་བུ་དམ་པ་འདི་དག་གི་སྤྱོད་པའི་མཚན་ཉིད་ཀྱང་དེ་བཞིན་དུ་བལྟའོ།། འདི་ལྟར ་ཆོས་ཐམས་ཅད་ལ་མི་གནས་ཤིང་སྤྱོད་པ་དང་། སྐྱེ་བ་དང་། འབྱུང་བ་དང་། འཕོ་བ་དང་། འཆི་བ་ཡང་སྟོན་ལ། སངས་རྒྱས་ཀྱི་ཞིང་དག་ན་ཡང་གདའ་བ་དེ་དག་ལ། ལྷག་པར་ཤེས་རབ ་སྤོབས་པ་འདི་ལྟ་བུ་ཡང་སྤོབས་པར་འགྱུརརོ།། བཅོམ་ལྡན་འདས་ཤེས་རབ་ཀྱི་སྤོབས་པས་རྣམ་པར་འཕྲུལ་པ་འདི་ལྟ་བུ་མཐོང་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ག་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད། བམ་པོ་གསུམ་པ།། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་མེ་ཏོག་ཅེས་བྱ་བ་འཁོར་དེར་འདུས་ཤིང་། ་འདུག་པར་གྱུར་ཏེ། དེས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། གནས་བརྟན་ནི་དེ་བཞིན་གཤེགས་དཔས་ཤེས་རབ་ཅན་གྱི་མཆོག་ཏུ་གསུངས་ན། འདི ་ལྟར་ཤེས་རབ་ཀྱི་སྤོབས་པ་རྣམ་པར་འཕྲུལ་པ་འདི་ལྟ་བུས་རྣམ་པར་འཕྲུལ་མི་ནུས་པ། ཅི་གནས་བརྟན་གྱིས་ཆོ་ས་ཀྱི་དབྱིངས་ཁོང་དུ་མ་ཆུད་དམ། གནས་བརྟན་གྱིས ་སྤྲས་པ། ཀུན་ཏུ་མེ་ཏོག་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ནི་ཡུལ་ཇི་བལྟ་བ་བཞིན་དུ་སྟོན་ཏོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཅི་ཆོས་ཀྱི་བྱིངས་ཡུལ་དུ་བགྲང་ངམ། སྨྲས་པ། དེ་ནི་མ་ཡིན་སྨྲས་པ། ་རིན་ཇེ་ལྟར་གནས་བརྟན་ཤཱ་རིའི་བུ་ཡུལ་ཇི་ལྟ་བ་བཞིན་དུ་སྟོམ་། སྨྲས་པ། ཉན་ཐོས་ཀྱི་ཁོང་དུ་ཆུད་པ་ཇི་ཙམ་པར་བསྟན་པའང་དེ་ཙམ་མོ།། སྨྲས་པ། ཙོག་ནས་བརྟན་གྱིས་ཆོས་ཀྱི་དབྱིངས་ཀྱི། ་ཡུལ་རྣམ་པ་ཚད་མེད་པ་ཁོང་དུ་ཆུད་དམ། སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།། སྨྲས་པ། ཆོས་ཀྱི་དབྱིངས་ལ་ཚད་ཡོད་པ་མ་ཡིན་པས་ན། ཆོས་ཀྱི་དབྱིངས་ནི་ཚད་མེད་པ་ཡིན་ཏེ། ཙུན་པ་ཤཱ་རིའི་བུ ་ཇི་ལྟར་ཚད་མེད་པར་ཁོང་དུ་ཆུད་པ་དེ་བཞིན་དུ་ཚད་མེད་པར་བསྟན་པ་ཡིན་ན། དེ་ཇི་ལྟར་གང་གི་ཁོང་དུ་ཆུད་པ་ཇི་འདྲ་བ། དེའི་བསྟན་པ་ཡང་དེ་འདྲ་བར་འགྱུར། སྨྲས་པ། ཀུན་ཏུ་མེ་ཏོག་ཆོས ་ཀྱི་དབྱིངས་ནི་ཁོང་དུ་ཆུད་པའི་མཚན་ཉིད་མ་ཡིན་ན། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པའི་མཚན་ཉིད་མ་ཡིན་ན། ཅི་ཁྱོད་ཀྱི་དབྱིངས་དང་ཐ་དད་དུ་རྣམ་པར ་གྲོལ་ལམ། སྨྲས་པ། ཅིའི་ཕྱིར། སྨྲས་པ། ཆོས་ཀྱི་དབྱིངས། དང་བར་འགྱུར་བའི་ཕྱིར་རོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་དེའོ། ཕྱིར་ཁོང་དུ་ཆུད་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་དབྱིངས ་ཀྱང་དེ་བཞིན་ནོ།། སྨྲས་པ། ཀུན་ཏུ་མེ་ཏོག་བདག་ནི་སྟོན་འདོད་པ་མ་ཡིན་གྱི་བདག་ནི་ཉན་འདོད་པའོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་ཀྱི་དབྱིངས་མི་འགྱུར་བར་ངེས་པ་ལ། ཙཾ ་བཤད་པར་བྱ་འམ། མཉན་པར་བྱ་འམ། སྨྲས་པ། འོ་ན་ཅིའི་ཕྱིར་བདག་ནི་ཉན་པར་འདོད་པ་ཡིན་གྱི། སྟོན་འདོད་པ་མ་ཡིན་སྙམ་དུ་སེམས། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཀྱང ་གང་གུས་པར་ཆོས་སྟོན་པ་དང་། གང་གུས་པར་ཆོས་ཉན་པ་གང་ཟག་གཉིས་ནི་བསོད་ནས་མང་དུ་སྐྱེད་དོ་ཞེས་གསུངས་ཀྱིས། དེའི་ཕྱིར་ཁྱོད་ཀྱིས་ཤོད་ཅིག། བདག་གིས་མཉན་ཏོ།། ་སྨྲས་པ། གནས་བརྟན་ཤཱ་རིའི་བུ་འདུ་ཤེས་དང་། ཚོར་བ་ཐམས་ཅད་ལ་འགོག་པར་སྙོམས་པར་ཞུགས་ལ་ཆོས་ཉན་ནུས་སམ། སྨྲས་པ། རིགས་ཀྱི་བུ་གང་གིས་མཉན་པར་བྱ ་བའི་གཉིས་ལ་འཇུག་པ་འགོག་པ་ལ་མེད་དོ།། སྨྲས་པ། གནས་བརྟན་ཤཱ་རིའི་བུ་ཆོས་ཐམས་ཅད་རང་བཞིན་གྱིས་འགགས་པར་འདོད་དམ། སྨྲས་པ། རིགས་ཀྱི་བུ ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་ཤིན་ཏུ་འགགས་པའོ།། སྨྲས་པ། དེའི་ཕྱིར་གནས་བརྟན་ཤཱ་རིའི་བུ་རྟག་ཏུ་མི་ཆད་པར་ཆོས་མཉན་པའི་སྐལ་བ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས ་ཅད་རང་བཞིན་གྱིས་འགགས་པའི་ཕྱིར་རོ།། སྨྲས་པ། རིགས་ཀྱི་བུ་ཁྱོད་ཏིང་ངེ་འཛིན་ལས་མ་ལངས་པར་ཆོས་སྟོན་ནུས་སམ། སྨྲས་པ། གནས་བརྟན་ཤཱ་རིའི་བུ་གང་རྟག་ཏུ་མཉམ་པར ་མ་བཞག་པའི་ཆོས་གང་ཡང་དམིགས་སམ། སྨྲས་པ། དེ་མ་ཡིན་ནོ།། སྨྲས་པ། འོ་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་མཉམ་པར་བཞག་པར་འགྱུར་རོ།། སྨྲས་པ། རིགས་ཀྱི ་བུ་ཏིང་ངེ་འཛིན་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མཉམ་པར་བཞག་པ་ཡིན། སྨྲས་པ། ཆོས་ཀྱི་དབྱིངས་མི་འཁྲུགས་པའི་ཏིང་ངེ་འཛིན་ལའོ།། སྦས་པ་ཀུན་ཏུ་མེ ་ཏོག་དེ་ལྟ་ཡིན་དུ་ཟིན་ན། སོ་སོའི་སྐྱེ་བོ་རྣམས་དང་། འཕགས་པ་རྣམ་སུ་བྱེ་བྲག་མེད་པར་འགྱུར་རོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། ང་ནི་འཕགས་པ་དང་། སོ་སོའི་སྐྱེ་བོ ་རྣམས་ཐ་དད་དུ་དབྱེ་བར་མི་འདོད་དོ།། དེ་ཅིའི་ཕྱིར་ཞེ་ན། འཕགས་པ་རྣམས་ཀྱིས་ཀྱང་ཆོས་གང་ཡང་མ་འགགས། བྱིས་པ་སོ་སོའི་སྐྱོ་བོ་རྣམས་ཀྱིས་ཀྱང་ཆོས་གང་ཡང་མ་བསྐྱེད། ་ཆོས་ཀྱི་དབྱིངས་མཉམ་པ་ཉིད་དེ་གང་ཡིན་པ་དེ་ཉིད་ལས་ཀྱང་མི་འདའོ།། སྨྲས་པ། རིགས་ཀྱི་བུ་ཆོས་རྣམས་ཀྱི་མཉམ་པ་ཉིད་གང་ཡིན། སྨྲས་པ་གནས་བརྟན་གྱིས་ཡོངསུ ་ཤེས་པ་དེ་སྟོན་ཏེ། གནས་བརྟན་གྱིས་ཀྱང་འཕགས་པའི་ཆོས་རྣམས་བསྐྱེད་དམ། སྨྲས་གདེ་མ་ཡིན་ནོ།། སྨྲས་པ། ཅི་ཁྱོད་ཀྱིས་མ་སོའི་སྐྱེ་བོ་རྣམས་འགག་པར་བྱས་སམ། སྨྲས་པ། དེ་མ་ཡིན་ནོ།། ་སྨྲས་པ། འོན་ཁྱོད་ཀྱིས་འཕགས་པའི་ཆོས་རྣམས་ཐོབ་བམ། སྨྲས་པ། དེ་མ་ཡིན་ནོ།། སྨྲས་པ། འོ་ན་ཅི་ཁྱོད་ཀྱིས་སོ་སོའི་སྐྱེ་བོའི་ཆོས་རྣམས་ཡོངས་སུ་ཤེས་སམ། སྨྲས་པ། དེ་ནི་མ་ཡིན་ནོ།། ་སྨྲས་པ། འོ་ན་གནས་བརྟན་གྱིས་ཡོངས་སུ་ཤེས་པས་ཅི་མངོན་པར་རྟོགས། སྨྲས་པ། བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་རྣམ་པར་གྲོལ་མ ་རྡེག་པའི་དེ་བཞིན་ཉིད་ཀྱང་དེ་ཡིན། ཡོངསུ་མྱ་ངན་ལས་འདས་བའི་དེ་བཞིན་ཉིད་ཀྱང་དེ་ཡིན་ནོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་ཉིད་དེ་ནི་མ་ལོག་པ་དེ་བཞིན་ཉིད་དང་། གན ་མ་ཡིན་པ་དེ་བཞིན་ཉིད་དང་། མི་འགྱུར་བ་དེ་བཞིན་ཉིད་དང་། མི་འཁྲུགས་པ་དེ་བཞིན་ཉིད་དེ། བཙུན་པ་ཤཱ་རིའི་བུ་དེ་བཞི། ན་ཉིད་འདིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ ་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། མེའི་ཕུང་པོ་རབ་ཏུ་འབར་བའི་མེ་ལྕེ་ཐམས་ཅད་ནི་སྲེག ་བར་ཉེ་བར་གནས་པ་ལག་སོ།། བཅོམ་ལྡན་འདས་དེ་བཞིན་དུ་རིགས་ཀྱི་བུ་འདི་དག་གིས་བསྟན་པ་ཐམས་ཅད་ཆོས་ཀྱི་དབྱིངས་བསྟན་པ་སྟེ། ཆོས་བསྟན་པ་ཐམས་ཅད་ཀྱང་ཉོན ་མོངས་པ་ཐམས་ཅད་སྲེག་པ་ཉེ་བར་གནས་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ནོ།། དེ་ནི་ཇི་སྐད་སྟོན་པ་དེ་བཞིན་ཏེ། རིགས་ཀྱི ་བུ་འདི་དག་གིས་བསྟན་པ་ཐམས་ཅད་ཆོས་ཀྱི་དབྱིངས་བསྟན་པ་སྟེ། ཆོས་བསྟན་པ་ཐམས་ཅད་སྲེག་པར་ཉེ་བར་གནས་པ་ཡིན་ནོ།། དེ་ནས་གཞོན་ནུར་གྱུར་པ་དྲབ་ཅུ ་གྱི་འོད་ཀྱིས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲ་སོ།། གནས་བརྟན་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ལྡན་པ་རྣམས་ཀྱི་ནང་ན་མཆོག་ཏུ་གསུངས་ན། གནས་བརྟན་ན ་རིའི་བུ་ཤེས་རབ་དང་ལྡན་པ་མཆོག་ཏུ་གསུངས་པའི་ཤེས་རབ་དེ་གང་ཡིན། སྤྲས་པ། དྲ་བ་ཅན་གྱི་འོད་གང་ཉན་ཐོས་སྒྲའི་རྗེས་སུ་འབྲབ་པ་རང་གི་རྒྱུད་སྣང་བའི་མཚན་ཉིད་ཉི་ཆེ་བའི་ཡེ ་ཤེས་ཀྱིས་རྣམ་པར་གྲོལ་བ་རྣམས་ཀྱི་ཤེས་རབ་སྟེ། ཤེས་རབ་དེས་བདག་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་གསུངས་ཀྱི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་ནི་མ་ཡིན་ནོ།། ་སྨྲས་པ། ཅི་ཤེས་རབ་སྤྲོས་པའི་མཚན་ཉིད་དམ་སྨྲས་པ། དེ་མ་ཡིན་ནོ།། སྨྲས་པ། འོ་ན་ཤེས་རབ་མཉམ་པ་ཉིད་ཀྱི་རྗེསུ་སྤྱོ། ཁ་འམ། སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།། སྨྲས ་པ་གནས་བརྟན་ཤཱ་རིའི་བུ་མཉམ་པ་ཉིད་ཀྱི་རྗེསུ་སྤྱོད་པའི་ཤེ་ས་རབ་ཀྱིས་ཇི་ལྟར་ཤེས་རབ་ཚད་ཅན་དུ་བཤད། སྨྲས་པ། རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ཀྱི་རྒྱུས་ནི་ཤེས་རབ་ཚད་མེད་དོ།། ། ་ཡུལ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་འཇུག་པས་ཚད་ཟིན་པའོ།། སྨྲས་པ། བཙུན་པ་ཤཱ་རིའི་འུ་ཡེ་ཤེས་ཚད་བླ་འམ། འོན་ཏེ་ཚངས་ཡིན། སྨྲས་པ། རིགས་ཀྱི་བུ་ཡེ་ཤེས་ནི་ཚད་མེད་པའོ།། སྨྲས ་གཞོན་ཚད་མེད་པ་ཇི་ལྟར་ཚད་ཟིན་པར་སྟོན། དེ་ནས་གནས་བརྟན་ཤཱ་རིའི་བུ་ཅང་མི་ཟེར་བར་གྱུར་ཏོ།། དེ་ནས་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཅིའི་སླད་དུ་དྲ་བ་ཅན་གྱི་འོད་ཅེས་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དྲ་བ་ཅན་གྱི་འོད་ལ་འདི་སྐད ་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་གང་གིས་ལྷ་དང་བཅས་པའི་འཇིག་རྟེན་འདི་དགའ་བར་གྱུར་ནས། དགེ་བའི་རྩ་བ་ཡོངསུ་སྨིན་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་སེམས་སྐྱེད་པར་འགྱུར་བའི་འོད། རང་གི་དགེ་བའི་རྩ་བས་ཡོངསུ་སྦྱངས་པ་ཁྱོད་ཀྱིས་སྟོན་ཅིག། དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས། བཅོམ་ལྡན་འདས་ལ་ལེགས ་སོ་ཞེས་གསོལ་ཏེ། མཉན་ནས་བླ་གོས་ཕྲག་པ་གཅིག་ཏུ་བཟར་ཏེ། པུས་མོ་གཡས་པའི་ལྔ་ས་ལ་བཙུགས་ན། དས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ ་མོ་སྦྱར་ཏེ། ལག་པ་གཡས་པ་དྲ་བ་ཅན་སེན་མོ་ཟངས་ལྟ་བུ་ལས་འོད་ཟེར་ཕྱུང་ནས།། འོད་ཟེར་དེས་ཚད་མེད་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཐལ་ནས། ཕྱོགས་བཅུའི་སག ་རྒྱས་ཀྱི་ཞིང་ཚད་མེད་པ་རྣམས་འོད་ཀྱིས་ཁྱབ་པར་བྱས་ཏེ། འོད་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་ན། སེམས་ཅན་དམྱལ་བ་པའི་སེམས་ཅན་ནམ། ་དུད་འགྲོའི་སྐྱེ་གན་སུ་སྐྱེས་པ་འམ། གཤིན་རྗེའི་འཇིག་རྟེན་པ་འམ། ལོང་བ་འམ། འོན་པ་འམ། ཐེང་པོ་འམ། ནད་བུ་ཅན་ནམ། ཆགས་པ་འམ། གཏུམ་པ་འམ། རྨོངས ་པ་འམ། གཅེར་བུ་འམ། ལྟོགས་པ་འམ། སྐོམ་པ་འམ། བཅིངས་པ་འམ། བཟུང་བ་འམ། དབུལ་པོ་འམ། རིང་པ་འམ། རྒས་པ་འམ། འཆི་བའི་ཆོས་ཅན་ནམ། སེར་སྣ་ཅན་ནམ། ་གནོད་པར་སེམས་པ་འམ། ངང་ཚུལ་ངན་ཅན་ནམ། འཇུངས་པ་འམ། དྲན་པ་ཉམས་པ་འམ། འཆལ་པའི་ཤེས་རབ་ཅན་ནམ། མ་དད་པ་འམ། ཐོས་པ་ཉུང་བ་འམ། ་བསོད་ནམས་ཉུང་བ་འམ། ངོ་ཚ་མི་ཤེས་པ་འམ། ཁྲེལ་མེད་པ་འམ། ལྟ་བ་ཐིབས་པོར་གྱུར་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འོད་དེ་རེག་མ་ཐག་ཏུ་བདེ་བ་ཐམས་ཅད་དང་ལྡན་པར ་གྱུར་ཏོ།། སེམས་ཅན་གང་ཡང་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། འཆབ་པ་དང་། ཕྲག་དོག་དང་། ཁྲོ་བའི་ཡོངསུ་གདུང་བས་ཉམས་ང་བར་གྱུར་པ་མེད་དོ།། ་སེམས་ཅན་ཐམས་ཅད་ཀྱང་དགའ་བ་དང་། བདེ་བ། དང་ལྡན་པར་གྱུར་ཏོ།། གང་སངས་རྒྱས་ཀྱི་སྤྱན་སྔར་ན་བྱང།། ཆུབ་སེམས་དཔའི་འཁོར་ཏམ། ཉན་ཐོས་ཀྱི་འཁོར་ཏམ། ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མོ་ཡིན་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། ་དགེ་བསྙེན་མའི་འཁོར་དེ་དག་ཐམས་ཅད་འདི་ལྟ་སྟེ། ཁ་དོག་ཅིག་ཏུ་གསེར་གྱི་ཁ་དོག་ལྟ་བུར་སྣང་ངོ་།། ཐམས་ཅད་ཁ་དོག་གཅིག་ཏུ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི ་ཁ་དོག་དང་། མཚན་དང་། གཟུགས་འཆང་བར་སྣང་ངོ་།། ཐམས་ཅད་ཀྱང་སྤྱི་གཅིག་ལྟར་མི་སྣང་ཞིང་། ལུས་མཆོག་གི་གཟུགསུ་སྣང་ངོ་།། ཐད་ཀྱང་པདྨའི་སྣང་ལ་འཁོད་ཅིང་རིན་པོ་ཆེའི ་དྲབས་ཁེབས་པར་སྣང་ངོ་།། དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། སངས་རྒྱས་མཐོང་བའི་རང་བཞིན་དུ་རང་བཞིན་གཅིག་ཏུ་སྣང་ངོ་།། དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ་དཔེར་ན། དགའ་བའི ་རྣམ་པ་བཀོད་པའི་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་བཞིན་དུ་འདི་ལྟ་བུའི་བདེ་བ་སྐྱེས་པར་འགྱུར་ཏོ།། དེ་ནས་འཁོར་དེ་ཐམས་ཅད་ངོ་མཚར་དུ་གྱུར་ཅིང་། ཕན་ཚུན་དབྱེར་མེད་དེ། སྟོན་པ ་ཡང་ལྷག་པར་མི་སེམས། བདག་ཉིད་ཀྱང་དམན་པར་མི་སེམསོ།། འོད་དེ་དག་གཏང་མ་ཐག་ཏུ་འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བཞི་བྱུང་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་ཡང་འཕགས་ཤེས་བྱ་བ་དང་། ཁྱད་པར་བཟང་ཞེས་བྱ་བ་དང་། ཡེ་ཤེས་ཟླ་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་གཞན་གྱིས་མི་ཐུབ་རྒྱལ་མཚན་ཞེས་བྱ་བ་སྟེ། དེ་དག་ཐལ་མོ་སྦྱར་ནས་གང་ལ་ཕྱག་བྱ་བའི་དེ་བཞིན་གཤེགས་པ་ཡང་དག་པ་འདིའི་ནང་ན་གང་ཡིན་སྙམ་སྟེ། ཕྱག་འཚལ་ཞིང ་འབོད་པ་དང་། དེ་དག་གི་བར་སྣང་ལས་འདི་ལྟར་འཁོ།། ར་འདི་ཐམས་ཅད་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཁདོག་དུ་ཁ་དོག་གཅིག་ཏུ་སྣང་བ་ནི། གཞོ་ནུར་གྱུར་པ་དྲ་བ ་ཅན་གྱི་འོད་ཀྱི་བྱེ་བྲག་གོ་ཞེས་སྒྲ་ཐོས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་བཞི་འདི་སྐད་ཅེས་འཛེར་ཏེ། བདེན་པ་དང་། བདེན་པ་འི་ཚིག་གང་གིས་ཇི་ལྟར་འཁོར་འདི་ཁ་དོག་དང་། གཟུགས ་གཅིག་སྟེ་བྱེ་བྲག་མེད་པ་བཞིན་དུ་ཆོས་ཐམས་ཅད་བྱེ་བྲག་མེད་ཅེ་ན། བདེན་པ་དང་། བདེན་པའི་ཚིག་དེས། བཅོམ་ལྡན་འདས་ཤཱཀྱ་ཐུང་བ་ལ་ཐ་དད་དུ་དབྱེ་བ་ལྷག་པ་གང་མཐོང་བས ་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པར་འགྱུར་བ་འགའ་ཞིག་མཐོང་བར་ཤོག་ཤིག་ཅེས་བྱས་པ་དང་། དེ་ནས་དེའི་མོད་ལ་བཅོམ་ལྡན་འདས་སེང་གེའི་ཁྲི་པདྨ་ཅན་དང་བཅཝ ་། ཏེ་ཏ་ལ་གང་ཙམ་དུ་མངོན་པར་འཕགས་པར་གྱུར་ཏེ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བཞི་པོ་དེ་དག་གིས་མགོ་བོས་ཕྱག་འཚལ་ནས་ཚིག་འདི་སྐད ་ཅེས་འཛེར་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་བོ།། འདི་ལྟར་སེམས་ཅན་རྣམས་ལ་བདེ་བ་བསྟན་པས། བྱང་ཆུབ ་སེམས་དངའདྲ་བ་ཅན་གྱི་འོད་ཀྱི་བསོད་ནམས་དང་། སྨོན་ལམ་འདིའང་བསམ་གྱིས་མི་ཁྱབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ ་སྩལ་ཏོ།། རིགས་ཀྱི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱི་བྱ་བ་བྱས་ཏེ། སེམས་ཅན་ཚད་མེད་པ་རྣམས་ཁྱོད་ཀྱིས་བྱང་ཆུབ་ལ་བཀོད་ཀྱིས་རྫུ་འཕྲུལ་འདི་ཕྱིར་རྟུལ་ཅིག། དེ་ནས་གཞོན་ནུར་གྱུར ་པ་དྲ་བ་ཅན་གྱི་འོད་ཀྱིས་འོད་དེ་དག་ཕྱིར་བརྟུལ་ཏོ།། འོད་དེ་ཕྱིར་བརྟུལ་མ་ཐག་ཏུ་འཁོར་དེ་ཐམས་ཅད་སྤྱོད་ལམ་སྔ་མ་ཇི་ལྟ་བ་བཞིན་དུ་སྣང་ངོ་།། བཅོམ་ལྡན་འདས་ཀྱང་སྔ ་མ་ཁོ་ན་བཞིན་དུ་སེང་གེའི་ཁྲི་པདྨོ་ཅན་ལ་བཞུགས་པ་ར་སྣང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་འདི་བཞི་གང་ནས་མཆིས་བྱང་ཆུབ་སེམས་དཔའ་དེ་བཞིས་སྨྲས་པ་ཁོ་བོ་ཅག་འོག་གི་འཇིག་རྟེན་གྱི་ཁམས་ནས་འོངས་སོ།། སྨྲས་པ། འཇིག་རྟེན་གྱི་ཁམས་དེའི་མིང་ཅི། ་སྨྲས་པ། འཇིག་རྟེན་གྱི་ཁམས་དེ་ནི་རིན་པོ་ཆེ་ཐམས་ཅད་སྟོན་པ་ཞེས་བྱའོ།། སྨྲས་པ། དེ་ན་དེ་བཞིན་གཤེགས་པ་མཚན་ཅི་ཞེས་བྱ་བ་ཞིག་ཆོས་འཆད། སྦས་པ། དེ་བཞིན་གཤེགས་པ་དེའི ་མཚན་རིན་པོ་ཆེ་གདུགས་གཅིག་པ་ཞེས་བྱའོ།། སྨྲས་པ། འཇིག་རྟེན་གྱི་ཁམས་དེ་འདི་ནས་ཇི་སྲིད་ཅིག་ན་ཡོད།། སྨྲས་པ། བཅོམ་ལྡན་འདས་མཁྱེན་པས་མཁྱེན་ཏོ།། སྨྲས་པ།། ཁྱེད་རྣམས། ་འདིར་ཅི་ལ་འོངས། སྨྲས་པ། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འོད་བཏང་ནས། འོད་དེས་ཁོ་བོ་ཅག་ལ་རེག་སྟེ། རེག་མ་ཐག་ཏུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་དང་། ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱི་མིང་ཐོས་ནས། བཅོམ་ལྡན་འདས་དང་། སྐྱེས་བུ་དམ་པ་འདི་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བདག་ཅག ་འདིར་འོང་སོ།། དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་སྟོན་པ ་ཞེས་བགྱི་བ་བཅོམ་ལྡན་འདས་རིན་པོ་ཆེ་གདུགས་གཅིག་པ་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་དེ་ཇི་སྲི། སྙེད་ཅིག་ན་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་འཇིག་རྟེན་གྱི་ཁམས་འདི་ནས་འོག་ཏུ་སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན། བྱང་ཆུབ་སེམས་དཔའ་འདི་བཞི་གང་ནས་འདིར་བའི་འཇིག་རྟེན་གྱི ་ཁམས་རིན་པོ་ཆེ་ཐམས་ཅད་སྟོན་པ། བཅོམ་ལྡན་འདས་རིན་པོ་ཆེ་གདུགས་གཅིག་པ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཡོད་དོ།། གསོལ་བ། དེ་དག་དེ་ནས་ཇི་སྲིད ་ཀྱིས་འདིར་མཆིས། བཀའ་སྩལ་པ། སེམས་ཀྱི་སྐད་ཅིག་པ་གཅིག་གིས་དེར་མི་སྣང་བར་གྱུར་ཏེ། འདིར་ཕྱིན་ཏོ།། གསོལ་པ། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་དྲ་བ ་ཅན་གྱི་འོད་ཟེར་དེ་ཇི་སྲིད་དུ་མཆིས་པ་དང་། རིགས་ཀྱི་བུ་འདི་དག་དེ་ལྟར་མྱུར་དུ་ཕྱིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འོད་ཟེར་གཏོང་བ་དང་། རྫུ་འཕྲུལ་གྱི་སྟོབ ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་དེ་བཞིན་ཏེ། ཇི་སྐད་ཟེར་བ་དེ་བཞིན་ནོ།། གང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཡིན་པ། བྱང་ཆུབ་སེམས་དཔའ ་རྣམས་ཀྱི་སྤྱོད་པ་ནི་བསམ་གྱིས་མི་ཁྱབ་བོ།། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་གནོ་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་སྦ་སོ།། རིགས་ཀྱི་བུ་ཁྱོད་ཀྱི་འོད་ཀྱིས་འཁོར་འདི་དག་ལ་རེག་ནས ་ཁ་དོག་ཅིག་ཏུ་གསེར་གྱི་ཁ་དོག་ཏུ་གྱུར་ན། འདི་གང་གི་མ་ཐུ་སྨྲས་པ། བཅོམ་ལྡན་འདས་ཉིད་ལ་འོད་སྲུང་ཆེན་པོ་ཁྱེད་ཀྱིས་གསོལ་ཅིག་དང་། དེ་ཉིད་ཁྱོད་ལ་སྟོན་ཏོ།། དེ་ནས་བཅོམ ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྟས་སྔར་བྱུང་བ་འདི་སུའི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དྲ་བ ་ཅན་གྱི་འོད་བྱང་ཆུབ་ཐོབ་པའི་འཁོར་ཁ་དོག་ཅིག་ཏུ་འདི་ལྟ་སྟེ། གསེར་གྱི་ཁ་དོག་ཏུ་འགྱུར་རོ།། འཁོར་རྣམས་ཅིག་ལ་མོས་པ་འདི་ལྟ་སྟེ་ཐམས་ཅད་མཁྱེན་པའི་སེམས་ལ་མོས་པར་འགྱུར།། དེས ་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་མིང་ཡང་མེད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་གི་དགེ་འདུན་དུ་འགྱུ་རོ།། འོད་སྲུང་ཆེན་པོས་གསོལ་པ། བཅོམ་ལྡན ་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་བཟུང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཇི་སྐད་ཟེར ་བདེ་བཞིན་ཏེ། དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ།། དེ་ནས་འཁོར་དེའི་ནང་ནས་སྲོག་ཆག་སྟོང་ཕྲག་པ་ནི་བཅུ་རྩ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད། ་ནས། སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདེབས་ཤིང་འདི་སྐད་དུ། བཅོམ་ལྡན་འདས་ནམ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས། བྱང་ཆུབ་ཐོབ་པར་འགྱུར་བ་དེའི་ཚེ། བདག་ཅག ་རྣམས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ཤོག་ཤིག་ཅེས་སྨྲ་སོ།། དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས ་དཔའ་དྲ་བ་ཅན་གྱི་འོད་ཡུན་ཇི་སྲིད་ཅིག་གིས་བླ་ན་མེད་པ་ཡང་དྲག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་འོད་སྲུང་ཁྱོད་ཀྱིས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དྲང། ཅན་གྱི་འོད་ལ་རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མེད་པ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས ་པར་འཚང་རྒྱ་བར་འགྱུར་ཞེས་དྲིས་ཤིག། དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་འ་དེ་སྐད་ཅེས་སྤྲསོ།། རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དྲ་བ་ཅན་གྱི་འོད་ཀྱིས་སྦས་པ། བཙུན་པ་འོད་སྲུང་ཆེན་པོ་ལ་ལ་ཞིག་གིས་སྒྱུ་མས་སྤྲུལ་པའི ་སྐྱེས་བུ་འམ། རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་དྲིས་ན། དེ་ཇི་སྐད་ལུང་སྟོན།། སྨྲས་པ། ་རིགས་ཀྱི་བུ་སྒྱུ་མས་སྤྲུལ་པ་ལ་ཡང་དག་པར་ཡོངསུ་གྲུབ་པ་མེད་ན་དེ་ཅི་ཞིག་ལུང་སྟོན་པར་འགྱུར། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དེ་དེ་བཞིན་ཏེ། སྒྱུ་མས་སྤྲུལ་པ་བཞིན་དུ་ཆོས ་ཐམས་ཅད་ཡོངསུ་མ་གྲུབ་པ་ཡིན་ན། སུ་ལ་ཁྱོད་ཡུན་ཇི་ཙམ་གྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་འདྲི། སྨྲས་པ། རིགས་ཀྱི་བུ་ཇི་ལྟར་སྒྲ ་མས་སྤྲུལ་པ་དབེན་ཞིང་འགྱུར་བ་མེད་པ། ཡོངསུ་རྟོགས་པ་མེད་པ་བྱེད་པ་མེད་པ་དེ་བཞིན་དུ་ཁྱོད་ཀྱང་གལ་ཏེ་དེ་འདྲ་ན་ཁྱོད་ཚད་མེད་པའི་སེམས་ཅན་རྣམས་ཀྱི་དོན་ཇི་ལྟར་བྱེད། སྨྲས་པ། བཙུན་པ་འོད་སྲུང ་ཆེན་པོ་སྒྱུ་མའི་རང་བཞིན་གང་ཡིན་པ་དེ་བྱང་ཆུབ་ཀྱང་དེའི་རང་བཞིན།། བྱང་ཆུབ་ཀྱི་རང་བཞིན་གང་ཡིན་པ་དེ་སེམས་ཅན་རྣམས་ཀྱང་དེའི་རང་བཞིནོ།། སྒྱུ་མ་དང་། བྱང་ཆུབ་དང་། སེམས་ཅན་གྱི་རང་བཞིན ་གང་ཡིན་པ་དེ། ཆོས་ཐམས་ཅད་ཀྱང་དེའི་རང་བཞིན་ཏེ། ན་པ་འོད་སྲུང་ཆེན་པོ་ཁོ་བོས་ནི་གང་གི་ཡང་དོན་དང་དོན་མ་ཡིན། བར་མ་མཐོང་ངོ་།། སྤྲས་པ། རིགས་ཀྱི་བུ་ཁྱོད་སངས་རྒྱསུ་འགྱུར ་པར་མ་ཞུགས་སམ། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འཇུག་པའི་མཚན་ཉིད་དམ། སྨྲས་པ། དེ་མ་ཡིན་ནོ།། སྨྲས་གདེ་བས་ན་ཁོ་བོ་སངས་རྒྱསུ་འགྱུར ་བ་དང་། ཉན་ཐོ་སུ་འགྱུར་བ་དང་། རང་སངས་རྒྱ་སུ་འགྱུར་བའི་མ་ཞུག་སོ།། སྦས་པ། རིགས་ཀྱི་བུ་ཁྱོད་ཅི་ལ་ཞུགས། སྨྲས་པ། དེ་བཞིན་ཉིད་གང་ལ་ཞུགས་པ་དེ་ལ་བདག་ཞུག་སོ།། སྨྲས་པ། རིགས། ་ཀྱི་བུ་དེ་བཞིན་ཉིད་ནི་ཞུགས་པའང་མེད་ལྡོག་པའང་མེད་དོ།། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ཇི་ལྟར་དེ་བཞིན་ཉིད་མ་ཞུགས་ཤིང་མི་ལྡོག་པ་དེ་བཞིན་དུ་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་འཇུག་པར ་ཞུགས་པ་ལ་མི་འཇུག་མི་ལྡོག་གོ།། སྨྲས་པ། དྲ་བ་ཅན་གྱི་འོད་གལ་ཏེ་ཁྱོད་མི་འཇུག་མི་ལྡོག་ན། སེམས་ཅན་རྣམས་ཇི་ལྟར་ཡོངསུ་སྨིན་པར་བྱེད། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་གང་སྨོན་ལམ་འདེབས། ་བདེ་དག་ནི་སེམས་ཅན་ཡོངསུ་སྨིན་པར་བྱེད་པ་ལ་བརྩོན་པ་མ་ཡིན་ནོ།། གང་ཆོས་གང་ལས་ཀྱང་མི་ལྡོག་པ་དེ་དག་སེམས་ཅན་ཡོངསུ་སྨི་པ་བྱེད་པ་ལ་བརྩོན་པ་མ་ཡིན་ནོ།། སྨྲས་པ། ་རིགས་ཀྱི་བུ་ཁྱོད་སེམས་ཅན་རྣམས་འཁོར་བ་ལས་མི་ལྡོག་གམ། སྨྲས་པ། བདག་ཅག་འཁོར་བ་ཉིད་མི་དམིགས་ན། ཇི་ལྟར་སེམས་ཅན་རྣམས་འཁོར་བ་ལས་ཟློག་པར་བྱ། སྨྲས་པ། ་རིགས་ཀྱི་བུ་ཁྱོད་སེམས་ཅན་རྣམས་མྱ་ངན་ལས་འ།། དས་པ་ལ་མི་འཛུད་དམ། སྨྲས་པ། མྱ་ངན་ལས་འདས་པ་ཉིད་བདག་གྲིས་མ་མཐོང་ན། སེམས་ཅན་རྣམས་ཇི་ལྟར་དེ་ལ་གཟུད་པར་བགྱི། ་སྨྲས་པ། རིགས་ཀྱི་བུ་དེ་སྟེ་འདི་ལ་འཁོར་བ་ཡང་མེད། མྱི་ངན་ལས་འདས་པ་ཡང་མེད་ན། འོ་ན་ཅིའི་ཕྱིར་བྱང་ཆུབ་སེམས་ད། བའ་སེམས་ཅན་ཡོངསུ་མྱ་ངན་ལས་འདའ་བའི་ཕྱིར་བྱང་ཆུབ་ཏུ ་སྤྱོད་པ། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་གང་འཁོར་བར་དམིགས་པ་དང་། མྱ་ངན་ལས་འདས་པར་ཡོངསུ་རྟོགས་པ་དང་། སེམས་ཅན་དུ་འདུ་ཤེས་པ་ལ་གནས་པས་བྱང་ཆུབ་ཏུ་སྤྱོད་ན། དེ་དག་བྱང ་ཆུབ་སེམས་དཔའ་ཞེས་མི་བྱའོ།། སྨྲས་པ། རིགས་ཀྱི་བུ་ཁྱོད་ཅི་ལ་སྤྱོད། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ཁོ་བོ་ནི་འཁོར་བ་དང་། མྱ་ངན་ལས་འདས་པ་དང་། སེམས་ཅན་དུ་ཤེས་པ་ལ་མི་སྤྱོད ་མོད་ཀྱི། བཙུན་པ་འོད་སྲུང་ཆེན་པོ་ཁྱོད་ཅི་ལ་སྤྱོད་ཅེས་དེ་སྐད་འདྲིན།། བཙུན་པ་འོད་སྲུང་ཆེན་པོ་ཁོ་བོ་ནི་དེ་བཞིན་གཤེགས་པས་སྤྲུལ་པ་གང་ལ་སྤྱོད་པ་དེ་ཉིད་ལ་སྤྱོད་དོ།། སྨྲས་པ། རིགས་ཀྱི ་བུ་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ནི་ཅི་ལ་ཡང་མི་སྤྱོད་དོ།། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་ཀྱང་དེ་ལྟ་བུར་བལྟའོ།། ་སྨྲས་པ། རིགས་ཀྱི་བུ་དེ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་དེ་ལྟ་བུ་ཡིན་དུ་ཟིན་ན། དེ་བཞིན་གཤེགས་པའི་སྤྲུལ་པ་རྣམས་ནི་ཆགས་པར་མི་འགྱུར། ཞེ་སྡང་བར་མི་འགྱུར། རྨོངས་པར ་མི་འགྱུར་ན། ཅིའི་ཕྱིར་སེམས་ཅན་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་འབྱུང་།། སྨྲས་པ་དེ་བས་ན་གནས་བརྟན་ཉིད་ལ་འདི་དྲིས།། ཁྱོད་ཀྱིས་མོས་པ་ཇི་ལྟ་བ་བཞིན་དུ་འདི་ལུང་སྟོན ་ཅིག། གནས་བརྟན་འོད་སྲུང་ཆེན་པོ་ལ་ད་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཡོད་དེ། སྨྲས་པ། དེ་ནི་མ་ཡིན་ནོ།། སྨྲས་པ། འོ་ན་ཁྱོད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག ་ཟད་དམ། མེད་པར་གྱུར་ཏམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་ག། གལ་ཏེ་གནས་བརྟན་གྱི་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ཀྱང་མེ་དུ་ལ་ཟད་པ་འམ། མེད་པར་གྱུར་པ་ཡང་མ་ཡིན་ན། ཅི་ཁྱོད ་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་འདུག་གམ། སྨྲས་པ། རིགས་ཀྱི་བུ་བྱིས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་དང་ལྡན་པ་རྣ། མས་ཀྱི་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངསུ་རྟོག ་གནས་པ་འདོད་ཆགས་དང་།། ཞེ་སྡང་དང་། གཏི་མུག་རྣམས་འབྱུང་གི།། འཕགས་པའི་ཆོས་འདུལ་བ་ནི་བྱིན་ཅི་ལོག་ཁོང་དུ་ཆུད་པས་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངསུ་རྟོག་པ་མི་འབྱུང་།། དེ་ལ ་འདོད་ཆགས་ཀྱང་མེད། ཞེ་སྡང་ཡང་མེད། གཏི་མུག་ཀྱང་མེད་དེ།། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་འདི་ཇི་སྙམ་དུ་སེམས། གང་ཕྱིན་ཅི་ལོག་ལས་བྱུང་བའི་ཉོན་མོངས་པ་དེ་ཡང་དག་པ་ཡིན་ནོ།། ་སྨྲས་གདེ་མ་ཡིན་ཏེ། དེ་ནི་ཡང་དག་པ་མ་ཡིན།། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་འདི་ཇི་སྙམ་དུ་སེམས། གང་ཡང་དག་པ་མ་ཡིན་པ་དེ། ནམ་ཡང་ཡང་དག་པར་འགྱུར་རམ། སྨྲས་པ། དེ་ནི་མ་ཡིན།། ་སྨྲས་པ། གནས་བརྟན་ཡང་དག་པ་མ་ཡིན་པ་གང་ཡིན་པའི་ཡང་དག་པ་མ་ཡིན་པ་དེ་ལས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བར་འདོད་དམ། སྨྲས་པ། དེ་མ་ཡིན།། སྨྲས་པ། བཙུན་པ་འོད ་སྲུང་ཆེན་པོ་དེ་ལྟ་ཡིན་དུ་ཟིན་ན། གང་ཟག་གིས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་བའི་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གང་ཡིན། སྨྲས་པ། རིགས་ཀྱི་བུ་དེ་ལྟར་ན་ཆོས་ཐམས ་ཅད་རང་བཞིན་གྱིས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བའོ།། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་འདི་ལ་བསམས་ཏེ། འདི་སྐད་དུ་ཆོས་ཐམས་ཅད་ནི་སྒྱུ་མས་སྤྲུལ ་བའི་རང་བཞིན་ཞེས་སྨྲསོ།། ཡང་བསྟན་པ་འདི་བཤད་པ་མབྱང། ཆུབ་སེམས་དཔའ་སྟོང་ཕྲག་བཞི་བཅུ་རྩ་བནི་རྗེ་སུ་འཐུན་པའི་བཟོད་པ་སྐྱེའོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོ། ་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དག་གིས་མིག་གིས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་མཐོང་བར་གྱུར་པའི་སེམས་ཅན་དེ་དག་ལ་ངན་སོང་ངན་འགྲོ་ལོག་པར ་ལྟུང་བའི་འཇིགས་པ་འཚལ་བར་མི་བགྱིའོ།། སུ་དག་འདི་ལ་ཆོས་བསྟན་པ་ཐོས་པར་གྱུར་པའི་སེམས་ཅན་དེ་དག་ལ་ཡང་བདུད་ཀྱི་ལས་ཀྱི་བར་དུ་གཅོད་པར་འཚལ་བར་མི་བགྱིའོ།། འདིས ་སུ་དག་བྱང་ཆུབ་ལ་ཡོངསུ་སྨིན་པར་བགྱིས་པའི་སེམས་ཅན་དེ་དག་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་འཚལ་བར་མི་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲ་བ ་ཅན་གྱི་འོད་ཀྱི་སངས་རྒྱས་ཀྱི་ཡོན་ཏན་བཀོད་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་བྱང་ཆུབ་སེམས་དང་འདྲ་བ་ཅན་གྱི་འོད་སངས་རྒྱས ་ཀྱི་ཞིང་གང་དང་གང་གནས་པ་དེ་དང་དེར་སེམས་ཅན་ཚད་མེད་པ་རྣམས་ཀྱི་དོན་བྱེད་དོ།། འོད་སྲུང་རིགས་ཀྱི་བུ་འདིས་འོད་བྱུང་བ་ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་མཐོང་།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་སྟོད་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཡུངས་ཀར་གྱིས་གང་བ་ནི་བགྲང་བའི་ཚུལ་གྱིས་མཐར་ཕྱིན་པར་ནུས་ཀྱིས། འོད་སྲུང་བྱང་ཆུབ་སེམས ་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འོད་འདི་བསྟན་པ་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་པའི་སེམས་ཅན་དེ་དག་གི་མཐར་ཕྱིན་པར་མི་ནུསོ།། འོད་སྲུང་བྱང་ཆུབ ་སེམས་དཔའདྲ་བ་ཅན་གྱི་དྲོད་ཀྱིས་འོད་བསྟན་པས་ཀྱང་། མས་ཅན་རྣམས་ཀྱི་དོན་བྱེད་ན། ཆོས་བསྟན་པས་ལྟ་རྫི་སྨོས། འོད་སྲུང་རིགས་ཀྱི་བུ་འདིའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཀོད ་བའི་བྱེ་བྲག་གི་ཕྱོགས་ཙམ་ཞིག་བརྗོད་ཀྱིས་ཉོན་ཅིག། འོད་སྲུང་བྱང་ཆུབ་སེམས་དཔའདྲ་བརྒྱན་གྱི་འོད་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་དྲུག་ན། འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན ་ཏན་བསྡུས་པ་ཞེས་བྱ་བར་ཀུན་ཏུ་འོད་རྣམ་པར་འཕྲུལ་པའི་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་སྟེ། དེ་བྱང ་ཆུབ་ཀྱི་ཤིང་དྲུང་དུ་ཉེ་བར་སོང་བ་དང་། འཇིག་རྟེན་གྱི་ཁམས་དེའི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་ཇི་སྙེད་ཡོད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུརརོ།། སྦྱིན་པ། ་དང་གཏོང་བ་རྒྱ་ཆེར་འགྱུར།། འོད་སྲུང་འཇིག་རྟེན་གྱི་ཁམས་དེ་ལག་མཐིལ་ལྟར་མཉམ་པར་འགྱུརརོ།། གོས་ཀ་ཙ་ལི་དི་ཀ་ལྟར་འཇམ་ཞིང་རེག་ན་བདེ་བ་ལ་རིན་པོ་ཆེ་ཐམས་ཅད་ཀྱིས་སྦས་པར་འགྱུ་རོ།། ་འཇིག་རྟེན་གྱི་ཁམས་དེ་ན་ངན་སོང་མེད། སྡོང་དུ་མ་དང་ཚེར་མ་ཡང་མེད་པར་འགྱུ་རོ།། འཇིག་རྟེན་གྱི་ཁམས་དེར་པདྨ་བཀོད་པ་དག་ཀྱང་འབྱུང་བར་འགྱུར་རོ།། རིན་པོ་ཆེའི་པདྨ་ཆེན་པོ་དྲི་དང་ལྡན ་བདག་ཀྱང་འབྱུང་བར་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེ་དྲི་མ་མེད་ཅིང་རྒྱ་ཆེ་བར་འགྱུ་རོ།། ཡང་འོད་སྲུང་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བསྡུས་པ་དེ་ན། བཅོམ་ལྡན་འདས ་ཀུན་ཏུ་འོད་རྣམ་པར་འཕྲུལ་པ་འོད་ཟེར་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་མ། བཐའ་ཡས་པར་སྒྲུབ་པའི་ཆོས་འགྲོ་བ་ལ་མཁས་པ་རྫུ་འཕྲུལ། ་གྱིས་རྣམ་པར་འཕྲུལ་པ་འོད་ཀྱིས་ཀུན་ཏུ་བརྒྱན་པ། གཟུངས་ཀྱི་གཏེར་ཐོབ་པ། ཏིང་ངེ་འཛིན་ཐོབ་པ། ཐོགས་པ་མེད་པའི་སྤོབས་པ་དང་། ཡེ་ཤེས་ཀྱིས་སྟོན་པ་ལ་མཁས ་བ་མངོན་པར་ཤེས་པ་དང་། རིག་པ་དང་། མི་འཇིགས་པ་ཐོབ་པ་བདུད་དང་ཕྱིར་རྒོལ་བ་རྣམས་བཅོམ་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ་ཤེས་རབ་སྦྱངས་པའི་ཡེ་ཤེས་ཀྱིས་ཡོངསུ་བསྒོམས་པ་དཔག་ཏུ་མེད་པར་འགྱུ་རོ།། ཡང་འོད་སྲུང་སངས་རྒྱས་ཀྱི་ཞིང་དེ་ན། བུད་མེད་སྐྱེ་བར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག ་ཐམས་ཅད་པདྨ་ལ་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་པར་རྫུས་ཏེ་སྐྱེ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་དེ་དག་བསམ་གཏན་གྱི་དག་ཟས་དང་ལྡན་པར་འགྱུ་རོ།། བསམས ་ཁ་ཙམ་གྱིས་བཟ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། འཆགས་དང་། བསྐྱེད་མོས་ཚལ་དང་། ཁང་བརྩེགས་པ་དང་། འབབ་ཆུ་དང་། ཆུ་མིག་དང་། མཆོདང ་རྫིང་དང་། ལྟེང་ཀའི་ཡོངསུ་ལོངསུ་སྤྱོད་པ་ཐམས་ཅད་འབྱུང་བར་འགྱུར་རོ།། འོད་སྲུང་ཀུན་ཏུ་འོད་རྣམ་པར་འཕྲུལ་པ་འོད་ཟེར་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་དེ་ཡི་གེ་དང་ངེས་པའི་ཚིག་གིས་ཆོས་སྟོན་ཏེ། གཞན་དུ་ན་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པའི་འོད་དེས་རེག་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད ་བ་སོ་མ་ཐོད་པར་འགྱུ་རོ།། འོད་དེས་སངས་རྒྱས་ཀྱི་ཞིང་གཞན་དུ་འགྲོ་བ་ལ་ཐོགས་པ་མེད་པར་འགྱུར་རོ།། འོད་དེ་སེམས་ཅན་གྱི་ཉོན་མོངས་པ་བསལ་བ་ལ་ཉོན་མོངས་པ་དང་བྲལ་བ། ་འགྱུར་རོ།། ཡང་འོད་སྲུང་དེ་བཞིན་གཤེགས་པ་དེའི་འོད་ལས་ཆོས་ཀྱི་ཚུལ་རབ་ཏུ་དབྱེ་བའི་སུམ་ཅུ་རྩ་གཉིས་འབྱུང་བར་འགྱུ་རོ།། སུམ་ཅུ་རྩ་གཉིས་གང་ཞེ་ན། ལྟ་བར ་འགྱུར་བ་ཡོངསུ་དག་པས་ཆོས་ཐམས་ཅད་སྟོང་པ་འོ།། རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བས་ཆོས་ཐམས་ཅད་མཚན་མ་མེད་པའོ།། ཁམས་གསུམ་ལས་ཡང་དག་པར ་འདས་པས་ཆོས་ཐམས་ཅད་སྨོན་པ་མེད་པའོ།། རང་བཞིན་གྱིས་ཉེ་བར་ཞི་བས་ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བའོ།། སྨོན་པ་མེད་པའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་ཞེ ་སྡང་དང་བྲལ་བའོ།། མུན་པ་མུན་ནག་དང་བྲལ་བས་ཆོས་ཐམས་ཅད་གཏི་མུག་དང་བྲལ་བའོ།། ཐོགས་ནས་མ་སྐྱེས་པས་ཆོས་ཐམས་ཅད་འོང་བ་མེད་པའོ།། འཕྲོ་བ་མེད་པའི་ཚུལ་གྱིས་ཆོས ་ཐམས་ཅད་འགྲོ་བ་མེད་པའོ།། རབ་ཏུ་མི་རྟེན་པའི་ཕྱིར་ཆོས་ཐམས་ཅད་མི་གནས་པའོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་དྲུང་བ་དང་། བྲལ་བའི་ཕྱིར་ཆོས་ཐམས་ཅད་དུས་གསུམ་ལས། ་འདས་པའོ།། རང་བཞིན་གཅིག་པའི་ཕྱིར་ཆོས་ཐམས་ཅད་བྱེ་བྲག་མེད་པའོ།། ལས་ཀྱི་རྣམ་པར་སྨིན་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པའོ།། བྱེད་པ་པོ་མི་དམིགས་པའི་ཕྱིར ་ཆོས་ཐམས་ཅད་ལས་དང་རྣམ་པར་སྨིན་པ་མེད་པའོ།། མངོན་པར་འདུ་མི་བྱེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མ་བྱས་པའོ།། མངོན་པར་འདུས་མ་བྱས་པས་རབ་ཏུ་བྱེ་བའི་ཕྱིར། ཆོས ་ཐམས་ཅད་མངོན་པར་འདུས་མ་བྱས་པའོ།། སྐྱེ་བ་དང་། འཇིག་པ་དང་བྲལ་བའི་ཕྱིར། ཆོས་ཐམས་ཅད་འདུས་མ་བྱས་པའོ།། ཡང་དག་པར་མ་བྱུང་བའི་ཕྱིར་ཆོས་ཐམས་ཅ ་ཡང་དག་པ་མ་ཡིན་པའོ།། ཅིག་ཆར་མངོན་པར་རྟོགས་པའི་ཚུལ་གྱིས་ཆོས་ཐམས་ཅད་བདེན་པའོ།། སེམས་ཅན་མ་དམིགས་པའི་ཕྱིར། ཆོས་ཐམས་ཅད་བདག་མེད་པའོ།། ་དོན་དམ་པའི་ཕྱིར་ཆོས་ཐམས་ཅད་གང་ཟག་མེད་པའོ།། ཤེས་པར་མི་བྱེད་པའི་ཕྱིར། ཆོས་ཐམས་ཅད་བེམས་པའོ།། མཛའ་བ་དང་ཁོང་ཁྲོ་བ་མེད་པའི་ཕྱིར། ཆོས་ཐམས་ཅད་བཏང་། ་སྙོམས་པའོ།། ཡོངསུ་གཟུང་བ་མེད་པའི་ཕྱིར། ཆོས་ཐམས་ཅད་ཅིའང་མེད་པའོ།། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པའི་ཕྱིར། ཆོས་ཐམས་ཅད་ཉེ་བའི་ཉོན་མོངས་པ་མེད་པའོ།། དབེན ་པའི་མཐའ་ཡིན་པའི་ཕྱིར། ཆོས་ཐམས་ཅད་ཚུལ་གཅིག་པའོ།། དབེན་པ་ཕུན་སུམ་ཚོགས་པས། ཆོས་ཐམས་ཅད་དབེན་པའོ།། མི་འཁྲུགས་པའི་ཕྱིར་ཆོས་ཐམས་ཅད་ཡང ་དག་པའི་མཐའ་ལ་གནས་པའོ།། ཤིན་ཏུ་ཐ་མི་དད་པའི་ཕྱིར། ཆོས་ཐམས་ཅད་དེ་བཞིན་ཉིད་གནས་པའོ།། ཐམས་ཅད་དུ་རྗེས་སུ་སོང་བའི་ཕྱིར། ཆོས ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའོ།། ཕན་ཚུན་མི་འདུ་བའི་ཕྱིར། ཆོས་ཐམས་ཅད་རྐྱེན་མེད་པའོ།། མཉམ་པ་ཉིད་ཀྱིས་ཡོངསུ་རྒྱས་པའི་ཕྱིར། ཆོས་ཐམས་ཅ ་རྟེན་ཅིང་འབྲལ་བར་འབྱུང་བའོ།། ཇི་ལྟ་བ་བཞིན་དུ་མཐོང་བས་ཕྱེ་བའི་ཕྱིར་ཆོས་ཐམས་ཅད་བྱང་ཆུབ་བོ།། ཡོངསུ་མ་གྲུབ་པའི་ཚུལ་གྱིས་ཆོས་ཐམས་ཅད་མྱ་ངན་ལས་འདས་པའོ།། ་ཞེས་འོད་སྲུང་དེ་ལྟ་དེ་ལྟར་བཅོམ་ལྡན་འདས་ཀུན་ཏུ་འོད་རྣམ་པར་འཕྲུལ་པ་འོད་ཟེར་གྱི་རྒྱལ་པོ་དེ་བཞིན་གཤེགས་པའི་འོད་དེ་ལས་འདི་ལྟ་བུའི་ཆོས་ཀྱི་ཚུལ་རབ་ཏུ་དབྱེ་བའི་སྒྲ་སུམ་ཅུ ་རྩ་གཉིས་འབྱུང་བར་འགྱུར་རོ།། གནས་བརྟན་འོད་སྲུང་ཆེན་པོས་གསོལ་པ། བཅོམ་ལྡན་འདས་འོད་ཟེར་དེ་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུརརོ།། བཅོམ་ལྡན་འདས་ཀྱི། ་བཀའ་སྩལ་པ། འོད་སྲུང་དེ་བཞིན་གཤེགས་པ་དེ་ཚེ་དང་ག་ཏུ་མེད་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་དེ་ན་བདུད་རྩི་ལས་ཀྱིས་བར་དུ་གཅོད་པ་མེད་པར་འགྱུརརོ།། འོད་སྲུང་ཆེན ་བོས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་ཡོངསུ་གཟུང་བའི་འཚལ་བས། རིགས་ཀྱི་བུ་འདིའི་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་ཅི་འདྲ་བ་དེ་ལྟ་བུར་ཡོངསུ་དག་པའི་སང། ་རྒྱས་ཀྱི་ཞིང་ཡོངསུ་གཟུང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་འདི་ལྟར་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་། ་མང་པོ་ལ་སྨོན་ལམ་ཡོངསུ་སྦྱངས་ཏེ། དེའི་ཕྱིར་འདིས་སངས་རྒྱས་ཀྱི་ཞིང་དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོངསུ་བཟུང་ངོ་།། འོད་སྲུང་དེ་བས་ན་སངས་རྒྱས་ཀྱི་ཞིང་དེ་ལྟ་བུ ་ཡོངསུ་བཟུང་བར་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཀྱང་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱི་རྗེསུ་བསླབ་པར་བྱའོ།། དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་བྱང་ཆུབ ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་སྨྲས་སོ།། ། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པས་ལུང་བསྟན་ཏོ།། སྦས་ས། ཚངས་པ་དེ་བཞིན་གཤེགས་པས་སེམས་ཅན་ཐམས ་ཅད་ཀྱང་ལུང་བསྟན་ཏོ།། སྨྲས་པ། ཅིར་ལུང་བསྟན། སྨྲས་པ། ལས་ཀྱི་རྣམ་པར་སྨིན་པ་ཇི་ལྟ་བ་བཞིན་དུ་ལུང་བསྡུ་ན་ཏོ།། སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱི་ལས་ཇི་ལྟ་བུ་ཞིག ་བྱས་ན། ཁྱོད་འདི་ལྟར་ལུང་བསྟན།། སྨྲས་ག་ཚངས་པ་ལས་གང་ལུས་དང་། ངག་དང་ཡིད་ཀྱིས་མ་བྱས་པ་དེ། ལས་དེ་ནི་འདིའོ་ཞེས་བསྟན་དུ་རུང་ངམ། སྤྲས་པ། ཅིའི་ཕྱིར་སྨྲས་པ། ་ཅི་བྱང་ཆུབ་མངོན་པར་འདུ་བྱེད་པའི་མཚན་ཉིད་དམ། སྨྲས་པ། དེ་མ་ཡིན་ནོ།། སྨྲས་པ། བྱང་ཆུབ་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དེ། བྱང་ཆུབ་ནི་མངོན་པར་འདུ་བྱེད་པའི ་མཚན་ཉིད་མ་ཡིན་ནོ།། སྨྲས་པ། མངོན་པར་འདུ་བྱེད་པས་བྱང་ཆུབ་འདུས་མ་བྱས་པས་ཐོབ་པར་ནུས་སམ། སྨྲས་པ། དེ་མ་ཡིན་ནོ།། སྨྲས་པ། ཚངས་པ་དེ་ལྟ་བས་ནི་འདི་ལ ་རྣམ་གྲངས་འདིས་གང་ལ་ལས་ཀྱང་མེད་དོ།། ལས་ཀྱི་འབྲས་བུའང་མེད། མངོན་པར་འདུ་བྱེད་པའི་འཇུག་པའང་མེད་པ་དེ་ནི་བྱང་ཆུབ་བོ།། བྱང་ཆུབ་ཇི་ལྟ་བར་འཐོབ་པའང ་དེ་བཞིན་ཏེ། མངོན་པར་འདུ་བྱེད་པས་ལུང་བསྟན་པར་མི་འགྱུར་བར་རིག་པར་བྱའོ།། སྒྲས་པ། རིགས་ཀྱི་ཕུ་ཕ་རོལ་ཏུ་ཕྱིན་བ་དྲུག་ལ་སྤྱད་ནས་ཚུས་ལུང་བསྟན ་པར་འགྱུར་རམ། སྨྲས་པ། ཚངས་པ་དེ་བཞིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ནས་ཕྱིས་ལུང་བསྟན་པར་འགྱུར་ཏེ། ཚངས་པ་གང་ཉོན་མོངས་པ་ཐམས་ཅད་ཡོངསུ་བཏང་བ་འདི་ནི་སྦྱིན ་པའོ།། གང་མངོན་པར་འདུ་མི་བྱེད་པ་འདི་ནི་ཚུལ་ཁྲིམས་སོ།། གང་རྨ་མི་ཐོད་པ་འདི་ནི་བཟོད་པའོ།། གང་དབེན་པ་དེ་ནི་བརྩོན་འགྲུས་སོ།། གང་མི་གནས་པ་དེ་ནི་བསམ་གཏན་ནོ།། གང་སྤྲས ་མེད་པ་དེ་ནི་ཤེས་རབ་སྟེ། ཚངས་པ་བྱང་ཆུབ་སེམས་དཔའ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དེ་དག་ཅི་ལ་སྤྱོད། སྨྲས་པ། ཅི་ལ་ཡང་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། སྤྱོད་པ་ཇི་ཙམ་པ་དེ་ཙམ ་དུ་སྤྱོད་པ་མ་ཡིན།། གང་སྤྱོད་པ་དེ་མི་སྤྱོད་པའོ།། གང་མི་སྤྱོད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྱོད་པ་སྟེ། ཚངས་པ་རྣམ་གྲངས་འདིས་ཇི་ལྟར་སྤྱོད ་པ་མ་ཡིན་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་ཡིན་པར་རིག་པར་བྱའོ།། ཚངས་པ་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་ཟེར་བ་ནི་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ཇི་ལྟ་བུར་ལུང་བསྟན་པ་དེ་ལྟ་བུར་ང་ཡང ་ལུང་བསྟན་ཏོ།། སྨྲས་པ། རིགས་ཀྱི་བུ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ནི་ལུང་མི་བསྟན་ཏོ།། སྨྲས་པ། འོ་ན་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་ལུང་བསྟན་པ་དེའི་མཚན་ཉི ་ཀྱང་དེ་བཞིནོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་སྤྱད་ན།། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ ་ཀྱིས་བླ་ན་མེད་པ་ཡང་དགེ་བར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ནམ་བྱང་ཆུབ་སེམས་དཔའ་སྐྱེ་བ་ལ་ཡང་མི་སྤྱོད། འགག་པ ་ལ་ཡང་མི་སྤྱོད། དགེ་བ་ལ་ཡང་མི་སྤྱོད། མི་དགེ་བ་ལ་ཡང་མི་སྤྱོད། འཇིག་རྟེན་ལས་འདས་པ་ལ་ཡང་མི་སྤྱོད། ཟག་པ་དང་བཅས་པ་ལ་ཡང་མི་སྤྱོད། ཟག་པ་མེད་པ་ལ་ཡང་མི་སྤྱོད།། ་ཁ་ན་མ་ཐོབ་དང་བཅས་པ་ལ་ཡང་མི་སྤྱོད། ཁ་ན་མ་ཐོ་བ་མེད་པ་ལ་ཡང་མི་སྤྱོད། འདུས་བྱས་ལ་ཡང་མི་སྤྱོད། འདུས་མ་བྱས་ལ་ཡང་མི་སྤྱོད། རྣལ་འབྱོར་ལ་ཡང་མི་སྤྱོད། རྣལ་འབྱོར་མ ་ཡིན་པ་ལ་ཡང་མི་སྤྱོད། སྤོང་བ་མ་ཡིན་པ་ལ་ཡང་མི་སྤྱོད། འཁོར་བ་ལ་ཡང་མི་སྤྱོད། མྱ་ངན་ལས་འདས་པ་ལ་ཡང་མི་སྤྱོད། མཐོང་བ་ལ་ཡང་མི་སྤྱོད། ཐོས་པ་ལ་ཡང་མི་སྤྱོད ་དྲན་པ་ལ་ཡང་མི་སྤྱོད། རྣམ་པར་ཤེས་པ་ལ་ཡང་མི་སྤྱོད། སྦྱིན་པ་ལ་ཡང་མི་སྤྱོད། གཏང་བ་ལ་ཡང་མི་སྤྱོད། ཚུལ་ཁྲིམས་ལ་ཡང་མི་སྤྱོད། སྡོམ་པ་ལ་ཡང་མི་སྤྱོད། བཟོད་པ་ལ ་ཡང་མི་སྤྱོད། མི་འགྱུར་བ་ལ་ཡང་མི་སྤྱོད། བརྩོན་འགྲུས་རྩོམ་པ་ལ་ཡང་མི་སྤྱོད། བསམ་གཏན་ལ་ཡང་མི་སྤྱོད། ཏིང་ངེ་འཛིན་རྣམས་ལ་ཡང་མི་སྤྱོད་ཤེས་རབ་ལ་ཡང་མི་སྤྱོད་ནན ་ཏན་དག་ལ་ཡང་མི་སྤྱོད།། ཡེ་ཤེས་ལ་ཡང་མི་སྤྱོད། ཁོང་དུ་ཆུད་པ་ལ་ཡང་མི་སྤྱོད་དེ། བྱང་ཆུབ་སེམས་དཔའ་དེ་ལྟར་སྤྱོད་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་ལྷག་པར་བྱེད་པ་སྟེ། བྱང་ཆུབ་ནི་ལྷག་པར་བྱེད་པ་མ་ཡིནོ།། སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་ཡོངསུ ་རྟོགས་པ་སྟེ། བྱང་ཆུབ་ནི་ཡོངསུ་རྟོག་པ་མེད་པའོ།། སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་མངོན་པར་འདུ་བྱེད་པ་སྟེ། བྱང་ཆུབ་ནི་མངོན་པར་འདུ་བྱེད་པ་མེད་པའོ།། སྤྱོད་པ་ཇི་ཙམ་པ་དེ་ཙ། ་དུ་སྤྲོས་པ་སྟེ། བྱང་ཆུབ་ནི་སྤྲོས་པ་མེད་པའོ།། ཚངས་པ་དེ་བས་ན་རྣམ་གྲངས་འདིས་ཅི་ནས་སྤྱོད་པ་ཐམས་ཅད་ལས་ཡང་དག་པ་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལུང་བསྟན་པར་འགྱུར ་བར་དེ་ལྟར་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལུང་བསྟན་པ་ཞེས་བགྱི་བ་ལུང་བསྟན་པ་དེ་དག་གི་ཚིག ་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀ། འསྩལ་པ། ཆོས་ཐམས་ཅད་ལ་གཉིས་བྲལ་བ་སྟེ། དེའི་ཕྱིར་ལུང་དེ་བསྟན་པ་ཞེས་བྱའོ།། སྐྱེ་བ་དང་འཇིག་པར་སྒྲོ་མི་འདོགས་ཏེ། དེའི ་ཕྱིར་ལུང་བསྟན་པ་ཞེས་བྱའོ།། ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཀྱིས་དབེན་པ་སྟེ། དེའི་ཕྱིར་ལུང་བསྟན་པ་ཞེས་བྱ།། ཚངས་པ་ངས་མངོན་པར་ཤེས་པ་འདས་པའི་དུས་ན། བསྐལ ་བ་མཛེས་པར་སྣང་བ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་བྱུང་ངོ་།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་ངས་བཀུར་བསྟི་བྱས། བཙུན ་པར་བྱས། རི་མིར་བྱས། མཆོད་པར་བྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ།། དེའི་ཕ་རོལ་ཏུ་བསྟན་པ་ཤིན་ཏུ་སྤྲུལ་པ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་ག ་པ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལ་ངས་བཀུར་བསྟི་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ཀྱང་། དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ།། ཚངས་པ་དེའི་ཡང ་ཕ་རོལ་ན། ཚངས་པས་བསྟོད་པ་ཞེས་བྱ་བའི་བསྐལ་པ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་སྟོང་ཕྲག་བཅོ་བརྒྱད་ལ་ངས་བཀུར་བསྟི་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ཀྱང ་དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ།། ཚངས་པ་དེའི་ཡང་ཕ་རོལ་ན། བསྐལ་པ་ལེགས་པར་དྲངས་པ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་སྟོང་ཕྲག་སུམ་ཅུ་རྩ ་གཉིས་ལ་ངས་བཀུར་བསྟི་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ཀྱང་།། དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ།། དེའི་ཡང་ཕ་རོལ་ན། ཚངས་པ་བསྐལ་པ་བཀོད་པ ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་ངས་བཀུར་བསྟི་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ཀྱང་། དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང ་མ་བསྟན་ཏོ།། ཚངས་པ་ངས་གང་རྣམ་ལ་རི་མོར། བྱས་པ་དང་། མཆོད་པར་བྱས་པ་དང་། བཀུར་བསྟི་བྱས་པ་དང་། བཅུ་ན་བར་བྱས་པ་དང་། གང་ལས་ངས་ཚངས་པར་སྤྱོད་པ་སྤྱད་པ་དང་། ་ངས་བདོག་པ་ཐམས་ཅད་ཡོངསུ་བཏང་བ་བྱས་པ་དང་། ཚུལ་ཁྲིམས་དང་། སྦྱངས་པའི་ཡོན་ཏན་ཡང་དག་པར་བཟུང་བ་ངས་བླངས་པ་དང་།། ངས་ཁྲོ་བའི་ཐ་བ་དང་། ཕྲག་དོག་དང་། ང་རྒྱལ་དང་། འཆབ་པ ་མེད་པ་བྱས་ན། ངས་བཟོད་པ་དང་། བྱམས་པ་བསྒོམས་པ་དང་། བསམ་གཏན་དང་། རབ་ཏུ་དབེན་པར་སྤྱོད་པ་དང་། དབེན་པར་གནས་མ་ལ་འཆའ་བ་དང་། ཟས་དང་སྒྲའི་རྗེ་སུ་འགྲོ་བའི་དྲི་བ་ཡོངསུ་དྲི་བ ་དང་། དེ་བྱེད་པའི་བརྩོན་འགྲུས་ཀྱིས་ཐོས་པ་ཐམས་ཅད་ཁོང་དུ་ཆུད་པར་བྱས་པའི་དེ་བཞིན་གཤེགས་པ་དེ་དག་གི་མིང་ཡང་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་བརྗོད་དུ་ཡོད་ཀྱང་དེ་བཞིན ་གཤེགས་པ་དེ་དག་གིས་ང་བླ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འདི་ལྟར་ང་སྤྱོད་པ་ལགས་པར་གྱུར་ཏེ། དེ་བས་ན་ཚངས། ་པ་རྣམ་གྲངས་འདིས་ཀྱང་ཅི་ནས་བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་ལས་འདས་པ་རྣམས་ལ་ལུང་བསྟན་པ་ཡིན་པར་དེ་ལྟར་རིག་པར་བྱའོ།། ཚངས་པ་གང་གི་ཚེ་ངས་དེ་བཞིན་གཤེགས་པ་མར་མེ ་མཛད་མཐོང་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ། དེ་ནས་གདོད་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་ཁྱོད་མ་འོངས་པའི་དུས་ན། བསྐལ་པ་གྲངས་མེད་པ་ན། ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱསུ་འགྱུ་རོ་ཞེས་ལུང་བསྟན་ཏེ། དེ་ནང་སྤྱོད་པ་ཐམས་ཅད་ལས་འདསོ།། དེ་ན་ངའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོང་སུ་རྫོག་སོ།། དེ་ཅིར། ་ཕྱིར་ཞེ་ན། གང་མཚན་མ་ཐམས་ཅད་ཡོངསུ་ག། ཏོང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་དམིགས་པ་ཐཾད་རབ་ཏུ་ཞི་བ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ཡུལ་རྣམས། ་ལ་རྨས་པར་མི་འགྱུར་བ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་ཆོས་ཐམས་ཅད་དབེན་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ཡིད་ལ་བྱེད་པ་ཐམས་ཅད་ལ་མི་འཇུག་པ་དེ་ནི་བསམ ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། གང་རང་བཞིན་གྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚངས་པ་དེ་ལྟ་དེ་ལྟར་དེ་བཞིན་གཤེགས་པ་མར་མེ་མཛད་ལས་ཕ་རོལ་ཏུ ་བྱིན་པ་རྣམས་ཡོང་སུ་རྫོགས་པར་བྱའོ།། ཚངས་པ་གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ཀྱི་སྦྱིན་པ་ཡོངསུ་གཏོང་བ་ང་ནི་ཕྱིས་མི་དམིགས་པས་སྦྱིན་པ་ཡོངསུ་གཏོང་བ་དེ་ལ་རྒྱའི་ཆར་ཡང་ཉེ་བར། ་མི་འགྲོབ་ནས་དཔེའི་བར་དུ་ཡང་ཉེ་བར་མི་འགྲོར། ཁང་དང་པའི་ཚུལ་ཁྲིམས་བསླབ་པ་དང་། སྦྱངས་པའི་ཡོན་ཏན་ཡང་དག་པར་ལྔས་པའི་ཚུལ་ཁྲིམས་དེ་ལ་དེ་པའི་བར་དུ་ཡང་ཉེ་བར་མི་འགྲོལ་དང་། ་སེམས་དང་པོ་བསྐྱེད་པ་ཚུན་ཆད་ཀྱི་བཟོད་པ་དང་དེས་པ་དེ་ནི་ཤིན་ཏུ་བཟོད་པའི་ཆོས་ཉིད་དེ་ལ་རྒྱུར་ཡང་ཉེ་བར་མི་འགྲོའོ།། གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ནས་བཟུང་སྟེ། བརྩོན་འགྲུས་བརྩམ། ་བདེ་ནི་བླང་བ་མེད་པ་དང་། དོར་བ་མེད་པའི་བརྩོན་འགྲུས་དེ་ལ་དཔེའི་བར་དུ་ཡང་མི་འདྲའོ།། གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ཀྱི་བསམ་གཏན་རབ་ཏུ་དབེན་པ་གནས་པ་དེ་ནི་རབ་ཏུ་ཞི་བ ་མཚན་མ་མེད་པ་དེ་ལ་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ།། ཚངས་པ་གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ཀྱི་ཤེ་ས་རབ་ཀྱིས་སོ་སོའི་རྟོག་པ་དེ་ནི་སྤྲོས་པ་མེད་པའི་ཤེས་རབ་དེ་ལ ་དཔེའི་བར་དུ་ཡང་ཉེ་བར་མི་འགྲོ་སྟེ། དེ་བས་ན་ཚར་ས་པ་རྣམ་གྲངས་འདིས་འདི་ལྟར་ངས་དེའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུགཡོངསུ་རྫོགས་པར་བྱསོ་ཞེས་དེ་ལྟར་རིགས་པར་བྱའོ།། གསོལ་པ ་བཅོམ་ལྡན་འདས་ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངསུ་རྫོགས་པ་ལགས། བཀའ་སྩལ་པ། གང་གཏོང་བ་ལ་རློམ་སེམས་མེད་པ་དང་། ཚུལ་ཁྲིམས་ལ་མི་གནས་པ་དང་། བཟོད་པ་ལ་རྣམ་པར་མི ་རྟོག་པ་དང་། བརྩོན་འགྲུས་ལ་བླང་བ་མེད་པ་དང་། བསམ་གཏན་ལ་མི་གནས་པ་དང་། ཤེས་རབ་ལ་གཉི་སུ་མེད་པ་འདི་ནི་ཚངས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོང་སུ་རྫོགས་པ་ཡིན་ནོ།། གསོལ་པ། ་མས་ལྡམ་ས་པ་ས་ཚུན་བདྲུནས་སུ་རྫོགས་ན་ཀྱིམ་དུ་རྫོགས་པར་བྱེད། གང་སུམ་གཆམ་པ་པ་ས་ཁྱེན་བ་དྲུག་ས་སུ་རྫོགས་ནས་ཐམས་ཅད་ཁྱེན་པ ་ཉིད་ཡོང་སུ་རྫོགས་པར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོང་སུ་རྫོགས་ནས། ཐམས་ཅད་མཁྱེན་པ་ཉིད་ཡོང་སུ་རྫོགས་པ་འགྱིད། བཀའ་སྩ ་པ། ཚངས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཉམ་པ་ཉིད་དོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། བཟོད ་བའི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང ་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཉམ་བ་ཉིད་དོ།། དེ་བས་ན་མཉམ་པ་ཉིད་འདིས་ཆོས་ཐམས་ཅད ་མཉམ་པ་ཉིད་དེ། ཆོས་ཐམས་ཅད་མཉམ་པ་ཉིད་གང་ཡིན་པ་དེ་ནི།། ཐམས་ཅད་མཁྱེན་པའི་མཉམ་པ་ཉིད་དོ།། གཞན་ཡང་ཚངས་པ། སྦྱིན་པའི་འདུ་ཤེས་ཡོངསུ་རྫོགས ་བ་དང་ཚུལ་ཁྲིམས་ཀྱི་འདུ་ཤེས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་འདུ་ཤེས་ཡོང་སུ་རྫོགས་ནས། ཐམས་ཅད་མཁྱེན་པ་ཉིད་ཡོང་སུ་རྫོགས་པར་བྱེད་དོ།། ་ཐམས་ཅད་མཁྱེན་པ་ཉིད་ནི་འདུ་ཤེས་ཐམས་ཅད་དང་བྲལ་བ་སྟེ། དེ་ལྟར་ན། ཚངས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངསུ་རྫོགས་པས། ཐམས་ཅད་མཁྱེན་པ་ཉིད་ཡོང་སུ་རྫོགས་པར་བྱེད་དེ། ་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ཡོང་སུ་རྫོགས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་མིག་མི་ལེན་པ་གཟུགས་མི་ལེན་པ་དེ་ནས། ཡིད་དང་ཆོས ་ཀྱི་བར་དུ་མི་ལེན་ཏེ། ཚངས་པ་གང་ཕྱི་དང་ནང་གི་སྐྱེ་མཆེད་དྲུག་པོ་འདི་རྣམས་མི་ལེན་པ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ཡོང་སུ་རྫོགས་པའོ།། ཚངས་པ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད ་སུ་རྫོགས་པར་བྱས་ན་མིག་ལ་མི་ཆགས། རྣ་བ་ལ་མི་ཆགས། སྣ་ལ་མི་ཆགས། ལྕེ་ལ་མི་ཆགས། ལུས་ལ་མི་ཆགས། ཡིད་ལ་མི་ཆགས་སྟེ། དེ་བས་ན་དེ་བཞིན་གཤེགས་པའི་ཐམས ་ཅད་མཁྱེན་པ་ཉིད་ཡེ་ཤེས་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་ཡིན་ནོ།། ཚངས་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་གང་ཡང་མི་ལེན་ཏོ།། ཚངས་པ་འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ནི ་ཐམས་ཅད་ཀྱི་སྣོད་དུ་མ་གྱུར་པ་ཡིན་ཏེ། ཚངས་པ་སྣོད་མ་ཡིན་པ་ཞེས་བྱ་བ་ནི་དངོས་པོ་མེད་པའི་ཚིག་ཐ་དྭག་སོ།། དངོས་པོ་མེད་པ་ཞེས་བྱ་བ་ནི་བླ་གབ་མེད་པའི་ཚིག་བླ་དག་སོ།། ཐམས་ཅ ་མཁྱེན་པ་ནི་བླ་གབ་མེད་པ་དང་། མཚུངས་པ་སྟེ།། དེ་བས་ན་དེ་ཆོས་གང་ཡང་མི་ལེན་ཏོ།། ཚངས་པ་འདི་ལྟ་སྟེ་དཔེ་དར་ན། ནམཁའ་ལ་གནས་ཏེ་བྱ་བ་ཐམས་ཅད་བྱེད་ཀྱང་། ནམ་ཐའ ་དེ་ནི་མི་གནས་པའོ།། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ལ་ཡེ་ཤེས་ཐམས་ཅད་རྣམ་པར་གཞག་ཀྱང་ཐམས་ཅད་མཁྱེན་པ་ཉིད་ནི་མི་གནསོ།། གསོལ་པ། བཅོམ་ལྡན་འདས་ཐམས་ཅད ་མཁྱེན་པ་ཉིད་ཅེས་བགྱི་བ། བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི། བཀའ་སྩལ་པ། ཚངས་པ་ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ཀྱི་སྤྱོད་པ་ཐམས་ཅད་དེས ་ཤེས་ཏེ། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། དེ་དག་གི་བསམ་པ་ཐམས་ཅད་ཀུན་ཤེས་པ་དང་། སྦྱོར་བ་ཀུན་ཤེས་པ་དང་། སྙིང་རྗེ་ཀུན་ཤེས་པ་དང་། བསླབ་པ་ཀུན་ཤེས་པ་དང་། ་ཡང་དག་པར་འཛིན་པ་ཀུན་ཤེས་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། རྒྱུབ་ཐམས་ཅད་རྣམ་པར་སྤོང་བ་དང་། རློམ་སེམས་ཐམས་ཅད་བཅོམ་པ་དེནི་ཐམས་ཅད ་མཁྱེན་པ་ཉིད་།། འཐོབ་པ་མེད་ཅིང་རྣམ་པར་རིག་པ་མེད་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དེ་ལས་ཤེས་པར་འགྱུར་བ་ན། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། ཡེ་ཤེས་ཐམས་ཅ ་མངོན་པར་རྟོག་པ་དང་། སློབ་པའི་ཡེ་ཤེས་དང་། མི་སློབ་པའི་ཡེ་ཤེས་དང་། རང་སངས་རྒྱས་ཀྱི་ཡེ་ཤེས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་འདི་ལྟར་རྣམ་པར་བཞག་པས་ན། ཐམས་ཅད ་པ་ཉིད་ཅེས་བྱའོ།། ཡང་དག་པར་སྦྱོར་བས་འདི་ལས་ཡེ་ཤེས་འཇུག་པས་ན། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། སྨན་ཐམས་ཅད་ཡོངསུ་ཤེས་པས་དེའི་ཕྱིར་ཐད་མཁྱེན་པ་ཉིད་ཅེས ་བྱའོ།། ནད་ཐམས་ཅད་རབ་ཏུ་ཞི་བར་བྱས་པས་དེའི་ཕྱིར་ཐམ། ས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། བཅིངས་པ་ཐམས་ཅད་བཅོམ་པས་དེའི་ཕྱིར་ཐམ་ས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། བག་ཆགས་ཀྱི་མཚམས ་སྦྱོར་བ་ཐམས་ཅད་བཅོམ་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། རྟག་ཏུ་མཉམ་པར་གཞག་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། ཆོས་ཐཾད་ལ་ཐེ་ཙོམ་མེད་པས་དེའི་ཕྱིར་ཐམས ་མཁྱེན་པ་ཉིད་ཅེས་བྱའོ།། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམས་ཀྱང་ཐམས་ཅད་མཁྱེན་པ་འདི་ལས་རྣམ་པར་བཞག་པས་ན། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། ་ཚངས་པ་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་དེ་ཤེས་ལ་མཁས་པའི་ཚིག་བླ་དྲག་སོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་བྱེད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཐམས་ཅད་མཁྱེན་པ་སེམས་ཀྱི་དམིགས་པ་ལ་ཡང་འཇུག་པ་མི་མངའ་བ་ནི་སངས་རྒྱས་ཀྱི་ཡེ། ་ཤེས་བསམ་གྱིས་མི་ཁྱབ་སྟེ། ངོ་མཚར་ཏོ།། བཅོམ་ལྡན་འདས་དེ་ལ་ཡོན་ཏན་གྱི་བྱེ་བྲག་ཚད་མ་མཆིས་པ་འདི་ལྟ་བུ་འདི་དག་གངའ་ན། རིགས་ཀྱི་བུ་པོ་འམ། རིགས་ཀྱི་བུ་མོ་སུ་ཞིག་བླ་ན་མེད ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང ་ཆུབ་སེམས་དཔའ་སུ་དག་ཡོན་ཏན་རེ་བའི་སླད་དུ་བྱང་ཆུབ་ལ་འཇུག་ན། དེ་དག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ལགས་པར་རིག་པར་བགྱིའོ།། དེ་ཅིའི་སླད་དུ་ན་ན། བཅོམ ་ལྡན་འདས་རེ་བར་བགྱི་བ་མ་མཆིས་པའི་སླད་དུ་ཆོས་ཐ་མས་ཅད་ནི་ཡོན་ཏན་དང་བྲལ་ཞིང་ཡོན་ཏན་མ་མཆིས་པ་སྟེ། དེ་བས་ན་བྱང་།། ཆུབ་སེམས་དཔའ་རྣམས་ཀྱིས་ཡོན་ཏན་གྱི་སླད་དུ ་འམ། ལེགས་པའི་སླད་དུ་བྱང་ཆུབ་ལ་འཇུག་པར་མི་བགྱིའོ།། གཞན་དུ་ན་སྙིང་རྗེ་ཆེན་པོའི་རྒྱུས་བདག་གི་སྡུག་བསྔལ་བས་ཡོངསུ་མི་སྐྲག་པའི་སླད་དུ། དགེ་བའི་ཆོས་བསྐྱེད་པར་བགྱི་བའི་སླད་དུ། ལྟ་བ་ལས ་རྣམ་པར་ཐར་པར་དགྱི་བའི་སླད་དུ། ནད་ཐམས་ཅད་བསལ་བའི་སླད་དུ། ཡོངསུ་འཛིན་གཏོང་བའི་སླད་དུ། མཛའ་བ་དང་མི་མཛའ་བ་ལ་མི་ལྟ་བའི་སླད་དུ། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་དྲོ ་བའི་སླད་དུ། འདུས་བྱས་ལས་སྐྱོ་བའི་སླད་དུ། མྱ་ངན་ལས་འདས་པ་ལ་བདེ་བར་དགོད་པའི་སླད་དུ། དམ་པའི་ཆོས་ཡོངསུ་གཟུང་བའི་སླད་དུ། སེམས་ཅན་ཡོངསུ་སྨིན་པའི་སླད་དུ། བཅོམ་ལྡན་འདས ་། བྱང་ཆུབ་སེམས་དཔས་རེ་བ་མ་མཆིས་པར་བགྱི་སྟེ། ཕ་རོལ་ལ་མི་རེ་བར་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་བགྱིས་པ་དང་། མ་དགྱིས་པ་ལ་འགྱོད་པ་མ་མཚས ་པར་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་བདེ་བ་དང་སྡུག་བསྔལ་གྱིས་གནོད་པར་མི་འགྱུ་རོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོང་སུ་དག་པ་གང་ལགས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲིད་ནི། དགེ་བའི་རྩ་བ་ཡོངསུ་དག་པར་མི་སྨྲའོ།། བརྒྱ་བྱིན་དུ་འགྱུར་བ་ཡང་མ་ཡིན། ཚངས་པར་འགྱུར་བ་ཡང་མ་ཡྀ། ་ཏེ། གང་ལ་སྐྱེ་བ་དང་སྐྱེ་གནས་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངསུ་དག་པའོ།། ནམ་བདག་ཀྱང་དགེ་བའི་རྩ་བ་ཡོངསུ་མི་འབྲི་ལ། ཆུང་དྲུད་འགྲོའི་སྐྱེ་གན་སུ་སོང་བ ་ཡན་ཆད་སེམས་ཅན་གཞན་གྱི་དགེ་བའི་རྩ་བ་རྣམས་སྐྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངསུ་དག་པ་འོ།། དངོས་པོ་ཐམས་ཅད་ལ་མི་ལྟ་བའི་ཕྱིར་གཏོང་བ ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ཡོངསུ་གདུང་བ་མེད་པའི་ཕྱིར་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། གནོད་སེམས་མེད་པའི་ཕྱིར། བཟོད་པ་ནི་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ལེ་ལོ་མེད་པའི་ཕྱིར། བརྩོན་འགྲུས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། རྩེ་གཅིག་པའི་ཕྱིར། བསམ་གཏན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ་ལྟ་བ་དང་བྲལ་བའི་ཕྱིར། ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། སེམས་སྙོམས་པའི་ཕྱིར་བྱམས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ལྷག་པའི་བསམ་པ་ཡོད། ་སུ་དག་པའི་ཕྱིར། སྙིང་རྗེནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ཆོས་ལ་མོས་པ་བསྐྱེད་པའི་ཕྱིར། དགའ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། མཛའ་བ་དང་སྡང་བ་མེད་པའི་ཕྱིར ་བཏང་སྙོམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་མི་འདོད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ ་བའོ།། བམ་པོ་བནི་བ~ཾ།། དེ་ནས་ལམདཔལ་གཞོ་ནུར་གྱུར་པ་འཁོར་དེར་འདུས་ཏེ་ཅང་མི་ཟེར་བར་འདུག། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་བྱེད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་འཇམ་དཔལ་གཞོ་ནུར་གྱུར་པ་འདི་འཁོར་འདི། མཆིས་ཏེ། འདི་ལྟར་ཡང་དག་པར་བརྗོད་པའི་གཏམ་ཅུང་ཟད་ཀྱང་མི་སྟོན་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར ་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་ཆོས་བསྟན་པ་འདི་ལ་ཁྱོད་གཏམ་གྱི་རྒྱུད་འགའ་ཞིག་སྤོབས་པར་གྱིས་ཤིག། འཇམ་དཔལ་གྱིས་གསོལ་ག། ཆོས་གང་བཅོམ་ལྡན་འདས། ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་ལ་གདགས་པ་གང་ཡང་མ་མཆིས་ས་མས་དཔལ་ཆོས་དེ་ལ་གདགས་པ་གང་ཡང་མེདོ།། གསོལ་པ། བཅོམ་ལྡན་འདས་ཆོས་དེ་བརྗོད་པ་དགྱི་བ ་ལགས་སམ། སྨྲ་བ་བགྱི་བ་ལགས་སམ། བསྟན་པར་བགྱི་བ་ལགས་སམ། བཀའ་སྩལ་པ། འཇམ་དཔལ་ཆོས་དེ་བརྗོད་པར་བྱ་བ་མ་ཡིན། སྦ་བར་བྱ་བ་མ་ཡིན། སྟན་པར་བྱ་བ་ཡིན།། གསོལ་ལ། ་བཅོམ་ལྡན་འདས་ཆོས་གང་མ་བརྗོད། མ་སྨྲས་པ། མ་བསྟན་པ་དེ་བཤད་པར་ནུས་སམ། ཁྱད་པར་སེམས་ཀྱིས་སྤྲས་པ། འཇམ་དཔལ་ཁྱོད་སེམས་ཅན་གཞན་དག་ལ་ཆོས་མི་སྟོན་ཏམ་སྨྲས་པ། ་ཚངས་པ་ཅི་ཆོ་སྨི་དབྱིངས་གཉིས་རབ་ཏུ་ཕྱེ་བ་ཡིན་ནམ། སྨྲས་པ། དེ་མ་ཡིན་ནོ།། སྨྲས་པ། ཆོས་ཐམས་ཅད་ཆོས་ཀྱི་དབྱིང་སུ་ངེས་པ་མ་ཡིན་ནས། སྦས་པ། ངེས་པ་ཡིན་ནོ།། སྨྲས་པ་ཆག ་པ་གལ་ཏེ་ཆོས་ཀྱི་དབྱིངས་ཀྱང་གཉི་སུ་མེད་པ་ཡིན་ལ། ཆོས་ཐམས་ཅད་ཀྱང་ཆོ་ས་དབྱིངས་ངེས་ན། སེམས་ཅན་གཞན་དང་། གང་ཟག་གཞན་དག་ལ་ཇི་ལྟར་ཆོས་བསྟན་པར་བྱ། སྨྲས་པ། འཇམ ་དཔལ་གཉིས་ཀྱང་མ་ཡིན་ལ། ཆོས་བསྟན་པ་ཡོད་དམ། སྨྲས་པ། ཚངས་པ་གལ་ཏེ་སྟོན་པ་འམ། ཉན་པ་འགའ་ཞིག་རྙེད་ན་ཡོད་དོ།། སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་ཆོས་མ་བསྟན ་ཏམ། སྨྲས་པ། ཚངས་པ་བསྟན་མོད་ཀྱི་གཉིསུ་མ་ཡིནོ།། དེ་ཅིའི་ཕྱིར། ཞེ་ན། དེ་བཞིན་གཤེགས་པ་ནི་གཉི་སུ་མེད་པར་ཆོས་སྟོན་ཏེ། གཉི་སུ་མི་མཛད།། སྨྲས་པ། འཇམ་དཔལ་གལ་ཏེ་ཆོས་ཐམས ་ཅད་གཉི་སུ་མེད་པ་ཡིན་ན། དེ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཉི་སུ་མེད་པ་གཉི་སུ་བྱེད། སྨྲས་པ། བདག་གི་རྒྱ་ལ་བདག་ཏུ་འཛི་ནབས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཉི་སུ་བྱེད་དེ། ་གཉིསུ་མེད་པ་ནི་ནམ་ཡང་གཉིསུ་མི་འགྱུ་རོ།། ཇི་ཙམ་དུ་མང་དུ་གཉིསུ་བྱས་ཀྱང་གཉིསུ་མེད་པའི་མཐའ་གཉིསུ་མེད་དོ།། སྨྲས་པ། འཇམ་དཔལ་གཉིསུ་མེད་པ་ཅི་རྣམ་པར་རིག་པར་བྱེད། སྨྲས་པ། ་གལ་ཏེ་རྣམ་པར་རིག་པར་བྱེད་ན་གཉི་སུ་མེད་པ་མ་ཡིན་པར་འགྱུར་ཏེ། གཉི་སུ་མེད་པ་ནི་རྣམ་པར་རིག་པ་མེད་པའོ།། ཚངས་པ་གཉིས་ཤེས་བྱ་བ་ནི་རྣམ་པར་རིག་པའོ།། དེ་བཞིན་གཤེགས་པ། ་ནི་རྣམ་པར་རིག་པ་མེད་པར་ཆོས་བསྟན་ཏེ། ཆོས་དེ་ཡང་ཇི་ལྟར་བསྟན་པ་དེ་བཞིན་དུ་མ་ཡིན།། དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ཡི་གེ་མེད་པའི་ཕྱིར་རོ།། སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས། ་ཆོས་བསྟན་པ་གང་དུ་འགྲོ་སྨྲས་པ། ཚངས་པ་དེ་བཞིན་གཤེགས་པས་ཆོས་སྟོན་པ་ནི་འགྲོ་བ་མེད་པར་འགྲོའོ།། སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་མྱ་ངན་ལས་འདས་པར་འགྲོ་བའི་ཆོས་མ། ་བསྟན་ཏམ། སྨྲས་པ། ཅི་མྱ་ངན་ལས་འདས་པ་ལ། འགྲོ་བ་འམ་འོང་བར་དམིགས་སམ། སྨྲས་པ། མྱ་ངན་ལས་འདས་པ་ལ་འོང་བ་ཡང་མེད་འགྲོ་བ་ཡང་མེད། སྨྲས་པ། ཚངས་པ་དེ་ལྟ་བས་ན་དེ་བཞིན ་གཤེགས་པས་འགྲོ་བ་མེད་པར་འགྲོ་བའི་ཆོས་བསྟན་ཏོ།། སྨྲས་པ། ཇི་ལྟར་ཐོས་པ་སྨྲས་པ་ཇི་ལྟར་བརྗོད་པ་བཞིན་དུའོ།། སྨྲས་པ། ཇི་ལྟ་བུ་བརྗོད། སྨྲས་པ། ཇི་ལྟར་རྣམ་པར་རིག་པ་མེད་པ་དང་ཐོས་པ ་མེད་པ་བཞིན་ནོ།། སྨྲས་པ། དེ་བཞིན་གཤེགས་པའི་ཆོས་ཉན་པ་གང་ཡིན། སྨྲས་པ། གང་ཡུལ་ལ་ཟག་པ་མེད་པ་རྣམས་སོ།། སྨྲས་པ། ཆོས་འདི་སུས་ཤེས་པར་འགྱུར། སྨྲས་པ། གང་རྩོད ་བར་མི་འགྱུར་བ་དང་། ཤེས་པར་མི་འགྱུར་བ་དང་། རྗེ་སུ་ཤེས་པར། མི་འགྱུར་བ་རྣམ་སོ།། སྨྲས་པ། འཇམ་དཔལ་ཇི་ལྟར་ན་དགེ་སློང་ཅོད་པ་མང་བ་ཡིན།། སྨྲས་པ། འདི་ནི་རིགས་འདི་ནི་མི ་རིགས་སོ་ཞེས་བྱ་བ་འདི་ནི་རྩོད་པའོ།། དེ་བཞིན་དུ་བསྡུས་ཏེ་འདི་ནི་འབྲེལ་པའོ།། འདི་ནི་མ་འབྲེལ་པའོ་ཞེས་བྱ་བ་དང་། འདི་ནི་ཉོན་མོངས་པའོ།། འདི་ནི་རྣམ་པར་བྱང་བའོ་ཞེས་བྱ་བ་དང་། འདི་ནི་དགེ་བའོ།། ་འདི་ནི་མི་དགེ་བའོ་ཞེས་བྱ་བ་དང་། འདི་ནི་ཁ་ན་མ་ཐོ་བ་དང་བཅས་པའོ།། འདི་ནི་ཁ་ན་མ་ཐོ་བ་མེད་པའོ་ཞེས་བྱ་བང་བ་འདི་ནི་ཟག་པ་དང་བཅས་པའོ།། འདི་ནི་ཟག་པ་མེད་པའོ་ཞེས་བྱ་བ་དང་། འདི་ནི། ་འཇིག་རྟེན་པའོ།། འདི་ནི་འཇིག་རྟེན་ལས་འདས་པའོ་ཞེས་བྱ་བ་དང་། འདི་ནི་འདུས་བྱས་སོ།། འདི་ནི་འདུ་བས་བྱ་བ་དང་། འདི་ནི་ཚུལ་ཁྲིམས་སོ།། འདི་ནི་ངང་ཚུལ་ངན་པའོ་ཞེས་བྱ་བ་དང་། འདི་ནི ་བྱ་བའོ།། འདི་ནི་བྱ་བ་མ་ཡིན་པའོ་ཞེས་བྱ་བ་དང་། འདིས་ནི་འཐོབ་པར་འགྱུརརོ།། འདི་ནི་འཐོབ་པ་མ་ཡིན་པར་འགྱུརརོ་ཞེས་བྱ་བ་འདི་ནི་རྩོད་པའོ།། ཚངས་པ་ཇི་ཙམ་དུ་ཁེང། ་བཾ་དང་། འདུད་པ་དང་། ལེན་པ་དང་། འདོར་བ་དེ་ཙམ་དུ་རྩོད་པ་སྟེ། དེ་བཞིན་གཤེགས་པས་ནི་རྩོད་པ་མེད་པར་ཆོས་བསྟན་ཏོ།། སྤྲོས་པ་ལ་དགའ་བ་ལ་ནི་མི་རྩོད་པ་མེད་དོ།། རྩོད་པ་མང་བ་ལ་ནི་དགེ་སྦྱོང ་དུ་གྱུར་པ་མེད་དོ།། དགེ་སྦྱོང་འདོད་པ་ལ་ནི་འཐབ་པ་མེད་དོ།། སྦས་པ། འཇམ་དཔལ་ཇི་ལྟར་དགེ་སློང་དེ་བཞིན་གཤེགས་པའི་བསྟན་པ་བཞིན་བྱེད་པ་དང་། བཀའ་བཞིན་བྱེད་པར་འགྱུར་སྨྲས་པ། ་ཚངས་པ་ནམ་དགེ་སློང་བསྟོད་པ་དང་། སྨད་པ་བྱས་ཀྱང་གནོད་པ་མེད་ན། དེ་ལྟར་ན་བསྟན་པ་བཞིན་དུ་བྱེད་པ་ཡིན་ནོ།། གང་ཡི།། གེའི་རྗེ་སུ་མི་སྙེགས་ན་དེ་ལྟར་ན་བཞིན་དུ་བྱེད་པ་ཡིན ་ནས་གང་མཚན་མ་ཐམས་ཅད་ལས་ཞི་བར་གྱུར་ན།། དེ་ལྟར་ནས་སྟན་པ་བཞིན་བྱེད་པ་ཡིན།། གང་དོན་དང་འགལ་བར་མི་བྱེད་ན་དེ་ལྟར་ན་བཀའ་བཞིན་བྱེད་པ་ཡིན་ནོ།། གང་ཆོས་ཡོངསུ་སུ ་ན་དེ་ལྟར་ན་སྟན་པ་བཞིན་བྱེད་པ་ཡིན་ནོ།། གང་ཚིག་རྣམས་དང་མཐུན་པར་མི་བྱེད་ན་དེ་ལྟར་ན་བཀའ་བཞིན་བྱེད་པ་ཡིན།། སྨྲས་པ། འཇམ་དཔལ་ཇི་ལྟར་ན་དགེ་སློང་དམ་པའི་ཆོས་ཡོངསུ་སྲུང ་ཡིན་སྨྲས་པ། གང་མཉམ་པ་ཉིད་ལས་འགལ་བར་མི་བྱེད་ཅིང་ཆོས་ཀྱི་དབྱིངས་རྣམ་པར་འཇུག་པར་མི་བྱེད་ན། དེ་ལྟར་ན་དམ་པའི་ཆོས་ཡོངསུ་སྲུང་བ་ཡིན་ནོ།། སྲས་པ། འཇམ་དཔལ་ཇི་ལྟར། ་ན། དགེ་སློང་དེ་བཞིན་གཤེགས་པ་ལ་ཉེ་བར་གནས་པ་ཡིན།། སྨྲས་པ། ཚངས་པ་གང་ཆོས་གང་ལ་ཡང་ཉེ་བ་འམ། རིང་བ་མེད་པ་མཐོང་བའི་དགེ་སློང་དེ་ནི། དེ་བཞིན་གཤེགས་པ་ཉེ་བར་གནས ་པ་ཡིན་ནོ།། སྨྲས་པ། ཇི་ལྟར་ན་འཇམ་དཔལ་དགེ་སློང་དེ་བཞིན་གཤེགས་པ་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་པ་ཡིན། སྨྲས་པ། ཚངས་པ་དགེ་སློང་གང་ལུས་དང་། ངག་དང་། ཡིད་ཀྱིས་རྟུལ་བར་མི ་བྱེད་པའི་དགེ་སློང་དེ་ནི་དེ་བཞིན་གཤེགས་པ་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་པའོ།། སྨྲས་པ། འཇམ་དཔལ་སུས་དེ་བཞིན་གཤེགས་པ་ལ་མཆོད་པར་འགྱུར།། སྨྲས་པ། ཚངས་པ་གང་བསོད ་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་ཐམས་ཅད་མངོན་པར་འདུ་མི་བྱེད་པའོ།། སྨྲས་པ། འཇམ་དཔལ་སུས་དེ་བཞིན་གཤེགས་པ་མཐོང་། སྨྲས་པ། ་གང་ཤའི་སྤྱན་པ་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ལའང་མངོན་པར་མ་ཆགས་པ་དེས་དེ་བཞིན་གཤེགས་པ་མཐོང་ངོ་།། སྨྲས་པ། འཇམ ་དཔལ་སུས་ཆོས་མཐོང་། སྨྲས་པ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ཞིང་འགལ་བར་མི་བྱེད་པ་རྣམས་ཀྱིས་སོ།། སྒྲ། གསུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་སྨྲས ་པ་གང་མཉམ་པ་ཉིད་མི་སྐྱེད་ཅིང་འགལ་བར་མི་བྱེད་པ་སོ།། འཇམ་དཔལ་སུ་དག་མངོན་པར་ཤེས་པ་ཐོག་སྨྲས་པ། གང་ཟག་པ་མ་བསྐྱེད་ཅིང་མི་འགོག་པ་རྣམ་སོ།། སྨྲས་པ། འཇམ་དཔལ ་སུ་དེ་བཞིན་གཤེགས་པའི་བསླབ་པ་ལ་སྲོག་སྨྲས་པ། གང་མངོན་པར་འདུ་མི་བྱེད་པ་དང་། མྱོང་བར་མི་བྱེད་པ་དང་། མི་སྐྱེད་པ་དང་། སོ་སོར་མི་སྤོང་བ་རྣམས་སོ།། སྨྲས་པ། འཇམ་དཔལ་སུ། ་ཡང་དག་པར་ཞུགས་སྨྲས་པ། གང་ཁམས་གསུམ་པ་ལ་མ་ཞུགས་པའོ།། སྨྲས་པ། འཇམ་དཔལ་གང་ཤིན་ཏུ་དུལ་བ་ཡིན་ནོ།། སྦས་པ། གང་ཡང་སྲིད་པ་མི་ལེན་པའོ།། སྨྲས་པ ་འཇམ་དཔལ་གང་བདེ་བར་གྱུར་པ་ཡིན། སྦས་པ། གང་པའི་བྱ་བ་མེད་པ་རྣམ་སོ།། སྦས་པ། འཇམ་དཔལ་སུ་དག། ཁྲོལ་བ་ཡིན།། སྨྲས་པ། གང་དམིགས་པ ་འཁྲུགས་པར་མི་བྱེད་པ་རྣམས་སོ།། སྨྲས་པ། འཇམ་དཔལ་སུ་དག་རྒལ་བ་ཡིན།། སྨྲས་པ། གང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་རྣམ་སོ།། སྨྲས་པ། འཇམ་དཔལ་ཟག ་པ་ཟད་པའི་དགེ་སློང་ཅི་ཟད། སྨྲས་པ། ཚངས་པ་གལ་ཏེ་ཟད་པར་འགྱུར་ན་ནི་ཟག་པ་ཟད་པར་མི་འགྱུར་ཏེ། ཟག་པ་དེ་དག་ནི་སྐད་ཅིག་པ་ཡིན་པ་དེས་དེ་དག་དེ་བཞིན་དུ་ཤེས་པས་ན་དེའི་ཕྱིར ་ཟག་པ་ཟད་པ་ཞེས་བྱའོ།། སྨྲས་པ། འཇམ་དཔལ་སུ་དག་བདེན་པར་སླ་བ་ཡིན། སྦས་པ། གང་རྩོད་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་རྣམས་སོ།། སྨྲས་པ། འཇམ་དཔལ་སུ་ལམ་དུ་ཞུག ་བ་ཡིན་སྨྲས་པ། ཚངས་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམསདལམ་དུ་ཞུགས་པའོ།། སྨྲས་པ། འཇམ་དཔལ་སུ་ལམ་ངན་པ་ཞུགས་པ་ཡིན། སྦས་པ། གང་གིས་ཆོས་ཐམས་ཅད་ག ་མ་ཀྱང་མ་འོངས་པ་དང་། གང་སུ་ཡང་མི་འགྲོ་བར་ཤེས་བའི་འཕགས་པ་རྣམསསོ།། སྨྲས་པ། འཇམ་དཔལ་བདེན་པ་མཐོང་བ་གང་ཡིན།། སྨྲས་པ། ཆོས་གང་ཡང་མི་མཐོང་བའོ།། ཅིང ་ཕྱིར་ཞེ་ན། ཇི་ཙམ་དུ་མཐོང་བ་དེ་ཙམ་དུ་རྫུན་ཏོ།། མཐོང་བ་མེད་པ་ནི་བདེན་པ་མཐོང་བའོ།། སྨྲས་པ། གང་མ་མཐོང་བས་བདེན་པ་མཐོང་། སྨྲས་པ། ལྟ་བར་གྱུར་པ་ཐམས་ཅད་མ་མཐོང་བས ་བདེན་པ་མཐོང་བའོ།། སྨྲས་པ། དེ་གང་དུ་བཙལ་བར་བྱ།། སྨྲས་པ། ཕྱིན་ཅི་ལོག་བཞི་དག་ལས་བདེན་པ་བཙལ་བར་བྱའོ།། སྨྲས་པ། འཇམ་དཔལ་ཅི་ལ་བསམས་ཏེ་དེ་སྐད་སྟོན། སྨྲས་པ། ཕྱིན་ཅི་ལོག ་བཞི་ཚོལ་བ་གང་ཡིན་པ་དེ་ལ་རྟག་པ་ཡང་མེད། བདེ་བ་ཡང་མེད། བདག་ཀྱང་མེད། གཙང་བ་ཡང་མེད་དེ། གང་ལ་རྟག་པ་མེད་པ་དེ་ནི་མི་རྟག་པའོ།། གང་ལ་བདེ་བ་མེད་པ་དེ་ནི་སྡུག་བསྔལ་བའོ།། ་གང་ལ་བདག་མེད་པ་དེ་ནི་བདག་མེད་པའོ།། གང་གཙང་བ་མེད་པ་དེ་ནི་མི་གཙང་བའོ།། ཚངས་པ་ཆོས་ཐམས་ཅད་ལ་བདག་མེད་པ་ནི་འཕགས་པའི་བདེན་པ་ཚོལ་བ་སྟེ། གང་བདེན་པ་ཚོལ ་བ་དེ་ནི་སྡུག་བསྔལ་ཡོངསུ་མི་ཤེས་པ་ནས། ལམ་གྱི་བར་རུ་མི་སྒོམ་པའོ།། སྨྲས་པ། འཇམ་དཔལ་ཇི་ལྟར་ན་ལམ་ལ་སྒོམ་པ་ཡིན། སྨྲས་པ། སྒོམ་པ་ནི་ཇི་ལྟར་དངོས་པོར་ཡང་མི་ལྟུང་། ་དངོས་པོ་མེད་པར་ཡང་མི་ལྟུང་ཞིང་ཆོས་གང་ཡང་དངོས་པོ་ར་ཡང་མི་ལྟུང་ངོ་།། དངོས་པོ་མེད་པར་ཡང་མི་བྱེད་དེ། ཚངས་པ་གཉིས་དང་བྲལ་བ་ནི་ལམ་མོ།། ལམ་གང་གིས་བཙ ་བས་ཆོས་ཐམས་ཅད་མི་དམིགས་པ་འདི་ནི་ལ་མོ།། ལམ་གང་དུ་ཡང་ཕྲད་པར་མི་བྱེད། འདོར་བར་ཡང་མི་བྱེད་ཅིང་། འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད་པའོ།། དེ་ཅིའི་ཕྱིར་ཞེ་ན། ་འཕྲད་པར་བྱེད་པ་ཡང་མེད། འདོར་བ་ཡང་མེད་པ་ནི་འཕགས་པ་རྣམས་ཀྱི་ལམ་མོ།། དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་ཞེས་བྱ་བས། འཇམ་དཔལ་གཞོན ་ནུར་གྱུར་པ་ལ། འདི་སྐད་ཅེས་སྨྲ་སོ།། འཇམ་དཔལ་ཇི་ལྟར་ན་དགེ་བསྙེན་སངས་རྒྱས་ལ་སྐྱངསུ་སོང་བ་ཡིན། ཇི་ལྟར་ན་ཆོས་ལ་སྐྱབསུ་སོང་བ་ཡིན། ཇི་ལྟར་ན་དགེ་འདུན་ལ་སྐྱབསུ་སོང ་བ་ཡིན། སྨྲས་པ། རིགས་ཀྱི་བུ་ནམ་དགེ་བསྙེན་ལྟ་བ་གཉིས་ཉེ་བར་མི་ལེན་པ་སྟེ། གཉིས་གང་ཞེ་ན། བདག་ཏུ་ལྟ་བ་མི་ལེན། ཕ་རོལ་ཏུ་ལྟ་བ་མི་ལེན། བདག་ཏུ་ལྟ་བ་མི་ལོན། སངས ་རྒྱ་སུ་ལྟ་བ་མི་ལེམ་བདག་ཏུ་ལྟ་བ་མི་ལེན། དགེ་འདུན་དུ་ལྟ་བ་མི་ལེན་པ་དེ་ཙམ་གྱིས། དགེ་བསྙེན་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབ་སུ་སོང་བ་ཡིན་ནོ། ་ཡང་རིགས་ཀྱི་བུ་ནམ་དགེ་བསྙེན་དེ་བཞིན་གཤེགས་པ་གཟུགསུ་ཁས་མི་ལེན། ཚོར་བ་ཡང་མི་ལེན། འདུ་ཤེས་མ་ཡིན། དེ་བཞིན་གཤེགས་པ་རྣམ་པར་ཤེས་པར་ཡང་ཁས་མི་ལེན་ན། ་དེ་ལྟར་ན་སངས་རྒྱས་ལ་སྐྱབསུ་སོང་བ་ཡིན་ནོ།། ནམ་ཆོས་གང་ལ་ཡང་རྣམ་པར་མི་རྟོག་ཅིང་། སྒོ་མི་འདོགས་ན། དེ་ལྟར་ན་ཆོས་ལ་སྐྱབསུ་སོང་བ་ཡིན། ནམ་དགེ་འདུན་འདུས་མ་བྱ་སུའང་མོ ་ལ་འདུས་བྱས་ལས་གུད་ནའང་འདུས་མ་བྱསུ་མོས་པར་ཡང་མི་བྱེད་ན། དེ་ལྟར་ན་དགེ་འདུན་ལ་སྐྱབསུ་སོང་བ་ཡིནོ།། གཞན་ཡང་རིགས་ཀྱི་བུ་ནམ་དགེ་བསྙེན་སངས་རྒྱ་སུའང་མི་དམིང ་ཆོ་སུ་འང་མི་དམིགས། དགེ་འདུན་དུའང་མི་དམིག་ས་ན། དེ་ལྟར་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབསུ་སོང་བ་ཡི་ནོ།། མཉམ་པར་གནས་པས་སྨྲས་པ། འཇམ་དཔལ་བྱང ་ཆུབ་སེམས་དཔའ་གང་འདི་དག་བྱང་ཆུབ་ཏུ་རབ་ཏུ་ཞུགས་པ་དེ་དག་གང་དུ་རབ་ཏུ་ཞུགས་པ་ཡིན།། སྨྲས་པ། བླ་གབ་མེད་པ་ལ་རབ་ཏུ་ཞུག་སོ།། དེ་ཅིང་ཕྱིར་ཞེ་ན། བྱང་ཆུབ་ནི་བླ་གབ་མེད་པ ་དང་མཚུང་སོ།། སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་རབ་ཏུ་ཞུགས་པ་ཞེས་བརྗོད་པར་བྱ།། སྨྲས་པ། རིགས་ཀྱི་བུ་ནམ་བྱང་ཆུབ་སེམས་དཔའ་རབ་ཏུ་འཇུག་པ ་ཐམས་ཅད་རབ་ཏུ་འཇུག་པ་མ་ཡིན་པར་རབ་ཏུ་ཤེས་པ་དང་། ཆོས་ཐམས་ཅད་ཆོས་མ་ཡིན་པར་རབ་ཏུ་ཤེས་པ་དང་། སེམས་ཅན་ཐཾད་སེམས་ཅན་མ་ཡིན་པར་རབ་ཏུ་ཤེས་པ་སྟེ། དེ ་ལྟར་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་རབ་ཏུ་ཞུགས་པ་ཞེས་བརྗོད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་དུ་མཉམ་པར་གནས། ་པས་འདི་སྐད་ཅེས་གསོལ་ཏེ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རིགས་ཀྱི་བུ་ནམ་བྱང་ཆུབ་སེམས་དཔའ་ལོག ་པར་ངེས་པའི་སེམས་ལ་སྙིང་རྗེ་སྐྱེད་ཅིང་། ཡང་དག་པར་ངེས་པའི་སེཾན་རྣམས་ལ་ལྷག་པར་གུས་པ་མི་སྐྱེད་པའི་ཚིག་བླ་དྭགས་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ངང་ཆུབ་སེམས ་རབའ་ནི་ངེས་པ་དང་མ་ངེས་པའི་སེམས་ཅན་རྣམས་ཀྱི་ཕྱིར་བྱང་ཆུབ་ཏུ་སྨོན་ལམ་མི་འདེབས་ཀྱི། གཞན་དུ་ན་ལོག་པར་ངེས་པའི་སེམས་ཅན་རྣམས་ཀྱི་ཕྱིར། བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ། དེའི་ཕྱིར་བྱང ་ཆུབ་སེམས་དཔའ་ཞེས་བྱའོ།། དེ་བས་ན་རིགས་ཀྱི་བུ་བྱ། ང་ཆུབ་སེམས་དཔའ་ལོག་པར་ངེས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བར་བྱས་ནས་བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ། དེའི་ཕྱིར་བྱང་ཆུབ ་སེམས་དཔའ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཅེས་བྱ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གི་སླང། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་བདག་ཀྱང་སྤོབས ་སོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་ཁྱོད་སྤོབས་པར་གྱིས་ཤིག། བྱང་ཆུབ་ཀྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། སྐྱེས་པ་འམ། བུད་མེད་ཇི་ལྟ་བུར་བསྟན་པའི་ཡན་ལག ་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་མ་རལ་མ་ཞིག་པར་ཉེ་བར་གནས་ན། དེ་ཡན་ལག་བརྒྱད་ཀྱི་གསོ་སྦྱིན་ཡང་དག་པར་བླངས་པ་ཞེས་བགྱི་བའི་གྲངསུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་དུ་བྱང ་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ། བྱང་ཆུབ་ཀྱི་སེམས་ལས་མ་གཡོས་པ་ལགས་ཏེ་དེ་ནི་དེའི་སླ་བྱང་ཆུབ་སེམས་དཔའ ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལྷག་པའི་བསམ་པ་བརྟན་པས་སེམས་ཅན་ལ་མི་དམིགས་པའི་བྱམས་པ་དང་། ་ལྡན་པ་ལགས་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་སེམས་ཅན་སྒྲོལ་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན། གྲུ་འམ་ཟམ་པ་ནི་སེམས ་ཅན་རྒལ་བ་ལ་སྐྱོ་བ་མ་མཆིས་ཤིང་རྣམ་པར་མ་རྟོག་པ་དེ་བཞིན་དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལ་སེམས་ཅན་ཐད་སྒྲལ་བའི་སླདདུ་དེ་ལྟ་བུའི་སེམས་མཆིས་དེ་ནི་དེའི་སླད། བྱང་ཆུབ་སེམ ་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་ངན་སོང་སེལ་གྱིས་པ། སོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྩཝ་ཤེས་ཀྱི་ཞིང་གང་དུ་སུག་པ་བཞག་མ་ཐག་ཏུ་ངན་སོང ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གད ་མཐོང་བ་ཙམ་གྱིས་སེམས་ཅན་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དང་། མིང་ཐོས་པས་ཀྱང་འཇིགས་པ་ཐམས་ཅད་ལས་ཡོངསུ་ཐར་པར་འགྱུར་ཏེ། དེ་ནི་དེའི་སླདུ། བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང ་ཆུབ་སེམས་དཔར་མཐུ་ཆེན་ཐོབ་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གོམ་པ་འདོར་ཞིང་མཆེ་བ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་ཀྱི་ཁམས ་ཐམས་ཅད་རབ་ཏུ་གཡོ་བར་འགྱུར་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་མི་སྐྱོབས་གསོལ་པ་བཅོམ་ལྡན་འདས་གལ་ཏེ་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད ་ཉིད་ཞག་གཅིག་ཏུ་གྱུར་ག། དེ་ཉིན་ཞག་ཏུ་བགྲང་བ་དེ་ལྟ་བུའི་ཚུལ་གྱིས་ཞག་བཅོ་ལྔ་ལ་ཟླ་བ་ཕྱེད། ཞག་སུམ་ཅུ་ལ་ཟླ་བ་ཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་པའི་ལོ་བྱེ་བ་བརྒྱ་སྟོང་ལ་སངས་རྒྱས་གཅིག ་བྱུང་ནས་མཉེས་པར་བྱེད་དེ། རྣམ་གྲངས་འདི་ལྟ་བུ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱིས་སངས་རྒྱས་ཀྱི་ཞིང་ན། ཚངས་པ་སྤྱོད་པ་སྤྱད་ནས་ཕྱིས་ལུང་བསྟན་ཀྱང་ཡོངསུ་མི་སྐྱོ་བ་སྟེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམ ་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་དེད་དཔོན་བཟང་པོས་ག་སོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལམ་ངན། བར་ཞུགས་པའི་སེམས་ཅན་ལམ་ངན་པར་ཞུགས ་པ་རྣམས་པ་ལམ་བཟང་པོ་ལ་བགོད་པའི་སླདུ་སྙིང་རྗེ་ཆེན་པོ་བསྐྱེ། ཅིང་། དེ་ལ་ལན་རེ་བ་མ་མཆིས་པ་དེ་ནི་དེའི་སྲདུ་བྱང་ཆུབ་སེམས་དཔའ་ཞེས་འགྱིའོ།། བྱང་ཆུབ་སེམས་དཔའ་རི་རབ་ཆེན་པོས ་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་རི་རབ་དང་མཚུངས་ཤིང་རྣམ་པར་མི་རྟོག་པར་རབ་ཏུ་འཚལ་བ་དེ་ནི་དེའི་སླད་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ཁྱད ་ཆུབ་སེམས་དཔའ་མཐུ་བོ་ཆེས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད་མི་ཆོམས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ ་སེམས་དཔའ་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཀྱིས་ཆོས་ཐམས་ཅད་ལ་སེམས་ཀྱང་། དེ་ལ་མ་སྦས་ཤིང་མ་ཉམས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམ། ་དག་ནས་ཚལ་ཀྱང་ཆུ་མམ་དཔ་ང་འམས་འཐོབས་མལ་གཅས་ཐམ་ས་ཀྱང་ཆུབ་སེམས་དཔའ་ག་མམས་ཅང་ཅག་སཚམ ་སྡེ་ཕ་རོལ་གྱི་མུ་སྟེགས་ཅན་ཐམས་ཅད་སྐྲག་པར་བགྱིད་པ། དེ་ནི་དིའི་སླད་དུ་བྱང་ཆུབ་སེམས་དཔའ་དེས་བགྱིའོ།། བྱང་ཆུབ་སེམས་དཔའ་བས་མ་གྱིས་མི་ཁྱབ་བས་གསོལ་པ་བཅོམ་ལྡན་འདས་ཡང ་སེམས་ལས་ཟས་མ་གྱིས་མི་ཁྱབ་པར་འཇུག་ཅིང་མི་སེམས་རྣམ་པར་མི་སེམས་པ་དེ་ནི་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བབྱའོ།། ལྷའི་བུ་མཚམས་བཟང་གིས་གསོལ་པ། གང་ལྷའི་གན ་ཐམས་ཅད་དུ་ཡང་སྐྱེ་ལ། ཅི་ལའང་ཆགས་པར་མི་བགྱིད། འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཀྱང་ཁོང་དུ་ཆུད་པར་མི་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ ་སེམས་དཔའ་བདེན་པར་སྐབས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གིས་ངག་བདེན་པའི་རྗེསུ་འཇུག་ཅིང་། རྨི་ལམ་ན་ཡང་བརྫུན་གྱི་ཚིག་མི་སྨྲ་བ་དེ་ནི་དེའི་སླད་བྱུང ་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་མཐོང་ན་དགས་གསོལ་པ། གང་གཟུགས་ཐམས་ཅད་སངས་རྒྱས་ཀྱི་གཟུག་སུ་མཐོང་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ་བྱང་ཆུབ་སེམས་དཔའ་རྟག་ཏུ་སྙིང་བརྩེ་བས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འཁོར་བར་ཞུགས་པའི་སེམས་ཅན་སྡུག་བསྔལ་བ་རྣམས་མཐོང་ནས། ཆོས་ལ་དགའ་བ་མ ་གཏོགས་པ་དང་། སེམས་ཅན་ཡོང་སུ་སྨིན་པར་བགྱིད་པ་མ་གཏོགས་པར་དགའ་བོ་ཐམས་ཅད་ལ་དགའ་བར་མི་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ནས་བགྱིའོ།། བྱང་ཆུབ་སེམས་དཔའ ་ཐོགས་པ་མེད་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད་དང་། བདུད་ཐམས་ཅད་ལ་ཡང་ཐོགས་པ་མ་མཆིས་པར་འགྱུར་བ་དེ་ནི་དེའི་སླད་དུ་བྱང་ཆུབ ་སེམས་དཔའ་རྟག་ཏུ་དགའ་དགོད་དབང་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་རྟག་ཏུ་དགོད་པ་དང་། རབ་ཏུ་དགའ་བའི་དབང་པོ་དག་གིས་བདག་གི་བསམ་པ་ཡོངས་སུ ་རྫོགས་ཤིང་བགྱི་བ་བགྱིས་པ། བགྱིད་པ་བགྱིད་པ་དེ་ནི་དེའི་སླད་དུ། བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། སྲིང་མོ་ཡིད་གཉིས་རྣམ་པར་འཇོམ་མས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་གང་ཆོས་ཐམས་ཅད་ལ་ཡིད་གཉིས་མ་མཆི། སུ་ཤིང་ཐེ་ཙོམ་མ་མཆིས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། གཞོནུ་མ་སེང་གེས་གསོལ་ག་བཅོམ ་ལྡན་འདས་གང་ལ་བུད་མེད་ཀྱི་ཆོས་ཀྱང་མ་མཆིས། སྐྱེས་པའི་ཆོས་ཀྱང་མ་མཆིས་ལ། སེམས་ཅན་ཡོངསུ་སྨིན་པར་བགྱི་བའི་སླད་དུ། གཟུགས་སྣ་ཚོགས་ཀྱང་སྟོན་པ་དེ་ནི་དེའི་སླད་དུ་བྱང ་ཆུབ་སེམས་དཔའ་ཞེས་བགྱིའོ།། བུ་མོ་རིན་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་དང་། ཆོས་དང་། དགེ་འདུན་རིན་པོ་ཆེ་མ་གཏོགས་པའི་རིན་པོ་ཆེ་གཞན་ལ ་དགའ་བ་མི་བསྐྱེད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། དགེ་བསྙེན་ས་གས་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དམིགས་པ་ཅན་ལ་ནི་བྱང་ཆུབ་མ་མཆིས་ཏེ། གང་ཆོས་ཐམས ་ཅད་ལ་མི་དམིགས་པ་དང་། མི་སྐྱེད་མི་འགོག་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ཁྱིམ་བདག་བཟང་སྐྱོང་གིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང ་གི་མིང་ཙམ་བཟུང་བས་སེམས་ཅན་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ནི་དེའི་སླད་དུ། བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། གཞོ་ནུར་གྱུར་པ་རིན་ཆེན་ཟླ་བས་གསོལ་གབརྩ། ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་རྟག་ཏུ་རྒྱུན་མི་འཆད་པར་གཞོན་ནུའི་ཚངས་པར་སྤྱོད་པ་དང་ལྡན་ཞིང་འདོད་པ་ལ་རྟོག་པས་ཀྱང་ཡོངསུ་མི་སྤྱོད་ན། གཉིས་ཀྱི་དབང་པོ་གཉིས་འཇལ་བ་ལྟ ་ཅི་སྨོས་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ལྷའི་བུ་མནད་རའི་དྲི་ལས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཚུལ་ཁྲིམས་ཀྱི་དྲིས་ཡོངསུ་བསྒོས ་བས་གང་ཚུལ་ཁྲིམས་ཀྱི་དྲི་ལས་དྲི་གཞན་གྱི་དང་།། མི་ལྡང་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་དགའ་བྱེད་ཀྱིས་གསོལ་པ། བཅོམ་ལྡན ་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ལེ་བསྙེན་བཀུར་བགྱི་བ་དང་། དམ་པའི་ཆོས་ཡོངསུ་བཟུང་བ་དང་། མས་ཅན་ཡོངསུ་སྨིན་པར་བགྱི་བ་དང་། ཆོས་གསུམ་གྱིས་དག ་བར་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ཚངས་པ་ཁྱད་པར་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཆོས་མ་ལགས ་བའི་ཆོས་གང་ཡང་མ་མཆིས་སོ་ཞེས་སྣང་བར་འགྱུར་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་གང་མཐོང་མ་ཐག་ཏུ་སེམས་ཅན་དག་བྱམས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། འཇམ་དཔལ་གཞོན་ནུར་གྱུར་པས ་གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་སྟོན་པ་ཐམས་ཅད་ཀྱང་སྟོན་ལ། ཆོས་སུ་འདུ་ཤེས་པ་ཡང་མ་མཆིས། ཆོས་མ་ལགས་པར་འདུ་ཤེས་པ་ཡང་མ་མཆིས། ་བདག་ཏུ་འདུ་ཤེས་པ་ཡང་མ་མཆིས། ཕ་རོལ་ཏུ་འདུ་ཤེས་པ་ཡང་མི་བགྱིས་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་གསོལ། ་བར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གིས་འོད་ཀྱིས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས ་བགྱིའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་མེ་ཏོག་གིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཕྱོགས་བཅུའི་འཇིག་རྟེན་ན། སངས་རྒྱས་ཀྱི་ཞིང་ཐམས ་ཅད་དེ་བཞིན་གཤེགས་པ་རྣམས་ཀྱིས་མེ་ཏོ།། ག་རྒྱས་པ་ལྟ་བུར་མཐོང་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེ། མས་དཔའ་ཞེས་བགྱིའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག ་གིས་རང་རང་གི་སྤོབས་པ་རྣམ་པར་བཤད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་གང ་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་ཐར་པར་བྱ་བར་སྤོ་ཞིང་དགེ་བའི་རྩ་བ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་གཏོང་བ་དེ་ནི་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ་དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲསོ།། རིགས་ཀྱི་བུ་ཁྱོད་གནས་པ་ཇི་ལྟ་བུས་གནས་པར་བྱེད། སྨྲས་པ། གནས་པ་གང་གིས ་འདུས་བྱས་ཐམས་ཅད་ལ་ཞུགས་པའི་སེམས་ཅན་ཐམས་ཅད་གནས་པའོ།། སྦས་པ། གནས་པ་ནི་འདུས་བྱས་ཐམས་ཅད་ལ་ཞུགས་པའི་སེམས་ཅན་ཐམས་ཅད་གན། ་པ་གང་གིས་གནས། སྨྲས་པ། གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གནས་པ་གང་གིས་གནས་པའོ།། སྨྲས་པ། དེ་བཞིན་གཤེགས་པ་ཐམས་ཅད་གནས་པར་མཛད། སྨྲས་གདོན་དམ་པའི་སྟོང་པ ་ཉིད་ལ་གནས་པསོ།། སྨྲས་ག། གལ་ཏེ་རིགས་ཀྱི་བུ་གནས་པ་གང་གིས་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་གནས་པ་དེས། དེ་བཞིན་གཤེགས་པ་ཐཾད་གནས་པར་མཛད་ན། དེ་བཞིན་གཤེགས་པ་རྣམ ་ལ་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད། སྨྲས་པ། ཚངས་པ། དེ་སྟོང་པ་ཉིད་ལ་ཁྱད་པར་ཡོད་པར་འདོད་དམ། སྨྲས་པ་འཇམ་དཔལ་དེ་ནི་མ་ཡིན།། འཇམ་དཔལ་གྱིས་སྨྲས་པ། ཅི་བཙམ ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཞེས་བཤད་དོམ། སྨྲས་པ། དེ་དེ་བཞིན་ནོ།། སྨྲས་པ། ཚངས་པ་དེའི་ཕྱིར་ཆོས་ཐམ། ས་ཅད་བྱེ་བྲག་མེད་དེ། དེ་དག་གི་གནས་པ་ཡང་དེའི་མཚན་ཉིད་དོ།། ་ཚངས་པ་དེ་བཞིན་གཤེགས་པ་ནི་ཆོས་ཐ་དད་དུ་མི་འདོག་སོ།། སྨྲས་པ། འཇམ་དཔལ་གནས་པ་ཞེས་བྱ་བའི་གནས་པ་དེ་གང་ཡིན། སྨྲས་པ། ཚངས་པ་གང་ལ་ཚངས་པའི་གནས་བཞི་ཡོད་པ་འདི་ནི ་གནས་ཤེས་བྱ་སྟེ། གང་ཚངས་པ་ཚངས་པའི་གནས་བཞི་དང་བྲལ་བ་དེ་ནི་གནས་པ་མ་ཡིནོ།། གནས་གང་ལ་གནས་པས་ཚངས་པའི་གནས་བཞི་རྫོགས་པར་བྱས་ཏེ། གནས་པ་དེ་དག་ནི་གནས ་ལ་གནས་པའོ།། ཚངས་པ་དགོན་པ་འམ། བླ་གབ་མེད་པ་ན་གནས་ཀྱང་ཚངས་པའི་གནས་བཞི་དང་བྲལ་ན། དེ་གནས་ལ་གནས་པ་མ་ཡིན་ནོ།། གནས་པ་ལ་མཁས་པ་མ་ཡིནོ།། སྨྲས་པ། དེ་སྟེ ་ཡང་ཐོག་དང་ཁང་བུ་བརྩེགས་པར་གསེར་གྱི་ཁྲི་ལ་གདིང་བ་དང་། དགབ་པ་བཤམ་པའི་གནས་ན་གནས་ཀྱང་ཚངས་པའི་གནས་བཞི་དང་ལྡན་ན་དེ་དག་གནས་ལ་གནས་ཤིང་གནས་ལ་མཁས ་བ་ཡིན།། སྨྲས་པ། གནས་པ་གང་གིས་གནས་ན་ཡེ་ཤེས་མཐོང་བར་འགྱུར། སྨྲས་པ། གནས་པ་གང་གིས་ན། བདག་མཐོང་བ་རྣམ་པར་དག་པར་འགྱུར་བའོ།། སྨྲས་པ། ཅི་འཇམ་དཔལ་གང་བདག་མན ་བདེ་ཡེ་ཤེས་མཐོང་བ་འམ། སྨྲས་ག། ཚངས་པ་དེ་དེ་བཞིན་ཏེ། གང་བདག་མཐོང་བ་དེ་ཡེ་ཤེས་མཐོང་བའོ།། ཚངས་པ་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་གསེར་ལྷ་མ་བས་པ་ནི་ངན་པ་ལྟ་ཤེས་པས་བརྡ ་བོ་ལྟ་ཤེས་པ་ལ་ངེས་པར་འབྱུང་ངོ་།། དེ་བཞིན་དུ་བདག་མཐོང་བས་ཡེ་ཤེས་མཐོང་བ་རྣམ་པར་དག་པར་འགྱུརརོ།། སྨྲས་པ། འཇམ་དཔལ་བདག་མཐོང་བ་གང་ཡིན།། སྨྲས་པ། གང་བདག་མེད ་པའི་ཆོས་ཉིད་དེ། ཚངས་པ་བདག་ནི་ཤིན་ཏུ་དངོས་པོ་མེད་པ། མ་གྲུབ་གང་དེ་ལྟར་མགོ་ཅིག་ཏུ་གྱུར་པ་དེ་ནི་བདག་ང་བ་ཞེས་བྱའོ།། སྨྲས་པ་འཇམ་དཔལ་བྱེད་ཀྱིས་ཇི་ལྟར་བཤ ་པའི་དོན་ངས་ཤེས་ཏེ་བདག་མཐོང་བས་སངས་རྒྱས་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། བདག་གི་ངོ་བོ་ཉིད་ཀྱིས་སངས་རྒྱས་ཀྱི་ངོ་བོ་ཉིད་དོ།། སྨྲས་པ། ཚངས་པ་དེ་དེ་བཞིན་ནོ།། སྨྲས་པ། འཇམ་དཔལ ་གང་གིས་དེ་བཞིན་གཤེགས་པ་མཐོང་། སྨྲས་པ། གང་བདག་ཏུ་ལྟ་བ་འཁྲུགས་པར་མི་བྱེད་པསོ།། དེ་ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་ནི་ཆོས་སུ་ལྟ་བ་སྟེ། ཆོས་མཐོང་བས་སངས་རྒྱས་མཛེ ་དོ།། སྨྲས་པ། འཇམ་དཔལ་རྣམ་གྲངས་གང་གིས་གང་མ་ཞུགས་པ་དེ་དག་ཡང་དག་པར་ཞུགས་པར་འགྱུར་བ་ཡོད་དོ།། སྨྲས་པ། ཚངས་པ་གང་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མ ་ཞུགས་པ་དེ་ཡང་དག་པར་ཞུགས་པ་ཡིན་ནོ།། སྨྲས་པ། ཇི་ལྟ་བུ་ལ་ཞུགས་ན་ཡང་དྲུག་པར་ཞུགས་པ་ཞེས་བྱ་། སྨྲས་པ། གང་སྤོང་བའི་ཕྱིར་ཡང་མ་ཡིན། མངོན་དུ་བྱ་བའི་ཕྱིར། ་ཡང་མ་ཡིན་པ་ལ་འཇུག་པ་དེ་ནི་ཡང་དག་པར་ཞུགས་ཞེས་བྱའོ།། སྨྲས་པ། འཇམ་དཔལ་གང་དག་གིས་དེ་བཞིན་གཤེགས་པ་མ་མཐོང་ལ། འཕགས་པ་ཤེས་རབ་ཀྱི་མིག་རྣམ་པར་སྦྱངས ་པར་འགྱུར་བའི་རྣམ་གྲངས་ཡོད་དམ། ཚངས་པ་དེ་བཞིན་གཤེགས་པ་ལ་གཉིསུ་མི་ལྟ་བ་དེ་དག་གི་འཕགས་པའི་ཤེས་རབ་ཀྱི་མིག་རྣམ་པར་དག་པར་འགྱུར་རོ།། སྨྲས་པ། འཇམ་དཔལ་ཤེས། ་རབ་ཀྱི་མིག་གིས་ཅི་མཐོང་། སྦས་པ། ཚངས་པ་ག་ཏེ་ཆོས་གང་ཡང་མཐོང་བར་གྱུར་ན། ཤེས་རབ་ཀྱི་མིག་མ་ཡིན་པར་འགྱུརརོ།། ཚངས་པ་ཤེས་རབ་ཀྱི་མིག་ནི་འདུས་བྱས ་ཀྱང་མི་མཐོང་།། འདུས་མ་བྱས་མི་མཐོང་། དེ་ཅིའི་ཕྱིར་ནོ་ན།། ཤེས་རབ་ནི་རྣམ་པར་མི་རྟོག་པ་སྟེ།། དེ་ནི་འདུས་བྱས་མཐོང་བར་རུང་བ་མ་ཡིན།། འདུས་མ་བྱས་ཀྱང་མིག་གི་ལམ་ལས་འདས་པ ་དེ་ཡང་མི་མཐོང་ངོ་།། སྨྲས་པ། འཇམ་དཔལ་ཡང་དག་པར་ཞུགས་པའི་དགེ་སློང་འབྲས་བུ་འཐོང་པར་མི་འགྱུར་བའི་རྣམ་གྲངས་ཡོད་དམ། སྨྲས་པ། ཚངས་པ་ཡང་དག་པར་སྦྱོར་བ་ལ་འབྲས་བུ ་བ་མེད་པ་ཡོད་དོ།། ཡང་དག་པའི་སྦྱོར་བ་ནི་གང་མོ་སྦྱོར་བའོ།། དེ་ལ་འབྲས་བུ་ཐོབ་པར་རྣམ་པར་རྟོག་པ་ཡང་མེད་དེ། ཚངས་པ་འཐོང་བ་མེད་པ་ལས་འཐོབ་པར་བལྟའོ།། གང་འཐོབ་པ་དེནི ་མངོན་པའི་ང་རྒྱལ་དང་བཅས་པ་ལ།། ཡང་དག་པའི་སྦྱོར་བ་ལ་ནི་མངོན་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་མེད་པ་ཡང་མེད་ཐོབ་པ་ཡང་མེད། མངོན་པར་རྟོགས་པ་ཡང་མེད་དོ།། སྨྲས་པ། ་འཇམ་དཔལ་ཆོས་གང་དག་མངོན་དུ་རྟོགས་པར་བྱ་བའི་ཕྱིར། ཁོང་དུ་ཆུད་པ་ཞེས་བསྟན། སྨྲས་པ། ཚངས་པ་ཆོས་གང་མི་སྐྱེས་མ་བསྐྱེད་སྐྱེད་པར་མི་འགྱུར་བའི་ཆོས་དེ་དག་མངོན་པར་རྟོགས་པའི། ་ཕྱིར་ཁོང་དུ་ཆུད་པའོ་ཞེས་བསྟན་ཏོ།། སྨྲས་པ། འཇམ་དཔལ་མ་སྐྱེས་པའི་ཆོས་ལ་མངོན་པར་རྟོགས་པ་གང་ཡིན། སྨྲས་པ། གང་མི་སྐྱེད་པ་དེ་ཉིད་མངོན་པར་རྟོགས་པ་ཡིན་ཏེ། དེའི་ཕྱིར་འདུས། ་བྱས་ཐམས་ཅད་མ་སྐྱེས་པར་མཐོང་ཞིང་ཡང་དག་ཉིད་དུ་ངེས་པར་འཇུག་པ་ཞེས་བྱའོ།། སྨྲས་པ། འཇམ་དཔལ་ཡང་དག་པ་ཉིད་དུ་ངེས་པ་ཞེས་བྱ་བ་གང་ལ་བྱ། སྨྲས་པ། བདག་དང་མྱ་ངན ་ལས་འདས་པ་མཚུངས་ཏེ། འདི་ན་གཉི་སུ་མེད་ཅིང་གཉི་སུ་བྱར་མེད་དེ། དེ་བས་ན་ཡང་དག་པ་ཉིད་དུ་ངེས་པ་ཞེས་བྱའོ།། ཡང་དྲག་པ་ཉིད་དུ་ཞུགས་པ་ན། དེའི་ཕྱིར་ཡང་དག་པར་ངེས་པ་ཞེས ་བྱའོ།། མཉམ་པ་ཉིད་ཀྱི་མཉམ་པ་ཉིད་ལ་ངེས་པར་བྱུང་བ་ན་དེའི་ཕྱིར་ཡང་དག་པ་ངེས་པ་ཞེས་བྱའོ།། ངེས་པའི་དོན་ལ་དོན་འདྲེན་པས་ན་དེའི་ཕྱིར་ཡང་དག་པ་ངེས་པ་ཞེས་བྱའོ།། ཏིང་ངེ། ་འཛིན་ཐམས་ཅད་ལ་སྒྲོ་བཏགས་པ་མེད་པའི་ཕྱིར་དེ་ནི་ཡང་དག་པར་ངེས་པ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེག་སོ་ཞེས་བྱ་བ་བྱིན་ཏེ། འཇམ ་དཔལ་ཁྱོད་ཀྱི་ཚིག་འདི་ལེགས་པར་སྨྲས་ཏེ། ཇི་ལྟར་སྟོན་པ་དེ་དེ་བཞིན་ནོ།། ཁྱོད་ཀྱིས་བསྟན་པ་འདི་བཤད་པ་ན། དགེ་སློང་བདུན་སྟོང་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོ ་ལོ་ལྷའི་བུ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཆོས་རྣམས་ལ་རྡུལ་མེད་ཅིང་རྡུལ་དང་བྲལ་བའི་ཆོས་ཀྱི་མིག་སྐྱེསོ།། སྲོག་ཆགས་སྟོང་ཕྲག་ཅུ་འདོད་ཆགས་དང་བྲལ་བ་ཐོབ་བོ།། སྲོག ་ཆགས་གཉིས་བརྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། བྱང་ཆུབ་སེམས་དཔའ་ལྔ་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེསོ།། དེ་ནས། ་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇམ་དཔལ་གཞོ་ནུར་གྱུར་པས་སངས་རྒྱས་ཀྱི་བགྱི་བ་བགྱིསོ།། འཇམ་དཔལ་གྱིས་སྨྲས་པ། ་ཚངས་པ་སངས་རྒྱས་འབྱུང་བ་གང་ལ་ཡང་ཕན་པ་འམ། གནོད་པ་ཉེ་བར་མི་གན་སོ།། སྨྲས་པ། འཇམ་དཔལ་བཅོམ་ལྡན་འདས་ཀྱིས་ཚད་མེད་པའི་སེམས་ཅན་ཡོངསུ་མྱ་ངན་ལས་འདས་ཏེ་ཁྱོད་ཀྱང ་ཚད་མེད་པའི་སེམས་ཅན་ཡོངསུ་མྱ་ངན་ལས་འད། བར་བྱེད་པ་མ་ཡིན་ནམ། སྨྲས་པ། ཚངས་པ་སེམས་ཅན་མེད་པ། ལ་སེམས་ཅན་དུ་རབ་ཏུ་འབྱེད་པར་འདོད་དམ། སྨྲས་པ། དེ་མ་ཡིན་ནོ།། ་སྨྲས་པ། ཚངས་པ་སེམས་ཅན་མེད་པ་ལ་སེམས་ཅན་དུ་བསྟན་པ་འམ། སེམས་ཅན་མེད་པ་ལ་སེམས་ཅན་ཡོངསུ་གྲུབ་པར་འདོད་དམ། སྨྲས་པ། དེ་མ་ཡིནོ།། སྨྲས་པ། ཚངས་པ་དེ་བཞིན་གཤེགས་པ ་འཐུང་བ་འམ་འགག་པར་འདོད་དམ་སྨྲས་པ། མ་ཡིན།། སྨྲས་པ། དེ་བཞིན་གཤེགས་པས་ཡོངསུ་མྱ་ངན་ལས་འདས་པའི་སེམས་ཅན་དེ་དག་གང་ཡིན།། སྨྲས་པ་འཇམ་དཔལ་གཞོནུར་གྱུར་ག་ཆོས་ཀྱི ་ཚུལ་གྱི་རྣམ་པ་གང་གིས་སྟོན་པ་ལྟར་ན་འདི་ལ་འཁོར་བ་ཡང་མེད།། མྱ་ངན་ལས་འདས་པ་ཡང་མེད་དོ།། སྨྲས་པ། ཚངས་པ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་འཁོར་བ་ཡང་མི་དམིགས། ཡོང། ་སུ་མྱ་ངན་ལས་འདས་པ་ཡང་མ་དམིག་སོ།། ཚངས་པ་བཅོམ་ལྡན་འདས་ཀྱིས་གང་ཉན་ཐོས་བརྟུལ་བ་དེ་དག་གིས་ཀྱང་འཁོར་བ་ཡང་མ་དམིགས། མྱ་ངན་ལས་འདས་པ་ཡང་མ་དམིག་སོ།། ཚངས་པ ་ཡོངས་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི་བཏགས་པའི་ཚིག་ཐ་སྙད་ཙམ་སྟེ། འདི་ལ་གང་ཡང་འཁོར་བ་ཡང་མེད། མོགུ་མྱ་ངན་ལས་འདའ་བ་ཡང་མེད་དེ།། སྨྲས་པ། འཇམ་དཔལ་འདི་ལ་སུ་དག་པ ་བར་འགྱུར། སྨྲས་པ། གང་ཆོས་གང་ལ་ཡང་མངོན་པར་ཆགས་པར་མི་འགྱུར་བ་རྣམ་སོ།། སྨྲས་པ་འཇམ་དཔལ་མངོན་པར་ཆགས་པ་ཞེས་བྱ་བ་དེ་ཅི་ལ་མངོན་པར་ཆགས། སྨྲས་པ། ཚངས་པ་མངོན ་པར་ཆགས་པ་ཞེས་བྱ་བ་མེད་པ་ལ་མངོན་པར་ཆག་སོ།། གལ་ཏེ་ཚངས་པ་ཡོད་པ་ལ་མངོན་པར་ཆགས་པར་གྱུར་ན། འདི་ལྟར་ཤིན་ཏུ་མངོན་པའི་ང་རྒྱལ་དང་བྲལ་བར་གྱུར་པ་མ་ཡིན།། འདི་ལྟ ་མེད་པ་ལ་མངོན་པར་ཆགས་པ་སྟེ། དེ་བས་ན་མེད་པའོ་ཞེས་རྟོགས་ན།། མངོན་པར་ཆགས་པར་མི་བྱེད་དེ། གང་མངོན་པར་ཆགས་པར་མི་བྱེད་པ་དེ་མི་འཁོར་རོ།། གང་མི་འཁོར་བ་དེ་རྣམ་པར ་འགྲོ་བའོ།། གང་རྣམ་པར་མི་འགྲོ་བ་དེ་མྱ་ངནལས་འདས་པ་ཞེས་བྱའོ།། སྨྲས་པ། འཇམ་དཔལ་ཡོངསུ་མུ་ངན་ལས་འདས་པ་ཞེས་བྱ་བ་ཅིའི་གཉེན་པོ་ཡིན་པའི་ཕྱིར། མྱ ་ངན་ལས་འདས་པ་ཞེས་བྱ། སྨྲས་པ། ཚངས་པ་མ་ངསུ་མྱ་ངན་ལས་འདས་པ་ཞེས་བྱ་ནི། ཕན་ཚུན་རྐྱེན་ལ་སྒྲོ་མི་འདོགས་པའི་ཕྱིརརོ།། མ་རིག་པ་མངོན་པར་འདུ་མི་བྱེད་པ་དང་། འདུ་བྱེད ་མི་འཇུག་པས་ཀྱང་ཉེ་བར་མི་སྦྱོར་ཏེ། གང་ཉེ་བར་མི་སྦྱོར་བ་དེ་ནི་ཀུན་ནས་མི་ལོང་ངོ་།། གང་ཀུན་ནས་མི་སློང་བ་དེ་ནི་ཡོངསུ་མྱ་ངན་ལས་འདས་པ་ཞེས་བྱའོ།། ཀུན་ནས་མི་སྤོང་བ་སྤྱོད་པ་ནི ་ཤིན་ཏུ་འགོག་པའོ།། དེའི་ལས་མངོན་པར་རྟོགས་པ་ནི་ཤིན་ཏུ་མི་སྐྱེ་བ་ཡིན་ཏེ། འདི་ནི་འཕགས་པའི་བདེན་པ་བཞི་ཞེས་བྱའོ།། དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ། ་འཇམ་དཔལ་གནོ་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲའོ།། འཇམ་དཔལ་ཁྱོད་ཀྱིས་བསྟན་པ་ཐམས་ཅད་ནི་ཡང་དག་པར་བསྟན་པའོ།། སྨྲས་པ་རིགས་ཀྱི་བུ་ཚིག་ཐམས་ཅདན ་ཡང་དག་པའོ།། སྨྲས་པ། འཇམ་དཔལ་གང་བརྫུན་གྱི་ཚིག་ཡོད་པ་མ་ཡིན་པ་ཡང་དག་པ་མ་ཡིན་པ། གང་ཡིན་པ་དེ་ཡང་དག་པ་འམ། སྨྲས་པ། རིགས་ཀྱི་བུ་དེ་ཡང་ཡང་དག་པའོ།། དེ་ཅིའི་ཕྱིར ་ཞེ་ན་འདི་ལྟར་ངག་ཐམས་ཅད་ནི་དབང་དུ་གྱུར་པ་སྟེ། ཡུལ་ལ་གནས་པ་ཡང་མ་ཡིན། ཕྱོགས་ལ་གནས་པ་ཡང་མ་ཡི་ནོ།། གང་དབང་དུ་གྱུར་ཅིང་ཡུལ་ལ་ཡང་མི་གནས། ཕྱོགས་ལའང་མི་གནས་པ ་དེ་ནི་མེད་པའི་ཕྱིར་ཡང་དག་པ་སྟེ། དེའི་ཕྱིར་ཚིག་ཐམས་ཅད་ཀྱང་ཡང་དག་པ་ཞེས་བྱའོ།། གང་ཡང་ལྷས་སྦྱིན་གྱིས་ཚིག་སྨྲས་པ་དང་། གང་དེ་བཞིན་གཤེགས་པས་ཚིག་སྨྲས་པ་ཚིག་དེ་གཉིས ་ཐ་དད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཚིག་ཐམས་ཞི་དེ་བཞིན་གཤེགས་པའི་ཚིག་སྟེ། ཚིག་ཐམས་ཅད་ནི་དེ་བཞི་རྟེན་ཉིད་ལས་མི་འདའ་བའོ།། གང་ཚིག་གིས་རྣམ་པར་རིག་པར་བྱས ་པ་དེ་ཐམས་ཅད་ནི་རྣམ་པར་རིག་པ་མེད་པས་རྣམ་པར་རིག་པར་བྱས་སྟེ། དེ་བས་ན་ཚིག་ཐམས་ཅད་ཡི་གེ་མཉམ་པའི་ཕྱིར། ཡི་གེ་དང་མཚུངས་པའི་ཕྱིར། ཡིག་སྟོང་པའི་ཕྱིར་ཚིག་ཐམས་ཅ ་མཚུངས་པའོ།། མཉམ་པར་གནས་པས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་འཕགས་པའི་ཐ་སྙད་དུ་འདོགས་པ་དང་། འཕགས་པ་མ་ཡིན་པའི་ཐ་སྙད་དུ་འདོགས་པ་ཞེས་མ་གསུང ་སམ་སྨྲས་པ། རིགས་ཀྱི་བུ་ཡི་གེ་གང་དག་གིས་འཕགས་པ་རྣམས་ཐ་སྙད་དུ་འདོགས་པའི་ཡི་གེ་དེ་དག་ཉིད་ཀྱིས་འཕགས་པ་མ་ཡིན་པ་རྣམས་ཀྱང་ཐ་སྙད་དུ་འདོག་སོ།། སྨྲས་པ། འཇམ་དཔལ ་དེ་དེ་བཞིན་ནོ།། སྒྲས་གཅི་ཡི་གེ་དེ་དག་འཕགས་པའམ། འཕགས་པ་མ་ཡིན་པ་ཞེས་རྟོག་གམ། སྨྲས་པ། དེ་མ་ཡིན། ཇི་ལྟར་མིག་དེ་དག་མི་རྟོག་རྣམ་པར་མི་རྟོག་པ་དེ་བཞིན་དུ་འཕགས་པ་རྣམས་ནི ་བ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ།། དེ་དག་ལ་ཐ་སྙད་མེད་དེ། འཕགས་པ་རྣམས་ནི་ཡི་གེར་འདུ་ཤེས་པས་ཐ་སྙད་དུ་མི་འདོག་སོ།། ཆོ་སུ་འདུ་ཤེས་པས་མ་ཡིན། ཆོས་མ་ཡིན ་བར་འདུ་ཤེས་པས་མ་ཡིན། བདག་ཏུ་འདུ་ཤེས་པས་མ་ཡིན། ཕ་རོལ་ཏུ་འདུ་ཤེས་པས་མ་ཡིན་ནོ།། འདི་ལྟ་སྟེ། དཔེར་ན། སིལ་སྙན་དང་། རྔ་བོ་ཆེ་དང་། རྫ་རྔ་དང་དུང་དག་ནི་རྐྱེན་གྱིས་སྒྲ ་འབྱུང་ཡང་དེ་དག། རྣམ་པར་མི་རྟོག་པ་དེ་བཞིན་དུ། འཕགས་པ་རྣམས་རྐྱེན་འབྱུང་བ་མཐོང་བའི་ཕྱིར་ཐ་སྙད་འདོག། དས་པས་ཆགས་པར་མི་བྱེད་མངོན་པར་ཆགས་པར་མི་བྱེད།། དེ་ནས ་བྱང་ཆུབ་སེམས་དཔའ་མཉམ་པར་གནས་ཀྱིས་འཇམ་དཔལ་གཞོ་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲ་སོ།། འཇམ་དཔལ་བཅོམ་ལྡན་འདས་ཀྱིས་འདི་ལྟར་དགེ་སློང་དག་འདུས་ཏེ ་འཁོད་པས་བྱ་བ་གཉིས་ཡོད་དེ། ཆོས་ཀྱི་གཏམ་བྱ་བ་དང་། འཕགས་པ་མི་སྨྲ་བར་གྱུར་པ་གནས་པར་བྱའོ་ཞེས་གསུངས་ན། དེ་ནས་འཇམ་དཔལ་ཆོས་ཀྱི་གཏམ་ནི་གང་། འཕགས་པ་མི ་བར་གྱུར་པ་ནི་གང་། སྨྲས་པ། གཏམ་གང་གིས་སངས་རྒྱས་འཁྲུགས་པར་མི་བྱེད། ཆོས་འཁྲུགས་པར་མི་བྱེད། དགེ་འདུན་འཁྲུགས་པར་མི་བྱེད་པ་འདི་ནི་ཆོས་ཀྱི་གཏམ་མོ།། སངས ་རྒྱས་ལ་ཆོས་ཉིད་དུ་མོས་པ་དང་། ཆོས་ལ་འདོད་ཆགས་དང་བྲལ་བར་མོས་པ་དང་། དགེ་འདུན་ལ་འདུས་མ་བྱསུ་མོས་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། གཞན་ཡང་རིགས་ཀྱི། ་བུ་དྲན་པ་ཉེ་བར་གཞག་པ་བཞི་ལ་བརྩམས་ཏེ་གཏམ་བརྗོད་པ་འདི་ནི་ཆོས་ཀྱི་གཏ་མོ།། ཡང་ཆོས་ཐམས་ཅད་ལ་མི་དྲན་ཞིང་ཡིད་ལ་མི་བྱེད་པ་འདི་ནི་འཕགས་པ་མི ་སྨྲ་བར་གྱུར་པའོ།། གང་ཡང་དག་པར་སྤོང་བ་བཞི་ལ་བརྩམས་ཏེ། གཏམ་བརྗོད་པ་ནི་ཆོས་ཀྱི་གཏ་མོ།། གང་མཉམ་པ་ཉིད་ཀྱི་མཚུངས་པར་ཡང་མི་བྱེད། མི་མཚུངས་པར་ཡང་མི་བྱེད་པ་འདི ་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། གང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྩམས་ཏེ། གང་གཏམ་བརྗོད་པ་འདི་ནི་ཆོས་ཀྱི་གཏ་མོ།། གང་ལུས་དང་ངག་དང་། ཡིད་ཀྱིས་བརྩོན་པར་མི་བྱེད་པ་འི ་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། གང་དབང་པོ་ལྔ་དང་། སྟོབས་ལྔ་ལ་བརྩམས་ཏེ། བརྗོད་པ་འདི་ནི་ཆོས་ཀྱི་གཏམོ།། གང་སུ་ལ་ཡ་རང་དད་པས་ཆོས་གང་ལ་ཡང་དད་པར་མི་བྱེད་ཅིང་ཚེ། ་ལ་ཡང་བླང་བ་མེད་པ་དང་། དོར་བ་མེད་པར་རབ་ཏུ་རྣམ་པར་འབྱེ་ད་པ་འདི་ནི་འཕགས་པའི་མི་སྦ་བར་གྱུར་པའོ།། དྲན་པ་དང་རྩེ་གཅིག་པ་དང་། རློམ་སེམས་མེད་པ་ལ་གནས་ཤིང ་ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་བཞན་པར་མོས་པ་དང་། སྤྲོས་པའི་གནས་ཐམས་ཅད་ལ་མི་རྟེན་པའི་རྐྱེན་དུ་གྱུར་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། གང་བྱང་ཆུབ ་ཀྱི་ཡན་ལག་བདུན་ལ་བརྩམས་ཏེ་གཏམ་བརྗོད་པ་འདི་ནི་ཆོས་ཀྱི་གཏ་མོ།། གང་བཏང་སྙོམས་ལས་སྒྲོ་བཏགས་པ་མེད་པ་འཐོབ་ཅིང་བསལ་བ་ཡང་མེད་བཞག་པ་ཡང་མེད་པར་གནས་པ་འདི་ནི ་འཕགས་པའི་མི་སྨྲ་བར་གྱུར་པའོ།། གང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་བརྩམས་ཏེ། གཏམ་བརྗོད་པར་བྱེད་པ་འདི་ནི་ཆོས་ཀྱི་གཏ་མོ།། གང་གཟིངས་ལྟ་བུར་རྟོགས་ནས། ཆོས་ལ་ཡང ་མི་བརྟེན་ཆོས་མ་ཡིན་པ་ལ་ཡང་མི་རྟེན་པར་གནས་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་འདི་དག་སྨྲ་བ་དང་། འཆད་པ་དང་། སྟོན། ་པ་དང་། འདོགས་པ་དང་འཇུག་པར་བྱེད་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་ཅིང་ཡང་དག་པར་ཇི་ལྟ་བར་སྟོན་པ་གང་ཡིན་པ་འདི་ནི་ཆོས་ཀྱི་གང་མོ།། གང་འདི་ལྟར་ཆོས ་མངོན་སུམ་དུ་གྱུར་ལ། ལུས་ལས་ལོགས་ཤིག་ནའང་ཆོས་མི་མཐོང་། ཆོས་ལས་ལོགས་ཤིག་ནའང་ལུས་མི་མཐོང་།། ཅི་ནས་གཉི་སུ་ཡང་མི་མཐོང་།། གཉི་སུ་མེད་པར་མི་མཐོང་བ་དེ་ལྟར་མཐོང་། ་སྟེ། དེ་ལྟར་མཐོང་ནས་མངོན་སུམ་དུ་ཡེ་ཤེས་མཐོང་བ་ཡང་མི་མ་ཐོང་སྟེ། གང་མི་མཐོང་བ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། གཞན་ཡང་རིགས་ཀྱི་བུ་གང་བདག་ཏུ་སྒྲོ་འདོགས་པ ་དང་ཕ་རོལ་ཏུ་སྒྲོ་འདོགས་པ་དང་། ཆོསུ་སྒྲོ་འདོགས་པ་དང་། མ་ཡིན་པར་སྒྲོ་འདོགས་པས་གཏམ་མི་བརྗོད་པ་འདི་ནི་ཆོས་ཀྱི། གཏ་མོ།། གང་བརྗོད་དུ་མེད་པའི་ཆོས་ཉིད་ཐོབ་པས་ཡི། ་གེ་དང་། སྐད་དང་། སྒྲ་དང་། དབྱངས་ཐམས་ཅད་དང་བྲལ་བ། མི་གཡོ་བ་ཐོབ་པ། དབེན་པའི་རང་བཞིན་གྱི་སེམས་ཀྱི་ཉེ་བར་བསྒྲུབ་པ་ལ་གནས་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། རིགས ་ཀྱི་བུ་གང་སུ་དག་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཤེས་པས་གཏམ་བརྗོད་པ་དེ་དག་ནི་ཆོས་ཀྱི་གཏམ་བརྗོད་པའོ།། གང་ལ་ལ་མཉམ་པར་མ་གཞག། ་ཅིང་། མ་གཡེངས་པ་དེ་དག་ནི་འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པའོ།། དེ་ནས་འཇམ་དཔལ་གཞོ་ནུར་གྱུར་པ་ལ་བྲེམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས ་འདི་སྐད་ཅེས་སྨྲསོ།། ཇི་ལྟར་འཇམ་དཔལ་ཁྱོད་ཀྱིས་བཤད་པའི་དོན་ཁོ་བོས་ཤེས་པ་ལྟར་ན། ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་ཆོས་ཀྱི་གཏམ་དང་། འཕག ་པ་མི་སྨྲ་བར་གྱུར་པ་མེདོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་དབང་པོ་མ་ཚོམམག་ཡིན་པར་ཤེས་པ་ལ་མཁས་པ་ཡང་མེད། རྟག་ཏུ་མཉམ་པར་བཞག་པ་ཡང་མ་ཡིནོ།། འཇམ་དཔལ་སུ་དག་ཆོས་སྨྲ ་བ་ཡིན་སུ་དག་འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པ་ཡིན་ཞེས་གང་ཡང་དག་པས་སྨྲ་བས་སྨྲ་ན། འཇམ་དཔལ་དེ་བཞིན་གཤེགས་པའོ།། ཞེས་ཡང་དག་པར་སྨྲ་བས་སྨྲ་བའོ།། ་དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ལ་མཁས་ཤིང་རྟག་ཏུ་མཉམ་པར་གཞག་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ ་གཞོནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་རིགས་ཀྱི་བུ་མཉམ་པར་གནས་པས་ཇི་ལྟར་བཤད་པ་དེ་དེ་བཞིན་ཏེ། འ་ར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགོང་སོ།། དེ་ནས་བ ་ལྡན་འདས་ལ་གནས་བརྟན་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལས་བདག་གི་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་བཟུང་སྟེ། དགེ་སློང་འདུས་ཏེ་འཁོད་པ་རྣམས་ཀྱིས་བྱ་བ ་གཉིས་ཡོད་དེ། ཆོས་ཀྱི་གཏམ་བརྗོད་པར་བྱ་འཕགས་པ་མི་སྦ་བར་གྱུར་པ་ལ་གནས་པར་བྱའོ་ཞེས་གསུངས་ན། བཅོམ་ལྡན་འདས་གལ་ཏེ་གནས་འདི་ལ་ཉན་ཐོས་རྣམས་མི་ནུས་ན། དེ་ཇི་ལྟར ་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ལ་ཆོས་ཀྱི་གཏམ་བརྗོད་ཅིག། ཡང་ན་འཕགས་པ་མི་སྨྲ་བར་གྱུར་པས་གནས་པར་བྱོས་ཤིག་ཅེས་དོན་འདི་ཉེ་བར་བསྟན། བཅོམ་ལྡན་འདས་ཀྱིས ་བཀང་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཉན་ཐོས་རྣམས་མ་ཐོས་པར་ཆོས་ཀྱི་གཏམ་བརྗོད་དམ་འཕགས་པ་མི་སྨྲ་བར་གྱུར་པ་རྩེ་ཅིག་པས་གནས་སམ། སྨྲས་པ་དེ་མ་ལག་སོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་འདིས་འདི་ལྟར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་ཆོས་ཀྱི་གཏམ་ཡང་མེད་འཕགས་པ་མི་སྨྲ་བའང་མེད་པར་རིག་པར་བྱའོ།། དེ་ནས་འཇམ ་དཔལ་གཞོན་ནུར་གྱུར་པས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲསོ།། རབ་འབྱོར་སེམས་ཅན་རྣམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གང་དེ་བཞིན་གཤེགས་པས་མཁྱེན་པ་དེ་དག་གནྡ ་བརྟན་གྱིས་ཤེས་སམ། གང་དག་ལ་དེ་ལྟ་བུའི་གཏམ་བརྗོད་པར་བྱ་བ་དེ་དག་ལ་རྗེ་སུ་འཐུན་པའི་གཏམ་བསྟན་པར་བྱ་བ་དེ་ལ་གྲནས་བརྟན་གྱི་ཡེ་ཤེས་འཇུག་གམ། སྨྲས་པ། འཇམ་དཔལ ་དེ་མ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ། གནས། བརྟན་རབ་འབྱོར་ཏིང་ངེ་འཛིན་གང་ལ་གནས་ནས་སེམས་ཅ། ན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་ལྟ་ཞིང་བདག་གི་སེམས ་དང་ཕ་རོལ་གྱི་སེམསུ་སྒྲིབ་པར་མི་ནུས་པ་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ལྟ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་གམ། སྨྲས་པ། འཇམ་དཔལ་དེ་མ་ཡིནོ།། འཇམ་དཔལ་གྱིས ་སྨྲས་པ། བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པ་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་སོ་སོ་ཅི་རིགསུ་སྨན་སྟོན་པས། ཆོས་ཀྱི་གཏམ་བརྗོད་དོ།། ཏིང་ངེ་འཛིན་མཉམ་པ་ཉིད་ལས་ཀྱང་མི ་གཡོ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཡང་རབ་ཏུ་མཁྱེན་ཏེ། བཙུན་པ་རབ་འབྱོར་རྣམ་གྲངས་འདིས་ཀྱང་འདི་ལྟར་འདི་ལྟ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡུལ་མ ་ཡིན་པར་རིག་པར་བྱའོ།། བཙུན་པ་རབ་འབྱོར་སེམས་ཅན་འདོད་ཆགས་སྤྱོད་པ་གང་དག་སྡུག་པའི་རྣམ་པ་ཉིད་ཀྱིས་རྣམ་པར་འགྲོལ་ཞིང་མི་སྡུག་པའི་རྣམ་པས་རྣམ་པར ་མི་འགྲོལ་བའང་ཡོད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ།། སེམས་ཅན་ཞེ་སྡང་ལ་སྤྱོད་པ་གང་དག་སྐྱོན་མཐོང་བ་རྣམ་པར་གྲོལ་བར་འགྱུར་ལ། བྱམས་པས་རྣམ་པར་གྲོལ་བར ་མི་འགྱུར་བ་ཡང་ཡོད། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ།། སེམས་ཅན་གཏི་མུག་ལ་སྤྱོད་པ་གང་དག་སྨད་པས། རྣམ་པར་གྲོལ་བར་འགྱུར་ལ། ཆོས་བསྟན་པས་རྣམ་པར་གྲོལ་བར་མི་འགྱུར ་བ་ཡོད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེ་ངན་ཏོ།། སེམས་ཅན་ཆ་མཉམ་པར་སྤྱོད་པ་སྡུག་པའི་རྣམ་པས་ཀྱང་། མ་པར་མི་འགྲོ་བ། མི་སྡུག་པའི་རྣམ་པས་ཀྱང་མི་འགྲོལ་བྱམས་པ། ་ཀྱང་མི་འགྲོ་ལ། སྐྱོན་གྱིས་ཀྱང་མི་འགྲོལ། ཆོས་བསྟན་པ། ཀྱང་མི་འགྲོ་ལ། སྣད་པས་ཀྱང་གྲོལ་བར་མི་འགྱུར་བ་ཡོད་དེ། དེ་དག་ལ་དེ་བཞིན་གཤེགས་པ་ཅི་ནས་མཉམ་པ་ཉིད་ཀྱིས་དབང ་པོའི་ཁམས་ལས་རྣམ་པར་འགྲོལ་བ་དེ་ལྟ་དེ་ལྟ་བུར་ཆོས་སྟོན་ཏེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ།། རབ་འབྱོར་རྣམ་གྲངས་འདིས་འདི་ལྟར་དེ་བཞིན་གཤེགས་པ་ནི་ཆོས་སྨྲ་བའི་མཆོག ་ཡིན་པ་དང་། བསམ་གཏན་པའི་མཆོག་ཡིན་པ་དང་། མི་སྨྲ་བར་གྱུར་པ་ལ་དགའ་བའི་མཆོག་ཡིན་པར་དེ་ལྟར་རིག་པར་བྱའོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ། ་ལ་འདི་སྐད་ཅེས་སྨྲསོ།། འཇམ་དཔས་ལ་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ཆོས་བརྗོད་པར་མི་ནུས། འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པར་མི་ནུས་ན། བྱང་ཆུབ་སེམས་དཔའ་གང་ལ་ལ ་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་གང་ཇི་ལྟར་ཆོས་ཀྱི་གཏམ་བརྗོད་པར་བྱེད་ཅིང་།། འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པ་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་བཞིན་གཅི། ་བ་འདི་མངོན་དུ་བཞུགས་ཤིང་མཁྱེན་ན་དེ་བཞིན་གཤེགས་པས་མཁྱེན་གྱིས་འདི་ལ་ཞུས་ཤིག། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ར ་འབྱོར་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རྗེས་སུ་འཇུག་པ་གཡེང་བ་མེད་པའི་ཏིང་ངེ་འཛིན་ཡོད་དེ། བྱང་ཆུབ་སེམས་དཔའ་གང་དག་གིས་ཏིང་ངེ་འཛིན་དེ་ཐོབ་པ་དེ་དག་ཐམས་ཅད་ཡོན་ཏན ་འདི་དག་དང་ལྡན་པར་འགྱུར་རོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་མཉམ་པར་གནས་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་གང་སྤྱོད་པར་བརྒྱད་ཁྲི་བ་ནི ་སྟོང་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་འདི་ནི་ཆོས་ཀྱི་གཏམ་ཞེས་བྱའོ།། གང་འདུ་ཤེས་དང་། ཆོ་ར་བ་ཐམས་ཅད་འགོགས་པའི་སྙོམས་པར་འཇུག་པ་འདི་ནི ་འཕགས་པ་མི་སྨྲ་བར་གྱུར་པའོ།། རིགས་ཀྱི་བུ་ངས་བསྐལ་པ་ལས་ལྷག་པར་ཡང་ཆོས་ཀྱི་གཏམ་དང་། འཕགས་པའི་མི་སྨྲ་བར་གྱུར་པ་ལ་བརྩམས་ཏེ་ལུང་བསྟན་ཀྱང་ངའི་སྤོབས་པ་ཟད ་པར་མི་འགྱུ་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྔོན་འདས་པའི་དུས་ན་བྱུང་བ་བསྐལ་པ་གྲངས་མེད ་བབས་ཆེས་གྲངས་མེད་པ་རྒྱ་ཆེ་བ་ཚད་མེད་པ་ན། བསྐལ་བསྟན་པ་རྣམ་པར་གྲངས་པ་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་དེའི་དུས་ན་མཐོང་ན་དགའ་བའི་འཇིག་རྟེན་གྱི་ཁམ་སུ་ཀུན་ཏུ་འོད་ཟེར་ནས་བྱ། ་བདེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབ་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུབ་བའི་ཁ་ལོ།། ་སྦྱར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།། བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པའི་འཇིག་རྟེན་གྱི་ཁམས་མཐོང་ན ་དགའ་ག་རིན་པོ་ཆེ་ཐམས་ཅད་རབ་ཏུ་བཀྲམ་པ། འབྱོར་པ་རྒྱས་པ་བདེ་བ་ཤིན་ཏུ་ལོ་ལེགས་པ། ཉམས་དགའ་བ། ལྔ་དང་མིས་ཀུན་ཏུ་གང་བར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་སྤོས་ཐམས་ཅད་ཀྱིས ་ཡོངསུ་བསྒོས་པ། རེག་ནི་ཤིང་བ་ལ་ལྟར་འཇམ་པ། གོས་ཀྲ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ། རིན་པོ་ཆེ་སྣ་བདུན་གྱིས་མཉམ་པར་བརྒྱན་པར་གྱུར་ཏོ།། མཐོང་ན་དགའ་བའི་འཇིག་རྟེན་གྱི་ཁམས་དེ་ན ་གླིང་བཞི་པ་བྱེ་བ་ཕྲག་བཞི་ཡོད་དེ་རེ་རེ་ལ་ཡང་གླིང་རྗེ་ན་པོ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་དོ།། གྲོང་ཁྱེར་ཆེན་མོ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱར་པ་དག ་ཚད་ཀྱི་ཚད་ཙམ་དུ་བྱས་པ་ཡིན་ཏེ། གྲོང་ཁྱེར་ཆེན་པོ་རེ་རེ་ལ་ཡང་གྲོང་དང་རི་ཁྲོད་དང་། ཡུལ་འཁོར་དང་། གྲོང་བརྡལ་ལྔ་བརྒྱས་བཀོར་བར་གྱུར་ཏོ།། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་། ལྗོངས་ཐམས ་ཅད་ན་ཡང་སྲོག་ཆགས་མང་པོ་བརྒྱ་སྟོང་གནས་ཏེ། མི་དེ་དག་གིས་མིག་སྔར་ཅི་སྣང་བ་དེ་དག་ཐམས་ཅད་ཀྱང་སྡུག་ཅིང་ཡིད་དུ་འོང་བ་སྣང་སྟེ། ཡིད་དུ་མི་འོང་བ་མི་སྣང་།། མི་དེ་དག་ཀྱང་སངས་རྒྱས་རྗེས་སུ ་དྲན་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏེ། དེའི་ཕྱིར་འཇིག་རྟེན་ཁམས་དེ་མཐོང་ན་དགའ་བ་ཞེས་བྱའོ།། སངས་རྒྱས་ཀྱི་ཞིང་གཞན་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་དེར་འོངས་པ་དེ་དག་ཀྱང་འཛིན ་རྟེན་གྱི་ཁམས་མཐོང་ན་དགའ་བ་བཞིན་དུ། འཇིག་རྟེན་གྱི་ཁམས་གཞན་ལ། དེ་ཙམ་དུ་དགའ་བར་མི་འཛིན་ཏོ།། ཡང་དེ་བཞིན་གཤེགས་པ་ཀུན་ཏུ་འོད་ཟེར་འདི་ཐེག་པ་གསུམ་ལ་བརྩམས་ཏེ། སེམས། ་ཅན་རྣམས་ལ་ཆོས་སྟོན་ཏོ།། ཕལ་ཆེར་ན་རིགས་ཀྱི་བུ་ཁྱེད་འདི་ལྟར་གནས་པ་གཉིས་ཀྱིས་གནས་པར་བྱོས་ཤིག། ཆོས་ཀྱི་གཏམ་བརྗོད་ཅིག་ཡང་ན་འཕགས་པ་མི་སྨྲ་བར་གྱུར་པ་ཉེ་བར་ནི ་བ་ལ་གནས་པར་བྱོས་ཤིག་ཅེས་རྒྱས་པར་ཡང་དག་པར་རབ་ཏུ་སྟོན་ཏོ།། བམ་པོ་ལྔ་པ། རིགས་ཀྱི་བུ་ཡང་དེའི་ཚེ་སྟེང་གི་ཕྱོགས་ནས། དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོའི ་སངས་རྒྱས་ཀྱི་ཞིང་ནས། བྱང་ཆུབ་སེམས་དཔའ་བློ་དགྲོས་མི་ཟད་པ་དང་། ཁྱད་པར་བློ་གྲོས་གཉིས་འོངས་ནས། དེ་ག་ཉིས་བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པ ་གང་བ་དེར་བྱིན་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགྲོ་བོས་ཕྱག་འཚལ་ནས། ལན་གསུམ་བསྐོར་ཏེ། ཕྱོགས་གཅིག་ཏུ་འདུའོ།། དེ་གཉིས་ལ་དེ་བཞིན་གཤེགས་པ་དེས་སྣང་བ་ཡོངས ་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ།། ཅིའི་ཕྱིར་སྣང་བ་ཡོང་སུ་དག་པ་ཞེས་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་གང་ཏིང་འཛིན་དེ་ཐོབ་པ་དེས་མཚན་མ་དང་། ཉོན་མོངས་པ ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་འགྱུར་ཏེ། དེའི་ཕྱིར་སྣང་བ་ཡོང་དུ་དག་པ་ཞེས་བྱའོ།། ཆོས་ཐམས་ཅད་སྔོན་གྱི་མཐའ་ནས་ཡོངསུ་དག་པའོ།། ་ཆོས་ཐམས་ཅད་ཕྱི་མའི་མཐའ་ནས་ཡོང་སུ་དག་པའོ།། ཆོས་ཐམས་ཅད་ད་ལྟར་བྱུང་བའི་མཐའ་ནས་ཡོང་སུ་དག་པ་སྟེ། འདི་ནི་དུས་གསུམ་ཡོང་སུ་དག་པ་ཞེས་བྱའོ།། གང་ཡོང་སུ་དག་པ་འདི ་ནི་ནམ་དུ་ལང་ཡོང་སུམ་དག་པར་མི་འགྱུར་ཏེ། ཡོངསུ་དག་པ་གང་གི་རང་བཞིན་གྱིས་ཡོངསུ་དག་པ་དེ་ནི་ཤིན་ཏུ་ཡོངསུ་དག་པ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན ་གྱིས་འོད་གསལ་བ་ཞེས་བྱའོ།། ཆོས་རྣམས་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ། དམིགས་པ་དང་བྲལ་བའོ།། ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞི ་ཅན་ཏེ། རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ།། ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ། བླང་བ་མེད་པ། དོར་བ་མེད་པ། བསམ་པ་མེད་པ། ནུས་པ་མེད་པ། ཤིན་ཏུ་ངོ་བོ་ཉིད་དང ་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད་གསལ་བའོ།། འཁོར་བའི་རང་བཞིན་གང་ཡིན་པ་དེ་མྱ་ངན་ལས་འདས་པའི་རང་བཞིན་ནོ།། མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་དེ། ་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། དེའི་ཕྱིར་སེམས་རང་བཞིན་གྱི་འོད་གསལ་བ་ཞེས་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། རྣམ་པ་འབླ་གབ་མེད་པ་ཀུན་ནས་ཉོན་མོངས་པར་འགྱུརབ། ་ནི། གནས་མ་ཡིན་ཞིང་སྐབས་མེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་སེམས་ཀྱི་རང་བཞིན་ཡང་ཀུན་ཏུ་ཉོན་མོངས་པར་གྱུར་པ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ།། རིགས་ཀྱི་བུ་འདི་ལྟ་སྟེ། ་དཔེར་ན། ན་མཁའ་ལ་ནི་སྤྲིན་གྱི་ཕུང་པོ་འམ། དུ་བ་འམ། རྡུལ་དག་སྣང་སྟེ། དེས་ན་མཁའ་མི་མཛེས་ཤིང་། ལྷམ་མེ་ལྷང་ངེར་མི་འགྱུར་གྱི།། དེ་དག་གིས་ན་མཁའི་རང་བཞིན་ཀུན་ནས་ཉོན་མོངས་པར་མི ་འགྱུར་རོ།། གལ་ཏེ་ནམཁའ་ཀུན་ནས་ཉོན་མོངསུ་ཟིན་ན། ཤིན་ཏུ་རྣམ་པར་དག་པར་མི་འགྱུར་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པར་མི་འགྱུར་བས་ན། དེའི་ཕྱིར་རྣམ་པའི་ཞེས་རབ་ཏུ་དབྱེའོ།། རིགས ་ཀྱི་བུ་དེ་བཞིན་དུ་བྲིས་པ་སོ་སོའི་སྐྱེ་བོ་ཚུལ་བཞིན་པ་ཡིན་པ་མི་བྱེད་པ་དང་ལྡན་པ་རྣམས་ཀྱི་ཉོན་མོངས་པ་སྐྱེ་མོད་ཀྱི། དེ་དག་གི་སེམས་ཀྱི་རང་བཞིན་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ།། ག་ལ ་ཏེ་ཀུན་ནས་ཉོན་མོངས་པར་འགྱུར་ན་ནི། ཤིན་ཏུ་རྣམ་པར་དག་པར་མི་འགྱུར་ཏེ། འདི་ལྟར་ཀུན་ནས་ཉོམ་མོངས་པར་མི་འགྱུར་བས་ན། དེའི་ཕྱིར་རང་བཞིན་གྱིས་རྣམ་པར་གྲོལ་བས་རྣམ་པར ་འགྲོལ་ལོ།། རིགས་ཀྱི་བུ་འདི་ནི་སྣང་བ་ཡོང་སུ་དག་པའི་ཏིང་ངེ་འཛིན་ལ་འཇུག་པའོ་ཞེས་དེ་ལྟར་དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་དེ་གཉིས་ལ་རབ་ཏུ་བསྟན་ཏེ། དེ་གཉིས་ཀྱིས་ཏིང་ངེ་འཛིན ་འདི་ཐོས་ནས། བསམ་གྱིས་མི་ཁྱད་པའི་ཆོས་ལ་ཆོས་ཀྱི་སྣང་བ་ཐོབ་དོ།། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་འདི། ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ཏིང་ངེ་འཛིན་འདི་ལ་འཇུག་པ་ནི་ཐོས་ན། བཅོམ་ལྡན་འདས་བདག་ཅག་གནས་པ་གང་གིས་གནས་པར་བགྱི། དེ་སྐད་ཅེས ་གསོལ་བ་དང་། བཅོམ་ལྡན་འདས་དེས་རིགས་ཀྱི་བུ་དེ་གཉིས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་འདི་ལ་ཆོས་ཀྱི་གཏམ་ཡང་དག་པར་སྟོན་ཅིག། ཡང་ན་འཕགས་པ་མི་སྨྲ་བར ་གྱུར་པ་ལ་གནས་པར་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ལས་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་ལེགསོ་ཞེས་བྱ་བ་ཐོས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག ་འཚལ་ནས། ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སྐྱེད་མོས་ཚལ་ཞིག་གང་ན་ཡོད་པ་དེར་སོང་སྟེ་དེར་ཕྱིན་ནས་རང་གི་སྤྲུལ་པའི་ཁང་བུ་བརྩེགས་པའི་ནང་དུ ་འདུག་གོ།། དེ་གཉིས་དེ་ན་འདུག་པ་དེར་ཚངས་པ་ཆེན་པོ་འོད་ཟེར་བཟང་པོ་ཞེས་བྱ་བ། ཚངས་པ་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། བྱང་ཆུབ་སེམས་དཔའ་དེ་གཉིས ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ། བྱང་ཆུབ་སེམས་དཔའ་དེ་གཉིས་ལ་འདི་སྐད་ཅེས་སྨྲསོ།། རིག ་ཀྱི་བུ་བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པ་དེས་འདི་སྐད་དུ་འདུས་ཤིང་འཁོད་པ་རྣམས་ཀྱིས་བྱ་བ་གཉིས་ཡོད་དེ་ཆོས་ཀྱི་གཏམ་བསྟན་པར་བྱའོ།། ཡང་ན་འཕགས་པ་མི་སྨྲ་བར་གྱུར ་པས་གནས་པར་བྱའོ་ཞེས་གསུངས་ན། དེ་ལ་ཆོས་ཀྱི་གཏམ་ནི་གང་ཡིན། འཕགས་པ་མི་སྨྲ་བར་གྱུར་པ་ནི་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་ཚངས་པའོང ་ཟེར་བཟང་པོ་ལ་འདི་སྐད་ཅེས་སྨྲསོ།། ཚངས་པ་དེའི་ཕྱིར་དྲི། བ་ལུང་བསྟན་པ་འདི་ལས་ཅུང་ཟད་ཅིག་བཤད་ཀྱིས་ཉོན་གྱི་དང་། འདི་ལ་དེ་བཞིན་གཤེགས་པ་ནི་མངོན་སུམ་སྟེ། ཕ་རོལ་གྱི ་མཆོག་བརྙེས་པའོ།། གས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་དེ་གཉིས་འཁོར་དེའི་ནང་ན་འདི་ལྟ་སྟེ། ཆོས་ཀྱི་གཏམ་དང་། འཕགས་པ་མི་སྨྲ་བར་གྱུར་པ་ལ་བརྩམས་ནས། དེན་གྱི་ཚིག་འདི་གཉིས་རྒྱས་པར ་བསྟན་ཏེ། དེའི་ཚེ་ཚངས་པ་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེ་སོ།། ཚངས་པ་འོད་ཟེར་བཟང་པོས་ཀྱང་ཏིང་ངེ་འཛིན་ཀུན་ཏུ་སྣང་བ་མངོན་དུ་གྱུར་ཏེ། རབ་ཏུ་ཐོའོ།། རིགས་ཀྱི ་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སྤོབས་པ་རྒྱུན་མི་འཆད་པ་དེ་གཉིས་དྲིས་པ་གཉིས་པོ་འདི་ལྟ་སྟེ། ཆོས་ཀྱི་གཏམ་དང་། འཕགས་པ་མི་སྨྲ་བར་གྱུར་པ་ཡང་དག་པར་སྟོན་ཅིང་འདུག་སྟེ། དེ་གཉིས་ཀྱི ་ལོ་སྟོང་ཕྲག་བདུན་ཅུ་རྩ་དྲུག་གི་བར་དུ་དོན་གྱི་ཚིག་འདི་གཉིས་གཏམ་ལ་འབེབས་ཤིང་ལན་འདོན་པར་གྱུར་ཏེ། གཅིག་གིས་ཡང་མཐར་མ་ཕྱིན། གཉིས་པོ་ཡང་མཐར་མ་ཕྱིན་ཏོ།། དེ་ནས་དེ་བཞིན་ག ་པ་དེ་སྟེང་གི་ན་མཁའ་ལ་བཞུགས་ནས། དེ་གཉིས་ལ་འདི་སྐད་ཅེས་བཀའ་སྩལ་པ། རིགས་ཀྱི་བུ་ཆོག་གོ།། སྨྲས་པ། བརྩོད་པར་མ་བྱེད་ཅིག། སྨྲ་བས་བརྩོད་པར་མ་བྱེད་ཅིག། སྨྲ་བ་ཐམས་ཅད་ནི་བྲང ་ཆ་དང་མཚུངས་ཏེ། སྒྲ་ཅི་འདྲ་བ་དེ་བཞིན་དུ་སྒྲ་བརྙན་ཡང་དེ་བཞིན་ནོ།། ཁྱེད་ཀྱི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་མི་ཟད་པ་མངོན་པར་བསྒྲུབ་པ་ཁོང་དུ་ཆུད་དོ།། ཁྱེད་འདོད་ན་དྲིས་པ་འདིའི་དོན ་བསྐལ་པ་འམ། བསྐྲད་པ་ལས་ལྷག་པ་ཡང་ལན་འདོན་ཞིང་ཁྱེད་ཀྱི་སྤོབས་པའི་མཐར་ཕྱིན་པར་ཡང་མི་འགྱུར་མོ། ཀྱི། སངས་རྒྱས་ཀྱི་ཚིག་ནི་ཉེ་བར་ཞི་བ་ཡིན་ཏེ། ཞི་ག། རབ་ཏུ་ཞིག ་ཉེ་བར་ནི་ག། ཡི་གེ་མེད་པའི་དོན་ཏོ།། དོན་ནི་བརྗོད་དུ་མེད་པ་སྟེ། ཇི་ཙམ་དུ་བརྗོད་པ་དེ་ཙམ་དུ་དོན་མེད་པའོ།། དོན་ལ་སྟོན་ལ། ཡིག་ལ་མ་སྟོན་ཅིག་ཅེས་དེ་གཉིས་དེ་བཞིན་གཤེགས་པ་དེས ་བསྐུལ་བར་རིགས་ནས། ཅང་མི་སྨྲ་བར་གྱུར་ཏོ།། རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་འདོད་ན། བྱང་ཆུབ་སེམས་དཔའ་དག་བསྐལ་པ་བརྒྱ་སྟོང་ངམ། དེ་བས་ཡང་སྤོབས་པས་བསྟན་པ་སྟོན ་པར་རིག་པར་བྱའོ།། རིགས་ཀྱི་བུ་དེའི་དུས་དེའི་ཚེ་ན། བྱང་ཆུབ་སེམས་དཔའ་གཉིས་བྱུང་བ་གཞན་ཡིན་པ་འཛིན་མ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྲུ ་བ་འདི་དེའི་ཚེ། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ཞེས་བྱ་བར་གྱུར་ཏོ།། མཉམ་པར་གནས་པ་ཁྱོད་ཀྱང་དེའི་ཚེ་དེའི་དུས་ན།། བྱང་ཆུབ་སེམས་དཔའ་ཁྱད་པར་བློ་གྲོས་ཤེས་བྱ་བ ་གྱུར་ཏོ།། དེའི་ཚེ་དེའི་དུས་ན། ཚངས་པ་ཆེན་པོ་ཁྱད་པར་སེམས་འདི་ནི། ཚངས་པ་འོད་ཟེར་བཟང་པོ་ཞེས་བྱ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་ཤིང་སཱ་ལ་ཆེན ་པོ་ལྟ་བུའི་བུ་མཉམ་པར་གནས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་འདི་མངོན་པར་བརྩོན་པ་དེ་འགྱིད་པའི་བརྩོན་འགྲུས་བརྩམས་པ་རྣམས་ལ། དེ་བཞིན་གཤེགས་པ་རྨ ་ཀྱི་བྱང་ཆུབ་ནི་དོན་ཆེན་པོ་ཐོབ་པར་འགྱུར་ཏེ། མངོན་པར་མི་བརྩོན་པ་རྣམས་ལ་ནི་སངས་རྒྱས་བཅོམ་ལྡན་འདས་བརྒྱ་སྟོང་གིས་ཀྱང་ཅི་ཞིག་བགྱི། བཅོམ་ལྡན་འདས་མངོན་པར་བརྩོན་པ་ནི་བྱང ་ཆུབ་ལག་སོ།། དེ་ནས་འཇམ་དཔལ་གཞོ་ནུར་གྱུར་པས་བྲམ་ཟེ་ཤིང་སཱ་ཝ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་ལ་འདི་སྐད་ཅེས་སྨྲ་སོ།། ཇི་ལྟར་བྱང་ཆུབ་སེམས་དཔའ་མངོན་བརྩོན་པ་མངོན་པ། ་བརྩོན་པ་ཞེས་བྱ་སྨྲས་པ། བྱང་ཆུབ་སེམས་དཔས་ཇི་ལྟར་བརྩོན། བར་བྱས་པས་མངོན་པར་རྟོགས་པ་འཐོབ་པར་འགྱུར་བ་དེའིན་རྣ་མངོན་པར་འགྱོན་པའོ།། སྨྲས་པ། ཡང་ཇི་ལྟར་མངོན་པར ་བརྩོན་པས་མངོན་པར་རྟོགས་པ་འཐོབ་པར་འགྱུར། སྨྲས་པ། གང་ཆོས་གང་ལ་ཡང་རྣམ་པར་མི་རྟོགས་ན། དེ་ལྟར་མངོན་པར་བརྩོན་པས་མངོན་པར་རྟོགས་པ་འཐོབ་པར་འགྱུར།། སྨྲས་པ་ཇི་ལྟར་མངོན ་པར་རྟོགས་པ་མངོན་པར་རྟོགས་པ་ཡིན།། སྨྲས་པ། མཉམ་པ་ཉིད་གང་གིས་ཆོས་ཐམས་ཅད་མཉམ་པར་མཐོང་བ་ནི་དེ་ལྟར་ན་མངོན་པར་རྟོགས་པ་ཡིནོ།། སྨྲས་པ། རིགས་ཀྱི་བུ་མཉམ་པ་ཉིད་མཐོད ་བར་རུང་ངམ། སྨྲས་པ། མི་རུང་ངོ་།། སྨྲས་གགལ་ཏེ་མི་རུང་ན་མི་མཉམ་པར་གྱུར་ཏེ། མཉམ་པར་མི་རུང་ངོ་།། ཁྱད་པར་སེམས་ཀྱིས་སྨྲས་པ། འཇམ་དཔལ་གང་མཉམ་པ་ཉིད་ཀྱིས་ཆོས་ཐམས ་ཅད་མི་མཐོང་བ་འདི་ནི་མངོན་པར་རྟོགས་པ་ཞེས་བྱའོ།། འཇམ་དཔལ་གྱིས་སྨྲས་པ། ཚངས་པ་ཅིའི་ཕྱིར་མི་ཐོང་། སྨྲས་པ། གཉིས་དང་བྲལ་བའི་ཕྱིར་མི་མཐོང་ངོ་།། འཇམ་དཔལ་མི་མཐོང་བ་ནི་ཡང ་དག་པར་མཐོང་བ་ཡིནོ།། སྨྲས་པ། ཚངས་པ་སུས་འཇིག་རྟེན་གྱི་མཉམ་པ་ཉིད་མཐོང་། སྨྲས་པ། དེ་བཞིན་གཤེགས་པསོ།། སྨྲས་པ། ཇི་ལྟར་གཟིགས། སྨྲས་པ། ཇི་ལྟར་གཟུགས་ཀྱི་དེ་བཞིན་ཉིད ་ལས་གཞན་མཛད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་དུ་མ་མཛད། འཇམ་དཔལ་ཕུང་པོ་ལྔ་པོའི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ ་གཟིགས་པ་འདི་ནི་འཇིག་རྟེན་ལ་ཡང་དག་པར་གཟིགས་པའོ། 58། སྨྲས་པ། ཚངས་པ་འཇིག་རྟེན་གང་གིས་རབ་ཏུ་ཕྱེ། སྨྲས་པ། ཟད་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེའོ།། སྨྲས་པ། ་ཏེ་འཇིག་རྟེན་ཟད་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ན། ངེས་པ་ཅི་འཇིག་རྟེན་གྱི་མཚན་ཉིད་ཟད་པར་འགྱུར་རམ། སྨྲ། པ། འཇམ་དཔལ་འཇིག་རྟེན་གྱི་མཚན་ཉིད་ཟད་པར ་མི་འགྱུ་རོ།། སྨྲས་པ། འོ་ནད་ཇི་ལྟར་འཇིག་རྟེན་ཟད་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན། སྨྲས་པ། འཇམ་དཔལ་གང་ཤིན་ཏུ་ཟད་པ་དེ་ནི་ཟད་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། གང་ཟད་པ ་དེ་ནི་ཟད་པར་མི་འགྱུར་བའི་ཕྱིར།། སྨྲས་པ། ཚངས་པ་དེ་བཞིན་གཤེགས་པས་འདུས་བྱས་ཟད་པའི་ཆོས་ཅན་དུ་མ་གསུངས་སམ། སྨྲས་པ། འཇམ་དཔལ་ཟད་པའི་ཆོས་ཉིད་གང་ཡིན ་བདེ་ནམ་ཡང་ཟད་པར་མི་འགྱུར་ཏེ། དེ་བས་ནི་དེ་བཞིན་གཤེགས་པས་འདུས་བྱས་ཟད་པའི་ཆོས་ཅནོ།། ཞེས་གསུང་སོ།། སྨྲས་པ། ཚངས་པ་གང་གིས་འདུས་བྱས་ཀྱི་གྲངསུ་འགྲོ་སྨྲས་པ ་འཇམ་དཔལ་ཟད་པའི་ཆོས་ཉིད་ཀྱིས་འདུས་བྱསོ་ཞེས་བྱ་བའི་གྲངསུ་འགྲོའོ།། སྨྲས་པ། ཚངས་པ་འདུས་བྱས་ཅི་ལ་གནས། སྨྲས་པ། འདུས་མ་བྱས་ཀྱི་རང་བཞིན་ལ་གན་སོ།། སྨྲས་པ།། ་ཚངས་པ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཐ་དད་དུ་བྱ་བ་ཅི་ཡོད། སྨྲས་པ། འཇམ་དཔལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཐ་དད་དུ་བྱ་བ་ནི་ཐ་སྙད།། དེ་ཅིའི་ཕྱིར་ཞེ་ན། ་སྙད་ཀྱིས་འདི་ནི་འདུས་བྱསོ།། འདི་ནི་འདུས་མ་བྱས་ཞེས་བསྟན་ཏེ། ཡང་འདུས་བྱས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་འདུས་མ་བྱས་ཀྱི་ཆོས་ཉིད་ཀྱང་དེ་ཡིན་ཏེ། ཆོས་ཉིད་ལ་ཐ་དད་དུ་བྱ་བ་མེདོ།། སྨྲས་པ། ་ཚངས་པ་ཆོས་ཉིད་ཅེས་བྱ་བ་འདི་གང་གི་ཚིག་ཐ་དྲ་དྭགས་ཡིས། སྨྲས་པ་འཇམ་དཔལ་ཆོས་ཉིད་ཅེས་བྱ་བ་ནི་འདུས་དས་བྱས་དང་། བྱེ་བྲག་མེད་པར་གྱུར་པའི་ཆོས་རྣམས་ཀྱི་ཚིག་བླ་དྲས་ས ་སྨྲས་པ། ཚིག་བླ་དྭགས་ཤེས་བྱ་བའི་དོན་ཅི། སྨྲས་པ། རོལ་རྣམ་པར་རིག་པར་བྱ་བའི་ཆེང་དུ་བསྟན་པས་ན། འདི་ནི་དེར་ཕྱིར། ཚིག་བླ་དགས་ཤེས་པའོ།། དེ་ཅིའི་ཕྱིར་ཞེ་ན། ཚིག་བླ་དྭགས་ཐམས་། ་ནི་ལྷག་པར་བྱེད་པས་སྒྲོ་འདོགས་པ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྒྲོ་མི་འདོགས་ཤིང་ལྷག་པར་ཡང་མི་མཛད་ལ། སྟོན་པས་ན། དེ་ནི་ལྷག་པའི་ཚིག་ཅེས་བྱའོ།། ཡང་འཇམ་དཔལ ་ཚིག་ཐམས་ཅད་ཚིག་མ་ཡིན་པས་ན། དེའི་ཕྱིར་སངས་རྒྱས་ཀྱི་ཚིག་ནི་བརྗོད་དུ་མེད་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི་བརྗོད་པས་རབ་ཏུ་དབྱེ་བ་མ། ་ཡིནོ།། སྨྲས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ལྟར་རབ་ཏུ་དབྱེ། སྨྲས་པ། གཟུགསུ་ཡང་མ་ཡིན། མཚན་དུ་ཡང་མ་ཡིན། ཆོས་ཉིད་དུ་ཡང་རབ་ཏུ་མི་དབྱེའོ།། སྨྲས་པ། ཅི་གཟུགས་ཀྱི། ་མཚན་ཉིད་ཀྱི་ཆོས་ལས་ཐ་དད་དུ་རབ་ཏུ་དབྱེ་འམ། སྨྲས་པདེ་མ་ཡིནོ།། སྨྲས་པ། གཟུགས་ཀྱི་མཚན་ཉིད་ཀྱི་ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་ལས་ཀྱང་མ་ཡིན། གཞན་ལས་ཀྱང་མ་ཡིན་ཏེ། དེ་ལྟ ་དེ་བཞིན་གཤེགས་པ་རྣམས་རབ་ཏུ་དབྱེའོ།། འདི་ལྟར་དེ་བཞིན་ཉིད་ཀྱིས་རབ་ཏུ་བསྟན་ཅིང་ཆུང་ཟ་བར་ཡང་མི་འགྱུར་བ་དེ་ལྟར་རབ་ཏུ་དབྱེའོ།། སྨྲས་པ། དེ་ལྟར་ན་དེ་བཞིན་གཤེགས་པས་ཅི་ཞིག་མངོན ་པར་རྫོགས་པར་སངས་རྒྱས། སྨྲས་པ། འཇམ་དཔལ་དེ་ལྟར་ན། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་དང་ངོ་བོ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཤིང ་མངོན་པར་རྟོགས་ཏེ་དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་ཀྱིས་འདི་སྐད་ཅེས་གསོ ་ཏོ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་ན་བའ་རྣམས་ཐེག་པ་ཆེན་པོ་ལ་ཡང་དགེ་པར་ཞུགས་པ་ཞེས་བཀྱི་ཤེདེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིག་སུ་བཅད་པ་འདི་དག ་གསུང་སོ།། མཁས་པ་དེ་དག་གཟུགས་བཞག་ཕྱིར།། བྱང་ཆུབ་ཏུ་ནི་མ་ཞུགས་ཏེ།། གཟུགས་བཞིན་བྱང་ཆུབ་དེ་བཞིན་ཤེས།། མབས་པ་དག་ནི་དེ་ལྟར་འཇུག། དེ་བཞིན་ཉིད་ཀྱིས་ཕྱེ་བས་ན།། གཟུག ་ལྟར་བྱང་ཆུབ་དེ་བཞིན་ཏེ།། མཁས་མཆོག་དེ་དག་བྱང་ཆུབ་ལ།། ཡོངསུ་དབྱེ་བར་མི་འཇུག་གོ།། བྱང་ཆུབ་དོན་ནི་དབྱེར་མེད་དེ།། དོན་ལ་བྱང་ཆུབ་མི་དམིག་སོ།། དོན་དམ་འདི་ལ་གང་བརྩོན་པ།། དེ་དག ་བྱང་ཆུབ་ཉིད་ལ་ཞུགས།། ཕུང་པོ་དང་ནི་ཁམས་རྣམས་དང་།། སྐྱེ་མཆེད་དག་ལ་བྱང་ཆུབ་ཚོལ།། བྱང་ཆུབ་དེ་ཡི་རང་བཞིན་ཏེ།། དེ་ལས་གུད་ན་བྱང་ཆུབ་མེད།། ཆོས་རྣམས་རབ་དང་ཐ་མ་ད ་ཁར་མའང་ནམ་ཞིག་མི་འཛིན་ཅིང་།། གང་ཡང་འདོར་བར་མི་བྱེད་པ།། དེ་ཚེ་བྱང་ཆུབ་ཡང་དག་ཞུགས།། ནམ་ཞིག་ཆོས་དང་ཆོས་མ་ཡིན།། གཉི་སུ་དེ་དག་ཁས་མི་ལེན།། ་གཉིསུ་གྱུར་པའང་མ་ཡིན་པ།། དེ་དག་བྱང་ཆུབ་རབ་ཏུ་ཞུགས།། འདུས་མ་བྱས་ནི་གཉིས་སུ་མེད།། འདུས་བྱས་དག་ནི་གཉིས་ཡོད་ན།། འདི་གཉིས་མཐའ་སྟེ་རྣམ་པར་སྤངས།། བྱང་ཆུབ་སྤྱད་པ་དེ ་དག་སྤྱོད།། སོ་སོའི་སྐྱེ་ལས་རབ་འདས་ལ།། མི་འགྱུར་བའང་མི་གནས་ཤིང་།། འབྲས་བུའང་མ་ཐོབ་འཕགས་པ་རྣམས།། དེ་དག་འཇིག་རྟེན་སྦྱིན་འོས་ཡིན།། འཇིག་རྟེན་ཆོས་རྣམས་ཀུན་ལྟ་ཞིང་།། ་འཇིག་རྟེན་ན་ཡང་པད་མ་བཞིན།། སྤྱོད་པ་མཆོག་ལ་སྤྱོད་པ་ནི། དེ་དག་བྱང་ཆུབ་ཞུགས་པ་བཞིན།། གང་ལ་འཇིག་རྟེན་སྤྱོད་བ་དེ་།། དེ་དག་སྤྱོད་པ་བྱེད་མོད་ཀྱི།། གང་ལ་འཇིག་རྟེན་མོངས ་འགྱུར་བ། དེ་ལ་མཁས་པ་དེ་དག་གྲོལ།། དེ་དག་འཁོར་བར་ཉོན་མ་མོངས།། བྱང་ཆུབ་སེམས་དཔའ་འཇིགས་མེད་པ།། གཞན་པ་མ། ད་ཅིང་ཞུགས་མེད་པ།། དེ་དག་བྱང་ཆུབ་སྤྱོད་པ་སྤྱོད།། དེ ་བཞིན་མཁས་ཤིང་རྟག་པར་ནི།། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཡང་རྟོགས།། དེ་དག་ཆོས་དང་ཆོས་མིན་དུ།། འདི་ལ་མཁས་པ་མི་རྟོག་གོ།། བྱང་ཆུབ་སྤྱོད་པ་རབ་སྤྱོད་ཅིང་།། དེ་དག་ཆོས་རྣམས་འཇིག་མི་བྱེད། ་གང་ཡང་སྐྱེ་བར་མི་བྱེད་དེ།། འདི་ནི་བྱང་ཆུབ་མཚན་ཉིད་དོ།། ཆོས་རྣམས་ཐམས་ཅད་མཚན་ཉིད་མེད།། ནམཔའ་མཚུངས་ཤིང་མཉམ་པ་སྟེ། མཁས་པ་དེ་དག་ནམ་དུ་ཡང་།། མཚན་གཞི་མཚན ་གནི་མེད་མི་སྙེམས།། སྤྱོད་ལ་མཁས་པར་གྱུར་པ་ཡིན།། ཐབས་ཀྱི་ཕ་རོལ་རབ་སོང་ཞིང་།། སེམས་ཅན་རྣམས་ཀྱི་བསམ་པ་ཡང་།། ནབས་པ་དག་ནི་རྫོགས་པར་བྱེད།། རྟག་ཏུ་དམ་པའི་ཆོས ་འཛིན་ཅིང་།། མངོན་པ་ཉིད་ལ་རབ་ཏུ་གནས།། ཆོས་ལ་རློམ་སེམས་མི་བྱེད་པ།། འདི་ནི་ང་ཡི་ཆོས་ཡིན་ཏེ།། སངས་རྒྱས་དག་ནི་སྐྱེས་ཀྱང་རུང་།། འོན་ཏེ་འདྲེན་པ་མ་སྐྱེས་ཀྱང་།། ཆོས་རྣམས་ཐམས་ཅད ་སྤོང་བ་སྟེ། དེ་དག་ཆོས་ཉིད་དེ་མི་འདོར།། ཆོས་རྣམས་ཀུན་ལ་མངོན་སུམ་སྟེ།། ཆོས་ཀྱི་ཆོས་ཉིད་གང་ཡིན་པ།། དེ་བཞིན་ཉིད་ལ་རབ་གནས་ཤིང་།། དེ་དག་བསྟན་པ་ཤིན་ཏུ་སྟོན།། བདུད་ཀྱིས་ཟབ་མོ ་རྒྱུ་པ་ཡི། གཏིང་ཡང་རྟག་ཏུ་རིག་མི་འགྱུར། འདི་ལྟར་དེ་དག་ཆོས་རྣམས་ལ། མ་ལུས་པར་ནི་མི་འཛིན་ཏོ།། སངས་རྒྱས་ཡེ་ཤེས་རབ་ཚོལ་ལ། ཡང་དག་ཞུགས་པའི་སྤྱོད་ཡུལ་མིན། ཡེ་ཤེས་དེ ་ཡང་ཡུལ་གནས་དང་།། ཕྱོགས་ལ་གནས་པ་མི་འཐོབ་བོ།། སངས་རྒྱས་ཡེ་ཤེས་ཆགས་མེད་དེ།། ཆོས་དང་ཆོས་ལ་ཆགས་མི་བྱེད།། བྱང་ཆུབ་ཏུ་ནི་གང་གཞོལ་བ།། དེ་བཞིན་དེ་དག་ཆགས་མི ་བྱེད་པ་སྦྱིན་པས་མངོན་པར་རྟག་ཏུ་འཕགས།། སེམས་དུལ་ཕུ་ལ་ལ་རབ་ཏུ་དགལ།། དེ་དག་མ་ལུས་གཏོང་བ་ན།། ནན་པའི་སེམས། ཀྱཻ་ཡངས་མེད་དོ།། ཆོས་ནི་གཏང་བར་མི་ནུས་ཏེ་ཁནང ་བར་ཡང་ནི་མི་ནུ་སོ།། དེ་ལྟར་ཆོས་རྣམས་ཐམས་ཅད་ལ།། བདག་གི་དངོས་པོ་ཡོད་མ་ཡིན།། ཆོས་རྣམས་ཐམས་ཅད་མ་བཅིངས་ཤིང་།། གྲོལ་བའང་མེད་པར་གང་གིས་ཤེས།། གང་ལ་ལྟ་བ་ནི ་པ་སྟེ་འདི་ནི་སྦྱིན་བདག་ཆེན་པོ་ཡིན།། ང་དང་ང་ཡིར་ལྟ་བ་གང་།། དེ་ལ་དེ་དག་ཡོད་མེད་དེ།། དེ་ཕྱིར་དེ་དག་གཏོང་བ་ན།། དངོས་པོ་ཅི་ལའང་རྟེན་མི་འགྱུར།། སྦྱིན་པ་གཏོང་བ་ཐམས་ཅད་ཀྱང་བྱང་ཆུབ ་ལ་ནི་སྔོ་བར་བྱེད།། བྱང་ཆུབ་ལ་ནི་སྦྱིན་པ་ཡིས།། གཉི་སུ་འདུ་ཤེས་མྱི་བསྐྱེད་དོ།། འདུ་བྱེད་མེད་པའི་ཚུལ་ཁྲིམས་ལ།། རྟག་པར་ཤིན་ཏུ་གནས་པར་འགྱུར།། ཚུལ་ཁྲིམས་ལ་ཡང་བདག་གནས ་བྱཤི་དེ་དག་ལ་ནི་རློམ་སེམས་མེད། ཚུལ་ཁྲིམས་དག་ནི་མ་བྱས་ཤིང་། མ་སྐྱེས་པར་ཡང་མཁས་པས་ཤེས། དེ་ཕྱིར་དེ་ཡི་ཚུལ་ཁྲིམས་ནི། རབ་དག་དྲི་མེད་ནམཁའ་བཞིན། ལུས་ནི། ་གཟུགས་བརྙན་ཉིད་དང་འདྲ།། ངག་ནི་བྲག་ཆ་ཇི་བཞིན་ཏེ།། སེམས་ཀྱང་སྒྱུ་མ་འདྲ་རིག་ནས།། དེ་དག་ཚུལ་ཁྲིམས་མི་སྙེམ་སོ།། དེ་དག་ཞི་ཞིང་རབ་ཞི་ག། ཉེ་བར་ཞི་ཞིང་མཉམ་པར་བཞག་། སྡིག་པ་ཐམས་ཅད་ནི་བྱེད ་ཅིང་ཀ་རབ་ཏུ་ནི་པའི་ཕ་རོལ་སོང་།། ང་ཚུལ་ངན་དང་ཚུལ་ཁྲིམས་ནི།། གཉིས་བྱ་བ་དེ་ལ་མེད།། ཆོས་ཀྱི་དབྱིངས་ནི་ཡོངས་ཤེས་ནས།། དེའི་ཚུལ་ཁྲིམས་ཟག་པ་མེད།། བཟོད་པའི་ཕ་རོལ་རབ་ཕྱིན་ཅིང་།། ་ཉེས་བཅས་ཐམས་ཅད་བཟོད་པར་བྱེད།། དེ་ལྟར་སེམས་ཅན་ཐམས་ཅད་ལ།། དེ་ཡི་འདུ་ཤེས་མཉམ་པར་འཇུག། ཆོས་རྣམས་ཐམས་ཅད་མི་གནས་སྟེ།། སྐད་ཅིག་འཇོམ་པས་འཇིག་པ། ་འགྱུར།། འདི་ལ་གང་ཡང་གཤེ་བ་མེད།། འདི་ལ་གང་ཡང་ཕྱ་དག་འཚལ་མེད།། ལུས་རྣམས་གཤེགས་ཤིང་བཅད་ན་ཡ་ང་།། དེ་ཡི་སེམས་ལ་འཁྲུག་མི་འབྱུང་།། ལུས་ཀྱི། ་ནང་ངམ་ཕྱི་རོལ་ན།། སེམས་ནི་ཤིན་ཏུ་མི་གན་སོ།། ཁམས་གཞི་ལ་ས་ནི་བྱུང་བ་ཡི།། ལུས་འདི་ཉིད་ནི་དགྲ་དང་མཚུངས།། ཡང་དག་ཡོངསུ་རྟོག་པ་ཡི།། མཁས་པ་དེ་དག་བདག་མི་སྙེམས།། དེ་ལྟར ་མངོན་སུམ་གྱུར་པས་ན།། དེ་དག་བཟོད་པ་སྨྲ་བ་ཡིན།། དེ་ཡི་སེམས་ནི་སུན་དབྱུང་བར།། མ་ལུས་སྐྱེ་བོས་མི་ནུའོ།། དེ་དག་བརྩོན་འགྲུས་ཆེ་རྩོམ་སྟེ། མཐུ་བརྟན་འཇིག་པ་མེད་པ་དག། ལུས་དང་སེམས། ་རྣམས་རིག་ནས་ནི། དེ་དག་ལ་ནི་གནས་མི་འགྱུར། འཁོར་བ་ཡི་ནི་ཐོག་མ་ཡི།། མཐའ་ནས་བཟུང་སྟེ་མ་སྐྱེ་སོ།། སེམས་ཅན་ཅིག་གི་དོན་ཕྱིར་ཡང་།། སྟོབས་པོ་ཆེ་དག་གོ་ཆ་གྱོན།། ཆོས་ནི་གང་ཡང་མི་སྐྱེ་སྟེ།། ་འབྱུང་བའང་འགྱུར་བའང་མེད་མོད་ཀྱི་ཁྱིས་པ་ཕྱིན་ཅི་ལོག་པའི་ཕྱིར།། སྔོན་གྱི་མཐའ་ནི་མི་རྟོག་སོ།། དབྱིངས་འདི་རྟག་ཏུ་གནས་པ་སྟེ། ཆོས་ཀྱི་དབྱིངས་ནི་བསམ་མི་ཁྱག། དེ་ལྟར་ཡང་དག་རབ་ཤེས་ནས། ་འདི་ལ་སྐྱེ་མེད་འཇིག་པའང་མེད།། ཆོས་ཀྱི་ཆོས་ནི་འདི་རྣམས་ནི།། སེམས་ཅན་འདི་དག་མི་ཤེས་ཏེ།། དེ་ཕྱིར་དེ་ཡི་ཕྱིན་ཅི་ལོག།། སྤང་བའི་ཕྱིར་ནི་དེ་དག་བརྩོན།། སེམས་ཅན་རྫོགས་པའི་སངས་རྒྱས ་ཀྱིས་འཇི་ལྟ་བུར་ཡང་ཡོང་མ་བསྙེས།། གོ་ཆ་དག་ཀྱང་མི་འདོར་ཏེ།། བརྩོན་འགྲུས་དག་གིས་ཁྱད་པར་ལྟོས།། ཇི་ལྟར་སྒྱུ་མ་སྨིག་རྒྱུ་ལྟར།། ཆོས་རྣམས་ལ་ནི་རབ་ཏུ་འབྱེད།། འདི་ལ་སྙིང་པོ་མི་རྙེད་དེ།། ན་མཁར ་ལ་ནི་ལྟ་བ་བཞིན།། མེད་པའི་ཡོངསུ་རྟོགས་པ་ཡིན།། སྐྱེ་བོ་མི་མཁས་། ཉོན་མོངས་འགྱུར།། གང་གིས་མྱ་ངན་འདའ་བ་ཡི།། རིགས་པ་དག་ནི་དེ་ལ་བཤད།། དེའི་བརྩོན་འགྲུས་དེ་ཕྱིར་ཏེ།། ད ་བ་གཞིག་ཕྱིར་མ་ཡིན།། དངོས་དང་དངོས་མེད་མི་རྟག་ཕྱིར།། དེ་དག་གི་ནི་བརྩོན་འགྲུས་སྐྱེད།། དབེན་པ་དག་ཏུ་རྟག་གནས་ཤིང་།། ཉོན་མོངས་མེད་པར་རྟོགས་པར་རིག། འཁོར་བ་ལས་ནི་སྐྲག་པའི ་ཡིད།། འདྲིས་པ་མེད་ཅིང་ཡིད་མི་རྟོན།། དགོན་པར་སྤྱོད་པ་བརྟན་པ་དག། མཁས་པ་རྟག་ཏུ་གསེ་རུ་བཞིན།། ཤེས་པར་རྩེན་པའི་རིག་པ་དག། དེ་དག་མངོན་ཤེས་རྟོགས་པར་རིག་དགོན་པ་བཞིན་དུ་གོང ་དེ་བཞིན།། མཉམ་པ་ཉིད་ལ་གནས་པས།། སྤྱོད་དང་སྤྱོད་ལམ་མི་རྟོག་སྟེ།། དེ་དག་རྟག་ཏུ་མཉམ་པར་བཞིག། ནམ་ཞིག་མཉམ་པར་གཞག་པའི་ཆོས།། ཉེ་བར་ཞི་བ་ཟག་མེད་ལ།། མོས་ཤིང་རྣ ་བར་གྲོལ་བ་ན།། དེ་ཕྱིར་མཉམ་པར་བཞག་ཅེས་གསུངས།། མཉམ་པར་བྱེད་ཅིང་མཉམ་པར་འགྲོ།། མཉམ་པར་ཉིད་ལ་རབ་གནས་ནས།། མཉམ་པ་ཉིད་དང་འགལ་མི་བྱེད།། དེ་ཕྱིར་མཉམ། ་པར་བཞག་ཅེས་གསུངས།། བྱང་ཆུབ་སེམས་ལས་རྣམ་པ་ཀུན། སེམས་ལས་དེ་དག་རྨོངས་མི་འགྱུར།། སེམས་ཅན་དག་ཀྱང་ཡོངས་སྨིན་བྱེད།། དེ་ཕྱིར་མཉམ་པར་བཞག་ཅེ།། ་གསུངས།། རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ།། དེ་བཞིན་གཤེགས་པ་རྟག་ཏུ་དྲན།། གཟུགས་ལ་འདོད་ཆགས་བྲལ་བ་ཐོབ།། དེ་ཕྱིར་མཉམ་པར་བཞག་ཅེས་གསུངས།། ཆོས་ཀྱི་ཆོས་ཉིད་ཇི་ལྟ ་བར་འ་དེ་དག་ཆོས་རྣམས་བསྒོམ་མོད་ཀྱི།། དྲན་པ་ཡིད་ལ་བྱེད་པ་ཡིན།། དེ་ཕྱིར་མཉམ་པར་བཞག་ཅེས་གསུངས།། དགེ་འདུན་དྲན་པ་སྒོམ་བྱེད་དེ།། དགེ་འདུན་ཉིད་ཀྱང་འདུས་མ་བྱས།། ཚད་དང ་བྲལ་བ་བཞི་པ་ཡི།། མཁས་པ་དག་ནི་བསམ་གཏན་སྒོམ།། ལུས་ཅན་དག་གིས་ཕྱོགས་བཅུ་ན།། ཞིང་དང་སངས་རྒྱས་རྣམས་མཐོང་སྟེ།། དེ་དག་མིག་དང་གཟུགས་ལ་ཡང་། ་གཉི་སུ་འདུ་ཤེས་མི་འཇུག་གོ།། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ།། ཇི་སྙེད་ཡོད་པ་ཉན་མོད་ཀྱི།། དེ་དག་སྒྲ་དང་རྣ་བ་ལ།། གཉིས་སུ་འདུ་ཤེས་མི་འཇུག་གོ།། དེ་དག་སེམས་ཅན་ཀུན་གྱི ་སེམས།། སེམས་གཅིག་གིས་ནི་རབ་ཤེས་ཀྱང་།། དེ་དག་སེམས་སམ་སེམས་ཅན་ལ།། རྣམ་པར་རྟོག་པར་མི་འགྱུར་རོ།། བསྐལ་པ་གང་གའི་བྱེ་མ་སྙེད།། བྱེ་བ་ལྟ་བུ་དྲན་གྱུར་ཀྱང་།། དེ་དག་སྔོན་ནམ ་ཕྱི་མ་ཞེས།། སྤྲོས་པ་འདི་ཡང་མི་འབྱུང་།། ཞིང་རྣམས་བྱེ་བ་ཕྲག་སྟོང་དང་།། བསམ་མི་ཁྱབ་པར་འཕྲུལ་གྱིས་འགྲོ།། ལུས་ལའང་མེད་ཅིང་སེམས་ལའང་མེད།། དེ་ལས་གུད་ནའང་ཡོད་མ ་ཡིན་པ་ཆོས་རྣམས་རབ་ཏུ་དབྱེ་བ་ཤེས།། སྤོབས་པ་དག་ལ་རྟོགས་པར་རིག། ཆོས་ཀྱི་དབྱིངས་རྣམས་བསྟན་པ་དག། བསྐལ་པ་བྱེ་བར་སྨྲ་བར་བྱེད།། ཤེས་རབ་ཀྱི་ཡང་ཕ་རོལ་ཕྱིན།། ཕུང་པོ། ་དག་ལ་མངས་པར་བསླབས།། བླང་མེད་སྤྲོས་པ་མེད་པ་ཡིན།། ཆོས་མཆོག་དག་ནི་བརྗོད་པར་བྱེད།། དེ་དག་རྐྱེན་ལ་མཁས་པ་སྟེ།། མཐར་གཉིས་དག་ནི་སྤངས་པ་ཡིན།། དེ་དག་ཉོན་མོངས་རྒྱུ་རྣམས། ་ཀྱང་། སྡིག་པ་མེད་པ་དག་པར་ཤེས།། རྐྱེན་ལ་ལྷག་པར་མོས་པ་ལ།། ལྟ་བ་དག་ནི་ཡོད་མ་ཡིན།། འདི་ལྟར་ཆོས་རྣམས་ཐམས་ཅད་ནི།། རྐྱེན་ལ་རག་ལས་དངོས་པོ་མེད།། བདག་ཏུ་ལྟ ་དང་སངས་རྒྱས་ལྟ།། སྟོང་པར་ལྟ་བ་གང་ཡིན་དང་།། མྱ་ངན་འདས་དང་འཁོར་བར་ལྟ།། ཐམས་ཅད་དེག་ཡོངས་མེད་དོ།། ཤེས་རབ་རང་བཞིན་ཤེས་ནས་ནཾ།། སྣང་བར་གྱུར་མ་ཐག་ཏུ་ཡོད། ་དེ་དག་མུན་བྲལ་ཆགས་མེད་ཅིང་།། བྱང་ཆུབ་སྤྱོད་ལ་སྤྱོད་པར་འགྱུར།། ། ཐེག་པ་ཆེན་པོའི་ཐེག་པ་འདི།། སངས་རྒྱས་ཐེག་པ་བསམ་མི་ཁྱབ།། སེམས་ཅན་ཀུན་གྱི་གོ་སྐབས་འབྱེད།། ཐེག ་པ་ཆེན་པོ་བླ་ན་མེད།། ཐེག་པ་ཇི་སྙེད་ཅི་ཡོད་པ།། འདི་ནི་དེའི་མཆོག་ཏུ་དགོངས།། དེ་ཕྱིར་ཐེག་པ་ཆེན་པོ་ལས།། ཐེག་པ་ཐམས། ཅད་རབ་ཏུ་དབྱེ།། ཐེག་པ་གཞན་ནི་ཆུང་ངུ་སྟེ།། ཐཾད། ་ཀྱི་ནི་གོ་སྐབས་མེད།། ཐེག་པ་ཆེན་པོ་འདི་ལ་ནི།། ལུས་ཅན་ཀུན་གྱི་གོ་སྐབས་ཤོང་།། ཐེག་པ་ཆེན་པོ་ན་མཁའ་ལྟར།། དྲི་མ་མེད་ལ་གང་ཞུགས་པ།། དེ་དག་ལུས་ཅན་ཐམས་ཅད་ལ།། སེར་སྣ ་བྱེད་པ་ཡོང་མེད་དོ།། ཇི་ལྟར་ན་མཁའ་ཚད་མེད་ཅིང་།། གཟུགས་མེད་བསྟན་དུ་མེད་པ་ལྟར།། དེ་བཞིན་ཐེག་པ་ཆེན་པོ་འདི།། ཚད་མེད་བསྒྲིབས་པ་མེད་པའོ།། གལ་ཏེ་སེམས་ཅན་ཐམས་ཅད་ཀྱང་། ་ཐེག་པ་དམ་པ་འདོད་འགྱུར་ན།། ཐམས་ཅད་ཀྱི་ཡང་གོ་སྐབས་ཡོད།། ཐེག་པའི་ཁྱད་པར་དག་ལ་ལྟོས།། ཐེག་པ་ཆེན་པོའི་ཡོན་ཏན་དང་།། དེ་ལ་གང་རྣམས་གནས་པ་ཡི།། དེ་དག་གིས་ནི། ་བསྔགས་པའི་མཐའ།། བསྐལ་པ་བྱེ་བར་བཤད་མི་ནུས།། ཚིག་བཞི་པ་ཡི་ཚིག་བཅད་ཙམ།། མདོ་མཆོག་འདི་ལས་གང་འཛིན་པ།། དེ་དག་གིས་ནི་མི་ཁོམ་སྤངས།། མ་བས ་པ་དེ་དག་དལ་བ་ཐོབ།། གང་དག་མདོ་སྡེ་འདིར་དགའ་བ།། དེ་དག་ཕྱིན་ཆད་ངན་སོང་དུ།། འགྲོ་བར་འགྱུར་བ་མ་ཡིན་ཏེ།། དེ་དག་ལྷ་དང་མིརྱ་འགྱུར་རོ།། ཕྱི་དུས་འཇིགས་པ་ཆེན་པོའི་ཚེ།། མདོ་སྡེ་འདི་ནི་གང་། ་ཉན་པ།། དེ་དག་ཐམས་ཅད་བྱང་ཆུབ་ཏུ།། ཤིན་ཏུ་གཞོལ་བར་ངས་ལུང་བསྟན།། དེ་ཡི་ལག་ན་དམ་ཆོས་ཡོད།། དེ་དག་དག་པའི་ཆོས་ལ་གནས།། ཆོས་འདི་ལ་ནི་གནས་ནས་ཀྱང་།། དེ་དག་ཆོས་ཀྱི ་འཁོར་ལོ་བསྐོར།། གང་གིས་མདོ་སྡེ་འདི་བཟུང་བ།། དེ་དག་རྫོགས་པའི་བྱང་ཆུབ་ཉེ།། བསྐལ་པ་བསམ་ཡས་འཁོར་བ་ལས།། བདག་ཉིད་ཆེན་པོ་དེ་དག་སྤོང་།། གང་གི་ཚུལ་འདི་གཟུང ་བདག། དེ་དག་དཔའ་བོས་ནུས་པ་སྟེ།། བདུད་ཀྱི་སྡེན་མས་རབ་ཏུ་འཇོམས།། བརྩོན་འགྲུས་ཆེ་ཞིང་ཤེས་རབ་ཆེ།། མདོ་སྡེ་འདི་ལ་གང་དགའ་བ།། ང་ནི་བཟོད་ལ་གནས་པའི། ་ཚེ། མར་མེ་མཛད་ཀྱི་ལུང་བསྟན་ལྟར།། དེ་ཚེ་དེ་དག་ལུང་བསྟན་ཏོ།། མདོ་སྡེ་འདི་ནི་གང་སྨྲ་བ།། འདི་ནི་སངས་རྒྱས་སྐྱོབ་པ་ལ།། འཇིག་རྟེན་སྒྲོལ་བ་མ་ཐུང་ཚེ།། སངས་རྒྱས་མཛད་པ་བྱེད ་བར་འགྱུར།། ཡང་ཚིག་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་བཤད་པ་ན།། ལྷའི་བུ་ལྔ་སྟོང་བྱང་ཆུབ་ཏུ་སེམས་སྐྱེས།། བྱང་ཆུབ་སེམས་དཔའ་ཉེས་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེསོ།། ་དགེ་ཟུང་སྟེང་ལྷག་མམ་ཡིན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་བྲལ་ལ།། སྲོག་ཆགས་སུམ་ཚྭ་ཉིས་ཐཾང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པ་ད་ན། ་གོ། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་བདག་གིས་འཚལ་བ་ལྟར་ན། གང་བྱང་ཆུབ་ཀྱི ་ཕྱིར་སྨོན་པ་ནི་ལོག་པར་ལྟ་བ་ལ་སྨོན་ལག་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དམིགས་པ་ནི་ལོག་པ་ལགས་ཏེ། དེ་ལྟ་བས་ན་བྱང་ཆུབ་ལ་དམིགས་པར་བགྱིད་ཅིང་། དམིགས་པ ་ལ་སྨོན་པ་དེ་དགྲ་འབད་པ་ནི་ལོག་པ་ལགསོ།། དེ་ཅིའི་སླ་བུ་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ནི་འདོད་པའི་ཁམས་ལ་མི་གནས། གཟུགས་ཀྱི་ཁམས་ལ་མི་གནས། གཟུགས་མ ་མཆིས་པའི་ཁམས་ལ་མི་གནས་ཏེ། བཅོམ་ལྡན་འདས་བྱང་ཆུབ་ནི་མི་གནས་པས་དེ་ལ་སྨོན་པར་བགྱི་བ་མ་མཆིས་།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ། ་ཞིག་གིས་ན་མཁའ་ཐོབ་པར་འགྱིའོ་ཞེས་ན་མཁའ་ལ་སྨོན་ན་དེས་ན་མཁའ་ཐོབ་པར་འགྱུར་རམ། བཀའ་སྩལ་པ། འཇམདཔལ་དེ་མ་ཡིན་ནོ།། འཇམ་དཔལ་གྱིས་གསོལ་པ། ་བཅོམ་ལྡན་འདས་དེ་བཞིན་དུ་གང་བྱང་ཆུབ་ན་མཁའ་དང་མཚུངས་པ་ལ་སྨོན་པ་དེ་དག་ནི་ན་མཁའ་ལ་སྨོན་པ་ལགསོ།། བཅོམ་ལྡན་འདས་བྱང་ཆུབ་ནི་སྨོན་པ་མ་མཆིས་པ། དུས་གསུམ ་ལས་འདས་གཉེ་བར་མི་མཆེ་བ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དུ་ཤེས་གཉིསུ་བགྱིས་ནས་བྱང་ཆུབ་ཀྱང་གཞན་ལ། འཁོར་བ་ཡང་གཞན་ནོ།། བྱང་ཆུབ ་ཀྱང་གཞན་ལ་ལྟ་བར་གྱུར་པ་ཡང་གཞན་ནོ།། བྱང་ཆུབ་ཀྱང་གཞན་ལ། མྱ་ངན་ལས་འདས་པ་ཡང་གཞན་ནོ་ཞེས་སྨོན་པར་བགྱིད་ན། བྱང་ཆུབ་སེམས་དཔའ་དེ་དག་ནི་བྱང་ཆུབ་ལ་སྤྱད། ་པས་ལག་སོ།། དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་འཇམ་དཔལ་གཞོནུར་གྱུར་པ་ལ་འདི་སྐད་ཅེས་སྤྲའོ།། ཇམ་དཔའ་བྱང་ཆུབ་སེམས་དཔ་འཇི་ལྟར་སྤྱོད་ན་བྱང་ཆུབ་ལ ་སྤྱོད་པ་ཡིན། སྨྲས་པ་། ཚངས་པ་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་ལ་ཡང་སྤྱོད་ལ། ཆོས་གང་ལ་ཡང་མི་སྤྱོད་ན། བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ལ་སྤྱོད་དེ། ཚངས་པ་སྤྱད་པའི་ཡུལ་ལྔ ་འདས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཏུ་སྤྱོད་དོ།། སྨྲས་པ། འཇམ་དཔལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སྤྱད་པའི་ཡུལ་ལས་འདས་པ་ལ་སྤྱོད།། སྨྲས་པ་དམིགས་པའི་མཚན་མ་ཐམས་ཅད ་དང་བྲལ་ཞིང་། མི་དང་། རྣ་བ་དང་། སྣ་དང་། ལུས་དང་། ལྕེ་དང་། ཡིད་དང་བྲལ་བ་དེ་ལྟར་ན་སྤྱད་པའི་ཡུལ་ཐམས་ཅད་ལས་ཤིན་དཏུ་འདས་པ་ཡིན་ནོ།། སྨྲས་པ། འཇམ་དཔལ་ཡང་དག་པར་འདས་པ། ་ཞེས་བྱ་བ་ཅི་ལ་བསམས། སྦས་པ། མཉམ་པ་ཉི། ལས་མི་འདའོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་བྱང་ཆུབ་རྣམས་ཐམས་ཅད་ཀྱི་མཉམ་པ་ཉིད་དོ།། སྨྲས་པ། འཇམ་དཔལ་བྱང ་ཆུབ་སེམས་དཔས་ཇི་ལྟར་བྱང་ཆུབ་ཏུ་འཇུག་པར་བྱ། སྨྲས་པ། བྱང་ཆུབ་ཇི་ལྟ་བ་བཞིན་དུའོ།། སྨྲས་པ། བྱང་ཆུབ་ཇི་ལྟ་བུ་ཡིན། སྤྲོས་པ། ཚངས་པ་བྱང་ཆུབ་དེ་ནི་འདས་པ་ཡང་མ་ཡིན། ་མ་འོངས་པ་ལ་ཡང་མ་ཡིན། དེ་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་དུས་གསུམ་ཡོང་སུ་དག་པའི་རྣམ་པ་དང་། འཁོར་གསུམ་ཡོང་སུ་དག་པས་བྱང་ཆུབ་ཏུ་ཡང་དག་པར ་འཇུག་པར་བྱའོ།། འདས་པས་ཇི་ལྟ་བ་དང་། མ་འོངས་པ་ཇི་ལྟ་བ་དང་། ད་ལྟར་བྱུང་བ་ཇི་ལྟ་བ་དང་། མ་བྱུང་བ་ཇི་ལྟ་བ་དང་། མ་བྱུང་བ་གང་ཡིན་པ་དེ་ལ་རབ་ཏུ་དབྱེ་བ་མེད་དེ། གང་དེ་ལྟར་རབ་ཏུ་ཞུགས་པ ་དེ་གང་ལ་ཡང་ཞུགས་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་འཇུག་པ་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་འགྱུ་རོ།། སྨྲས་པ། འཇམ་དཔལ་ཅིའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤེས ་གྱ་སྨྲས་པ། ཐམས་ཅད་ཤེས་པར་གྱུར་པའི་ཡེ་ཤེས་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤེས་བྱའོ།། སྨྲས་པ། འཇམ་དཔལ་ཀུན་ཤེས་པ་གང་ཡིན། སྨྲས་པ། ཚངས་པ་ཀུན་ཤེས་པ་གང་ལ ་དངོས་པོ་མེད་ཅིང་། ཀུན་ཤེས་པ་ལ་ཀུན་ཤེས་པ་མེད་པ་དེ་ནི། ཀུན་ཤེས་པ་སྟེ། དངོས་པོ་ཇི་ལྟ་བ་དེ་བཞིན་དུ་དེའི་ཀུན་ཤེས་པ་ཡང་མེད་དོ།། སྨྲས་པ། ཅིའི་ཕྱིར་དངོས་པོ་མེད། སྨྲས་པ། དངོས་པོ ་ནི་མིང་གི་རང་བཞིན་གྱིས་དབེན་ཏེ། དེའི་མིང་དང་། དརང་བཞིན་དབེན་པ་ལ། དངངོ་པོ་ཡང་གཞན་མ་ཡིན། བྱང་ཆུབ་ཀྱང་གཞན་མ་ཡིན་ནོ།། གལ་ཏེ་དངོས་པོ་ཡང་གཞན་ལ་བྱང་ཆུབ ་གཞན་དུ་ཟིན་ན། འདི་ལ་བྱང་ཆུབ་ཇི་ལྟ་བར་དངོསཔོ་ཡང་དེ་བཞིན་ནོ།། དེ་བས་ན་འདི་ལ་སེམས་ཅན་ཡང་གུད་ན། མེད་ལ། དེ་རྣམ་པ་གཞན་དུ་ཡང་རྟོགས་པར་མི་འགྱུར་ཏེ། གཞན་དུ ་ན་བདག་གིས་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དང་བྱང་ཆུབ་ཀྱི་མཉམ་པ་ཉིད་ཀྱིས། བདག་གིས་མཉམ་པ་ཉིད་རིག་པར་བྱེད་དེ། དེ་ལྟར་ན་བྱང་ཆུབ་རྟོགས་པར་འགྱུར་ཏེ། གཞན་དུ ་མ་ཡིན་པས། དེའི་ཕྱིར་དེ་ལ་གཞན་དུ་འགྱུར་བ་མེད་དོ།། བདག་ནི་རྟག་ཏུ་བདག་མེད་པ་ཡིན་ཏེ། དེའི་ཕྱིར་དེ་ལ་རྣམ་པ་གཞན་དུ་འགྱུར་བ་མེད་དོ།། ཇི་ལྟར་ན་ན་མཁའ་ལ་རྣམ་པ་གཞན་དུ་འགྱུར ་བ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་གཞན་དུ་འགྱུར་བ་མེད་དོ།། དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲ་སོ།། འདི་ལྟར་ཆོས་འདི་དག ་། རབ་ཏུ་ཕྱེ་བ་ལས་ན།། དེ་བཞིན་གཤེགས་པ་ནི་བདེན་པར་གསུངས་པའོ།། སྨྲས་པ། ཚངས་པ་དེ་བཞིན་གཤེགས་པས་ནི་ཆོས་གང་ཡང་རབ་ཏུ་མ་ཕྱེའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན། ་གཤེགས་པས་ཆོས་ཉིད་ཀྱང་མ་དམིགས་ན། གང་རབ་ཏུ་དབྱེ་བ་ལྟ་ཅི་སྨོས། སྨྲས་པ། འཇམ་དཔལ་ཇི་ལྟར་དེ་བཞིན་གཤེགས་པས་ཆོས་འདི་དག་ནི་འདུས་བྱའོ།། ཆོས་འདི་དག་ནི་འདུས་མ་བྱས་སོ།། ་ཆོས་འདི་དག་ནི་འཇིག་རྟེན་པའོ།། ཆོས་འདི་དག་ནི་འཇིག་རྟེན་ལས་འདས་པའོ།། ཞེས་ཆོས་རྣམས་རྣམ་པར་མི་མཁྱེན་ཏམ། སྦས། ཚངས་པ་འདི་ཇི་སྙམ་དུ་སེམས། སུས་ཀྱང་རྣམ་པར་འདི་རབ་ཏུ་ཕྱེ ་འམ། ཤེས་པར་གྱུར་པ་ཡོད་དམ། སྨྲས་པ། འཇམ་དཔལ་དེ་མ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ། གང་ན་མཁའ་ཞེས་བྱ་བ་དེ་སྐྱེ་བ་འམ། འགག་པར་འགྱུར་རམ། སྨྲས་པ། དེ་མ་ཡིན།། སྨྲས་པ། ཚངས། ་བ་དེ་བཞིན་དུ་ཆོས་གང་ཡང་རུང་བའི་རྣམ་པར་རིག་པར་བྱེད་པ་དེ་ཡང་ན་མཁའི་རྣམ་པར་རིག་པར་བྱེད་པའོ།། ཆོས་ནི་སྐྱེ་བ། འམ། འགག་པར་མི་འགྱུར་ཏེ། ཆོས་ཐམས་ཅད ་ཀྱི་རྣམ་པར་རིག་པར་བྱེད་པ་ནི། རྣམ་པར་རིག་པར་བྱེད་པ་མེད་པའོ།། ཆོས་དེས་གང་ཀུན་ཤེས་པར་བྱས་པས་དེ་དག་ཀྱང་གཞན་དུ་མི་འགྱུར་བས་ན། རྣམ་པར་རིག་པར་བྱེད་པ་མེད་པས་ཀུན ་སོ། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་རྣམ་པར་རིག་པར་བྱེད་པ་དེ་ཅི་འདྲ་བ་དེ་བཞིན་དུ་དེའི་ཀུན་ཤེས་པ་ཡང་དེ་འདྲ་སྟེ། དེ་ཅིའི་ཕྱིར་ཆོས་ཐམས་ཅད་དེ་བཞིན་ཉིད་ལས་གནས་ཤེས་བྱ་སྟེ། དེ་བཞིན་ཉིད་ནི ་མི་གནས་པའོ།། དེ་ནས་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་འཁོར་དེ་ཉིད་དུ་ཚོགས་ནས་འདུག་པར་འགྱུར་ཏེ། དེ་དག་ལྷའི་མེ་ཏོཿ ་ངག་གིས་དེ་བཞིན་གཤེགས་པ་ལ་གཏོར་ནས་ཚིག་འདི་སྐད་འཛེར་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་འཇམ་དཔལ་གཞོ་ནུར་གྱུར་པས་བསྟན་པ་འདི་ལ་མོས་པ་དེ་དག་ནི་བདུད་དང་། ་ཕྱིར་རྒོལ་བ་བཅོམ་པ་ལག་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འཇམ་དཔལ་གནོ་ནུར་གྱུར་པས་བསྟན་པ་ནི་འདུ་ཤེས་ཐད་དང་བྲལ་བ་ལགས་ཏེ། གང་ཆོས་ཟབ་མོ་བསྟན་པ་འདི་ལ་མི་སྐྲག་མི་དང ་ཞིང་ཤིན་ཏུ་དངང་བར་མི་འགྱུར་བའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི། དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལག་སོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིས་ཕྱོགས་གང་དུ་བྱུང་བ། ་དེ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་ལག་སོ།། གང་དུ་ཆོས་ཀྱི་ཚྭ་རལ་ཟབ་མོ་འདི་ཐོས་པར་འགྱུར་བའི་ས་ཕྱོགས་དེ་དག་དེ་བཞིན་གཤེ་གུས་པས་ཡོངསུ་ལོང་སྤྱོད་པའོ།། གྲོང་དང་གྲོང་ཁྱེར་དང་ཁྲོད ་རྡལ་དང་། ལྗོངས་དང་། གཙུག་ལག་ཁང་ངམ་འཆགས་གང་དུ་ཆོས་ཀྱི་རྣམ་གྲངས་འདི་བྱུང་བ་དེར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བལྟའོ།། དེར་བདུད་རྣམས་རྒྱུ་བ་མ་མཆིས་། དམིགས ་པ་ལ་མངོན་པར་ཆགས་པ་རྣམས་ཀྱི་རྒྱུ་བ་མ་མཆིས་ཏེ། བཅོམ་ལྡན་འདས་སེམས་ཅན་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བགྱི་བ་བགྱིས་པ་རྣམས་ཀྱི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ ་འགྱུ་རོ།། བཅོམ་ལྡན་འདས་འདི་ལྟར་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཆོས་ཀྱི་སྣང་བ་ཐོབ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ་ཚངས་པ་འདི་ལ་བདག་ཅག་གིས་རང་གི་ཤ་དང་། ཁྲག་གིས་ཀྱང་ལན་མི་ལྡོན་ནོ།། བཅོམ་ལྡནས་གང་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་བའི་ཆོས་སྨྲ་བ་དེ་ལ་བདག་ཅག་སྟོན་པར ་འདུ་ཤེས་བསྐྱེད་པར་བགྱིའོ།། བཅོམ་ལྡན་འདས་ཆོས་སྨྲ་བ་དེའི་དྲུང་དུ་བདག་ཅག་རྟག་ཏུ་རྒྱུན་མི་འཆད་པར་མཆི་སྟེ། རིགས་ཀྱི་བུ་དེ་ལྟ་དག་གིས་ཡོངསུ་བཟུང་བར་འགྱུརརོ།། ཆོས ་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་འམ། ཀློག་གམ། སྟོན་ཏམ། ཁ་ཏོན་བྱེད་ན། ལྷའི་བུ་བརྒྱ་སྟོང་ཕྲག་དུ་མ་ཆོས་ཉན་དུ་མཆིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ ་བྱིན་དང་། ཚངས་པ་མི་མཇེད་ཀྱི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལེགསོ་ལེག་སོ།། སྐྱེས་བུ་དམ་པ་ཁྱེད་ཇི་སྐད་ཟེར་བ་དེ་དེ་བཞིན་ནོ།། གྲོགས་པོ་དག་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱི་ཡོངསུ་བཀང་བའི་ཆ་གཅིག་བཞག་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་དགེ་བའི་རྩ་བའི་ཆ་གཅིག་བཞག་པ་དང་། དེ་གཉིས་ནི་གང་འདི་ཆོས ་ཀྱི་རྣམ་གྲངས་ཉན་པའི་དགེ་བའི་རྩ་བའི་འདི་མཆོག་གོ།། སྟོང་ག་སུ། གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྟ་ཞོག་གི།། གལ་ཏེ།། ཆུ་བོ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁས ་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངསུ་བཀང་བའི་ཆ་གཅིག་བཞག་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་དགེ་བའི་རྩ་བའི་ཆ་གཅིག་བཞག་པ་དང་། དེ་གཉིས་ནི་གང་འདི་ཆོས་ཀྱི་རྣམ་གྲངས་འདི ་ཉན་པོའི་དགེ་བའི་རྩ་བའི་ཆ་འདི་མཆོག། གྲོགས་པོ་དག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བསོད་ནམས་འདོད་པས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱའོ།། རྙེད་པ་འདོད་པ་དང་། ཆོས་འདོད ་བུ་དང་། གཟུགས་འདོད་པ་དང་། ཁོང་སྤྱོད་འདོད་པ་དང་། གཡོག་འདོད་པ་དང་། ཆོས་ཀྱི་དབང་ཕྱུག་འདོད་པ་དང་། ལྷའི་ཕུན་སུམ་ཚོགས་པ་འདོད་པ་དང་། མིའི་ཕུན་སུམ་ཚོགས་པ་འདོད་པ་དང་། གྲགས ་བ་འདོད་པ་དང་། བརྗོད་པ་འདོད་པ་དང་། ཐོས་པ་འདོད་པ་དང་། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། བརྟན་པ་དང་། ཤེས་རབ་འདོད་པ་དང་། སྤོབས་པ་འདོད་པ་དང་། གཟུངས་འདོད་པ་དང་། དགེ་བའི ་བཤེས་གཉེན་རྙེད་པར་འདོད་པ་དང་། མངོན་པར་ཤེས་པ་དང་། རིག་པ་དང་། ཡེ་ཤེས་འདོད་པ་དང་། བྱང་ཆུབ་འདོད་པ་དང་། དགེ་བའི་ཆོས་ཐམས་ཅད་འདོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་འདོད་པ་དང ་ཆོ་ག་འདོད་པ་དང་། སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་བྱ་བར་འདོད་པ་དང་། མྱ་ངན་ལས་འདས་པ་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ། མོས་པར ་བྱ་གཟུང་བར་བྱ། ཀུན་ཆུབ་པར་བྱ།། བཅང་བར་བྱ། ཀླག་པར་བྱ། གཞན་ལའང་རྒྱ་ཆེར་རབ་ཏུ་བསྟན་པར་བྱའོ།། གྲོགས་པོ་དག་ཆོས་ཀྱི་རྣམ་གྲངས་འདི་ཆུང་ངུ་ན་མཉན་པ་ཙམ་གྱིས ་ཀྱང་། གང་དེས་ཡོངསུ་མ་གཟུང་བར་གྱུར་པའི་ཕུན་སུམ་ཚོགས་པ་དེ་ངས་མ་མཐོང་།། གྲོགས་པོ་དག་མོས་པར་བྱ། གོ་བར་བྱ་སྟེ། སློབ་དཔོན་ནམ་མཁན་པོ་གང་ལས་ཆོས་ཀྱི་རྣམ་གྲངས་འདི་མཉན་ཏམ ་གཟུང་ན་འཇིག་རྟེན་གྱི་ཟང་ཟིང་གང་གིས་དེ་ལ་ལན་གླན་པར་སླ་བ་དེ་ལྟ་བུ་ངས་མ་མཐོང་ངོ་།། དེ་ཅིའི་ཕྱིར་ནེ་ན། འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཏེ། འཇིག་རྟེན་གྱི་ཟང་ཟིང་གིས་དེ་སྦྱང་བར་སྲབ་མ་ཡིན།། ཆོས་འདི་ནི ་འཇིག་རྟེན་གྱིས་མགོས་པ་སྟེ། འཇིག་རྟེན་གྱི་ཟང་ཟིང་གིས་སྦྱང་བར་སླ་བ་མ་ཡིནོ།། ཆོས་འདི་ནི་ཟང་ཟིང་མེད་པ་དེ། འཇིག་རྟེན་གྱི་ཟང་ཟིང་གིས་སྦྱང་བར་སླ་བ་མ་ཡིནོ།། ཆོས་ཀྱི་རྣམ་གྲངས་འདི་ལ་ལན་གླན་པའི ་ཆོས་ཀྱི་ནན་ཏན་མ་གཏོགས་པར་གཞན་མེད། ལོག་པའི་ནན་ཏན་གྱིས་མ་ཡི་ནོ།། གང་འདི་ལ་ཞུགས་པ་དག་གིས་མཁན་པོ་དང་། སློབ་དཔོན་ལ་གུས་པར་བྱའོ།། དེ་དག་གིས་ལན་གླན་པ་དག་པར་བྱའོ།། དེ་དང་དེ་དག ་ནི་བུ་ལོན་མེད་པར་ཡུལ་འཁོར་གྱི་བསོད་སྙོམས་ཟའོ།། དེ་དང་དེ་དག་ནི་དེ་བཞིན་གཤེགས་པའི་ཚིག་ལ་ནན་ཏན་དུ་བྱེད་པའོ།། དེ་དང་དེ་དག་ནི་ཆུ་བོ་ལས་རྒལ་བའོ།། དེ་དང་དེ་དག་ནི་དགོན་པ། ་ཁས་ཤིན་ཏུ་རྒལ་བའོ།། དེ་དང་དེ་དག་ནི་གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བའོ།། དེ་དང་དེ་དག་ནི་དཔྲའོ་གཡུལ་ལས་རྣམ་པར་རྒྱལ་བའོ།། དེ་དང་དེ་དག་ནི་སེང་གེ་ལྟར་འཇིགས་ཤིང་སྐྲག་པ་དང་བྲལ་བའོ།། དེ་དང ་དེ་དག་ནི་བལ་གླང་ལྟར་ཅང་ཤེས་པའོ།། དེ་དང་དེ་དག་ནི་གླང་པོ་ཆེ་ལྟར་སེམས་རབ་ཏུ་ཞི་བའོ།། དེ་དང་དེ་དག་ནི་ཁྱུ་མཆོག་ལྟར་ཕ་རོལ་རྒོལ་བ་ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་པའོ།། དེ་དང་དེ་དག་ནི་སྨན་པ་སྟེ། སེན ་ཐམས་ཅད་ནད་ཐམས་ཅད་ལས་ཐར་པར་བྱེད་པའོ།། དེ་དང་དེ་དག་ནི་ཆོས་ཟབ་མོ་བསྟན་པ་ལ་མི་དངང་བའོ།། དེ་དང་དེ་དག་ནི་སྦྱིན་པ་ཕུན་སུམ་ཆོས་ཤིང་ཉོན་མོངས་པ་ཐཾད་ཡོང་སུ་གཏོང་བའོ།། དེ་དང་དེ་དག་ནི་ཚུལ་ཁྲིམས ་ཡོང་སུ་དག་ཅིང་ཞི་བ་དང་ཞི་གནས་དམ་པའི་ཕ་རོལ་ཏུ་ཕྱིན་པའོ།། དེ་དང་དེ་དག་ནི་བཟོད་པའི་སྟོབས་དང་ལྡན་ནིང་ངར་འཛིན་པ་དང་། ཡིར་འཛིན་པ་དང་བྲལ་བའོ།། དེ་དང་དེ་དག་ནི་བརྩོན་འགྲུས ་ཆེ་ཞིང་བསྐལ་པ་གྲངས་མེད་པར་ཚོགས་མུ་མེད་པའི་མཐར་གཏུགས་པའོ།། དེ་དང་དེ་དག་ནི་བསམ་གཏན་ཕུན་སུམ་ཚོགས་ཤིང་དྲན་པ་དང་ལྡན་ཞིང་སེམས་རྩེ་གཅིག་པའོ།། དེ་དང་དེ་དག་ནི་ཤེས་རབ་ཆེན་པོ།། ་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བའི་ཡེ་ཤེས་སྟོན་པ་ལ་མཁས་པའོ།། དེ་དང་དེ་དག་ནི་བསོད་ནམས་ཆེན་པོ་སྟེ་བསོད་ནམས་བརྒྱ་པའི་མཚན་གྱིས་ལེགས་པར་བརྒྱན་པའོ།། དེ་དང་དེ་དག་ནི་གཟི་བརྗིད་ཆེན་པོ ་སྟེ། ཉི་མ་དང་། ཟླ་བ་ཟིལ་གྱིས་གནོན་པར་བྱེད་པ་ཐོབ་པའོ།། དེ་དང་དེ་དག་ནི་མཐུ་ཆེན་པོ་ཐོབ་ཅིང་སྟོབས་བཅུའི་ཤུགས་འཛིན་པའོ།། དེ་དང་དེ་དག་ནི་སྤྲིན་ཆེན་བལྟར་ཆོས་མངོན་པར་སྒྲོག་པའོ།། དེ་དང་དེ་དག་ནི་ཆོས ་ཀྱི་ཆར་ཆེར་པོ་རབ་ཏུ་འབེབས་གཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ།། དེ་དང་དེ་དག་ནི་གནས་ཏེ་མྱ་ངན་པས་འདས་པའི་གྲོང་དུ་ཞུགས་པའོ།། དང་དེ་དག་ནི་འཁོར་བའི་འཇིགས་པས་གཙེས་པ་རྣམས་ཀྱི ་མགོན་ནོ།། དེ་དང་དེ་དག་ནི་སྒྲོན་མ་སྟེ། མུན་པ་མུན་ནག་དང་བྲལ་བའོ།། དེ་དང་དེ་དག་ནི་བདུད་ཀྱིས་སྐྲག་པ་རྣམས་ཀྱི་སྐྱབ་སོ།། དེ་དང་དེ་དག་ནི་སེམས་ཅན་ཐ~ཾད་ཀྱི་རྟེན་ཏོ།། དེ་དང་དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་དབང ་བསྐུར་བའོ།། དེ་དང་དེ་དག་གིས་ཆོས་ཀྱི་མིག་ཐོབ།། དེ་དག་གིས་ཆོས་ཀྱི་དེ་བཞིན་ཉིད་མཐོང་།། དེ་དག་གིས་ཆོས་ཐམས་ཅད་སྟོང་པར་ཤེསོ།། དེ་དག་ནི་སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པའོ།། དེ་དགུ་ནི་བྱམས་པ ་ཆེན་པོ་ལ་ཡང་དག་པར་ཞུགས་པའོ།། དེ་དག་ནི་སེམས་ཅན་ཐམ་ངས་ཅད་མི་གཏོང་བའོ།། དེ་དག་ནི་ཐེག་པ་དམན་པ་ལ་རྒྱབ་ཀྱིས་ཧ་ལྟས་པའོ།། དེ་དག་ནི་ཐེག་པ་ཆེན་པོ་ལ་མངོན་དུ་ཕྱོགས ་དེ་དག་གིས་ཕྱིན་ཅི་ལོག་སྤང་པོ།། དེ་དག་ནི་མཉམ་པ་ཉིད་ལ་ཉེ་བའོ།། དེ་དག་ནི་བྱང་ཆུབ་སེམས་དཔའི་ངེས་པ་ལ་ཞུགས་པའོ།། དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པའོ།། དེ་དག་གིས་བདུད ་ཀྱི་སྡེ་རྣམས་བརྟུའོ།། དེ་དག་གིས་ཐཾད་མཁྱེན་པ་ཉིད་ཁོང་དུ་ཆུད་དོ།། དེ་དག་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འགྱུར་རོ།། དེ་དག་ནི་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུརོ།། གྲོགས་པོ་དག་གྲང་ཆོས་འ ་ལ་ནན་ཏན་དུ་བྱེད་པའི་སྐྱེས་བུ་དམ་པ་དེ་དག་གི་བསྔགས་པ་ངས་བསྐལ་པ་འམ། བསྐལ་པ་ལས་འདས་པར་བཤད་ཀྱང་ཆོས་འདི་ལ་ནན་ཏན་བྱེད་པའི་སྐྱེས་བུ་དམ་པ་དེ་དག་གིས་བསྔགས་པའི་མ ་བྱིན་ཏེ། དེ་བཞིན་གཤེགས་པ་ལྟར་སྤོབས་པ་ཕུན་སུམ་ཚོགས་པར་འགྱུ་རོ།། དེ་ནས་འཁོར་དེ་ཉིད་དུ་ལྷའི་བུ་ཕྱིར་མི་ལྡོག་པ་ཞེས་བྱ་བ་འདུས་པར་གྱུར་ཏེ། འདུའོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ། ་ཕྱིར་མི་ལྡོག་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་ནན་ཏན་ཞེས་བགྱི་བ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཆོས་ཀྱི་ནན་ཏན་ཞེས་བགྱི། བཅོམ་ལྡན་འདས་ཀྱིས ་སྩལ་པ། ལྷའི་བུ་ཆོས་ཀྱི་ནན་ཏན་ཞེས་བྱ་བ་ནི། གང་ཆོས་ཐམས་ཅད་ལ་ནན་ཏན་མེད་པ་འདི་ནི་ཆོས་ཀྱི་ནན་ཏ་ནོ།། དེ་ཅིའི་ཕྱིར་ཞེ་ན། གང་ཆོས་རྣམས་ལ་ནན་ཏན་དུ་མི་བྱེད། དེ་ཆོས་ཐམས་ཅད་མི་བྱེད། རྣམ་པར ་བྱེད།། གང་མི་བྱེད་རྣམ་པར་མི་བྱེད་པ་འདིན་ཆོས་ཀྱི་ནན་ཏན།། གང་དག་པ་ལ་ཡང་མི་འཇུག་མི་དགེ་བ་ལ་ཡང་མ་འཇུག་པ་འདི་ནི་ཆོས་ཀྱི་ནན་ཏོནོ།། དེ་བཞིན་དུ་བསྡུས་ཏེ་འཇིག་རྟེན་པ་ལ་མ་ཡིས ་རྟེན་ལས་འདས་པ་ལ་མ་ཡིན། ཟག་པ་དང་བཅས་པ་དེ་ལ་མ་ཡིན། ཟག་པ་མེད་པ་ལ་མ་ཡིན། ཁ་ན་མ་ཐོ་བ་དང་བྲ་ལ་མ་ཡི་ན། ཁ་ན་མ་ཐོ་བ་མེད་པ་ལ་མ་ཡིན། འདུས་བྱས་ལ་མ་ཡིན། འདུས་མ ་བྱས་ལ་མ་ཡིན། འཁོར་བ་ལ་མ་ཡིན། མྱ་ངན་ལས། འདས་པ་ལ་མི་འཇུག་པ་འདི་ནི་ཆོས་ཀྱི་ནན་ཏན་ཞེས་བྱ་སྟེ། ཆོས་ཐམས་ཅད་ལ་ནན་ཏན་དུ་བྱ་བ་མེད་པ་འདི་ནི་ཆོས་ཀྱི་ནན་ཏན ་སུ་འདུ་ཤེས་པ་ལ་ཆོས་ཀྱི་ནན་ཏན་མེད་དེ་ཆོས་འདི་ལ་ནན་ཏན་བྱའོ།། ཞེས་སྤྲོ་བར་བྱེད། ནན་ཏན་མི་བྱའོ་ཞེས་སྤྲོ་བར་བྱེད་ནམ་ཞུགས་པའོ།། ཆོས་ཐམས་ཅད་ཀྱི་རྗེ་སུ་ཞུགས་པའི་ནན་ཏན་འདི་ནི་ཆོས ་ཀྱི་ནན་ཏནོ།། སྨོས་པ་མེད་པས་གཉེན་པོ་མེད་པ་ནི། ཆོས་ཀྱི་ནན་ཏན་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཕྱིར་མི་ལྡོག་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་ཡང་དག ་བའི་ནན་ཏན་འདི་ལ་ཞུགས་པ་དང་འཇུག་པར་འགྱུར་བ་དེ་དག་ལ་ཤིན་ཏུ་ལོག་པའི་ནན་ཏན་མ་མཆིསོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤིན་ཏུ་ཡང་དག་པའི་ནན་ཏན་འདི་ལགས་ཏེ། ལོག ་པའི་ལམ་དུ་ཞུགས་པ་རྣམས་ནི་ནན་ཏན་གང་ཡང་མ་མཆིསོ།། ཡང་དག་པའི་ལམ་ལ་གནས་པ་རྣམས་ལ་ཆོས་ཀྱི་ནན་ཏན་མ་མཆིསོ།། ཡང་དག་པར་ཞུགས་པ་རྣམས་ལ་ནི་མི་མཉམ་པའི་ཆོས་གང་ཡང་མ་མནི ་སོ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མཉམ་པ་ཁྱད་པར་མ་མཆིས་པའོ།། དེ་ནས་ཚངས་པ་བྱེད་པར་སེམས་ཀྱིས། ལྷའི་བུ་དེ་ལ་འདི་སྐད་ཅེས་སྨྲ་སོ།། ལྷའི་བུ་ཁྱོད་ནན་ཏན་འདི་ལ་ཞུགས ་སམ་ཚངས་པ་གལ་ཏེ་བཅོམ་ལྡན་འདས་ཀྱིས་ནན་ཏན་ལ་གཉིསུ་བཤད་པར་གྱུར་ན། བདག་ཀྱང་ནན་ཏན་འདི་ལ་ནན་ཏན་དུ་བྱེད།། ནན་ཏན་འདི་ནི་གཉི་སུ་མེད་པ་སྟེ། དེ་ལ་གང་ནན་ཏན་བྱེད་པ་དང་། གང ་ལ་ནན་ཏན་བྱེད་པ་དེ་ཡང་མེདདོ།། གང་ཡང་ནན་ཏན་དུ་བྱེད་པ་དེ་མེད། འོན་ཀྱང་ཚངས་པ་བདག་ནི་ལྷག་པར་མི་བྱེད་པ་དང་། སྒྲོ་མི་འདོགས་པའི་ཕྱིར་ནན་ཏན་འདི་ལ་ཞུག་སོ།། ཆོས་ཉིད་ཇི་ལྟ་བར་ཆོས་ཀྱི ་ནན་ཏན་ཡང་དེ་བཞིན་ཏེ། དེ་ནི་དེ་བཞིན་ཉིད་ལ་དེ་ལྟར་ཞུགས་ན་ཞུགས་པ་ཞེས་བྱའོ།། ཚངས་པས་སྨྲས་པ། ལྷའི་བུ་ཁྱོདསངས་རྒྱས་ཀྱི་ཞིང་འདི་ན་སྔོན་ངས་མ་མཐོང་ངོ་།། སྨྲས་པ། ཚངས་པ ་སངས་རྒྱས་ཀྱི་ཞིང་འདིས་ཀྱང་སྔོན་བདག་མ་མཐོང་ངོ་།། སྨྲས་གསངས་རྒྱས་ཀྱི་ཞིང་འདི་ནི་བལྟའོ་ཞེ་འམ། མི་བལྟའོ་ཞེས་རྟོག་པ་འམ་རྣམ་པར་རྟོག་པ་མེདདོ།། སྨྲས་པ། ཚངས་པ་བདག་སྔོན ་མཐོང་ངོ་ཞེ་འམ། སྔོན་མ་མཐོང་ངོ་ཞེས་བདག་ཀྱང་མི་རྟོག་གོ།། སྨྲས་པ། ལྷའི་བུ་སྔོན་མ་མཐོང་བ་མཐོང་བ་སུ།། སྨྲས་པ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་འཕགས་པའི་ངེས་པར་འཇུག་པ་སྔོན་མ ་མཐོང་འཚངས་པ་ནམ་ཡང་དག་པར་ངེས་པར་ཞུགས་པ་དེ་ན། སྔོན་མ་མཐོང་བ་མཐོང་།། ངེས་པ་དེ་ནི་མིག་གི་རྣམ་པར་ཤེས་པ་མ་ཡིན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམ་པར་ཤེས་པས ་ཤེས་པར་བྱ་བ་མ་ཡིན་ཏེ། དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བལྟ་བར་བྱའོ།། མིག་གི་དེ་བཞིན་ཉིད་ཇི་ལྟ་བ་དང་རྣ་བའི་དེ་བཞིན་ཉིད་ཇི་ལྟ་བ་དང་། སྣའི་དེ་བཞིན་ཉིད་ཇི་ལྟ་བ་དང་། ལྕེའི་དེ་བཞིན་ཉིད་ཇི་ལ། ་བ་དང་། ལུས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དང་། ཡིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྟ་སྟེ། གང་དེ་ལྟར་མཐོང་བ་དེ་དག་ནི་ཡང་དག་པར་མཐོང་བའོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན ་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེད་དཔོན་ནུར་བུ་རིན་པོ་ཆེའི་གླིང་དུ་ཕྱིན་པའི་མིག་སྔར་ནི་ནོར་བུ་རིན་པོ་ཆེ་འབའ་ཤིག་གདའོ།། དེ་བཞིན་དུ་བཅོམ་ལྡན་འདས་སྐྱེས་བུ ་དམ་པ་བསམ་གྱིས་མི་ཁྱབ་པའི་ཆོས་རིན་པོ་ཆེ་དང་ལྡན་པ་རྣམས་ཅི་དང་ཅི་སྤོབས་པ་དེ་དག་གིས་དེ་ཐམས་ཅད་ཚེ། དས་རིན་པོ་ཆེ་ཉི་དུ་སྤོབ་སོ།། དེ་ཉིད་ཡང་དག་པའི ་མཐའ་ཡོངསུ་གསལ་བར་བགྱིད་པ་སྤོབ་སོ།། འདི་ལྟར་དེ་དག་ལ་བང་ག་ཏུ་མངོན་པར་ཆགས་པ་མ་མཆིས། ཆོ་སུ་མངོན་པར་ཆགས་པ་མ་མཆིས། སེམས་ཅན་དུ་མངོན་པར་ཆགས་པ་མ་མཆིས་ཀྱི། ་སླདུའོ།། དེའི་སླད་དུ་ཇི་ལྟར་མ་ལོག་པ་དང་། ཕྱིན་ཅི་ལོག་པར་སྤོབས་པ་དེ་དེ་ལྟར་སློབ་སོ།། ཇི་ལྟར་སྔོན་གྱི་མཐའ་ཡང་སྦྱོང་བ་དང་། ཕྱི་མིའི་མཐའ་ཡང་མི་དམིགས་པ་དང་ད་ལྟར་བྱུང་བ་ལ་ཡང་དེ་ལྟར་མ་མཆིས་པ་དེ ་ལྟར་སྤོབ་སོ།། ཇི་ལྟར་མ་མོས་པ་རྣམས་ཀྱང་མོས་པར་བགྱིད་ལ། མོས་པ་རྣམས་ཀྱང་རྣམ་པར་འགྲོལ་བ་དེ་དེ་ལྟར་སློབ་སོ།། མངོན་པར་ང་རྒྱལ་ཅན་རྣམས་ཀྱང་ཚར་གཅོད་པར་འགྱུར་ཡང་རྒྱལ་མ་མཆིས་པར་ཀུན་འཚལ། ་བ་ལན་ལྗོན་པ་དེ་ལྟར་སྤོབ་སོ། ང་ལྟར་བདུད་ཀྱིས་གླགས་མི་རྙེད་པ་དེ་ལྟར་སྤོབསོ།། གང་དེ་ལྟར་ཉན་པ་དེ་དག་ཀྱང་བདུད་ཀྱི་ལས་ལས་འདས་པར་འགྱུར།། ཇི་ལྟར་དགེ་བའི་རྩ་བ་མ་སྐྱེས་པ་རྣམས་སྐྱེས་པ་དང་། དགེ་བའི་ཅུ་སྐྱེ ་བ་རྣམས་ཆབ་མི་འཚལ་བ་དང་། ཉོན་མོངས་པ་སྐྱེས་པ་རྣམས་སྤོང་བ་དང་། མ་སྐྱེས་པ་རྣམས་མི་སྐྱེད་པ་དེ་ལྟར་སློབ་སོ།། ཇི་ལྟར་བྱང་ཆུབ་སེམས་དཔའ་གོ་ཆ་བགོས་པ་རྣམས་གོ་ཆ་འཚལ་བ་དང་། གོ་ཆ་བགྲོས་པ་རྣམས་མི་ལྡོག། ་པར་འགྱུར་བ་དེ་ལྟར་སློབ་སོ།། ཇི་ལྟར་དམ་པའི་ཆོས་མི་ཆད་ཅིང་དམ་པའི་ཆོས་ཡོངསུ་གཟུང་བར་བགྱིད་པ་དེ་ལྟར་སློབས།། ཇི་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོང་སུ་རྫོགས་པར་འགྱུར་བ་དེ་ལྟར་སློབ་སོ།། བཅོམ་ལྡན ་འདས་དེ་ལྟ་བུའི་སྤོབས་པས་ནི་མུ་སྟེགས་ཅན་གྱི་གནས་ཐམས་ཅད་གཞོན་པར་ནུསོ།། དེ་ཅིའི་སླདུ་ཞེ་ན། བཅོམ་ལྡན་འདས་ཝ་ནི་སེང་གེའི་སྒྲ་བཟོད་པར་ཡང་མི་ནུས་ན། རབ་ཏུ་སྒྲོག་པར་ལྟ་ག་ལ་ནུས་ཏེ། བཅོམ་ལྡན་འདས ་དེ་བཞིན་དུ་ཕ་རོལ་རྒོལ་པ་ཐམས་ཅད་ཀྱིས་བླ་ན་མེད་པའི་སེང་གེའི་སྒྲ་བཟོད་པར་མི་ནུའོ།། དེ་ནས་ལྷའི་བུ་ཕྱིར་མི་ལྡོག་པས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲ་སོ།། ཀོའུ་ཤི་ཀ་སེང་གེར་སྒྲ་སེང་གེའི་སྒྲ་ཞེས་བྱ། ་བཇི་ཙམ་གྱིས་ན་སེང་གེའི་སྒྲ་ཞེས་གྱ་སྨྲས་པ། ལྷའི་བུ་ཆོས་གང་ལ་ཡང་མངོན་པར་མ་ཆགས་པར་བརྗོད་པ་དེ་དག་གིས་སེང་གེའི་སྒྲ་ཡིནོ།། གང་དེ་ལྟ་བུ་ལ་མངོན་པར་ཆགས་པར་བརྗོད་པ་དེ་དག ་གི་སེང་གེའི་སྒྲ་མ་ཡིན་ཏེ། ཝའི་སྒྲའོ།། གང་ལྟ་བ་ཀུན་ཏུ་སྤོང་བ་སྟོན་པ་དེ་དག་ལ་སེང་གེའི་སྒྲ་མེད།། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། ལྷ་ཅི་ཁྱོད་སེང་གེའི་སྒྲ་ཇི་ལྟ་བུ་ཡིན་པ་སྤོབས་པར་གྱིས་ཤིག་སྨྲས་པ ་ཀོའུ་ཤི་ཀ་གང་དེ་བཞིན་གཤེགས་པ་ལ་ཡང་མངོན་པར་མ་ཆགས་པར་སྟོན་ན། ཆོས་ངན་པ་གཞན་ལྟ་ཅི་སྨོས་ཏེ། དེའི་ཕྱིར་སེང་གེའི་སྒྲ་ཞེས་བྱའོ།། ཡང་དག་པའི་དོན་ནི་སེང་གེའི་སྒྲ་སྟེ། དེའི་ཕྱིར་སེང་གེའི་སྐུ ་ཞེས་བྱའོ།། འདི་ནི་མགོ་གཅིག་ཏུ་བསྟན་པའི་ཡིན་ཏེ། དེའི་ཕྱིར་སེང་གེའི་སྒྲ་ཞེས་བྱའོ།། འདི་ནི་མི་སྐྲག་པར་བསྟན་པ་སྟེ། དེའི་ཕྱིར་སེང་གེའི་སྒྲ་ཞེས་བྱའོ།། ཀོའུ་ཤི་ཀ་གང་ཆོས་ཐམས་ཅད་མི་སྐྱེ་བ་དང་། མི་འགོག ་དང་མམས་པར་རྣམ་པ་འབྱ་ཆོམ་ཐུན་པ་དག་གསང་གོ་ཡིནཏེ། ག་སུནམ་ཉནམས་པ་དང་། མ་པར་བྱུང་བ་དང་། ཀུས་སྤྱོར་དང་བྲལ་བ་བྱར་ཆོས་སྟོང་། ་དེ་དག་ལ་སེང་གེའི་སྒྲ་མེདོ།། ཀོའུ་ཤི་ཀ་སེང་གེའི་སྒྲ་ཞེས་བྱ་བ་ནི་འདི་ལྟ་སྟེ། མགོ་གཅིག་ཏུ་བསྟན་པ་ཆོས་ཐམས་ཅད་གང་ཟག་མེད་པ་བདག་མེད་པ་ཡིན།། ཀོའུ་ཤི་ཀ་སེང་གེའི་སྒྲ་སེང་གེའི་སྒྲ་ཞེས་བྱ་བ་ནི། ་འདི་ལྟ་སྟེ་། མགོ་གཅིག་ཏུ་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡོང་སུ་བསྟོན་པ་ནི་སེང་གེའི་སྒྲའོ་དམ་པའི་ཆོས་བསྲུང་བའི་ཕྱིར་ཚིག་སྨྲ་བ་ནི་སེང་གེའི་སྒྲའོ།། དེ་ལྟ་སྟེ། ་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བའི་ཕྱིར་སངས་རྒྱསུ་གྲུ། ར་ཅིག་ཅེས་བྱང་ཆུབ་ཏུ་སེམས་སྐྱེད་པའི་ཚིག་སྨྲ་བ་ནི་སེང་གེའི་སྒྲའོ།། ལོངས་སྤྱོད་རུང་བ་ལ་ཆོ་ག་ཤེས་པར་སྨྲ་བ་ནི་སེང་གེའི་སྒྲའོ། ་ཀོའུ་ཤི་ཀ་སེང་གེའི་སྒྲ་སེང་གེའི་སྒྲ་ཞེས་བྱ་བ་ནི་འདི་ལྟ་སྟེ། དེ་གན་པར་གནས་པ་དང་། ཡང་དག་པར་ལེན་པ་དང་། གཏོང་བ་སྔོན་དུ་འགྲོ་བ་ནི་སེང་གེའི་སྒྲའོ།། ཚུལ་ཁྲིམས་ཡང་དག་པར་བླངས་པ་མི་འདོར ་ཁ་ནི་སེང་གེའི་སྒྲའོ།། མཛའ་བ་དང་། མཾ་མཛའ་བ་ལ་སེམས་མཉམ་པ་ནི་སེང་གེའི་སྒྲའོ།། བརྩོན་པ་མི་འདོར་བ་ནི་སེང་གེའི་སྒྲའོ།། ཉོན་མོངས་པ་སྤོང་བ་ནི་སེང་གེའི་སྒྲའོ།། ཤེས་རབ་ཀྱིས་ཤིན་ཏུ་བརྟགས་པ་ནི་སེང་གེ ་སྨྲའོ།། སེང་གེའི་སྒྲ་བསྟན་པ་འདི་བཤད་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ།། སིལ་སྙན་བརྒྱ་སྟོང་མ་བརྡུངས་པར་སྒྲ་འབྱིན་ཏོ།། འཇིག་རྟེན་རྣམས་སྣང ་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། ལྷའི་བུ་བརྒྱ་སྟོང་ཨ་ལ་ལ་ཞེས་སྒྲ་འབྱིན་ཅིང་ཚིག་འདི་སྐད་ཅེས་སྨྲ་སོ།། ཨེ་མཧོ་དེང་འདིར་ལྷའི་བུས་སེང་གེའི་སྒྲ་འདི་བསྒྲགས་པས་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ ་བསྐོར་བ་ལན་གཉིས་བྱུང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་པ་དང་། ཆོས་ཉིད་ཀྱིས་འདི་ལྟར་འགྱུར་ཏེ། ནམ་སངས་རྒྱས་བཅོམ་ལྡན་འདས་འཛུམ་པ་མཛད་པ་དེའི་ཚེ་འད་ཟེར་ཁ་དོག། ་སྣ་ཚོགས་འདི་ལྟ་སྟེ། འཐིང་ཀ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་ཞལ་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཁྱབ་པར་བྱས་ནས། ་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། ཕྱིར་ལོག་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱི་བོར་མི་སྣ་བར་གྱུར་ཏོ།། ་བམ་པོ་དྲུག་པ་སྟེ་ཐ་མའོ།། ། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་ཚིག་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ།། ཡེ་ཤེས་དཀོན་མཆོག་ཕ་རོལ་ཕྱིན་ཅིང་ཐུབ་བ ་ཀུན་ཟིལ་གནོན།། འདི་ལ་དུས་གསུམ་སེམས་ཅན་སྤྱོད་སྣ་ཚོགས་ཅི་མཆིས་ཁྱོད་ཀྱིས་མཁྱེན། གང་དེ་ཤིན་ཏུ་གྲོལ་བའི་བློ་ཡུལ་གང་ཡང་དེ་དག་བསམ་པ་རྣམས།། ལྷའི་གཙོ་བོ་ཀུན ་མཁྱེན་འཛུམ་མཛད་འདི་ཡི་རྒྱུ་ནི་ལུང་སྟན་གསོལ་ཉ། ཐོས་རང་རྒྱལ་དགྲ་བཅོམ་དྲི་མེད་དེ་དག་གི་ཡང་སྲིན་ཡུལ་མིན།། སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ་ཅིང་མཐའ་བྲལ་ཁྱོད་ལ། ་ཆགས་པ་མེད།། ཁྱོད་ཀྱི་སེམས་ཅན་གཞན་གྱི་སྤྱོད་སེམས་གང་ལ་ཅི་འདིའི་གཏམ་བརྗོད་མཁྱེན། སྒྲ་མཆོག་ཐུབ་དཀའ་ཚིག་དབང་འཛུམ་པ་མཛད་པའི་སྐུ་ནི་བསྟན་པར་གསོལ། འོད་འདི་ཤིནཿ། ་ཡིད་འོང་སྡུག་པའི་དྲི་མེད་རབ་ཏུ་རྣམ་པར་མཛེས། གཉི་ཟླའི་འོད་དང་དེ་བཞིན་ཚངས་པ་དབང་པོའི་གཟི་ཡང་ཟིལ་གྱིས་གནན། དེ་བཞིན་འཁོར་ཡུག་ཁྲག་ཁྲིག་རི་རབ་དག་ཀྱང་ཤིན་ཏུ་སྣང་བགྱིས། ་ན། ཅི་སྤང་ཁྱོད་ཀྱིས་འཛུམ་མཛད་དེའི་རྒྱུ་ནི་རབ་ཏུ་བསྟན་པར་གསོལ།། འདོད་ཆགས་ཞེ་སྔ་དྲེགས་ལ་སོགས་པ་ཟུག་རྔུབྲལ་ཞིང་རབ་ཏུ་ནི། འཇིག་རྟེན་ལྷ་མི་ལྟོ་འཕྱེའི་ཚོགས་བྱམ། ་བདག་པོ་ཁྱོད་ཞལ་ལྟ།། བདེ་གཤེགས་བལྟས་ཀྱང་མི་ངོམས་ལུས་ཀྱི་རབ་ཏུ་སིམ་ཞིང་བདེ་བར་འགྱུར།། གང་གི་སླད་དུ་འཛུམ་པ་འདི་བསྟན་ཐུབ་པ་བདག་ཅག་རྣམས་ལ་གསུངས།། ཁྱོད་ཀྱིས་ཆོས ་རྣམས་ན་མཁའ་ལྟ་བུ་རྟག་ཏུ་བྱེད་མེད་གསོག་ཉིད་དང་།། གློག་དང་སྤྲིན་འདྲ་སྒྱུ་མ་ལྟ་བུར་གསོབ་ཉིད་ལྦུ་བ་འདྲ་བ་དང་།། རྨི་ལམ་མཐོང་དང་ཆང་བ་སྟོང་འདྲ་ན་མཁའ་ཆུ་ཟླ་ལྟ་བུར་མཁྱེན།། དགེ་བ ་འཛུམ་མཛད་འདིའི་རྒྱུ་དང་རྣར་སྙན་གསུང་ནི་རབ་ཏུ་བརྗོད་པར་གསོལ།། འཛིན་དང་རྟོག་དང་རྣམ་རྟོག་ཀུན་དྲང་བྲལ་བས་སྟོང་པ་ཉིད་ལ་མོས།། བདག་པོ་ཤེས་བྱ་ཀུན་ལ་རྟོག་བྲལ་རྟག་ཏུ་མཚན་མ་མེད ་ལ་གྱེས།། ཁུད་ན་སྲིད་པ་གསུམ་འདིར་གང་ལའང་མི་སྨོན། བསམ་གཏན་ཏིང་འཛིན་དགྱེས།། གང་གི་སླད་དུ་འཛུམ་པ་བསྟ་ན་མཛད་འདྲེན་པ་འདི་ནི་ལུང་བསྟན་གསོལ།། སྐད་ལ་མི་ཚིགས ་སྒྲ་དང་དབྱངས་དང་ཡི་གེ་དག་ཁའང་དེ་བཞིན་ཏེ།། འཇིག་རྟེན་དུའང་ཆོས་སྟོན་བློ་གཙང་བདག་དང་ཆོས་ལའང་གནས་མི་མཛད།། འདུས་པ་སོ་སོས་བདེ་གཤེགས་བདག་ལ་ཐ་དད་ཆོས་སྟོན་སྙམ་དུ་འཛིན། ་ཡེ་ཤེས་རྫུ་འཕྲུལ་དབང་པོ་སྟོབས་མཆོག་རྒྱས་པ་ཤེས་རབ་མཚུངས་མེད་གསུངས།། ཁྱོད་ནི་སྡུག་བསྔལ་ཀུན་སེལ་ན་རྒ་འཚོ་འཇོམས་སྨན་པའི་མཆོག་ལགས་ཏེ། ཁྱོད་ནི་དཔའི་བདུད་ཀྱི་སྟོས ་འཇོམས་མཐུ་བོ་ཆེའི་མཐུ་དང་ལྡན།། ཁྱོད་ནི་སྐྱོབ་པ་དཔུང་གཉེན་འཇིག་རྟེན་མགོན་སྐྱབས་སྒྲོན་མ་སྣང་མཛད་པ།། ལྷ་མིན་ལྷ་དང་ཀླུ་མཆོད་འཛུམ་པ་མཛད་པའི་རྒྱུ་གང་འདིར་བསྟན་གསོལ། དེ ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚངས་པ་བྱེད་པར་སེམས་ལ་འདི་སྐད་ཅེས་བཀར་སྩལ་ཏོ།། ཚངས་པ་ཁྱོད་ཀྱིས་ཕྱིར་མི་ལྡོག་པའི་ལྷའི་བུ་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་པ། ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཕྱིར་མི་ལྡོག་པའི་ལྷའི་བུ་འདི་བསྐལ་པ་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ན། འཇིག་རྟེན་གྱི་ཁམས་ལེགས་པར་སྤྲུལ་པ་ཞེས་བྱ་བར་བསྐལ ་པ་ཚངས་པས་བསྟོད་པ་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ། སྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན ་འདས་རི་རབ་སྒྲོན་མའི་རྒྱལ་པོ་ཞེས་བྱ་བར་འཇིག་རྟེན་དུ་འཐུང་བར་འགྱུར་ཏེ། དེའི་སངས་རྒྱས་ཀྱི་ཞིང་དེ་ཡང་བཻ་རཱུ་དང་མཛམ་བུ་ཆུ་བོའི་གསེར་དང་། རིན་པོ་ཆེ་གཉིས་ཀྱི་གཞི ་འགྱུར་རོ།། དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་འབའ་ཤིག་འབྱུང་སྟེ། བདུད་དང་ཕྱིར་རྒོལ་བ་བཅོམ་ཞིང་དཔའ་བོ་ཤ་སྟག་གོ། སངས་རྒྱས་ཀྱི་ཞིང་དེ་ན་བཟའ་བ་དང་། བཏུང་བ་ཡང་བསམ། ་བཙམ་གྱིས་འབྱོར་ཅིང་། དགའ་ལྡན་གྱི་ལོངས་སྤྱོད་དང་འདྲ་བར་འགྱུར་རོ།། དེ་བཞིན་གཤེགས་པ་ཆེ་དཔག་ཏུ་མེད་ཅིང་ལྟུང་བའི་ཆོས་སྟོན་པར་འགྱུར་རོ།། ཁྱད་པར་སེམས་ཀྱིས་སྨྲས་པ། ལྷའི ་བུ་ཁྱོད་དེ་བཞིན་གཤེགས་པས་ལུང་བསྟན་ཏོ།། སྦས་པ། ཚངས་པ་བདག་ནི་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་ལུང་བསྟན་ཏོ།། སྨྲས་པ། ལྷའི་བུ་དེ་བཞིན་ཉིད། ཆོས་ཀྱི་དབྱིངས ་ནི་ལུང་མི་སྟོན་ཏོ།། སྨྲས་པ། ཇི་ལྟར་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ལུང་མ་བསྟན་པ་བཞིན་དུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ལུང་བསྟན་པ་ཡང་དེ། ་ལྟར་བལྟའོ།། སྨྲས་པ། ལྷའི་བུ་དེ་ལྟར་ཁྱོད་དེ་བཞིན་གཤེགས་པས་ལུང་བསྟན་པས་ན། ཁྱོད་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲུང་དུ་ཚངས་པར་སྤྱད་པ་ལ་གནས་པ་ནི་དོན ་མེད་པ་མ་ཡིན་ནོ།། སྨྲས་པ། ཚངས་པ་གང་གནས་པ་མེད་པ་དེ་ནི་ཚངས་པར་སྤྱོད་པ་ལ་གནས་པའོ།། སྨྲས་པ། ལྷའི་བུ་ཇི་ལྟར་གང་ལ་གནས་པ་མེད་པ་དེ་ཚངས་པར་སྤྱད་པ་ལ་གནས་པ ་ཡིན། སྨྲས་པ། ཚངས་པ་གང་ཁམས་གསུམ་ལ་མི་གནས་པ་དེ་ནི། ཚུངས་པར་སྤྱད་པ་ལ་གནས་པའོ།། ཚངས་པ་གང་ཡང་ཁམས་གསུམ་ལ་གནས་པ་དེ་ནི་ཚངས་པར་སྤྱད་པ་ལ་གན ་པ་མ་ཡིནོ།། གཞན་ཡང་ཚངས་པ་གང་བདག་ལ་མི་གནས། སོ།། མས་ཅན་དང་སྲོག་དང་གང་ཟག་ལ་མི་གནས་པ་དེ་ནི་ཚས་པར་སྤྱད་པ་ལ་གནས་པ་ཡིན་ཏེ། ཚངས་པ་མདོར་ན། ་གང་ཆོས་ཐམས་ཅད་ལ་མི་གནས་པ་དེ་ནི་ཚངས་པར་སྤྱོད་པ་ལ་གནས་པའོ།། སྨྲས་པ་ལྷའི་བུ་ཚངས་པར་སྤྱོད་པ་ལ་གནས་པ་ཞེས་བྱ་བ་དེ་གང་གི་ཚིག་བླ་དྭགས་ཡིན། སྨྲས་པ། ཚངས་པར ་སྤྱོད་པ་ལ་གནས་ཤེས་བྱ་བ་ནི་ཚངས་པ་གཉིསུ་མེད་པའི་ལམ་ལ་རབ་ཏུ་གནས་པའི་ཚིག་བླ་དྭག་སོ།། སྨྲས་པ། ལྷའི་བུ་ལམ་ལ་རབ་ཏུ་གནས་པ་ཡང་ཅི་ལ་རབ་ཏུ་གནས་པ་ཡིན། སྨྲས་པ། ་ཚངས་པ་ལམ་ལ་རབ་ཏུ་གནས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་རབ་ཏུ་གནས་པ་མེད་པའི་ཚིག་བླ་དྭག་སོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་གནས་པ་མེད་པ་དང་། ལེན་པ་མེད་པ་དེ་ནི་ལམ་ལ་རབ་ཏུ ་གནས་པའོ།། སྨྲས་པ། ལྷའི་བུ་ཇི་ལྟར་བསྒོམས་ན་ལམ་བསྒོམས་པ་ཡིན།། སྨྲས་པ། ཚངས་པ་ཅི་ནས་ཀྱང་དངོས་པོ་དང་དངོས་པོ་མེད་པར་མི་ལྟུང་བ་དང་། ཆོས་གང་ཡང་དངོས་པོ་ཡང་མི་བྱེད། དངོས་པོ་མེ ་པར་ཡང་མི་བྱེད་པར་སྒོམ་པ་སྟེ། དེ་ལྟར་སྒོམ་ན་ལམ་སྒོམ་པ་ལ་བརྩོན་པ་ཡིནོ།། སྨྲས་པ། ལྷའི་བུ་གང་གིས་ལམ་བསྒོམ་པར་བྱ།། སྨྲས་པ། ཚངས་པ་མཐོང་བས་མ་ཡིན། ཐོས་པས་མ་ཡིན ་དྲན་པས་མ་ཡིན། རྣམ་པར་རིག་པས་མ་ཡིན།། ཐོས་པས་མ་ཡིན། མངོན་དུ་བྱས་པས་མ་ཡིན་ཏེ། གང་ཆོས་ཐམས་ཅད་ལ་མི་སྒོམ་པ་འདི་ནི་ལམ་སྒོམ་པའོ།། སྨྲས་པ། ལྷའི་བུ་ཇི་ལྟར་ན་བྱང་ཆུབ་སེམས ་དཔར་བརྩོན་འགྲུས་ཀྱི་གོ་ཆ་སྲ་བ་བགོས་པ་ཞེས་བྱ། སྨྲས་པ། ཚངས་བུ་བྱང་ཆུབ་སེམས་དཔའ་གང་ཆོས་གང་ལ་ཡང་གཅིག་པའམ་ཐ་ད་སུ་མི་མཐོང་བ་འདི་ནི་བྱང་ཆུབ་སེམས་དཔ ་བརྩོན་འགྲུས་ཀྱི་གོ་ཆ་སྲ་བ་བགོས་པ་ཞེས་བྱའོ།། གང་ཆོས་ཀྱི་ཆུ་ངས་མ་འདྲེས་པའི་ཕྱིར་ཆོས་གང་ལ་ཡང་འབྱེད་པར་མི་བྱེད། སྦྱོར་བར་མི་བྱེད། དེ་ཆོས་ཀྱི་དབྱིངས་མ་གཏོགས་པར ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་མི་མཐོང་བ་འདི་ནི། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྩོམས་པའི་མཆོགོ།། གང་ཆོས་ཐམས་ཅད་ལ་བསུལ་བ་དང་བཞག་པ་མེད་པ་འདི་ནི་བརྩོམ ་འགྲུས་རྩོམ་པའོ།། ཚངས་པ་གང་ལུས་དང་ངག་དང་ཡིད་ཀྱིས་རྩོམ་པ་མེད་པ་འདི་ནི་བརྩོན་འགྲུས་རྩོམ་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཕྱིར་མི་ལྡོག་པ་ལ་ལེག་སོ་ཞེས་བྱ་བ་བྱིན ་ནས། ཚངས་པ་ཁྱད་པར་སེམས་ལ་བཀའ་སྩལ་པ། ཚངས་པ་ལྷའི་བུ་འདི་ཇི་སྐད་སྟོན་པ་དེ་དེ་བཞིན་ནོ།། འདི་ནི་དེའི་བརྩོན་འགྲུས་རྩོམ་པའི་མཆོག་སྟེ། གང་ལ་ལུས་ཀྱི་རྩོམ་པ་ཡང་མེད། ཡིད། ་རྩོམ་པ་ཡང་མེད་པ་འདིན་བརྩོན་འགྲུས་རྩོམ་པའི་མཆོག་གོ། ཚངས་པངས་མངོན་པར་ཤེས་པ་འདས་པའི་དུས་མ་སྦྱངས་པའི་ཡོན་ཏན་ཡོ་བྱང་བསྲུངས་པ་ཐམས་ཅད་པ། ་དག་པར་བླངས་པའི་བརྩོན་འགྲུས་བརྩམས་ཀྱང་། དེ་བཞིན་གཤེགས་པ་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ།། དེ་བཞིན་དུ་བླ་མ་རྣམས་ལ་ལྡང་བ་དང་། རིམ་གྲོ་བྱ་བ་དང་། ་དགོན་པར་གནས་པ་དང་། མང་དུ་ཐོ་བ་དང་སེམས་ཅན་རྣམས་ཀྱི་བྱ་བ་ཅི་ཡོད་ཅེས་བྱ་བ་ལ་ཀུན་ཏུ་འགྲོ་བའི་བརྩོན་འགྲུས་བརྩམས་ཀྱང་། ལུང་མ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལུས་དང་། ་ངག་དང་སེམས་ཀྱི་རྩོམ་པ་ལྔ་རབ་ཏུ་གནས་པའི་ཕྱིར།། ཚངས་པ་རྣམ་པ་ལྷའི་བུ་འདིས་ཇི་སྐད་དུ་བསྟན་པའི་བརྩོན་འགྲུས་རྩོམ་པ་དེ་ལྟ་བུ་དང་ལྡན་པར་གྱུར་པ་དེའི་འོག་ཏུང་དེ་བཞིན་གཤེས ་བ་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་ཁྲོད་མ་འོངས་པའི་དུས་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱསུ་འགྱུ་རོ་ཞེས ་ལུང་བསྟན་ཏོ།། ཚངས་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལུང་བསྟན་པའི་ས་མྱུར་དུ་ཐོབ་པར་འདོད་པས་བརྩོན་འགྲུས་རྩོམ་པ་འདི་ལྟ་བུ་འདི་ལྟ་སྟེ། ཆོས་ཐམས་ཅད་ལ་རྩོམ་པ་མེད་པའི ་བརྩོན་འགྲུས་འདི་ལ་བརྩོན་པར་བྱའོ།། གསོལ་པ་བཅོམ་ལྡན་འདས་བརྩོམ་པ་མ་མཆིས་པའི་བརྩོན་འགྲུས་དེ་གང་ལགས། བཀའ་སྩལ་པ། ཚངས་པ་གང་དུས་གསུམ་མཉམ་པ་ཉིད་དང་ལྡན ་པའི་བརྩོན་འགྲུས་རྩོམ་པའོ།། གསོལ་པ། བཅོམ་ལྡན་འདས་དུས་གསུམ་མཉམ་པ་ཉིད་དང་ལྡན་པའི་བརྩོན་འགྲུས་བརྩོམ་པ་གང་ལགས། བཀའ་སྩལ་ག། འདི་ལྟ་སྟེ། འདས་པའི་སེམས་ནི་རྦེ། ་མ་འོངས་པ་ནི་མ་བྱི་མ་ད་ལྟར་ཐུང་བ་ལ་ནི་གནས་པ་མེད་ཅིང་མི་དམིགས་ཏེ། གང་ཟད་པ་དེ་ནི་དམིག་སུ་མེད་དོ།། གང་མ་བྱིན་པ་དེ་ནི་མི་སྐྱེ་བའི་མཚན་ཉིད་དོ།། དེ་བཞིན་དུ་གང་དུ་ལྟར་བྱུང་བ་དེ་ཡང ་ཆོས་ཉིད་ཀྱིས་མི་གན་སོ།། ཆས་ཉིད་གང་ཡིན་པ་དེ་ཡང་མ་སྐྱེས་པའོ།། གང་མ་སྐྱེས་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིནོ།། གང་འདས་པ་ཡང ་མ་ཡིན། མ་འོངས་པ་ཡང་མ་ཡིན། དེ་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་རང་བཞིན་ནོ།། རང་བཞིན་གང་ཡིན་པ་དེ་ནི་མི་སྐྱེས་པ་སྟེ། ཚངས་པ་དུས་གསུམ་མཉམ་པ་ཉིད་དང་ལྡན་པའི་བརྩོན་འགྲུས ་བརྩོམ་པ་དེ་ལྟ་བུ་འདི་ནི་ལུང་བསྟན་པ་མྱུར་དུ་ཐོབ་པར་བྱེད་དོ།། ཚངས་པ་བྱང་ཆུབ་སེམས་དཔའ་བཟོད་པ་དེ་ལྟ་བུ་དང་ལྡན་པ་ནི་ཆོས་ཐམས་ཅད་གཏོང་བ་མེད་པའི་སྦྱིན་པ་ལ་མོས།། ་ཆོས་ཐམས་ཅད་བསྲུངས་པ་མེད་པའི་ཚུལ་ཁྲིམས་ལ་མོས་སོ།། ཆོས་ཐམས་ཅད་རློམ་སེམས་མེད་པའི་བཟོད་པ་ལ་མོས་སོ།། ཆོས་ཐམས་ཅད་རྩོམ་པ་མེད་པའི་བརྩོན་འགྲུས་ལ ་མོས་སོ།། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མོས་སོ།། ཆོས་ཐམས་ཅད་རྣམ་པར་མི་རྟོག་པའོ།། ཞེས་ཤེས་རབ་ལ་མོས་སོ།། དེ་དེ་ལྟར་མོས་པས་ལྷག་པར་མི་བྱེད། བྲི་བར ་མི་བྱེད། བྱེད་པ་མ་ཡིན། རྣམ་པར་བྱེད་པ་མ་ཡིན་ནོ།། སྦྱིན་པ་ཡང་སྦྱིན་པར་བྱེད་ལ། དེ་ཡང་རྣམ་པར་སྨིན་པ་ལ་མི་རེ་བ་སོ།། ཚུལ་ཁྲིམས་ཀྱང་སྲུངས་ལ་དེ་ཡང་སྒྲོ་བཏགས་པ་མེད་པས་སོ།། ་བཟད་པ་ཡང་སྒོམ་པ་ལ་དེ་ཡང་བྱི་ནང་སྟོང་པ་ཉིད་ཀྱིས།། བརྩོན་འགྲུས་ཀྱང་རྩོམ་ལ་དེ་ཡང་ཡོངསུ་གྲུབ་པ་མེད་པསོ།། བསམ་གཏན་ལ་ཡང་མཉམ་པར་གནོག་ལ་དེ་ཡང་གནས་པ་མེད་པ། ་སོ།། ཤེས་རབ་ཀྱང་སྒོམ་ལ་དེ་ཡང་མཚན་མ་མེད་པསོ།། ཚངས་པ་བྱང་ཆུབ་སེམས་དཔའ་བཟོད་པ་དེ་ལྟར་དང་ལྡན་པ་ནི་བྱ་བ་ཐམས་ཅད་ཀྱང་སྟོན་ལ་བྱ་བས་ཀྱང་མི་གོསོ།། དེ་མི་ན ་པས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཐོབ་ཅིང་རྙེད་པས་ཀྱང་མི་འབྲོག། རྙེད་པས་མེད་པས་ཀྱང་མ་ཡིན། སྙན་པས་ཀྱང་མ་ཡིན། མི་སྙན་པས་ཀྱང་མ་ཡིན། སྤད་པས་ཀྱང་མ་ཡིན། སྟོད་པས་ཀྱང་མ་ཡིན། སྡུག ་བསྔལ་བས་ཀྱང་མ་ཡིན། བདེ་བས་ཀྱང་མི་འཕྲོག་སོ།། དེ་འཇིག་རྟེན་གྱི་ཆོས་ཐམས་ཅད་ལས་རྣམ་པར་འདས་ཏེ། གཉི་སུ་དམིགས་པའི་སེམས་དང་བྲལ་ཞིང་གཉི་སུ་མེད་པའི་ཆོས་རྟོགས་པའི་ཕྱིར ་ཁེངས་པར་ཡང་མི་བྱེད། འདུད་པར་ཡང་མི་བྱེད། སྡུག་པར་ཡང་མི་བྱེད། ཁོང་ཁྲོ་བར་ཡང་མི་བྱེད། གནོད་པར་ཡང་མི་བྱེད། ཀུན་ནས་གནོད་པར་མི་བྱེད། ཀུན་ནས་གནོད་པར་ཡང་མི་བྱེད། རློམ ་སེམསུ་ཡང་མི་བྱེད་ཁག་མེད་པར་ཡང་མི་བྱེད། ཀུན་ནས་པ།། ག་མེད་པར་ཡང་མི་བྱེད་དོ།། སེམས་ཅན་ཐམས་ཅད་ཡོད།། སུ་སྨོན་པར་བྱ་བའི་ཕྱིར། ལྟ་བ་གཉི་སུ་ལྟུང་བའི་སེ ་ཅན་རྣམས་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་སྐྱེད་ནས་ཆེང་དུ་བསམ་ནས་སྲོད་པ་ཉེ་བར་ལེན་ཏེ། ཚངས་པ་གང་འདི་བདག་མེད་པའི་བཟོད་པ་རབ་ཏུ་ཐོབ་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེད་དེ། ་སྐྱེ་བ་ཡོངསུ་འཛིན་པ་འདི་ནི་བརྩོན་འགྲུས་རྩོམ་པའི་མཆོག་ཡིན་ནོ།། བརྩོན་འགྲུས་བརྩམས་པ་བསྟན་པ་འདི་བཤད་པའི་ཚེ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱད་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས། ་པར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མིང་གཅིག་ཏུ་དེ་བཞིན་གཤེགས་པ་བརྩོན་འགྲུས་བརྟན་པ་ཞེས་བྱ་བར་སངས་རྒྱས་ཀྱི་ཞིང་ཐ་དད་པ་དེར་བྱང་ཆུབ ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ནས་ལུང་བསྟན་ཏོ།། དེ་ནས་འཁོར་དེར་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འདུག་པར་གྱུར་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ ་འས་འདས་འདི་ལྟ་སྟེ། དཔེར་མ་གང་དུ་ཆུར་པོ་དེ་དག་ཆེ་ཆར་འབེབས་ན་རྒྱ་མཚ་ཆེན་པར་འབེབས་ཏེ། ས་ཕྱོགས་གཞན་དུ་མ་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་སྐྱེས་བུ་ངམ་པ་ཀྱུ་ཆེན་པོ་དང ་མཚུངས་པ་འདི་དག་ཀྱང་ཆོས་ཀྱི་ཆར་འདི་འདྲ་བ་འདི་སྐྱེས་བུ་དམ་པ་མཚོ་ཆེན་པོ་རྒྱ་མཚོ་ལྔ་བུ་འདི་དག་གི་སེམས་ཀྱི་རྒྱུད་ལ་འབེབས་ཏེ། སེམས་ཅན་གཞན་དག་ལ་ནེ་མ་ལགས་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཇི་སྐད་ཟེར་བ་དེ་བཞིན་ཡི་ན་མོད་ཀྱི། ཀླུའི་རྒྱལ་པོ་ཆེན་པོ་དེ་དག་ལ་ནི་གང་གི་ཕྱིར་འཛམ་བུ་གླིང་འདིར་ཆར་མི་འབེབས་པར་འགྱུར་བའི་སེར ་སྣ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། འཛམ་བུ་གླིང་གིས་ཕྱོགས་ཀྱིས་ཆར་པའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་དེ་དག་མི་བཟོད་དོ།། འོད་སྲུང་གལ་ཏེ་ཀླུ་ཆེན་པོ་དེ་དག་གིས་འཛམ་བུའི་གླིང ་འདིར་ཆར་ཕབ་པར་གྱུར་ན།། དེས་འཛམ་བུའི་གླིང་འདིར་གྲོང་ཁྱེར་དང་བཅས་རི་དང་བྲག་དང་རི་བོར་བཅས་ཁོར་ཡུག་དང་འོབ་སུ་བཅས་པ་འདི་ལྟ་སྟེ། རྔ་མའི་ཆུས་རྒྱ་ཤུགས་གི་ལོ་མ་བཏེག་པ། ་བཞིན་དུ་བཏེག་ནས་བྱེར་བར་འགྱུར་ཏེ། དེ་བས་ན་ཀླུ་ཆེན་པོ་དེ་དག་འཛམ་བུའི་གླིང་འདིར་ཆར་པ་མི་འབེབ་སོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་འདི་དག་ལ་ནི་གང་གི་ཕྱིར་སེམས་ཅན་དེ ་དག་གཞན་ལ་ཆོས་ཀྱི་ཆར་བ་ཆེན་པ་མ་བདེབས་པརའི་འགྱུར་བ་ཆོས་མེ་སེར་རྫ་ཐོང་གྱི། འོད་ཀྱང་དེ་དག་ཆོས་འདི་རྒྱ་བྷ་དག་གི་སྣོད་དུམ་གྱུར་ཏེ། དེ་ལྟ་བས་ད་སྐྱེས་བུ་དམ་པ་དེ་དག་རྒྱ་མཚལ ་བུ་བློ་མཆོག་དང་ལྡན་པ་དེ་དག་ལ་ཆོས་ཀྱི་ཆར་པ་ཆེན་པོ་འབེབ་སོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན་ཆར་པའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་བབ་པ་དེ་དག་གིས་ཀྱང་། རྒྱ་མཚོ ་ཆེན་པོ་བྲི་བ་ཡང་མེད་གང་བ་ཡང་མེད་དོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་བསྐལ་པ་བརྒྱར་ཆོས་ཉན་ཏན་འཆད་ཀྱང་ཆོས་གང་ཡང་བྲི་བ་འམ་གང་བར་མི་འགྱུ་རོ།། འདི་ལྟ་སྟེ་དཔེར་ན། རྒྱ ་མཚོ་ཆེན་པོ་དེར་གླིང་ཆེན་པོ་བཞིའི་ཀླུང་སྣ་ཚོགས་ནས་གང་ཆུབབ་པ་དེ་དག་ཐམས་ཅད་འདི་ལྟ་སྟེ་ལམ་ཙའི་རོར་རོ་གཅིག་པར་འགྱུར་རོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་རྣམ་གྲངས་སྔ ་ཆོ་ག་སུ་ཆོས་བསྟན་པ་བཤད་པ་དག་ཐོས་མ་ཐག་ཏུ་འདི་ལྟ་སྟེ་སྟོང་པ་ཉིད་ཀྱི་རོར་རོ་གཅིག་ཏུ་མོས་པར་འགྱུ་རོ།། འདི་ལྟ་སྟེ། དཔེ་མ་རྒྱ་མཚོ་ཆེན་པོ་ནི་དག་པ་གཙང་བ་དྲི་མ་མེད་པ་གསལ་བ ་རྙོག་པ་མེད་པ་ཡིན་ཏེ། ཆུ་རྙོག་པ་ཅན་མི་འཛིན་ཏོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་དག་པ་གཙང་མ་མེ་ད་པ་གསལ་བ་སྟེ། གནོད་སེམས་དང་ཞེ་སྡང་དང་། ཁྲོ་བ་དང་། ་ཁོན་དུ་འཛིན་པ་ཐམས་ཅད་མི་འཛིན་ཏོ།། འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་ཟབ་ཅིང་ཉམ་ས་དཀའ་བའོ།། དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་ཆོས་ཀྱི་ཚུལ་ཟབ་མོ་ལ་རབ་ཏུ་ཞུགས་ཤིང་ཉན་ཐོས ་དང་རང་སངས་རྒྱས་ཐམས་ཅད་ཀྱིས་གཏིང་དཔག་དཀའ་བའོ།། འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་ཆུ་ཚད་མེད་ཅིང་རིན་པོ་ཆེའི་ཚོགས་དཔག་ཏུ་མེད་དོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ ་དག་ཀྱང་ཤེས་རབ་ཚད་མེད་ཅིང་ཆོས་རིན་པོ་ཆེའི་ཚོགས་དཔག་ཏུ་མེད་དོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་དབྱིངས་སོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ ་། དེ་དག་ཀྱང་མངོན་པར་སྒྲུབ་པ་སྣ་ཚོགས་ཀྱི་ཆོས་རིན་པོ་ཆེ་ཆད་མེད་པའི་དབྱིང་སོ།། འད་སྲུངས་འདི་ལྔ་སྟེ་པེ་དང་། རྒྱ་མཚོ་ཆེན་པོའི་ནང་ནས་རིན་པོ་ཆེ་ཁ་ཅིག་རིན་པང་ཡོད་པ་དང་། ཁ་ཅིག་རིང ་ཐང་མེད་པ་དང་། ཁ་ཅིག་མཆིང་བུ་ལྟ་བུ་དང་། རྣམ་གསུམ་བྱུང་སྟེ། འོད་སྲུངས་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་སེམས་ཅན་གྱི་དབང་པོ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་ན་ཡང་ཉན་ཐོས་ཀྱི ་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། གང་འོག་མ་ཐེག་པ་ཆེན་པོ་ལ་སེམས་ཀྱི་རྒྱུད་རྣམ་པར་འགྲོལ་ལོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་སེམས་ཅན ་གཅིག་གི་ཆེད་དུ་མི་གནས་སོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་སེམས་ཅན་གཅིག་གི་དོན་དུ་བྱད་ཆུབ་ཏུ་སེམས་མི་སྐྱེད་དོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན་རྒྱམ ་ཆེན་པོ་ནི་མཐར་གྱིས་གཞོལ། མཐར་གྱིས་འབབ་མཧཱ་རགྱིས་བབ་པའོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུདམ་བདེ་དག། ཀྱང་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ། ཐམས་ཅད་མཁྱེན། ་པ་ཉིད་དུ་འབག་ཐམས་ཅད་མཁྱེན་པ་ཉིད་དུ་བབ་པའོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་ཤི་བའི་རོ་དང་ལྷན་ཅིག་མི་གན་སོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་ཉན་ཐོས་དང་།། ་རང་སངས་རྒྱས་ཀྱི་སེམས་དང་ལྷན་ཅིག་མི་གན་སོ།། སེར་སྣ་དང་ངང་ཚུལ་ངན་པའི་སེམས་དང་། གནོད་སེམས་དང་། ལེ་ལོའི་སེམས་དང་། བརྗེད་ངས་པ་དང་། འཆལ་པའི་ཤེས་རབ་ཀྱི་སེམས་དང ་ལྷན་ཅིག་མི་གན་སོ།། བདག་དང་སེམས་ཅན་དང་། སྲོག་དང་གང་ཟག་དང་། སྐྱེས་བུར་ལྟ་བ་དང་། ལྷན་ཅིག་མི་གན་སོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན། བསྐལ་པས་སྲེག་པར་གྱུར་པའི་ཚེ།། ཀླུང་དང་། ་ཆུ་བྲན་དང་། མུ་མིག་དང་། མཚེའུ་དང་། རྫིང་བུ་དང་། མཚོ་ཐམས་ཅད་སྔར་སྐམ་པར་འགྱུར་ཏེ། ཕྱིས་རྒྱ་མཚོ་ཆེན་པོ་ཟང་ཅིང་སྐམས་པར་འགྱུརརོ།། འོད་སྲུང་དེ་བཞིན་དུ་དམ་པའི་ཆོས ་ནུབ་པར་འགྱུར་བའི་ཚེ་ཉིད་ཚེ་བར་སྤྱོད་པ་ལ་ཞུགས་པའི་སེམས་ཅན་ཐམས་ཅད་ཀྱི་དམ་པའི་ཆོས་སྔར་ནུབ་པར་འགྱུར་ཏེ། ཕྱིས་སྐྱེས་བུ་དམ་པ་བློ་གྲོས་རྒྱ་མཚོ་ལྟ་བུ་སངས་རྒྱས་ཀྱི་ཐེག་པ་ཡང ་དག་པར་འཛིན་པ་དེ་དག་གི་ལ་གནས་པའི་ཆོས་ནུབ་པར་འགྱུར་ཏེ། ཡང་འོད་སྲུང་སྐྱེས་བུ་དམ་པ་དེ་དག་ནི་སྲོག་ཀྱང་ཡོངསུ་གཏོང་བར་བྱེད་ཀྱི་དམ་པའི་ཆོས་ཡོངསུ་གཏོང་བར་མི་བྱེད་ན། འོད་སྲུང་སྐྱེས ་བུ་དམ་པ་དེ་ལྟ་བུ་དེ་དག་གི་གནས་དམ་པའི་ཆོས་ནུབ་པར་འགྱུ་ར་བ་ཡོད་དམ། དེ་དག་གི་དམ་པའི་ཆོས་ནུབ་པར་ཁྱོད་ཀྱིས་མི་བལྟའོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ན་ནོར་བུ། ་རིན་པོ་ཆེ་ཐམས་ཅད་འདུས་པ་ཞེས་བྱ་བ་རྡོ་རྗེ་ཚོགས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་ཞིག་ཡོད་དེ། དེ་ཉི་མ་བདུན་ཤར་ནས་ཚང་ས་པའི་འཇིག་རྟེན་གྱི་བར་དུ་འོད་ཟེར་བྱུང་ཡང་རིན་པོ་ཆེ་དེ ་ཚིག་པར་མི་འགྱུར་ཏེ། གང་འཇིག་རྟེན་གྱི་ཁམས་ཀྱི་བར་གྱི་སངས་རྒྱས་ཀྱི་ཞིང་གཞན་དག་ན་རྒྱ་མཚོ་ཆེན་པོ་ཡོད་པ་དེར་ནོར་བུ་རིན་པོ་ཆེ་དེར་འཕོ་བར་འགྱུར་ཏེ། འོད་སྲུང་གང་ནོར་བུ་རིན་པོ་ཆེད ་མཚོ་ཆེན་པོ་གཞན་དུ་མ་འཕོས་པར་འཇིག་རྟེན་གྱི་ཁམས་འདིར་ཚིག་པར་འགྱུར་བ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ་ནི་གནས་མེདོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་ལྟ་བུ་དེ་དག་ཀྱང་། ་དམ་པའི་ཆོས་ཡོངསུ་ཟད་པར་གྱུར་ཏེ། འཇིག་རྟེན་གནས་པར་དམ་པ་མ་ཡིན་པའི་ཆོས་བདུར་བྱུང་བའི་ཚེ།། སངས་རྒྱས་ཀྱི་ཞིང་གཞན་དུ་འཕོ་བར་འགྱུརརོ།། བདུན་གང་ཞེ་ན། འདི་ལྟ་སྟེ། མུ་སྟེགས ་ཅན་གནས་དང་སྡིག་པའི་གྲོགས་པོས་ཡོངསུ་ཟིན་པ་དང་། ལོག་པའི་སྦྱོར་བ་དང་། ཅིག་ལ་གཅིག་འཚེ་བའི་སྦྱོར་བ་དང་། ལྟ་བར་གྱུར་པ་ཐིབས་པོ་དང་། དགེ་བའི་རྩ་བ་འཇོམས་པར་བྱེད་པར ་མ་ཐོབ་ཅིང་མངོན་པར་མ་རྟོགས་ཏེ། དམ་པའི་ཆོས་མ་ཡིན་པའི་ཆོས་བདུན་པོ་དེ་དག་འཇིག་རྟེན་གནས་པར་བྱུང་བ་དེ་ན་སེམས་ཅན་རྣམས་སྣོད་མ་ཡིན་པར་ཤེས་རས་སྐྱེས་བུ་དམ་པ་དེ་དག ་སངས་རྒྱས་ཀྱི་ཞིང་གཞན་དུ་འཕོ་བར་འགྱུར་ཏེ། སངས་རྒྱས་མཐོང་བ་དང་། དམ་པའི་ཆོས་ཉན་པ་དང་། སེམས་ཅན་ཡོངསུ་སྨིན་པར་བྱ་བ་དང་། དགེ་བའི་རྩ་བ་ཡོངསུ་འབབ་པ་དང་ཡང་མ ་འབྲལ་བར་འགྱུརོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ལ་བརྟེན་ཅིང་སེམས་ཅན་ཚད་མེད་པ་དྲག་གནསོ།། འོད་སྲུང་དེ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་རྟེད་ཅིང་སེམས་ཅན་ཚད ་མེད་པ་དག་ཕུན་སུམ་ཚོགས་པ། གསུམ་ལ་གན་སོ།། གསུམ་གང་ཞེ་ན། ལྷའི་ཕུར་སུམ་ཚོགས་པ་དང་། མའི་ཕུན་སུམ་ཆོག་ས་པ་དང་། མྱ་ངན་ལས་འདས་པའི་བུར་སུམ་ཚེགས་པའོ།། ་འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་སེམས་ཅན་གཞན་དག་གིས་བཏུང་བར་མི་ནུས།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་གི་གང་ཆོས་བསྟན་པ་དེ་དག་ཀྱང་ཕ་རོལ་གྱི་རྒོལ་བ ་རྣམས་ཀྱིས་བཏུང་བར་མི་ནུསོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་ནང་ན་སེམས་ཅན་གནས་པ་དེ་དག་ནི་ཆུ་གཞན་མི་ཚོལ་གྱི་དེ་ཉིད་ལ་འཐུང་།། འོད་སྲུང་དེ་བཞིན་དུ་སྐྱེས་བུ ་དམ་པ་དེ་དག་ཀྱང་གཞན་གྱི་ངོར་ལྟ་བས་ཆོས་ཀྱི་རོ་མི་འཐུང་གི་རང་བྱུང་གི་ཡེ་ཤེས་ཀྱི་ཆོས་ཀྱི་རོ་འཐུང་།། དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོའི་གཏིང་ངམ་ཚད་གཟུང་བར་ནི་ནུས་ཀྱི་ཉན་ཐོས་དང་སངས ་རྒྱས་དང་བཅས་པའི་འཇིག་རྟེན་གྱི་སྐྱེ་བུ་དམ་པ་དེ་དག་གི་གཏིང་ངམ་ཚད་གཟུང་བར་ནི་མི་ནུས་ཏེ། དེ་བས་ན་སྐྱེས་བུ་དམ་པ་དེ་དག་སེམས་ན་མཁའ་དང་མཚུངས་ཤེས་བགྱིའོ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ་འོད་སྲུང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་རྒྱ་མཚོ་ཆེམ་རྣམས་ཀྱི་གཏིང་ངམ་ཚད་ནི་གཟུང་བར་ནུས་ཀྱི། ཉན་ཐོས་དང་རང ་སངས་རྒྱས་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྐྱེས་བུ་དམ་པ་བློ་མཆོག་རྒྱ་མཚོ་ལྟ་བུ་དང་ལྡན་པ་དེ་དག་གི་གཏི། ང་མ་ཚད་གཟུང་བར་ནི་མི་ནུསོ།། དེ་ནས་དེའི་ཚེ་བཅོམ་ལྡན ་འདས་ཀྱིས་ཚིག་སུ་བཅད་པ་འདི་དག་གསུངསོ།། ཇི་ལྟར་ཆོ་ག་མི་ཤེས་པར་ཆུ་ཆེན་གཏེར།། འབབ་ཆུ་ཐམས་ཅད་ཀུན་གྱི་ཆུ་ཆེ་ལ་བ།། དེ་བཞིན་དེ་རྣམས་འདི་ལ་ཆོས་ཚོལ་ཀྱང་།། རྟག་པད ་ཆོས་ཀྱིས་ཆོག་པར་འགྱུར་བུ་མེད།། ཇི་ལྟར་ཇི་སྙེད་ཆུ་མང་རབ་བསྡུས་ཀྱང་།། འདི་ལ་རྒྱ་མཚོ་འགྲིབས་ཤིང་གང་གྱུར་མེད།། དམ་པའི་ཆོས་ཐོས་ནས་ཀྱང་ཆོས་ཀྱི་དབྱིངས།། ཤིན་ཏུ་འཕེལ་ཞིང ་འགྲིབ་པར་མཐོང་བ་མེད།། ཇི་ལྟར་དྲི་མེད་རྒྱ་མཚོ་མུ་སྡུད་ཀྱང་།། རྙོག་པ་ཅན་གྱི་འབབ་ཆུ་དེར་མི་འབབ།། དེ་བཞིན་ཐུབ་མཁས་སྤྱད་པ་སྤྱོད་པ་ཡང་།། དེ་དག་རྣམས་དག་ཉོན་མོངས་མི་སྡུད།། ་ཇི་ལྟར་རྒྱ་མཚོ་ཆེན་པོ་ལུས་ཆུང་བས།། ཟབ་ཅིང་གཏིང་ཡིས་པས་ན་མི་དཔོགས་པ།། དེ་བཞིན་ཡོན་ཏན་རྒྱ་མཚོའི་ཡེ་ཤེས་ཀྱང་།། ཕ་རོལ་རྒོལ་བ་རྣམས་ཀྱི་དཔག་མོ་ནུས། ཛཾ་ལྟར་རྒྱ ་མཚོར་འབབ་པའི་འབབ་ཆུ་རྣམས།། རྣམ་པ་སྣ་ཚོགས་དག་ཀྱང་རོ་ཅིག་འགྱུར།། དེ་བཞིན་རྣམ་པ་སྣ་ཚོགས་ཆོས་ཐོས་ནས།། དེ་དག་རྣམ་པར་གྲོལ་བར་རོ་གཅིག་འགྱུར།། ཇི་ལྟར་ཆུ་འཛིན། ་རྒྱ་མཚོ་ཆེན་པོ་ནི།། སྐྱེ་བོ་གཅིག་གི་དོན་ཕྱིར་མི་གནས་ཏེ།། དེ་བཞིན་བྱང་ཆུབ་ཏུ་ཡང་ཞུགས་པ་དག། དེ་དག་འགྲོ་བ་ཀུན་ལ་ཕན་ཕྱིར་ཞུགས།། ཇི་ལྟར་རྒྱ་མཚོ་རིན་ཆེན་དབྱིངས་ཡིན་ཞིང་།། དེ་ལ་གནྡ ་ནས་ནོར་བུ་རིན་ཆེམ་འབྱུང་།། དེ་བཞིན་རིན་ཆེན་འབྱུང་གནས་སེམས་ཅན་མཆོག། དེ་དག་ལས་ནི་རིན་ཆེན་གསུམ་འདིར་འབྱུང་།། ཇི་ལྟར་རྣམ་པར་མི་རྟོག་རྒྱ་མཚོན།། རྟག་པར་རིན་ཆེན་རྣམ་པ་གསུམ ་འབྱུང་སྟེ། དེ་བཞིན་དེ་དག་ཆོས་རྣམས་སྟོན་པ་ཡང་།། ཐེག་པ་གསུམ་གྱིས་སེམས་ཅན་དག་པར་འགྱུར།། ཇི་ལྟར་འབབ་པ་དང་ན་འགྲམ་ཉིད་ནས།། རྒྱ་མཚོ་ཆེན་པོ་མཐར་གྱིས་གཞོལ་བ་ལྟར།། དེ ་བཞིན་སེམས་ཅན་མཆོག་རྣམས་ཀུན་མཁྱེན་གཞོལ།། སེམས་ཅན་རབ་ཏུ་དགྲོལ་ཕྱིར་རྟག་ཏུ་བརྩོམ།། ཇི་ལྟར་རྒྱ་མཚོ་རོ་དང་། མི་གནས་ཏེ། དེ་དག་གི་ནི་མ་འདྲེས་ཆོས་འདི་ཡིན།། དེ ་བཞིན་བྱང་ཆུབ་མཆོག་ལ་ཞུགས་པ་ཡང་།། དམན་པའི་ཐེག་པ་དང་ནི་གནས་མི་བྱེད།། ཇི་ལྟར་རྒྱ་མཚོ་ལས་བྱུང་རིན་ཆེན་ནི།། རིན་ཆེན་སྡུད་ཅེས་བྱ་བ་སྲ་བསྔགས་པ།། སྲེག་པའི་བསྐལ་པ་བྱུང ་ཡང་མི་ཚིག་སྟེ།། དེ་ཡང་འཇིག་རྟེན་འཇིག་ཚེ་གཞན་དུ་འགྲོ།། དེ་བཞིན་དྲི་མ་མེད་པའི་ཆོས་འཇིག་ཚེ།། བརྩོན་འགྲུས་མཆོག་ལྡན་དེ་དག་འབད་ཅིང་འཛིན།། སྣོད་མིན་འཇིག་རྟེན་ཆོས་མིན་འདོད་རིག ་ནས་ཀ་མཁས་པ་རྒྱལ་བ་གཞན་གྱི་དྲུང་དུ་འགྲོ།། ནམ་ཞིག་སྲེག་པའི་བསྐལ་པ་བྱུང་གྱུར་ཏེ།། ཆུ་མིག་མཚོ་དང་སྟེ་ཀ་སྐམ་པར་འགྱུར།། རྒྱ་མཚོ་འདི་ནི་ཕྱིས་ནས་སྐམ་པར་འགྱུར།། སྟོང་གསུམ ་ཆེན་པོ་འདི་ཡང་རབ་ཏུ་འཇིག་ཉི་ཚེའི་སྤྱོད་ལ་ཉེ་བར་གནས་པ་ཡིན། འདི་ལ་མཆོག་ཏུ་བྱ་བའི་ཆོས་ནུབ་པ། དེ་ཚེ་འདིར་ནི་སེམས་ཅན་མཆོག་ཆོས་འདི།། ལུས་དང་སྲོག་ཀྱང་བོར། ་ནས་སྲུང་བར་བྱེད།། བདེ་གཤེགས་འདས་ནའང་རྟག་པར་བག་བྱེད་པས།། དེ་ནས་རྣམས་ལ་ཆོས་འདི་མི་འཇིག་གོ།། དེ་ལྟར་དེ་རྣམས་བསམས་པའང་རྣམས་པར་དག། ཆོས་ལ་གནས་ཤིང་སྤྱོདཔ ་རྟག་པར་སྤྱོད། ཇི་ལྟར་རྒྱ་མཚོ་སེམས་ཅན་ཚད་མེད་གནས།། སེམས་ཅན་གཅིག་གི་དོན་དུ་མི་འདུག་པ།། དེ་བཞིན་འཇིག་རྟེན་ཐམས་ཅད་རྣམ་སྤྲུལ་བྱེད།། གྲགས་པ་ཆེན་པོ་འདི་དག་རབ་ཏུ་འ། ་འཇིག་རྟེན་ཁམས་འདི་རྒྱ་མཚོ་ཇི་སྙེད་པ།། མ་ལུས་པར་ནི་ཚད་རྣམས་ཤེས་རུང་ཡང་།། རྒྱལ་བ་དེ་དག་ཀུན་གྱི་སྤྱོད་པ་ནི།། དགྲ་བཅོམ་རང་རྒྱལ་དག་གིས་ཤེས་མི་ནུས།། མ་ལུས་ཕྱོགས་ཀྱི་ནམ། ་མཁའི་དབྱིངས་རྣམས་ཀྱང་།། མཆོག་རྣམས་ཀྱི་ནི། ཚད་གཟུང་ནུས་སྲིད་ཀྱི།། ན་མཁའ་བས་ཀྱང་ལྷག་པ་དེ་དག་གི། ཡོ་། ཤེས་ཚད་ནི་རྣམས་ཀྱང་གཟུང་མི་ནུས།། བྱང་ཆུབ་སེམས་དང ་བརྩོན་འགྲུས་བརྟུལ་བརྟན་ཞིང་།། གང་དག་འཇིག་རྟེན་མ་ལུས་དགྲོལ་བའི་ཕྱིར།། རྒྱ་ཆེ་ཡངས་པའི་སེམས་རབ་གཞོལ་བྱས་པོ།། འོད་སྲུང་དེ་དང་མཚུངས་མེད་ག་ལ་ལྷག། དེ་དག་རིན་ཆེན ་འབྱུང་གནས་རྒྱ་མཚོ་འདྲ།། དེ་དག་བསོད་ནམས་ཡིན་ལ་བསོད་ནམས་ཞིང་།། དེ་དག་དཔྱད་པའི་རྒྱལ་པོ་སྨན་པའི་མཆོག། སེམས་ཅན་ཡུན་རིང་ན་པ་ཐར་བར་བྱེད།། དེ་དག་གནས་ཡིན་སྐྱབས ་དང་དཔུང་གཉེན་ཏེ།། སྐྱོབ་པ་སྒྲོན་མ་དེ་བཞིན་འོད་བྱེད་པ།། སྐྱེ་བོ་མདོངས་པ་རྣམས་ཀྱི་མིག་སྐྱེད་པ།། དེ་ཐོབ་པས་ནི་དེ་དག་བདུད་རྩི་འཐོབ།། དེ་དང་དེ་དག་ཆོས་ཀྱི་རྒྱལ་མཆོག་འབར།། དེ་རྣམས་བརྒྱ ་བྱིན་དོན་མང་སེམས་པ་སྟེ།། ཚངས་པ་བསམ་གཏན་བཞི་ལ་གནས་པ་ཡིན།། དེ་དག་ཚངས་པའི་ཆོས་ཀྱི་འཁོར་ལོ་བསྐོར།། དེ་དག་དེད་དཔོན་མཁས་པ་འདྲེན་པ་སྟེ།། ལོག་པའི་ལམ་དུ་གནས་ལ་ལམ ་སྟོན་པ།། དེ་དང་དེ་དག་བདུད་འཇོམས་དཔའ་བོ་སྟེ།། སེམས་ཅན་དམ་པ་བྱང་ཆུབ་སྙིང་པོར་གནས།། དེ་དག་ཆོས་དཀར་ཚད་མེད་ཟླ་བ་བཞིན།། དེ་དག་འོད་ཟེར་མངོན་འཕགས་ཉི་མ་འདྲ།། སྤྲིན་ལྟ་བུ་ཡང ་ཚད་མེད་བློ་སྒྲོགས་ཤིང་།། འཇིག་རྟེན་གསུམ་དུ་བདུད་རྩིའི་ཆར་པ་འབེབས།། དེ་དག་སེང་གེ་ལྟ་བུར་འཇིགས་སྐྱོན་མེད།། གླང་པོ་ཆེ་ལྟར་ཤིན་ཏུ་དུལ་བའི་སེམས།། དེ་དག་རི་རབ་རི་བོ་འདྲ་མཚུངས་ཏེ།། ་དེ་དག་ཕ་རོལ་རྒོལ་བས་མི་ཐུབ་བོ།། དེ་དག་རྣམ་པར་དང་བ་ཆུ་བཞིན་ཏེ།། རྟག་ཏུ་བསྙེན་པར་དཀའ་བ་མེ་དང་འདྲ།། དེ་དག་རླུང་ལྟར་རྟག་ཏུ་ཆགས་མེད་ཅིང་།། ས་དང་འདྲ་བར་ཐ་བ་རབ་ཏུ་སྤངས།། གནོད ་སེམས་ང་རྒྱལ་ཐབ་ཕྲག་དོག་བྲལ།། དེ་དག་རྩཝ་འ། མ་ཤིང་ལྟར་རྟོག་པ་མེད།། འཇིག་རྟེན་ཆོས་རྣམས་བརྒྱད་པོས་མ། གོས་ཤིང་།། དེ་དག་ཚུལ་ཁྲིམས་རྣམ་དག་པདྨ་བཞིན།། དེ་དག ་ཨུ་དུམ་འབར་བའི་མེ་ཏོག་ལྟར།། དགེ་ཞིང་བསྐལ་པ་བྱེ་བར་སྒྲ་ཐོས་དཀའ།། དེ་དག་རྐང་གཉིས་གཅོལ་བྱས་པ་གཟོ།། དེ་དག་སངས་རྒྱས་རིགས་ལ་གནས་པར་བརྩོན།། དེ་དག་སྙིང་རྗེ་ཆེ་ཞིང ་བརྟུལ་ཞུགས་བརྟན།། བྱམས་ལ་གནས་དང་དགའ་ལ་མངོན་པར་འཕགས།། འདོད་པའི་ཡོན་ཏན་ལྔ་ལ་བཏང་སྙོམས་ཞིང་།། རྟག་ཏུ་རྒྱལ་བ་དག་གི་ནོར་རྣམས་ཚོལ།། དེ་དང་དེ་དག་སྦྱིན་པས་ཁྱད ་བར་སོང་།། ཡེ་ཤེས་ཚུལ་ཁྲིམས་ལ་ཡང་རབ་ཏུ་གནས།། དེ་དག་བཟོད་པའི་སྟོབས་ཀྱིས་གཅིག་ཏུ་དཔའ།། བརྩོན་འགྲུས་འཕགས་ཤིང་རྟག་ཏུ་མཐུ་དང་ལྡན།། དེ་དག་བསམ་གཏན་མངོན་པར་ཤེ། ་ལ་མཁས། དེ་དག་ཚད་མེད་ཞིང་དུ་འཕྲུལ་གྱིས་འགྲོ། ཐུབ་པ་དམ་མཆོག་ལ་ཡང་ཆོས་ཉན་ཅིང་།། ཇི་ལྟར་ཐོས་པ་དག་ཀྱང་སྟོན་པར་བྱེད།། ཇི་ལྟར་འདི་མོས་རྣམ་པར་འགྲོ་ལ། ་བ་ཡང་།། སྐྱེ་བོ་དག་གི་སྤྱོད་པ་དེ་དག་ཤེས།། ཇི་ལྟར་མོས་པ་མཁས་ཤིང་རྟོགས་པ་སྟེ།། ནན་ཏན་སྙིང་པོར་བྱེད་ཅིང་མུ་སྟེགས་ཐོབ།། འདི་རྣམས་ཚོགས་པ་ལས་ནི་འདི་སྐྱེ་ཞེས།། དེ་དང་དེ་དག་ཆོས ་ཀུན་རབ་ཏུ་ཤེས།། དེ་དག་རྐྱེན་ལ་མགོས་ཤིང་རྟོགས་པ་སྟེ།། མཐའ་གཉིས་ལྟ་བ་སྤངས་ཤིང་མཉམ་ལ་དགའ།། ཆོས་འདི་གང་ནས་འོངས་ཤིང་གར་འགྲོ་ཞེས།། དེ་དག་ཆོས་ལ་ཚུལ་བཞིན ་རྣམ་པར་ལྟ།། ཆོས་ཀུན་འོངས་པ་མི་ཡིན་བྱུང་བ་མིན།། གནས་རཔ་ཆོས་ཉིད་མཚུངས་པར་རབ་ཏུ་ཤེས།། ཇི་ལྟར་ཇི་ལྟར་འདུས་བྱས་བརྫུན་དུ་མཐོང་།། དེ་ལྟར་དེ་ལྟར་སྙིང་རྗེ་ཅན་དུ ་འགྲུབ། མི་བདེ་ཉོན་མོངས་སྐྱེ་བོ་སྡུག་བསྔལ་ཏེ།། དེ་དག་ཐར། རབྱ་ཕྱིར་སྤྱད་པ་སྤྱོད།། ང་དང་ང་ཡི་ཞེས་ནི་རྣམ་བརྟགས་ན།། བྱིས་པ་མི་མཉམ་པ་ལ་བརྩོན་པས་སྤྱོད།། ཆོས་དེ ་ཡང་དག་མ་ཡིན་ཤེས་ནས་ནི།། ལྟ་བ་སྤངས་པའི་ཕྱིར་ནི་ཆོས་ལ་སྤྱོད།། བདག་མེད་བདག་ཏུ་མི་སྡུག་སྡུག་པར་ཏེ།། སྡུག་བསྔལ་བདེ་བར་མི་རྟག་རྟག་པར་ཡང་།། སེམས་ལོག་སོ་སོའི་སྐྱེ ་རྣམས་ལ་ནི།། འཁོར་བའི་སྔོན་གྱི་མཐའ་ཡང་ཡོད་མ་ཡིན།། དེ་དག་ལོག་པའི་སྦྱོར་བ་དེ་ཤེས་ནས།། འདི་ལ་སེམས་ཅན་མིང་དང་གང་ཟག་མེད།། གང་ལ་བདག་སྡུག་རྟག་བདེ་མེད་པ་ཡི།། ཡང་དག ་སྦྱོར་བ་ལ་ཡང་རྣམ་པར་སྒོམ།། འོད་སྲུང་དེ་ཡི་ཡོན་ཏན་འདི་བརྗོད་པ།། ས་ཡི་རྡུལ་ཕྲན་ཇི་བཞིན་ཕྱོགས་ཙམ་སྟེ། བྱང་ཆུབ་སེམས་དཔའ་ཡོངས་དག་སྤྱོད་སུ་གང་།། དེ་དག་ཡེ་ཤེས་སྔགས ་པ་མཐར་ཡས་སོ།། སྟོང་གསུམ་འཇིག་རྟེན་མཆོད་པ་ཅི་ཡོད་པ།། ཀུན་གྱིས་བྱང་ཆུབ་སེམས་དཔའ་དེ་ལ་མཆོད།། དེ་ལས་ལྷག་པར་ཡང་ནི་མཆོད་འོས་ཏེ།། རྒྱལ་བའི་ཐུགས་སྲས་དག་ནི་ཕྱིར་མི ་ལྡོག་གང་རྣམས་སངས་རྒྱས་འགྱུར་བར་བརྩོན་ལྡན་པ།། དེ་དག་གིས་ནི་ང་དང་མ་བྱོན་དང་།། གང་ཡང་མྱ་ངན་འདས་པའི་རྒྱལ་བ་དང་།། མ་ལུས་ཕྱོགས་བཞུགས་རིམ་གྲོ་བྱས་པར་འགྱུར།། ་དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲསོ།། འཇམ་དཔལ་ཇི་ནས་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་རབ་ཏུ་སྤྱོད་པ་དང་། རྒྱས་པར་འགྱུར་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དྲག་པར་རྫོགས་པའི་སངས་རྒྱས་ལ་གསོལ་བ་ཐོབ ་ཤིག། དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོནུར་གྱུར། པས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲ་སོ།། ཚང། ས་པ་དེ་ཇི་སྙམ་དུ་སེམས།། ཆོས་ཀྱི་རྣམ་གྲངས་འདི་ལ ་ཆོས་གང་དེ་བཞིན་གཤེགས་པས། བྱིན་གྱིས་བརླབས་པར་བྱ་བའི་ཆོས་གང་ཡང་དེ་བཞིན་གཤེགས་པས་ཡོངསུ་བསྟན་ཏམ། སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ནོ།། འཇམ་དཔལ་གྱི། ་སྨྲས་པ། ཚངས་པ་དེ་ལྟ་བས་ན། འདི་ལ་བརྗོད་པ་མེད་པས་ན། ཆོས་ཐམས་ཅད་བྱིན་གྱིས་མ་བརླབས་པ་སྟེ། དེ་ནི་ནུབ་པར་མི་འགྱུར་ཞིང་བསྲུང་བར་བྱ་བ་མ་ཡིན་ནོ།། ཚངས་པ་གང་ཆོས་གང ་ལ་ཡང་བྱིན་གྱིས་བརླབས་འདོད་པ་དེ་ནི་ནམཔ་འབྱིན་གྱིས་བརླབས་པར་འདོད་དེ།། ཚངས་པ་བྱང་ཆུབ་སེམས་དཔའ་གང་ཆོས་གང་ཡང་བས་ལེན་མད་ནི་ཆོས་སྦ་བ་མ་ཡིན་ནོ།། དེ ་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྨྲ་བ་ཐམས་ཅད་ལས་ཕྱིར་ལྡོག་པ་ནི་རྩོད་པ་མེད་པ་ལྷུར་བྱེད་པ་ཡིན་ནོ།། ཚངས་པ་བྱང་ཆུབ་སེམས་དཔའ་གང་དག་ནི ་སྙམ་དུ་འཁོར་འདིར་ཆོས་འདི་བསྟན་ཏོ།། སྙམ་དུ་སེམས་ན། དེ་དག་ལ་ཆོས་ཐོས་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཐོས་པ་མེད་པ་ནི་ཆོས་ཐོས་པའོ།། སྨྲས་པ། འཇམ་དཔལ་ཐོས་པ་མེད་པ་ནི་ཆོས ་ཟོས་པའོ།། ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་ཟེར། སྨྲས་པ། ཚངས་པ་མིག་དང་རྣ་བ་དང་སྣ་དང་ཁྲེ་དང་ལུས་དང་ཡིད་ཀྱིས་ཐོས་པ་མེད་པ་ནི་ཆོས་ཐོས་པ་སྟེ། གང་སྐྱེ་མཆེད་དེ་དག་ནས ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་ལ་མི་འཛག་པ་དེ་དག་ནི་ཆོས་ཐོས་པའོ།། དེ་ནས་འཁོར་དེ་ནས་ལྷའི་བུ་སྟོང་ཕྲག་སུམ་ཅུ་རྩ་གཉིས་དང་། དགེ་སློང་སྟོང་ཕྲག་ལྔ་དང ་དགེ་སློང་མ་སུམ་བརྒྱ་དང་། དགེ་བསྙེན་བརྒྱད་བརྒྱ་དང་། དགེ་བསྙེན་མ་བརྒྱད་བརྒྱ་དེ་དག་ཐམས་ཅད་ཀྱིས། འཇམ་དཔ་། ལ་གྱིས་བསྟན་པ་འདི་ཐོས་ནས་མི་སྐྱེ་བའི་ཆོས ་ལ་བཟོད་པ་རབ་ཏུ་ཐོབ་སྟེ། ཚིག་ཀྱང་འདི་སྐད་དུ་འཇམ་དཔལ་དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཐོས་པ་མེད་པ་ནི་ཆོས་ཐོས་པའོ་ཞེས་འཛེར་ཏོ།། དེ་ནས་ཚངས་པ་ཁྱད་པར་སེམ ་ཀྱིས་བཟོད་པ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲ་སོ།། ཁྱེད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་སམ། སྨྲས་པ། ཚངས་པ་ཐོས་པ་མེད་པའི་ཚུལ་གྱིས་ཐོ་སོ།། ་སྨྲས་པ། ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟ་བུར་ཤེས། སྨྲས་པ། ཇི་ལྟར་ཤེས་པ་མེད་པ་དང་། རྣམ་པར་ཤེས་པ་མེད་པ་དེ་ལྟར་རོ།། སྨྲས་པ། ཁྱོད་ཀྱིས་ཆོས་གང་རབ་ཏུ་ཐོབ་པས ་བཟོད་པ་རབ་ཏུ་ཐོས་པར་འགྱུར། སྨྲས་པ། ཆོས་ཐམས་ཅད་རབ་ཏུ་ཐོབ་པ་མེད་པའི་ཕྱིར་རོ།། སྨྲས་པ། ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་རྟོགས་པར་བྱ། སྨྲས་པ། རྟོགས་པར་བྱ་བ་མེད་པའི་ཚུལ། ་གྱིསོ་ཥ་སྨྲས་པ། ཆོས་བསྟན་པ་འདི་ཁྱེད་ཀྱིས་མངོན་སུམ་ཡིན་ནམ། སྨྲས་པ། ཚངས་པ་ཆོས་ཐམས་ཅད་བདག་དང་གཞན་མེད་པའི་ཕྱིར་མངོན་སུམ་ཡི་ནོ།། དེ་ནས་འཁོར་དེ་ཉིད་དུ་ལྷའི་བུ་དྲི ་མ་མེད་པའི་རྟོག་ཅེས་བྱ་བ་འདུས་པར་གྱུར་པ་དེས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ།། ཚངས་པ་གང་ཆོས་ཀྱི་རྣམ་གྲངས་འདི་ལས་ཆུང་ངུ་ན་ཉན་པར་འགྱུར་བ་དེ་དག ་གལ་ཏེ་དེ་བཞིན་གཤེགས་པས་ལུང་མ་བསྟན་ཀྱང་ཁོ་བོས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུངབསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་ཆོས་ཀྱི་རྣམ ་གྲངས་འདི་ནི་འབྲས་བུ་དང་ས་བོན་ཆུད་མི་གཟོན་པའོ།། འཕག་ས་པ་ཡང་དག་པར་ཞུགས་པ་ཐམས་ཅད་ཀྱིས་ཡོངསུ་གཟུང་བའོ།། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྐྱེད་པ ་བདུད་དང་ཕྱིར་རྒོལ་བ་ཚར་གཅོད་པའོ།། བར་དུ་གཅོད་པ་ཐམས་ཅད་དང་བྲལ་བའོ།། དང་བ་བསྐྱེད་པར་བྱེད་པའོ།། དད་པ་དང་ལྡན་པ་རྣམས་དགའ་ཞིང་དགུ་པར་བྱེད་པའོ།། སངས་རྒྱས་ཐམས་ཅད ་ཀྱིས་ཤིན་ཏུ་ཡོངསུ་གཟུང་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ལེགས་པར་བསྲུངས་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཅིག་ཏུ་ངེས་པ་སྟེ་ཕྱིར་མི་ལྡོག ་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་མི་སླུ་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བདེ་བའི་འབྲུང་གནསོ།། ཆོས་ཀྱི་རྣམ་གྲངས་འདི་ན་ཆོས་ཀྱི། ་འཁོར་ལོ་བསྐོར་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་འགྱོད་པ་རྣམས་སེལ་བར་བྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་འཕགས་པའི་ལམ་རྣམ་པར་སྦྱོང་བའོ།། ཆོས་ཀྱི ་རྣམ་གྲངས་འདི་ནི་ཐར་པར་འདོད་པ་རྣམས་ཀྱིས་ལེགས་པར་ཐོས་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་གཟུང་འདོད་པ་རྣམས་ཀྱིས་ལེགས་པར་བཟུང་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་བསོད་ནམས ་འདོད་པ་རྣམས་ཀྱིས་ལེགས་པར་རབ་ཏུ་བསྟན་པའོ།། ཆོས་ཀྱི་རྣམ་གྲངས་འདིར་ཆོས་འདོད་པ་རྣམས་ཀྱིས་ལེགས་པར་བསྲུང་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་མྱ་ངན་ལས་འདས་པར་འགྲོ་བའི་ཕྱི ་གྲངས་མེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཕ་རོལ་རྒོལ་བ་དམིགས་པ་ཅན་གྱིས་མི་འཕྲོགས་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་སྦྱིན་པར་འོས་པ་རྣམས་དང་འཐུན་པའོ།། ཆོས་ཀྱི་རྣམ་གྲངས ་ཛ་ན་མཁས་པ་རྣམས་དགའ་བར་བྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ལྟ་བ་ངན་པ་དང་བྲལ་བས་ཤེས་རབ་བསྐྱེ་ད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་གཏི་མུག་འཇོམས་པར ་བྱེད་པས་ཡེ་ཤེས་བསྐྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཡི་གེའི་ཚིག་ངེས་པས་ཤིན་ཏུ་ངེས་པའི་ཚིག། ཆོས་ཀྱི་རྣམ་གྲངས་འདི་ནི་འབྲུ་འབྲེལ་པས་ལེགས་པར་བསྟན་པའོ།། ཆོས་ཀྱི་རྣམ ་གྲངས་འདི་ནི་དོན་དམ་པ་ཡང་དག་པར་སྟོན་པས་དོན་ཡང་དག་པར་བསྐྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཆོས་བརྗོད་པ་རྣམས་ཀྱིས་ཡོངསུ་མ་བཏང་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཤེས ་པ་དང་ལྡན་པ་རྣམས་ཀྱིས་མ་བོར་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ནོར་འདོད་པ་རྣམས་ཀྱིས་གཏེར།། ཆོས་ཀྱི་རྣམ་གྲངས་འདི་ནི་ཀུན་ཏུ་གདུངས་པ་རྣམས་ཡོངསུ་གདུང་བ་མེད་པར་བྱེད་པའོ།། ་ཆོས་ཀྱི་རྣམ་གྲངས་འདི་ནི་བྱམས་པ་ལ་གནས་པ་རྣམས་ཀྱིས་མཉམ་པ་ཉིད་སྐྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ལེ་ལོ་ཅན་རྣམས་ཀྱི་བརྩོན་འགྲུས་བསྐྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་བརྗེད ་ངས་པ་རྣམས་ཀྱི་བསམ་གཏན་བསྐྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཤེས་རབ་འཆལ་བ་རྣམས་ལ་སྣང་བར་བྱེད་བའོ།། ཚངས་པ་ཆོས་ཀྱི་རྣམ་གྲངས་འདི་ལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤིན ་ལེག་གནསོ།། དེ་ནས་ལྷའི་བུ་དེས་ཆོས་ཀྱི་རྣམ་གྲངས་འདིའི་བསྔགས་པ་བསྟན་པ་ན། སྟོང་གསུམ་གྱི་སྡོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོ་སོ།། བཅོམ་ལྡན་འདས་ཀྱིས ་ཀྱང་ལྷའི་བུ་ལ་ལེག་སོ་ཞེས་བྱ་བ་བྱིན།། དེ་ནས་བཅོམ་ལྔ་ངན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ་འདིས་སྔོན་གྱི་ཡང་དག་པར་རྫོགས ་པའི་སངས་རྒྱས་དག་ལས་ཆོས་ཀྱི་རྣམ་གྲངས་འདི་སུན་ཐོས་སམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ལྟ། འི་བུ་འདིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུ་རྩ་བནི་ལས ་ཆོས་ཀྱི་རྣམ་གྲངས་འདི་ཐོས་ཏེ། ཚངས་པ་ལྷའི་བུ་དྲི་མ་མེད་པའི་རྟོག་འདི་བསྐལ་པ་བརྒྱ་སྟོང་ཕྲག་བཞི་བཅུ་རྩ་གཉིས་ན། འཇིག་རྟེན་གྱི་ཁམས་རིན་ཆེན་ལྡན་དུ་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པ ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།། གང་ཡང་དེའི་བར་དུ་སངས་རྒྱས་འབྱུང་བ་དེ་དག་ཐམས་ཅད་ལ་ཡང་མཉེས་པར་བྱེད་པར་འགྱུར།། བསྐུར་སྟིར་བྱེད་པར་འགྱུར་ཏེ། སངས་རྒྱས་བརྩ ་ལྡན་འདས་དེ་དག་ལས་ཆོས་ཀྱི་རྣམ་གྲངས་འདི་ཡང་ཐོས་པར་འགྱུར།། ཚངས་པ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུང་དང་། གནོད་སྦྱིན་དང་། དྲིཿ ་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་བཟོད་པ་རབ་ཏུ་ཐོབ་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་ཆེན་ལྡན ་དུ་སྐྱེ་བར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དྲི་མ་མེད་པའི་ཏོག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་བདག་ནི་བྱང་ཆུབ་མི་འཚལ། མི་སྨོན་མངོན་པར་མི་དགའ་མངོན་པར་མ ་ཆགས། མི་དམིགས། མི་སེམས། མི་རྡོག་རྣམ་པར་མི་རྟོག་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་ལུང་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་འདི་ལྟར་སྐྱེས་བུ་ལ་ལ ་ཞིག་གིས་ཙ་དང་ཤིང་དང་ཡལ་ག་དང་། ལོ་མ་དང་མདབ་མ་དག་མེར་བཅུག་ནས་འདི་སྐད་དུ་རྩཝ་དང་ཤིང་དང་ཡལ་ག་དང་ལོ་མ་དང་། མདབ་མ་དག་མ་ཚིག་ཤིག་ཅེས་སྨྲས་ན། དེ་དེའི་དབང་གིས་མི ་འཚིག་པ་མ་ཡིན།། ལྷའི་བུ་དེ་བཞིན་དུ་འདི་ལྟར་བྱང་ཆུབ། སེམས་དཔའ་བྱང་ཆུབ་ལ་མངོན་པར་མི་དགའ།། མངོན་པར་མ་ཆགས། མི་དམིགས། མི་འདོད་མི་སྨོན་མི་སེམས། རྣམ་པར་མི ་རྟོག་ཀྱང་སངས་རྒྱས་ཐམས་ཅད་ལུང་སྟོན་ཏེ། ལྷའི་བུ་འོན་ཀྱང་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ལ་མངོན་པར་མི་དགའ།། མངོན་པར་མ་ཆགས་མི་དམིགས། མི་འདོད་མི་སྨོན། མི་སེམས། རྣམ་པར ་མི་རྟོག་པ་དེ་ལ་དེ་བཞིན་གཤེགས་པ་རྣམས་ལུང་སྟོན་ཏོ།། དེ་ནས་འཁོར་དེར་ལྔའི་བུ་ལྔ་བརྒྱ་ཙམ་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་བྱང ་ཆུབ་ལ་མངོན་པར་མི་དགའ་མངོན་པར་མ་ཆགས། མི་དམིགས། མི་འཚལ་། མི་སྨར་མོ་རྟོག་རྣམ་པར་མི་རྟོག་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་ལུང་མི་བསྟན།། དེ་ནས་སངས་རྒྱས་ཀྱི་མཐུས་སྟེང་གི་བར་སྣང་ལ་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་གིས་དེ་དག་བླ་ན་མེད་པ་ཡང་དག་པར། ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདི་སྐད་དུ་བྱང་ཆུབ་སེམས་དཔའ་གང ་བྱང་ཆུབ་ལ་མངོན་པར་མི་དགའ། མངོན་པར་མ་ཆགས། མི་དམིགས། མི་འདོད། མི་སྨོན་མི་སེམས་མི་རྟོག། རྣམ་པར་མི་རྟོག་པ་དེ་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུ་རོ་ཞེས་ལེགས་པར་གསུང ་པ་དེ་ནི་ངོ་མར་ཏེ། བཅོམ་ལྡན་འདས་བདག་ཅག་གིས་སྟེང་གི་ཕྱོགས་ན། སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་བནི་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་བདག་ཅ ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོང་ངོ་ཏོ།། དེ་ནས་འཇམ་དཔལ་གཞོ་ནུར་གྲུར་པས། བཅོམ་ལྡན་འི་ངས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་སླད ་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་འཛམ་བུའི་གླིང་འདིར་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པ་དང་། ཡུན་རིང་དུ་གནས་པར་འགྱུར་བ་དང་། རིགས་ཀྱི་བུ་མོ་གང་དག་གོ་ཆ་ཆེན་པོ་བགོས་པ་དག་གི་རྣ་ལམ་དུ ་གདའ་བར་འགྱུར་བ་དང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་བདུད་ཀྱི་ལས་སྐྱེས་ཤིང་ཟུང་བ་རྣམས་ཀྱི་དབང་དུ་མི་མཆི་བ་དང་། དེ་དག་ལ་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་དག་གིས་གླགས་རྙེད་པར་མི ་འགྱུར་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ཡོང་སུ་བཟུང་ཞིང་གོ་མཆེན་པོ་བགོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངསུ་མི་ཉམས་པར་བྱིན་གྱིས་བརླ་བ་སྔར་གསོལ།། བཅོམ་ལྡན། ་འདས་ཀྱིས་བཀའ་སྩལ་གའ་མདཔ་འ་དེ་བས་ནཆོས་ཀྱི་རྣམ་ཐས་འང་བྱེ་ཀྱིས་ཐ་པ་དང་། ཡུན་དྲུགནས་པར་བྱ་འི་ཕྱིར་ལྡུ་ང། ནང་སྦྱི་དང་། དང་། ་ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་འབེབས་པ་ཞེས་བྱ་བའི་རིག་པ་དང་། སྔགས་ཀྱི་ཚིག་འདི་བཤད་ཀྱིས་ཉོན་ཅིག། རིག་པ་དང་སྔགས་ཀྱི་ཚིག་དེ་བཅང ་པས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཆོ་སྨྲ་བ་དེ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་རྣམས་ཀྱིས་ཡོངསུ་བསྲུང ་བ་རབ་ཏུ་འཐོབ་སྟེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་དེ་དག་ལས་འམ། ལམ་ལོག་པར་སོང་ངམ། གཙུག་ལག་ཁང་དུ་སོང་ངམ། གནས་ཁང་དུ་སོང་ངམ། འཆགས་པ་ལ་ཞུགས་སམ། འཁོར་གྱི་ནང་དུ ་སོང་ཡང་རུང་སྟེ། སྲུང་བར་བྱེའོ།། སྤོབས་པ་སྐྱེད་པར་བྱེད། དྲན་པ་དང་། བློ་གྲོས་དང་། རྟོགས་པའི་སྟོབས་བསྐྱེད་པ་ཉེ་བ.རསྦྱོར་ཏེ། དེ་ལ་ཕ་རོལ་གྱི་རྒོལ་བ་འམ། ཕས་ཀྱི་དགྲ་གླགས་ཚོལ ་བདག་གིས་གླགས་ཀྱང་རྙེད་པར་མི་འགྱུརོ།། དེ་དྲན་ཞིང་ཤེས་བཞིན་དུ་ལྡང་བར་འགྱུར། འཆགས་པར་འགྱུར། འདུག་པར་འགྱུར། ཉལ་བར་འགྱུརོ།། འཇམ་དཔལ་དེ་ལ་རིག་པ་དང་སྔགས་ཀྱི་ཚིག ་དེག་གང་ཞེ་ན། འདི་ལྟ་སྟེ། ཨུ་དྷུ་རེ་དྷུ་དྷུ་ར~ཾ། མནྡ་ད་ཊེ། ཙང་ཊེ། གོ་ཙ་རེ་ཤ~ཾ་ལེ་ལི། ཏི་ལི་མཻ་ལི། ཐི་ལི་ཛི་མཾ་ལི། ཧུ་ལུ་ཧུ་ལུ་ཧུ་ལུ། ཨེ་བད་ཊེ། བེ་ཏཊེ། ཁ་ཁ་རེ། ཐ་རེ། ཁ་ར་ཀྵེ་ཨཱ་སན་ནེ། ག་ཏི་མ་ཧེ་ལེ་མཱ་ན་ཤཱ ་ནེ་མཱ་ན་སེ་བར་གན་དྷེ། སརྦ་རུ་ཏི་ར་དཱི་བ་ག་ཏེ། སིན་དྷ་ལེན་མོ་བུདྡྷེ་བྷྱ། ཙཱ་རིང་ཏྲེ། ན་མོ་དྷརྨཱ་ལ། ནི་དྷ་ཏ་ནི། ན་མཿསང་གྷ་གབཱ་ཧི་ཏ་བ་བེ། བྲུ་བ་ཤཱན་ཏ་ནི། སརྦ་པཱ་ག་ན་མཻ་ཏཱཾ་མེ། སརྦ་བྷུ་ཏེ་བྷྱ། སང་ཏྱ་ནི ་ཤོ་བྲ་ཧྨ་བ་བྷྱོ། ཨ་ཧཱ་རིའི་བྷི། པྲ་ཤས། ཏད་ཏྲ་ཏྲིཤཱན་ཏེ་སརྦ་པཱུ་ཏགྲ་ཧ། ནམ་ས་རྦ་བུདྡྷེ་བྷྱ། སིད་དྷུན་ཏུ་མེ་མན་ཏྲ་བ་དཱ་སྭཱ་ཧཱ། འཇམ་དཔལ་རིག་པ་དང་སྔགས་ཀྱི་ཚིག་འདི་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི ་རྣམ་གྲངས་འདི་ལ་བརྩོན་ག་རྟག་ཏུ་ཤེས་བཞིན་དང་ལྡན་པ་མི་རྒོད་པ། ཁེངས་པ་མེད་པ། སེམས་མི་གཡེངས་པ། ཀུན་ཏུ་སྤྱོད་པ་གཙང་བ། སོགས་པ་དང་བྲལ་བ་ཆོག་ཤེས་པ། བས་མཐའི་གནས་མལ་ལ ་མངོན་པར་དགའ་བ། འདུ་འཛི་ཉུང་བ། ལུས་དང་སེམས་དབེན་པ། བྱམས་པ་དང་། སྙིང་རྗེ་ལ་མངོན་པར་དགའ་བ། ཆོས་ལ་དགའ་ཞིང་མོས་པ། བདེན་པའི་ཚིག་ལ་རབ་ཏུ་གནས་པ། མི་སྐུ་བ། ནང་དུ་ཡང་དག ་འཇོག་ལ་མངོན་པར་དགའ་ག། ཚུལ་བཞིན་ཡིད་ལ་བྱེད་པ། རལ་བརྩོན་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བྲལ་བ། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུང་བ་ལ་མངོན་པར་དགའ་བ་རྙེད་པ ་དང་མ་རྙེད་པ་ལ་སེམས་མཉམ་པ། མྱ་ངན་ལས་འདས་ལ་མངོན་དུ་ཕྱོགས་པ། འཁོར་བས་འཇིག་ཤིང་སྐྲག་པ། སྡུག་པ། དང་མི་སྡུག་པ་ལ་སེམས་མཉམ་པ། འདུ་ཤེས་སྣ་ཚོགས་དང་། ་བྲལ་བ། ལུས་དང་སྲོག་འདོར་བ་དངོས་པོ་ཐམས་ཅད་ལ་མི་བལྟ་བ། སྤྱོད་པ་དང་ཆོ་ག་ཕུར་སུམ་ཚོགས་པ། ཚུལ་ཁྲིམས་དང་སྡོམ་པ་ལ་མངོན་པར་དགའ་ག་བཟོད་པ་དང་ངེས་པ་མང་གདན་དུ་ཟེར་བ ་བཟོད་པའི་རང་བཞིན་ཅན། བརྩོན་འགྲུས་བརྩམས་པ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་ཅེས་བྱ་བ་ལ་བརྩོན་པ། བཞིན་འཛུམ་པ་ཁྲོ་གཉེར་དང་བྲལ་བ། གསོང་པོར་སྨྲ་གང་རྒྱལ་བཅོམ ་པ་དེས་པ། འགྲོགས་ན་བདེ་བ། དེ་ལྟ་བུའི་སྤྱོད་པ་ལ་རབ་ཏུ་གནས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་འཇམ་དཔལ་སྔགས་ཀྱི་ཚིག་འདི་རབ་ཏུ་གདོན་པར་བྱའོ།། འཇམ་དཔལ་དེ་ལྟར་ན། ་ཆོས་སྨྲ་བ་དེ་ཚེ་འདི་ཉིད་ལ་སྟོབས་བསྐྱེད་པ་བཅུ་རབ་ཏུ་འཐོབ་བོ།། བཅུ་གང་ཞེ་ན། མི་བརྗེད་པའི་ཆོས་ཉིད་པས་དྲན་པའི་སྟོབས་བསྐྱེད་པ་དང་། ཆོས་རབ་ཏུ་འབྱེད་པ་ལ་མཁས།། ་པས་བློ་གྲོས་ཀྱི་སྟོབས་བསྐྱེད་པ་དང་། མདོ་སྡེའི་ཚུལ་ཁོང་དུ་ཆུད་བས་རྟོགས་པའི་སྟོབས་བསྐྱེད་པ་དང་། སྡོམ་པ་དང་སྤྱོད་པ་མི་གཏོང་བས་དད་པའི་སྟོབས་བསྐྱེད་པ་དང་། བདག་དང་གཞན་བསྲུང ་པས་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པའི་སྟོབས་བསྐྱེད་པ་དང་། ཤེས་རབ་ཡོང་སུ་རྫོགས་པས་ཐོས་པའི་སྟོབས་བསྐྱེད་པ་དང་། ཐོས་པ་ཐམས་ཅད་ཡོང་སུ་འཛིན་པས་གཟུངས་ཀྱི་སྟོབས་བསྐྱེད་པ་དང་། ས ་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཡོང་སུ་བཟུང་བས་སྤོབས་པའི་སྤོབས་བསྐྱེད་པ་དང་། མངོན་པར་ཤེས་པ་ལྔ་རབ་ཏུ་ཐོབ་པས་ཟབ་མོའི་སྤོབས་བསྐྱེད་པ་དང་། མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ ་ཤེས་ཡོང་སུ་རྫོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་བསྐྱེད་པ། སྟེ་འཇམ་དཔལ་སྤྱོད་པ་ལ་ཞུགས་པའི་ཆོས་སྨྲ་བ་གང་རིག་པ་དང་། ང་། སྔགས་ཀྱི་ཚིག་འདི་རབ་ཏུ་འདོན་པ་དེ་ནི་སྟོབས་བསྐྱེད ་པ་དེ་བཅུ་རབ་ཏུ་ཐོབ་པར་འགྱུརརོ།། རིག་པ་དང་སྔགས་ཀྱི་ཚིག་བསྟན་པ་འདི་བཅོམ་ལྡན་འདས་ཀྱིས་བཤད་པའི་ཚེ། རྒྱལ་པོ་ཆེན་པོ་བཞི་སྐྲག་ཅིང་བ་སྤུ་ལངས་པར་འགྱུར་ཏེ། གཡོག་བརྒྱ་སྟོང་ཕྲག་དུ ་མ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག ་ཅག་རྒྱལ་པོ་ཆེན་པོ་བཞི་པོ་འདི་དག་ནི་རྒྱུན་ཏུ་ཞུགས་པ། དེ་བཞིན་གཤེགས་པའི་བཀའ་སྒྲུབ་པར་བགྱིད་པ་སྟེ། གཉེན་པཤེས་དང་བཅས་འཁོར་དང་བཅས་པས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཆོས་སྒྲ། ་བ་དང་། ཆོས་སྟོན་པ་གང་མདོ་སྡེ་འདི་ལྟ་བུ་འཆང་བ་དང་། ཀློག་པ་དེ་དག་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་བསྲུང་བ་དང་། སྐྱས་དག་སྦ་བར་བགྱིའོ།། དེ་དག་གྲོང་ངམ་གྲོང་ཁྱེར་རམ། ལྗོངས་སམ།། ་ལྗོས་ཀྱི་ཕྱོགས་གང་ན་གནས་ཀྱང་རུང་། ཁྱིམ་པ་འམ། རབ་ཏུ་བྱུང་བའང་རུང་སྟེ། བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་བཞི་སྟོབས་དང་བཅས། འཁོར་བཅས་པས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག ་ནི་རིམ་གྲོ་བགྱི་བར་བདག་ཅག་སླའོ།། སྲུང་བ་དང་། བསྐྱབ་པ་དང་། སྤྲོ་བ་དང་། སྤོབས་པ་དང་། གཞན་གྱིས་གནོད་པར་མི་བགྱི་ཞིང་མི་རྩེ་བར་བགྱི་བའི་སླད་དུ་བདག་ཅག་སྨྲའོ།། བཅོམ་ལྡན་འདས་ས་ཕྱོགས ་གང་ན་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པར་འགྱུར་བའི་ས་ཕྱོགས་དྲེར་དཔག་ཚད་བརྒྱ་ཁོར་ཡུག་ཏུ་ལྷའམ། ཀླུ་འམ། གནོད་སྦྱིན་ནམ། གྲུལ་བུམ་གྱིས་གླགས་མི་སྟོད།། དེ་ནས་རྒྱལ་པོ་ཆེན་པོ་འཕགས ་སྐྱེས་པོས་ཚིག་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། བདག་ལ་བུད། གཉེན་བཤེས་དང་། བྲན་དང་འཁོར་རྣམས་ཅི་མཆིས་པ།། དེ་དང་བང་།། གཅག་འགྲོགས་བཅས་པས།། བདག་པོ་དེ་དག་རིམ་གྲོང་ཀྱི ་དེ་ནས་རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་ཚིག་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། བདག་ནི་ཆོས་ཀྱི་རྒྱལ་པོའི་སྲས།། ཆོས་ལས་སྐྱེས་པ་ཆོས་ཀྱི་སྤྲུལ།། ཁྱོད་ཀྱི་སྲས་གང་བྱང་ཆུབ་ཏུ།། ཞུགས་པ་དེ་དག་རིམ་གྲོ་བ་གྱི།། ་དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་ཚིག་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་གསུངས་པའི་མདོ་སྡེ་འདི།། གང་དག་འཛིན་པར་འགྱུར་བ་རྣམས།། དེ་དག་ཕྱོགས་བཅུ་རྣམ་སུ་ཡང་། བདག་གིས་ཀུནཿ། ་རླུང་བར་གྱི་དེ་ནས་རྒྱལ་བ་ཆེན་པོ་རྣམ་ཐོས་ཀྱི་ལུས་ཚིགསུ་བཅད་པ་དི་སྐད་ཅེས་གསོལ་ཏེ། ག་དག་རྒྱང་ཆུབ་བྲི་བརྒྱན་པ། དེ་ལ་ཅི་དྲངས་པ་ཡི། དེ་རྦ་མཚད་པ་བབྱེད་པ་། མམས་ཅན་ཀུ་གྱིས། ་། མཾ་ནུས། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་བདེན་པའི་རླ་བ་ཞེས་བྱ་བ་དེས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གདུགས་གསོལ་ནས་ཚིག་སུ་བཅང་པ་འདི་སྐད་ཅེས་གསོལ ་ཏོ།། དེ་བཞིན་གཤེགས་ལས་བདག་ཉིད་ཀྱིས།། ཆོས་ཀྱི་རྣམ་གྲངས་གཟུང་བར་བགྱི།། ཕ་རོལ་ལ་ཡང་བསྟན་པར་བགྱི།། བདག་གི་བསམ་པ་དེ་འདྲའོ།། བཅོམ་ལྡན་འདས་ཀྱིས་བདག་སེམས་དང་།། སྔོན་གྱི་སྤྱད་པ། ་ཅི་འདྲ་མཁྱེན།། ཇི་ལྟར་བདག་གིས་སེམས་བདུད་པ།། བདག་ནི་འཇིག་རྟེན་རྣམ་འདྲེན་འགྱུར།། སངས་རྒྱས་དཔག་མེད་སྐྱོབ་པ་ལ།། བདག་གི་གདུགས་འདི་ཕུལ་བ་ཡི།། བདག་ནི་ཐུབ་པ་ཁྱོད་འདྲ་བར།། སྤྱི་གཙུག ་ལྟར་ཡང་མི་གདར་འགྱུར།། སངས་རྒྱས་སྐྱེས་བུ་དམ་པ་ཡང་།། བདག་དགིས་བྱམས་པས་བལྟས་པ་ཡིས།། ཡོངསུ་དག་པའི་མིག་ཐོབ་སྟེ། རྒྱལ་བ་མ་ཕམ་བལྟ་བར་བགྱི།། ཡེ་ཤེས་ཕ་རོལ་ཕྱིན་པ་ཡི།། ་སྟོན་པས་དེ་ནས་ལུང་བསྟན་ཏེ།། ཁྱོད་ནི་འདི་ནས་ཕྱི་དུས་ན། དགའ་ལྡན་དུ་ཡང་སྐྱེ་བར་འགྱུར།། དགའ་ལྡན་ནས་ནི་ཤི་འཕོས་ནས།། རྒྱལ་བ་བྱ་མས་པ་མཐོང་བར་འགྱུར། བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། ་མཆོད་པ་བྱས་ནས་འབྱུང་བར་འགྱུར།། ཁྱོད་ནི་རབ་ཏུ་བྱུང་ནས་ཀྱང་།། ཚངས་པར་སྤྱད་པ་རབ་སྤྱོད་དེ།། བསྐལ་པ་བཟང་འདིར་གང་བྱུང་བ།། བདག་པོ་དེ་དག་མཐོང་བར་འགྱུར། ཐམས་ཅད་ལ་ཡང་མཆོད་བྱས་ཏེ། ཚངས ་པར་སྤྱོད་པ་སྤྱད་ནས་ནི།། བསྐལ་པ་བྱེ་བ་དྲུག་ཅུ་ན།། དེ་ནས་ཁྱོད་ནི་སངས་རྒྱས་འགྱུར།། སངས་རྒྱས་ཞིང་ནི་ལེགས་བརྒྱན་པ།། རིན་ཆེན་གདུགས་ཤེས་བྱ་བར་ནི།། བྱང་ཆུབ་སེམས་དཔའ་ཤ་དག་ལ། ཁྱོད་ནི་ཆོས ་རྣམས་སྟོན་པར་འགྱུར།། ཚེའི་ཚད་ནི་བསྐལ་བར་འགྱུར།། སེམས་ཅན་རྣམས་ལ་ཕན་པའི་ཕྱིར།། མྱ་ངན་འདས་པའི་དམ་ཆོས་ཀྱང་།། མ་འདྲེས་བསྐལ་པ་ཕྱེད་དུ་གནས།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ ་བརྒྱ་བྱིན་གྱིས་གཡོག་བརྒྱ་སྟོང་ཕྲག་དུ་མ་དང་བཅས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་སྨྲ་བ་མདོ་སྡེ་འདི་འཆང་བ་དེ་དག་བསྲུང་བ་དང་། ཡོངསུ་བཟུང་བར་བརྒྱད། ་བསྙེན་བཀུར་དང་རིམ་གྲོར་ཡང་བགྱིའོ།། གང་ན་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་འམ།། ཀློག་པ་དེར་ཅི་ནས་ཀྱང་ཆོས་སྨྲ་བ་དེའི་སྟོབས་དང་མཐུ་དང་ཆོས་ཀྱི་མཚམས་སྦྱོར་བ་སྤོབས་པར་འགྱུར་བར ་བདག་འཁོར་དང་བཅས་ཏེ་ཆོས་ཉན་དུ་མཆིའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་བུ་སྦེང་བྱེད་ཅེས་བྱ་བ་དེས། དོ་ཤལ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་དེ་བཞིན་གཤེགས་པ་ལ་ཕུལ་ནས་ཆོས ་སུ་བཅད་པ་འདི་དག་གསོལ་ཏོ།། ཐུབ་པདག་འདིར་མངོན་སུམ་སྟེ། ཇི་ལྟར་ཁྱོད་ཀྱི་སྔོན་སྤྱད་པ།། དེ་བཞིན་བདག་ཀྱང་སངས་རྒྱས་ཀྱི།། ཡེ་ཤེས་ཚོལ་བར་བསྒྲུབ་པར་བགྱི།། ཁྱོད་ཀྱིས་སྔན་ཆད་མ་སྩལ ་བར་ཡོངསུ་མ་བཏང་ཅི་མ་མཆིས་ཁ་དོག་པ་ཐམས་ཅད་གརྟེ། ང་བ་ཡི།། བདག་ཀྱང་རྗེ་སུ་བསླབ་པར་བགྱི།། ཁྱོད་ཀྱི་མདོ་སྡེ། འདི་ཡང་ནི།། འཇིག་རྟེན་མགོན་ལས་མངོན་དུ་བླངས། ་ཡང་དང་ཡང་དུ་བཤད་པར་བགྱི།། བདག་པོ་ཁྱེད་ལ་བགྱིས་པ་གཟོ།། མདོ་སྡེ་འདི་ལ་སུ་དགའ་བ།། དེ་དག་བདག་གི་སྟོན་པ་འདྲ།། བདག་ནི་སངས་རྒྱས་ཆོས་འཚལ་བས།། དེ་ལ་རྟག་ཏུ་རིམ་གྲོ་བགྱིད། ་དམ་པའི་ཆོས་རྣམས་ཡོངས་སྲུང་བ།། མགོན་པོ་ཉན་ཐོས་མི་ནུས་ཏེ། ཕྱི་དུས་འཇིགས་པ་ཆེན་པོའི་ཚེ།། བདག་གིས་ཡོངསུ་བསྲུང་བར་བགྱི།། མགོན་པོ་བདག་ཀྱང་དབུགས་དབྱུང་གསོལ།། ལྷ ་རྣམས་ཐེ་ཙོམ་བཅད་དུ་གསོལ།། ཐུབ་པ་ཁྱུ་མཆོག་ཁྱོད་འདྲ་བ་མ། ཇི་སྲིད་ཡུན་གྱིས་འགྲུབ་པར་འགྱུར།། ཀུན་མཁྱེན་ཡེ་ཤེས་མཁས་པ་ཡི།། བདེ་བར་གཤེགས་པས་དེ་ལུང་བསྟན།། ་ང་ནི་ཅི་འདྲ་དེ་འདྲ་བར། ཁྱོད་ཀྱང་རྫོགས་པའི་སངས་རྒྱས་འགྱུར། བསྐལ་པ་བྱེ་བ་ཕྲག་སྡོང་དང་། བསྐལ་པ་བྱེ་བ་བརྒྱ་ཡི་ཚེ། འཇིག་རྟེན་དུ་ནི་སངས་རྒྱས་འགྱུར།། མིང་ནི་ཡེ་ཤེས་འབྱུང་། ་ཞེས་བྱ།། བྱང་ཆུབ་ཞི་བ་ཐོབ་ནས་ཀྱང་།། བདུད་རྣམས་རབ་ཏུ་བཏུལ་ནས་ནི།། སེམས་ཅན་བྱེ་བ་ཕྲག་སྟོང་རྣམས།། བྱང་ཆུབ་ལ་ཡང་འགོད་པར་འགྱུར།། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་བསམ་གཏན་ལ་གནས་པ་ཡང་བཏང་སྟེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་སྟོན་པ་དེ་ལ་ནོ།། ་ཉན་དུ་མཆིའོ།། དེ་ཅིའི་སླད་དུ་ཞེ་ན། བརྒྱ་བྱིན་དང་། ཚངས་པ་ནི་འདི་ལས་སྐྱེས་ཏེ། བཅོམ་ལྡན་འདས་བདག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ལ་བསྙེན་བཀུར་དང་། རིམ་གྲོ་བགྱིའོ།། དེ་དག་ནི ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་རིམ་གྲོ་བགྱིད་པ་དང་། མཆོད་པརླ་འོས་པ་ལག་སོ།། དེ་ནས་ཚངས་པ་མི་མཇེད་ཀྱི་བདག་བོས། བཅོམ་ལྡན་འདས་ལ་ཚིག་སུ་བཅད་པ་འདི་སྐད་ཅེས ་གསོལ་ཏོ།། དགེ་སློང་དང་ནི་དགེ་སློང་མ།། དགེ་བསྙེན་དང་ནི་དགེ་བསྙེན་མ།། གང་རྣམས་མདོ་སྡེ་འདི་འཛིན་པ།། སྐྱེ་བོ་ཀུན་གྱི་མཆོད་རྟེན་དེ།། གལ་ཏེ་མདོ་སྡེ་འདི་ལ་ནི།། སེམས་ཅན་གཅིག་འགའ་བཅུ། ་ན་ཡང་།། འགྲོ་བའི་མགོན་པོ་བདག་སྤྲོ་བ།། ཆོས་སྨྲ་བ་ནི་དེ་དག་ལ།། ཁྲི་བསྟན་གང་ལ་དེ་མཆིས་ཏེ།། མདོ་སྡེ་འདི་ནི་རབ་སྟོན་པར།། ཚངས་པའི་འཇིག་རྟེན་མན་ཆད་དུ།། མེ་ཏོག་དགྲམ་པར་བདག་སྤྲོའོ།། ་གང་གི་ལག་ནས་མདོ་སྡེ་འདི། ཕྱི་མའི་དུས་ན་ཐོས་འགྱུར་བ།། དེ་ལ་ཨ་ལ་ལ་ཞེས་ནི། ལེགས་སྤྲས་ལེགས་ཞེས་བརྗོད་པར་བགྱི།། གང་ན་མདོ་སྡེ་འདི་མཆིས་པར།། མེ་ཡི་ཕུང་པོ་གང་བ་ཡི།། ་བྱེ་བ་སྙེད་ཀྱི་ཞིང་རྒལ་ནས།། སྐྱོ་མི་འཚལ་བར་འཆི་བར་བགྱི།། རིན་ཆེན་ཕུང་པོ་རི་རབ་ཙམ།། དགའ་བཞིན་དུ་ནི་ཕུལ་ནས་ཀྱང་།། སངས་རྒྱས་ཀྱི་ཡང་ལམ་སྦྱོང་བ།། མདོ་སྡེ་འདི་ཡང་མཉན་པར་བགྱི།། དེ་ནས། ་བཅོམ་ལྡན་འདས་ཀྱིས་དེའི་ཚེ། རྫུ་འཕྲུལ་མངོན་པར་དུ་བྱ་བ་འདི་ལྟ་བུ་མཛད་དེ།། རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཇི་ལྟ་བུ་མངོན་པར་འདུ་བྱས་པས་བདུད་སྡིག་ཅན་དཔུང་གི་སྟོབས་བཞི་དང་། བཅོམ་ལྡན ་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ནས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་དཔུང་དང་བཅས།། གཡོག་དང ་བཅས་པ་འདི་དག་དེ་བཞིན་གཤེགས་པའི་སྤྱན་སྔར་དམ་བཅས་ཏེ། གང་ན་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པར་འགྱུར་བའི་ལྗོངས་ཀྱི་ཕྱོགས་དེར་ཆོས་ཉན་པ་དང་། ཆོས་སྨྲ་བ་དག་ལ ་བདུད་ཀྱི་ལས་མི་བགྱི་བའི་སྟེང་དུ་བསྲུང་བ་དང་། སྒྲུབ་པ་དང་། ཁར་ཡང་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཟེར་ན། སེར་གྱི་ཁ་དོག་ལྟ་བུས།། སངས་རྒྱས་ཀྱི་ཞིང་འདི་ཁྱབ་པར ་མཛོད། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་འདི་ལྟ་སྟེ། སྐྱེས་བུ་དམ་པ་དམ་པའི་ཆོས་ཡོངསུ་འཛིན་པ་དེ་དག་གི་དམ་པའི་ཆོས་ཡོངསུ་གཟུང་བར ་བྱ་བའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི། དེ་བཞིན་གཤེགས་པས་བྱིན་གྱིས་བརླབ་སོ།། འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ཡུན་ཇི་སྲིད་འཛམ་བུའི་གླིང་འདིར་སྤྱོད་པར་འགྱུར་བ་ཡུན་དེ་སྲིད་དམ ་པའི་ཆོས་ནུབ་པར་མི་འགྱུརརོ།། དེ་ནས་འཁར་དེ་དག་ཐམས་ཅད་དགའ་མགུ་ཡི་རངས་རབ་ཏུ་དགའ་རངས་ཡིད་བདེ་བར་གྱུར་ནས་སྤོས་ཐམས་ཅད་དང་ཕྲེང་བ་ཐམས་ཅད་དང ་བྱུག་པ་ཐམས་ཅད་དང་། མེ་ཏོག་ཐམས་ཅད་དང་། ཕྱེ་མ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ནས། ཚིག་ཀྱང་འདི་སྐད་ཅེས་ཨེ་མ་ཧོ་ཆོས་ཀྱི་རྣམ ་གྲངས་འདི་འཛམ་བུའི་གླིང་ན་ཡུན་རིང་དུ་གནས་པ་དང་། རྒྱས་པར་གྱུར་ཅིག་ཅེས་འཛེར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀལ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས ་ཀྱི་རྣམ་གྲངས་འདི་བཟུང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་བཟུང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བས་ན། ཆོས་ཀྱི་རྣམ་གྲངས་འདི་བཟུང་བ་དང་། བཅངས ་བ་དང་། ཀླག་པ་དང་། ཡང་དག་པར་རབ་ཏུ་བསྟན་པའི་ཕྱིར། ཁྱོད་ལ་ཡོངསུ་གཏད་དོ།། གསོལ་པ། བཅོམ་ལྡན་འདས་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། འཆང་ངམ་། ཀློག་གམ། གཞན་དག ་ལ་སྟོན་ཏམ། ཡི་གེར་བྲིས་པ་ལ་མཆོད་པ་བགྱིད་ན། དེ་བསོད། ནམས་ཇི་ཙམ་ཞིག་བསྐྱེད་པར་འགྱུརབཅོམ་ལྡན་འདས་ཀྱི། ཉེས་བཀའ་སྩལ་པ། ཡི་གེ་དང་ངེས་པའི་ཚིག་ཇི་སྙེད་ཀྱི ་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་བདེ་བའི་ཡོ་བྲད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་བས། གང་ཆོས་ཀྱི་རྣམ ་གྲངས་འདི་འཛིན་པ་དང་། གཟུང་ནས་ཀྱང་གཞན་ལ་སྟོན་པ་དང་། ཀློག་པ་དེ་ནི་དེ་བས་ཀྱང་བསོད་ནམས་མང་དུ་བསྐྱེད།། ཀུན་དགའ་བོ་གང་གིས་དམ་པའི་ཆོས་ཡུན་རིང་དུ་གནས་པར ་བྱ་བའི་ཕྱིར། ཆོས་ཀྱི་རྣམ་གྲངས་གླེགས་བམ་དུ་བྲིས་ཏེ། མཆོད་ན་དེའི་ཚེ་འདི་ཉིད་ལ་གཏེར་འཐོབ་པ་བཅུ་ཐོའོ།། བཅུ་གང་ཞེ་ན། སངས་རྒྱས་ཀྱི་སྤྱན་རབ་ཏུ་ཐོབ་པས། སངས་རྒྱས་མཐོང་། ་གཏེར་དང་། ལྷའི་རྣབས་རབ་ཏུ་ཐོས་པས་ཆོས་ཉན་པའི་གཏེར་དང་། ཕྱིར་མི་ལྡོག་པའི་དགེ་འདུན་རག་ཏུ་ཐོས་པས། དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེའི་ལག་པ་རབ་ཏུ་ཐོབ་པས་ཟད་མི་ཤེས། ་བའི་ལོང་སྤྱོད་ཀྱི་གཏེར་དང་། མཚན་དང་དཔེ་བྱང་བཟང་པོ་ཡོང་སུ་རྫོགས་པས་གཟུགས་ཀྱི་གཏེར་དང་། གཡོག་མི་ཕྱེད་པ་གཡོག་གི་གཏེར་དང་། གཟུངས་རབ་ཏུ་ཐོབ་པས་ཐོས་པའི་གཏེར་དང་། ་སྤོབས་པ་རབ་ཏུ་ཐོབ་པས་དྲན་པའི་གཏེར་དང་། ཕ་རོལ་གྱི་རྒོལ་བ་ཚར་གཅོད་པས་མི་འཇིགས་པའི་གཏེར་དང་། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བས་བསོད་ནམས་ཀྱི་གཏེརོ།། ཡང་བཅོམ་ལྡན ་འདས་ཀྱིས་ཆོས་རྣམ་གྲངས་འདི་བསྟན་པ་ན། བྱང་ཆུབ་སེམས་དཔའ་ས་ཡ་བྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་མི་སྐྱེ་བའི་ཚེ་དས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་ཏོ།། སེམས་ཅན ་ཏུ་མེད་པ་བྱང་ཆུབ་ལ་རབ་ཏུ་ཞུག་སོ།། སེམས་ཅན་ཚད་མེད་པ། ཡང་ལེན་པ་མེད་པར་རྣམ་པར་གྲོལོ།། དེ་ནས་བཅོམ་ལྡན་འདེས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ ་ཏོ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ནིརྣམ་གྲངས་འདིའི ་མིང་ཆོས་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བར་ཟུང་ཤིག། ས་ས་རྒྱས་ཀྱི་བརྒྱན་བཀོད་པ་ཞེས་བྱ་བར་ཟུང་ཤིག། ཚངས་པ་ཁྱད་པར་སེམས་ཀྱིས་ཀུན་དྲིས་པ་ཞེས་བྱ་བར་ཟུང ་ཤིག་འཇམ་དཔལ་གྱིས་བསྟན་པ་ཞེས་བྱ་བར་ཟུང་ཤིག་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གནོ་ནུར་གྱུར་པ་དང་། ཚངས་པ་ཁྱད་པར་སེམས་དང་བྲམ་ཚ ་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པ་ཉིད་ལ་གནས་པ་དང་། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་དང་། གནས་བརྟན་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཁྱོགས། ་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་དྲི་ཐར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི ་རངས་ཏེ་མངོན་པར་བསྟོད་དོ།། འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགསྷོ།། ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། དྷརྨ་པཱ་ལ་དང་། ཛི་ན་མི་ཏྲ ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་དྷརྨཱ་ཏ་ཤཱི་ལ་དང་། བར་ནུས་ཀྱི་ལོ་ཙ་བ་བན་སྡེ་དེ་བེན་དྲ་ཤ~ཾ་ལ་དང་། ཀུ་མ་ར་ཤཱི་ལ་ལ་སོགས་པས་ནུས་ཏེ་གཏན་ལ་ཕབ་པའོ།། ་རྒྱ་གར་སྐད་དུ། ཨཱརྱ་དྲུ་མ་ཀིན་མ་རཱ་ཛ་པེ་རི་བྲིད་ཚ་ན་མ་མ་ཧཱ་ཡ་ན་སཱུ་ཏྲ།། བོད་སྐད་དུ། འཕགས་པ་མི་འམ་ཅིའི་རྒྱལ་པོ་ལྗོན། པས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས ་