CLOSE WINDOW

L117: 'phags pa tshangs pas zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

ཙན་ཏྲས་ནུས་ཏེ་གཏན་ལ་ཕབ་པ། དཀ་རྒྱ་གར་སྐད་དུ། ཨརྱ་བྲཧྨ་པ་རི་བྲིང་ཚན་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚངས་པས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པར་ཚལ་ཆེན་པོའི་ཁང་པ་བརྩེགས་པའི། ་གནས་ན། དགེ་སློང་ཁྲི་ཉིས་སྟོང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་མི་ཉལ་ཙམ་ནམ ་གྱི་གུང་ཐུན་ལ་དཀྱིལ་མོ་ཀྲུང་བཅས་ནས། དྲན་པ་མངོན་དུ་གནག་སྟེ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། ཏིང་ངེ་འཛི་ན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ ་གཏན་དང་པོ་ལ་སྙོམས་པར་ཞུག་སོ།། བཅོམ་ལྡན་འདས་དེ་ལ་ས་བཞེངས་ནས། རྟོག་པ་མེད་པ། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་ཁསམ ་གཏན་གཉིས་པ་ལ་སྙོམས་པར་ཞུག་སོ།། བཅོམ་ལྡན་འདས་དེ་ལས་ཀྱང་བཞེངས་ནས་དགའ་བའི་འདོད་ཆགས་དང་བྲལ་བ་བཏང་སྙོམས་པ། དྲན་པ་དང་ལྡན་པ་བདེ་བར་གནས་པ་བསམ་གཏཱ། ་གསུམ་པ་ལ་སྙོམས་པར་ཞུག་སོ།། བཅོམ་ལྡན་འདས་དེ་ལས་ཀྱང་བཞེངས་ནས། བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཀ་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས། ་ཕྱིར་སྡུག་བསྔལ་ཡང་མེད་པ། བདེ་བ་ཡང་མེད་པ། བཏང་སྙོམས་དང་དྲན་པ་ཡོངསུ་དག་པ། བསམ་གཏན་བཞི་པ་ལ་སྙོམས་པར་ཞུག་སོ།། དེ་ནས་བཅོམ་ལྡན་འདས་བསམ་གཏན་བཞི་པ་ལས ་བཞེངས་ནས། བསམ་གཏན་གསུམ་པ་ལ་ཞུགས་སོ།། བསམ་གཏན་གསུམ་པ་ལས་བཞེངས་ནས། བསམ་གཏན་གཉིས་པ་ལ་ཞུག་སོ།། བསམ་གཏན་གཉིས ་བ་ལས་བཞེངས་ནས། བསམ་གཏན་དང་པོ་ལ་ཞུག་སོ།། བསམ་གཏན་དང་པོ་ལས་བཞེངས་ནས། གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་ལ་གཟུགས་ཀྱི་ལུས་ཀུན་ཏུ་སྟོན་པ་ཞེས་བྱ་བའི་ཏིང་འཛིན ་ལ་སྙོམས་པར་ཞུག་སོ།། བཅོམ་ལྡན་འདས་གདུལ་བྱ་ཇི་ལྟ་བ་བཞིན་དུ། སེམས་ཅན་ལ་གཟུགས་ཀྱི་ལུས་ཀུན་ཏུ་སྟོན་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་སྐད་ཅིག་དེ་ལ་བཅོམ་ལྡན ་འདས་ཤིན་ཏུ་ལམ་མེ་ལྷན་ནེ་ལྷང་ངེར་བཞུགས་ཏེ། མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་པའི་གནས་ན་འདུག་བཞིན་དུ། བཅོམ་ལྡན་འདས་ཤིན་ཏུ་ལམ་མེ་ལྷན་མེ་ལྷུང་ངེ་བ་དང་། སྐྱེས་བུ་ཆེན་པོའི་མཚན ་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་མཐོང་ངོ་།། མཐོང་ནས་ཀྱང་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་དགྱུར་ནས། ཐམས་ཅད་དང་ལྡན་པའི་ཚལ་ཆེན་པོ་འོད་ཀྱིས་སྣང་བ ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱད་སྔར་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་འདུག།། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་འདི་སྙམ་དུ་བས་མས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེན་པར་དཀའ ་བ་རྣམ་པར་ཤེས་པར་དཀའ་བ་ཡིན་ན། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་བདག་གིས་ལུད་པ་བསལ་བའི་སྒྲ་འམ། སྨྲ་བ་ཙམ་གྱིས་བཞེངས་པར་གསོལ་བ་ནི། བདག་གི ་ཆ་མ་ཡིན་གྱིས།། བདག་གིས་ཚིག་སུ་བཅད་པ་དག་གིས་བཅོམ་ལྡན་འདས་བཞེངས་པར་གསོལ་གོང་མ་ཆག་སྙམ་སྟེ། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བླ་གོས་ཕྲག་པ་གཅིག་ཏུ་གཟ ་ནས་འདུག་བཞིན་དུ། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་དེ་མགོ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགསུ་བཅད་བདག་གིས་བཞེངས་པར་གསོལ་ཏོ།། མ་གོས་དྲིམ་མ། ་མཆིས་རྣམ་པར་དག། ལྷ་དང་མི་མཆོག་རྣམས་དང་དྲི་ཟ་དང་།། ཀླུ་དང་ལྷ་མིན་རྣམས་ཀྱིས་ལེགས་མཆོད་པ།། སེམས་ཅན་སྨན་སླད་མགོན་པོ་ཁྱོད་ལ་མཆོད།། དཔེར་ན་རི་ནི་རབ་ཏུ་མི་གཡོས་དང་།། ཇི ་ལྟར་རྒྱ་མཚོ་གཏིང་ནི་མི་དཔོགས་ལྟར།། བདུད་རྣམས་ཐམས་ཅད་ཀྱིས་ཀྱང་མི་གཡོས་ལ།། ཐུབ་པ་སྐྱེས་བུ་མཆོག་ནི་བསམ་གཏན་མཛད།། ཟང་ཟིང་མི་མངའ་མཚན་མ་མི་མངའ་ཞིང་།། ཐ་དད་མི ་མངའ་རྟེན་པ་མི་མངའ་ལ།། གནས་མི་མངའ་ཞིང་སྣང་བ་མི་མངའ་བ།། ཐུབ་པ་སྐྱེས་བུ་དམ་པ་བསམ་གཏན་མཛད།། རྟོག་གེ་རྣམས་ཀྱི་ཡུལ་ནི་མ་ལགས་ཤིང་།། བྱིས་པ་རྣམས་ཀྱི་སྤྱོད ་ཡུལ་མ་ལགས་ལ། སེམས་དང་སེམས་ལས་བྱུང་ལས་རབ་འདས་པ། བསམ་གཏན་ཕ་རོལ་གཤེགས་པ་བསམ་གཏན་མཛད།། མགོན་པོ་སེང་གེ་བཞིན་དུ་གསུང་ཡང་སྒྲོག། ཐུབ་པ་ཁྲུ། ་བཞིན་སྒྲོག་པ་རབ་ཏུ་མཛད།། དཔའ་བོ་ཟླ་བ་བཞིན་དུ་རབ་ཏུ་མཛེས།། སེམས་ཅན་དཀོན་མཆོག་ཁྱོད་ལ་ཕྱག་འཚལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པས་བསྐུལ་བའི་ཚིག ་སུ་བཅད་པ་འདི་ལྟ་བུ་དག་གིས་བསྐུལ་བར་ཐུགསུ་ཆུད་ནས། ཇི་ལྟར་དཀྱིལ་མོ་ཀྲུང་བཅས་པ་དེ་ཉིད་ཀྱིས།། ཏིང་ངེ་འཛིན་དེ་ལས་བཞེད་སོ།། བཞེངས་ནས། བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ ་ཚངས་པ་ལ་སྦྲན་པའི་ཕྱིར། མགུར་སྩལ་པའི་སྒྲ་མཛད་པ་དང་། མི་མཇེད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཇི་ལྟར་དཀྱིལ་མོ་ཀྲུང་བཅས་པ་དེ་ཉིད་ཀྱིས ་བཞུགས་པར་མཐོང་ངོ་།། མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འདུག།། ཕྱོགས་གཅིག་ཏུ་འདུག་ནས། མི་མཛོད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན ་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་སྣང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལག་སོ།། དེ་སྐ ་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བ་དག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ཞུ་བ་ལུང་བསྟན་པའི་ཕྱིར། དེ་བཞིན་གཤེགས་པས་རྟག་ཏུ་ཁྱོད ་ལ་སྐབས་ཕྱེས། ཚངས་པ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་ག། གས་པ་ལ་ཞུས་ཤིག་དང་། ཞུས་པ་དེ་དང་དེ་ཉིད་ཀྱི་ལུང་བསྡུ་ན་པས། ངས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་ནས་བཅོམ་ལྡན་འད། ་ཀྱིས་སྐབས་ཕྱེ་བས་མི་མཇེད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན། མྱུར ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས ་བཀའ་སྩལ་ཏོ།། ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་གཅིག་དང་ལྡན་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ཆོས ་གཅིག་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་རྗེསུ་སོང་བའི་དྲན་པའོ།། ཚངས་པ་བྱང་ཆུབ་སེམས་དཔའི་ལུས་ཀྱི་སུ་སོང་བའི་དྲན་པ་ཇི་ལྟ་བུ་ཡིན་ན། ཚངས་པ་འགེ་བྱང་ཆུབ་སེམས་དཔའ་ནི་འགྲོའོ།། སྙམ། ་བའི་དྲན་པ་དང་ལྡན་པ་ཡིན་ཞིང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེ་སོ།། ལྡོག་སྙམ་དུ་དྲན་པ་དང་ལྡན་པ་ཡིན་ཞིང་།། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། ཉལ་ལོ་སྙམ་པ་དང་། ལྡང་ངོ་།། ་སྙམ་པ་དང་། འཆགོ་སྙམ་པ་དང་། འདུག་སྙམ་དུ་དྲན་པ་དང་ལྡན་པ་ཡིན་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། དེ་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་བཞག་ནས ་འབྲུག་པ་མེད་པའི་ཡིད་ཀྱིས་ལུས་འདི་ཉིད་ལ་འདི་ལྟ་སྟེ། ཀྱེ་མ་ལུས་འདི་ནི་མི་བརྟན་པ། མི་རྟག་པ། རང་བཞིན་གྱིས་ཉམ་ཆུང་བ། སྙིང་པོ་མེད་པ། ཐེར་ཟུག་མ་ཡིན་པ། རྣམ་པར་འཐོར་བའི་ཆོས ་ཅན། རྣམ་ཐར་འཇིག་པའི་ཆོས་ཅན། རྟེན་ཅིང་འབྲེལ་བ། ར་འབྱུང་བ། སྒྱུ་མ་དང་འདྲ་གཟིལ་པའི་ཐིགས་པ་དང་འདྲ་ག་གཡོ་ག་མི་གནས་པ། མི་གཙང་གརྣག་གི་དྲི་ང་བ་ཅན། ་རླུང་དང་ཉི་མས་མཐར་གཏུགས་པ། མཐར་འདྲུལ་ག་མཐར་རྡུལ་དུ་འགྱུར་བ་ང་ན། སྔགས་ཀྱི་མཐར་ཐུག་པ། ནད་མང་བ། གནོད་པ་ཅན། འགྲོ་བའི་ནད་མང་གནག། འཇིག་པའི་ངང་ཅན། རུས ་པ་བསོགས་པ། དྲིང་བ་འཛག་པ་ཅན། བསྒྲིབས་ཏེ་རིམ་གྲོ་བྱ་དགོས་པ་ཡིན་པར་ཡང་དག་པའི་དྲན་པས། ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ།། དེ་ལྟར་ཡང་དག་པའི་དྲན་པས་ལུས ་ཀྱི་སྐྱོན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས། ལུས་ལ་ཆགས་པ་དང་། ལུས་ལ་ཀུན་ཏུ་འདོད་ཆགས་པ་དང་། ལུས་ལ་བདག་གི་ཉིད་ཡིན་པ་མི་སྐྱེའོ།། དེ་ལུས་ལ་མི་ལྟ་བས་སྲོག། ་ལ་ཆགས་པ་དང་། སྲོག་ལ་ཀུན་ཏུ་འདོད་ཆགས་དང་། སྲོག་ལ་བདག་གི་ཉིད་ཡིན་པ་མི་སྐྱེད་དོ།། དེ་ལུས་དང་སྲོག་ལ་མི་ལྟ་བས་ཆོས་གོས་ངན་དོན་དང་། ཁབས་ངནང་ན་དག། ་མལ་ཆ་དང་། སྟན་ངན་ངོན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ངམངོན་ཙམ་དག་གི་ཚོལ་པར་འཛིན་པ་ཡིན་ནོ།། དེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་བྱ་བ་གང་དག་ཡིན་པ་དོན་དང་ལྡན་པ་རྣམས ་སམཿདགེ་བ་དང་ལྡན་པ་རྣམས་ཀྱང་དེ་དག་ལ་གཏོང་བར་བྱེད་དེ། ཡོངསུ་མི་སྐྱོ་ཞིང་། ཡོངསུ་ཡི་འཆད་པ་མེད་ལ། ཡོངསུ་སྐྱོ་བའི་སེམས་མི་སྐྱེད་དོ།། དེ་མཁན་པོ་དང་། སློབ་དཔོན་གྱི་གན་དུ་འགྲོ་ན། དྲན་པ། ་དང་ལྡན་ཞིང་། འདི་སྙམ་དུ་སེམས་ཏེ། མཁན་པོ་དག་ནི་བསྙེན་པར་དཀའ་བ། སློབ་དཔོན་དག་ནི་བསྙེན་པར་དཀའ་བ་སྟེ། བདག་དེར་སོ། དང་བ་ན། སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་འགའ་ཞིག ་གིས་བདག་ལ་གླེངས་ཤིང་དྲན་པར་བྱས་ན་མི་རུང་ངོ་སྙམ་ནས། དེ་རྒྱུད་དང་རྐྱེན་དེ་དང་། གནི་དེས་བསླབ་པ་རྣམས་ལ་གུས་པར་རྒྱ་ད་བར་འགྱུར་ཏེ། རྟུན་པར་བྱེད་པ་དང་། ལེགས་པར་བྱ་བ། ་བྱེད་པ་དང་། ནི་བ་རྣལ་དུ་བྱེད་པ་དང་། ཤིན་ཏུ་ཡོང་སུ་མཐར་ཐུག་པར་བྱེད་པ་ཅན་དུ་འགྱུརརོ།། དེ་བསླབ་པ་རྣམས་ལ་གུས་པར་བྱེད་པ་ཉིད་དང་། རྟུན་པར་བྱེད་པ་ཉིད་དང་། ལེགས་པར་བྱ་བ་བྱེད་པ་ཉིད་ད། ་ཞི་བ་རྣལ་དུ་བྱེད་པ་ཉིད་དང་། ཤིན་ཏུ་ཡོངསུ་མཐར་ཐུག་པར་བྱེད་པ་ཉིད་ཀྱིས་མཁན་པ་དང་། སློབ་དཔོན་གྱི་གན་དུ་འགྲོ་བ་ན། བག་ཚ་བ་མེད་པ་དང་། བག་འཁུམས་པ་མེད་པར་འགྲོ་ཞིང་མི་འཇིག ་པ་དང་། ལྷན་ཅིག་ཏུ་བྱུང་བའི་རྒོད་པ་ཡང་མི་སྟེན་ཏེ། དེ་ཅིའི་ཕྱིར་ཞེ་ན། གུས་པ་དང་བཅས་ཤིང་། ཞེས་དང་བཅས་པ་ཡིན་ལ། རིགས་ཀྱི་བག་མ་བཞིན་དུ་འཛེམ་པ་དང་ལྡན་པའི་ཕྱིར་རོ།། དེ་འཛེན ་པ་དང་ལྡན་པས་ལུས་ཀྱི་སྐྱོན་དང་། ལུས་ཀྱི་ཉེས་པར་སྤྱོད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངསུ་སྤོང་ངོ་།། ཚངས་པ་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང་། ལུས་ཀྱི་ཉེས ་པར་སྤྱོད་པ་དེ་དག་གང་ཞེ་ན། ཚངས་པ་སྲོག་གཅོད་པ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྟོན་དང་། ལུས་ཀྱི་ཉེས་པར་སྤྱོད་པ་ཡིན་ནོ།། ཚངས་པ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་ནི་ཁྱང ་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང་། ལུས་ཀྱི་ཉེས་པར་སྤྱོད་པ་ཡིནོ།། ཚངས་པ་བྱང་ཆུབ་སེམས་དཔའ་ཇི་ལྟར་ན། སྲོག་གཅོད་པ་སྤོང་བ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས ་དཔའ་ནི་འདོད་ཆགས་ཀྱི་དབང་གིས། སྲོག་ཆགས་ཀྱི་སྲོག་གཅོད་པར་མི་བྱེད། ཞེ་སྡང་གི་དབང་དང་། གཏི་མུག་གི་དབང་གིས་སྲོག་གཅོད་པར་མི་བྱེད་དོ།། དེ་སེམས་ཅན་གཞན ་དག་དང་། གང་ཟག་གཞན་རྣམས་ལ་བདག་ཙམ་དུ་འདུ་ཤེས་པར་བྱེད་ཅིང་། སྡུག་པ་བུ་ཙམ་དུ་འདུ་ཤེས་པར་བྱེད་དོ།། བདག་ཉིད་ཀྱིས་སེམས་ཅན་གཞན་དག་དང་། གང ་ཟག་གཞན་རྣམས་ཀྱི་སྲོག་གཅོད་པར་མི་བྱེད་དོ།། གཞན་དག་ཀྱང་སྲོག་གཅོད་དུ་མི་འཇུག་གོ།། གཞན་དག་སྲོག་གཅོད་པ་ལ་ཡང་རྗེ་སུ་ཡི་རང་བར་མི་བྱེད་དོ།། བདག་གིས་ཀྱང་མི་གཅོད་དོ།། ་གཞན་དག་ཀྱང་གཅོད་དུ་མི་འཇུག། གཞན་དག་གཅོད་པ་ལ་ཡང་རྗེ་སུ་ཡི་རེང་བར་མི་བྱེད་དོ།། བདག་ཀྱང་མི་རྡེགེ་གོ།། གཞན་དག་ཀྱང་རྡེག་དུ་མི་འཇུག།། གཞན་དག་རྡེག་པར་བྱེད་པ་ལ་ཡང ་རྗེསུ་ཡི་རང་བར་མི་བྱེད་དོ།། ཇི་ལྟར་ན་མ་བྱིན་པར་ལེན་པ་སྤོང་བ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་འཚོ་བའི་ཡོ་བྱད་གང་དག་ཡིན་པ་འདི་ལྟ ་སྟེ་གསེར་དང་ནོར་བུ་དང་། མུ་ཏིག་དང་། བཻཌཱུཪྻ་དང་། དུང་དང་། མན་ཤེལ་དང་ཁྱེ་རུ་དང་། ས་ལེ་སྣུམ་དང་། དངུལ་ལ་སོགས་པ་དང་། གོས་དང་བརྒྱན་གྱི་རྣམ་པ་དག ་དང་ནོར་དང་། འབྲུ་དང་། མཛོད་དང་། བང་བའི་རྣམ་པ་དེ་དག་ལ་ཆགས་པ་མི་སྐྱེད། དེ་དག་ལ་རྣམ་པར་རྟོག་པར་མི་བྱེད་ཅིང་།། རྐུ་འཕྲོག་མི་བྱེད་དོ།། རྐུ་འཕྲོག་བྱེད་དུ་མི་འཇུག།། ཆུ་འཕྲོག་བྱེད ་བ་རྣམས་ལ་རྗེ་སུ་ཡི་རང་བར་མི་བྱེད་དོ།། དེ་གྲོང་ན་ཡོད་པ་མ་ཡིན་ཞིང་། མ་གནང་བ་རྩའི་འདབ་མ་ཙམ་ཡང་ལེན་པར་མི་བྱེད།། ཇི་ལྟར་ན་མེ་ཚངས་པར་སྤྱོད་པ་སྤོང་བ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང ་ཆུབ་སེམས་དཔའ་དབང་པོ་རྣམས་ཀྱི་སྒོ་ལེགས་པར་བསྲུངས་ཤྲིང་གནས་པ་ཡིན། ལེགས་པར་བསྡམས་པ་ཡིན། འཐུན་པ་བྲི་གན་སུ་རྒྱུ་བ་ཡིན། ཤིན་ཏུ་བསྲུངས་པའི་དྲན་པ་དང ་ལྡན་པ་ཡིན། རྟག་ཏུ་བསྲུངས་པའི་དྲན་པ་དང་ལྡན་པ་ཡིན། དེ་དྲན་བས་ཡིད་ཀུན་ཏུ་བསྲུངས་པ་ཡིན།། ལུས་དང་ངག་ཤིན་ཏུ་བ་སྲུངས་པ་ཡིནོ།། འཐུན་པའི་གནསུ་རྒྱུ་ལ་དྲན་པ་དང་ལྡན ་བ་ཡིན་ཞིང་། འདི་སྙམ་དུ་ཡང་སེམས་སྐྱེད། མི་ཞིག་གིས་བྱེ་མ་ཞིབ་མོ་ཤིན་ཏུ་བསྲེགས་པ་ལག་པ་གཉིས་ཀྱི་སྙིམ་པས་བླངས་ཏེ་མིག་གཉིས་བཀང་བ་ནི་བླའི། ཆགས་པའི་སེམས་ཀྱིས ་ཡུལ་གྱི་བཟང་མོ་ལ་ལྟ་བ་ན་དེ་ལྟ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བདག་ཡུལ་གྱི་བཟང་མོ་ལ་བལྟས་པས། ཡུན་རིང་པོར་ཕུང་ཞིང་བཙོ་ལ་མ་རུང་བར་གྱུར་པའི་ཕྱིརརོ་སྙ་མོ།། དེ་དེ་ལྟར་ལུས་ལ་ལུས ་ཀྱི་རྗེ་སུ་ལྟ་ཞིང་བཟའ་བ་དང་བཏུང་བ་དང་། གནས་དང་། མ་ལ་ཆ་དང་། སྟན་རྣམས་ལ་དྲན་པ་ལེགས་པར་གནས་པ་ཡིན་ཏེ། དེ་དག་ལ་སྤྱོད་པ་ན། རོ་མྱང་བར་མི་བྱེད་ཅིང་ཆགས་པའི་སེམས་མེད་པ། ་ཡིན་ནོ། ཞིག་བ་ཏིད་ཡོངསུ་སྤྱོད་པ་ན་བདེ་བ་སྐྱེ་བ་ལྟ་ན། དེས་དེ་ལ་འདི་ལྟར་ཉེ་བར་བརྟག་པར་བྱ་སྟེ། བདེ་བར་སྣང་བ་འདི་ནི། བཟློས་པའི་སྒོ་ནས་སྡུག་བསྔལ་ཡིན་ཏེ།། ཁམས་གསུམ་པ་འདི་ན། འདུས་བྱས། ་ཀྱི་དངོས་པོ་བདེ་བ་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། འདུས་བྱས་མི་རྟག་པའི་ཕྱིར་རོ།། མཁས་པའི་རང་བཞིན་ཅན་དག་དངོས་པོ་མི་རྟག་པ་རྣམས་ལ་བདེ་བའི་འདུ་ཤེས་ཇི་ལྟར་སྐྱེད་སྙམ་དུ་བརྟག་པར ་བྱའོ།། ཚངས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཡོངསུ་སྤྱོད་པ་ན། སྡུག་བསྔལ་ཁོ་ན་སྐྱེའི། བདེ་བ་ནི་མ་ཡིན་ཏེ། སྡུག་བསྔལ་དེས་ཀྱང་ཡོངསུ་གནོན་ཅིང་ཉོན་མོངས་ན། དེས་དེ་ལ་སེམས་འདི་ལྟར་ཏེ ་བར་གནག་པར་བྱ་སྟེ། ལུས་འདི་ནི་བསྒྲིབས་ཏེ་ཡོངསུ་བསྐྱང་དགོས་པ། གསུག་གིས་བསྒྲུབ་དགོས་པ་སྟེ། འདི་ན་སྡུག་བསྔལ་རྩོམ་པས་གཟུང་བར་མི་ནུས་ཀྱི། བདེ་བ་རྩོམ་པས་གཟུང་བར་བྱ། ་བ་ཡིན་ཏེ། བདག་གི་ལུས་བརྟན་ཞིང་འཚེ་བ་འདིས་དགེ་བའི་ཆོས་ད་རྣམས་བསྒྲུབ་པར་བྱའོ།། དཔེར་ན་རྙེད་པ་འདོད་པའི་ཚོང་བ་ཁུར་ཁབ་རྣམས་སྤྱོད་པན་བྱེད། བཅོས་ལེགས་བྱེད་པ་ན། ་ཁུར་ཁལ་རྣམས་བརྒྱན་པའི་ཕྱིར་མ་ཡིན། བདེ་བར་བྱ་བའི་ཕྱིར་མེ་ཡིན་གྱི། གཞན་དུ་ན་ཇི་ཙམ་དུ་ཁལ་བཀལ་བསྐུར་བའི་ཕྱིར་རོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁ་ཟས་ཟ་བ་ཡང་ལུས ་བརྒྱན་པའི་ཕྱིར་ཟས་ཟབ་མ་ཡིན། ལུས་བདེ་བར་བྱ་བའི་ཕྱིར་མ་ཡིན་ཏེ། གཞན་དུ་ན་ཇི་ཙམ་དུ་ལུས་དང་འབྲེལ་བའི་དགེ་བའི་ཕྱོགས་བསླུས་པའི་ཕྱིར་སྙམ་དུ་སེམས་ཉེ་བར་གཞག་པར་བྱ། ་ཚངས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་གསུངས་པའི་གཉེན་པོས་སེམས་ཤེས་པར་བྱེད་མི་ནུས་ན། དེས་འདི་སྙམ་དུ་བསམ་པར་བྱ་སྟེ། སེམས་ཤེས་བྱ་བ་འདི། ་ནི་མཐར་ཕྱིན་པར་དཀའ་བ། མི་མཐུན་པ་འཛིན་པ། འཁོར་བ་ལ་མངོན་དུ་ཕྱོགས་པ། དགེ་བའི་ཕྱོགས་ལ་མི་ཕྱོགས་པ། ཡུལ་ལ་མངོན་དུ་ཕྱོགས་པ། དབེན་པ་ལ་མ་བྱོ། ་པ་ཁདེ་བ་ལ་མངོན་དུ་ཕྱོགས་པ། སྡུག་བསྔལ་ལ་མཾ་ཕྱོགས་པ། སྨྲ་བ་ལ་དགའ་བ་ལ་མངོན་དུ་ཕྱོགས་པ། སྨོས་པ་ལ་མངོན་དུ་ཕྱོགས་པ། དེ་ཁོ་ན་ལ་རྣམ་པར་ལྟ་བ་ལ་མི་ཕྱོགས་པ། མི་གཙང་བ་ལ། ་མངོན་དུ་ཕྱོགས་པ། གཙང་བ་ལ་མི་ཕྱོགས་པ། གདུལ་དཀའ་བ། གཟུང་དཀའ་བ། གནས་མེད་པ། རྟེན་མེད་པ། གསོག། གསོག་སྐད་ཅིག་པ། རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་བ་ཡིན་ན། མཁས་ན ་རང་བཞིན་ཅན་སུ་ཞིག་འདི་ལྟ་བུའི་རང་བཞིན་ཅན་སེམས་ཀྱི་དབང་དུ་འགྲོ་ཞིང་། རྗེ་སུ་འཇུག་སྙམ་དུ་བས་མོ།། དེ་དེ་ལྟར་སེམས་ལ་དྲན་པ་ཉེ་བར་གནས་པས་སེམས་གདུལ་བའི་ཕྱིར་ནན ་བྱེད་དོ།། དེ་སེར་སྣའི་སེམས་གདུལ་བའི་ཕྱིར་སྦྱིན་པ་སྦྱིན་པར་བྱེད་དོ།། ཕ་ན་ཁམ་ཅིག་ཙམཱ་འམ། རྒྱ་ཤུག་ཙམ་འ་མ། མོནས་ན་གྲེའུ་ཙམ། ཏིལ་འབྲུ་ཙམ་ཡང་རུང་། དེ་ཡང ་ཐམས་ཅད་ལ་སྦྱིན་པར་བྱེད་ཀྱི། སྡུག་པ་རྣམས་ལ་མ་མཾ་ན། འདྲིས་པ་རྣམས་ལ་མ་ཡིན་ནོ།། དེ་འཆལ་པའི་ཚུལ་ཁྲི་མས་ཀྱི་སེམས་གདུལ་བའི་ཕྱིར་ཚུལ་ཁྲིམས་སྲུང་སྟེ། ལུས ་དང་། ངག་དང་། ཡིད་ཀྱིས་སྐྱོན་མེད་པར་བྱེད་པ་ཡིན། འདྲེན་མར་མི་བྱེད་པ་ཡིན། ནག་ནོག་ཅན་དུ་མི་བྱེད་པ་ཡིན་ཏེ། ཚུལ་ཁྲིམས་དེས་བདག་ལ་བསྟོད་པར་མི་བྱེད། གཞན་སྨོད་པར་མི་བྱེད་དོ།། དེ ་གནོད་སེམས་ཀྱི་སེམས་གདུལ་བའི་ཕྱིར་བཟོད་པ་སྒོམ་སྟེ། དེ་གྲོང་ངམ། གྲོང་རྡལ་དུ་ཞུགས་པ་ན། གཤེ་ཡང་ཇི་མི་སྙམ་པར་བྱེད་དོ།། བརྒྱབ་ཀྱང་རུང་། རྡེག་ཀྱང་རུང་། སྡིགས་ཀྱང་རུང་། ནམ ་བར་འཇོམ་ཡང་རུང་། སྨོད་ཀྱང་རུང་སྟེ། ཇི་མི་སྙམ་པར་བྱའོ།། ཀྱེ་མ་དགེ་སྦྱོང་འདི་ནི་མགོ་རེག་ངན་པའོ།། ཀྱེ་མ་དགེ་སྦྱོང་མགོ་རེག་མི་སྡུག་པ་ངན་པའོ་ཞེས་འཇིག་རྟེན་གྱིས་དཔྱས་ཀྱང་ཅི་མི་སྙམ ་པར་བྱེད་དོ།། ཡང་དག་པ་མ་ཡིན་པས་སྐུར་ཀྱང་བཟོད་པར་བྱེད་ཅིང་དང་དུ་ལེན་ལ། ལས་བདག་གིར་བྱ་བ་ཉིད་ལ་རྟོན་ཏེ། བཟོད་པ་དེས་ཀྱང་བདག་ལ་སྟོད་པར་མི་བྱེད། གཞན་ལ་སྨོད་པར་མི་བྱེདོ།། ་དེ་ལེ་ལོའི་སེམས་གདུལ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་པའི་ཆོས་མ་ཐོབ་པ་རྣམས་ཐོབ་པར་བྱ་བའི་ཕྱིར་དང་། ཐོབ་པ་རྣམས་འཕེལ་བར་བྱ་བའི་ཕྱིར་དང་། འཕེལ་བ་རྣམས་ཡོངསུ་སྨིན ་པར་བྱ་བའི་ཕྱིར་དང་། ཡོངསུ་སྨིན་པ་རྣམས་ཡང་དག་པར་གཟུང་བར་བྱ་བའི་ཕྱིར་དང་། ཡང་དག་པར་གཟུང་བ་རྣམས་རྣམ་པར་དབྱེ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ།། དེ་སེམས་ཅན་གྱི་ཆེ ་རྣམས་དང་། སེམས་ཅན་གྱི་བྱ་བ་རྣམས་ལ་ཡོངསུ་མི་སྐྱོ་ཞིང་། ཡོངསུ་ཡི་མི་འཆད་དེ། ཡོངསུ་སྐྱོ་བའི་སེམས་མི་སྐྱེད་དོ།། དེ་གདོལ་པ་ལ་ཕན་གདགས་ཀྱང་རུང་། ་རྒྱལ་པོ་ལ་ཕན་གདགས་ཀྱང་རུང་། ཤིན་ཏུ་ལམ་རིང་པོར་ཡང་འགྲོ་སྟེ། ཐ་དད་པར་ཡང་མི་དམིགས་ཤིང་གརྒྱུན་མི་གཅོད་པ་ཡིན་ནོ།། གལ་ཏེ་བྱང་ཆུབ་སེམས་དཔའ ་སྡུག་བསྔལ་ཞིང་བཀྲེན་པའི་སེམས་ཅན་གྱི་དངོས་པོ་ཐ་ཆད་ངན་པ་ཞིག་གིས་བལྟ་བས་སམ་འབྱོར་ཅིང་ནོར་ཆེ་བ་གང་ཡང་རུང་བ་ཞིག་གིས་དངོས་པོ་བཟང་པོ་མཆོག་གྱ་ནོམ་པ་ཞིག ་བསྟིབས་ཀྱང་། དེ་ལ་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་སེམས་བཞག་ལ། གུས་པར་བསྟོད་ཅིང་། ཡང་དག་པར་གཟེང་བསྟོད་ལ། ཡང་དག་པར་འཛིན་དུ་གཞུག་ཅིང་དངོས་པོ་ངན་པ་དེ ་བླང་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་པའི་སྦྱི་པ་འདི་ནི་སྦྱིན་པབྱ་བཀའ་བ་ཡིན་པའི་ཕྱིར་རོ།། རྣམ་པར་གཡེང་བའི་སེམས་གདུལ་བའི་ཕྱིར། བསམ། ་གཏན་ལ་བསམ་གཏན་བྱེད་དེ། ཇི་ལྟར་བསམ་གཏན་བྱེད་ཅེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཐོག་མ་ཁོ་ནར་ལུས་ལེགས་པར་བསྡམས་པ་ཡིན།། ལུས་ལེགས་པར་གནས་པ་ཡིན་ནོ།། ་ལུས་ཀྱི་འདུ་འཛི་རྣམས་ཀྱང་ཡོངསུ་སྤོང་ངོ་།། ལུས་ལ་ལྷག་པར་ཆགས་པ་ཡང་འདོར་རོ།། ལུས་ལྕིའམ་ཡང་བ་ཡང་ཤེས་སོ།། ལུས་དང་འཐུན་པ་དང་། ལུས་འཚོ་བ་དང་། ལུས་ཀྱི་སྟོབས་ཀྱང་རང ་ཤེས་སོ།། ངག་ལེགས་པར་བསྡམས་པ་ཡིན་ཏེ། སྨྲ་བ་ཉུང་ཞིང་བ། ད་བ་ཉུང་ངོ་།། དོན་སྨྲ་བ་ཡིན་ཞིང་། རིགས་པར་སྨྲ་བ་ཡིན་ཏེ། བྲེ་མོ། གཏམ་ལ་དགའ་བ་ཡོང་སུ་སྤངས་པ་ཡིན་ནོ།། དེ་ཡིད ་ལེགས་པར་བསྡམས་པ་ཡིན་ཏེ། མི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་ཡོངསུ་སྤང་སོ།། དེ་དེ་ལྟར་གནས་གསུམ་ཡོང་སུ་དག་པ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དགར ་པོའི་གཟུགས་རྣམས་མི་སྣང་བར་བྱ་བའི་ཕྱིར་ནན་ཏན་བྱེད་དེ། དེ་དག་ལ་མཚན་མར་མི་འཛིན། མངོན་རྟགསུ་མི་འཛིན་ཏོ།། རྒྱན་དང་གོས་ཀྱི་རྣམ་པ་སྣ་ཚོགས་དག་ལ་ཡང་མཚན་མར་མི་འཛིན ་ཅིང་མངོན་རྟག་སུ་མི་འཛིན་པ་ཡིན་ཏོ།། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་སྣ་ཚོགས་དག་ལ་ཡང་མཚན་མར་མི་འཛིན་ཅིང་། མངོན་རྟག་སུ་མི་འཛིན་པ་ཡིན་ཏོ།། སྐྱེས་པ་དང་། བུད ་མེད་དང་། ཁྱེའུ་དང་། བུ་མོ་རྣམས་ལ་ཡང་མཚན་མར་མི་འཛིན་ཅིང་མངོན་རྟག་སུ་མི་འཛིན་ཅིང་མངོན་རྟག་སུ་མི་འཛིན་ནོ།། དེ་གཅིག་པུ་དབེན་པར་འདུག་ནས། ནང་དུ་འཇུག་ཅིང་སེམས ་གནས་པར་བྱ་བའི་ཕྱིར་ནན་ཏན་བྱེད་དེ། མི་སྡུག་པ་ལ་དམིགས་པ་འམ། བྱམས་པ་ལ་དམིགས་པ་འམ། སྙིང་རྗེ་ལ་དམིགས་པའམ། ཡིད་འཐུང་བར་འགྱུར་བ་གང་ཡང་རུང་བས་ཇི་ལྟར་ལུས ་ཁེངས་པར་མི་འགྱུར་བ་དེ་ལྟར་དམིགས་པར་བྱེད་དེ། དབུགས་རྔུབ་པ་དང་། འཐུང་བ་མི་འགགོ།། རྒྱུན་རྣམས་ཀྱང་མི་འཆད་དོ།། རླུང་འཁྲུག་པར་མི་འགྱུར་རོ།། སེམས་ལོག་པར་རྣམ་པར་གཡེང ་བར་མི་འགྱུར་རོ།། དེ་འཆག་གམ། ཉལ་ལམ། འགྲེང་ངམ། འདུག་ཀྱང་དམིགས་པ་དེ་ཉིད་ཀྱིས་འདུག་གོ།། དེ་ཉིད་ལ་སེམས་གཏོང་ངོ་།། ཚངས་པ་གང་གི་ཚེ་བྱང་ཆུབ་སེམས་དཔའ ་དམིགས་པ་ལ་སེམས་བརྟན་པར་གྱུར་པ་དེའི་ཚེ། སེམས་ལ་སེ་མས་མཉམ་པར་འཇོག་སྟེ། སེམས་ཀྱི་སེམས་ཀྱང་མི་དམིགས་སོ།། གང་གིས་མཉམ་པར་འཇོག་པ་དེ་ཡང་མི་དམིགསོ།། ་གང་གི་ཕྱིར་མཉམ་པར་འཇོག་པ་དེ་ཡང་མི་དམིགས་སོ།། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ནི་གསོག་གི་ཆོས་རྣམས་དང་། གསོབ་ཀྱི་ཆོས་རྣམ ་ལ་མངོན་པར་ཞེན་ཏོ་སྙམ་དུ་སེམས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ལྷག་མཐོང་ཞེས་བྱའོ།། དེ་ལྟར་རྣམ་པར་མཐོང་བས་ཉོན་མོངས་པ་རྣམས་ཀུན་ཏུ་མི་འབྱུང་ཞིང་མི་འཇུག་པ་དེ་ནི། བྱང་ཆུབ ་སེམས་དཔའི་ཞིག་ནས་ཤེས་བྱའོ།། ཚངས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་གཞག་ནས་མིང་དང་ཡི་གེ་ཇི་ལྟར་ཐོས་པ་རྣམས་ངེས ་ཚིག་གི་གདགས་པས། ཡང་དག་པར་འཇོག་ཅིང་། ཡི་ག་དེ་དག་ལ་ཉེ་བར་རྟོག་པ་ནི་ཡི་གེ་རྣམས་གསོགས་དང་གསོབ་དུ་མཐོང་ངོ་།། དེ་ཡིག་རྣམས་གསོག་དང་གསོ་དུ་མཐོང་ནས་མིང་། ་རྣམས་ཀྱང་གསོག་དང་གསོབ་དུ་མཐོང་ངོ་།། གང་ལ་མིང་དེ་འདོགས་པ་དེ་ཡང་གསོག་དང་གསོབ་དུ་མཐོང་ངོ་།། དེ་ལ་གཟུགས་གང་དང་གང་དུ་སྣང་བ་དེ་དང་དེ་ཡང ་གསོག་དང་གསོབ་དུ་སྣང་ངོ་།། དེས་གསོག་དང་གསོབ་དུ་སྣང་བས་ཡང་དག་པར་ཇི་ལྟ་བཞིན་དུ་ཡོངསུ་ཤེས་པར་འགྱུར་རོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པས། དེ་ལ་འདུས་བྱས ་རྨི་ལམ་དང་འདྲ་བར་སྣང་ངོ་།། དེ་ལ་བྱང་ཆུབ་སེམས་དཔའ་སོ་སོར་བརྟགས་ནས། སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་གཞག་ནས་གནས་སོ།། དེ་ལ་འཆལ་པོའི ་ཤེས་རབ་ཀྱི་སེམས་གདུལ་བའི་ཕྱིར་ཤེས་རབ་སྒོམ་པར་བྱེད་དོ།། ཇི་ལྟར་སྒོམ་པར་བྱེད་ཅེ་ན། དེ་ཀུན་རྫོབ་ཀྱི་ཚུལ་དུ་བཤད་པ་འམ། དོན་དམ་པའི་ཚུལ་དུ་བཤད་པའི་མདོ་སྡེ་གང་དག་ཡིན ་བདེ་དག་བརྗོད་པ་གསལ་ཞིང་ཟུང་ཕྱིན་བདག་གིས་མ་ནོར་བར་འཛིན་ཏོ།། མ་ནོར་བར་ཆོས་སྟོན་པ་ལས་བཟུང་ནས་ཀྱང་། མ་ནོར་བའི་བསམ་པས་སེམས་པར་བྱེད་དོ།། ་བསྒོམ་པའི་རྣལ་འབྱོར་ལ་ཡང་བརྩོན་པར་བྱེད་དོ།། དེ་ཡེ་ཤེས་ཀྱི་སྟོབས་དང་ཤེས་རབ་ཀྱི་བྱེ་བྲག་གིས་སེམས་ཅན་མི་དམིགས། སྲོག་མི་དམིགས། གསོ་བ་མི་དམིགས། སྐྱེ་བ་མི་དམིགས ་གང་ཟག་མི་དམིགས། ཤེད་ལས་སྐྱེས་པ་མི་དམིགས། ཤེད་བུ་མི་དམིགས་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ་ཆད་པར་ལྟ་བར་ཡང་མི་ལྟུང་ངོ་།། བཏགས་པའི་ཐ་སྙད་རྣམས་ལ་ཡང་ལེག ་བར་བསླབས་པ་ཡིན་ནོ།། དེ་ཟིན་པའི་སའི་ཁམས་དང་། མ་ཟིན་པའི་སའི་ཁམས་ལ་ཡང་དག་པའི་ཤེས་རབ་ཀྱི་ཚུལ་གཅིག་ཏུ་སོ་སོར་རྟོག་གོ།། ཟིན་པའི་ཚུལ་ཁམས་དང་། མེའི་ཁམས་དང་། ་རླུང་གི་ཁམས་དང་། མ་ཟིན་པ་ལ་ཡང་། ཡང་དག་པའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་སྟེ། དེ་གཉི་ག་ཡང་གསོག་ཉིད་དང་། གསོབ་ཉིད་དུ་མཐོང་ཞིང་། བེམས་པོ་ཉིད་དང་། སྙིང་པོ་མེད ་བ་ཉིད་དང་། སྟོང་པ་ཉིད་དུ་མཐོང་ངོ་།། དེས་དེ་ལྟར་མཐོང་བས། ཇི་ལྟར་ཕྱི་རོལ་གྱི་ཁམས་རྣམས་ལ་མངོན་པར་ཆགས་པ་མེད་པ་དེ་ལྟར་ནང་གི་རྣམས་ལ་ཡང་ངོ་།། མིག་གི་རྣམ་པར་ཤེས་པ་དང་། ་གཟུགས་རྣམས་ལ་ཡང་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་གོ།། རྣ་བའི་རྣམ་པར་ཤེས་པ་དང་། སྒྲ་རྣམས་དང་། སྣའི་རྣམ་པར་ཤེས་པ་དང་། དྲི་རྣམས་དང་། ལྡན ་རྣམ་པར་ཤེས་པ་དང་། རོ་རྣམས་དང་། ལུས་ཀྱི་རྣམས་པར་ཤེས་པ་དང་། རེག་བྱ་རྣམས་ལ་ཡང་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་གོ།། དེ་སའི་ཁམས་ལ་ནཾ་སྲ ་ཉིད་དུ་ཡང་རབ་ཏུ་ཤེས་ལ། གཤེར་བ་ཉིད་དང་། ཚ་བ་ཉིད་དང་། ཁོང་སྟོང་ཉིད་དུ་ཡང་རབ་ཏུ་ཤེས་སོ།། ཆུའི་ཁམས་ལ་གཤེར་བ་ཉིད་དུ་རབ་ཏུ་ཤེས་ལ། སྲ་བ་ཉིད་དང་། ཚ་བ་ཉིད་དང་། ་ཁོང་སྟོང་ཉིད་དུ་ཡང་རབ་ཏུ་ཤེས་སོ།། མེའི་ཁམས་ལ་ཚ་བ་ཉིད་དུ་ཡང་རབ་ཏུ་ཤེས་ལ། སྲ་བ་ཉིད་དང་། གཤེར་བ་ཉིད་དང་། ཁོང་སྟོང་ཉིད་དུ་ཡང་རབ་ཏུ་ཤེས་སོ།། རླུང་གི་ཁམས་ལ་གསོན ་ཉིད་དུ་ཡང་རབ་ཏུ་ཤེས་ལ། ཡང་ཞིང་གཡོ་བ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། དེ་ནམ་མཁའི་ཁམས་ལ་ཁོང་སྟོང་ཉིད་དུ་ཡང་རབ་ཏུ་ཤེས་ལ། ཐམས་ཅད་དུ་སོང་བ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། ་རྣམ་པར་ཤེས་པའི་ཁམས་ལ་སྒྱུ་མ་ལྟ་བུ་ཉིད་དུ་ཡང་རབ་ཏུ་ཤེས་ལ།། ཕྱིན་ཅི་ལོག་ཉིད་དུ་ཡང་རབ་ཏུ་ཤེས། ཕྱིན་ཅི་མ་ལོག་པ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། དེ་མིག་གི་རྣམ ་པར་ཤེས་པ་ལ་སྟོང་པ་ཉིད་དང་། གཟུགས་ལ་མི་རྟག་པ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། རྣ་བའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། སྒྲ་ལ་མི་རྟག་པ་ཉིད་དང་། ་སྣའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། དྲི་ལ་མི་རྟག་པ་ཉིད་དང་། ལྕེའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། རོ་ལ་མི་རྟག་པ་ཉིད་དང་། ལུས་ཀྱི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། ་རེག་བྱ་ལ་མི་རྟག་པ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། དེ་དེ་ལྟར་ཤེས་རབ་ལ་མཁས་པས། ཤིན་ཏུ་རྟོགས་པའི་ཤེས་རབ་དང་ལྡན་ཞིང་། ཤེས་རབ་རྣོ་བ་དང་ལྡན་ཏེ། མི་དགེ་བའི་ཆོས་རྣམས་ཀྱང ་རབ་ཏུ་ཤེས། དགེ་བའི་ཆོས་རྣམས་ཀྱང་རབ་ཏུ་ཤེས། ཉན་ཐོས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས། རངངས་རྒྱས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་དང་། ་བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པར་བྱེད་པའི་ཚེངས་རྣམས་དང་། སངས་རྒྱས་ཉིད་ཡང་དག་པར་འགྲུབ་པར་དབྱེད་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས་སོ།། དེ་མི་དགེ་བའི ་ཆོས་རྣམས་ཀྱིས་རྣམ་པར་སྨིན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་རྣམ་ས་དང་། ཡི་དྭགས་རྣམས་སུ་སྐྱེ་བ་ཡང་རབ་ཏུ་ཤེས་སོ།། ་དེར་སྐྱེས་པ་རྣམས་ཀྱི་ཚོར་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཡང་རབ་ཏུ་ཤེས་སོ།། དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམས་ཀྱི་ནང་དུ་འམ། མཾ་རྣམས ་ཀྱི་ནང་དུ་སྨིན་པ་ཡང་རབ་ཏུ་ཤེས་སོ།། དེར་སྐྱེས་པ་རྣམས་ཀྱི་འབྲས་བུ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཡང་རབ་ཏུ་ཤེས་སོ།། ཉན་ཐོས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བ་དང་། ཕྱིར་མི་འོང་འབྲས་བུ་མངོན་དུ་བྱ་བ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ ་བྱ་བའི་རྣམ་པ་ཡང་རབ་ཏུ་ཤེས་སོ།། ཤེས་རབ་ཀྱི་རྣམ་པར་གྲོལ་བ་ཉིད་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡང་རབ་ཏུ་ཤེས་སོ།། རང་སངས་རྒྱས་ཡང་དག་པར་འགྲུབ་པར ་བྱེད་པའི་ཆོས་རྣམས་ཀྱི་ཡང་དག་པར་འགྲུབ་པ་ཡང་རབ་ཏུ་ཤེས་སོ།། འབྲས་བུ་དང་ཞི་བ་ཉིད་ཀྱང་རབ་ཏུ་ཤེས་སོ།། བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས ་རྣམས་ཀྱི་ཚོགས་ཀྱི་ལམ་ཡང་རབ་ཏུ་ཤེས་སོ།། ཡེ་ཤེས་ཀྱི་ལམ་ཡང་རབ་ཏུ་ཤེས་སོ།། ཤེས་ནས་ཀྱང་ཚོགས་ཀྱི་དལ་མ་དང་ཡེ་ཤེས་ཀྱི་ལམ་ལ་བརྩོན་པར་བྱེད་དོ།། སངས ་རྒྱས་ཉིད་ལྷུང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་རྫུ་འཕྲུལ་ཆེ་བ་ཉིད་ཀྱང་རབ་ཏུ་ཤེས་སོ།། མཐུ་ཆེ་བ་ཉིད་དང་། དམ་པ་ཉིད་དང་། རབ་མཆོག་ཉིད་དང་། བུལ་དུ་བླ ་པ་ཉིད་དང་། ཆེ་བ་ཉིད་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཐུན་མོང་བ་ཡང་མ་ཡིན་ན། གཞན་སེམས་ཅན་ལྟ་སྨོས་ཀྱང་ཅི་དགོས་པའི་ཐུན་མོང་མི ་ཡིན་པ་ཉིད་ཀྱང་རབ་ཏུ་ཤེས་སོ།། དེ་དེ་ལྟར་ཆོས་རྣམས་ལ་ཆོས་ཀྱི་རྗེ་སུ་ལྟ་ཞིང་། དྲན་པ་ལེགས་པར་ཉེ་བར་གནས་ལ། སྡིག་པའི་ཆོས་ཐམས་ཅད་དང་ནི་བྲལ། དགེ་བའི་ཆོས་ནི་ཡང་དག་པར ་ཐོག་ལུས་ཀྱི་གནོད་པ་ནི་མེད། རྣམ་པར་ཤེས་པས་འཕངས་པ་ནི་མེད། སེམས་ཀྱིས་འཕངས་པ་ནི་མེད་ལ། ཆོས་རྣམས་ཀྱི་རྒྱུའི་ཚོགས་དང་།། འབྲས་བུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས། ་དཔེར་ན་རྒྱ་མཚོའི་རླབས་བཞིན་དུ་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་ཏེ། ཇི་ལྟར་རྒྱ་མཚོའི་རླབས་འབྲི་ཞིང་། ཡང་འབྱུང་བ་ལྟར། བྱང་ཆུབ་སེམས་དཔའ་ནི་ཆོས། ་རྣམས་ལས་དེ་ལྟ་མ་ཡིན་ནོ།། དཔེར་ན། ཟླ་བ་ཡར་གྱི་ངོའི་ཟླ་བའི་དཀྱིལ་འཁོར་དང་འདྲ་བར། དགེ་བའི་ཆོས་རྣམས་ཀྱིས་མངོན་པར་འཕེལ་ཏེ། ཇི་ལྟར་མར་གྱི་ངོལ་ཟླ་བའི་དཀྱིལ་འཁོར་འབྲི་བའི་ཆོས་རྩཝ ་ཡིན་པ་ལྟར། བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལས་དེ་ལྟ་མ་ཡིན་ནོ།། དཔེར་ན། དབྱར་གྱི་དུས་ཀྱི་ཕུ་ཆུ་དྲུག་པ་ལྟར། དགེ་བའི་ཆོས་རྣམས་ཀྱིས་མངོན་པར་འཕེལ་ཏེ། ཇི་ལྟར་བུ་ཆུ་བྲུག་པ་དབྱར་གྱི ་དུས་ཟད་པ་འབྲི་བའི་ཆོས་ཅན་ཡིན་པ་ལྟར། བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལས་དེ་ལྟ་མ་ཡིན།། ཚངས་པ་དེ་ལྟར་བསླབས་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགསུ་བཅད་པ་འདི། དག་བཀའ་སྩལ་ཏོ།། ལུས་ཀྱི་སྐྱོན་རྣམས་རབ་ཤེས་ན། ་ལུས་ཡོད་སྐྱོན་རྣམས་མི་སྟོན་ཏོ།། ལུས་ལ་དྲན་པ་ལེགས་གནས་ན།། སྐྱོན་མེད་ཞི་བའི་གནས་འཐོབ་བོ།། ལུས་ཀྱི་སྐྱོན་རྣམས་མི་ཤེས་ན།། ལུས་ལ་ཡོད་པའི་སྐྱོན་མི་རྟོགས།། ལུས་ལ་དྲན་པ་མི་གནས་ན།། ་སྡུག་བསྔལ་བཟོད་བཀའ་གནས་འཐོབ་བོ།། སེམས་ཀྱི་སྐྱོན་རྣམས་རབ་ཤེས་ན།། སེམས་ཡོད་སྐྱོན་རྣམས་མི་རྟེན་ཏོ།། སེམས་ལ་དྲན་པ་ལེགས་གནས་ན།། སྐྱོན་མེད་ཞི་བའི་གནས་འཐོབ་བོ།། སེམ ་ཀྱི་སྐྱོན་རྣམས་མི་ཤེས་ན།། སེམས་ལ་ཡོད་པའི་སྐྱོན་མོ་རྟོགས།། སེམས་ལ་དྲན་པ་མི་གནས་ན།། སྡུག་བསྔལ་བཟོད་དཀའ་གནས་འཐོབ་བོ།། དགེ་བའི་ཆོས་རྣམས་སྟེན་བྱེད་ཅིང་།། མི་དགེ ་ཆོས་རྣམས་མི་སྟེན་པ།། ཆོས་རྣམས་ལ་ནི་མཁས་པའི་མི།། སྐྱོན་མེད་ཞི་བའི་གནས་འཐོབ་བོ།། དགེ་བའི་ཆོས་རྣམས་མི་སྟེན་ཅིང་།། མི་དགེའི་ཆོས་རྣམས་སྟེན་བྱེད་པ།། ཆོས་རྣམས་ལ་ནི་མི། ་མཁས་མི།། སྡུག་བསྔལ་བཟོད་དཀའ་གནས་འཐོབ་བོ།། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས།། ལྷའི་མེ་ཏོག་མནད་རབ་དག་མངོན་པར་སྤྲུལ་ཏོ།། བཅོམ་ལྡན་འདས་ལ་མངོན་པར་གཏོར ་ཏོ། མངོན་པར་གཏོར་ནས་ཀྱང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་རས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན ་འདས་ཀྱི་ཐད་ནས་སོང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་ལང་ས་བར་མཁྱེན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ།། བཞུགས་ནས་བཅོམ ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་བ། དགེ་སློ་ང་དག་མངང་འདིར་མི་ཉལ་ཙམ་གྱིས་ནམ་གྱི་གུང་ཐུན་ལ་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་པནས ་ན། མི་མཇེད་ཀྱི་བདག་པོ་ཚངས་པས་ཐམས་ཅད་དང་ལྡན་པའི་ཚལ་ཆེན་པོ་འོད་ཀྱིས་སྣང་བར་བྱས་ནས། ང་ག་ལ་བ་དེར་འོངས་ཏེ་ཕྱིན་ནས། ང་ལ་མངོན་པར་བསྟོད་དེ། ལན་གསུམ་བསྐོར་བ་བྱ ་ནས་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། མི་མཇེད་ཀྱི་བདག་པོ་ཚངས་པསང་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ནུས་ནས་ཞུ་བ་ལུང་བསྟན་པའི་སྐད་དུ། བཅོམ་ལྡན ་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས ་དགེ་སློང་དག་དེ་སྐད་ཅེས་གསོལ་བ་དང་། ངས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ནུབ་ལུང་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ ་རྟག་ཏུ་ཁྱོད་ལ་སྐབས་ཕྱེས་ཚངས་པ་ཁྱོད་ཅི་དང་ཅི་འདོད་པ་ཞུས་ཤིག་དང་། ཞུས་པ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས། ངས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་ནས་སྐབས་ཕྱེ་བས་མི་མཇེད་ཀྱི་བདག་པོ ་ཚངས་པས་ང་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་འཚང་རྒྱ་ལགས། དགེ་སློང་དག་དེ་སྐད་ཅེས་གསོལ་བ་དང་། ངས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་དག་ཆོས་གཅིག་དང་ལྡན་ན། མྱུར་དུ་བླ་ན་མེད། བ་ཡང་དག་པར་རྟོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ཆོས་གཅིག་གང་ཞེ་ན། འདི་ལྟ་སྟེ། ་ལུས་ཀྱི་རྗེསུ་སོང་བའི་དྲན་པའོ།། དགེ་སློང་དག་ངས་མི་མཇེད་ཀྱི་བདག་པོ་ཚངས་པ་དེ་ལ་ལུས་ཀྱི་རྗེསུ་སོང་བའི་དྲན་པའི་རྒྱུ་དང་། ལེས་དང་འབྲས་བུ་ཡང་བསྟན་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ། ་དང་བ་ཀུན་དགའི་བོས་འདི་སྐད་ཅེས་གསོལ་ཏོ།། ལེགསོ་ལེགསོ།། བཅོམ་ལྡན་འདས་ཀྱི་མི་མཇེད་ཀྱི་བདག་པོ་ཚངས་བུ་ལ་གང་བསྟན་པ་དེ། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བར་བགྱི་བའི་སླད་དུ་བཤད་དུ་གསོལ། དགེ་སློང་སར་པ་སར་པ་རྣམས་དང་། ཆོས་འདུལ་བ་འདི་ལ་རབ་ཏུ་བྱུང་ནས། རིང་པོ་མ་ལགས། ་ཤིང་མཆིས་ནས། རིང་པོ་མ་ལགས་པ་རྣམས་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སྐྱེས་བུ་དམ་པ་འདི་དག་གིས་ཐོས་ན་དགའ་བ་དང་། དད་པ་ཐོབ་པར་འགྱུར། བསླབས་པ་དེ ་ལ་ཡང་སྦྱོར་བར་བརྩོན་པར་གནས་པར་འགྱུར་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་གང་བཤད་པ་དེ་དགེ་སློང་དེ་དག་ལ་ཡང་བཤད་དོ།། ་དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལེགས་པར་བཀའ་སྩལ་ཏོ།། བདེ་བར་གཤེགས་པ་ལེགས་པར་བཀའ ་སྩལ་ཏོ།། མི་མཇེད་ཀྱི་བདག་པོ་ཚངས་པ་མདོ་སྡེ་འདི་ལྟ་བུ་དག་ཡོངསུ་ཞུ་བའི་སྐད་དུ། བཅོམ་ལྡན་འདས་ཀྱི་ཐད་དུ་མཆིས་ནས་ཞུས་པ་ཡང་ལེགས་པར་སྨྲས་པ་ལེགས་སོ།། ་བཅོམ་ལྡན་འདས་མི་མཇེད་ཀྱི་བདག་པོ་ཚངས་པས་གལ་ཏེ་དགེ་བའི་རྩ་བ་གཞན་མ་མཆིས་ན་ཡང་། ནུབ་ནུས་པའི་མདོ་ལས་སྐྱེས་པའི་དགེ་བའི་རྩ་བ་འདི ་ཁོ་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལ་གསོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་དེའི་མཐའ་དང་མུ་ནི། ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་རྔོ་མི་ཐོག་པའི་སླད་དུའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་མི་མཇེད་ཀྱི་བདག་པོ་ཚངས་པས་ཞུབ་འདི། སེམ ་ཅན་ཐམས་ཅད་ཀྱི་སྤྱིའི་དོན་དུ་ཞུས་པའི་སླད་དུའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་འགྱི། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱི་འདི་ཚངས་པས་ཞུས་པ་ཞེས་བྱ་བར་ཟུང་ཤིག། དྲན་པ་ཉེ་བར་གཞག་པའི་ཚུལ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག། བྲག་ཡོད་པའི་ཚུལ་བསྟན་པ་ཞེས་བྱ ་བར་ཡང་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་སྩོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ་ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་ཚངས་པས་ཞུས ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོག་སྷོ།། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། ནུ་ཆེན་གྱི་ལོ་ཙ་བ་བདེ་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ་། རྒྱ་གར་སྐད་དུ། ཨཱརྱ་རཏ་ནཱ་ཀོ་ཊིར་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རིན་པོ་ཆེའི་མཐའ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ ་