| Wylie | e-texts produced with BDRC’s OCR application |
ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་སར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ཨརྱ་སཱ་གར་ནཱ་ག་རཱ་ཛ་བ་རི་བྲིད་ཚ། ནཱ་མ་མ་ཧཱ་ཡཱ་ན ་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། །། བམ་པོ་དང་པོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་བརྒྱད་སྟོང་གིས་དགེ་སློང་གི་དགེ་འདུན་ཆེན ་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པས་མངོན་པར་ཤེས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ། རྣམ་པའི་མཆོག་ཐམས་ཅད ་དང་ལྡན་པ། གཟུངས་དང་མདོ་སྡེ་རྟོགས་པར་ཁོང་དུ་ཆུད་པ། སེམས་ཅན་ཐམས་ཅད་སྤོབས་པས་མགུ་བར་བྱེད་པ། མངོན་པར་ཤེས་པའི་ཡེ་ཤེས་སྟོན་པ་ལ་མཁས་པ། ཕ་རོལ་ཏུ ་ཕྱིན་པ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། བྱང་ཆུབ་སེམས་དཔའི་ཏིང་འཛིན་དང་། སྙེམས་པར་འཇུག་པ་དང་ལྡང་བ་ཤེས་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད ་ཅིང་བསྔགས་པ་ལ་སྙན་པར་བརྗོད་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱི་འགྲོ་བ་ཤེས་པ་ལ་མཁས་པ། བདུད་ཐམས་ཅད་སྐྲག་པར་བྱ་བ་ཤེས་པ་མཁས་པ། ་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལ་མཁས་པ། བྱང་ཆུབ་ཀྱི་ཕྱོགས ་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པ་ཤེས་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱི་མཆོད་པའི་ལས་ཡང་དག་པར་བསྒྲུབ་པའི་ཤེས་པ་ལ་མཁས་པ། འཇིག་རྟེན་གྱི་ཆོས ་ཐམས་ཅད་ཀྱིས་མ་གོས་པ་ལུས་དང་། ངག་དང་། སེམས་ཀྱི་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་སྤྲོ་བའི་གོ་ཆ་བགོས་པ། བསྐལ་པ་གྲངས་མེད ་པར་བརྩོན་འགྲུས་ཆེན་པོས་ཡིད་ཡོངསུ་མི་སྐྱོ་བ། སེངྒེའི་སྒྲ་ཆེན་པོ་བསྒྲགས་པ། པས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་ཕྱག་རྒྱས་བཏབ་པ། ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དབང་བསྐུར་བ་ཐོབ་པ་ཁྲི་ཉིས་སྟོང་པོ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པ་དང་། རི་རབ་དང་། ་ལྷུན་པོ་ཆེན་པོ་དང་། ལྷུན་པོ་ཆེན་པོ་རྩེ་འཛིན་དང་། ལྷུན་པོ་མར་མེའི་རྒྱལ་པོ་དང་། ལྷུན་པོ་བརྩེགས་དང་། ལྷུན་པོའི་མཚན་དང་། ལྷུན་པོའི་རྒྱལ་པོ་དང་། ལྷུན་པོའི་རྩེ་མོ་རྡོབ་པའི ་རྒྱལ་པོ་དང་། འབྲུག་སྒྲ་དང་། རྔ་སྒྲ་དང་། རིན་ཆེན་འབྱུང་གནས་དང་། རིན་ཆེན་ཏོག་དང་། རིན་ཆེན་རྩེ་མོ་དང་། རིན་ཆེན་དཔལ་དང་། རིན་ཆེན་འབྱུང་དང་། རིན་ཆེན་འོད ་དང་རིན་ཆེན་ཁར་བ་ཅན་དང་། རིན་ཆེན་རྩེ་མོ་དང་། ལག་ན་རིན་ཆེན་ཕྱག་རྒྱ་དང་། རིན་ཆེན་དྲ་བ་དང་། རིན་ཆེན་བཀོད་པ་དང་ཛིན་དག་པ་ན་གླི་དང་། རིན་ཆེན་སྒྲོན་མ་དང་། ལག་ན་རིན་ཆེན་དང་། ་དགའ་བྱེད་དང་། ཆོས་ལ་དགའ་བ་བཀོད་པ་དང་། བཀོད་པའི་རྒྱལ་པོ་དང་། མཚན་གྱིས་ཡང་དག་པར་བ་རྒྱན་པ་དང་། ཚིག་བཀོད་པའི་འོད་དང་། ཚིག་རྣམ་པར ་དག་པའི་འོད་དང་། གཙུག་ན་རིན་པོ་ཆེ་དང་། ལྷ་བརྩེགས་དང་། རིན་ཆེན་བརྩེགས་དང་། འོད་ཟེར་སྟོང་ལྡན་དང་། མེ་ལྕེ་དང་། སྐར་མ་ལ་དགའ་བ་དང་། ཟླ་འོད་དང་། སེམ ་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གསེར་བཟངས་རྣམ་དག་འོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་རྒྱུན་མི་འཆད་པར་མི་འཇིགས་པ ་སྦྱིན་པ་དང་། བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། འཇམ་དཔལ་ལ་སེམས་དཔའ་དཔེ་མེད་དྲུག་ཅུ་དང་། ་བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་སུམ ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། ལྷའི་རབ་འཐབ་འབྲལ་ལ་སོགས་པ་ཐབ་བྲལ་བའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་ཡོངསུ་དགའ་ལྡན་ལ་སོགས་པ་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས ་དང་། ལྷའི་རྒྱལ་པོ་རབ་འཕྲུལ་དགའ་ལ་སོགས་པ། འཕྲུལ་དགའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་ཡང་བྱེད་ལ་སོགས་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ལྷའི་བུ་དེང ་དཔོན་ལ་སོགས་པ་བདུད་ཀྱི་རིས་ཀྱི་ལྷའི་བུ་དཀར་པོའི་ཕྱོགས་ཐམས་ཅད་དང་། རབ་ཚངས་པ་ལ་སོགས་པ་ཚངས་པའི་མདུན་ན་འདོན་པའི་ལྷ་རྣམས་དང་། མི་མཇེད་ཀྱི ་བདག་པོ་ལ་སོགས་པ་ཚངས་ཆེན་གྱི་རིས་ཀྱི་ལྷ་རྣམས། ལྷའི་རྒྱལ་པོ་འོད་གསལ་ལ་སོགས་པ། འོད་གསལ་གྱི་ལྷ་རྣམས་དང་། ལྷའི་དབང་པོ་དགེ་རྒྱས ་ལ་སོགས་པ་དགེ་རྒྱས་ཀྱི་ལྷ་རྣམས་དང་། ལྷའི་རྒྱལ་པོ་འབྲས་བུ་ཆེ་ལ་སོགས་པ། འབྲས་བུ་ཆེ་བའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས ་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་དང་། ལྷའི་རྒྱལ་པོ་དྲི་མེད་འོད་ལ་སོགས་པ། འོག་མིན་གྱི་ལྷའི་བུ་རྣམས་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལ་སོགས་པ། ལྷ་མ་ཡིན་གྱི ་དབང་པོ་དྲུག་ཁྲི་དང་། མི་འམ་ཅིའི་རྒྱལ་པོ་ལྗོན་པ་ལ་སོགས་པ། མི་འམ་ཅི་བཞི་ཁྲི་ཉིས་སྟོང་དང་། དྲི་ཟའི་རྒྱལ་པོ་ཕྲེང་ཐོགས་པ་ལ་སོགས་པ་དྲི་ཟ་སུམ་ཁྲི་ཉིས་སྟེང་དང་། ཀླུའི ་རྒྱལ་པོ་མ་དྲོས་པ་ལ་སོགས་པ་ཀླུའི་རྒྱལ་པོ་བདུན་ཁྲི་ཉིས་སྟོང་དང་། བྱའི་རྒྱལ་པོ་ན་མཁའ་ལྡིང་བཞི་སྟོང་དང་། དེ་མ་ཡིན་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་སྟོང་དག་དང་ཐབས་གཅིག་ཏུ་བཞུག་སོ།། དེ་ནས་བཅོམ་ལྡན་འདས ་འཁོར་སྟོང་ཕྲག་དུ་མས་ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཅིང་། ལྷ་ཐམས་ཅད་ཀྱིས་བཀོད་པས་ལེགས་པར་བརྒྱན་པའི་སེངྒེའི་ཁྲི་ལ། རིའི་རྒྱལ་པོ་རི་རབ་རྒྱ་མཚམ ་ནང་ནས་གྱེན་ཏུ་འཕགས་པ་བཞིན་དུ་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས། དགེ་སློང་གི་ཚོགས་ཀྱི་ཡོངསུ་བསྐོར་ཏེ། ལྷ་མེ། ་ལྷ་ནེ། ལྷང་ཞིང་བཞུག་སོ།། དེ་ནས་དེ་ལྟར་འདུས་པའི་འཁོ། ཉེར་གྱི་ནང་ན། དེ་བཞིན་གཤེགས་པ་དེ་ལྟར་བཞུགས་པའི་སྟེང་གི་བར་སྣང་ལ་རིན་པོ་ཆེའི་གདུགས ་རིན་པོ་ཆེ་ཐམས་ཅད་ཀྱི་འོད་དང་ལྡན་ཞིང་རིན་པོ་ཆེ་ཐམས་ཅད་ཀྱིས་ལོགས་པར་བརྒྱན་པ་ཞིག་བྱུང་སྟེ། རིན་པོ་ཆེའི་གདུགས་དེ་ཐམས་ཅད་དང་ལྡན་པའི་གླིང་བཞི་པ་ཆེན་པོའི ་འཇིག་རྟེན་འདི་ཀུམ་ཏུ་ཁེབས་པར་གྱུར་ཏོ།། རིན་པོ་ཆེའི་གདུགས་དེ་ལས་ཀྱང་མུ་ཏིག་ཁ་དོག་དུ་མའི་རྒྱན་འཕྲེང་འབུམ་ཕྲག་དུ་མ་འདི་ལྟ་སྟེ། མུ་ཏིག་དཀར་པོ་དང་། མུ་ཏིག་དམར་པོ ་དང་མུ་ཏིག་དྲི་མ་མེད་པ་དང་། གསེར་ལྟ་བུའི་མུ་ཏིག་དང་། ཟླ་བ་ལྟ་བུའི་མུ་ཏིག་དང་། པདྨ་ལྟ་བུའི་མུ་ཏིག་དང་། ནམཁའ་ལྟ་བུའི་མདོག་ཅན་གྱི་མུ་ཏིག་རྣམས་འཕྱང།། མུ་ཏིགི་རྒྱན ་འཕྲེང་དེ་དག་ལས་ཀྱང་འོད་ཟེར་དག་བྱུང་།། འོད་ཟེར་དེ་དག་ལས་ཀྱང་། མེ་ཏོག་ཁ་དོག་སྣ་ཚོགས་པ། ཁ་དོག་འབུམ་ཕྲག་དུ་མ་དྲི་ཞིམ་པ། བལྟ་ན་སྡུག་པ། ཡིད་དུ་འོང་བ་དག་གི ་ཆར་མངོན་པར་བབ་པོ།། མེ་ཏོག་དེ་དག་གིས་ཀྱང་འཁོར་གྱི་ཁམས་ཐམས་ཅད་པུས་མོ་ནུབ་པ་ཙམ་དུ་གང་བར་གྱུར་ཏོ།། བར་སྣང་ལ་ཡང་འབྲུག་སྒྲ་ཆེན་པོ་གྲ་པར་གྱུར་ཏོ།། ཨ ་ག་རུ་དང་ཙན་དན་གྱི་ཕྱེ་མ་དག་དང་། ཙན་དན་དུས་ཀྱི་རྗེ་སུ་འབྲང་བའི་ཕྱེ་མ་དག་གི་ཆར་ཡང་བབ་པོ།། དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་སྟན་ལས་ལངས་ནས ་བླ་གོས་ཕྲག་པ་གཅིག་ཏུ་བཟར་ཏེ། པུས་མོ་གཡས་པའི་ལྷ་ངས་ལ་གཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུང་། བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྔོན་མ་མཐོང་མ་ཐོས་པའི་ཆོ་འཕྲུལ་འདི་ལྟ་བུ་གངའ་བ་འདི་དག་སུའི་སྔ་ལྟས་ལགས། དེ་སྐད་ཅེས་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ།། མོའུ་དགལ་གྱི་བུ་འདི་ནི་ཀླུའི་རྒྱལ་པོ་རྒྱ་མཚོ་དེ་བཞིན་གཤེགས་པ་ལ་ལྟར་འོང་བ ་དེའི་སྔ་ལྟས་ཡིནོ།། བཅོམ་ལྡན་འདས་ཀྱིས་ཚིག་དེ་སྐད་ཅེས་བཀའ་སྩལ་ནས། རིང་པོ་མ་ལོན་པར་ཀླུའི་རྒྱལ་པོ་རྒྱ་མཚོས་ཀླུ་བྱེ་བ་ཕྲག་བརྒྱད་བཅུ་རྩ་བཞི་དང་། ཀླུའི་བུ་མོ ་བྱེ་བ་ཕྲག་བདུན་བཅུ་རྩ་གཉིས་ཀྱིས་བསྐོར་ཅིང་མདུན་འདར་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། ་རྒྱལ་མཚན་དང་། བ་དན་ཐམས་ཅད་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་བརྒྱ་སྟེང་དག་ལེན་ཅིང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་། ་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཇི་ལྟར་ཐོགས་པའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་འབྲིང་དང་། བྱུག་པ་ལ་སོགས་པ་དང་། ་གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། བཙུན་མོའི་འཁོར་དང ་བཅས་པ་དང་། གཉེན་མདབ་ཀྱི་འཁོར་དང་བཅས་པས། དེའི་ཚེ་བཅོམ་ལྡན་འདས་ལ་ཚུལ་དང་མཐུན་པའི་ཚིག་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་།། འཇིག་རྟེན་དག་ན ་འཇིག་རྟེན་ཕན་པར་བཞེད་པ་འཇིག་རྟེན་གྱིས་མཆོད་འཇིག་རྟེན་མིག་སྦྱིན་པ། འཇིག་རྟེན་དུ་སྐྱེས་འཇིག་རྟེན་དྲི་མ་རྣམས་ཀྱིས་མ་གོས་པདྨ་ཆུས་མི་ཆགས ་བཞིནས་འཇིག་རྟེན་སྣང་བ་རྣམ་པར་གཟུགས་པ་སྤྱན་གསུམ་མངའ་བ་འཇིག་རྟེན་བདེ་བ་སྦྱིན་མཛད་པ།། འཇིག་རྟེན་ཉི་མ་རྐྱེན་ལ་མཁས་པ་འཇིག་རྟེན་གཙོ་བོ་ཁྱོད་ལ ་དི་རིང་བདག་ཕྱག་འཚལ།། དུལ་ཞིང་དུལ་བས་ཡོངས་བསྐོར་སྟོབས་བཅུ་མངའ་བ་སྦྱིན་པ་རྣམས་དང་དུལ་བ་རྣམས་ཀྱིས་འཕགས།། འདྲེན་པ་ཉོན་མོངས་རྡུལ་དང་མུན་པ་དང་ནི ་དྲི་མ་ཐ་བ་སྲེག་ཤིང་མྱུ་གུ་བསྲེགས།། སྙིང་རྗེས་ནོར་གྱི་གཙོ་བོ་བདུན་པོ་སྦྱིན་པར་མཛད་ཅིང་སེམས་ཅན་རྣམས་ལ་བྱམས་པས་འཕགས།། བསོད་ནམས་ཞིང་སྟེ་འཇིག་རྟེན་རྩ་ལག་བརྟན ་བེ་ཁྱོད་ལ་བདག་ནི་མགོ་བོས་ཕྱག་འཚལོ།། ཁྱོད་ཀྱི་ཞལ་གྱི་སྨིན་མཚམས་མཛོད་སྤུ་འབར་བ་མེ་ཏོག་ཀུན་ང་ཟླ་བ་དུང་མདོག་འདྲ།། འདི་ན་ཚངས་པའི་གནས་འཁོར་བའི་ལྷ་རྣམས ་ཀྱིས་ཀྱང་ཁྱོད་ཀྱི་སྤྱི་གཙུག་མཐོང་མི་འགྱུར།། ཟླ་བ་ལྟ་བུའི་ཞལ་ནས་བྱུང་བའི་རྨད་བྱུང་འོད་ཀྱིས་འགྲོ་བ་མ་ལུས་སྣང་བར་མཛད།། དེ་ཡིས་རེག་པར་གྱུར་པའི་དབང་གིས ་མཚམས་མེད་སེམས་ཅན་རྣམས་ཀྱང་བདེ་བ་ཉིད་དུ་འགྱུར།། ཁྱོད་ཀྱིས་གསུང་ནི་ཤིན་ཏུ་ཡིད་འོང་ཚིག་སྟེ་ཟླ་བ་བཞིན་དུ་ཡིད་ཀྱང་ཚིམ་པར་བགྱིད།། ལྷ་དང་མིའི་སྒྲ་སྐད་ཟིལ་གྱིས ་གནོན་ཅིང་གཅིག་ཏུ་ངེས་པར་དག་ལ་གཙང་བ་སྟེ། འདོད་ཆདགས་ཞེ་སྡང་མུན་པ་རྡུལ་རྣམས་རབ་ཏུ་ཞི་བར་བགྱིད་དང་ཤེས་རབ་གསལ་བར་བགྱིད།། དགའ་དང་བགུ ་བགྱིད་བདེ་བ་ཤིན་ཏུ་སྐྱེད་པར་བགྱིད་ཅིང་ཐར་པ་ཡང་དག་སྟོན་པ་ལ་གས།། ཁྱོད་ཀྱི་ཡེ་ཤེས་དུས་གསུམ་གཏོགས་པ་ཐོག། ས་པ་མ་མཆིས་གར་ཡང་ཆགས་པ་མ་མཆིས ་ཏེ། ཁྱོད་ཀྱིས་སེམས་ཅན་རྣམས་ཀྱི་སྤྱོད་བ་ཆུང་དང་འབྲིང་དང་དམ་པ་མ་ལུས་ཐུགསུ་ཆུད་།། གང་དག་གི་ནི་དབང་པོ་བསམ་པ་དག་དང་འགྲོ་དང་ཐར་པ་ཐ་དད་ཅིང་འདྲ་བ།། ཐམས ་ཅད་ཁྱོད་ཀྱིས་སྐད་ཅིག་ཙམ་གྱིས་ཐུགསུ་ཆུད་པས་དེ་སླང་ཁྱོད་ལ་ཕྱག་འཚལོ།། རྫོགས་པའི་བྱང་ཆུབ་ཤིང་རྒྱལ་དྲང་དུ་གླགས་ལྷའི་ཕྱིར་བརྩོན་འདུད་རྣམས་བྱེ་བ་བརྒྱ་ཕྲག་སྙེད། ་ཁྱོད་ཀྱི་ཐད་དུ་ལྷག་པར་གྱུར་ཀྱང་གནས་ལས་མ་གཡོས་ཐུགས་བརྩེར་ལྡན་པའི་བློ་མངའ་བ། མངའ་བདག་ཁྱོད་ཀྱིས་བདེན་དང་བརྟུལ་ཞུགས་དཔའ་དང་ཡོན་ཏན་རྣམས་དང ་བྱམས་པས་ཕམ་པར་མཛད།། དེ་སླད་མི་རྣམསུ་ཞིག་དེང་འདིར་ཁྱོད་ལ་མཆོད་པའི་སླད་དུ་ཁྱོད་ལ་ངོམས་པར་འཛིན།། མངའ་བདག་ཁྱོད་ཀྱིས་ཆེས་རྣམས་བྱེད་པ་མེད་དང་། ་ཡ་མཪྻ་དང་ཟླ་བ་དང་བ་དང་།། དབུ་བ་གློག་སྤྲིན་ཚྭའི་ཆུ་བུར་འདྲ་ཞིང་སྒྱུ་མ་སྨིག་རྒྱུ་ལྟ་བུར་ཐུགསུ་ཆུད།། གང་ལ་རྒྱུ་མེད་རྟོག་པ་མི་འབྱུང་ཁྱོད་ཀྱི་ཆོས་དེ་དག་ནི་རྟག་ཏུ་བདག་མེད། ད ་ལྟར་འགྲོ་བའི་འདོད་པ་ལྔ་སྐྱེད་མཛད་པས་མངའ་བདག་ཁྱོད་མི་ཐར་པ་ལགས་པར་འོས།། གང་གི་དོན་ཏུ་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་དཀའ་བ་རྣམས་ནི་བསྟེན་པ་དང་།། གང་གི ་དོན་ཏུ་རྟག་ཏུ་འགྲོ་ལ་ཕན་མཛད་འདྲེན་པ་རྣམས་ལ་མཆོད་པ་མཛད་པ་དང་།། གང་གི་དོན་ཏུ་སྦྱིན་དང་ཡང་དག་སྡེ་མ་དང་དུལ་དང་བཟོད་པ་རྟག་ཏུ་སྟེན་པ་ཡི།། རྣམ་འདྲེན་ཁྱོད་ཀྱི་སྨེན ་ལམ་ཆེན་པོ་ཤིན་ཏུ་རྨད་དུ་བྱུང་བ་དེ་ནི་རྫོགས་པར་གྱུར།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཅོམ་ལྡན་འདས་ལ་ཚུལ། དང་འཐུན་པའི་ཚིགསུ་བཅད་པ་འདི་དག་གིས ་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་མ་ནུ་བ་ལུང་བསྟན་པའི་སླདུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུ་བར་འཚལོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས ་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་། ངས་དྲི་བ་དྲིས་པ་དེ་དང་དེ་ལུང་བསྟན་པས་ཁྱོད ་ཀྱི་སེམས་རངས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དྲི་བ་ལུང་བསྟན་པའི་སྐབས་ཕྱེ་ནས། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོ་དང་། ངན་སོང་ཐམས་ཅད་ཡང་དག་པར་ཆད་པ་དང་། མི་ཁོམ་པ་བརྒྱད་ལས་འདས་པ་དང་། ལྷ་དང་མིའི་སྐྱེ་བར་འགྲོ་བ་ལགས། ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་རྒྱུན་མི་འཆད་པར། སངས་རྒྱས་མཐོང་བ་ཐོབ་པ་དང་། དགེ་བའི་བཤེས་གཉེན་དང་ཕྲད་པ་དང་། འཚམ་པའི ་ཡུལ་དུ་གནས་པ་འཐོབ་པ་ལོགས། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་དད་པ་དང་དང་པའི་ཤས་ཆེ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་སྟོན་པ་དང་། མི ་དགེ་བའི་ཆོས་ཐམས་ཅད་སྤངས་ནས། དགེ་བའི་ཆོས་ཐམ་ས་ཅད་ཀྱིས་འབོགས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་ཏུ ་གཉེར་བ་དང་། ཆོས་འཚལ་བ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་དང་། ཐོས་པ་ཚོལ་བས་ཆོག་མ་འཚལ་བ་དང་། ཐོས་པ་སྒྲུབ་པས་མངོན་པར་འཕགས་པ་ལགས། བཅོམ ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་འབྱུང་བ་ལ་མོས་པ་དང་། ནགས་དང་ནགས་མདབ་ན་རྒྱུ་བ་དང་། འཕགས་པའི་རིགས་དང་སྦྱངས་པའི་ཡོན་ཏན་ཡོ་བྱད ་བསྙུངས་པ་ལ་མངོན་པར་དགའ་བ་དང་། རབ་ཏུ་བྱུང་བའི་ཡོན་ཏན་རྣམས་ཡོང་སུ་རྫོགས་པར་བགྱིད་པ་ལགས།། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མར ་ཚུལ་ལ་གནས་པ་དང་། ཆད་པ་དང་རྟག་པར་ལྟ་བ་ཡོངསུ་སྤངས་པ་དང་། རྒྱུ་དང་རྐྱེན་གྱི་ཆོས་རྣམས་ལ་ཞུགས་པ་དང་། ལྟ་བའི་རྣམ་པ་ཐམས་ཅད་བྲལ་བ ་ལགས།། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་རྩེ་བ་དང་། སྒྲིབ་པ་མ་མཆིས་པའི་ཡེ་ཤེས་མཐོང་ལགས། བཅོམ ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་སྤྱོད་པ་དང་། བསམ་པ་དང་། ཆོ་ག་འཚལ་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ ་རྣམས་ཡོངསུ་སྨིན་པར་བགྱི་བ་དང་། གཟུང་བ་དང་། ཀླག་པ་དང་། བརྡ་སྤྲོད་པ་ལ་མཁས་པ་ལགས། བཅོམ་ལྡ་ན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་བདུད་བྱིར ་རྒོལ་བ་བཅོམ་པ་དང་། སྐྲག་པ་དང་། འཇིག་པ་ཐམས་ཅད་དང་བྲལ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ། སྤྱོད་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་ཆོས་ཡང་དག་པར་གཞོལ་བ་དང་། བཟོད་པ་ཐོབ་པ་དང་། ལུང་བསྟན་པ་ཐོབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས ་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་ལེགསོ་ལེག་སོ།། ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་དྲི་བར་སེམས་པ་ནི། ཀླུའི་བདག་པོ་ཁྱོད་ལེག་སོ།། ཀླུའི ་བདག་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད།། བཅོམ་ལྡན་འདས་ལེག་སོ་ཞེས་གསོལ་ཏེ། ཀླུའི་རྒྱལ་པོ་རྒྱལ་པོ་རྒྱ་མཚོ་བཅོམ་ལྡན་འདས ་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོ་དང་། ངན་སོང་ཐམས་ཅད ་ཡང་དག་པར་ཆད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས། ཐམས ་ཅད་སྲུང་བ་དང་། གཞན་གྱི་ཉེས་པ་མི་གླེང་ཞིང་བརྙས་པར་མི་བྱེད་པ་དང་། བདག་གི་འཁྲུལ་པ་ལ་རྟོག་པར་བྱེད་ཀྱི། གཞན་གྱི་འཁྲུལ་པ་ལ་མི་རྟོག་པ་སྟེ། ཀླུའི་བདག་པོ་ཆོས་བཞི ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོ་དང་། ངན་སོང་ཐམས་ཅད་ཡང་དག་པར་ཆད་པར་འ་གྱུར་ཏེ། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ ་སེམས་དཔའ་རྣམས་མི་ཁོམ་པ་ཐམས་ཅད་སྤོང་། ར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དཀོན་མཆོག་གསུམ་པོ་འདི་ལྟ་སྟེ། སངས་རྒྱས་དཀག་དང་། ཆོས་དཀོན ་མཆོག་དང་། དགེ་འདུན་དཀོན་མཆོག་གི་བསྔགས་པ་རྒྱུན་ཏུ་བརྗོད་པ་དང་། ཆོས་འདོད་པ་རྣམས་གཡེངས་པར་མི་བྱེད་པ་དང་། གཞན་དག་གི་འགྱོད་པ་མི་སྐྱེད་པ་དང་། སེམས་ཅན ་འགྱོད་ཅིང་འདུག་པ་རྣམས་ཀྱི་འགྱོད་པ་སེལ་བ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་མི་ཁོམ་པ་ཐམས་ཅད་སྤོང་བར་འགྱུརརོ།། ཀླུའི ་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལྷ་དང་མིའི་སྐྱེ་བར་འགྲོ་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུ་སེམས་མི་གཏོང་ཞིང་། གཞན ་དག་ལ་ཡང་སྒྲོགས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་པ་མི་གཏོང་ཞིང་ཉམས་པར་མི་བྱེད་པ་དང་། སྨོན་ལམ་ལ་བསམ་པ་རྣམ་པར་དག་པ་དང་། ་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར་དེ་དག་ལ་སྙིང་རྗེ་ཆེན་པོ་སྐྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལྷ་དང་མིར་སྐྱེ་བར་འགྲོ་བར ་འགྱུརརོ།། ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་མཐོང་བ་དང་མི་འབྲལ་བར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྗེསུ་དྲན ་པ་ཡིད་ལ་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་དང་། མཆོད་པ་བྱེད་པ་དང་། དེ་བཞིན་གཤེགས་པའི་བ་སྔགས་པ་རྒྱུན་ཏུ་བརྗོད་པ་དང་། དེ་བཞིན་གཤེགས་པའི་སྐུ ་གཟུགས་བྱེད་དུ་འཇུག་པ་དང་། དེ་བཞིན་གཤེག། ས་པ་བལྟ་བ་ལ་སེམས་ཅན་རྣམས་ཡང་དག་པར་འཇུ་ད་བ་དང་། སངས་རྒྱས་ཀྱི་ཞིང་གང་དེ་བཞིན་གཤེགས་པ ་བཞུགས་པ་ཐོས་པ་དེར་སྐྱེ་བར་སྨོན་ལམ་འདེབས་པ་དང་། རྒྱུད་ཞུམ་པ་མེད་ཅིང་རྒྱ་ཆེན་པོ་ལ་མོས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་འདོད་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ ་ངག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་སངས་མཐོང་བ་དང་འབྲལ་བར་མི་འགྱུརརོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་དགེ་བའི ་བཤེས་གཉེན་རྙེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་སྒྱུ་མེད་པ་དང་། གཡོ་མེད་པར་བསྙེན་བཀུར་བྱེད་པ་དང་། ཆོས་ལ་གཅེས་པ་དང་། གུས ་པ་དང་། རི་མོ་བྱེད་པ་དང་། བཀའ་བློ་བདེ་ཞིང་གསོ་སླ་ལ་ངེས་པ་དང་། ང་རྒྱལ་མེད་ཅིང་སྲི་ནུ་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས ་དཔའ་རྣམས་དགེ་བའི་བཤེས་གཉེན་རྙེད་པར་འགྱུརརོ།། ཀླུའི་བདག་པོ་ཆོས་གསུམ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་འཚལ་བའི་ཡུལ་དུ་གནས་པ་ཐོབ་པར་འགྱུར ་ཏེ་གསུམ་གང་ཞེ་ན། འདི་ལྟ་སྟེ། མི་བརླང་ཞིང་གྱ་གྱུར་མེད་པོའི་སེམས་དང་ལྡན་པ་དང་། ཕྲག་དོག་དང་། སེར་སྣ་བསལ་བ་དང་། གཞན་དག་གི་རྙེད་པ་དང་། བཀུར་བསྟི་དང་། ་བདེ་བར་སྦྱར་བ་ལ་དགའ་བ་སྟེ། ཀླུའི་བདག་པོ་ཆེ། ས་གསུམ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་འཚལ་བའི་ཡུལ་དུ་གནས་པ་འཐོབ་པར་འགྱུརརོ།། ་ཀླུའི་བདག་པོ་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམ་ས་དཔའ་རྣམས་དད་པ་དང་ལྡན་པར་འགྱུར་ཏེ། ལྔ་པོ་དག་གང་ཞེ་ན། འདི་ལྟེ་སྟེ། མེས་པའི་སྟོབས་དང་། བསོད་ནས ་ཀྱི་ཚོགས་ཀྱི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པའི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བའི་སྟོབས་དང་། ཆོས་ཉིད་ལ་རྟོན་པའི་སྟོབས་ཏེ། ཀླུའི་བདག ་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་དད་པ་དང་ལྡན་པར་གྱུར་ཏོཏེ།། ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན། དགའ་བའི་ཤས་ཆེ་བར་འགྱུར་ཏེ། གཉིས ་གང་ཞེ་ན། འདི་ལྟ་སྟེ། རྒྱུའི་སྟོབས་དང་། ཡང་དག་པར་སྦྱོར་བའི་སྟོབས་ཏེ། ཀླུའི་བདག་པོ་ཆེས་དེ་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་དགའ་བའི་ཤས་ཆེ་བར ་འགྱུརརོ།། ཀླུའི་བདག་པོ་ཆོས་གསུམ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པར་འགྱུར་ཏེ། གསུམ་པོ་གང་། ་དག་ཞེ་ན། འདི་ལྟ་སྟེ། བདག་མེད་པ་ལ་མོས་པ་དང་། བཟོད་པའི་སྟོབས་དང་། ཡང་དག་པའི་ལས་ལེགས་པར་བརྩོན་པ་སྟེ། ཀླུའི་བདག་པོ་ཆོས་གསུམ་པོ ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པར་འགྱུརརོ།། ཀླུའི་བདག་ཆོས་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ ་རྣམས་མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས། དགེ་བའི་ཆོས་ཐམས་ཅད་ཀྱིས་འབོགས་པར་འགྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་གསུམ། ་གྱི་ཡོངསསུ་བསྔོ་བ་དང་ལྡན་པ་དང་། བག་ཡོད་པར་ག་ནས་པ་སྟེ་དེ་གཉིས།། གཞན་ཡང་གཉིས་ཏེ། འདི་ལྟ་སྟེ། དགེ་བའི་རང་བཞིན་དུ་གྱུར་པ་དང་། རྣམ་པར ་སྨིན་པ་ལ་མི་རེ་བ་སྟེ། ཀླུའི་བདག་པོ་ཆོས་དེ་ག་ཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་མི་ད་ག་བའི་ཆོས་ཐམས་ཅད་སྤངས་ནས། དགེ་བའི་ཆོས་ཐམས ་ཅད་ཀྱིས་འབོགས་པར་འགྱུར།། ཀླུའི་བདག་པོ་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་དུ་གཉེར་བ་ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་དོན་དུ ་གཉེར་བ་མ་ཡིན་པ་དང་། སྒྲ་དོན་དུ་གཉེར་བ་མ་ཡིན་པ་དང་། དྲི་དོན་ཏུ་གཉེར་བ་མ་ཡིན་པ་དང་། རོ་དོན་ཏུ་གཉེར་བ་མ་ཡིན་པ་དང་། རེག་བྱ་དོན་ཏུ་གཉེར་མ་ཡིན་པ་སྟེ། ལྔ ་ནི་དེ་དག་ཡིན།། ཀླུའི་བདག་པོ་གཞན་ཡང་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་ཏུ་གཉེར་བ་ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཆོས་དོན་དུ་གཉེར་བ་ཡིན། ་གྱི། ལུས་དོན་དུ་གཉེར་བ་མ་ཡིན་པ་དང་། ཡོན་ཏན་དོན་དུ་གཉེར་བ་ཡིན་གྱི། སྲོག་དོན་དུ་གཉེར་བ་མ་ཡིན་པ་དང་། ཤེས་རབ་དོན་དུ་གཉེར་བ་ཡིན་གྱི། རེག་པ་དོན་དུ་གཉེར་བ ་མ་ཡིན་པ་དང་། དགེ་བ་དོན་དུ་གཉེར་བ་ཡིན་གྱི། ཚོར་བ་དོན་དུ་གཉེར་བ་མ་ཡིན་པ་དང་། སེམས་ཅན་ཡོངསུ་བསྐྱབ་པ་དོན་དུ་གཉེར་བ་ཡིན་གྱི།། བང་གི་དེ་དོན་དུ་གཉེར་བ་མ་ཡིན་པ་སྟེ། ་ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་དུ་གཉེར་བ་ཡིནོ།། ཀླུའོ་བདག་པོ་ཆེས་དྲུག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས ་འདོད་པ་ཡིན་ཏེ། དྲུག་པོ་དག་གང་ཞེ་ན། འདི་ལྟ་སྟེ། རབ་ཏུ་བྱུང་བའི་ཡོན་ཏན་འདོད་ཀྱི་གོས་ཚོན་ཅ་ན་གྱི་རྟགས་འཛིན་པ་ཙམ་འདོད་པ་མ་ཡིན་པ་དང་། ཆེས ་ཉན་པ་འདོད་ཀྱི། འཇིག་རྟེན་རྒྱང་བན་པའི་གསང་ཚིག་ཉན་འདོད་པ་མ་ཡིན་པ་དང་ཆོས་བསྟན་པ་འདོད་ཀྱི། འཇིག་རྟེན་གྱི་ཟང་ཟིང་འདོད་པ་མ་ཡིན་པ་དང་ཆོས་ལ་སོ་སོར་རྟོགས་པ ་འདོད་ཀྱི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འདོད་པ་མ་ཡིན་པ་དང་། ཆོས་སྒྲུབ་པ་འདོད་ཀྱི། ཡི་གེ་དང་། ངེས་པའི་ཚིག་དང་། བརྡ་ཡོངསུ་ཚོལ་བ་འདོད་པ་མ་ཡིན་པ་དང་། སངས ་རྒྱས་ཀྱི་ཆོས་ཉིན་འདོད་ཀྱི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་འདོད་པ་མ་ཡིན་པ་སྟེ། ཀླུའི་བདག་པོ་ཆེས་དྲུག་པོ་དེ་དག་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་འདོད་པ་ཡིན།། ་ཀླུའི་བདག་པོ་ཆེས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་ཡིན་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ ་ཀྱི་སེམས་ཀྱི་གཏལ་དགའི། ཐེག་པ་དམན་པའི་གཏམ་ལ་མ་ཡིན་པ་དང་། བསྡུ་བའི་དངོས་པོའི་གཏམ་ལ་དགའི། ཕྱིན་ཅི་ལོག་གི་གཏམ་ལ་མ་ཡིན་པ་དང་། ཆོས་ཀྱི་ལུགས ་ཀྱི་གཏམ་ལ་དགའི། འཇིག་རྟེན་རྒྱང་པན་པའི་གཏམ་ལ་མ་ཡིན་པ་དང་། སངས་རྒྱས་ཀྱི་ཆེ་བ་ཉིད་ཀྱི་གཏམ་ལ་དགའི། འཁོར་བ་བཅད་པའི་གཏམ་ལ་མ་ཡིན་པ་དང་། ཟབ་ཅིང་གཏིང ་དཔག་དཀའ་བའི་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་ལ་དགའི། བདག་ཏུ་ལྟ་བ་འཛིན་པའི་གཏམ་ལ་མ་ཡིན་པ་དང་། ཆོས་བདག་མེད་པའི་རང་བཞིན་དང་། རྐྱེན་རྣམ་པར་དག་པའི་གཏམ ་ལ་དགའི། ཆད་པ་དང་། རྟག་པ་དང་། བདག་དང་། སེམས་ཅན།། དང་། སྲོག་དང་། སྐྱེས་བུ་དང་། གང་ཟག་ཏུ་འཛིན་པའི་གཏནལ་མ་ཡིན་པ་དང་། སྟོང་པ་ཉིད་དང་། མཚན ་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་ཡང་དག་པ་ཇི་ལྟ་བ་ལ་དགེའོ། དམིགས་པར་ལྟ་བའི་གཏམ་ལ་ཡིན་པ་དང་རབ་ཏུ་བྱུང་བ་ལ་དམིགས་པ་དང་། སངས་རྒྱས་ཀྱི་ཞིང་གི ་རྒྱན་བཀོད་པའི་གཏལ་དགའི། ཞི་བ་ལ་བཏང་སྙོམསུ་བྱེད་པའི་གཏམ་ལ་མ་ཡིན་ཏེ། ཀླུའི་བདག་པོ་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་ཀུན་དགའ ་ལ་དགའ་བས་དགའ་བ་ཡིནོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ནི། དོན་གྱི་དབང་རྣམ་པ་ལྔ་མཐོང་བའི་ཕྱིར། ཐོས་པ་ཡོངསུ་ཚོལ་བ་ན་ཆོག་མི་ཤེས་ཏེ། ལྔ་གང་ན་ན། ་བྱང་ཆུབ་སེམས་དཔའ་རྣམས་ཐོས་པ་ལས་ཤེས་རབ་འབྱུང་བར་ཡང་དག་པར་མཐོང་བའི་ཕྱིར། ཐོས་པ་ཡོངསུ་ཚོལ་བ་ན་ཆོག་མི་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས ་ཐོས་པས་འགྱོད་པ་དང་ཐེ་ཙོམ་མེད་པར་འགྱུར་བར་ཡང་དག་པར་མཐོང་བའི་ཕྱིར། ཐོས་པ་ཡོངསུ་ཚོལ་ན་ཆོག་མི་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་པས་ཀུན་ནས ་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྟོགས་པར་འགྱུར་པར་ཡང་དག་པར་མཐོང་བའི་ཕྱིར། ཐོས་པ་ཡོངསུ་ཚེལ་ན་ཆོག་མི་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་པས་སེམ ་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར། ཉོན་མོངསཔ་སྤོང་བར་འགྱུར་བར་ཡང་དག་པར་མཐོང་བའི་ཕྱིར། ཐོས་ཁ་ཡོངསུ་ཚོལ་བ་ན་ཆོག་མི་ཤེས་པ་དང་། ་བྱང་ཆུབ་སེམས་དཔའ་རྣམས་ཐོས་པས་མི་འཇིགས་པར་འགྱུར་ལ། མི་འཇིགས་པ་ལས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་ཆད་པར་འགྱུར་བར་ཡང་དག་པར་མཐོང་བའི་ཕྱིར། ཐོས་པ ་ཡོངསུ་ཚོལ་བ་ན་ཆོག་མི་ཤེས་པ་སྟེ། ལྔ་པོ་དེ་དགོ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་དོན་གྱི་དབང་རྣམ་པ་གཉིས་མཐོང་བའི་ཕྱིར། ཐོས་པ་ཡོངསུ་ཚོལ་བ་ན་ཆོག་མི་ཤེས ་ཏེ་གཉིས་གང་ཞེ་ན། འཕགས་པའི་ཡང་དག་པའི་ལྟ་བ་སྐྱེ་བ་དང་། ཆགས་པ་མེད་པའི་གཟུང་ཐོབ་པ་སྟེ། དེ་གཉིསོ།། ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ ་རྣམས་ཐོས་པ་སྒྲུབ་པས་མངོན་པར་འཕགས་པར་འགྱུར་ཏེ། བཅུ་གང་ཞེ་ན། རྙེད་པ་དང་། བཀུར་བསྟི་རྣམས་འདོད་པ་ཉུང་ཞིང་ཆོག་ཤེས་པ་དང་། ཡོངསུ་ཚོལ་བ་རྣམས ་ལ་ལུས་དང་སྲོག་ལ་མི་ལྟ་བ་དང་། སྤྱོད་ལམ་རྣམས་ལ་དྲན་པ་དང་། ཤེས་བཞིན་དང་། ཇི་སྐད་ཐོས་པ་ལ་ཤས་ཆེར་ཡོངསུ་རྟོག་པ་དང་། འདུ་འཛི་མེད་པས་བྱ ་བ་ཉུང་བ་དང་། སྦྱོར་བ་ལ་བརྩོན་པའི་བརྩོན་འགྲུས་ཀྱིས་ནམ་གྱི་ཆ་སྟོང་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བ་དང་། བླ་མ་ལ་གུས་པ་དང་། རི་མོ་བྱེད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ ་ཡོད་པ་ཕུན་སུམ་ཚོགས་པས་དགེ་བའི་བཤེས་གཉེན་ལ་སྙན་པ་དང་། སྙིང་རྗེ་ཆེན་པོས་སེམས་ཅན་ལ་ལྟ་བ་དང་། ཡོན་ཏན་ཡོངསུ་རྫོགས་པར་བྱ་བའི་ཕྱིར། འཕགས་པའི་སྐྱེ་བོ་ལ ་རིམ་གྲོ་བྱེད་པ་དང་། ཤེས་པས་ལྷ་དང་བཅས་པའི་འཇིག་རྟེན་ཡོངསུ་བསྐྱབ་པ་སྟེ། ཀླུའི་བདག་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཐོས ་བ་སྒྲུབ་པས་མངོན་པར་འཕགས་པར་འགྱུརརོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་ཕན་ཡོན་རྣམ་པ་ལྔ་པོ་འདི་ཡང་དག་པར་མཐོང་ནས། རབ་ཏུ་འབྱུང་བ་ལ་མོས ་པར་འགྱུར་ཏེ། ལྔ་གང་ཞེ་ན། བདག་གིས་ལས་བྱས་པ་ཆུད་ཟ་བར་མི་འགྱུར་བ་དང་། བདག་གིས་བྱས་པའི་བག་ཆགས་ཀྱིས་བསྒོ་བར་འགྱུར་བ་དང་། ཡོངསུ་འཛིན་པ་ཐམས་ཅད ་ཁས་བདག་གི་སེམས་གཏོང་བར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདག་སྨད་པར་མི་འགྱུར་བ་དང་། བདག་གྲོལ་ཟིན་ནས་ཀྱང་ཉོན་མོངས་པའི་བཅིང་བ་རྣམས ་ཀྱིས་བཅིང་བའི་སེམས་ཅན་རྣམས་འཆིང་བ་དེ་ལས་རབ་ཏུ་ཐར་པར་བྱ་བའི་ཕྱིར་ཆོས་སྟོན་པར་འགྱུར་སྙམ་པ་སྟེ། ལྔ་པ་དང་གོ།། གཞན་ཡང་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། རབ་ཏུ་བྱུང་བ་ནི། ་ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར། ཚུལ་ཁྲིམས་དང་འཐུན་པ་ཡི་ནོ།། རབ་ཏུ་འབྱུང་བ་ནི་ཐོས་པ་ཉུང་བའི་སེམས་ཅན་ཡོངསུ་སྨིན་པར་བྱ་བའི ་ཕྱིར། ཐོས་པ་དང་འཐུན་པ་ཡིན་རབ་ཏུ་འབྱུང་བ་ནི་སེམས་རྣམ་པར་གཡེང་བའི་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར། ཏིང་འཛིན་དང་འཐུན་པ་ཡིནོ།། རབ་ཏུ་འབྱུང་བ་ནི་ཤེས ་རབ་འཆལ་པའི་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར། ཤེས་རབ་དང་འཐུན་པ་ཡིན།། རབ་ཏུ་འབྱུང་བ་ནི་མྱ་ངན་ལས་འདས་པའི་བདེ་བའི་ལམ་ལ་སེམས་ཅན་དགོད་པར་བྱ་བའི ་ཕྱིར། རྣམ་པར་གྲོལ་བའི་ཡེ་ཤེས་དང་འཐུན་པ་ཡིན་ཏོ།། ལྔ་པོ་དེ་དག་གོ།། གཞན་ཡང་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། རབ་ཏུ་འབྱུང་བ་ནི་ཕུང་པོ་ལྔ་ཡོང་སུ་ཤེས་པར་བྱ་བའི་ཕྱིར། ་རྒྱལ་བཅོམ་པའོ།། རབ་ཏུ་འབྱུང་བ་ནི་ཀུན་འབྱུང་བ་སྤང་བའི་ཕྱིར། སྲེད་པའི་བག་ལ་ཉལ་སྤོང་བའོ།། རབ་ཏུ་འ། བྱུང་བ་ནི་འགོག་པ་མངོན་སུམ་དུ་བྱ་བའི་ཕྱིར། ཞི་བ་དང་། རབ ་ཤུ་ཞི་བ་དང་། ཉེ་བར་ཞི་བར་བྱེད་པའོ།། རབ་ཏུ་འབྱུང་བ་ནི་འཕགས་པའི་ལན་ཡན་ལག་བརྒྱད་པ་བསྒོམ་པའི་ཕྱིར། ལམ་ལ་འཇུག་པའོ།། རབ་ཏུ་འབྱུང་བ་ནི་འཕགས་པའི་བདེན་པ་རྣམས ་ལ་སེམས་ཅན་དགོད་པའི་ཕྱིར། བདེན་པ་ལ་འཇུག་པ་སྟེ། ལྔ་པོ་དང་གོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ནགས་དང་། ནགས་མངབ་ན་རྒྱུ་ནིང ་བས་མཐའི་གནས་མལ་དག་ལ་གནས་པ་ཡིན་ཏེ། བཞི་གང་ཞེ་ན། ལུས་དང་སྲོག་ལ་མི་ལྟ་བ་དང་། དགེ་པའི་ཆོས་ཐམས་ཅད་ལ་ལྟ་བ་དང་། མངོན་པར་ཤེས་པའི་ཤེས་པ་བསྐྱེད་པར་འདོང་། ་པ་དང་། སྤྱོད་ལམ་རབ་ཏུ་ཞི་བས་ལྷ་དང་མི་རྣམས་མགུ་བར་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ནགས ་མདབ་ན་རྒྱུ་ཞིང་། བྲ་མཐའི་གནས་མལ་དག་ན་གནས་པ་ཡི་ནོ།། ཀླུའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་དོན་གྱི་དབང་རྣམ་པ་བཞི་མཐོང་ནས་ནགས་དང་ནགས་མངབ་ན་རྒྱུའིང ་བས་མཐའི་གནས་མལ་དག་ན་གནས་པ་ཡིན་ཏེ། བཞི་གང་ཞེ་ན། དགོན་པ་དང་། རབ་ཏུ་དགོན་པ་འདི་དག་ནི། སངས་རྒྱས་ཀྱིས་བསྔགས་པ་ཡིན་ཏེ། དགོན་པ་ན་གནས་ན་སྙིང་རྗེ་ཆེན ་པོས་སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བ་ལ་དམིག་སྭ་པ་ནི། བདག་གིས་བྲེ་མོ་གཏམ་ཟེར་བ་ཡིན་གྱི། ཕྱོགས་གཅིག་ཏུ་གྱུར་པ་ནི་མ་ཡིན་སྙམ་པ་དང་། བདག་གིས ་ནི་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་བསགས་ཀྱི། ཉོན་མོངས་པ་རྣམས་ནི་མ་ཡིན་སྙམ་པ་དང་། བདག་གིས་ནི་ཡོང་སུ་སྦྱངས་པ་བྱས་པའི་བྱང་ཆུབ་སེམས་དཔའ་དུམ་དགས ་རྗེསུ་བསླབ་དགོས་སྙམ་པ་དང་། བདག་དགོན་པ་ན་གནས་ཏེ། ཆེས་ཐམ་པདེ་ཡང་དག་པར་བསྒྲུབས་ནས། གྲང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། པི་བྲང ་ངག་ཏུ་སོང་སྟེ། སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ་སྙམ་པ་སྟེ། ཀླུའི་བདག་པོ་ཆེས་བནི་པོ་དེ་དག་དང་ལྡན་ན། ནགས་དང་ནགས་མངབ་ན་རྒྱུ་ཞིང་། བས་མཐའི་གནས་མལ་ངག ་ན་གནས་པ་ཡིན།། ཀླུའི་བདག་པ་ཆོས་གསུམ་པོ་འདི་དག་ནི། འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་དང་། བྱད་བསྲུངས་པ་ལ་གནས་པའི་བྱང་ཆུང་སེམས་དཔའི་མམ ་དང་ཕན་ཡོན་ཕུལ་དང་རབ་མཆོག་ཡིན་ཏེ། གསུམ་གང་ཞེ་ན། དགའ་བ་དང་། མི་དགའ་བ་རྣམས་ལ་མི་ལྟ་བའི་ཕྱིར། འདུ་འཛིའི་བྱ་བ་མེད་པ་དང་། སེམས་རག་ལས་པ་མེད ་ཅིང་གང་དུ་འདོད་པར་འགྲོར་ཡོད་པའི་ཕྱིར། རང་ཉམ་དང་། རང་དབང་དང་། ཐ་མལ་པར་གནས་པ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་སེམས་པའི་ཕྱིར། དེའི་ཏིང་འཛིན ་མྱུར་དུ་སྐྱེ་བར་འགྱུར་བ་སྟེ། གསུམ་པོ་དེ་དགོ། གཞན་ཡང་གསུམ་སྟེ། དེ་ལ་ཚུལ་འཆོས་པ་དང་། ཁ་གསག་མི་འབྱུང་བ་དང་། དེ་ལ་རྗེ་སུ་འཆགས་པ་དང་། ཁོང་ཁྲོ་བའི་སེམས ་མི་སྐྱེ་བོ་དང་། སྒྲུབ་ཅིང་འདུག་པ་ན་ཁྱིམ་ལ་རྗེསུ་ལྟ་བར་མི་འགྱུར་བ་སྟེ། ཀླུའི་བདག་པོ་གསུམ་པོ་དེ་དག་ནི། འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད ་བསྙུངས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་མ་ན་ཏན་དང་། ཕན་ཡོན་ཕུལ་དང་རབ་མཆོག་ཡིན།། ཀླུའི།། བདག་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེཾང ་རབ་ཏུ་འབྱུང་བའི་ཡོན་ཏན་ཡོངསུ་རྫོགས་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འཕགས་པའི་རིགས་ཀྱིས་ཆོག་པར་འཛིན་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས ་པ་ལ་གནས་པ་དང་། མང་དུ་ཐོས་པ་དང་། སེམས་ངེས་པར་སེམས་ལ་དགའ་བ་དང་། བྱང་ཆུབ་པའི་བསམ་པ་ཀུན་ཏུ་རྨོངས་པ་མེད་པ་དང་། དྲན་པ་ཉེ་བར་གཞག་པས་གནས་པ ་དང་། ཏིང་འཛིན་དང་། ཤེས་རབ་སྒོམ་པའི་སྒོམ་པའི་སྦྱོར་བ་ལ་བརྩོན་པ་དང་། བརྩམ་པ་ཐམས་ཅད་བསྒྲུབ་པ་སྙིང་པོར་བྱེད་པ་སྟེ། ཀླུའི་བདག་པོ་ཆེས་བརྒྱད་པོ་དེ་དག་དང ་ལྡན་ན། བྱང་ཆུབ་སེམས་དཔའི་རབ་ཏུ་འབྱུང་བའི་ཡོན་ཏན་ཡོངསུ་རྫོགས་པར་འགྱུརརོ།། ཀླུའི་བདག་པོ་ཆེས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས། ་ཆོས་ཟབ་མོའི་ཚུལ་ལ་གནས་པ་ཡིན་ཏེ། བཅུ་གང་ཞེ་ན། བདག་གི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྗེ་སུ་འགྲོ་བ་དང་། བདག་དག་པས་ཆོས་ཐམས་ཅང་དག་པའི ་རྗེསུ་འཇུག་པ་དང་། བདག་བདག་མེད་པས་ཆོས་ཐམས་ཅད་བདག་མེད་པ་ལ་མོས་པ་དང་། བདག་སྟོང་པས་ཆོས་ཐམས་ཅད་སྟོང་པར་སོམ་ཉི་མེད་པ་དང་། བདག་དབེན ་པས་ཆོས་ཐམས་ཅད་དབེན་པ་ལ་འཇུགཔ་དང་། བདག་ཞི་བས་ཆོས་ཐམས་ཅད་ཞི་བར་སོ་སོར། རྟོག་པ་དང་། བདག་ཇི་ལྟ་བ་བཞིན་པས་ཆེས་ཐམས ་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་དང་། བདག་ཟབ་པས་ཆོས་ཐམས་ཅད་ཟབ་པར་ངེས་པར་སེམས་པ་དང་། བདགེ་བེམས་པོ་ཡིན་པས། ཆོས་ཐམས་ཅད་བེམ་པོ་ཡིན་པར་ངེས་པར། ་རྟོག་པ་དང་། བདག་བཟུང་དུ་མེད་པས་ཆོས་ཐམས་ཅད་གཟུང་དུ་མེད་པར་རབ་ཏུ་ཤེས་པ་སྟེ། བཅུ་པོ་དེ་དག། ཀླུའི་བདག་པོ་གཞན་ཡང་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་ཡིན་ཏེ། བཅུ་གང་ཞེ་ན། རྣམ་པར་བསྒྲུབས་པས་གནས་པའི་མཚན་ཉིད་ཀྱི་ཕྱིར། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རབ་ཏུ་ཤེས་པ་དང་། བྱིན ་ཅི་ལོག་ལས་བྱུང་བར་མཐོང་བས། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རབ་ཏུ་ཤེས་པ་དང་། ཕྱིན་ཅི་ལོག་ཏུ་འདུ་ཤེས་པས་ཆོས་ཐམས་ཅད་སྨིག་རྒྱུ་ལྟ་བུར་རབ་ཏུ་ཤེས་པ་དང་། ་རྒྱུའི་བྱ་བ་དང་། རྐྱེན་ལ་དམིགས་ཏེ། སྐྱེ་བས་ཆོས་ཐམས་ཅད་མིག་གཡོར་ལྟ་བུར་རབ་ཏུ་ཤེས་པ་དང་། འཕོ་བ་མེད་པའི་མཚན་ཉིད་པས་ཕྱིར་མ་ལོག་པས། ཆོས་ཐཾད ་ཆུ་ཟླ་ལྟ་བུར་རབ་ཏུ་ཤེས་པ་དང་། ཡུལ་ན་མི་གནས་ཤིང་ཕྱོགས་ན་མི་གནས་ཏེ། ངོ་བོ་ཉིད་མེད་པས་ཆོས་ཐམས་ཅད་བྲག་ཆ་ལྟ་བུར་རབ་ཏུ་ཤེས་པ་དང་། སྐད་ཅིག་ཀྱང་མི་སྡོད ་པས་ཆོས་ཐམས་ཅད་སྤྲིན་དང་ཀློག་སྣང་བ་ལྟ་བུར་རབ་ཏུ་ཤེས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུགས་ཆགས་པར་མི་འགྱུར་པས། ཆོས་ཐམས་ཅད་འཇའ ་ཚེན་ལྟ་བུར་རབ་ཏུ་ཤེས་པ་དང་། གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མོངས་ཅན་དུ་མི་འགྱུར་བས། ཆོས་ཐམས་ཅད་རང་བཞིན་གྱིས་རབ་ཏུ་དག་པར་ཤེས་པ་དང་། སྐྱེ་བ་དང་། ་འཇིགས་པ་དང་། གནས་པ་དང་བྲལ་བས། ཆོས་ཐམས་ཅད་ན་མཁའ་ལྟ་བུར་རབ་ཏུ་ཤེས་པ་སྟེ། ཀླུའི་བདག་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་ཡིནོ།། ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆད་པར་ལྟ་བར་ལྟུང་བར་མི་འགྱུར་ཏེ། ་གཉིས་གང་ཞེ་ན། ལས་ཀྱི་བྱ་བ་ལ་འཇུག་པ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་བསྒྲུབ་པ་ཤེས་པ་སྟེ། ཀླུའི་བདག་པོ་ཆེས་དེ་གཉིས་དང་ལྡན་ན། བྱང་ཆུབ ་སེམས་དཔའ་རྣམས་ཆང་པར་ལྟ་བར་ལྟུང་བར་མི་འགྱུར་རོ།། ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་རྟག་པར་ལྟ་བར་ལྟུང་བར་མི་འགྱུར་ཏེ། གཉིས ་གང་ཞེ་ན། མི་རྟག་པའི་ཆོས་ལ་འཇུག་པ་ཤེས་པ་དང་། སྐྱེས་ནས་ཞིག་ཅིང་ནུ་སྟེ་མི་གནས་པར་རབ་ཏུ་རྣམ་པར་དབྱེ་བ་ཤེས་པ་སྟེ། ཀླུའི་བདག་པོ་ཆོས ་དེ་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་རྟག་པར་ལྟ་བར་ལྟུང་བར་མི་འགྱུར་རོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་བརྟེན་ཏེ་འབྱུང ་བ་ལ་འཇུག་པ་ལ་མཁས་པ་ཡིན་ཏེ། མ་རིག་པ་ཀུན་འབྱུང་བ་ནས་རྒ་ཤི་ཀུན་འབྱུང་བའི་བར་འཇུག་པ་དང་། མ་རིག་པ་འགག་པ་ནས། རྒ་ཤི་འགག་པའི་བར་ལ་འདུག ་བ་དང་། ཆད་པར་ལྟ་བར་ཡང་མི་ལྟུང་བ་དང་། རྟག་པར་ལྟ་བར་ཡང་མི་གནས་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་བརྟེན་ཏེ་འབྱུང ་བ་ལ་འཇུག་པ་ལ་མཁས་པ་ཡིནོ།། ཀླུའི་བདག་པོ་ཆེ། ས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལྟ་བ། ར་གྱུར་པ་ཐམས་ཅད་དུ་ལྟ་བར་མི་འགྱུར། ་ཏེ། བཞི་གང་ཞེ་ན། སྟོང་པ་ཉིད་ཀྱི་ཤེས་པས་བདག་དང་། སེམས་ཅན་དུ་ལྟ་བར་མི་འགྱུར་བ་དང་། མཚན་མ་མེད་པའི་ཤོས་པས་སྲོག་དང་གང་ཟག་དུ་ལྟ་བར་མི ་འགྱུར་པ་དང་། སྨོན་པ་མེད་པའི་ཤེས་པས་འབྱུང་བ་དང་། འཇིག་པར་ལྟེ་བར་མི་འགྱུར་བ་དང་། རྟེན་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཤེས་པས་ཆད་པ་དང་། ་རྟག་པར་ལྟ་བར་མི་འགྱུར་བ་སྟེ། ཆོས་བཞི་པོ་འདི་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལྟ་བར་གྱུར་པ་ཐམས་ཅད་དུ་ལྟ་བར་མི་འགྱུར།། ཀླུའི་བདག་པོ ་ཆོས་དྲུག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པའི་ཤེས་པས་རྣམ་པར་རྩེ་བར་འགྱུར་ཏེ། དྲུག་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ ་མེད་པའི་ལྟ་བས། དེའི་ལྷའི་མིག་རྣམ་པར་དག་པར་འགྱུར་བ་དང་། ངན་ཏུ་སྨྲས་པའི་ཚིག་དང་དུ་ལེན་པས་ལྷའི་རྣ་བ་རྣམ་པར་དག་པར་འགྱུར་བ་དང་། སེམས་ཀུན་ནས ་ཉོན་མོངས་པ་མེད་པས། གཞན་གྱི་སེམས་ཤེས་པ་རྣམ་པར་དག་པར་འགྱུར་བ་དང་། སྔོན་བྱས་པའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ལ་གཏོང་བས་སྔོན་གྱི་གནས ་རྗེསུ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུར་བ་དང་། འབྲུ་ན་པར་བྱེད་པ་དང་། བཀའ་བློ་བདེ་བ་དང་། ཇི་སྐད་སྨྲས་པ་བནི་ན་བྱེད་པས། རྫུ་འཕྲུལ་བྱ་བ་ཤེས་པ་རྣམ ་པར་དག་པར་འགྱུར་བ་དང་། ཆོས་རྣམས་ལ་སློབ་དཔོན་པ། མཁྱུད་མེད་པས་ཟག་པ་ཟད་པ་ཤེས་པ་རྣམ་པར་དག་པར་འགྱུར་བ་སྷོ། དྲུག་པོ་དེ་དགོ།། ཀླུའི་བདག་པ་གཞན ་ཡང་མར་མེ་བྱིན་པས་ནི། ལྷའི་མིག་རྣར་དག་པར་འགྱུརརོ།། སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་ཐམས་ཅད་བྱིན་པས་ནི།། ལྷའི་རྣ་བ་རྣམ་པར ་དག་པར་འགྱུརརོ།། ཀུན་ནས་ཉོན་མོངས་པ་མེད་པར་བྱིན་པས་ནི། གཞན་གྱི་སེམས་ཤེས་པ་རྣམ་པར་དག་པར་འགྱུརརོ།། དགེ་བའི་ཆོས་དྲན་པར་བྱེད་ཅིང་བསྐུལ་བས་ནི། སྔོན་གྱི་གནས ་གནས་རྗེ་སུ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུརརོ།། སྒྲིབ་པ་དང་། འགྱོད་པ་བསྩལ་བ་ནི། རྫུ་འཕྲུལ་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུརརོ།། ཆོས་བྱིན་པས་ནི་ཟག་པ་ཟད་པ་ཤེས ་པ་རྣམ་པར་དག་པར་འགྱུརརོ།། ཀླུའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་ལ་ལྟ་བས་ནི། ལྷའི་མིག་རྣམ་པར་དག་པར་འགྱུརརོ།། དམ་པའི་ཆོས་མཉམ་པས་ནི ་ལྷའི་རྣ་བ་རྣམ་པར་དག་པར་འགྱུརརོ།། སེམས་ཀྱིས་ངེས་པར་བརྟགས་པས་ནི། གཞན་གྱི་སེམས་ཤེས་པ་རྣམ་པར་དག་པར་འགྱུརརོ།། དགེ་འདུན་རྗེསུ་དྲན་པས་ནི། སྔོན་གྱི་གནས་རྗེསུ ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུར་རོ།། འདུན་པ་དྲག་པོས་ནི་རྫུ་འཕྲུལ་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུརརོ།། ཆོས་སྒྲུབ་པས་ནི་ཟག་པ་ཟད་པ་ཤེས་པ་རྣམ་པར་དག་པར ་འགྱུརརོ།། དེ་ལ་མངོན་པར་ཤེས་པས་རྣམ་པར་རྩེ་བ་གང་ཞེ་ན། ཀླུའི་བདག་པོ་འདི་ལ་ཉན་ཐོས་དང་། རང་། སངས་རྒྱས་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དང་། ཕྱི་རོལ་གྱི ་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ། ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་བས་ནི། བྱང་ཆུབ་སེམས་དཔའི་ལྷའི་མིག་དེ་ཆེས་འདས་པ་དང་། ཆེས་གསལ་བ་དང་། ཆེས ་ཁྱད་པར་དུ་འཕགས་པ་དང་། ཆེས་མཆོག་ཏུ་འགྱུར་བ་དང་། ཆེས་རྣམ་པར་དག་པ་སྟེ། དེའི་ལྷའི་མིག་དེས་ནི། དེ་བཞིན་གཤེགས་པའི་སྤྱན་གྱི་ཡུལ་མ་གཏོགས་པར། ་སེམས་ཅན་དུ་སྣང་བ་འམ། གཟུགསུ་སྣང་བ་འམ། ཆོས་སུ་སྣང་བ་གང་ཡང་མི་རྟོག་པ་དང་། མི་མཐོང་བ་དང་། མི་ཤེས་པ་ཅི་ཡང་མདོ།། ཀླུའི་བདག་པོ་དེ་ལ་ཉན་ཐོས་དང་། རང ་སངས་རྒྱས་རྣམས་ཀྱི་ལྷའི་རྣ་བ་གང་ཡིན་པ་ནས། མི་དང་མི་མ་ཡིན་པའི་བར་རྣམས་ཀྱི་ལྷའི་རྣ་བ་གང་ཡིན་པ་དེ་བས་ནི། བྱང་ཆུབ་སེམས་དཔའི་ལྷའི་རྣང་དེ་ཆེས་འདས་པ།། ་དང་ཆེས་གསལ་བ་དང་། ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་མཆོག་ཏུ་གྱུར་པ་དང་། ཆེས་རྣམ་པར་དག་པ་སྟེ། དེའི་ལྷའི་རྣ་བའི་དབང་པོ་དེས་ནི། དེ་བཞིན་གཤེགས་པའི ་སྙན་གྱི་ཡུལ་མ་གཏོགས་པར་སྒྲར་གྲག་བར་གང་ཡང་ཐོས་པར་མི་འགྱུར་བ་ཅི་ཡང་མེད། དེས་ནི་སྒྲ་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངསུ་གཅོད་པ་རབ་ཏུ་ཤེསོ།། ་ཀླུའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་དང་། སེམས་ཀྱི་དམིགས་པ་དང་། སེམས་ཀྱི་མཚན་མ་དང་། སེམས་ཀྱི་དཔྱོད་པ་དང་། སེམ ་ཀྱི་རྒྱུ་དང་། སེམས་ཀྱི་བསམ་པ་དང་། སེ་མས་ཀྱི་འབྲས་བུ་དང་། སེམས་ཀྱི་ངེས་པ་དང་། སེམས་ཀྱི་བ་རྟག་པ་དང་། སེམས་ཀྱི་རྣམ་པ་སྣ་ཚོགས་པ་དང་། སེམས་ཀྱི ་རྗེསུ་ཆགས་པ་དང་། སེམས་ཀྱི་ཁོང་ཁྲོ་བ་དང་། སེམས་རྣམ་པར་གཡེང་བ་དང་། སེམས་བསྡུ་བ་དང་། སེམས་བྲལ་བར་གཡོ་བ་དང་། སེམས་ལྷག་པར་གཡོ་བ་དང་། སེམས་བསྐུལ ་པ་དང་། སེམས་གནས་པ་དང་། སེམས་ཀྱི་སྔོན་གྱི་མཐའ་དང་། སེམས་ཀྱི་ཕྱི་མའི་མཐའ་དང་། སེམས་ཀྱི་ད་ལྟར་བྱུང་བ་དང་། སེམས་ཀྱི་གནས་དང་། སེམས་ཀྱི་གནས་པ་ཐམས་ཅད ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སུ་ཤེས་ཏེ། ཤེས་ནས་ཀྱང་དེ་བཞིན་དུ་དེས་སེམས་ཅན་དེ་དག་ལ་ཆོས་དང་ལྡན་པའི་གཏམ་འཇུག་པར་བྱེད།། དེས་སྔོན་གྱི་གནས་རྗེསུ་དྲན་པས། བདག་དང ་གཞན་རྣམས་སྔོན་གྱི་མཐའི་མུར་ཐུག་པའི་བར་གྱི་འཆི་འཕོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་དྲན་ཏེ། རྣམ་པ་དང་བཅས་ཡུལ་ཕྱོགས་དང་བཅས། ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་དང་གཞན་མ་ཡིན་པར་རྗོད་པར་བྱེད།། རྫུ་འཕྲུལ་བྱ་བ་རྣམས་ལ་ཡང་མངོན་པར་འདུ་བྱེད་པ་མེད་པ་ཐོབ་སྟེ། བྱ་བ་ཐམས་ཅད་སྟོན་ཏོ།། ཀླུའི ་བདག་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་སྟེ། དེ་ལ་རང་གི་སེམས་ལ་དབང་བྱེད་པས། དོན་ཐམས་ཅད་ཡོངསུ་རྫོགས་པར་བྱེད་པ་འདི་ནི། དེའི་རྣམ ་བར་རྩེ་བ་སྟེ། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་པ། ཡང་ཀུན་ཏུ་སྟོན་ལ། གཏན་དུ་ཡོངསུ་མྱ་ངན་ལས་འདའ་བར།། ཡོངསུ་མྱ་ངན་ལས་འདའ་བར་ཡང་མི་བྱེད་པ ་ལྟ་བུའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ལ་མ་ཆགས་ཏེ། ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྣམ་པར་གྲོལ་བ་ལ་ལྷག་པར་དམིགས་ཤིང་། རང་བཞིན་གྱི་ཟག་པ་ཟད་པ་ཤེས་ཀྱི། ཤེས་པ་དེ་མངོན་སུམ་དུ་བྱེད་པ་ནི་མ་ཡིན་ལ། སེམས་ཅན་ཐམས་ཅད ་ཀྱི་ཟག་པ་ཟད་པར་བྱ་བ་ཁོ་ནའི་ཕྱིར། ཡང་འཁོར་བའི་རྒྱུན་ལ་གནས་པ་འདི་ནི། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དྲུག་པའོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ ་སེམས་དཔའ་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ཡིན་ཏེ། བཞི་གང་ཞེ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཡོངསུ་བསྒྲེས་པའི་མངོན་པར་ཤེས་པ་ལྔ་དང་། བྱམས ་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་ཡོངསུ་བསྒོས་པའི་སོ་སོ་ཡང་དག་པར་རིག་པ་བཞི་དང་། ཐབས་དང་ཤེས་རབ་ཀྱིས་ཡོངསུ་བསྒོས་པའི་གཟུགས་མེད་པའི་སྙོམས་པར་འཇུག ་པ་བཞི་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པས་ཡོངསུ་བསྒོས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཏེ། ཀླུའི་བདག་པོ་ཆོས་བཞི་པོ་དེ ་དག་ལྡན་ན། བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ཡིན།། ཀླུའི་བདག་པོ་དེ་ལ་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་གང་ཞེ་ན། ཉོན ་མོངས་པ་ཐམས་ཅད་ཀྱང་མ་མཐོང་ལ། བག་ཆགས་ཀྱི་མཚམས་སྦྱོར་བའི་རྣམ་པའི་ཉོན་མོངས་པ་ཐམས་ཅད་ཀྱང་ཡང་དག་པར་བཅོམ་པ་གང་ཡིན་པ་དང་། འཁོར་བ ་ཡང་མ་མཐོང་ལ། མྱ་ངན་ལས་འདས་པ་ལ་ཡང་ཡང་ད་ག་པར་གཞོལ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི། ས་ཡང་མ་མཐོང་ལ། བྱང་ཆུབ་ཀྱི་སྙིང་པོ ་ཡང་ཡང་དག་པར་གཞོལ་བ་དང་། སེམས་ཅན་གྱི་སྤྱོད་པའི་རྗེསུ་ཡང་འཇུག་ལ། སེམས་ཅན་གྱི་སྤྱོད་པ་དབེན་པར་ཡང་ཤེ་ས་པ་སྟེ། འདི་ནི་སྒྲིབ་པ་མེད་པའི་ཡེ་ཤེས ་མཐོང་བ་ཞེས་བྱའོ།། གཞན་ཡང་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ནི། འདུས་བྱས་ཀྱི་བྱ་བ་ཐམས་ཅད་རྗེ་སུ་ཡང་འཇུག་ལ། འདུས་མ་བྱས་པ་ཐོབ་པ་གང་ཡིན་པ་དང་། འདུས ་བྱས་ཐམས་ཅད་ཀྱི་ཉེ་བར་ཞི་བ་ཡང་མཐོང་ལ། འདུས་མ་བྱས་ཀྱང་ཐོབ་པའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ནི། འདུས་བྱས་ལ་སྤྱོད་པ་ན་ཡང་། འདུས་མ་བྱས་ཤེས་པས་སྒྲ ་པ་མེད་ལ། འདུས་མ་བྱས་པ་ཐོབ་པ་ལ་ཡང་འདས་བྱས་ཀྱི་ཆོས་རྣམས་ཀྱིས་སྒྲིབ་པ་མེད། དེར་སྒྲིབ་པ་མེད་པའི་ཡེ་ཤེས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས ་དཔའི་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་སྤྱོད་པ་དང་། བསམ་པ་དང་། ཆོ་ག་ཤེས་པ ་ཡིན་ཏེ། བཞི་གང་ཞེ་ན། འཇིག་རྟེན་གྱི་རྗེསུ་འཇུག་པའི་ཤེས་པ་དང་། སྙོམས་པར་འཇུག་པ་ལ་མཁས་པའི་ཤེས་པ་དང་། བསམ་པ་ལ་སུ་རུང་བའི་བསམ་པ་དང་། སེམས་ལ ་དབང་བྱེད་པའི་ཐབས་ཏེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་སྤྱོད་པ་དང་། བསམ་པ་དང་། ཆོ་ག་ཤེས་པ་ཡི་ནོ།། ཀླུའི་བདག་པོ ་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད་པ་ཡིན་ཏེ། ལྔ་གང་། ཞེ་ན། བདག་གི་བདེ་བ་ལ་མི་ལྟ་བས། ཡིད་ཡོངསུ་མི་སྐྱེ ་བ་དང་། བརྩོན་པ་བརྟན་པས། སེམས་ཅན་ལ་བདེ་བ་སྦྱིན་པ་དང་། སྙིང་རྗེ་ཆེན་པོ་དང་། སེམས་ཅན་རྣམས་ཀྱི་སྤྱོད་པ་ཇི་ལྟ་བ་དེ་ལྟ་བུའི་སྤྱོད་པ་ལ་རྗེ་སུ་འཇུག་པ་དང་། གོང་དུ་ཡང་ཡོན་ཏན ་ཁྱད་པར་ཅན་ལ་ཡང་འགོད་པར་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངསུ་སྨིན་པར་བྱེད་པ་ཡིནོ།། ཀླུའི་བདག་པོ་ཆོས་དྲུག་དང་ལྡན ་ནར་བྱང་ཆུབ་སེམས་དཔའ་འཛིན་པ་དང་། ཀློག་པ་དང་། བརྡ་སྤྲོད་པ་ལ་མཁས་པ་ཡིན་ཏེ། དྲུག་གང་ཞེ་ན། གཟུངས་ཐོབ་པ་དང་། དྲན་པ་དང་། ཤེས་བཞིན་གྱིས་སྒྲུབ་པ་དང་། ཡང་དག ་པ་ལ་ཚུལ་བཞིན་དུ་འཇུག་པ་དང་། སེམས་ཀྱི་རྗེ་སུ་འཇུག་པ་ཤེས་པ་དང་། ཐོགས་པ་མེད་པའི་སྤོབས་པ་ཐོབ་པ་དང་། དགོངས་པའི་ཚིག་སྟོན་པའི་ཤེས་པ་ལ་མཁས་པ་ཏེ། ཀླུའི ་བདག་པོ་ཆོས་དྲུག་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་འཛིན་པ་དང་། ཀློག་པ་དང་། བརྡའ་སྤྲོད་པ་ལ་མཁས་པ་ཡིནོ།། ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེདེར ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ཏེ། བརྒྱད་གང་ཞེ་ན། སྒྱུ་མའི་ཆོས་ཉིད་དུ་ཕུང་པོ་ལྔ་ཡོངསུ་ཤེས་པ་དང་ཡང་ལྡན་ལ། འཇིག་ཚོགས་ལ་ལྟ་བའི་ཉོན་མོངས་པ་དང་བྲལ་ཏེ། ་སྟོང་པ་ཉིད་ལ་སྤྱོད་ཡུལ་བ་ཡང་ཡིན་པ་དང་།། འདུ་བྱེད་ཐམས་ཅད་ཀྱི་སྐྱེ་བ་མེད་པ་ཡང་རབ་ཏུ་ཤེས་ལ། སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར། བསམས་བཞིན་དེ་སྐྱེ་བར ་ཡང་བྱེད་པ་དང་། བརྩོན་འགྲུས་བརྟན་པས་བྱང་ཆུབ་ཀྱི་བསམ་པ་ཡང་ཡོངསུ་མི་གཏོང་ལ། ཁམས་གསུམ་པ་ས་ཀྱང་ཡིད་རྟག་ཏུ་སྐྲག་པ་དང་། མངོན་པར་འདུ་བྱེད་པར ་ཡང་མི་ལྟུང་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཡོངསུ་ཚོལ་བ་དང་། སེམས་ཅན་རྣམས་ལ་ཡང་ལྟ་ལ། བསོད་ནམས་ཀྱི་ཚོགས་ཀྱང་སོགས་པ་དང་། མི་རྟག་པའི་མཚན་ཉིད་ལ། ་ཡང་ཡིད་ཆེས་ལ། ཡེ་ཤེས་ཀྱི་ཚོགས་ཀྱང་སྩོགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཤེས་པ་ལ་ཡང་མ་ཆགས་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ ་སེམས་དཔའ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིནོ།། ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྐྲག་པ་དང་འཇིགས་པ་ཐམས་ཅད་དང་བྲལ་ཏོ།། བྱང་ཆུབ་སེམས་དཔའི ་སྤྱད་པ་སྦྱོང་བ་ཡིན་ཏེ། བཅུ་གང་ཞེ་ན། སྦྱིན་པས་བརྟན་པ་ཡིན་ཏེ། མཚན་གྱིས་ལེགས་པར་བརྒྱན་པ་དང་། ཚུལ་ཁྲིམས་ལ་གནས་པ་ཡིན་ཏེ། ངན་སོང་ཐམས ་ཅད་ཡང་དག་པར་གཅད་པ་དང་། བཟོད་པའི་གོ་ཆ་བགོས་པ་ཡིན་ཏེ། དབང་པོ་མ་ཉམས་པ་དང་། བརྩོན་འགྲུས་བརྟན་པ་ཡིན་ཏེ། དགེ་བའི་ཚོགས་རྣམས་ཀྱི་ཆོག་མ་ཤེས་པ་དབངས། ་གཏན་ལ་གནས་པ་ཡིན་ཏེ། ཅང་ཤེས་ཀྱི་སེམས་དང་ལྡན་པ་དང་། ཤེས་རབ་དང་ལྡན་པ་ཡིན་ཏེ། ཉོན་མོངས་པ་དང་བྲལ་བ་དང་། ཐབས་ལ་མཁས་པ་ཡིན་ཏེ། ཀུན་ཏུ་ཡོངསུ ་བསྔོ་བ་ཤེས་པ་ལ་མཁས་པ་དང་། སོ་སོ་ཡང་ད་ག་པར་རིག་པ་ཐོབ་པ་ཡིན་ཏེ། དོན་དང་། ཆོས་དང་། ངེས་པ་འི་ཚིག་དང་། སྤོབས་པ་མཁས་པ་དང་། གཟུངས་ཐོབ་པ ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་ག་ད་པ་ལ་མཁས་པ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་ཡིན་ཏེ། དམ་པའི་ཆོས་ཡོང་སུ་འཛིན་པ་སྟེ། ་ཀླུའི་བདག་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྐྲག་པ་དང་། འཇིགས་པ་ཐམས་ཅད་དང་བྲལ་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན།། ཀླུའི ་བདག་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཆོས་ལ་ཡང་དག་པར་གཞོལ་བ་ཡིན་ཏེ། བརྒྱད་གང་ཞེ་ན། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། བདག ་འཁྲུལ་པ་ལ་སོ་སེར་རྟོག་པར་བྱེད་ཀྱི། གཞན་གྱི་འཁྲུལ་པ་ལ་མི་རྟོག་པ་དང་། སྲོག་གི་ཕྱིར་ཡང་གཞན་ལ་བརྙས་པར་མི་བྱེད་པ་རྙེད་པ་དང་། བཀུར་སྟི་ཐོབ་པས་ཀྱང་མཐེ་བར་མི་འཛིན་ལ། ་མ་ཐོབ་པས་ཀྱང་དམའ་བར་མི་འཛིན་པ་དང་། སེམས་ཅན་ཐམས་ཅད་ལ་ཡོན་གནས་ཀྱི་སེམས་བསྐྱེད། སྦྱིན་པ་སྦྱིན་པ་དང་། བགོ་བ་ཤའི་ངང་ཚུལ་ཅན་ཡིན་ཏེ། ཆོས་ལ་སློབ་དཔོན་དཔེ ་མཁྱུད་མི་བྱེད་པ་དང་། གཞན་གྱི་བདེ་བས་དགའ་བ་ཡིན་ཏེ། ཕྲག་དོག་དང་། སེར་སྣ་དང་། བྲལ་བ་དང་། སྡུག་པ་དང་། མི་སྡུག་པ་ཐམས་ཅད་ཡོངསུ་གཏོང་བ་ལ། འགྱོད་པ་མེད་པ་སྟེ། ཀླུའི ་བདག་པོ་ཆོས་བརྒྱད་པོ་དདང་ལྡན་ན། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཆོས་ལ་ཡང་དག་པར་གཞོལ་བ་ཡིནོ།། ཀླུའི་བདག་པོ་ཆེས་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། ལྔ་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངསུ་རྫོགས་པ་ཡིན་ཏེ། ཐབས་ལ་མཁས་པ་དང་ཆོས་ཐམས་ཅད་ཇི ་ལྟ་བ་ལ་མཁས་པ་ཡིན་ཏེ། ཆོས་ཟབ་མོའི་ཚུལ་ལ་གནབ་དང་། མངོན་པར་ཤེས་པ་མ་ཉམས་པ་ཡིན་ཏེ། སེ་མས་ཅན་ཐམས་ཅད་ཀྱི་དབང་པོ་རིག་པའི་ཆོ་ག་ཤེས་པ་དང་། ་ལེགས་པར་ཁོང་དུ་ཆུད་པ་ཤེས་པ་ཡིན་ཏེ། ཆགས་པ་མེད་པར་སྤྱོད་པ་དང་། ཟད་མི་ཤེས་པ་མངོན་པར་བསླབས་པས་ཀྱང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དཔྱོད་པར་བྱེད་ལ། དག་པ་ཐམས ་ཅད་ཀྱང་ཟད་པར་མི་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་ལྔ་པོ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡི་ནོ།། ཀླུའི་བདག ་བོ་ཆོས་གསུམ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་ཡིན་ཏེ། གསུམ་གང་ཞེ་ན། སེམས་ཅན་ཡོངསུ་དག་པ་བྱ་བའི་ཕྱིར། བདག་མེད་པ་དང་། ཆོས་ཡོངསུ་དག་པར་བྱ་བའི་ཕྱིར ་དབེན་པ་དང་། ཡེ་ཤེས་ཡོང་སུ་དག་པར་བྱ་བའི་ཕྱིར། ཆགས་པ་མེད་པ་སྟེ། གསུམ་པོ་དེ་དག་གོ།། གཞན་ཡང་གསུམ་སྟེ། སྔོན་གྱི་མཐའ་རྣམ་པར་དག་པར་བྱ་བའི་ཕྱིར། ་མི་ཟད་པའི་ཆོས་ཉིད་དང་། ཕྱི་མའི་མཐའ་རྣམ་པར་དག་པར་བྱ་བའི་ཕྱིར་མི་སྐྱེ་བའི་ཆོས་ཉིད་དང་། ད་ལྟར་བྱུང་བའི་ཆོས་རྣམ་པོར་དག་པར་བྱ་བའི་ཕྱིར། ལེགས་པར་གནས་པའི་ཆོས ་ཉིད་གསུམ་པོ་དང་གོ།། ཀླུའི་བདག་པོ་གཞན་ཡང་ཆོས་གསུམ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན། ལུས་ཡོངསུ་དག་པར་བྱ་བའི་ཕྱིར། ་བསོད་ནམས་ཀྱིས་ཉེ་བར་བརྟན་པ་དང་། ངག་ཡོངསུ་དག་པར་བྱ་བའི་ཕྱིར། ཡེ་ཤེས་མཐའ་ཡས་པ་དང་། སེམས་ཡོང་སུ་དག་པར་བྱ་བའི་ཕྱིར། ཏིང་འཛིན་ལ་དམིགས་པ་སྟེ། ཀླུའི་བདག ་བོ་ཆོས་གསུམ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེ། དམས་དཔའ་བཟོད་པ་ཐོབ་པ་ཡིནོ།། ཀླུའི་བདག་པོ་ཆོས་བནི། དང་ལྡན་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱིས་ལུང་སྟོན་པར་མཛད། བན་གང་ཞེ་ན། ཆོས་རྣམས་ལ་ལྷག་པའི་བསམ་པས་སྒྲུབ་པ་དང་། དཀར་པོ་རྣམ་པར་མཐོང་བས་སྤྱོད་པ་ལ་སྤྱོད་པ་ཡོངས ་རྫོགས་པ་དང་། སེམས་ཅན་གྱི་བསམ་པ་རྣམས་ལ་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་ཐོབ་པ་དང་། ཤིན་ཏུ་མེད་པའི་ཕྱིར། རང་བཞིན་གྱིས་མ་སྐྱེས་མ་བྱུང་བའི་ཆོས་རྣམས་རབ་ཏུ་ཤེས་པ་སྟེ། ་ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལུང་སྟོན་པར་མཛད།། བསྟན་པ་འདི་བཤད་པ་ན། ལྷ་དང་། ཀླུ་དང་། གནོད ་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཁྲག་ཁྲིག་ཕྲག་བཅུ་གཉིས་བླ་ན་མེད་པ་ཡང་དག་པ་རྫོགས་པའི ་བྱང་ཆུབ་ཏུ་སེམས་སྐྱེསོ།། བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་གིས་ནི། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོའོ།། དགེ་སློང་ཁྲི་བཞི་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད ་ཅིང་དྲི་མ་དང་བྲལ་བ་རྣམ་པར་དགོ། དགེ་སློང་མ་བརྒྱད་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལོ།། ལྷའི་བུ་ལྔ་སྟོང་གིས་ནི་འདོད་ཆགས་དང་བྲལ་བ་ཐོབ། ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས། འདི་ཡང་དེའི་རྣམ་པ་དྲུག་ཏུ་གཡོསོ།། འཇིག་རྟེན་ཡང་སྣ། ད་པ་ཆེན་པོས་ཁྱབ་པར་གྱུར་ཏོ།། མེ་ཏོག་གི་ཆར་ཆེན་པོ ་ཡང་བབ་བོ།། ལྷའི་བུ་རྣམས་ཀྱིས་ཀྱང་བར་སྣང་ལས་སོལ་སྙན་བརྒྱ་སྟོང་དག་དཀྲོལ་ཏེ། ཆེད་དུ་བརྗོད་པ་འདི་སྐད་ཡང་ཆེ་བརྗོད། ཨ་ལ་ལ་དེ་བཞིན་གཤེགས་པས་ནི་ཆོས་ཀྱི ་འཁོར་ལོ་གཉིས་པ་སྐོར་བ་འདི་ཆོས་ཀྱི་རྣམ་གྲངས་འདི་ལས་བསྐོར་ཏོ།། ཡུལ་ཝ་ར་ན་སེར་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགསུ། ཆོས་ཀྱི་འཁོར་ལོ་སྐོར་བ་གང་ཡིན་པ་དང་། ཆོས་ཀྱི་རྣམ ་གྲངས་འདི་ལས་བསྐོར་བ་གང་ཡིན་པ་འདི་ནི་མཚུངསོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ལས་སེམས་ཅན་དཔག་ཏུ་མེད་གྲངས་མེད་པའི་མཛད་པའི་ཕྱིརོ།། གཞན་ཡང་སེམས ་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་ནི། དགེ་བའི་རྩ་བ་ངན་ངོན་མ་ཡིན་པ་དང་ལྡན་པ་ཡིན་ན། སེམས་ཅན་གང་དག་ཐོས་ནས་ཀྱང་འཆང་བར་བྱེད་པ་ལྟ་ཅི་སྨོས་ཏེ། དེ་དག་གིས ་ནི་མིར་སྐྱེས་པ་རྙེད་པ་ལེགས་པར་རྙེད།། དེ་དག་གིས་ནི་དེ་བཞིན་གཤེགས་པ་ལེགས་པར་མཐོང་ངོ་།། དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་ཐོས།། ་ཆོས་ཀྱི་ཚུལ་གྱི་རྣམ་པ་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་དེ་དག་གི་ངན་སོང་ཐམས་ཅད་ནི་བཀག་པར་གྱུར་ཏོ།། དེ་དག་གི ་ལྷ་དང་མིར་སྐྱེ་བའི་སྒོ་རྣམས་ནི་བྱེ་བར་གྱུར་ཏོ།། དེ་དག་ནི་ཡོངསུ་མྱ་ངན་ལས་འདས་ཟིན་པར་རིག་པར་བྱའོ་ཞེས་བརྗོད།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་ལེགསོ་ཞེས ་བྱ་བ་བྱིན་ཏོ། གྲོགས་པོ་དག་ལེག་སོ་ལག་སོ།། ཁྱེད་ཀྱིས་ཚིག་འདི་ལེགས་པར་སྨྲསོ།། མདོ་སྡེའི་ཚིག་བསྟན་པ་འདི་ལྟ་བུ་དག་ལ་དགའ་བ་ཐོབ་པའི་སེམས་ཅན་གང་ཡིན་པ ་དེ་དག་ནི་སངས་རྒྱས་ཀྱིས་བརླབས་པ་དང་། ཐེག་པ་ཆེ།། ན་པོས་འདུལ་བ་ཡིན།། སེམས་ཅན་དེ་དག་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཐུགསུ་ཆུད་པ་དང་། ཕྱིར་མི ་ལྡོག་པའི་ཕྱག་རྒྱས་བཏབ་ཡི་ནོ།། ཆོས་ཀྱི་རྣམ་གྲངས་འདི་ལ་དགའ་བ་ཐོབ་པ་གང་ཡིན་པའི་སེམས་ཅན་དེ་དག་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་འབའ་ཤིག་ལ་ཡང་དག ་པར་གཞོལ་བ་མ་གཏོགས་པར་དེ་དག་འགྲོ་བ་གཞན་དུ་འགྲོ་བར་མི་འགྱུར་ན། གང་དག་བསྔགས་པ་ཐོས་ནས་འཛིན་པར་བྱེད་པ་དང་། དེ་བཞིན་དུ་སྒྲུབ་པ་རྣམས་ལྟ་ཅི་སྨོས། ཀླུའི་རྒྱལ ་པོ་རྒྱ་མཚོས་ཞུས་པ་ལས། གླེང་བཞིའི་ལེའུ་སྟེ་དང་པོའོ།། ། བམ་པོ་གཉིས་པ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཤད་པ་འདི་ཐོས་ནས། ཚིམ་ཞིང་མགུ་ལ ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། རྒྱ་མཚོའི་གནས་རྣམ་པར་དག་པར་བྱེད་པའི་རིན་པོ་ཆེ་བཀོད་པ་ཀུན་ཏུ་འོད་ཟེར་འབྱུང་འོད་ཅན་ཞེས་བྱ་བའི ་ནོར་བུ་རིན་པ་ཆེན་པོ་ཆེ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་བ་གང་ཡིན་པ་དེ། བཅོམ་ལྡན་འདས་ལ་ཆོས་ཀྱི་དགབ་པར་བུའོ།། ནོར་བུ་རིན་པོ་ཆེ་དེའི་འོད་ཀྱི ་ཀྱང་ཉི་མ་དང་། ཟླ་བ་གཉིས་ཀྱི་འོད་མོག་མོག་པོར་བྱས།། འཁོར་ཐམས་ཅད་ཀྱང་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འདི་སྐད་དུ། ཨ་ལ་ལ ་སངས་རྒྱས་བྱུང་བ་ནི་ངོ་མཚར་ཆེ་སྟེ། དེ་བྱུང་བས་འདི་ལྟར་ཡ་མཚན་དུ་རུང་ཞིང་། རྨད་དུ་བྱུང་བའི་ཆོས་དག་ཀྱང་། སྣ་།། ཞེས་སྨྲསོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ ་བཅོམ་ལྡན་འདས་ལ་མངོན་པར་དགབ་པ་བྱས་ནས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་བའི་རྩ་བ་འདིས་ན། བདག་སངས་རྒྱས་ཀྱི་སྐུའི་འོད་དྲི་མ་མཆིས་པ ་ཐོབ་པར་གྱུར་ཅིག། འོད་དེས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་གྱུར་ཅིག། སེམས་ཅན་གང་འོང་ངེས་ཕོག་པ་དེ་དག་ཀྱང་། ཉོན་མོངས་པ་ཐམས་ཅད ་ཀྱིས་གནོད་པར་མ་གྱུར་ཅིག། དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་མཛོད་སྤུ་ཅི་འདྲ་བ་དེ་ལྟ་བུ་ཡང་བདག་གིས་ཐོབ་པར་གྱུར་ཅིག། བྱང་ཆུབ་ཀྱི་ལམ་ཤེས་པ་སྒྲིབ་པ་མ ་མཆིས་པ་ཡང་ཐོབ་པར་གྱུར་ཅིག། ལམ་ཤེས་པ་དེས་ཀྱང་སེམས་ཅན་ལམ་ལོག་པ་ལ་ཞུགས་པ་རྣམས་ཡང་དག་པའི་ལམ་ལ་འགོད་པར་གྱུར་ཅིག། བཅོམ་ལྡན་འདས་གཞན་ཡང་ཇི ་ལྟར་ན། བྱང་ཆུབ་སེམས་དཔའ་མུན་པ་མུན་ནག་དང་བྲལ་ཏེ། ལམ་གྱི་ཡེ་ཤེས་ཐོབ་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས ་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་འདི་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་དབང་གིས་བྱུང་བ། ཤེས་རབ་ཀྱི་སྒྲོན་མ་ལག་ན་ཐོགས་པ། ་ཤེས་རབ་ཀྱི་ཤེས་པ་ཅན། ཤེས་རབ་སྔོན་དུ་འགྲོ་བ། ཤེས་རབ་ཀྱི་མཚོན་ཆ་ཅན། ཤེས་རབ་ཀྱིས་བྱ་བ་བྱེད་པ་ནི་ཤེས་རབ་ཀྱི་གནས་ལ་གནས་ནས། སྦྱིན་པ་སྦྱིན་པར ་བྱེད་ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོ། མ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན།། ལ་སྙོམས་པར་འཇུག་པར་བྱེད། ཆོས་རྣམས་ལྷག་པར ་མཐོང་བར་བྱེད། སེམས་ཅན་ཡོངསུ་སྨིན་པར་བྱེད།། ཀླུའི་བདག་པོ་དེ་ལ་ཇི་ལྟར་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་ནས། སྦྱིན་པ་སྦྱིན་པར་བྱེད་ཅེ་ན། ཀླུའི ་བདག་པོ་འདི་ལ་སྦྱིན་པ་མཉམ་པ་ཉིད་ཀྱིས་བདག་མཉམ་པ་ཉིད།། བདག་མཉམ་པ་ཉིད་ཀྱིས་སེམས་ཅན་མཉམ་པ་ཉིད།། སེམས་ཅན་མཉམ་པ་ཉིད་ཀྱིས་ཆོས་མཉམ་པ་ཉིད་།། ཆོས ་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དེ། མཉམ་པ་ཉིད་འདི་དག་ཀྱང་མི་སྤོང་ལ། སྦྱིན་པ་ཡང་སྦྱིན་པར་བྱེད། སྦྱིན་པ་དེ་ཡང་ཉོན་མོངས་པའི་དབང་གིས་སྦྱིན་པར་མི་བྱེད་དེས་དེ ་ཇི་ལྟ་ཇི་ལྟར་ཡོངསུ་འཇལ་བ་དེ་ཁོ་ན་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཡོངསུ་གཏོང་བར་བྱེད། ཉོན་མོངས་པ་ཐམས་ཅད་ཡོངསུ་གཏོང་བ་དང་། ལྟ་བའི་རྣམ་པ་ཐཾད་ཉེ་བར ་ཞི་བ་དང་། རྩོད་པ་ཐམས་ཅད་འདོར་བ་གང་ཡིན་པ་དེ་ནི་གཏོང་བའི་མཆོག་ཡིན་ཏེ། ཀླུའི་བདག་པོ་འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་སྦྱིན་པ་ཡོངསུ་གཏོང ་པའོ། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཚུལ་ཁྲིམས་གང་ཞེ་ན། ལུས་དང་། ངག་དང་སེམས་དབེན་པར་མཐོང་བ་གང་ཡིན་པ་དེ་ནི། ཚུལ་ཁྲིམས ་ཡོངསུ་སྲུང་བ་སྟེ། ལུས་དང་། ངག་དང་། སེམས་ལ་ཡང་མི་རྟེན། འཇིག་རྟེན་འདི་ལ་ཡང་མི་རྟེན། འཇིག་རྟེན་ཕ་རོལ་ལ་ཡང་མི་རྟེན། ནང་ན་ཡང་མི་རྟེན། ཕྱི་རོལ་ལ ་ཡང་མི་རྟེན། ཕུང་པོ་ལ་ཡང་མི་རྟེན། ཁམས་ལ་ཡང་མི་རྟེན། སྐྱེ་མཆེད་ལ་ཡང་མི་རྟེན། བྱང་ཆུབ་ལ་ཡང་མི་རྟེན། མྱ་ངན་ལས་འདས་པ་ལ་ཡང་མི་རྟན། ཆོས་ཐམས ་ཅད་ལ་ཡང་མི་རྟེན་པར་ཚུལ་ཁྲིམས་སྲུང་བ། ར་བྱེད་ལ། ཚུལ་ཁྲིམས་དེས་ཀྱང་རློམ་སེམསུ་མི་བྱེད་ཅིང་། ཤིན་ཏུ་རློམ་སེམསུ་མི་བྱེད་པ་འདི་ནི། ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཚུལ་ཁྲིམས་ཤེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བཟེད་པ ་གང་ནི་ནི། བཟོད་པ་གང་བསྒོམ་པ་ན། བདག་དང་སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་མི་དམིགས་ཤིང་། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་ཡང་མི་གནས་པ་དེ་ནི། ་ནང་དག་པ་དང་། སེམས་ཅན་དག་པ་དང་། ཆོས་ཐམས་ཅད་དག་པ་བཟོད་པ་སྒོམ་པ་ཡིན་ཏེ། དེ་ནི་བཟོད་པ་ཡང་སྒོམ་ལ། ཆོས་གང་ཡང་སྒོམ་པར་ཡང་མི་བྱེད། ཆོས་གང་ཡང་། ་བསྐྱེད་པའི་ཕྱིར་མ། དགག་པའི་ཕྱིར་ཡང་སྒོམ་པར་མི་བྱེད། ཆོས་གང་ཡང་ཟད་པར་བྱ་བའི་ཕྱིར་རམ། ཉེ་བར་ཞི་བར་བྱ་བའི་ཕྱིར་ཡང་སྒོམ་པར་མི་བྱེད ་སེམས་ཅན་བདག་མེད་པ་དང་། སེམས་ཅན་དབེན་པས་ཀྱང་མི་སྐྲག་མི་དངང་དང་བར་ཡང་མི་འགྱུར་ལ། བཟོད་པ་དེ་ཡང་ལུས་ལ་དམིགས་པ་དང་། ངག་ལ་དམིགས་པ་དང་། ་སེམས་ལ་དམིགས་པས་བཟོད་པས་མི་བྱེད་པ་དང་། དེ་ལུས་བཤིག་པའམ། ཡན་ལག་དང་། ཉིང་ལག་རྣམས་གཅོད་པ་ན། རྩཝ་དང་། ཤིང་དང་། རྩིག་པ་དང་། འདྲ་བར་སོ ་སོར་རྟོག་ཅིང་བཟོད་པ་དང་། དེ་གཞན་གྱིས་ངན་དུ་སྨྲས་པ་ཐོས་ནས། ངག་ཡམ་བརླ་དང་། ངག་གསོ་བ་དང་། ངག་གསོག་དང་། ངག་གཟུང་དུ་མེད་པ་དང་། ངག་ཞི་བ་དང་། ངག་མི ་གནས་པར་ཤེས་ནས་བཟོད་པ་དང་། དེ་སེམས་རྙོག་པ་མེད་པ་དང་། སེམས་གསར་མ་ཡིན་པ་དང་། སེམས་རྙིང་མ་ཡིན་པ་དང་། གཅིག་ལ་གཅིག་མཚམས་སྦྱོར་བ ་མེད་པ་དང་། སྐད་ཅིག་གིས་འཇིགས་པས་མེད་པར་འགྱུ་ར་བར་སོ་སོར་རྟོག་ཅིང་བཟོད་ལ། མཚམས་སྦྱོར་བ་མེད་པར་མཐོང་བ་འདི་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི ་གནས་ལ་གནས་པའི་བཟོད་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བརྩོན་འགྲུས་གང་ཞེ་ན། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཐད ་རྣམ་པར་འཕེལ་བར་བྱ་བའི་ཕྱིར། བརྩོན་འགྲུས་ཀྱང་རྩོམ་ལ། བརྩོན་འགྲུས་རྣམ་པར་འཕེལ་བ་དེས་ཀྱང་། ཆོས་ཀྱི་དབྱིངས་རྣམ་པར་འཕེལ་བ་དང་། ཡོངསུ་འགྲིབ་པར་ཡང་དག་པར ་རྗེསུ་མི་མཐོང་བ་གང་ཡིན་པ་དང་། དེས་ཆོས་ཐམས་ཅད་ཆོས་ཀྱི་དབྱིངསུ་ཡང་དག་པར་འདུ་བར་རིག་ནས། ཆོས་གང་ཡང་བདེན་པར་ཡོངསུ་གྲུབ་པར་ཡང་དག་པར་རྗེ་སུ་མི་མཐོང་ལ། ་མི་བདེན་པ་ཕྱིན་ཅི་ལོག་ལ། འཇིག་རྟེན་གནས་པ་ཡང་མཐོང་བ་དང་། དེས་དེ་ལྟར་ཤེས་རབ་རྣམ་པར་དག་པའི་སྒོ་ནས། ཆོས་ཐམས་ཅད་ལ་ཡང་དག་པར་ལྟ་བ་ན། ཆོས་རྣམས་འཕེལ ་བར་ཡང་མི་བྱེད། འགྲིབ་པར་ཡང་མི་བྱེད་པ་དང་། ཆོས་ཐམས་ཅད་སྤུངས་པའི་རང་བཞིན་མ་ཡིན་པ་དང་། ཡུལ་ན་མི་གནས་པ་དང་། ཕྱོགས་ན་མི་གནས་པ་དང་། གང་ནས་ཀྱང་མི ་ལོང་བ་དང་། གང་དུ་ཡང་མི་འགྲོ་བར་རབ་ཏུ་ཤེས་ཏེ། དེ་དེ་དེ་ལྟ་བུའི་ཆོས་དང་ལྡན་པས། ཕྱིན་ཅི་ལོག་པ་ཡང་དག་པ་ཇི་ལྟ། བ་བཞིན་དུ་ཡོངསུ་ཤེས་པར་བྱ་བའི་ཕྱིར། སེམས ་ཅན་རྣམས་ལ་ཆོས་སྟོན་པའི་བརྩོན་འགྲུས་རྩོམ་ལ། སེམས་ཅན་དེ་དག་ཀྱང་ཡང་དག་པར་མི་དམིགས་ཏེ། སེམས་ཅན་མི་དམིགས་པ་གང་ཡིན་པ་དེ་ཉིད། དེའི་ཆོས་ཐད ་མི་དམིགས་པའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་མ་གཏོགས་པའི་ཆོས་གང་ཡང་མེད། ཆོས་ལ་མ་གཏོགས་པའི་སེམས་ཅན་རྣམས་ཀྱང་མེད་མོད་ཀྱི། འོན་ཀྱང་ཆོས་ཀྱི ་ངོ་བོ་ཉིད་གང་ཡིན་པ་དེ་ནི་བདག་གིས་ངོ་བོ་ཉིད་།། བདག་གི་ངོ་བོ་ཉིད་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད།། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི། སངས་རྒྱས ་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད།། ངོ་བོ་ཉིད་མཉམ་པ་ཉིད་འདིས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཚོལ་བ་གང་ཡིན་པ་དང་། བཙལ་ནས་ཀྱང་ཆོས་མི་དམིགས་ཆོས་མ ་ཡིན་པ་ཡང་མི་དམིགས་པ་དང་། ཚོལ་བ་ན་ཡང་གང་གིས་བཙལ་བ་དང་། གང་བཙལ་བ་དང་། སུས་བཙལ་བ་དེ་དག་ཐམས་ཅད་མི་དམིགས་པ་འདི་ནི། བྱང་ཆུབ ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བརྩོན་འགྲུས་ཤེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བསམ་གཏན་གང་ཞེ་ན། བསམ ་གཏན་རྣམས་ལ་ཡང་སྙོམས་པར་འཇུག་ལ། མཉམ་པ་ཉིད་ལས་ཀྱང་ཉམས་པར་མི་འགྱུར། ཕུན་སུམ་ཚོགས་པར་ཡང་མི་འགྱུར་བ་གང་ཡིན་པ་དང་། དེ་བསམ་གཏན་རྣམས ་ཀྱང་བསམ་གཏན་དུ་བྱེད་ལ། ཆོས་གང་ཡང་སྐྱེད་པར་ཡང་མི་བྱེད། འབྲི་བར་ཡང་མི་བྱེད་པ་དང་། ཡུལ་ཐམས་ཅད་ལ་ཡང་མི་རྟེན་པར་བསམ་གཏན་བྱེད་ལ། ཆོས་ཐམས་ཅད་དང ་འཐུན་པ་དང་མི་མཐུན་པ་མེད་པར་ཡང་བསམ་གཏན་བྱེད། པ་དང་ལུས་དང་སེམས་ཀྱིས་ཀྱང་བསམ་གཏན་གྱི་ཡན་ལ། ཉེ་ག་དང་། བསམ་གཏན་གྱི་བསམ་པ་དང་། བསམ ་གཏན་གྱི་སྦྱོར་བ་དེ་དག་མངོན་པར་སྒྲུབ་པར་མི་བྱེད་པ་དང་། དེ་སྙོམས་པར་འཇུག་པ་ན། ཅི་ནས་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཀྱིས་སྙོམས ་པར་འཇུག་པ་དེ་ལྟ་བུས་སྙོམས་པར་འཇུག་པ་དང་། དེ་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དང་། ཆོས་ཐམས་ཅད་ལ་སྒྲོ་མི་འདོགས་པས་སྙོམས་པར་འཇུག་པ་སྟེ། དེ་དེ་ལྟར་ཏིང ་འཛིན་བསྒོམ་པའི་སྦྱོར་བ་ལ་བརྩོན་པ་ན། ནང་དང་ཕྱི་རོལ་གྱི་ལུས་དང་། སེམས་ལ་ཡང་མི་གནས་ལ། ཕྱི་རོལ་གྱི་ཡུལ་ལ་ཡང་སེམས་མི་གནས་པ་དེ་ནི། མི་གནས་པའི་རྣམ་པར་ཤེས ་པ་སྟེ། དམིགས་པ་ཅན་གྱི་རང་བཞིན་གྱི་སྙོམས་པར་འཇུག་པ་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ལ། ཕྱི་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་དང་། ཉན ་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བསམ་གཏན་དང་། བསམ་གཏན་ལ་སྙོམས་པར་འཇུག་པ་ཐམས་ཅད་ཀྱང་ཟིལ་གྱི་གནོན་ཏོ།། དེའི་དགེ་བའི་རྩ་བ་རྣམས ་དང་བསམ་གཏན་དེ་དག་ཀྱང་ཤེས་རབ་ཀྱི་ཤས་ཆེ་བ་དང་། ལྟ་བའི་ཉོན་མོངས་པ་དང་བྲལ་བ་ཡིན་ལ། བྱང་ཆུབ་ཏུ་ཡོང་སུ་བསྔོས་པ་ཡང་ཡིན་པ་དང་། སེམས་ཅན་ཡོངསུ ་སྨིན་པར་བྱེད་པ་ཡང་སྒྲུབ་པ་ཡིན་ཏེ། དེ་ལྟ་བས་ན་དེ། བཞིན་གཤེགས་པ་ནི། སྙོམས་པར་འཇུག་པ་གཅིག། དགིས་ཡོངསུ་མྱ་ངན་ལས་འདའ་བའི་མཐའི་བར ་དུ་ཐུག་པར་མཛད། འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བསམ་གཏ་ནོ།། དེ་ལ་བྱང་ཆུབ་ས་མས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི ་ཆོས་ལྷག་པར་མཐོང་བ་གང་ཞེ་ན། དེས་ཆོས་གང་ལྷག་པར་མཐོང་བ་དེ་དག་ཤེས་རབ་ཀྱི་མིག་ཁོ་ནས་ལྷག་པར་མཐོང་གི། ཤའི་མིག་དང་། ལྷའི་མིགས་ཆོས་དེ་དག ་ལྷག་པར་མཐོང་བ་མ་ཡིན།། དེ་དག་ཞི་བ་ཁོ་ནར་ལྷག་པར་མཐོང་གི། མ་ཞི་བར་ལྷག་པར་མཐོང་བ་མ་ཡིན།། དེ་བཞིན་དུ་ཆོས་རྣམས་རྒྱུ་བ་མེ་དང་། གནས་པ་མེད་པ་དང་། ་དབེན་པ་དང་། ཡོངསུ་གྲུབ་པ་མེད་པར་ལྷག་པར་མཐོང་།། དེ་ལྟར་མཐོང་བ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ལྷག་པར་མཐོང་བའོ།། དེས་ཆོས་ཐམས་ཅད་ལྷག་པར་མཐོང་བ་ནི། གལ ་ཏེ་ཆོས་འགའ་ཞིག་མཐོང་ན་ནི། ལྷག་མཐོང་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་མཐོང་བས་ནི་ལྷག་མཐོང་སྐྱེས་པ་མ་ཡིན་ལ། ཤེས་པ་ནི་མི་ཤེས་པ་ཡིན་པའི་ཕྱིརརོ།། མ་མཐོང ་བ་ནི་ཆོས་ལྷག་པར་མཐོང་བ་ཡིན་ལ། བདག་མ་མཐོང་བ་དང་། སེམས་ཅན་མ་མཐོང་བ་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་མ་མཐོང་བ་ནི། ཆོས་ལྷག་པར་མཐོང་བ་ཡིན་ཏེ། ་དེ་ལྟར་ན་བྱང་ཆུབ་སེམས་དཔས་ནི་ཆོས་དག་ཀྱང་ཇི་ལྟ་བ་བཞིན་དུ་མཐོང་ལ། སེམས་ཅན་རྣམས་ཀྱང་ཕྱིན་ཅི་ལོག་ཏུ་གྱུར་པར་མཐོང་ནས། དེའི་ཚེ་བྱང་ཆུབ་སེམས་དཔའ་དེ། ཀྱེ་མ ་ཆོས་འདི་དག་ནི་འདི་ལྟར་དག་ན། སེམས་ཅན་འདི་དག་ནི་ཀུན་ནས་ཉོན་མོངསོ་སྙམ་ནས། སེམས་ཅན་རྣམས་ལ་ཆོས་བརྟན་པར་སྙིང་རྗེ་ཆེན་པོ་སྐྱེའོ།། དེ་བས་ན་དེ་སེམས་ཅན་རྣམས་རབ་ཏུ ་གྲོལ་བར་བྱ་བའི་ཕྱིར། སྙིང་བརྩེ་བ་ཆེན་པོ་སྐྱེད།། སེམས་ཅ། ན་དེ་དག་ཀྱང་རྟག་ཏུ་སེམས་ཅན་མེད་པ་ཁོ་ན་སྟེ། འདི་ནི་བྱ།། ང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས ་པའི་ཆོས་ལྷག་པར་མཐོང་བའོ།། དེ་ལ་བྱང་ཆུབ་སེམས་ད་པའ་ཤེས་རབ་ཀྱི་གནས་ལ་གནས་པའི་སེམས་ཅན་ཡོངསུ་སྨིན་པར་བྱ་བ་གང་ཞེ་ན། ཀླུའི་བདག་པོ་འདི་ལ་བྱང་ཆུབ ་སེམས་དཔའ་ནི་སེམས་ཅན་མེད་པའི་ཕྱིར། སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད།། སེམས་ཅན་བདག་མེད་པ་དང་། སེམས་ཅན་ལ་སེམས་ཅན་མེད་པ་དང་། སེམས་ཅན་དབེན་པ ་དང་སེམས་ཅན་རང་བཞིན་གྱིས་སེམས་ཅན་དུ་བརྗོད་པ་ཙམ་དུ་ཟད་པ་དང་། སེམས་ཅན་དུ་གདགས་པ་ཙམ་ཟད་པ་དང་སེམས་ཅན་སྟོང་པ་དང་། སེམས་ཅན་མཚན་མ་མེད་པ་དང་། ་སེམས་ཅན་སྨོན་པ་མེད་པ་དང་། སེམས་ཅན་མངོན་པར་འདུ་བྱེད་པ་མེད་པ་དང་། སེམས་ཅན་ཇི་ལྟ་བ་བཞིན་མ་ཡིན་པ་དང་། སེམས་ཅན་སྐྱེས་པ་དང་། སེམས་ཅན་མ་བྱུང་བ་དང་། ་སེམས་ཅན་རྣམ་པར་དག་པའི་ཕྱིར། སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད། དེ་ཡང་བདག་གཞིག་པའི་ཕྱིར་མ་ཡིན། སེམས་ཅན་གཞིག་པའི་ཕྱིར་མ་ཡིན། སྲོག་དང་། ་གསོ་བ་དང་། སྐྱེས་བུ་དང་། གང་ཟག་གཞིག་པའི་ཕྱིར་མ་ཡིན། དངོས་པོ་གཞིག་པའི་ཕྱིར་མ་ཡིན། རྫས་གཞིག་པའི་ཕྱིར་མ་ཡིན་གྱི། ཀླུའི་བདག་པོ་སེམས་ཅན་དེ་དག་གི་ངོ་བོ་ཉིད་ཇི་ལྟ ་བདེ་ཁོ་ན་བཞིན་དུ་ཡོང་སུ་སྨིན་པར་བྱེད།། སེམས་ཅན་རྣམས།། ཀྱི་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། རང་བཞིན་གྱིས་བདག་མེད་པའི་ངོ་བོ་ཉིད། ངོ་བོ་ཉིད་མེད་པ་ནི་སེམས་ཅན་རྣམས ་ཀྱི་ངོ་བོ་ཉིད།། སེམས་ཅན་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པའི་ངོ་བོ་ཉིད་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད།། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས ་ཐམས་ཅད་ཀྱི་ངོ་བོ་ཉིད། དབས་ནི་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་ཤེས་བྱའོ།། ཀླུའི་བདག་པ་ཆོས་ཐམས་ཅད་ཅེས་བྱ་བ་ནི་མིང་ཙམ་དུ་ཟད། མིང་དེ་ཡང་མིང་དུ་མི་དམིག་སོ།། ཀླུའི ་བདག་པོ་ཐམས་ཅད་ཅེས་བྱ་བ་བསྟན་པ་ནི། ཆོས་མ་ཡིན་པ་བསྟན་པ་ཡིན།། དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་ཆོས་ཐ་དད་དུ་བྱེད་པ་དེ་ཙམ་དུ་ཆོས་མ་ཡིན་པའི་ཕྱིར།། དེ་ལ་ཆོས་གང་བརྗོད་པ ་དག་ཐམས་ཅད་ནི་ཆོས་མ་ཡིན་པ་ཁོ་ནའོ།། ཀླུའི་བདག་པོ་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས་བརྗོད་པ་འམ། སྨྲ་བར་མི་ནུས་ཏེ། འདི་ལྟར་ཆོས་ཀྱི་དབྱིངས་ཀྱི་རང ་བཞིན་བརྗོད་དུ་མེད་པ་དང་། ཆོས་ཐམས་ཅད་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ཡིན་ཏེ། དེ་ལྟ་བས་ན་ཆོས་ཐམས་ཅད་བརྗོད་པར་མི་ནུསོ།། ཀླུའི་བདག་པ་སངས་རྒྱས་ཀྱི། ་ཆོས་འདི་དག་ནི་རྣམ་གྲངས་འདི་དང་ཚུལ་ལིས་བསྟན་མེད་ཀྱི། འོན་ཀྱང་སངས་རྒྱས་ཀྱི་ཆོས་དེ་དག་ནི།། སྒྲའི་རྣམ་པར་རིག་བྱེད་ཀྱིས། རྣམ་པར་རིག་པར་བྱ་བ་མ་ཡིན།། ཀླུའི་བདག་པ ་སངས་རྒྱས་ཀྱི་ཆོས་རྣམས་ནི། འདས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱིས་རྣམ་པར་རིག་པར་བྱ་བ་མ་ཡིན། གདགས་པར་བྱ་བ་མ་ཡིནོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ། ་འདུས་བྱས་དང་། འདུས་མ་བྱས་མ་གཏོགས་པར་དགའ་གཞན་དུ་འགྲང་དུ་རུང་བའི་ཆོས་ཅི་ཡང་མེདོ།། གསོལ་པ། བཅོམ་ལྡན་འདས་འོ་ན་སངས་རྒྱས་ཀྱི་ཆོས་རྣམས་འདུས ་མ་བགྱིད་པ་ལགས་སམ། དེ་བཞིན་གཤེགས་པ་ཡ་དེ་ལྟ་བུ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་དེ་དེ་བཞི་ནོ།། དེ་དེ་བཞིན་ཏེ། སངས་རྒྱས་ཀྱི་ཆོས ་རྣམས་ཀྱང་འདུས་མ་བྱས་པའོ།། དེ་བཞིན་གཤེགས་པ་ཡང་འདས་མ་བྱས་པའོ།། ཀླུའི་བདག་པོ་དེ་ལ་ཇི་སྙམ་དུ་སེམས། འདུས་མ་བྱས་པ་ལ་གདགས་པ་ཅི་ཡང་ཡོད་དམ། གསོལ ་ཁ་བཅོམ་ལྡན་འདས་དེ་ནི་མ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་ཇི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པར་རིག་པར ་བྱ་བ་མ་ཡིན་པ་དང་། གདགས་པར་བྱ་བ་མ་ཡིན་པ་དེ་ལྟར་རིག་པར་བྱའོ།། སངས་རྒྱས་ཀྱི་ཆོས་རྣམས་ཇི་ལྟ་བ་བཞིན་དུ། ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ།། ཀླུའི་བདག་པོ་སེམས་ཅན་རྣམ ་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ཇི་ཙམ་དུ་བརྟན་པ་ལ་ལྟོས། འདི་ལྟར་རྣམ་པར་རིག་པར་བྱ་བ་མ་ཡིན་པ་དང་། གདགས་པར་བྱ་བ་མ་ཡིན་པའི་ཆོས་རྣམས་མིང ་དང་བརྡས་འདོགས་པར་མཛད། ཆོས་འདི་དག་ནི་ཟག་པ་དང་བཅས་པའོ།། ཆོས་འདི་དག་ནི་ཟག་པ་མེད་པའོ།། དེ་བཞིན་དུ་འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་པ ་རྣམས་དང་། ཁ་ན་མ་ཐོ་བ་དང་བཅས་པ་རྣམས་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་དང་། འདུས་བྱས་རྣམས་དང་། འདུས་མ་བྱས་རྣམས་དང་། ཀུན་ནས་ཉོན་མོངས་པའི་ཕྱོགས ་དང་འཐུན་པ་རྣམས་དང་། རྣམ་པར་བྱང་བའི་ཕྱོགས་དང་འཐུན་པ་རྣམས་དང་། བསྟེན་པར་བྱ་བ་རྣམས་དང་། ཡོངསུ་སྤངས་པར་བྱ་བ་རྣམས་དང་། གང་གིས་པར་བྱ་བ་རྣམས་དང་། ་གཞིག་པར་བྱ་བ་རྣམས་དང་། སོ་སོའི་སྐྱེ་བོའི་ཚེ། ས་རྣམས་དང་། སློབ་པའི་ཆོས་རྣམས་དང་། མི་སློབ་པ་འི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། ་བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་འདོགས་པར་མཛད། ཀླུའི་བདག་པོ་དེ་ལྟར་ན། དེ་བཞིན་གཤེགས་པ་ནི་དེ་ལྟར་ཆོས་རྣམས ་བར་གཞག་པ་བསྟན་པ་ཡང་སྟོན་པར་མཛད་ལ་ཆོས་གང་ལ་ཡང་མཚན་མར་ཡང་དག་པར་རྗེསུ་མི་གཟིག་སོ།། ཀླུའི་བདག་པོ་དཔེར་ན། མི་ལ་ལ་ཞིག་སྐྱེས་ལ། དེས་ན་མཁའི ་ཁམས་གཟུགས་མེད་ཅིང་བསྟན་དུ་མེད་པ་འདི་ལ། མཚོན་རྩི་ཐམས་ཅད་ཀྱིས་རི་མོ་བྲིས་ཏེ། ལྷའི་གཟུགས་རྣམས་ཀྱང་དེར་བསྟན། མའི་གཟུགས་རྣམས་དང་། རྟ་དང་། གླང་པོ་ཆེ་དང་། ་ཤིང་རྟ་དང་། དཔུང་དུ་ཆུང་དང་། བཞོན་པ་རྣམས་ཀྱང་དེར་བསྟན་ན། ཀླུའི་བདག་པོ་འདི་ཇི་སྙམ་དུ་སེམས་ཅི་མི་དཀའ་བ་བྱེད་པ་ཡིན་ནམ། གསོལ་པ། བཅོམ ་ལྡན་འདས་དཀའ་བ་བགྱིད་པ་ལག་སོ།། བདེ་བར་གཤེགས་པ་དཀའ་བ་བགྱིད་པ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་དེ་བས་ནི་གང་གཟུགས་མེད་ཅིང ་བསྟན་དུ་མེད་པ་གཟུང་དུ་མེག་རྟེན་བརྗོད་དུ་མེད་པའི་ཆོས་འདི་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་རྣམས་ལ་བརྡ་སྤྲད་ཅིང་ཡི་གེ་རྣམས་ཀྱིས་མཚོན་ཏེ། ཐབས་སྣ ་ཚོགས་ཀྱིས་གོ་བར་བྱས་པ་ཏེ། དེ་བཞིན་གཤེགས་པས་ཆེས་དཀའ་བ་མཛད་པ་ཡིན།། ཀླུའི་བདག་པོ་དེ་བས་ཀྱང་གང་དག་འདི་ལྟར་བསྟན་པའི་ཆོས་འདི་དག་ལ་མོས་པར་འགྱུར་བ ་འམྱ་འཇུག་པར་འགྱུར་བ་དེ་དག་ནི་ཆེས་ངོ་མཚར་ཆེ་བ། བྱེད་པ་ཡིནོ།། ཀླུའི་བདག་པོ་གཞན་ཡང་ཟབ་མོའི། ཚུལ་འདི་ལ་འཇུག་པའི་སེམས་ཅན་གང་ཡིན ་པ་དེ་དག་ནི། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་ཡོངསུ་སྦྱངས་པ་བྱས་པ་ཡིན་ཏེ། དེ་དག་ནི་བདུད་སྡིག་ཅན་གྱིས་ཀྱང་གླགས་མི་རྙེད་།། ཀླུའི་བདག་པོ་ངས་མངོན་པར་ཤེས་པ ་འདས་པའི་དུས་ན། སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་ངས་མཉེས་པར་བྱས་ཏེ། མཆོད་པ་ཡང་བྱས། དེ་དག་གི་བསྟན་པ་ལ་ཡང་ང་རབ་ཏུ་བྱུང་སྟེ། ཚངས་པར་སྤྱོད་པ་ཡང ་སྤྱད་ན། འོན་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་པ་ལ་འདི་ལྟར་ཟབ་ཅིང་།། འདི་ལྟར་རྒྱུ་བ་ཆད་པའི་ཆོས་མ་བསྟན་ཏེ། གཞན་དུ་ན་སྦྱོར་བའི་གཏམ་ཉི་ཚེ་དང་། སྦྱིན་པ་དང་། ་དུལ་བ་དང་། ལེགས་པར་སྡོམ་པ་དང་། ངེས་པའི་གཏམ་ཉི་ཚེ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བག་ཡོད་པའི་གཏམ་ཉི་ཚེ་དང་། ཚངས་པར ་སྤྱོད་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་སྲུངས་པའི་གཏམ་ཉི་ཚེ་སྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལོངས་སྦྱངས་པ་མ་བྱས་པའི་ཕྱིར།། ཀླུའི་བདག་པོ་གང་གི་ཚེད་ལོངས་སྦྱངས་པ ་བྱས་པར་གྱུར་པ་དེའི་ཚེ་ནི། ངས་དེ་བཞིན་གཤེགས་པ་མར་མེ་མཛད་ཆེན་པོ་ལས་ཟབ་མོའི་ཆོས་ཀྱི་ཚུལ་འདི་ཐོ་སོ།། ཐོས་ནས་ཀྱང་ང་འཐུན་པའི་ཆོས་རྣམས་ལ་བཟོད་པ་སྐྱེསོ།། ཀླུའི་བདག ་བོ་དེ་ལྟ་བས་ན། རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་ཟབ་ཅིང་། ངའོ་སྙམ་པའི་ང་རྒྱལ་ལས་རྣམ་པར་གྲོ། ལ་བ། ཡོངསུ་རྟོག་པས་བྱས་པས་རྒྱུ་དང་རྐྱེན་ལས ་བྱུང་བ། སེམས་ཅན་དང་། སྲོག་དང་། གསོ་བ་དང་། གང་ཟག་ཏུ་རྟོག་པ་མེད་པའི་ཆོས་རྣམས་ལ་མོས་པ་དང་། དད་པ་དང་འཛིན་པ་དང་། གཞན་དག་ལ་ཡང་བརྡའ་སྤྲོད་པར་བྱེད ་བའི་སེམས་ཅན་དེ་དག། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་ཡོངསུ་སྦྱང་བ་བྱས་བཡིན་པ་དང་། དེ་དག་ལ་ནི་བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་བ་དེ་ལྟར་རིག་པར་བྱ། ་ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་ཕན་པ་དང་། བདེ་བའི་དོན་ལ་ཞུགས་པ་གང་གིས། སྡོང་གསུམྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ལྷ་རྣམས་དང ་མི་རྣམས་ཀྱི་བདེ་བའི་ཡོ་བྱད་ཇི་སྙེད་ཡོད་པའི་བདེ་བའི་ཡོ་བྱད་དེ་སྙེད། སེམས་ཅན་རེ་རེ་ལ་བྱིན་ན། ཀླུའི་བདག་པོ་འདི་ཇི་སྙམ་དུ་སེམས། ཅི་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་དེ་དག་ལ། ་བདེ་བའི་ཡོ་བྱད་མང་པོ་བྱིན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མང་ལག་སོ།། བདེ་བར་གཤེགས་པ་མང་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག ་པོ་བྱང་ཆུབ་སེམས་དཔས་སེམས་ཅན་དེ་དག་ལ་བདེ་བའི་ཡོ་བྱད་དེ་སྙེད་བྱིན་པ་གང་ཡིན་པ་དང་། དེ་དག་ལ་མི་རྟག་པར་དང་ལྡན་པ། ཚིག་ཅིག་ཙམ་བསྟན་ཏམ། སྡུག་བསྔལ་བ་དང་ལྡན ་བ་འམ། བདག་མེད་དང་ལྡན་པ་འམ། ཞི་བ་དང་ལྡན་པ་འམ། སྟོང་པ་ཉིད་དང་ལྡན་པ་འམ། མཚན་མ་མེད་པ་དང་ལྡན་པ་འམ། སྨོན་པ་མེད་པ་དང་ལྡན་པ་འམ། སེམས་ཅན་མེད ་བ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་། ཟག་མེད་པ་དང་ལྡན་པ་འམ། མ་སྐྱེས་མ་བྱུང་བ་དང་ལྡན་བ་ཚིག་གཅིག་ཙམ་བསྟན་ན། དེ་ཉིད་དེས་བདེ་བའི ་ཡོ་བྱད་དེ་བས་ཆེས་མང་དུ་བྱིན་པ་ཡིན་ཏེ། བསོད་ནམས་ཀྱང་ཆེས་མང་དུ་འཕེལ་བར་འགྱུར།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདས་བྱས་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་ནི། སེམ ་ཅན་རྣམས་ཀྱིས་སྔོན་མྱོང་ཟིན་གྱི། འདུས་མ་བྱས་ཀྱི་བདེ་བའི་ཡོ་བྱད་ནི། སེམས་ཅན་རྣམས་ཀྱིས་སྔོན་མ་མྱོང་བའི་ཕྱིར།། ཀླུའི་བདག་པོ་དེ་ལ་འདི་ལྟར་ཟབ་པའི་ཆོས་འདི་དག་ཐོས་པ ་གང་ཡིན་པ་འདི་ནི། འདུས་མ་བྱས་ཀྱི་བདེ་བའི་ཡོ་བྱད་འདྲེན་པ་ཡིན་ཏེ། དེ་བས་ན་ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་བདག་གི་དོན་དང་། གཞན་གྱི་དོན་ཡོངསུ་རྫོགས་པར ་བྱེད་འདོད་པ་རྣམས་ཀྱིས་ནི། ཆོས་ཟབ་མོ་རྣམས་ལ་བརྩོན་པར་བྱའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་འཁོར་གྱི་ནང་དུ་འོངས་ལ། འཁོར་གྱི་ནང་དུ་འདུག་ནས། ཟབ ་མོའི་གཏམ་གྱི་བར་གཅདེ། གཏམ་སྣ་ཚོགས་གླེང་བ་གང་ཡིན་པ་དེ་ནི། དམ་པའི་ཆོས་ནུབ་པར་བྱ་བའི་ཕྱིར་བརྩོན་པ་ཡི་ནོ།། དེ་ཅིའི་ཕྱིར་ཞེ་ན། འཛམྦུའི་གླིང་འདིར་ཇི་སྲིད་དུ ་ཟབ་མོའི་ཆོས་གྲགས་པ་དེ་སྲིད་དུ། དམ་པའི་ཆོས་ནུབ་པར་མི་འགྱུར་བའི་ཕྱིརརོ།། ཀླུའི་བདག་པོ་གཞན་ཡང་མི་ཆོས་འདོད་དེ། ཆོས་ཉན་པ་ནི་ཉུང་ལ། མི་མ་ཡིན་པ་ཆོས་ཉན་པ ་ནི་མང་སྟེ། དེར་དམ་པའི་ཆོས་སྨྲ་བ་པོ་གང་གིས་ཟབ་མོའི་གཏམ་ནི་འཆབ་པར་བྱེད་ལ། གཏམ་སྣ་ཚོགས་ནི་གླེང་བར་བྱེད་ན། དེར་ཟབ་མོ་ལ་མོས་པའི་ལྷ་རྣམས་ཡིད་མ ་རངས་པར་འགྱུར་ཏེ། འདི་སྐད་དུ་རིགས་ཀྱི་བུ་འདི་ནི་གང་ཁོ་ན་ལ་འཇིག་རྟེན་པ། ཉོན་མོངས་པ་སྤྱོད་པ་དེ་ཉིད་ཀྱི་འཇིག་རྟེན་པའི་གཏམ་གླེང་ཞིང་འདུག་སྟེ། ཀྱེ་རེང་ན། འདི་ན་སངས ་རྒྱས་ཀྱི་གསུང་མི་བྲ་གོ་ཞེས་ཚིག་ངན་མཐོན་ནས། ད་ངག་འཁོར་དེ་དག་ལ་མི་དགའ་སྟེ་འདོར་བར་བྱེའོ།། སྨོན་ལམ་གྱི་ལེའུ་སྟེ་གཉིས་པའོ།། ། ་དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་འཇིག་རྟེ་ན་པའི་སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ ་པ་དང་། ངེས་པའི་གཏམ་དང་། རབ་ཏུ་འབྱུང་བ་དང་། ངེས་པར་འབྱུང་བའི་གཏམ་དང་། ཚངས་པར་སྤྱོད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། བག་ཡོད་པ་དང་། སྦྱངས ་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པའི་གཏམ་སངས་རྒྱས་ཀྱི་གསུང་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀླུའི་བདག་པོ་ཆོས་གང་སངས་རྒྱས ་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་བ་དང་། འགོག་པར་འགྱུར་བའི་ཕྱིར་སྐྱེ་བ་མ་ཡིན་པ། ཁམས་གསུམ་ན་སྤྱོད་པ། ངེས་པར་འབྱུང་བར་འགྱུར་བ་མ་ཡིན་པ། ་མ་ཡིན་པ་དེ་དག་ཐམས་ཅད་ནི། འཇིག་རྟེན་པའི་ཡིན་གྱི། དེ་དག་ནི་སངས་རྒྱས་ཀྱི་གསུང་མ་ཡིནོ།། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུ ་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་། འཇིག་རྟེན་པའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ། ་གཏན་དང་། ཤེས་རབ་ཤེས་པ་དང་། ཡི་གེ་དང་། གྲངས་དང་། བགྲང་བ་དང་། ལག་རྩིས་ཤེས་པ་དང་། འབྱུང་ཀུང་ཤེས་པ་དང་། སྔགས་དང་། སྨན་དང་། གསོ་བ་ཤེས་པ་དང་། ལས་དང་། ་བཟོའི་གནས་ཤེས་པ་དང་། མཚན་མ་དང་བཅས་པ་དང་། ཆེ་དདུ་བྱ་བ་དང་བཅས་པ་དང་། ཟང་ཟིང་དང་བཅས་པ་དང་། རྒྱུད་པ་དང་བཅས་པ་དང་། རྫས་དང་བཅས་པ་ཤེས་པ་དང་། ་འཇིག་རྟེན་པ་དང་ཁམས་གསུམ་ན་སྤྱོད་པ་དེ་དག་ནི། སངས་རྒྱས་ཀྱིས་གསུངས་མ་ཡིན།། ཀླུའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་བའི་ཆོས་སྔོན་མ་ཐོས ་པ་ལས་ཐོས་པ་གང་དག་ཡིན་པ་འདི་ལྟ་སྟེ། མི་རྟག་པའི་དོན་དང་། སྡུག་བསྔལ་བའི་དོན་དང་། བདག་མེད་པའི་དོན་དང་། ཞི་བའི་དོན་དང་། སྡུག་བསྔལ་ཡོངསུ་ཤེས་པའི་དོན་དང་། ཀུན་འབྱུང་། ་བ་སྤང་བའི་དོན་དང་། འགོག་པ་མངོན་སུམ་དུ་བྱ་བའི་དོན་དང་། ལམ་སྐེམ་པའི་དོན་དང་། སྟོང་པ་ཉིད་སྒོམ་པའི་དོན་དང་། མཚན་མ་མེད་པས་ངེས་པར་རྒལ་བའི་དོན་དང་། སྨོན་པ་མེད་པས་ངེས ་པར་འབྱུང་བའི་དོན་དང་། མངོན་པར་འདུ་བྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བའི་དོན་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། ་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཞི་གནས་དང་། ལྷག་མཐོང་གི་དོན་དང་། ཇི་ལྟ་བ་བཞིན་དུ་རང་བཞིན་གྱིས་མ་སྐྱེས་པའི་དོན་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དབེན་པའི ་དོན་དང་། ཆོས་གང་རྗེ་སུ་རྟོགས་ནས། ཆོས་རྣམས་དང་། ཆོས་མ་ཡིན་པ་རྣམས་གཉིསུ་མི་འབྱེད་པ་དང་། ཆོས་ཐམས་ཅད་ཀྱང་གཏན་ཏུ་མངོན་པར་མི་འགྲུབ་པར་རབ་ཏུ་ཤེས་པ་དང་། སྐྱེ་བ ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། རྟེན་ནི་དང་འབྲེལ་བར་འབྱུང་བ་ཐོབ་པ་རྣམས་དང་། རང་བཞིན་གྱིས་འ་འདོད་ཆགས་དང་བྲལ་བ་ཐོབ་པ་རྣམས་དང་། དེ་ལྟར་འདུས ་མ་བྱས་པའི་ཆོས་མཐོང་བས་ཡང་དག་པར་ངེས་པ་ལ་འཇུགལོ། ཆོས་རྣམས་ཀྱི་ངེས་པ་ལ་ཡང་མི་རྟོག། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངསུ་རྟོག་པ་ཐམས་ཅད་དང་ཡང ་བྲལ་བ་དང་། ཕྲི་བ་ཡང་མེད། བསྣན་པ་ཡང་མེད་པ་དང་། མུན་པ་ཡང་མེད། སྣང་བ་ཡང་མེད་པ་དང་། ན་མཁའི་ངོ་བོ་ཉིད་དང་། མཉམ་པ་ཉིད་ཐོབ་པ་དང་། རང་བཞིན་གྱི་མཚན་ཉིད་དང་། མཉམ ་པའི་མཚན་ཉིད་དང་། མཚན་ཉིད་མེད་པ་དང་། མཚན་ཉིད་མེད་པ་མ་ཡིན་པ་དང་། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དང་། འདུ་ཤེས་ཐམས་ཅད་དང་བྲལ་བ་དང་རིག་པ་མེད་པ་དང་། ཚོར་བ་ཐམས་ཅད ་རྒྱུན་བཅད་པ་དང་། ཕྱིན་ཅི་ལོག་མཉམ་པ་ཉིད་དུ་མཐོང་བ་ནི། ཐ་སྙད་ཀྱི་སྒོ་ནས་འབྲས་བུ་ཐོབ་པ་ཞེས་བྱ་སྟེ། དོན་དམ་པར་ནི་མ་ཡིན་པ་དང་། དེས་ཅི་ཡང་ཐོབ་པ་མེད་ལ། མ་ཐོབ་པ་ཡང་མེད་པ་དང ་བླངས་པ་ཡང་མེད། དོར་བ་ཡང་མེད་པ་སྟེ། ཀླུའི་བདག་པོ་དེ་ལྟར་ན་ངེས་པར་འབྱུང་བའི་ཆོས་གང་དག་ཡིན་པ་རྣམས་སྟོན་ཅིང་འཆད་པ་གང་གིས། ཉན་ཐོས་རྣམས་ཀྱིས་ཉན ་ཐོས་ཀྱི་ཤེས་པ་ཡང་འཐོབ་པ་དང་། རང་སངས་རྒྱས་རྣམས་ཀྱིས་རང་སངས་རྒྱས་རྣམས་ཀྱི་ཤེས་པ་འཐོབ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་འཐོབ ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ན། སངས་རྒྱས་ཀྱི་གསུང་ཞེས་བྱའོ།། དེ་ཡང ་ཀུན་རྫོབ་ཀྱི་གཞིའི་གནས་ལས་རྟེན་པ་ཡིན་གྱི། དོན་དམ་པར་ནི་ཇི་ལྟར་ཡང་སངས་རྒྱས་ཀྱི་གསུང་ཐ་སྙད་དུ་གནས་པར་མི་ནུས་ཏེ། སངས་རྒྱས་ཀྱི་གསུང་ནི་ཚིག་མེད་པའོ།། སངས་རྒྱས་ཀྱི་གསུང ་ནི་ངག་མེད་པ། སྒྲ་མེད་པ། ཚིག་ལམ་མེད་པ། བརྗོད་དུ། མེད་པ། རྣམ་པར་རིག་པར་བྱེད་པ་མེད་པ། གདགས་པ་མེད། དཔ། མིང་མེད་པ་མཚན་མ་མེད་པ། བྱེ་བྲག་ཕྱེད་པ་མེད་པ། ་རྣམ་པར་ཤེས་པ་མེད་པ། བསམ་དུ་མེད་པ། བསམ་གྱིས་མ་ཁྱབ་པ་ལ་འཇུག་པ་སྟེ། རབ་ཏུ་དབྱེ་བ་དང་། བརྡའ་སྤད་པ་དང་། བར་བསྟན་པར་མི་ནུསོ།། ཀླུའི་བདག་པོ་སངས་རྒྱས་ཀྱི ་གསུངས་ནི་དེ་ལྟ་བུ་ཡིན།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་ད་ནི་ཡི་གེ་འདོད་པའི་སེམས་ཅན་རྣམས་ལ་ཆོས་མི་སྟོན་མོད་ཀྱི། འོན་ཀྱང་ཡི་གེ་ཡོངསུ་ཤེས་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། དེ་བས ་ན་སངས་རྒྱས་ཀྱི་གསུངས་ནི་ཡཱི་མེད་པའོ།། ཀླུའི་བདག་པོ་ང་ནི་བརྗོད་པ་འདོད་པ་ལ་ཆོས་མི་སྟོན་མོད་ཀྱི། འོན་ཀྱང་བརྗོད་པ་ཐམས་ཅད་བསྩལ་བའི་ཕྱིར་ཆོས་སྟོན་ཏེ། དེ་བས་ན་སངྱས་ཀྱི་གསུང་ནི་བརྗོད། ་ཀླུའི་བདག་པོ་ནི་བརྗོད་པ་འདོད་པ་ལ་ཆོས་མི་སྟོན་མོད་ཀྱི། འོན་ཀྱང་རྗོད་པ་ཐམས་ཅད་བསྩལ་བའི་ཕྱིར་ཆོས་སྟོན་ཏེ། དེ་བས་ན་སངས་རྒྱས་ཀྱི་གསུང་ནི་བརྗོད་དུ་མེད་པའོ།། ་བུའི་བདག་པོ་ང་ནི་རྣམ་པར་རིག་པར་བྱེད་པ་ལ་མངོན་པར་ཞེན་པར་བྱ་བའི་ཕྱིར་ཆོས་མི་སྟོན་མོད་ཀྱི། འོན་ཀྱང་རྣམ་པར་རིག་པར་བྱེད་པ་དང་། ཡོངསུ་རྟོག་པ་ཐམས་ཅད་ཉེ་བར་ཞི་བར ་བྱ་བའི་ཕྱིར་ཆོས་སྟོན་ཏེ། དེ་བས་ན་སངས་རྒྱས་ཀྱི་གསུང་ནི་རྣམ་པར་རིག་པར་བྱེད་པ་ཡིན།། ཀླུའི་བདག་པོ་ང་ནི་ཆོས་གཟུང་བར་བྱ་བའི་ཕྱིར་དང་། ཆོས་ལ་མངོན་པར་ཞེན་པར་བྱ་བའི་ཕྱིར་དང་། ཆོས ་སྤྲོས་པར་བྱ་བའི་ཕྱིར་དང་། ཆོས་ཡོངསུ་རྟག་པར་བྱ་བའི་ཕྱིར་དང་། ཆོས་བསྐྱེད་པར་བྱ་བའི་ཕྱིར་དང་། ཆོས་འགག་པར་བྱ་བའི་ཕྱིར་དང་། ཆོས་རྣམས་པར་འཇིག་པར་བྱ་བའི་ཕྱིར་དང་། ཆོས ་གནས་པར་བྱ་བའི་ཕྱིར་དང་། ཆོས་དམིགས་པར་བྱ་བའི་ཕྱིར་དང་། ཆོས་རློམ་སེམསུ་བྱ་བའི་ཕྱིར་དང་། ཆོས་ཀྱི་ངོ་ན་ཉིད་ཀྱི་ཕྱིར་དང་། ཆོས་བརྟན་པར་བྱ་བའི་ཕྱིར་དང་། ཆོས ་མཚན་མར་བྱ་བའི་ཕྱིར་དང་། ཆོས་ལ་བསྒྲིམ་པར་བྱ་བ་འོ་ཕྱིར་དང་། ཆོས་འཆད་པར་བྱ་བའི་ཕྱིར་ཆོས་མི་སྟོན་ཏེ། ཀླུའི་བདག་པོ་ང་ནི་ཆོས་གང་ཡང་སྤང་བར་བྱ་བ་འམ། འགག་པར ་བྱ་བའི་ཕྱིར་ཆོས་མི་སྟོན་མོད་ཀྱི། འོན་ཀྱང་ང་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྒྲོ་བཏགས་པ་མེད་པའི་ཕྱིར་ཆོས་སྟོན་ཏེ། ཀླུའི་བདག་པོ་དེ་ལྟ་བས་ན་ཆོས་ཐམས་ཅད་རང་བཞིན་གྱིས་སྒྲོ་བཏག ་བ་མེད་པ་གང་ཡིན་པ་འདི་ནི། སངས་རྒྱས་ཀྱི་གསུང་ཞེས་བྱ་བའོ།། ཅིའི་ཕྱིར་དེ་ལ་སངས་རྒྱས་ཀྱི་གསུང་ཞེས་བྱ་ཞེ་ན། ཚིག་ཐམས་ཅད་ཅི་ཚུལ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང ་ཞེས་བྱའོ།། ཚིག་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངསུ་གཅོད་པ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱ་བའོ།། ཚིག་ཐམས་ཅད་ཀྱི་ལྡེམ་པོར་དགོངས་པ་སྟོན ་། པ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ཚིག་ཐམས་ཅད་ཀྱི་ལན་མཁྱེན་པ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ་ཚིག་ཐམས་ཅད་ཀྱི་རྒྱུ་དང་། དམིགས་པ་དང་། ཐ་སྙད་ནི་སངས་རྒྱས་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ཚིག་ཐམས་ཅད་བྲག་ཆ་དང་འདྲ་བ་ཡང་དག་པར་གཞོལ་བར། ་མཁྱེན་པ་ནི། སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ཀླུའི་བདག་པོ་གཞན་ཡང་ཡི་གེ་ཅི་ཡང་རུང་བ་དང་ཚིག་ཅི་ཡང་རུང་བ་དེ་དག་ནི་སངས་རྒྱས་ཀྱི་གསུང་བ་མ་ཡིན ་བ་མདོ།། དེ་ཅིའི་ཕྱིར་ཞེ་ན། ཡི་གེ་དེ་དག་ཉིད་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར ་འགྱུར་བའི་ཕྱིརརོ།། དེ་ལྟ་བས་ནི་ཡི་གེ་ཐམས་ཅད་དང་ཆེ།། ག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལྟ་བུའི་ཚེ་གི་དོན་དེ་ལ་འཇུག་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེད་། ་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། ཡི་གེ་ཐམས་ཅད་དང་ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལ་ཆོས་ཀྱི་དབྱངས་དབྱེར་མེད་ཅིང་རོ་ཅིག་པར་ཤེས་པ་གང་ཡིན་པ་འདི་ནི། ་བྱང་ཆུབ་སེམས་དཔའི་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། ཡི་གེ་ཐམས་ཅད་དང་ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལ་ཅི་རིག་པར་ཆོས་ལ་དཔྱོད་པ་ཤེས་པ་གང་ཡིན་པ ་འདི་ནི་བྱང་ཆུབ་སེམས་དཔའི་ངེས་པའི་ཚིགས་ས་ཡང་དག་པར་རིག་པ་ཞེས་བྱའོ།། ཡི་གེ་ཐམས་ཅད་དང་ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལ་ཅི་རིགས་པའི་གནས ་ལས་ཆགས་པ་མེད་པར་སྟོན་པ་ཤེས་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། ཀླུའི་བདག་པོ་དེ་ལྟར་ན་སོ་སོ་ཡང་དག་པར་རིག་པ ་བཞིས་མ་བསྡུས་པའི་ཆོས་གང་ཡང་མེད་ལ། སོ་སོ་ཡང་དག་པར་རིག་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡང་ཡི་གེ་ཅི་ཡང་རུང་བ་དེ་དང་། ཚིག་ཅི་ཡང་རུང་བ་དེ་དང་། ངེས་པའི་ཚིག་ཅི་ཡང་རུང་བ ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་གསུང་ཡིནོ།། ཞེས་བྱ་བ་ལ་འཇུག་སྟེ། དེས་ན་དེ་ནི་ཆགས་པ་མེད་ཅིང་ཐོགས་པ་མེད་པར་བསྐལ་པ་སྟོང་གི་བར་དུ་ཡང་སྟོན་ཅིང་འཆད། ཐོགས་པ་ཡང་མེདོ། ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདི་ནི་མི་ཟད་པའི་ཟ་མ་ཏོ།། གཅེས་བྱ་བའི་གཟུངས་ཡིན་ཏེ། གཟུངས་དེ་ཐོབ་པའི་བྱང་ན། བ་སེམས་དཔའ་ནི། ཚིག་དང་ཡི་གེ་མི་ཟད་པའི་མོས ་པའི་ཚིག་ལེགས་པར་བྱས་པ་རྣམས་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཕན་ཚུན་གྱི་ཉེས་པ་སྤངས་པ་རྣམས་དང་། ཐོགས་པ་མེད་པ་རྣམས་དང་། འཐད་པ་རྣམས་དང་། ཀུན་རྫོབ ་ཀྱི་བདེན་པས་བརྒྱན་པ་རྣམས་དང་། དོན་དམ་པ་དང་ལྡན་པ་རྣམས་དང་། རྟེན་རྣམ་པར་དག་པ་རྣམས་དང་། དྲང་བའི་དོན་དང་། ངེས་པའི་དོན་མཉམ་པར་རྟག་པ་རྣམས་དང་། ཀུནས ་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གཞི་ཇི་ལྟ་བ་བཞིན་དུ་བསྟན་པ་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་འཇུག་པ་རྟོགས་པའི་བསྟན་པ་འཆད་པ་རྣམས་དང་། དབང་པོ ་བརྒྱད་ཁྲི་བཞི་སྟོང་རྐྱེན་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པ་རྣམས་དང་། ཡི་གེ་རྣམས་ཀྱིས་ཀྱང་ཆོས་དེ་དག་གླེང་བར་བྱེད་ལ། འོན་ཀྱང་དེའི་ཡི་གེ་ཟད་པ་འམ། ཆོས་བརྗོད་པ ་ཟད་པ་འམ། དཔེར་བྱ་བ་བཀོད་པ་ཟད་པ་འམ། དུས་བསྟན་པའི་ཟད་པ་འམ། རྒྱུ་དང་འབྲས་བུ་བསྟན་པ་ཟད་པ་འམ། ཚེད་དང་། གནས་དང་། མཚམས་ཟད་པ ་འམ་སེམས་ཀྱི་འཇུག་པ་ཟད་པ་འམ། ཨ་ཞེས་བྱ་བའི་ཚིག་ཟད་པ་འམ། ཨ་ཞེས་བྱ་བའི་མཚམས་སྦྱོར་བ་ཟད་པའམ། དེ་བཞིན་དུ་སྦྱར་ཏེ། བ་ཞེས་བྱ་བཟང་བ་ནས། ལ་ཞེས ་བྱ་བའི་བར་དུ་ཟད་པ་འམ། རྣམ་པར་བྱང་བ་རྣམ་པར་གཞག་པའི་བར་དུ་ཟད་པ་འམ། ཆོས་ཀྱི་ངེས་པའི་ཚིག་གཏམ་ཟད་པ་འམ། སྣ་ཚོགས་དང་ཟབ་མའི་གཏམ་ཟད་པ་འམ། སྣརེལ་ཞིང ་རྒྱུའི་སྟོན་པའི་གཏམ་ཟད་པ་འམ། སྤྱིའུ་ཚུགས་པ་དྲ་འཐུན་པའི་གཏམ་ཟད་པ་འམ། འཐུན་པ་དང་མི་མཐུན་པའི་ག། ཏམ་ཟད་པ་འམ། ངེས་པའི་ཚིག་མེད་པའི་གཏམ་པ་འ ་སངས་རྒྱས་དང་། ཆོས་དང་། དགེ་འདུན་རྒྱ་ཡོན་ཏན་བསྔགས་པ་བརྗོད་པ་ཟད་པ་འམ། བདེན་པ་སྟོན་པའི་གཏམ་ཟད་པའམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས ་བསྟན་པའི་གཏམ་ཟད་པ་འམ། ལས་ཀྱི་རྣམ་པར་སྨིན་པ་བསྟན་པའི་གཏམ་ཟད་པ་འམ། ཕ་རོལ་ཏུ་ཕྱིན་པ་བསྟན་པའི་གཏམ་ཟད་པ་མེདོ།། ཀླུའི་བདག་པོ་དེ་ལྟར་ན ་ཡི་གེ་ཐམས་ཅད་བསྟན་པ་ལ་ཟད་པ་མེད་པ་གང་ཡིན་པ་འདི་ནི། མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཤེས་བྱའོ།། ཀླུའི་བདག་པོ་མི་ཟད་པའི་ཟ་མ་ཏོག་གིཟུངས་འདི་ནི། མི ་ཟད་པ་ཉིད་བཞིས་རྟོགས་པར་བྱ་སྟེ། བཞི་གང་ཞེ་ན། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་ཉིད་དང་། ཡེ་ཤེས་མི་ཟད་པ་ཉིད་དང་། ཤེས་རབ་མི་ཟད་པ་ཉིད་དང་། གཟུངས་ཀྱི་སྤོབས ་པ་མི་ཟད་པ་ཉིད། བཞི་པོ་དེ་དགོ། ཀླུའི་བདག་པོ་མི་ཟད་པའི་ཟ་མ་ཏོག་གཟུངས་ནི་གཏིང་དཔག་དཀའ་བ་བཞིས་རྟོག་པར་བྱ་བ་སྟེ། བཞི་གང་ཞེ་ན། བསམ་པའི་གཏིང་དཔག་དཀའ་བ་དང ་གཏིང་དཔག་དཀའ་བ་དང་། ཆོས་ལ་འཇུག་པ་གཏིང་དཔག་དཀའ་བ་དང་། སེམས་ཅན་གྱི་སྤྱོད་པ་ལ་འཇུག་པ་གཏིང་དཔག་དཀརའ་བ་སྟེ། བཞི་པ་དང་གོ།། ཀླུའི་བདག་པོ་འདི་དག་ནི། ་ཟད་པའི་ཟ་མ་ཏོགི་གཟུངས་ཀྱི་སྙིང་པོ་དང་། ཡི་གེ་ཡིན་པར་རྟོགས་པར་བྱ་སྟེ། བཞི་གང་ཞེ་ན། ཤེས་རབ་སྙིང་པོར་བྱེད་པ་དང་། སྒྲུབ་པ་སྙིང་པོར་བྱེད་པ་དང་། བཟོད་པ་ལ་གནས་པ ་སྙིང་པོར་བྱེད་པ་དང་། བརྩམ་པ་ཉམས་འོག་ཏུ་མ་དད་པར་བྱེད་པ་སྙིང་པོར་བྱེད་པ་སྟེ། བཞི་པོ་དེ་དགོ། ཀླུའི་བདག་པོ་འདྲི་དག་ནི། མི་ཟད་པའི་ཟ་མ་ཏོགི་གཟུངས་ཀྱི་ངེས་པར་འབྱེད ་པ་སྟེ། བཞི་གང་ཞེ་ན། བདེན་པ་ངེས་པར་འབྱེད་པ། དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ངེས་པར་འབྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ངེས་པར་འབྱེད་པ་དང་། ་ཐེག་པ་ཐམས་ཅད་ངེས་པར་འབྱེད་པ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོག་གཟུངས་ཀྱི་སྣང་བ་ཡིན་ཏེ། དོན་གང་ཞེ་ན། འདི་ལྟ་སྟེ། ་སེམས་ཅན་ཐམས་ཅད་ཀྱི་སྣང་བ་དང་། ཤེས་རབ་ཀྱི་སྣང་བ་དང་། ཤེས་རབ་ཀྱི་མིག་སྣང་བ་དང་། སོ་སོ་ཅི་རིགས་པར་ཆོས་སྟོན་པའི་སྣང་བ་སྟེ། བཞི་པོ་དེ་དགོ།། ཀླུའི་བདག་པོ་བཞི་པོ ་འདི་དག་ནི། མི་ཟད་པའི་ཟ་མེ་ཏོགི་གཟུངས་ཀྱི་རྟུན་པ་ཡིན་ཏེ། བཞི་གང་ཞེ་ན། བརྩོན་འགྲུས་རྟུན་པ་དང་། ཚུལ་ཁྲིམས་རྟུན་པ་དང་། བསོད་ནམས་ཀྱི་ཚོགས་ཡོངསུ་ཚོལ་བརྟུན་པ ་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་ཚོལ་བརྟུན་པ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་དེ་དག་ནི། མི་ཟད་པའི་ཟ་མ་ཏོག་གཟུངས་ཀྱི་ཆོས་ཀྱི་ཡོངསུ་ཚོལ་བ ་མཐར་ཐུག་པ་མེད་པ་སྟེ། བཞི་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཡོངསུ་ཚོལ་བ་མཐར་ཕྱིན་པ་མེད་པ་དང་། འཁོར་བས་ཡོངསུ་མི་སྐྱོ་བ་ཡོངསུ་ཚོལ་བ་མཐར་ཕྱིན་པ་མེད་པ་དང་། སེམས་ཅན ་ཡོངསུ་སྨིན་པར་བྱ་བ་ཡོངསུ་ཚོལ་བ་མཐར་ཕྱིན་པ་མེད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོལ་བ་མཐར་ཕྱིན་པ་མེད་པ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི ་ཟ་མ་ཏོག་གི་གཟུངས་ལ་ཆོག་མི་ཤེས་པ་སྟེ། བཞི་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་མངོན་སུམ་དུ་ཆོས་མཉན་པས་ཆོག་མི་ཤེས་པ་དང་། སེམས་ཅན་རྣམས་ལ ་ཆོས་བསྟན་པས་ཆོག་མི་ཤེས་པ་དང་། དགེ་བའི་རྩ་བ་ཡོངསུ་ཚོལ་བས་ཆོག་མི་ཤེས་པ་དང་། དེ་བཞིན་གཤེག། ས་པ་ལ་མཆོད་པ་དང་། བཀུར་བསྟི་བྱས་པས་ཆོག་མི ་ཤེས་པ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འང་དག་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་ཚུགས་པར་དཀའ་བ་ཡིན་ཏེ། བནི་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ ་ཐམས་ཅད་ཀྱིས་ཚུགས་པར་དཀའ་བ་དང་། བདུད་ཐམས་ཅད་ཀྱི་ཚུགས་པར་དཀའ་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཚུགས་པར་དཀའ་བ་དང་། གཞན་གྱིས་བྱས་པ་ཐམས་ཅད་ཀྱིས ་ཚུགས་པར་དཀའ་བ་སྟེ། བཞི་པོ་དེ་དགོ།། ཀླུའི་བདག་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་མ་འདྲེས་པ་སྟེ། བཞི་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་རྣམས་དང ་མ་འདྲེས་པ་དང་། རྙེད་པ་དང་། བཀུར་བསྟི་དང་། ཚིགསུ་བཅད་པ་ཐམས་ཅད་ཀྱིས་མ་འདྲེས་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་དང་མ་འདྲེས་པ་དང་། སོ་སོའི་སྐྱེ་བོའི་ཉེས ་པ་ཐམས་ཅད་དང་མ་འདྲེས་པ་སྟེ། བཞི་པོ་དེ་དག་ནི་མ་འདྲེས་པ་ཡིན།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི་ཐ་མ་ཏོག་གཟུངས་ལ་སྨད་དུ་མེད་པ་སྟེ། བནི་གང་ཞེ་ན། སྐྱེ་བ་སྨང་དུ ་མེད་པ་དང་། ཚུལ་ཁྲིམས་འཆལ་པའི་སེམས་ཅན་ཡོངསུ་སྨིན་པར་བྱ་བ་སྨད་དུ་མེད་པ་དང་། ཆོས་བསྟན་པའི་བྲེ་མོ་གཏམ་གཅིག་པུ་ལ་སྨད་དུ་མེད་པ་དང་། ཐེག་པ་ཆེན་པོས་སྒྲོལ་བའི་ཕྱིར། ་སློང་བ་པོ་སྨད་དུ་མེད་པ་སྟེ། བཞི་པོ་དེ་དག་ནི་སྨད་དུ་མེད་པཡིནོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི་ཟམ་ཏོ།། གི་གཟུངས་ཀྱི་སྟོབས་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན ་ཐམས་ཅད་ཀྱི་ཉེས་པ་བྱས་པའི་བཟོད་པའི་ཕྱིར། བཟོད་པའི་སྟེ་བས་དང་། སེམས་ཅན་ཐམས་ཅད་ཀྱི་སོམ་ཞི་གཅོད་པའི་ཕྱིར། ཡེ་ཤེས་ཀྱི་སྟོབས་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ ་ཡོངསུ་ཤེས་པའི་ཕྱིར། མངོན་པར་ཤེས་པའི་སྟོབས་དང་། སོ་སོ་ཅི་རིགས་པར་ཆོས་སྟོན་པའི་ཕྱིར། ཐབས་ཀྱི་སྟོབས་ཏེ། བཞི་པོ་དེ་དག་ནི་སྟོབས་ཡིནོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད ་བའི་ཟ་མ་ཏོག་གཟུངས་ཀྱི་གཏེར་ཆེན་པོ་མི་ཟད་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་གདུང་མི་འཆང་བའི་གཏེར་ཆེན་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཚད ་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། སེམས་ཅན་ཐམས་ཅད་འགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང་། ན་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི ་གཏེར་ཆེན་པོ་མི་ཟད་པ་ཡིནོ།། ཀླུའི་བདག་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོག་གཟུངས་ཀྱི་ཚད་མེད་པ་ཉིད། བཞི་གང་ཞེ་ན། འདི་ལྟ་སྟེ། ཐོས་པ་ཚད་མེད་པ་ཉིད་དང ་ཤེས་རབ་ཚད་མེད་པ་ཉིད་དང་། ཡོངསུ་བསྔོ་བ་ཚད་མེད་པ་ཉིད་དང་། ངེས་པའི་ཚིག་བསྟན་པ་རྣམས་ལ་སྒྲ་ཚད་མེད་པ་ཉིད། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད ་པའི་ཟ་མ་ཏོག་གཟུངས་ཀྱི་དོན་ཡོད་པ་ཉིད། བཞི་གང་ཞེ་ན། ཆོས་བསྟན་པ་དོན་ཡོད་པ་ཉིད་དང་། བདེན་པའི་ཚིག་བསྟན་པ་དོན་ཡོད་པ་ཉིད་དང་། ཆོས་ལ་སྦྱོར་བ་རྣམ་པར་དབྱེ་བ་ཡོན ་ཏན་ཡོད་པ་ཉིད་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ། དོན་ཡོད་པ་ཉིད། བཞི་པོ་དེ་དགོ། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོགི་གཟུངས་ལ་མི་འཇིག་པ་ཐོབ ་བ་སྟེ། བཞི་གང་ན་ནོ།། འདི་ལྟ་སྟེ། གང་ངནའ། གྲོ་ཐམས་ཅད་ཀྱིས་མི་འཇུག་པ་ཐོབ་པ་དང་། འཁོར།། རྣམས་ཀྱིས་ནང་དུ་ཟིལ་གྱིས་གནོན་པས་མི ་འཇིགས་པ་ཐོབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་སོམ་ཉི་གཅོད་པ་ལ་མི་འཇིགས་པ་ཐོབ་པ་དང་། སངས་རྒྱས་ཀྱི་ས་ལ་འཇུག་པ་ལ་མི་འཇིགས་པ་སྟེ། བཞི་པོ་འདི་དག་ནི། མི ་ཟད་པའི་ཟ་མ་ཏོག་གཟུངས་ལ་མི་འཇིགས་པ་ཐོབ་པ་ཡིན་པར་རིག་པར་བྱ་སྟེ། ཀླུའི་བདག་པོ་དེ་ལྟར་ན། མི་ཟད་པའི་ཟ་མ་ཏོགི་གཟུངས་ནི། ཡོན་ཏན་བསྟན་པ་ཚད་མེད་པ་དང་། ཡེ་ཤེས་ལ ་འཇུག་པ་ཚད་མེད་པའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་རྣམས་དང་། བྱང་ཆུབ་སེམས་དཔའི་རྣམ་པར་བརྩེ་བ་དང་། བྱང་ཆུབ ་སེམས་དཔའི་རྒྱ་ཆེར་རྩེ་བ་རྣམས་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་བརྒྱན་བཀོད་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ལམ་རྣམས་དང་། བྱང་ཆུབ་སེམས་དཔའི་སྣོད། ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། སྡེ་སྣོད་དེ་ལ་འཇུག་པ་རྣམས་དང་། གཟུངས་ཀྱི་སྒོའི་ཕྱག་རྒྱ་ལ་འཇུག་པ་རྣམས་དང་། བསྒྲེ་བ་དང་། བསྒྲེ་བ་མ་ཡིན་པ་ལ་མཁས་པ་དང་། ལུས ་དང་ངག་དག་སེམས་ཀྱི་རྒྱན་བཀོད་པ་རྣམས་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོང་སུ་འཛིན་པ་དང་། བྱང་ཆུབ་ཀྱི་སྙིང་པོའི་ཚོགས་བསགས་པ་རྣམས་དང་། སེམས་ཅན་ཡོངསུ ་སྦྱངས་པའི་ཡེ་ཤེས་ལ་འཇུག་པ་རྣམས་དང་། དམ་པའི་ཆོས་ཡོང་སུ་འཛིན་པ་དང་། འཐུན་པ་དང་། སྟོབས་དང་། བརྩོན་འགྲུས། དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཉེ་བར་བརྟན་པ་ཤེས ་བ་དང་། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་བཀོད་པ་རྣམས། དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཇི་སྙེད་པ་ཞེས་ཚིག་ཏུ་སྨྲ་ན། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཡང་དག་པར ་སྨྲ་བས་སྨྲ་བར་བྱའོ།། ཀླུའི་བདག་པོ་སེམས་ཅན་གྱི་བརྡའི་རྗེསུ་འཇུག་པ་འམ། ཆོས་ཀྱི་བརྡའི་རྗེསུ་འཇུག་པའི་ཡི་གེ་གང་ཡིན་པ་དེ་དག་ཐམས་ཅད་ནི། མི་ཟད་པའི་ཟ་མ་ཏོག ་གཟུངས་ཀྱི་རྗེསུ་འཇུག་པའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་ཡི་གེ་དདང་། དེ་རྣམས་ཀྱི་ཚུལ་གྱི་དགོངས་པ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་གཟོད་མ་ནས་དག་པ ་ནར་ཐམས་ཅད་ཀྱི་རང་བཞིན་ལ་སླུ་བར་མི་བྱེད།། ཆོས་ཐམས་ཅད་དགའ་རབས་ན། ཆོས་ཀྱི་ཀུན་དགའ་ལ་དགའ་བ་སླུ་བར་མི་བྱེད།། ཆོས་ཐམས་ཅད་དོན་དམ་པ་མ་ཡིན་པས་ན། ཆོས ་།། ཐམས་ཅད་ཀྱི་ངེས་པའི་དོན་ལ་སླུ་བར་མི་བྱེད།། ཆོས་ཐམས་ཅད་མིག་ཡིན་པས་ན། ཆོས་ཐམས་ཅད་ཀྱི་སྣང་བ་ལ་སླུ་བར་མི་བྱེད།། ཆོས་ཐམས་ཅད་ཀྱི་མིང་ཙམ་དུ་ཟང་བས་ན།། ཆོས ་ཐམས་ཅད་ཀྱི་བརྡའ་ལ་སླུ་བར་མི་བྱེད།། ཆོས་ཐམས་ཅད་ཐོབ་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་དགོངས་པ་སྦྱོར་བ་ལ་སླུ་བར་མི་བྱེད།། ཆོས་ཐམས་ཅད་དུལ་བས་ན། ཆོས་ཐམས་ཅད་ཀྱི ་ཅང་ཤེས་ཉིད་ལ་སླུ་བར་མི་བྱེད།། ཆོས་ཐམས་ཅད་ཞི་བས་ན། ཆོས་ཐམས་ཅད་ཀྱི་སྣང་བ་ཉིད་ལ་སླུ་བར་མི་བྱེད།། ཆོས་ཐམས་ཅད་སྟོབས་དང་བྲལ་བས་ན། ཆོས་ཐམས་ཅད་ཀྱི་སྟོབས ་མེད་པ་ཉིད་ལ་སླུ་བར་མི་བྱེད།། ཆོས་ཐམས་ཅད་ཚིག་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་མི་སྐྱེ་བ་ཉིད་ལ་སླུ་བར་མི་བྱེ།། ཆོས་ཐམས་ཅད་དད་པ་དང་ལྡན་པས་ན། ཆོས་ཐམ ་ཅད་ཀྱི་མོས་པ་ལ་སླུ་བར་མི་བྱེད།། ཆོས་ཐམས་ཅདགི་ལམ་ཡིན་པས། ཆོས་ཐམས་ཅད་ཀྱི་བརྗོད་པ་ལ་སྒྲུབ་པ། མི་བྱེད།། ཆོས་ཐམས་ཅད་དེ་བཞིན་ཉིད་ཡིན་པས་ན། ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་རྗེསུ་འགྲོ་བ་ལ་སླུ་བར་མི་བྱེད།། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་པས་ན། ཆོས་ཐམས་ཅད་ཀྱི་དུས་གསུམ་མཉམ་པ་ཉིད་ལ་སླུ་བར་མི་བྱེད།། ཆོས་ཐད་དགན ་གནས་པས་ན། ཆོས་ཐམས་ཅད་ཀྱི་མི་གཡོ་བ་ཉིད་ལ་སླུ་བར་མི་བྱེད།། ཆོས་ཐམས་ཅད་ལག་མཐིལ་ན་འདུག་པས་ན། ཆོས་ཐམས་ཅད་ཀྱི་བྱ་བ་ཡོད་པ་ལ་སླུ་བར་མི་བྱེད།། ཆོས་ཐམས་ཅད ་མཉམ་པས་ན། ཆོས་ཐམས་ཅད་ཀྱི་ཁྱད་པར་མེད་པ་ཉིད་ལ་སླུ་བར་མི་བྱེད།། ཆོས་ཐམས་ཅད་ལམ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ཀུན་ནས་འཇུག་པ་སྟོན་ཏོ།། ཆོས་ཐམས་ཅད་ནམ ་མཁའ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ན་མཁའ་ལྟ་བུ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ནན་གྱིས་བྱས་པས་ན། ཆོས་ཐམས་ཅད་ཀྱི་སྒྲོལ་བ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་བསླང་དུ་མེད་པས་ན། ་ཆོས་ཐམས་ཅད་ཀྱི་བདག་པོ་མེད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་དྲན་པ་ཡིན་པས། ཆོས་ཐམས་ཅད་ཀྱི་བརྗེད་པ་མེད་པ་སྟོན་ཏོ།། ཆོས་ཐམས་ཅད་གཟུངས་ཡིན་པས།། ཆོས་ཐམས་ཅད་ཀྱི་མི་ཟད་པ ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ཞི་བ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ཉེ་བར་ཞི་བ་སྟོན་ཏོ།། ཆོས་ཐམས་ཅད་ན་མཁའ་དང་མཉམ་པས་ན། ཆོས་ཐམས་ཅད་ཀྱི་ཡང་པ་ཉིད་སྟོན་ཏོ།། ཆོས་ཐམས ་ཅང་ཟད་པའི་སྒོ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ཟད་པའི་མཐའི་སྒོ་སྟོན་ཏོ།། ཆོས་ཐམས་ཅད་གནས་ན་གནསོ་བས་ན། ཆོས་ཐམས་ཅད་ཀྱི་གནས་པའི་ཆོས་ཉིད་སྟོན་ཏོ།། ཆོས་ཐམས་ཅད ་ཡེ་ཤེས་ལ་འཇུག་པས་ན། ཆོས་ཐམས་ཅད་ཀྱི་གཏི་མུ་ག་དང་བྲལ་བ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ཁོངསུ་འདུས་པ་ས་ན། ཆོས་ཐམས་ཅད་ཀྱི་སྣལ་ཞི་ཉིད་སྟོན་ཏོ།། ་ཆོས་ཐམས་ཅད་དངོས་པོ་དང་བྲལ་བས་ན། ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་གཡོ་བ་དང་ལྡན་པས་ན། ཆོས་ཐམས་ཅད་ཀྱི་ཚུལ་བཞིན་མ་ཡིན་པ་ཡོང་སུ་འཛིན་པ ་སྟོན་ཏོ།། ཆོས་ཐམས་ཅད་དྲན་པར་བྱེད་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་སྔོན་གྱི་གནས་རྗེསུ་དྲན་པ་སྟོན་ཏོ།། ཆོས་ཐམས་ཅད་ཡོ་བྱད་མང་བ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་སྲིད་པ་ཉིད ་སྟོན་ཏོ།། ཆོས་ཐམས་ཅད་ས་ཞེས་བྱ་བ་ལ་འཇུག་པས་ན། ཆོས་ཐམས་ཅད་ཀྱི་མ་ནིང་གི་ཚིག་བླ་དགས་སྟོན་ཏོ།། ཆོས་ཐམས་ཅད་ཧ་ཞེས་བྱ་བ་དང་། ན་ཞེས་བྱ་བ་ལ་འཇུག་པས་ན། ཆོས ་ཐམས་ཅད་ཀྱི་མི་འདྲ་བ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་རྒྱ་མཚོ་ལ་འཇུག་པས་ན། ཆོས་ཐམས་ཅད་ཀྱི་དགོངས་པའི་ཚིག་རྒྱ་ཆེན་པོ་སྟོན་ཏོ།། ཆོས་ཐམས་ཅད་ལྷུན ་ལྷུག་པས་ན། ཆོས་ཐམས་ཅད་ཀྱི་བསྐྱོད་དུ་མེད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་གནས་ན་གནས་པས་ན། ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་གནས་པ་ཉིད་སྟོན་ཏོ།། ཆོས་ཐམས ་ཅད་འདྲེན་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ཡང་དག་པའི་འདུལ་བ་སྟོན་ཏོ།། ཆོས་ཐམས་ཅད་འབྲས་བུ་ཐོབ་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ཡིད་ལ་བྱེད་པ་མེད་པ་ཉིད་སྟོན་ཏོ།། ་ཆོས་ཐམས་ཅད་ཕུང་པོ་ཙམ་དུ་ཟད་པས་ན། ཆོས་ཐམས་ཅད་ཀྱི་སྡུག་བསྔལ་ཡོངསུ་ཤེས་པ་སྟོན་ཏོ།། ཆོས་ཐམས་ཅད་ཆོམ་རྐུན་ཡིན་པས་ན། ཆོས་ཐམས ་ཅད་ཀྱི་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་སྤངས་པ་ཡིན་པས་ན། ཆོས་ཐམས་ཅད་མངོན་པར་ཞེན་པ་མེད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ད ་ཞེས་བྱ་བ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ལམ་ཆད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་དྷ་ཞེས་བྱ་བ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་མཐརའ་ཡས་པ་དང་། ཡོངསུ་ཆད་པ་མེད་པ་ཉིད་སྟོན་ཏོ།། ་ཀླུའི་བདག་པོ་འདི་ནི་ཡི་གེའི་བརྡའ་ལ་འཇུག་པ་མི་ཟད་པའི་ཟ་མ་ཏོག་གཟུངས་ལ། བྱང་ཆུབ་སེམས་དཔས་གཟུངས་ཐོབ་ནས། ཡི་གེ་ཐམས་ཅད་ཀྱི་ངེས་པའི་ཚིག་དགོངས་པ ་རྟོགས་པར་འགྱུར་བའོ།། ཀླུའི་བདག་པོ་དཔེར་ན། ཡི་གེ་རྣམས་མི་ཟད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་བསྟན་པ་མི་འང་།། དཔེར་ན། ཡི་གེ་རྣམས་ནི་ལུས་སམ། སེམས ་གང་ནས་ཀྱང་མི་འབྱུང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་གང་ནས་ཀྱང་མི་འབྱུང་སྟེ། ལུས་ལ་ཡང་མི་གནས། སེམས་ལ་ཡང་མི་གན་སོ།། དཔེར་ན། ཡི་གེ་རྣམས་ནི་ཀུན་ནས་ཉོན ་མོངས་པར་ཡང་མི་འགྱུར་ལ། ཀུན་ནས་ཉོན་མོངས་པ་ཡང་བརྗོད།། རྣམ་པར་བྱང་བར་ཡང་མི་འགྱུར་ལ། རྣམ་པར་བྱང་བ་ཡང་བརྗོད།། དེ་བཞིན་དུ་མི་ཟད་པའི་ཟ་མ་ཏིགི་གཟུངས ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཀུན་ནས་ཉོན་མོངས་པ་ཡང་བརྗོད་ལ། ཀུན་ནས་ཉོན་མོངས་པའི་ཆོས་ཀྱིས་ཀྱང་། ཀུན་ནས་ཉོན་མོངས་པར་མི་འགྱུར་རོ།། རྣམ་པར་བྱང་བའི ་ཆོས་ཀྱང་རྗོད་ལ། རྣམ་པར་བྱང་བའི་ཆོས་ཀྱིས་ཀྱང། རྣམ་པར་དག་པར་མི་འགྱུར་ཏེ། ཤིན་ཏུ་རྣམ་པར་དག་པའི་ཕྱིརརོ།། དཔེར་ན། ཡི་གེ་རྣམས་ནི་གང་ནས་ཀྱང་མ ་འཕོས་ལ། གོ་བར་ཡང་བྱེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་གང་ནས་ཀྱང་མ་འཕོས་ལ། གོ་བར་ཡང་བྱེད། གཞན་གྱི་སེམས་ཀྱང་རྣམ་པར་དག་པར་བྱེད།། ་དཔེར་ན། ཡི་གེ་བརྗོད་པ་རྣམས་ཀྱང་། ཕྱོགས་དང་ཕྱོགས་མཚམ་སུ་འགྲོ་བ་མེད་ལ། མ་རྗོད་པ་རྣམས་ཀྱང་ནང་དུ་སྩོགས་པ་མེད་པ་དེ་བཞིན་དུ། ཆོས་བརྗོད་པ་འམ། བསྟན་པ་ཐད ་ཀྱང་ཕྱོགས་དང་ཕྱོགས་མཚམ་སུ་འགྲོ་བ་མེད་ལ། མ་བསྟན་པ་རྣམས་ཀྱང་ནང་དུ་སྩོགས་པ་མདོ།། དཔེར་ན། ཡི་གེ་རྣམས་ནི་གཟུགས་མེད་ཅིང་བསྟན་དུ་མེད་པར་འབྱུང་བ་དེ་བཞིན ་དུ་ཆོས་ཐམས་ཅད་ཀྱང་གཟུགས་མེད་ཅིང་བསྟན་དུ་མེད་པར་སེམས་ཀྱི་དམིགས་པ་རྣམས་ལ་བྱུང་།། དཔེར་ན། ཡི་གེ་རྣམས་ནི་སྐད་ཅིག་པ་དང་། ཡ་མ་ཪྻ་དང་། གསོབ་དང་གསོག་ཡིན ་ལ། དེ་རྣམས་ཀྱི་བྱེད་པ་པོ་འགའ་ཡང་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་སྐད་ཅིག་པ་དང་། ཡ་མ་ཪྻ་དང་། གསོ་བ་དང་། གསོག་ཡིན་ལ། དེ་རྣམས་ཀྱི་བྱེད་པ ་པོ་འགའ་ཡང་མེདོ།། དཔེར་ན། ཡི་གེ་རྣམས་ནི་ཆགས་པ་ཡང་མེད། སྡང་བ་ཡང་མེད་ལ། རྨོངས་པ་ཡང་མེད་པར་འགྱུར་ལ་ཡི་གེ་རྣམ་པར་རིག་བྱེད་དེས་ཀྱང་བྱིས་པ་རྣམས་རྗེ་སུ་ཆགས ་བ་འམ། ཁོང་ཁྲོ་བ་འམ། རྨོངས་པར་འགྱུར་བ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་ཆགས་པའང་མེད། སྡང་བའང་མེད། རྨོངས་པའང་མེད་པར་ཡོངསུ་རྟོགས་ལ་མངོན་པར་ཞེན ་བས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག། སྐྱེ་བར་འགྱུར།། དཔེར་ན་ཡི་གེའི་བརྡས་ནི་འབྲས་བུལ། ཐོབ་པ་ཡང་བསྟན་ལ། ཡི་གེ་རྣམས་ཀྱི་ཐོབ་པ་ཡང ་མེད་མངོན་སུམ་དུ་བྱ་བ་ཡང་བཞིན་དུ། ཆོས་རྣམ་པར་གཞག་པས་འབྲས་བུ་འཐོབ་བསྟན་མོང་། འདི་ལ་ཆོས་དགའི་འཐོབ་པ་འམ། མངོན་སུམ་དུ་བྱ་བ ་ཡང་མེདོ།། དཔེར་ན། ཆོས་གང་ཡང་ཡི་གེ་རྣམས་ཀྱིས་མ་བསྡུས་པ་མེད་པ་དེ་བཞིན་དུ། ཆོས་གང་ཡང་བྱང་ཆུབ་ཀྱིས་མ་བསྡུས་པ་མེད། ཀླུའི་བདག་པོ་དེ་ལྟར་ན་མི་ཟད་པའི་ཟ་མ ་ཏོགི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཡི་གེ་རྣམས་ཁོ་ནས་བྱང་ཆུབ་ཚོལ་བར་བྱེད།། ཡི་གེ་རྣམས་ཁོ་ནས་བྱང་ཆུབ་སྟོན་པར་བྱེད།། ཡི་གེ་རྣམས་ཁོ་ནས་བྱང་ཆུབ ་གླེང་བར་བྱེད།། ཡི་གེ་རྣམས་ཁོ་ནས་བྱང་ཆུབ་ལ་རེག་པར་བྱེད།། ། བམ་པོ་གསུམ་པ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ནི་མི་ཟད་པའི་ཟམ་ཏོགི་གཟུངས་ཐོབ་པས ་སྟོབས་བཅུ་ཐོབ་པར་འགྱུར་རོ།། མི་འཇིགས་པ་བཞི་དང་། མ་འདྲེས་པ་བཅོ་བརྒྱད་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད ་ཅུ་དང་། བླ་ན་མེད་པའི་ཤེས་རབ་ཐོབ་པར་འགྱུར་ཏེ། དེའི་ཤེས་རབ་དེ་ཡང་སེམས་ཅན་ཐམས་ཅད་གཟུགས་མེད་པར་སྒྲོལ་བའོ།། ཉོན་མོངས་པ་ཐམས་ཅད་སྲེག་པའོ།། སེམས་ཅན ་ཐམས་ཅད་ཡོངསུ་སྨིན་པར་བྱེད་པའོ།། ཆུ་བོ་བཞི་ལས་སྒྲོལ་བའོ།། བདུད་བཞི་རྣམ་པར་འཇོམས་པའོ།། སེམས་ཅན་ཐམས་ཅད་ལ་འཛུམ་པའི་བཞིན་སྟོན་པའོ།། སེམས་ཅན་ཐམས ་ཅད་མགུ་བར་བྱེད་པའོ།། ཤེས་རབ་རིན་པོ་ཆེའི་སེམས་ཡང་དག་པར་སྐྱེད་པའོ།། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱེད་པའོ།། པས་ཀྱི་རྒོལ་བ་ཐམས་ཅད་ཡང་དག ་པར་འཇོམས་པའོ།། ཉོན་མོངས་པའི་ཆེ་བ་ཕྱེ་མར་ཀློག་པའོ།། གསང་བ་གསུམ་གྱི་གསང་སྔགས་ཀྱིས་ཀུན་ཏུ། སྲུང་བའི་གཟུང་སོ།། ཆོས་ཐམས་ཅད་ལ་རྣམ་པར་ལྟ་བའོ།། ་ཉོན་མོངས་པའི་ཁུར་ལས་སྒྲོལ་བའོ།། འཇིགས་པ་དང་སྐྲག་པ་ཐམས་ཅད་དང་འབྲལ་བའོ།། རྒྱ་ཆེ་ཞིང་ཟབ་པའི་ཆོས་ལ་ལྟ་བའོ།། སེང་གེའི་རྩལ་སྤྱོད་པའོ།། སེམས་ཅན་ཐམས་ཅད་ཀྱི ་ཉེ་བར་འཚེ་བའོ།། མྱ་ངན་ལས་འདས་པའི་ལམ་དུ་འགྲོ་བའོ།། གཡོན་ཕྱོགས་ལམ་ཡོངསུ་སྤོང་བའོ།། གཡས་ཕྱོགས་ཀྱི་ལམ་དུ་འཛུད་པའོ།། དེ་ལྟར་ཡེ་ཤེས་རིན་པོ་ཆེ་དང་ལྡན་པ་དེ་ནི ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་། བསམ་པ་དང་། ཆོ་ག་ཤེས་པའོ།། མངོན་པར་ཤེས་པ་ལྔ་རྟོགས་པར་ཁོང་དུ་ཆུད་པའོ།། བསམ་གཏན་རྩེ་གཅིག་པ་ལ་དགའ་བའོ།། འཕཌ ་པའི་བདེན་པ་བཞིའི་ཁ་དང་ལྡན་པའོ།། སྤྱན་ལྔའི་མིག་བཟང་པོ་དང་ལྡན་པའོ།། ན་མཁའི་དཀྱིལ་མཐའ་དག་དང་ལྡན་པའོ།། ཆོས་ཀྱི་དབྱིངས་དང་མཉམ་པའི། ་འཕྲལ་བ་དང་ལྡན་པའོ།། དེ་བཞིན་ཉིད་ཀྱི་འགྲིན་པ་དང་ལྡན་པའོ།། མི་སྐྱེ་བའི་ལྕེ་དང་ལྡན་པའོ།། མཉམ་པ་ཉིད་དང་རོ་གཅིག་པའོ།། ཆོས་ཐམས་ཅད་ལ་ཐོས་པ ་འཛིན་པའོ།། སྒྲ་ཐམས་ཅད་རྟོགས་པའི་ཐོས་པ་དང་ལྡན་པའོ།། དྲི་ལ་རྗེསུ་ཆགས་པ་མེད་པའོ།། དྲི་ལ་ཁོང་ཁྲོ་བ་མེད་པའོ།། དྲི་ཐམས་ཅད་རིག་པའོ།། དྲན་པ་ཉེ་བར་གཞག ་པ་བཞིའི་མགོ་བོ་དང་ལྡན་པའོ།། ཚངས་པའི་གནས་པ་བ་ནི། འི་སྐྲ་དྲི་ཞིམ་པོ་དང་ལྡན་པའོ།། རྣམ་པར་ཐར་པ་གསུམ་ཏེ། གྱི་གཙུག་པུད་དང་ལྡན་པའོ།། ཡང་དག་པར་སྤོང་བ ་བཞིའི་ཐལ་གོང་ཤིན་ཏུ་རྒྱས་པ་དང་ལྡན་པའོ།། རྫུ་འཕྲུལ་གྱི་རྐང་པ་བཞིའི་དཔུང་མགོ་དང་ལྡན་པའོ།། སྟོབས་ལྔའི་ཐོང་ཀ་ཤིན་ཏུ་ཡངས་པ་དང་ལྡན་པའོ།། དབང་པོ་ལྔའི་ལྟེ་བ་ཤིན་ཏུ ་ཟབ་པ་དང་ལྡན་པའོ།། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ལྟོ་བ་དང་ལྡན་པའོ།། ལམ་ཡན་ལག་བརྒྱད་པའི་སྟ་ཟུར་དང་ལྡན་པའོ།། ཡེ་ཤེས་མཐའ་ཡས་པའི་སྤུའི་ཁུང་བུ་དང་ལྡན་པའོ།། དགེ་བའི ་རྩ་བ་ཕུན་སུམ་ཚོགས་པ་ཐམས་ཅད་འདྲན་པའི་ཡན་ལག་དང་ལྡན་པའོ།། དགེ་བ་བཅུའི་ལས་ཀྱི་ལམ་ལེགས་པར་སྲུང་བའི་སོར་མོ་དང་ལྡན་པའོ།། ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཆོས ་ཉིད་མཐོང་བ་དང་སྒོམ་པའི་སོར་མོ་དང་ལྡན་པའོ།། ཆོས་ཐམས་ཅད་ལ་སོམ་ཉི་མེད་པའི་རྩིབ་ལོགས་དང་ལྡན་པའོ།། སའི་རིམ་པའི་ཚུལ་ཐོབ་པའི་སྐལ་ཚིག་དང་ལྡན་པའོ།། དུས་ལས་མི ་འདའ་བར་ཆོས་སྟོན་པའི་སྟོབས་དང་ལྡན་པའོ།། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་ཡོངསུ་སྦྱངས་པ་ལེགས་པར་བྱས་པ ་ཞི་གནས་དང་། ལྷག་མཐོང་གི་བརླ་དང་ལྡན་པའོ།། ཆོས་ཀྱི་ངས་པ་ལ་འཇུག་པའི་པུས་མོ་དང་ལྡན་པའོ།། ཆོས་ཇི་ལྟ་བ་བཞིན་དུ་སྟོན་པའི་རྗེ་ངར་དང་ལྡན་པའོ།། ཆོས་རྟོགས་པས་བསྲུངས་པའི ་རྣམ་པའི་དྲན་པ་དང་ལྡན་པའོ།། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལོང་མོ་དང་ལྡན་པའོ།། ཕྱོགས་བཅུར་འགྲོ་བའི་རྐང་པ་དང་ལྡན་པའོ།། བསྟན་པ་མཚམས་འབྱོར་པར ་འགྲོ་ཞིང་འོང་བ་དང་ལྡན་པའོ།། ཉན་མོངས་ཐམས་ཅད་ལས་རྣམ་པར་རྒྱལ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་གོས་གྱོན་པའོ།། བྱང་ཆུབ་ཀྱི་ཡན་ལགི་ཆོས་ཀྱི་མེ་ཏོག་ཕྲེང་བས་བརྒྱན་པའོ།། ་ཤིན་ཏུ་རྣམ་པར་སྤེལ་བའི་ཚིགས་ཆོས་སྟོན་པའོ།། འཐུན་པ་དང་མི་འཐུན་པ་དང་བྲལ་བའོ།། འཆི་འཕོ་བ་དང་། འགྲོ་བ་དང་། སྐྱེ་བའི་ཤེས་རབ་དང་། ཡེ་ཤེས་དང ་མངོན་པར་ཤེས་པ་ཟབ་མོའི་ཕྱེ་མའི་བསྒོ་བས་བསྒོས་པ་འོ།། ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་ཡས་པའི་བྱུག་པ་དང་ལྔ་ན་པའོ།། ཚངས་པོའི་གཡོག་འཁོར་དང་ལྡན་པའོ།། ་ཚངས་པའི་ལམ་མྱ་ངན་ལས་འདས་པའི་ལམ་དང་ལྡན་པའོ།། ལམ་བཟང་བ་སྟེན་པའོ།། ཐར་པའི་ལམ་དུ་ཁྲིད་པའོ།། འགྲོགས་ན་བདེ་བའི་མཛའ་བཤེས་དང་མཛ་གང་པ་མ ་ཆེན་པོ་དང་ལྡན་པའོ།། མས་ཅན་ས་ཅ་ཀྱི་ཕ་བ་ཚོལ་བའོ།། སྐྱེས་བུ་མཆོགོ།། སྐྱེས་བུ་ཆེན་པོའོ།། སྐྱེས་བུ་དམ་པའོ།། སྐྱེས་བུ་ཁྱུ་མཆོགོ།། སྐྱེས་བུ་སེངྒེའོ།། སྐྱེས་བུ་པདྨའོ།། སྐྱེས་བུ་པདྨ་དཀར་བའོ།། ་སྐྱེས་བུ་གཅེས་པ་འཛིན་པའོ།། སྐྱེས་བུ་གཙོ་བོའོ།། སྐྱེས་བུ་ཅང་ཤེསོ།། སེམས་ཅན་ཐམས་ཅད་ཕོངས་པ་དང་སྡུག་བསྔལ་བ་ལས་ཐར་བར་བྱེད་པའོ།། སེམས་ཅན ་ཐམས་ཅད་ལ་སྙིང་བརྩེ་བའོ།། སེམས་ཅན་ཐམས་ཅད་ངེས་པར་སྒྲོལ་བའོ།། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་གཅོད་པའོ།། བདུད་རྩིའི་ཆོས་ཀྱི་མཆོག་སྟོན ་པའོ།། བྱང་ཆུབ་སེམས་དཔའི་ཐག་པ་ཆེན་པོ་ཡང་དག་པར་འཛིན་པའོ།། ཆོས་ཐམས་ཅད་ལ་དབང་བྱེད་པ་ཐོབ་པའོ།། སེམས་ཅན་ཐམས་ཅད་ཀྱི་བདག་པོའོ།། པ་མ་དང་ཉེ་དུར་གྱུར་པའོ།། ་འཇིག་རྟེན་གྱི་ཆོས་བརྒྱད་ལས་ཡང་དག་པར་འདས་པའོ།། འཇིག་རྟེན་ཐམས་ཅད་ཀྱི་རྗེསུ་འཐུན་པའོ།། ཆོས་ཀྱི་དབང་ཕྱུགོ། སེམས་ལ་དབང་བྱེད་པའོ།། བསྟན་བཅོས་དང་ཡི་གེ ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ་འོ།། ། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ནི་དེའི་སེམས་ཀྱི་གླེ། གས་བྱེད་པའོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་གོས་དང་། ་ཟས་དང་སྐོམ་དང་། བཟའ་བའི་བྱ་བ་བྱེད་པ། འོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་དུས་ཚིགས་རྒྱ་བདེ་བ་བྱེད་པའོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་ཐམས་ཅད ་ལས་མི་འཇིགས་པར་བྱེད་པའོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་ལེགས་པར་བྱ་བའི་ལས་བྱེད་པའོ།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་འགྱོད་པ་མེད་པར་བྱེད་པ་དང་ཉེ ་བར་ཞི་བར་བྱེད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་ཆོས་ཐམས་ཅད་ཡོང་སུ་དག་པར་བྱེད་པའོ།། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་གཉི་གའི་དོན་བྱེད་པའོ།། སྨོན་ལ། ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་ཅི་འདོད་པའི་དོན་ཡང་དག་པར་ཐོབ་པར་བྱེད་པའོ།། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་ཉོན་མོངས་པ་ཐམས་ཅད་རྣམ་པར་འཇོམ་པར་བྱེད་པའོ།། ཡེ ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་དུས་གསུམ་ལ་ཡེ་ཤེས་ཐོགས་པ་མེད་པར་བྱེད་པའོ།། བྱམས་པ་ནི་དེའི་སེམས་ཅན་ཐམས་ཅད་ཀྱི་ངན་པ་བསྒྲུབ་པར་བྱེད་པའོ།། སྙིང་རྗེ་ནི།། ་དེའི་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་སེལ་བར་བྱེད་པའོ།། དགའ་བ་ནི་དེའི་རངས་པ་དང་། དགའ་བར་བྱེད་པའོ།། གཏང་སྙོམས་ནི་དེའི་རྗེ་སུ་ཆགས་པ་དང་། ཁོང་ཁྲོ་བ ་སྤོང་བར་བྱེད་པའོ།། བདེན་པའི་གཏམ་ནི་འཇིག་རྟེན་ལ་མི་སླུ་བར་བྱེད་པ་སྟེ། ཀླུའི་བདག་པོ་འདི་དག་ནི།། མི་ཟད་པའི་ཟ་མ་ཏོག་གཟུངས་ཀྱི་ཁ་དོགི་ལུས་ཡིནོ།། ་བྱང་ཆུབ་སེམས་དཔའ་གང་གཟུངས་འདིས་ཀྱི་ཀུན་དགའ་ལ་དགའ་བ་དེ་ལ། རྒྱལ་པོ་བཙུན་མོའི་འཁོར་གྱི་ནང་ན་མགོ་བོར་གྱུར་པ་ལྟ་བུ་ཡི་ནོ།། བརྒྱ་བྱིན་རི་རབ་ཟོམ་ན། བདག་པོར ་གྱུར་པ་ལྟ་བུ་ཡང་ཡིནོ།། ཚངས་པ་ལྟ་བུར་ཚངས་པར་གྱུར་པ་ཡང་ཡི་ནོ།། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལྟ་བུར། ལུས་ཁྱད་པར་དུ་འཕགས་པ་ཡང་ཡིན།། རྒྱ་མཚོ་གཏིང་དཔག ་དཀའ་ཞིང་མུ་མེད་པ་ལྟ་བུ་ཡང་ཡིན།། རི་རབ་ལྟ་བུར་བསོད་ནམས་དག་གིས་མངོན་པར་འཕགས་པ་ཡང་ཡིན།། ལྷ་རྣམས་ཀྱི་སྙིང་དུ་སྡུག་པ་དང་།། ཡིད་དུ་འོང་བ་ཡང་ཡིནོ།། བ་མའི ་བུ་གཅིག་པ་ལྟ་བུ་ཡང་ཡིནོ།། ན་མཁའི་དཀྱིལ་ན་ཟླ་བ་ཉ་བ་འདུག་པ་ལྟ་བུར་བལྟ་ན་སྡུག་པ་ཡང་ཡིནོ།། སྟོན་པ་ལྟ་བུར་ལྷ་དང་མི་རྣམས་ཀྱིས་ཕྱག་བྱ་བའི་གནས་ཀྱང་ཡིནོ།། ཉི་མ ་ཤར་བ་ལྟ་བུར་སྣང་བ་བྱེད་པ་ཡང་ཡིན།། ནགས་ན་འདུག་པའི་རྨ་བྱ་ལྟ་བུར་སྐད་སྙན་པ་ཡང་ཡིནོ།། རིག་ཕུག་ན་འདུག་པའི་སེངྒེ་ལྟ་བུར་ཆོས་ཀྱི་སྒྲ་ཆེན ་པོ་སྒྲོགས་པ་ཡང་ཡིནོ།། སེམས་ཤིན་ཏུ་དུལ་བའི་གླང་པོ་ཆེ་ལྟ་བུར་ཅང་ཤེས་ཀྱི་ཟས་ལོ་ལོངས་སྤྱོད་པ་ཡང་ཡིནོ།། ཆོས་ཀྱི་རྒྱལ་པོ་འཁོར་ལོས་སྒྱུར་བ་ལྟ་བུར། ཆོས་ཀྱི་རྒྱལ་སྲིད་སྟོན ་པ་ཡང་ཡིནོ།། ཀླུའི་ཚོགས་རྩེ་བ་ལྟ་བུར་ཆེས་ཀྱི་སྤྲིན་འགྱེད་པ་ཡང་ཡིནོ།། ཀླུའི་བདག་པ་ཆར་ཆེན་པོ་འབེབས་པ་ལྟ་བུར་ཆོས་ཀྱི་འབྲུག་སྒྲ་མངོན་པར་སྒྲོགས་པ་ཡང་ཡི་ནོ།། བརྒྱ་བྱིན ་ལྟ་བུར་དུས་སུ་ཆོས་ཀྱི་ཆར་ཆེན་པོ་འབེབས་པ་ཡང་ཡིནོ།། དཔའ་བོས་གཞན་གྱི་དམག་ལ་བྱ་བ་ལྟ་བུར་མུ་སྟེགས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཡང་མིན།། ་ཆུའི་རྒྱུན་གྱིས་མེ་ལ་བྱ་བ་ལྟ་བུར་ཉོན་མོངས་པ་ཐམས་ཅད་དག་ཏུ་ནི་བར་བྱེད་པ་ཡང་མིན།། རླུང་གིས་ཕུབ་སྙིར་གང་ལ་བྱ་བ་ལྟ་བུ ་བདུད་ཐམས་ཅད་ཟིལ་གྱིས་གནན་པ་ཡང་ཡིནོ།། མ་མས་བྱིས་པ་ལ་བྱ་བ་ལྟ་བུར་སེམས་ཅན་ཐམས་ཅད་དང་འཐུན་པར་བྱང་བ་ཡང་ཡིནོ།། ས་གཞི་རྫས་རྣམས་ཀྱིས་མི་བསྐྱད ་པ་ལྟ་བུར་བདེ་བ་དང་། སྡུག་བསྔལ་རྣམས་ཀྱིས་མི་བསྐྱོད་པ་ཡང་ཡི་ནོ།། རླུང་གིས་ཤིང་གིས་ལོ་མ་རྣམས་ལ་བྱ་བ་ལྟ་བུར་རབས་ཀྱི་རྒོལ་བ་ཐམས་ཅད་གཡོ་བར་བྱེད་པ་ཡང་ཡིན།། ་རྣམ་ཐོས་ཀྱི་བུ་རིན་པོ་ཆེ་ཐམས་ཅད་འབྱོར་པ་ལྟ་བུར་ཆོས་ཀྱི་ནོར་འཐུན་པར་སྦྱིན་པར་ཡང་ཡིནོ།། འགྲོ་བ་ཐམས་ཅད་ཀྱི་བཀོད་པའི་སྙིང་པོ་ཞེས་བྱ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངསུ་རྫོགས་པར་བྱེད་པ་ཡང་ཡིན་ཏེ། ཀླུའི་བདག་པོ་དེ་ལྟར་ན། མི་ཟད་པའི་ཟ་མ་ཏོགི་གཟུངས་ལ་གནས་པའི་བྱང་ཆུབ་སེམས ་དཔའ་ནི། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པ་ཞེས་བྱ་བའོ།། ཀླུའི་བདག་པོ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་རིན་པོ་ཆེ་ཆེན་པོ་ཐམས་ཅད་ཀྱི་འབྱུང་གནས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ཟམ ་ཏོག་ཡིན་པ་དེ་བཞིན་དུ། མི་ཟད་པའི་ཟ་མ་ཏོག་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཆོས་ཐམས་ཅད་ཀྱི་འབྱུང་གནས་དང་། ཆོས་ཐམས་ཅད་ཀྱི་ཟ་མ་ཏོག་ཡིནོ།། ་ཀླུའི་བདག་པོ་དཔེར་ན། སྤོས་ཕྲག་དུ་མ་ཡོད་པའི་སྤོས་ཀྱི་ཟ་མ་ཏོག་ནི། སེམས་ཅན་ཐམས་ཅད་སྤོས་ཀྱིས་ཡོངསུ་མགུ་བར་བྱེད་པ་དེ་བཞིན་དུ། མི་ཟད་པའི་ཟ་མ་ཏོགི་གཟུངས་ལ་གནས ་པའི་བྱང་ཆུབ་སེམས་དཔའ་ནི། སེམས་ཅན་ཐམས་ཅད་ལ་གས་པར་སྨྲ་བས། ཡང་དག་པར་མགུ་བར་བྱེད།། ཀླུའི་བདག་པོ་གཞན་ཡང་གཟུངས་འདི་ནི། སྒྲ་ཐམས ་ཅད་ལ་འཇུག་པ་སྟེ། འདི་ན་བྱང་ཆུབ་ཀྱི་སེམས་ཤེས་བྱ་བ་ག། ང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་རིན་ཆེན་གདུགས་གཅིག་པའི་སངས་རྒྱས་ཀྱི་ཞིང་མི་ཟད་པ་དང་ལྡན ་པའི་འཇིག་རྟེན་གྱི་ཁམས་ན་མཉམ་པར་གཞག་པ་ཞེས་བྱའོ།། འདི་ན་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུའི་སངས་རྒྱས་ཀྱི་ཞིང ་ཁྱད་པར་བསྡུས་པའི་འཇིག་རྟེན་གྱི་ཁམས་ན། ཐམས་ཅད་དང་ལྡན་པ་ཞེས་བྱའོ།། འདི་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་གྲུབ་པར ་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཞི་བའི་འཇིག་རྟེན་གྱི་ཁམས་ན་གཟི་བྱིན་ཅན་ཞེས་བྱའོ།། འདི་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེས ་མྱ་ངན་དང་བྲལ་བའི་སངས་རྒྱས་ཀྱི་ཞིང་མྱ་ངན་མེད་པའི་འཇིག་རྟེན་གྱི་ཁམས་ན་ལེག་སོ་ཞེས་བྱ་བའི་ཚུལ་ཞེས་བྱའོ།། འདི་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་དྲི་མ་མེད་པའི་ཞལ་གྱི་སངས་རྒྱས་ཀྱི་ཞིང་དྲི་མ་མེད་པའི་འཇིག་རྟེན་གྱི་ཁབས་ན། རྒྱ་ཆེན་པོ་མི་ཟད་པ་དང་ལྡན་པ་ཞེས་བྱའོ།། འདི་ན་བརྩོན ་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་དྲི་མེད་འོད་ཀྱི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་སྣང་བའི་འཇིག་རྟེན་ཁམས་ན་སྒྲོལ་བར་བྱེད་པ་བྱའོ།། ་འདི་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་བརྟན་པའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་སྙིང་པོ་ཅན་གྱི་འཇིག་རྟེན་ཁམས་ན་ཉེ་བར ་ཞི་བར་སྤྱོད་པ་ཞེས་བྱའོ།། འདི་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་སྤྲིན་གྱི་རྒྱལ་པོ་ཞེས་བྱ་བའི་སངས་རྒྱས་ཀྱི ་ཞིང་སྤྲིན་ལྡན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། ཡོངསུ་དག་པ་ཞེས་བྱའོ།། འདི་ན་ཐབས་ལ་མཁས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་ཕྱག་དྲི་མ་མེད ་པའི་སངས་རྒྱས་ཀྱི་ཞིང་མཆོག་དམ་པའི་འཇིག་རྟེན་གྱི་ཁམས་ན་འཇིག་རྟེན་དང་། འཐུན་པ་ཞེས་བྱའོ།། འདི་ན་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཤེས་བྱ ་བ་གང་ཡིན་པ་དེ་དག་ནི། དེ་བཞིན་གཤེགས་པ་དོན་གྲུབ་ཀྱི་སངས་རྒྱས་ཀྱི་ཞིང་ལེགས་པའི་འཇིག་རྟེན་གྱི་ཁམས་ན། ཕན་པ་དང་། ཡིད་དུ་འོང་བ་དང་། ཐུབ་པ་དང་། གཉི་ག་ལས་ཞི་ཞེས ་རྒྱ་ལ་འདིན་སྡུག་བསྔལ་དང་། ཀུན་འརྒྱུ་བ་དང་། འདོག་པ་དང་། ལམ་ཞེས་བྱ་བ་གང་ཡིན་པ་དེ་དག་ནི། དེ་བཞིན་གཤེགས་པ་དང་ལ་སྲུང་གིས་ས་རྒྱས་གནང་སྐད་དུ་སད་# ་རྟེན་གྱི་ཁམས་ནི། རྩ་བ་དང་རྩ་བའི་རྗེས་འགྲོ་བ་དང་། རྩ་བཟད་པ་དང་། རྩ་བཞི་པར་འགྱུར་བ་ཞེས་བྱའོ།། འདི་ན་དྲན་པ་ཉེ་བར་གནག་པ་རྣམས་ཤེས་བྱ་བ་གང་ཡིན་པ་དེ་དག་ནི། གནས ་དག་ན་གནས་པ་རྣམས་ཤེས་བྱའོ།། འདི་ན་ཡང་དག་པར་སྤོང་བ་རྣམས་ཤེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་ཁྱད་པར་དུ་གྲོལ་བ་རྣམས་ཤེས་བྱར།། འདིན་རྫུ་འཕྲུལ་གྱི་རྐང་པ ་རྣམས་ཤེས་བྱ་བ་གང་ཡིན་པ་དེ་དག་ནི། ག། ཞན་དག་ན་ཕྱོགསུ་འགྲོ་བ་རྣམས་ཤེས་བྱའོ།། འདི་ན་དབང་རྣམས་ཤེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་རབ ་ཏུ་ཤེས་པ་རྣམས་ཤེས་བྱའོ།། འདི་ན་སྟོབས་རྣམས་ཤེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་བརྟན་པ་རྣམས་ཤེས་བྱའོ།། འདི་ན་བྱང་ཆུབ་ཀྱི་ཡན་ལག་རྣམས ་ཤེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་རྗེ་སུ་འགྲོ་བ་རྣམས་ཤེས་བྱའོ།། འདི་ན་ལམ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཞན་དག་ན་སྒྲོལ་པོ་ཞེས་བྱའོ།། འདི་ན་སུ་ས ་ཡང་དག་པར་རིག་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཞན་དག་ན་མངོན་སུམ་གྱི་སྒོ་ཞེས་བྱའོ།། འདི་ན་ཆོས་ཀྱི་སྦྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་ལེགས ་པར་སྡུས་པ་ཞེས་བྱའོ།། འདི་ན་ནི་གནས་དང་ལྷག་མཐོང་ཞེས་བྱ་བ་གང་ཡིན་པ་དེ་ནི། གནན་དག་ན་ཉེ་བར་ནི་བ་དང་། རྣམ་པར་ལྟ་བ་ཞེས་བྱའོ།། འདིར་རྣམ་པར་ཐར་པ་ཞེས་བྱ་བ ་། གང་ཡིན་པ་དེ་དག་ནི། གཞན་དག་ན་ངོན་ཡོད་པ་ཞེས་བྱའོ།། འདིན་བསོད་ནམས་ཤེས་བྱ་བ་གང་ཡིན་པ་དེ་ན། གཞན་དག་ན་བན་པ་ཞེས་བྱའོ།། འཛིན ་ཡེ་ཤེས་བྱ་བ་གང་ཡིན་པ་དེ་ནི། གཞན་དག་ན་རྟོགས་མེད་ཅེས་བྱའོ།། འདི་ན་རབ་ཏུ་འབྱུང་བ་གང་ཡིན་པ་དེ་ནི། གཞན་དག་ན་ལམ་གྱི་རྗེ་སུ་འགྲོ་བ་ཞེས་བྱའོ།། འདི་ན ་བསྙེན་པར་རྫོགས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཞན་དག་ན་མངའ་བར་མི་བྱ་བ་ཞེས་བྱའོ།། འདི་ན་མྱ་ངན་ལས་འདས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཞན་དག་ན་ཉོ་བར་ཞི་བ་ཞེས ་བྱའོ།། འདི་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྔགས་པ་མཐའ་ཡས་པ་དང་ལྡན་པའོ།། ཞེས་བྱ་བ་ག། ང་ཡིན་པ་དེ་ནི། འཇིག་རྟེན་གྱི་ཁམས ་གཞན་དག་ན། སངས་རྒྱས་བཅོམ་ལྡན་འདས་ནི་བགེགས་མེད་པའི་ཚུལ་ཅནོ་ཞེས་བྱ་བའོ།། ཀླུའི་བདག་པོ་ངེས་པའི་ཚིགི་ཚིག་དང་། བརྡའི་ཚིག་ཚིག་འདི་དག་ནི། སངས ་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ཏུ་འབྱུང་སྟེ། མི་ཟད་པའི་ཟ་མ་ཏོགི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་དེ་དག་གི་ངེས་པའི་ཚིག ་ཤེས། ཀླུའི་བདག་པོ་ངེས་པའི་ཚིག་ཚིག་དང་། བརྡའི་ཚིག་བསྟན་པ་ཕྱོགས་བཅུ་དག་ཏུ་འབྱུང་བ་གང་ཡིན་པ་དེ་དག་ནི། བསྐལ་པ་འམ་བསྐལ་པ་ལས་ལྷག་པར་ངས་བསྟན ་ཀྱང་སངས་རྒྱས་ཀྱི་ཞིང་གི་ངེས་པའི་ཚིག་ཚིག་དང་། བརྡའི་ཚིག་ཚིག་བསྟན་པ་རྣམས་མཐར་ཐུགས་པ་གང་ཡང་མདོ།། མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་བསྟན་པ་ན། བྱང། ་ཆུབ་སེམས་དཔའ་དྲག་ཁྲིས་གཟུངས་ཐོབ་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་བརྒྱད་སྟོང་གིས་ནི། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། མི་སུམ་ཁྲི ་ཉིས་སྟེང་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད།། དེ་ན་བཅོམ་ལྡན་འདས་ཀྱིས་ཡང་། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་བ། ཀླུ ་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ནི། མུན་པ་མུ་ནགོ་དང་བྲལ་བའི་ལམ་འདིས་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་སྒྲུབ་པར་བྱེད།། མི་ཟད་པའི་ཟ་མ་ཏོག་གི ་གཟུངས་ཀྱི་ལེའུ་སྟེ། གསུམ་པའོ།། །། ཀླུའི་བདགྲ་པ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་བབས་ཀྱང་ཆེས་གྲངས་མེད་པ། ཡུན་རིང ་དཔག་ཏུ་མེད་བསམས་ཀྱིས་མི་ཁྱ་བའི་སྔོན་རོལ་དུ་གྱུར། པ་དེའི་ཚེ་དེའི་དུས་ན། བསྐལ་པ་རྣམ་པར་སྦྱོང་བ་ཞེས་བྱ་བ།། ལ་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན ་ཏན་བཀོད་པ་བསྡུས་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞིབ་སུ་ལྡན་པ། བདེ་བར་གཤེགས་པ། འཇིག ་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཚངས་པའི་དཔལ་ལྷའི་རྒྱལ་པོ་ཞེས་བྱ ་བ་འཇིག་རྟེན་དུ་བྱུང་།། དེའི་ཚེ་དེའི་དུས་ན། འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པ་དེ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམ ་དགའ་བ་དང་། སྐྱེ་བ་མང་བ་དང་། ལྷ་དང་མི་རྣམས་ཀྱིས་གང་བར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་འཛིནི་གླིད་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་ཕྲག་འརྒྱབ ་བདེ་ཙམ་གྱི་གླིང་བཞི་པར་གྱུར་ལ། དེ་ལྟ་བུའི་གླིང་བཞི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་རྒྱ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྔའི་རྒྱལ ་པོ་དེའི་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པར་གྱུར་ཏེ། དེ་ལྟར་ཐ་གྲུ་ཆེ་ཞིང་ཡངས་ལ་དེ་ལྟར་ཚད་མདོ།། འཇིག་རྟེན་གྱི་ཁམས་དེ་ནོར་བུ་རིན་པ ་ཚེ་རྡོ་རྗེའི་འོད་འདྲ་བར་གྱུར་ཏེ། དེ་ཉིད་ཀྱི་སྣང་བ་རྟག་ཏུ་སྣང་བར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་རིན་པོ་ཆེའི་དྲ་བས་ཀུན་ཏུ་ཁེབས་ཤིང་། དར་གྱི་ལྔ་ལྡི་མང་པོ་ནི་བཏགས། ་གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བས་ནི།། ལེགས་པར་བརྒྱན། བླ་རེ་ཆེན་པོ་རྣམས་ནི་བྲིས། མཆི། ན་མོ་བར་སྣང་བ་ལས་ཀྱང་སིལ་སྙན་བརྒྱ་སྟོང ་དག་མ་བརྡུངས་མ་དཀྲོལ་བར་རང་བྱུང་སྟེ། སིལ་སྙན་དང་། ཀླུ་དབྱངས་ཀྱི་སྒྲ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མངོན་པར་གོ་བར་བྱས་ཏེ། ་སིལ་སྙན་དང་། ཀླུ་དབྱངས་ཀྱི་སྒྲ་དེ་དག་ལ་འདོད་པ་དང་ལྡན་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་རབ་ཏུ་འབར་བའི་སྒྲ་ནི་མི་འབྱུང་གི།། ཞི་བ་དང་། རབ་ཏུ་ཞི་བ་དང་། ་ཆོས་ཀྱི་དགའ་བ་དང་། མགུ་བ་དང་། ལྡན་པའི་སྒྲ་དེ་དག་འབའ་ཤིག་འཐུང་བར་འགྱུར་ཏེ། དེ་ཐོས་པཙམ་གྱིས་ལྷ་དང་མི་དེ་དག་ཐམས་ཅད་ཀྱིས། དྲན་པ་དང་། ཉེ་བར་ཞི་བ་དང་། ཆོས་ཀྱི་དག ་བ་དང་། མགུ་བ་དང་། ལྡན་པའི་སྒྲ་དེ་དག་འབའ་ཤིག་འབྱུང་བར་འགྱུར་ཏེ། དེ་ཐོས་པ་ཙམ་གྱིས་ལྷ་དང་མི་དེ་དག་ཐམས་ཅད་ཀྱིས། དྲན་པ་དང་། ཉེ་བར་ཞི་བ་དང་། དག ་བ་དང་། བདེ་བ་ཐོབ་ལ། ཉོན་མོངས་པ་ཐམས་ཅད་ཀྱང་དེ་དག་ལ་གནོད་པར་མ་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་ལྟར་མཉམ་ལ། ཀ་ཙ་ལིན་དེའི་གོས་ལྟར་འཇམ་ཞིང ་རེག་ན་བདེ་བར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་ན། ངན་སོང་ངན་འགྲོར་གདགས་པ་མེད། ལྷ་དང་མི་དེ་དག་ཀྱང་འགའ་བ་འབའ་ཤིག་ཏུ་གྱུར་ཏོ།། དེ་དག་ནི་ཕལ་ཆེར་བ་རྒྱ་ཆེན་པོ་ལ ་མོས་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་ཤ་སྟ་གོ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་བ་ནི་ཉུང་།། དེ་དག་གི་ལོངས་སྤྱོད་ཐམས་ཅད་ཀྱང་ཡིད་ལ་བསམས ་བས་འབྱུང་ལ། ལྷ་དང་མི་དེ་དག་བདེ་ཞིང་། ལོངས་སྤྱོད་དང་ལྡན་པར་གྱུར་ཏོ།། དེ་ན་སུའང་སྡུག་པ་དང་། དབུལ་པོ་མེད། དཔེར་ན། དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཉེ་བར ་སྤྱད་པ་ཇི་ལྟ་བ་བཞིན་དུ། དེ་ན་འཁོར་བའི་མི་རྣམས་ཀྱང་དེ་དང་འདྲ་བར་གྱུར་ཏོ།། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ཀྱང་ལོ་འབུམ་ཕྲག་བརྒྱད་བཅུ་རྩ་བཞི་ཕྲག་བརྒྱད་དུ་བསྒྲེས་པ ་སྙེད་དུ་གྱུར་ཏོ།། མི་དེ་དག་གི་ཚེའི་ཚད་ཀྱང་དེ་ཉིད་དེ། དེ་ན་དེའི་ཚེའི་མཐར་མ་ཕྱིན་པར་སུ་ཡང་འཆི་བ་མེད། དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་འཁོར་ཡང་ཁྲག་ཁྲིག ་ཕྲག་བདུན་བཅུ་རྩ་གཉིས་ཡོད་པར་གྱུར་ཏོ།། དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ཚད་མེ་།། ཀླུའི་བདག་པོ་དེའི་ཚེ་དེའི་དུས་ན། དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་ཆེན་པོ་བཞིའི ་དབང་ཕྱུག་གི་རྒྱལ་པོ་བསོད་ནམས་མི་ཟད་པ་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་བསོད་ནམས་མི་ཟད་པ་དེའི་བཙུན་མོའི་བུད་མེད་ལྷ་མོ་དང་འདྲ་བ་ཁྲག་ཁྲིག་བརྩ། ་ཕྲག་བརྒྱད་ཅུ་རྩ་བནི་ཡོད། དེ་དག་གི་ནང་ན་དེའི་བཙུན་མོའི་དམ་པ་ནི་བཞི་ཡོད་པར་གྱུར་ཏོ།། འདི་ལྟ་སྟེ། དྲི་མ་མེད་པ་ཞེས་བྱ་བ་དང་། དྲི་མ་མེད་པའི་འོད་ཅེས་བྱ་བ་དང་། དག ་བ་ཞེས་བྱ་བ་དང་། ངག་ལྡན་མ་ཞེས་བྱའོ།། དེའི་བུ་ཡང་བརྒྱད་ཁྲི་བཞི་སྟོང་ཡོད་མཚན་པོ་ཆེའི་སྟོབས་དང་ལྡན་ལ། མཚན་ཉི་ཤུ་རྩ་བརྒྱད་ཀྱི་གཟུགས་དང་ལྡན་པ། ཐེག་པ ་ཆེན་པོ་ལ་ཞུགས་པ་ཤ་སྟགོ། ཀླུའི་བདག་པ་རྒྱལ་པོ་བསོད་ནམས་མི་བཟང་བ་དེ་ཡང་གྲོང་ཁྱེར་ཆེན་པོ་དགའ་འབྱུང་ཞེས་བྱ་བ་ནི་གནསོ།། གྲོང་ཁྱེར་ཆེན་པོ་དེ་ཡང་། ཤར་དང་། ་ནུབ་དང་། བྱང་དང་། ལྷ་ངོས་རེ་ལ་དཔགེ་ཚད།། དྲུག་ཅུ་རྩ་བཞི་བཞི་ཡོད་པར་གྱུར་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་བ ་ཡིད་གྲོང་ཁྱེར་ཆེན་པོ་དགའ་འབྱུང་དེ་ཉིད་དུ་སྐུ་བལྟ་མོ།། གྲོང་ཁྱེར་ཆེན་པོ་དེའི་ནང་དུ། རྒྱལ་པོ་བསོད་ནམས་མི་ཟད་པའི་ཕོ་བྲང་རིན་པོ་ཆེ་སྣ་བདུན་ལས་བྱས་པར་གྱུར་ཏོ།། ་གྲོང་ཁྱེར་ཆེན་པོ་དེའི་ནང་ན། ལམ་ཆེན་པོ་དང་། སྲང་གི་སྒོ་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་ཡོད་པར་གྱུར་ཏོ།། ལམ་པོ་ཆེ་དང་། སྲང་གི་སྒོ་ཐམས་ཅད་ན་ཡང་ཁྱིམ་བྱེ་བ་འབུམ་ཕྲག་བརྒྱད ་སུ་རྩ་བཞི་གནས།། གྲོང་ཁྱེར་ཆེན་པོ་དེ་ཡང་། རབ་ཆེན་པོ་རིམ་བདུན་དང་། ལན་ཀན་རིམ་བདུན་དང་། ཏ་ལའི་ཕྲེང་རིམ་བདུན་དང་། དྲིལ་བུ་གཡེར་ཀའི་དྲ་བ་རིམ་བདུན་གྱིས་བསྐོར་ཏོ། ་སྐྱེད་མོས་ཚལ་ཁྲིས་ཀྱང་བསྐོར་ཏོ།། འོབས་བདུན་རིམས་ཀྱིས་ཀྱང་བསྐོར་ཏོ།། འོབས་དེ་དག་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངསུ་གང་ལ། མེ་ཏོག་ཨུཏྤལ་དང་། པདྨ། ་དང་ཀུ་སུ་དང་། པདྨ་དཀར་བ་དང་། དྲིམཆོག་གིས་ཁེབས་པ། དང་རྒྱལ་སོགས་པ་ཅུག་ཏུས་པ་འབྱིན་པར་གྱུར་ཏེ། དེ་སར་གྲོང་ཁྱེ་ཆེན་པོ་དེ་བསམ་གྱིས་མི་ཁྱབ་པའི་ཡན་ཏ ་གྱི་བརྒྱ་ན་ཀོད་པ་དང་ལྡན་པར་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་བ་དེ་ཡང་། གྲོང་ཁྱེར་ཆེན་པོ་དག་འཐུང་དེ་ཉིད་ན་ནགས་ཚོལ་སྦས་མཚ ་འོད་ཅེས་བྱ་བ་གང་དུ་རྒྱལ་པོ་བསོད་ནམས་མི་ཟད་པས། བཅོམ་ལྡན་འདས་དེའི་གཙུགས་ལག་ཁང་བྱས་པ་ན་བཞུག་སོ།། རྒྱལ་པོ་བསོད་ནམས་མི་ཟད་པ་བུ་དང ་བཅས་བཙུན་མོ་དང་བཅས། གཉེན་མངབ་དང་ཚལ་ཟའི་འཁོར་དང་བཅས་པས། བསྐལ་པ་འབུམ་ཐམ་པའི་བར་དུ།། དེ་བཞིན་གཤེགས་པ་དེ་ལ་ཡིད་འོང་བའི་བདེ་བའི་ཡོ ་བྱང་དང་། ལོངས་སྤྱོད་ཐམས་ཅད་ཀྱིས་བསྙེན་བཀུར་བྱསོ།། ཀླུའི་བདག་པོ་དེ་ནས་རྒྱལ་པོ་བསོད་ནམས་མི་ཟད་པ་དེ་འཁོར་དེ་དག་དང་། ལྷན་ཅིག་ཏུ། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགེ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདགོ།། དེ་འོངས་པར་ཐུགས ་སུ་ཆུད་ནས། དེ་བཞིན་གཤེགས་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ་ཆོས་བཞི་དང་ལྡན་ན། རྒྱལ་རིགས་སྤྱི་བོ་དབང་བསྐུར་བའི་རྒྱལ་པོས་ཆོས་ཀྱི་དབང་ཕྱུག ་ཐོབ་པར་གྱུར་ལ། དགེ་བའི་ཆོས་རྣམས་ཀྱིས་ཀྱང་། ཁྱད་པར་དུ་འགྲོ་བར་གྱུར་ཏེ། བཞི་གང་ཞེ་ན། དང་བ་ལ་གནས་ཏེ། དགེ་བ་གང་ཡིན་པ་ཚོལ་ཞིང་། ང་རྒྱལ་མེད། ་པར་འཕགས་པ་དག་གི་ཐད་དུ་འགྲོ་བ་དང་། ཆོས་དོན་དུ་གཉེར་ཏེ། ཆེས་འདོད་ཅིང་ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་སྟེ། རྟག་ཏུ་དེན་གྱི་རྗེ་སུ་བལྟ་བ་དང་། མི་རྟག་པའི་ཆོས་ཉིད ་ལ་སོ་སོར་རྟོག་པ་དང་། འདུས་བྱས་ཀྱི་ཉེས་པ་རྟོགས་པ་དང་། ཡོང་སུ་འཛིན་པ་ཐམས་ཅད་ལ་རྣམ་པར་འགྱུར་བའི་ཆོས་ཅན་ཡིན།། སྙམ་དུ་དྲན་པས་ཉེ་བར་གནས་པར་བྱེད་པ་དང་། ་བག་ཡོད་པར་བྱེད། འདོད་པའི་ཡོན་ཏན་ཐམས། ཅད་ལ་ལྷག་པར་ཞེན་པ་མེད་ཅིང་། དགེ་བའི་རྩ་བ་ཐམས་ཅ་ད་ཀྱང་ཟད་པར་མི་བྱེད་ལ། གོང་དུ་ཡང་རྣམ་པར་འཕེལ་བར་བྱེད ་བ་དང་། བྱང་ཆུབ་ཀྱི་སེམས་ཀྱི་བསམ་པ་ཡང་རྣམ་པར་མི་སྤོང་བ་སྟེ། རྒྱལ་པོ་ཆེན་པོ་ཆེས་བཞི་པ་དེ་དག་དང་ལྔ་ནན། རྒྱལ་རིགས་སྐྱེ་བ་ནས་དབང་བསྐུར་བའི་རྒྱལ་པོས། ་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་ཀྱིས་ཀྱང་ཁྱད་པར་དུ་འགྲོ་བར་འགྱུརརོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པ་ཚངས་པའི་དཔལ ་ལྷའི་རྒྱལ་པོ་ལ། རྒྱལ་པོ་བསོད་ནམས་མི་ཟད་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་གང་དག་དང་ལྡན་ན། བྱང་ཆུབ་སེམས་དཔས་ཆོས་ལ་དབང་ཕྱུག་ཐོབ་པར ་འགྱུར་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཆེས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔས་ཆོས་ལ་དབང་ཕྱུག་ཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན ་རྣམ་པར་རྩེ་ཞིང་མི་ཉམས་པར་འགྲོ་བའི་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཡིན། ཆགས་པ་མེད་པ་དང་། ཐོགས་པ་མེད་པ་དང་། བསྐྱོད་དུ་མེད་པའི་ཤེས་རབ་དང་ལྡན་པ་ཡིན། ་ཡེ་ཤེས་ཀྱིས་བསྡུས་པ་དང་། ཡོངསུ་སྦྱངས་པ་བྱས་པ་དང་། མངོན་པར་འདུ་བྱེད་པ་མེད་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་ཡིན། ཤེས་རབ་དང་། ཡེ་ཤེས་ངེས་པ་དང་། ལྟ་བ ་དང་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པ་ཡིན། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱི་བྱིན་གྱིས་བརླབས་དང་། ཆགས་པ་མེད་པའི ་བྱིན་གྱིས་བརླབས་དང་། བྱིན་གྱི་བརླབས་ཀྱི་སྟོབས་དང་ལྡན་པ་ཡིན། བསོད་ནམས་མི་ཟད་པའི་རྒྱ་མཚོའི་ཕྱག་རྒྱའི་ཏིང་འཛིན་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད ་མགུ་བར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམ། ས་ཅད་ལ་ཡང་དག་པར་གནོལ་བ་དང་། བརྗེད་ངས་པ་མེད་པ་ཡོང་སུ་དག་པའི་གཟུངས་དང་ལྡན་པ་ཡིན། ཆོས་ཇི་ལྟ་བ ་བཞིན་རྗེསུ་འགྲོ་བ་དང་། ཚུལ་གཅིག་པའི་ཆོས་ཀྱི་རྗེ་སུ་འགྲོ་བ་དང་གཉི་སུ་མེད་པའི་ཡང་དག་པའི་མཐའ་ལ་གནས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་ལྡན་པ་ཡིན ་ཏེ་ངརྒྱལ་པོ་ཆེན་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབང་ཕྱུག་པར་འགྱུར།། རྒྱལ་པོ་ཆེན་པོ་གཞན་ཡང་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བའི ་གཟུངས་ཡོད།། དེ་ཐོབ་ན་བྱང་ཆུབ་སེམས་དཔས་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པས་རིན་པོ་ཆེའི་ཟ་མ་ཏོག་གིཟུངས་ལས་བརྩམས་ནས། ལོ ་འབུམ་གྱི་བར་དུ་རྒྱས་པར་རྣམ་པར་དབྱེ་བས། དེ་ལ་ཡང་དག་པར་བསྟན་ཏོ།། རྒྱལ་པོ་བསོད་ནམས་མི་ཟད་པ་དེ་ཡང་། རྒྱལ་པོའི་བྱ་བ་ཐམས་ཅད་གཏང་སྟེ། ལས། ་གཞན་མི་བྱེད་ལ། སེམས་ཀྱི་རྒྱད་རྣམ་པར་གཡེངས་པ་མེད་པར་དཔུང་དང་བཅས། འཁོར་དང་བཅས་པས་ཆོས་མཉན་ཏེ། དེས་ལོ་འབུམ་པོ་དེའི་བར་དུ་འདོད་པའི་རྟོག་པ་འམ། ་གནོད་སེམས་ཀྱི་རྟོག་པ་འམ། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་འམ། བུ་དང་ཆུང་མ་དང་། རྒྱལ་སྲིད་དང་། ཡོངསུ་འཛིན་པ་དང་། སྡུག་པ་ཐམས་ཅད་ལ་ངེས་པའི་རྟོག ་བ་རྣམས་ལ་རྟག་པར་མ་བསམས་ཏེ། ཆོས་ལ་སྡུག་པར་ངེས་པ་ཡིད་ལ་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་བསམ་པ་ལ་གནས་པར་གྱུར་པ་དང་། བྱམས་པ ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། སྙིང་རྗེ་ཆེན་པོའི་གོ་ཆ་བགོས་ནས། ཆོས་འབའ་ཤིག་མཉན་ཏོ།། དེ་ནས་བཅོམ་ལྡན་འད ་དེ་ལས་ལོ་འབུམ་ཐམ་པའི་བར་དུ། དམ་པའི་ཆོས་མཉན་ཏེ། ཐོས་ནས་ཀྱང་རིན་པོ་ཆེའི་ཟ་མ་ཏོགི་གཟུངས་འདི་ཉིད་ཀྱི་རྩ་བ་ཡོངསུ་སྦྱངས་པ་བྱས།། དེ་བསྐལ་པ་ས་ཡེ་ཕྲག ་བདུན་གྱི་འཁོར་བ་བྱིར་བསྙིལ་བར་གྱུར་ཏོ།། བསྐལ་པ་ཁྲིའི་བར་དུ་ལས་ཀྱི་སྒྲིབ་པ་བསྩགས་པ་ནི་རྣམ་པར་དག་པར་གྱུར་ཏོ།། སངས་རྒྱས་འབུམ་ནི་དེའི་མིག་ལམ་དུ་སྣང ་བར་གྱུར་ཏོ།། སངས་རྒྱས་བྱེ་བ་ཕྲག་འབུམ་མངོན་སུམ་དུ་མཐོང་བར་འགྱུར་བའི་དགེ་བའི་རྩ་བ་ཡང་དེས་ཡོངསུ་གཟུང་།། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བརྒྱ་བྱིན་དང་། ཚངས ་པ་དང་། འཇིག་རྟེན་སྐྱོང་དུ་འགྱུར་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་པའི་དགེ་བའི་རྩ་བ་ཡང་སྐྱེད།། དྲན་པ་དག་པ་ཞེས་བྱ་བའི་ཐོས་པའི་གཟུངས་ཀྱང་ཐོབ་སྟེ། ཐོས་པའི ་གཟུངས་དེས་ན། སངས་རྒྱས་བརྒྱས་གསུངས་པ་ཡང་དག་པར་འཛིན་པར་བྱེད།། གཞོན་ནུ་དེ་དག་དང་། དེ་དག་གི་མ་དེ་རྣམས་ཀྱིས་ཀྱང་རྗེ་སུ་འཐུན་པའི་ཆོས་ཀྱི་བཟོད་པ་ཐེའོ།། ་བཙུན་མོ་དེ་དག་གི་ནང་ནས་ཀྱང་བུད་མེད་བརྒྱད་ཁྲི་བཞི་སྟོང་གིས་ནི། བྱང་ཆུབ་ཏུ་སེམས་བསྐྱེད།། བུད་མེད་བརྒྱད་ཁྲི་བཞི་སྟོང་གིས་ནི་བཟོ་བ་ཐོབ་པར་གྱུར་ཏོ།། ལྷ་དང་མི་ཁྲག ་ཁྲིག་ཕྲག་དགུ་བཅུས་ནི་བྱང་ཆུབ་ཏུ་སེམས་བསྐྱེད།། ལྷ་དང་མི་བརྒྱད་ཁྲི་བནི་སྟེང་གིས་ནི་བཟོད་པ་ཐོབ་པར་གྱུ་ར་ཏོ།། ཉན་ཐོས་ཀྱི་ཐེག་པ་པ་ཁྲག་ཁྲིག ་ཕྲག་སུམ་ཅུ་རྩ་གཉིས་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དགོ། དགེ་སློང་ཁྲི་དྲུག་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལོ།། རྒྱལ་པོ ་བསོད་ནམས་མི་ཟད་པ་ཡང་རྒྱལ་སྲིད་ཐམས་ཅད་སྤངས་ནས། ལྷ་དང་མིའི་འདོད་པ་རྣམས་ལ་དོན་ཏུ་གཉེར་བ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི ་ཉིད་ལ་རྟེན་བཅས་ཏེ། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་།། རབ་ཏུ་བྱུང་བ་དེ་ཐོས་ནས། རྒྱལ་པོའི་བུ་དེ་དག་ཐམས་ཅད་ཀྱང་རབ་ཏུ་བྱུང་།། དེ་དག་ཀྱང་རབ་ཏུ ་བྱུང་བར་ཤེས་ནས། ཡུལ་གྱི་མི་དང་འཁོར་དྲུག་འབུམ་རབ་ཏུ་བྱུང་།། རྒྱལ་པོ་བཙུན་མོའི་ནང་ནས་ཀྱང་བཙུན་མོ་དམ་པ་བཞི་རབ་ཏུ་བྱུང་སྟེ། ཀླུའི་བདག་པོ་དེ་ལྟར་ན་དག་པའི ་སེམས་ཅན་དགེ་བའི་རྩ་བ་བསྐྱེད་པ། ཡོངསུ་སྦྱང་བ་བྱས་པ་རྣམས་ཀྱི་ནང་དུ་གྱུར་པའི་གསུང་རབ་དེ་དགའ་དགའ་ལྟར་འདུག་པར་གྱུར་ཏོ།། ཀླུའི ་བདག་པོ་དེའི་ཚེ་དེའི་དུས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་མི་ཟད་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉི་འམ། ཡིད་གཉིས་སམ། ཐེ་ཙོམ ་ཟ་བར་གྱུར་ན། དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་དེའི་ཚེ་དེའི་དུས་ན། ཁྱོད་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་མི་ཟད་པ་ཞེས་བྱ ་བར་གྱུར་ཏོ།། ཀླུའི་བདག་པོ་ཁྱོད་རྒྱལ་པོའི་བུ་དང་། རྒྱལ་པོའི་བུའི་མ་དེ་དག་གཞན་དག་ཅིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། འཁོར་འདིར་འདུས་ཤིང ་འཁོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ཉིད་ཡིན།། ཀླུའི་བདག་པོ་འདི་ཇི་སྙམ་དུ་སོམ་ས། རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་གང་། དེ་བཞིན ་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱའོ་པོ་དས། རྒྱལ་པོ་བསོད་ནམས་མི་ཟད་པ་དེ་ལ་བསྟན་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན། ཁྱེད་ཀྱིས་དེ་ལྟར་མི ་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། མི་ཟད་པའི་ཟ་མ་ཏོག་གཟུངས་འདི་ཉིད་དེའི་ཚེ། རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱའོ།། ཀླུའི་བདག་པོ་དེ་ལྟར་ན་དེ་བཞིན་གཤེགས་པ་ནི། སངས་རྒྱས་ཀྱི་སྤྱན ་ཆགས་པ་མེད་པས་རྣམ་པར་གཟིགས་ནས། སེམས་ཅན་རྣམས་ལ་སྔོན་གྱི་རྒྱུ་ལས་བྱུང་བའི་ཆོས་ཀྱི་གཏམ་བརྗོད་པར་མཛད།། ཀླུའི་བདག་པོ་ཁྱོད་ཀྱིས་དེ་བཞིན་གཤེགས ་པ་མང་པོ་ལས་མི་ཟད་པའི་ཟ་མ་ཏོག་གཟུངས་འདི་ཐོསོ།། ཁྱོད་ཀྱིས་སངས་རྒྱས་འབུམ་ཕྲག་མང་པོ་ལས་གཟུངས་འདིའི་དོན་ཡང་དང་ཡང་དུ་ཐོས་ཏེ། དེས་ན་ད་ལྟར་ཁྱོད་འདི་ལྟར་དྲན ་པདང་། འདི་ལྟར་བློ་གྲོས་དང་ལྡན་པ་དང་། འདི་ལྟར་རྟོགས་པ་དང་ལྡན་པ་དང་། འདི་ལྟར་སྤོབས་པ་ཕུན་སུམ་ཚོགས་པ་དང་། འདི་ལྟར་ཤེས་རབ་དང་ཡེ་ཤེས་དང་ལྡན་པ་ཡིན།། ་ཀླུའི་བདག་པོ་གང་དག་མི་ཟད་པའི་ཟ་མ་ཏོག་གཟུངས་འདིའི་མིང་ཙམ་འམ། བསྟན་པའི་ཕྱོགས་ཙམ་ཐོས་བ་དེ་དག་ཐམས་ཅད་ཀྱང་སྤོབས་པ་མི་ཟད་པར་ངེས་པར་འབྱུང ་བར་འགྱུརརོ།། དེ་ཅིའི་ཕྱིར་ཞེ་ན། གཟུངས་འདིར་རྒྱུ་དང་འཐུན་པ་ནི་དེ་ཡིན་པའི་ཕྱིར། ཀླུའི་བདག་པོ་གཟུངས་ཀྱི་ངེས་པར་འབྱུང་བའི་བསྲུང་བ་འདི་ཕྱི་མའི་དུས་ཕྱི་མའི་ཚེ། སྤྱང ་པར་འགྱུར་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཁོ་ན་ལས་པར་བལྟ་བར་བྱའོ།། ཀླུའི་བདག་པོ་དེ་ལ་གཟུངས་འདི་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བའི ་སྟོང་གི་སྒོ་ཡིནོ།། སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལ་འཇུག་པ་ཡིནོ།། ཏིང་འཛིན་བརྒྱད་ཁྲི་བཞི་སྟོང་གི་རྗེསུ་འགྲོ་བ་ཡིནོ།། གཟུངས་བརྒྱད་ཁྲི་བཞི་སྟེང་གི་རྩ་བ་ནི་མི་ཟད་པའི་ཟ་མ་ཏོག ་གཟུངས་འདི་ཉིད་ཡིན།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔས་ཕྱོགས་བཅུར་ཆགས་པ་མེད་ཅིང་ཐོགས་པ་མེད་པར་སོ་སོ་ཡང་དག་པར་རིག་པ་བཞིས་ཆེས་ཀྱི་ཆར་ཆེན་པོ་རབ་ཏུ་འབེབ། ་པ་གང་ཡིན་པ་དེ་ཡང་མི་ཟད་པའི་ཟ་མ་ཏོག་གཟུངས་འབའ་ཤིག་གི་རྒྱུ་དང་འཐུན་པ་ལས་གྱུར་པ་ཡིནོ།། ཀླུའི་བདག་པོ་དེ་ལ་མི་ཟད་པའི་ཟ་མ་ཏོག་གཟུངས་འདི་ལ་འཇུག་པའི་ཚིག་རྣམས ་དང་མཚམས་སྦྱོར་བའི་ཚིག་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམཁའ་ལྡིང་གི་བསྲུང་བའི་ཚིག་རྣམས་ངས ་བསྟན་པར་བྱའོ།། ། ཏདྱཿ། ཧེ་ཏུ་མ་ཏི། ཤཱ་མ་མ་ཏི། པྲ་སཱ་ད་མ་ཏི། ཨུད་ཛུ་མ་ཏི། ཨུད་ཏ་ར་ཎ་མ་ཏི། ཨཀྵ་ཡ་མ་ཏི། ཨ་ནུ་སན་དྷྭཾ། ཨུ་ཀཱ་མུ་ཁེ། པྲ་བྷཱ་མུག་ཏེ། པྲཐཱ ་ཀེཥྚ་པྲནྡ་རིཀ་ཏུ། སྨྲྀ་ཏི་ཀར་ཎོ། མ་ཏི་བི་ཤོ་དྷ་ནེ། ག་ཏེ་པྲ་བེ་ཤཾ། ཤཱུ་བ་ལེ། ཏ་མེ་ནུ་ཏེ། སན་དྷ་ར་ཎི། ཨུད་ཏཱར་ཎི། ཤཱན་ཏ་མུ་ཁེ། ཤཱན་ཏེ་པྲ་ཛྙོ་ཤཾ། ཤཱན་ཏ་ཀྵ་ཤཻ། བཱ་སན ་ཨ་བ་ག་ཏི། ཀུ་ཤ་ལ་བཱ་སྭ་ནི། ཨ་ནུ་སན་དྷི། བི་སན་དྷི། བི་ག་ཏེ་སྭཱ་ཏེ། ཨ་བ་སྠི་ཏེ། སྔན་ཨ་ནུག་ཏེ། ཨ་བསྟ་ན་ག་ཏཾ། ཨཱ་བ~ཾ་སཱ་རེ། ཨ་ཤུ་པྲ་དྷཱ་མཱུ་ལ། མུ་ལ་བ་ཏི། ཤ་ཤི་པྲ་གས ་བ་ཏི་ཛྱོ་ཏིངྒ་བྷེ། སུ་བི་མ་ལེ། ཨ་མ་ལེ། སརྦ་ཏེ། མོ་བི་ཤོ་དྷི་ནཱ། བུདྡྷ་ཨ་དྷི་ཥཱི་ཏེ། སརྦ་དེ་བ་ཏཱ་བ་རི་གྲི་ཧཱི་ཏ། སརྦ་བྷཱུ་ཏཱནན་སཱ་ཏྱ་ཡ་ནེ། ཨ་ནུད་ཝཱ་ནུ་པྲཧྨནཱ། པྲང་ཏིང ་ཏཱ་ཤ་གྲེན། པཱ་ལི་ཏཱ་ལོ་ཀ་པཱ་ལེའི། པ་རི་གྲྀཧཱི་ཏཱ་ཨ་རྱའི། སང་གྲི་ཧཱི་ཏཱ་རིའི་བི་གོ་ཏཱན་ཡུག་ཏཱནན། མོ་ཀྵོ་བན་དྷ་ནཱན། སོང་གྲ་ཧོ་བ་མ་ནུ་ཤཱ་ནཱན། ནི་གྲ་ཧ་ཀླེ་ཤཱནཱནཱ། ནིརྒ་ཏཱ་ནཱ་ན་མར་ཎཿ ་ཧི་ར་ཥཱ་ཛྙཱ་ན། ཏྲཱྀ་དྷྲྀ་ཀཱ་ཎཱ་ན། ནི་གྲ་ཧ་ས་རྦ་པ་ར་པྲ་བྷ་དཱི་ནཱན?། ཙྪ་ད་ན་ཨ་བྷ་མཱ་ནི་ཀནན། ཨ་ནུ་བཀྲམ་དྷརྨ་བྷཱཿཀཱ་ཎཱ་ནི། ཨཱ་བཛྲཱ་ནཱན་པའིརི་འདས་ན་ཏོ་ནནར། དྷརྨ་ཀཱ་མཱ་ནཱན། བཻ་རི་རཀྵ་དྷ་རྨ་ཀ་ཥ་སྱ། ་ཨ་ནུ་བ་ཆེང་སྟིར་ཏྣ་བ་ཤ་སྱ། མེའི་ཏྲིས་ཐ་སད་ཏཱ་ནཱན། སཱུ་ཏཱ་སརྦ་གུ་ཎཱནྟི~ཾ་ཀེ། ཀླུའི་བདག་པོ་འདི་ནི་མི་ཟད་པའི་ཟ་མ་ཏོག་གཟུངས་ཀྱི་ཀུན་ཏུ་བསྲུང་བ་དང་། ཡོངསུ་བསྲུང་བའི་ཚིག་ཡིན། ་ཏིང་དེ་དག་བརྗོད་ན་ཆོས་སྨྲ་བ་དེས་མི་འཇིགས་པ་སུམ་བཅུ་རྩ་གཉིས་ཐོབ་པར་འགྱུར་ཏེ། སུམ་ཅུ་རྩ་གཉིས་གང་ཞེ་ན། གཞན་ཡང་དག་པར་དགའ་བར་འགྱུར་བའི་ཕྱིར། ཐོབ་པམ ་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚིག་འ་ཁྲུལ་པ་མེད་པའི་ཕྱིར། བསྟན་པ་མི་འཇིགས་པ་ཟབ་པར་འགྱུར་བ་དང་། ཚིག་ཟློས་བུ་མེད་པའི་ཕྱིར་ངེས་པའི་ཚིག་མི་འཇིགས་པ ་ཐོབ་པར་འགྱུར་བ་དང་། སྒྲ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཕྱིར། བརྟག་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། བྱིན་གྱི་རླབས་སྟོན་པའི་ཕྱིར། སྐབས་པ་མི་འཇིགས་པ་ཐོབ་པར ་འགྱུར་བ་དང་། འཛིན་པའི་བློ་དང་ལྡན་པའི་ཕྱིར། དྲན་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། གཞན་གྱི་བློ། གྲོས་ཡང་དག་པར་མགུ་བར་བྱེད་པའི་ཕྱིར། བློ་གྲེས ་མི་འཇིགས་པར་ཐོབ་པར་འགྱུར་བ་དང་། སོམ་ཉི་མྱུར་དུ་གཅོད་པའི་ཕྱིར། རྟོགས་པ་མི་འཇིགས་པ་ཐོབ་པ་ར་འགྱུར་བ་དང་། གཞན་གྱི་ངོར་མི་བལྟ་བའི་ཕྱིར། བློ་མི ་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚིག་ཇི་སྐད་སྨྲས་པ་བཞིན་དུ་འགྱུར་བའི་ཕྱིར། འཁྲུལ་པ་མེད་པའི་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚུལ་ཁྲིམས་ཡོངསུ་དག་པའི ་ཕྱིར། སྤ་གོང་པ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། བཟོད་པ་ཡོངསུ་དག་པའི་ཕྱིར། འཛུམ་པའི་བཞིན་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཡང་དག་པར་དམ་བཅས་པ ་ལས་མི་ཉམས་པའི་ཕྱིར། བརྟན་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཀླན་ཀ་མི་ཚོལ་བའི་སེམས་དང་ལྡན་པའི་ཕྱིར་ཚིག་བཟུང་བར་འོས་པ་མི་འཇིགས་པ་ཐོབ་པར་འགྱུར་བ ་དང་། འཁོར་མངོན་པར་མགུ་བར་བྱེད་པའི་ཕྱིར། ཚིག་བརྩན་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཟབ་མོའི་ཆོས་གླེང་བའི་ཕྱིར། ཤེས་རབ་མི་འཇིགས་པ ་ཐོབ་པར་འགྱུར་བ་དང་། ཁེངས་པ་མེད་པའི་ཕྱིར། དཔྱོད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་ཕྱིར། སིངྒེའི་སྒྲ་མི་འཇིགས་པ་ཐོབ་པར ་འགྱུར་པ་དང་། ཟང་ཟིང་མེད་པར་ཆེས་སྟོན་པའི་ཕྱིར། བསྐུར་བ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཉམ་སུ་ལེན་པ་གཏན་ལ་འབེངས་པའི་ཕྱིར། བསྟན་པ་ཁ་ན་མ་ཐོ་བ་མེད་པ ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། མཁས་པས་མ་སྨད་པའི་ཕྱིར། སྨད་ཏུ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། མདོ་སྡེ་དང་མི་འགལ་བའི་ཕྱིར། སྦྱོར ་འབྱོར་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། དུ་སུ་ཡང་དག་པར་སྐུལ་བའི་ཕྱིར། ཡང་དག་པར་སྐུལ་བ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཇི་སྐད ་སྨྲས་པ་དེ་བཞིན་དུ་བྱེད་པའི་ཕྱིར། ཕྱིན་ཅི་མ་ལོག་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། སེམས་ཅན་རྣམས་ལ་འདུད་པའི་ཕྱིར། ང་རྒྱལ་མེད་པ་མི་འཇིགས་པ་ཐོབ་པར ་འགྱུར་བ་དང་། སྔོན་ཐོས་པ་ལེགས་པ་བཟུང་བའི་ཕྱིར། ཚིག་དང་ཡི་གེ་ཟད་མི་ཤེས་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཆེས་ཚད་མེད་པ་རྟོགས་པའི་ཕྱིར། ཐམས་ཅད་ཀྱི་དྲིག ་སྐབས་འབྱེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། བདག་ཉིད་ཡོངསུ་དག་པར་བྱེད་པའི་ཕྱིར། འཁོར་ཐམས་ཅད་མངོན་པར་མགུ་བར་བྱེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ་ཉོན་མོངས་པ་ཐམས་ཅད་ཡོངསུ་ཤེས་པའི་ཕྱིར། བདུད་དང་ཕྱིར་རྒོལ་བ་བཅོམ་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པའི་ཕྱིར། བྱམས་པ་ཆེན ་པོའི་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་རྗེ་སུ་བསྲུང་བའི་ཕྱིར། སྙིང་རྗེ་ཆེན་པོ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཆོས་ཀྱི་རྒྱལ་པོ་བྱེད་པའི་ཕྱིར། ་སངས་རྒྱས་ཀྱི་ཡེ་ཤེས་མི་འཇིགས་པ་ཐོབ་པར་འགྱུར་བ་སྟེ། ཀླུའི་བདག་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མི་ཟད་པའི་ཟ་མ་ཏོག་གཟུངས་ཉན་པ་དང ་མེས་པ་དང་། སྒྲུབ་པ་ན་མི་འཇིགས་པ་སུམ་ཅུ་རྩ་གཉི་དས་པོ་དེ་དག་ཐོབ་པར་འགྱུརརོ།། མི་འཇིགས་པ་སུམ་ཅུ་རྩ། གཉིས་པ་དེ་དག་རྒྱུན་མ་ཆད་པས་ན། དེས་ན་མཐར ་ཀྱིས་དེ་བཞིན་གཤེགས་པའི་མི་འཇིགས་པ་ད་ནི་ཐོབ་པར་འགྱུར་ཏེ། མི་འཇིགས་པ་དེ་དག་དང་ལྡན་ས། ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ ་བཞིན་གཤེ་པ་སེའི་སྒྲ་སྒྲོག་སོ།། སེམས་ཅན་ཐམས་ཅད་ཀྱི་དྲི་བ་ལུང་བསྟན་པའི་ཕྱིར་ཡང་སྐབས་འབྱེད།། སེམས་ཅན་གྱི་རིས་ན། གང་དེ་བཞིན་གཤེགས་པ་ལ་ཆོས་དང ་འཐུན་པར་རྒོལ་ནུས་པོ་འམ། དེ་བཞིན་གཤེགས་པའི་ཆོས་གསུངས་པ་མཛད་པ་ལོ་གཅོད་ནུས་པ་དེ་ལྟོ་བུའི་སེམས་ཅན་ནི་གང་ཡང་མེདོ།། ཀླུའི་བདག་པོ་དེ་ལྟ་བས་ན། ་ཆུབ་སེམས་དཔའ་མི་ཟད་པའི་ཟམ་ཏེག་གཟུངས་འདི་ལ་སྦྱོར་བར་བྱའོ།། ཀླུའི་བདག་པོ་མི་ཟད་པའི་ཟ་མ་ཏོག་གཟུངས་འདི་ལ་སྦྱོར་བ་གང་ཞེ་ན། གང་ལ་མིག་ཏུ་སྦྱོར་བ་ཡང་མེད། གཟུགས ་སྦྱོར་བ་ཡང་མེད། མི་གི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། རྣ་བར་སྦྱོར་བ་ཡང་མེད། སྒྲར་སྦྱོར་བ་ཡང་མེད། རྣ་བའི་རྣ་བར་ཤེས་པར་སྦྱོར་བ་ཡང་མེད་པ ་དང་སྣར་སྦྱོར་བ་ཡང་མེད། དྲིང་སྦྱོར་བ་ཡང་མེད། སྣའི་རྣམ་པར་ཤེས་པ་སྦྱོར་བ་ཡང་མེད་པ་དང་། ལྕེར་སྦྱོར་བ་ཡང་མེད། རེར་སྦྱོར་བ་ཡང་མེད། ལྕེའི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད། ་པ་དང་། ལུས་སྦྱོར་བ་ཡང་མེད། རེག་བྱར་སྦྱོར་བ་ཡང་མེད། ལུས་ཀྱི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། ཡིད་དུ་སྦྱོར་བ་ཡང་མེད། ཆོསུ་སྦྱོར་བ་ཡང་མེད། ཡིད་ཀྱི་རྣམ ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན།། ཀླུའི་བདག་པ་གཞན་ཡང་གང་ལ་གཟུགས་སྦྱོར་བ་ཡང་མེད། གཟུགས་སྐྱེ་བར་སྦྱོར་བ་ཡང་མེད་གཟུགས་གནས ་པར་སྦྱོར་བ་ཡང་མེད། གཟུགས་འགག་པར་སྦྱོར་བ་ཡང་མེ། ད་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིནོ།། དེ་བཞིན་དུ་ཚོ་རབ།། དང་། འདུ་ཤེ་དང་། འདུ་བྱེད་དང་། རྣམ་པར ་ཤེས་པར་སྦྱོར་བ་ཡང་མེད། རྣམ་པར་ཤེས་པ་སྐྱེ་བར་སྦྱོར་བ་ཡང་མེད། རྣམ་པར་ཤེས་པ་གནས་པར་སྦྱོར་བ་ཡང་མེད། རྣམ་པར་ཤེས་པ་འགག་པ་སྦྱོར་བ་ཡང་མེད་པ་དེ་ནི། ་གཟུངས་འདི་ལ་སྦྱོར་བ་ཡིནོ།། ཀླུའི་བདག་པོ་གཞན་ཡང་གཟུགས་སྟོང་པ་ཉིད་དུ་སྦྱོར་བ་དང་། གཟུགས་སྟོང་པ་ཉིད་དུ་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། ་གཟུངས་འདི་ལ་སྦྱོར་བ་ཡིན།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་སྦྱོར་བ་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དུ་ཡང་རློམ་སེམ ་མི་བྱེད་པའི་སྦྱོར་བ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིནོ།། ཀླུའི་བདག་པོ་གཞན་ཡང་གཟུགས་མཚན་མ་མེད་པར་སྦྱོར་བ་དང་། གཟུགས་མཚན་མ་མེད་པར་ཡང་རློམ་སེམས། ་མི་བྱེད་པའི་སྦྱོར་བ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མཚན་མ་མེད་པར་སྦྱོར་བ་དང་། རྣམ ་པར་ཤེས་མཚན་མ་མེད་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན།། ཀླུའི་བདག་པོ་གཞན་ཡང་གཟུགས་སྨོན་པ་མེད་པར་སྦྱོར་བ ་དང་། གཟུགས་སྨོན་པ་མེད་པར་ཡང་རློམ་སེམས་མི་བྱེད་པ་འི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ ་བྱེད་དང་། རྣམ་པར་ཤེས་པ་སྨོན་པ་མེད་པར་སྦྱོར་བ་དང་། རྣམ་པར་ཤེས་པ་སྨོན་པ་མེད་པར་ཡང་རློམ་སེམས་མི་བྱེད་པའི་སྐྱེ་རབ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར ་བ་ཡིན།། གཟུགས་མངོན་པར་འདུ་བྱེད་པ་སད་པར་མ་ཚྭ་སུ་ཞེས་ན་སྩ་ལ་དང་རྣ་མ་པ། ཤེས་པ་མངོན་པར་འདུ་བྱེད་པ་མེད་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས ་འདི་ལ་སྦྱོར་བ་ཡིན།། གཟུགས་མ་སྐྱེས་པ་དང་། མ་བྱུང་བར་སྦྱོར་བ་དང་། གཟུགས་མ་སྐྱེས་པ་དང་། མ་བྱུང་བར་ཡང་རློམ་སེམས་མི་བྱང་པའི་སྦྱོར་བ་གང་ཡིན་པ་དང་། ཚེར་རབ ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མ་སྐྱེས་པ་དང་། མ་བྱུང་བར་སྦྱོར་བ་དང་། རྣམ་པར་ཤེས་པ་མ་སྐྱེས་པ་དང་། མ་བྱུང་བར་ཡང་རློམ་སེམས་མི་བྱེད་པའི ་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིནོ།། གཟུགས་དབེན་པར་སྦྱོར་བ་དང་། གཟུགས་དབེན་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན ་བ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དབེན་པར་སྦྱོར་བ་དང་། རྣམ་པར་ཤེས་པ་དབེན་པར་ཡང་རློམ་སེམས་མི ་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིནོ།། གཟུགས་རང་བཞིན་གྱིས་རྣམ་པར་དག་པར་སྦྱོར་བ་དང་། གཟུགས་རང་བཞིན་གྱི་རྣམ་པར་དག་པར་ཡང་རློམ་སེམས་མི ་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡང ་རློམ་སེམས་མི་བྱེད་པ་འདི་ནི།། གཟུངས་འདི་ལ་སྦྱོར་བ། ཡི་ནོ།། ཀླུའི་བདག་པོ་གཞན་ཡང་ཁམས་རྣམས་ལ་ཆོ་དས་ཀྱི་དབྱིངསུ་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ལ་ཡང་རློམ ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དང་། སྐྱེ་མཆེད་རྣམས་ལ་རང་བཞིན་གྱི་སྟོང་པ་ཉིད་དུ་སྦྱོར་བ་དང་། རང་བཞིན་གྱིས་སྟེང་པ་ཉིད་ལ་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང ་ཡིན་པ་དེ་ནི།། གཟུགས་འདི་ལ་སྦྱོར་བ་ཡིནོ།། ཆོས་ཐམས་ཅད་ལ་རྟེན་ཅིང་འབྲེལ་པར་འབྱུང་བར་སྦྱོར་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངསསུ་བརྟགས་པ་ལ་ཡང་རློམ་སེམས་མི་བྱེད་པའི ་སྦྱོར་བ་གང་ཡིན་པ་དང་། ཆོས་ཐམས་ཅད་ལ་གནས་མེད་པར་སྦྱར་བ་དང་། གནས་མེད་པར་ཡང་མངོན་པར་ཞེན་པ་མེད་པའི་སྦྱོར་བ་གང་ཡིན་པ་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་སྷོ ་ཁ་དང་། དེ་བཞིན་དུ་ཡང་མངོན་པར་ཞེན་པ་མེད་པའི་སྦྱོར་བ་གང་ཡིན་པ་དང་། ཆོས་ཐམས་ཅད་ཡང་དག་པའི་མཐའ་ལ་གནས་པར་སྦྱོར་བ་དང་། ཡང་དག་པའི་མཐའ་ལ་གནས་པར ་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་དང་ཡིན།། ཀླུའི་བདག་པོ་གཞན་ཡང་སེམས་ཅན་འདོད་ཆགས་སྤྱོད་པ་རྣམས་ཀྱི་འདོད་ཆགས ་ཀྱི་སྤྱོད་པ་ཡོངསུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་འདོད་ཆགས་ཀྱི་སྦྱོང་བ་དང་། ཀུན་ཏུ་སྦྱོར་བ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེའི། གཟུངས་འདི་ལ་སྦྱོར་བ་ཡིནོ།། དེ་བཞིན་དུ་སེམས ་ཅན་ཞེ་སྡང་སྤྱོད་པ་རྣམས་ཀྱི་ཞེ་སྡང་གི་སྤྱོད་པ་ཡོང་སུ་ཤེས་བའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ཞེ་སྡང་གི་སྤྱོད་པ་དང་། ཀུན་ཏུ་སྦྱོར་བ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས ་འདི་ལ་སྦྱར་བ་ཡི་ནོ།། སེམས་ཅན་གཏི་མུག་སྤྱོད་པ་རྣ། མས་ཀྱི་གཏི་མུག་གི་སྦྱོར་བ་ཡོངསུ་ཤེས་པའི་སྦྱར་བ་དང་། ཆོས་ཀྱི་དབྱིངས་གཏི་མུག་གི་སྤྱོད་པ་དང་། ཀུན ་ཏུ་སྦྱོར་བ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིནོ།། སེམས་ཅན་ཆ་མཉམ་པར་སྤྱོད་པ་རྣམས་ཀྱི་ཆ་མཉམ་པའི་སྤྱོད་པ་ཡོངསུ་ཤཱ་བའི་སྦྱོར་བ་དང་། ཆོས ་ཀྱཻ་དབྱིངས་ལ་ཆ་མཉམ་པ་ཆད་པ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡི་ནོ།། ཀླུའི་བདག་པོ་མདོར་བསྡུ་ན། སྤྱོད་པ་པོ་རྒྱད་ཁྲི་བ་ནི་སྟོང་ཡང་སུ་ཤེས་པའི་སྦྱོར་བས ་ཆོས་ཀྱི་དབྱིངས་ལ་སྦྱོར་བ་ཡང་མེད་པ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན།། ཀླུའི་བདག་པོ་གཞན་ཡང་སྦྱོར་བ་གང་ཡིན་པ་དང་། མི་སྦྱོར་བ་གང་ཡིན་པའི་ཆོས ་གང་ཡང་དེ་ལ་སྦྱོར་བ་ཡང་མེད། མི་སྦྱོར་བ་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། སྦྱར་བ་དེ་ནི་སྣང་བ་ཡང་མ་ཡིན། བརྟགས་པ་ཡང་མ་ཡིན། མཚན་མར་བྱས་པ་ཡང་མ་ཡིན ་པའི་ཕྱིར་ཏེ། དེ་བས་ན་སྦྱོར་བ་དེ་ནི་ཡང་དག་པའི་སྦྱོར་བ་ཡིནོ།། ཡང་དག་པའི་སྦྱོར་བ་ཡང་ཆོས་གང་ཡང་འདྲེན་པར་ཡང་མི་བྱེད། མི་འདྲེན་པ་ཡང་མི་བྱེད། འཛིན་པར་ཡང་མི ་བྱེད། གཏོང་བར་ཡང་མི་བྱེད། གནས་པར་ཡང་མི་བྱེད། འགྲོ་བར་ཡང་མི་བྱེད། དེ་བས་ན་སྦྱོར་བ་དེ་ནི་ཡང་དག་པའི་སྦྱོར་བ་ཞེས་བྱའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་དེ་ལྟར་སྦྱོར ་བ་ནིར་མི་ཟད་པའི་ཟ་མ་ཏོག་གཟུངས་འདི་ཐོབ་པར་འགྱུརརོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགསུ་བཅང་བ་འདི་དག་བཀའ་སྩལ་ཏོ།། གང་ཆེད་ཡི་གཟུངས་འདི་ཐོབ་གྱུར ་ནད་དེ་ཡི་དྲན་དང་བློ་གྲོས་ཡོངསུ་དག། མདོ་སྡེ་རྟོགས་པ། དཀུན་གྱི་ཕ་རོལ་ཏུ་ཕྱིན།། འགྲོ་བའི་སྐད་དང་སྒྲ་ཡང་རབ་ཏུ་ཤེས།། འགྲོ་བའི་སེམས་དང་སྤྱོད་པ་ངན་པ་དང་།། བཟང་དང ་འབྲིང་གི་རྒྱུ་བ་གང་ཡིན་ཤེས།། སྤྱོད་དང་སེམས་ཀྱིས་སྐྱེ་དེ་རྣམས་ཤེས་ནས་ཀྱང་།། ཇི་ལྟར་མཚམས་པར་ཆོས་རྒྱག་རྣམས་སྟོན།། གང་ཚེ་དེ་ནི་གཟུངས་ལ་རབ་མཁས ་ནའདེ་ནི་རྒྱུ་དང་བྱེད་དང་རྐྱེན་ལ་མཁས།། རྟག་དང་ཆད་པར་ལྟ་བར་མི་འགྱུར་ཏེ།། མཐར་འཛིན་ཐམས་ཅད་རྣམ་པར་སྤངས་པ་ཡིན།། གང་ཚེ་དེ་ཡིས་གཟུངས་ནི་ཐོབ་གྱུར་ན།། ཡི་གེ་དང་ནི ་ཚིག་རྣམས་འབྱེད་ལ་མཁས།། སྐད་རྣམས་མང་པོ་དུ་མ་ཐ་དད་ཤེས།། དོན་དང་ཡི་གེ་ལ་ཡང་མཁས་པར་འགྱུར།། དེ་ཡི་ལྷ་ཡི་མིག་ཀྱང་དྲི་མེད་འགྱུར།། དེ་ཡི་ལྷ་ཡི་རྣ་བའང་རྣམ་པར ་དག་ཤེས་རབ་མཐའ་ཡས་ཕ་རོལ་སེམས་ལ་མཁས།། འདས་པ་དང་ནི་མ་འོངས་བསྐལ་པ་དྲན།། དེ་བཞིན་རྫུ་འཕྲུལ་རྐང་པ་ཐོབ་གྱུར་ནས།། ཞིང་རྣམས་བྱེ་བ་མཐའ་ཡས་སྐད་ཅིག་འགྲོ། ་འཇིག་རྟེན་འདྲེན་རྣམས་ལ་ནི་མཆོད་པ་བྱེད།། དེ་བཞིན་གཟུངས་ལ་ཐོས་པས་ཆོས་ཀྱང་འཛིན།། བདུད་རྣམས་འབུམ་ཕྲག་ཇི་སྙེད་ཡོད་པ་ཡི།། དེ་ཡི་འགྲོ་བའི་ཡུལ་རྣམས་མི་ཤེས ་ལར་མུན་བསལ་སེམས་ཅན་དག་པ་ཉོན་མོངས་མེད།། མདོ་སྡེ་སྟོང་ཕྲག་ཚད་མེད་སྟོན་པར་བྱེད།། ཆུ་ཡི་ནང་ན་པདྨ་མ་གོས་བཞིན།། དེ་ནི་འཇིག་རྟེན་ཆོས་རྣམས་གོས་མེད་སྤྱད་།། རྗེས ་ཆགས་ཁོང་ཁོ་རྣམས་ལས་རྟག་ཏུ་འགྲོ། འཇིག་རྟེན་ཀུན་ལ་སེམས་ནི་མཁའ་ལྟར་སྙོམས།། མཚན་གྱི་དམ་པ་གཟུགས་འཆང་དག་པ་སྟེ།། དེ་ལ་ལྟ་བས་སྐྱེ་བོ་ཆོག་མི་ཤེས།། ་སྤྱོད་ལམ་དང་ནི་སྤྱོད་པ་ཤེས་བཞིན་རྒྱུ།། འགྲེ་ལ་ཕན་དོན་བྱེད་ཅིང་འཇིག་རྟེན་རྒྱུ།། གང་ཚེ་གཟུངས་འདི་ཐོབ་པར་གྱུར་པ་ན།། བརྒྱ་བྱིན་དེ་བཞིན་ཚངས་པ་འཇིག་རྟེན་སྐྱོང་།། དེ ་ཡི་རྐང་མཐིལ་དུ་ནི་གུས་པར་འདུད།། འོན་ཀྱང་དེ་ཡིདགང་དུའང་ཁེངས་པ་མེད།། དེ་ནི་སྐད་སྙན་ཚངས་པའི་དབྱས། དང་ལྡན།། སྐྱེ་བོའི་ཡིད་ནི་རྣམ་སྤྱོད་མགུ་བར ་བར་བྱེད།། སྐྱོན་མེད་སྙན་ཅིང་དག་ལ་དུསུ་སྨྲ།། དེ་ཡི་བསྟན་པ་དོན་མེད་ཡོང་མི་འགྱུར།། གང་ཚེ་དེ་ཡི་གཟུངས་ནི་ཐོབ་གྱུར་ན།། དེ་ནི་འཁོར་གྱི་ནང་དུ་འཇིགས་པ་མེད།། སེངྒེའི ་སྒྲ་ཆེན་མི་འཇིགས་སྒྲོགས་པར་བྱེད།། ཕ་རོལ་ཚོགས་རྣམས་ཐམས་ཅད་རབ་ཏུ་འཇོམས།། སེམས་ཅན་གཡོན་ཅན་གདུལ་དཀའ་ང་རྒྱལ་ཁེངས།། མངོན་པའི་ང་རྒྱལ་སྐྱོན་ལྡན་གང་ཡིན ་བ་མ་དེ་དག་མཁས་པའི་ཆོས་ནི་ཐོབ་གྱུར་ན།། ང་རྒྱལ་སྤངས་ནས་རྐང་མཐིལ་འདུད་པར་བྱེད།། ཆོས་ཀྱི་དབྱིངས་ནི་རང་བཞིན་ཞི་བ་དང་།། དོན་རྟོགས་དང་ནི་ཆོས་ཉིད་ངེས་པར་ཤེས།། དེ་ཕྱིར ་ཆོས་ནི་གཏན་ལ་འབེབས་པ་དང་།། ཡི་གེ་འབྱེད་ལ་དེ་ཡི་ཚིག་མི་ཟད་།། སེམས་ཅན་རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས།། དེ་བཞིན་བདག་ཉིད་རྣམ་དག་དེ་ཡིས་ཤེས། ་དེ་ལྟར་སེམས་ཅན་དེ་བཞིན་ཉིད་ཤེས་པས།། དེ་ཡི་ཆོས་རྣམས་བསྟན་པ་ཐོགས་པ་མེད།། ཟད་པ་ནམ་ཡང་ཟད་པར་མི་ནུས་ལ།། མི་ཟད་པ་ཡང་ནམས་ཀྱང་ཟད་མི་འགྱུར།། ཆོས་ཉིད ་རང་བཞིན་འཛིན་རྟོགས་ནས་ཀྱང་། དེར་ནི་མདོ་སྡེ་བྱེ་བ་མཐའ་ཡས་སྙོམ། ཡི་གེ་འདི་དག་ལུས་ལྔ་མི་གནས་ཤིང་།། ཡིད་ལ་མི་གནས་སེམས་ལས་མ་བྱུང་སྟེ།། ཇི་ལྟར་བྲག་ཆའི་སྒྲ་ནི་ས ་པ་བཞིན།། ཡི་གེ་རྣམས་ཀྱི་རང་བཞིན་སྟོང་ཞིང་དབེན། གཟུངས་འདི་ཡི་གེ་རྣམས་དང་སྦལ་མེད།། ཚིགི་ལམ་དང་དྲག་ལའང་མེད།། དེ་ལྟར་ཡི་གེའི་ཚུལ་ཁྲིམས་རྣམས་རྟོག་པ་ན། ་སྨྲས་ཀྱང་དེ་ཡི་ཚིག་ནི་ཐོགས་མེད་པ། དེ་ནི་སྟོན་ཀྱངཡིད་ལ་རྣམ་རྟོག་མེད།། སེམས་ལའང་རློམ་སེམས་བྱེད་པ། ཡོང་མེད།། འོན་ཀྱང་ཆོས་འང་རྟོགས་པར་བྱ་བའི་ཕྱིར།། ཆོས་ཉིད ་རབ་ཏུ་འཐད་པའི་ཆོས་ཀྱང་སྟོན།། གང་ཚེ་དེ་ཡིས་གཟུངས་འདི་ཐོབ་གྱུར་ན།། སོ་སོ་ཡང་དག་རིག་བཞི་རྗེ་སུ་རྟོགས།། དོན་ལ་རབ་བརླབས་ཆོས་ཉིད་ཆོག་ཤེས།། སྒྲ་དང་སྐད་དང་ངེས་པའི་ཚིག་ལ ་མཁས་དུ་དེ་བཞིན་སྤོབས་པ་ཐོགས་མེད་ཚད་ཀྱང་མེད།། དེ་ནི་ཀུན་རྫོབ་དོན་དམ་ཤེས་པ་སྟེ།། དེ་བཞིན་སྣ་ཚོགས་ཟབ་མོ་བསྟན་པ་ཤེས་དེ་ནི་ལུགས་འབྱུང་ལུགས་ལས་བཟློག་པའང་ཤེས། ་མཐོན་དམན་འགྲོ་བ་རྣམས་ལའང་ཕ་མཐར་ཕྱིན།། སེམས་ཞུམ་པ་ན་རབ་ཏུ་འཛིན་ལ་མཁས།། དེ་བཞིན་ཁེངས་རྣམས་ཚར་གཅོད་ཤེས་ལ་མཁས།། བསྟན་པ་དག་ལ་བྱ་བའི་ཚུལ་ཀུན་ཤེས།། ལུས ་དང་ངག་དང་སེམས་ཀྱི་ལས་རྣམས་ལ།། ཤེས་པ་ཐོགས་མེད་རྣམ་པར་ངེས་པར་འཇུག། གཟུངས་དང་ལྡན་པ་ཚིག་ལ་འཁྲུལ་བ་མེད།། ཉེས་པ་སྤངས་ཤིང་བསྟན་མོར་གྱུར་པ་ཡིན།། ་སེམས་ཅན་འདུལ་གཟུངས་ཡིད་དང་དྲན་པ་ལ།། ཞུགས་པར་གྱུར་ན་ཆོས་ཤེས་ཞུགས་པ་སྟེ། ཐོས་པ་གང་ཡིན་ནམས་ཀྱང་ཆུད་མི་ཟ།། ཇི་སྐད་ཐོས་པ་མཚུངས་པར་རིལ་གྱིས་འཛིན།། ་གཟུངས་ནི་ཆོས་ཉིད་འགལ་བ་མ་ཡིན་ལ།། དེ་ནི་ཆོས་ལ་ཞི་བའང་མ་ཡིན་ཏེ།། ཆོས་དང་ཤིན་ཏུ་མི་མཚུངས་མ་མཚངས་མི་མཉམ་མཉམ།། ཆོས་ཉིད་སྦྱོར་དང་ལྡན་ཕྱིར་བཟོད་ནས་ནི།། ་མི་ཟད་པའི་ཟ་མ་ཏོགི་གཟུངས་ཀྱི་སྦྱོར་བ་འདི་བ་སྙན་པ་དང་།། ཚིགསུ་བཅད་པ་མངོན་པར་བསྒྲུབ་པ་འདི་བསྟན་པ་ན།། ཀླུའི་རྒྱལ་པོ་རྒྱ་མཚོའི་འཁོར་གྱི་ནང་ནས། ་ཀླུ་ཁྲི་ཉིས་སྟེང་གིས་བླ་ན་མེད་པ་ཡང་དག་པར་རྫོ། གས་པའི་བྱང་ཆུབ་ཏུ་སེམས་བསྐྱེད། དེ་དག་གིས་རྨི་ག་འདི་སྐད་དུ། བཅོམ་ལྡན་འདས་བདག་ཅག་ཀྱང་མ་འོངས ་པའི་དུས་ན། མི་ཟད་པའི་ཟ་མ་ཏོགི་གཟུངས་འདི་ཐོབ་ནས། ཇི་ལྟར་ད་ལྟར་ན་དེ་བཞིན་གཤེགས་པ་ཆོས་སྟོན་པ་དེ་ཁོ་ན་བཞིན་དུ། སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པར་གྱུར་ཅིག ་ཅེས་ཀྱང་སྨྲ་སོ།། མི་ཟད་པའི་ཟ་མ་ཏོག་གཟུངས་ཀྱི་ཕན་ཡོན་གྱི་ལེའུ་སྟེ།། ། བཞི་པའོ།། ། བམ་པོ་བཞི་པ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀླུའི་སྐྱེ་གན་སུ་སྐྱེས་པ་དག་ཀྱང་། འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིད་ལ། འདི་ནི་མིར་གྱུར་པ ་། ཁ་ཅིག་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྔོམ་ཐག་པ་ནི་ངོ་མཚར་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཤཱ་རིའི་བུ་ཀླ་ཁྲི་ཉིས་སྣང་པོ་འདི་དག་ནི། ་དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ཏུ་བྱུང་ངོར་གྱུར་ཏེ། འདི་དག་གིས་དེ་བཞིན་གཤེགས་པ་དེ་ལས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གཏིམ་གཅིག་ཐོས།། ཐོས་ནས ་ཀྱང་དེ་བཞིན་གཤེགས་པ་དེ་ལ་ལེགསོ་ཞེས་བྱ་བ་གསོལ་ཏེ། ཐེག་པ་ཆེན་པོ་ནི་བསམ་གྱིས་མི་ཁྱབ་སྟེ། ལེགསོ་ལེག་སོ་ཞེས་ཚིག་ཏུ་སྨྲསོ།། མི་དགེ་བའི་འདུ་འཛི་འདི་ལྟ་སྟེ། མཛའ ་བཤེས་ཀྱི་ཁྱིམ་དང་། སློང་མོ་སྟེར་བའི་ཁྱིམ་ཡོངསུ་གཟུང་བའི་ཕྱིར། ཚུལ་ཁྲིམས་རྣམས་ཉམ་སུ་མ་བླངས་པར་གྱུར་ཏེ། ཚུལ་ཁྲིམས་ཉམས་པར་བྱས་པ་དེས་ན། འདི་དག་དེ་ནས་ཤི ་འཕོས་ནས། ཀླུའི་སྐྱེ་གནསུ་སྐྱེས་པར་གྱུར་ཏོ།། འདི།། ངག་གིས་ཐེག་པ་ཆེན་པོའི་གཏམུ་དེ་ཐོས་ལ། བཅོམ་ལྡན་འདས་དེ་ལ་ཡང་ལེག་སོ་ཞེས་གསོལ་པའི་རྒྱུད་དང་། ་རྐྱེན་དེ་དང་། དགེ་བའི་རྩ་བ་དེས་ནི། ད་ལྟར་ང་ལས་ཐེག་པ་ཆེན་པོའི་གཏམ་ཐོས་ཏེ། མི་ཟད་པའི་ཟ་མ་ཏོག་གཟུངས་བསྟན་པ་ཐོབ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་སྐྱེསོ།། ཤཱ་རིའི་བུ་ལྷག་པའི་བསམ་པའི་ཁྱད་པར་ལོ་ལྟོས།། ངས་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། བསྐལ་པ་བགྲང་བ་ལས་འདས་པ་དག་ན། ་དེ་བཞིན་གཤེགས་པ་ཡང་བགྲང་བ་ལས་འདས་པ་དག་ལ་མཆོད་པ་བྱས་ནས། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་རྣམས་ཡང་དག་པར་བསྒྲུབས་ཏེ། བསྐལ་པ་མངོན་པར་དགའ་བ ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་དྲི་མ་མེད་པའི་སྙིང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཡེ་ཤེས་བླ་མ ་ཞེས་བྱ་བ་དང་། བསོད་ནམས་བླ་མ་ཞེས་བྱ་བ་དང་། ཆོས་བླ་མ་ཞེས་བྱ་བ་དང་། ཤེས་རབ་བླ་མ་ཞེས་བྱ་བའི་མཚན་འདི་བཞིར་འཐུན་པ་ཤ་སྟ་གི་དེ་བཞིན་གཤེགས་པར ་འགྱུརརོ།། དེ་དག་ཐམས་ཅད་ཀྱང་བསྐལ་པ་དེ་གཅིག་དེ་ཁོ་ན་ལས་འབྱུང་བར་འགྱུར་ཏེ། དཔེར་ན། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱུང་བར་འགྱུར་བ་བཞི་ནོ།། ་ནས་བཅོམ་ལྡན་འདས་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གི་ཚེ། བདག་བསྐལ་པའི་དང་པོར་རྒྱ་མཚོ་ཆེན་པོའི་ནང་ན་གནས་པ་དང་། གང ་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་བ། འཇིག་འཇིག་རྟེན་དུ་བྱུང་བ་དེའི་ཚེ། རྒྱ་མཚོ་ཆེན་པོའི། ནང་ན་ཀླུ་དང་། ཀླུའི་བུ་དང་། ཀླུའི་བུ་མོ་དག་ཉུང་བར་གྱུར་ཏེ། ་བདག་ཀྱང་འཁོར་ཉུང་བར་གྱུར། བཅོམ་ལྡན་འདས་ད་ནི་རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དང་། ཀླུའི་བུ་དང་། ཀླུའི་བུ་མོ་དག་ཀྱང་འདི་ལྟར་ཚད་མ་མཆིས་ཏེ། གྲངས་ཀྱིས་མཐའ་རྟོགས་པར ་མི་ནུས་ལགས་ན། བཅོམ་ལྡན་འདས་འདི་ལ་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་གང་དག་ལེགས་པར་གསུངས་པའི་ཆོས་འདུལ ་བ་ལ་རབ་ཏུ་བྱུང་ནས། ཚུལ་ཁྲིམས་དག་པ་ཡོངསུ་རྫོགས་པར་མ་བྱས་ཏེ། ཆོ་ག་ཉམས་པ་དང་། འཚེ་བ་ཉམས་པ་དང་། ཚུལ་ཁྲིམས་ཉམས་པ་ནི་ཡོངསུ་རྫོགས་པར་མ་བྱས་ལ། དེ་དག་གི ་ལྟ་བ་ཡང་དྲང་པོར་གྱུར་ཏེ། དེས་ན་སེམས་ཅན་དམྱལ་བ་རྣམ་སུ་མི་སྐྱེའོ། ཤི་འབོས་ནས་ཀླུའི་སྐྱེ་གནས་རྣམ་སུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པ་དེ་བཞིན ་གཤེགས་པ་འཁོར་བ་འཇིག་གི་གསུང་རབ་ལས་ནི་སྲོག་ཆགས་ཁྱིམ་པ་དང་། རབ་ཏུ་བྱུང་བ་བྱེ་བ་ཕྲག་དགུ་བཅུ་རྩ་བརྒྱད་ཆོ་ག་དང་། འཚོ་བ་དང་། ཚུལ་ཁྲིམས་ཉམས་ཏེ་ཤི་འཕོས ་ནས་ཀླུའི་སྐྱེ་གནས་རྣམསུ་སྐྱེསོ།། དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་གསུང་རབ་ལས་ནི། སྲོག་ཆགས་ཁྱིམ་པ་དང་། རབ་ཏུ་བྱུང་བ་བྱེ་བ་ཕྲག་དྲུག་ཅུ་རྩ་བ་ནི་རབ་ཏུ་བྱུང་བ་ལས ་ཚུལ་ཁྲིམས་འཆལ་བར་གྱུར་པས་ཤི་འཕོས་ཏེ། ཀླུ་རྣམས་ཀྱི་སྐྱེ་གན་སུ་སྐྱེ་སོ།། དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ལས་ནི། སྲོག་ཆགས་ཁྱིམ་པ་དང་། རབ་ཏུ་བྱུང་ད་བྱེ་བ ་ཕྲག་བརྒྱད་ཅུ་ཆོ་ག་དང་། འཚོ་བ་དང་། ཚུལ་ཁྲིམ། ཉེས་ཉམས་ཏེ་ཤི་འཕོས་ནས། ཀླུའི་སྐྱེ་གནས་རྣམསུ་སྐྱེསོ།། ། ཀླུའི་བདག་པོ་ད་ལྟར་ངའི་གསུང་རབ་འདི་ལས་ནི། སྲོག་ཆགས ་ཁྱིམ་པ་དང་། རབ་ཏུ་བྱུང་བ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་རབ་ཏུ་བྱུང་བ་ལས། རྩོད་པ་སྣ་ཚོགས་དང་། འཐབ་པ་སྣ་ཚོགས་དང་། འདུ་འཛི་སྣ་ཚོགས་ཀྱིས་ཆོ་ག་དང་། འཚེ་བ་དང་། ཚུལ་ཁྲིམས ་ཉམས་ཏེ། ཤི་འཕོས་ནས། ཀླུའི་སྐྱེ་གནས་རྣམསུ་སྐྱེ་ཞིང་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་རྒྱུ་ནི་དེ་ཡིན།། རྐྱེ་ནི་དེ་ཡིན་ཏེ། དེས་ན་ད་ལྟར་ཀླུ་དང་། ཀླུའི་བུ་དང་། ཀླུའི་བུ་མོ་རྣམས་དེ་ལྟར ་ཚད་མེདོ།། ཀླུའི་བདག་པོ་ད་དུང་ཡང་ང་ཡོངསུ་མྱ་ངན་ལས་འདས་པའི་འོག། ཕྱི་མའི་དུས་ཕྱི་མའི་ཚེ་ན་དགེ་སློང་སྡིག་ཅན་རྣམས་དང་། དགེ་སློང་མ་སྡིག་ཅན་རྣམས་དང་། དགེ་བསྙེན ་སྡིག་ཅན་རྣམས་དང་། དགེ་བསྙེན་མ་སྡིག་ཅན་རྣམས་ཚུལ་ཁྲིམས་ཉམས་པས། ཀླུའི་སྐྱེ་གནས་རྣམས་སྐྱེ་བར་འགྱུར་རོ།། དེའི་ནང་ནས་ཁ་ཅིག་ནི་སེམས་ཅན་དམྱལ་བ་རྣམ་སུ་ལྟུང་བར ་འགྱུར།། གསོལ་པ། བཅོམ་ལྡན་འདས་རབ་ཏུ་བྱུང་བར་གཏོགས་ལ། ཚུལ་ཁྲིམས་ཉམས་པ། ཀླུའི་སྐྱེ་གནས་རྣམསུ་སྐྱེས་པ་དང་། སྐྱེ་བར་འགྱུར་བ་གང་ལགས་པ་དེ་དག་གིས་ལས ་རྣམས་ལ་ཁྱད་པར་ཅི་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ག། ཀླུའི་བདག་པོ་རག་ཏུབྱུང་བར་གཏོགས་ལ། ཚུལ་ཁྲིམས་ཉམས་པ། ཀླུའི་སྐྱེ་གནས་རྣམསུ་སྐྱེས་པ ་དང་། སྐྱེ་བར་འགྱུར་བ་གང་ཡིན་པ་དེ་དག་གི་སྦྱོར་བ་ནི་ཡོངསུ་མ་དག་ལ། དེ་བཞིན་གཤེགས་པའི་བསྟན་པ། ལ་ཡིད་ཆེས་པའི་ཕྱིར། དེ་དག་གི་བསམ་པ་ནི་ཡོད། དེ་དག ་གི་བསམ་པ་ནི་ཡོད། དེ་དག་ནི་ཀླུའི་སྐྱེ་གནས་དེ་ནས་ཤི་འཕོས་ནས། ལྷག་པའི་བསམ་པ་དེའི་སྟོབས་ཀྱི་ས། ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བསྐལ་པ ་བཟང་པོ་འདི་ལ་སངས་རྒྱསུ་འགྱུར་བ་གང་ཡིན་པའི་དེ་བཞིན་གཤེགས་པ་དེ་དག་གི་བསྟན་པ་ལ་ཐེག་པ་ཇི་ལྟ་བ་བཞིན་དུ་མོས་པར་འགྱུར་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས ་མ་གཏོགས་པར་ཐམས་ཅད་ཀྱང་བསྐལ་པ་བཟང་པོ་འདི་ཉིད་ལ་ཡོངསུ་མྱ་ངན་ལས་འདའ་བར་འགྱུརརོ།། ཀླུའི་བདག་པོ་དེ་བཞིན་གཤེགས་པའི་བསྟན་པའི་ཆེ་བོ་ཉིད་དང་། རབ་ཏུ ་འབྱུང་བའི་ཡོན་ཏན་གྱི་རྒྱུའི་ཁྱད་པར་ལ་ལྟོས། འདི་ལྟར་སེམས་ཅན་དེ་དག་མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས་ཁྱད་པར་དུ་འགྲོ་བར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ལ ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐོང་བ་དང་། ཐོས་པ ་དོན་མཆིས་པ་ལགས་ཏེ། ངོ་མཚར་ལག་སོ།། འདི་ལྟར་སྨད་དུ་མ་མཆིས་པའི་ལས་ཅན་རྣམས་ཀྱི་སངས་རྒྱས་ལ་དམིགས་པའི་སེམས་གཅིག་ཙམ་བསྐྱེད་པ་ཡང་ཆབ ་འཚལ་བར་མི་འགྱུར་ཏེ། དེ་ནི་དེ་དག་གི་ཡོངསུ་མྱ་ངན་ལས་འདའ་བའི་བར་དུ་རྒྱུར་འགྱུར་བ་ལག་སོ།། བཅོམ་ལྡན་འདས་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་འདི་ལྟ་སྟེ། མཐོང་བ་དང་ཐོ་རྣས་པ་དོན་མཆིས་པར་སེམས་བསྐྱེད་པར་འཚའོ།། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བདག་གི་བྱང་ཆུབ ་སེམས་དཔའི་སྤྱོད་པ་དོན་མཆིས་པར་རྒྱུ་ར་ཅིག། བདག་སེམས་རྨོངས་པ་འགྱུར་ཅིག། དགེ་བ་ལ་རྨོངས་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན ་པོ་ལ་རྨོངས་པར་མ་གྱུར་ཅིག། བདག་ཚེར་བད་དུ་སངས་རྒྱས་མཐོང་བ་དང་། ཆོས་ཐོས་པ་དང་། འཕགས་པའི་དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་། སེམས་ཅན་ཡོངསུ་སྨིན ་པར་བགྱིད་པ་དང་བྲལ་བར་མ་གྱུར་ཅིག། དེ་ནས་བཅོམ་ལྡན་འདས་ཀྱིས། ཀླུའི་བདག་པོ་རྒྱ་མཚོའི་དཔལ་གྱི་གཟི་བརྗིད་ལ་ལེགསོ་ཞེས་བྱ་བ་བྱིན་ཏེ། བཞིན་བཟངས་ཁྱོད་ཀྱིས་སེམས་ཅན ་ཐམས་ཅད་ཀྱི་རྟེན་གྱི་སེམས་བསྐྱེད་པ་ལེགསོ་ལེག་སོ།། འདི་ལྟ་བུའི་ལྷག་པའི་བསམ་པ་དང་། འདི་ལྟ་བུའི་སྙིང་པོས་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་དགེ་བའི་རྩ་བའི་རྣམ་པར་སྨིན ་བདེ་ནི་དེ་བཞིན་གཤེགས་པས་ལོ་བདུན་དང་། ཟླ་བ་བདུན་དང་། ཞག་བདུན་དུ་བཤད་ཀྱང་། མམར་ཕྱིན་པར་བཤད་པར་མི་སྤྱོད། ཁྱོད་ཀྱིས་དགེ་བའི་ཚོགས་དེ་ཙམ་དུ་ཚད་མེད་པ་འདི་འོ་མུག ་དེ་ནས་བཅོམ་ལྡན་འདས་ཀྱིས། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱི་ལྷག་པའི་བསམ་པ་ཐུག་སུ་ཆུད་ནས། དེའི་ཚེ་འཛུམ་པ་མཛད།། འདི་ནི་སངས་རྒྱས་བཅོམ་ལྡན་འདས ་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད།། དེ་ནས་དེའི་མོང་ལ་བཅོམ་ལྡན་འདས་ཀྱིས་ཞལ་གྱི་སྒོ་ནས་འདཔེར་འདི་ལྟ་སྟེ། སྔོན་པོ་དང་། སེར་བ་དང་། དམར་པ་དང་། དཀར་པོ་དང་། བཅོད། ་དང་འཕེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་།། འདྲ་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐར་ཡས་མུ་མེད་པ་སྣང་བར་ཆེན་པོས་ཁྱབ་པར་བྱས་ནས། ཚངས་པའི་འཇིག་རྟེན་གྱི་བར་དུ་མང ་པར་འཕགས་ཏེ། ཉི་མ་དང་ཟླ་བ་གཉིས་ཀྱི་གངྒཱ་བརྗིད་དང་། འོད་ཀྱང་མོག་མོག་པོར་བྱས་ནས་ཕྱིར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་བསྐོར་བ་བྱས་ནས། བཅོམ་ལྔ་འདས ་ཀྱིས་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། ་བཅོམ་ལྡན་འདས་ག་ལ་བ་དེར་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འཛུམ་པ་མཛད་པའི་དོན་ཚིགསུ་བཅད་པས་ནུས་པ། བདེ་གཤེགས་བསོད་ནམས་བརྒྱས་སྤྲས ་སྐུ་མངའ་བ།། མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན་པའི་སྐུ།། ཟླ་བ་ལྟ་བུར་དྲི་མེད་དག་པའི་ཞལ།། ཅི་ཡི་སླད་དུ་འཛུམ་པ་སྟོན་པར་མཛད།། བཅོམ་ལྡན་དྲི་མེད་དྲི་མ་གསུམ་བྲལ་བ།། ཐ་བ་མི ་མངའ་རྣམ་དག་པདྨའི་སྤྱན། ལྷ་དང་ལྷ་མ་ཡིན་དང་ཀླུས་མཆོད་པ།། ཅི་ཡི་སླད་དུ་འཛུམ་པ་སྟོན་པར་མཛད། བཅོམ་ལྡན་ཚེམས་སྙོམས་ཐགས་བཟངས་དཀར ་བར་ལྡན།། སྟོབས་བཅུ་མངའ་ཞིང་དྲི་བསྲུང་གདའ་བའི་ཞལ།། རྒ་དང་འཆི་བ་མཐར་ཐུག་མཛད་པ་པོ།། ཅི་ཡི་སྐབས་སྟོན་པར་མཛད།། ན་མཁའི་དཀྱིལ་ལྟར་དྲི་མ་མེད་པའི་ཐུགས།། མགོན ་བོ་ཐུགས་ཀྱི་དགྲ་ཟུན་མཉམ་སྙོམས་པ། ཐུགས་ནི་རི་བོ་ལྟ་བུར་མི་གཡོ་བ། བཅོམ་ལྡན་འཛུམ་པའི་དོན་འདིར་བཀའ་སྩལ་གསེལ།། བཅོམ་ལྡན་ཚངས་པའི་སྒྲ་སྐད་སྒྲོགས་པ་པོ།། མི ་འམ་ཅི་དང་ཀ་ལ་བིང་ཀ་དང་། རྔ་སྒྲ་ལྟ་བུར་སྙན་ཅེ། དང་དགའ་བ་དང་། མཉེན་པོར་གསུང་བ་འཛུམ་པའི་ཐབས་གསུ་ངས་ཤིག། འདྲེན་པ་ཐོགས་པ་མེད་པའི་བློ་མངའ་བ།། དུས ་གསུམ་འགྲོ་བའི་སྤྱོད་དང་མོས་པ་དང་།། དབང་པོ་རྣམས་ཀྱང་རབ་ཏུ་མཁྱེན་པ་པོ།། ཅི་ཡི་སླད་དུ་འཛུམ་པ་སྟོན་པར་མཛད། བཅོམ་ལྡན་སྨན་པའི་རྒྱལ་པོ་མི་རྣམས ་དང་རྔལྷ་ཀླུ་རྣམས་ཀྱི་ནད་ནི་ཞི་མཛད་པ། བཅོམ་ལྡན་གཏན་དུ་བདེ་བ་སྟོན་པ་པོ།། ཅི་ཡི་སླད་དུ་འཛུམ་པ་སྟོན་པར་མཛད།། ཡོན་ཏན་མངའ་བ་བདག་ལ་བཀའ་སྩོལ་ཅིག། ལྷ་དང་མི་རྣམས ་ཁྲག་ཁྲིག་ཉན་ཅིང་མཆིས།། ཐོས་ན་ཡིད་ནི་རབ་ཏུ་དགའ་འགྱུར་ཞིང་།། ཐམས་ཅད་མཁྱེན་པའི་དགོངས་པ་བགྱིད་པར་འགྱུར།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ཁྱོད་ཀྱིས་ཀླུའི་རྒྱལ་པོའི་བུ་དཔལ་གྱི་གཟི་བརྗིད་པའི་མདུན་ན་འདུག་ནས། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་མཐོང་ངམ། གསོལ་པ། བཅོ་ལྡན་འས་མཐོང་ལགས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀུན་དགའ་བོ་དཔལ་གྱི་གཟི་བརྗིད་འདི ་ནི་བསྐལ་པ་གྲངས་མེད་པ་ཕྲག་བརྒྱད་བརྒྱ་ན། བསྐལ་པ་ཀུན་ཏུ་ལྟ་བ་ལ། འཇིག་རྟེན་གྱི་ཁམས་ཡོངསུ་དག་ཅིང་བརྟན་པར་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ཅེས་བྱ་བར་འགྱུར ་ཏེ་འཇིག་རྟེན་དུ་འབྱུང་བར་འགྱུརརོ།། ཀུན་དགའ་བོ་དཔལ་གྱི་གཟི་བརྗིད་འདི་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་ཡོད་པར་སྤྱོད་ཅིང་། སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ ་མཉེས་པར་བྱས་ཏེ་མཆོད་པར་བྱས་ནས། རབ་ཏུ་འཐུང་སྟེ། ཚངས་པར་སྤྱོད་པར་འགྱུརརོ།། སེམས་ཅན་ཚད་མེད་པ་ཡ་དང་ཐེག་པ་གསུམ་གྱིས་ཡོངསུ་སྨིན་པར་བྱེད།། ཀུན་དགའ་བོ་དེ་བཞིན ་གཤེགས་པ་མཐོང་བ་དོན་ཡོད་ཀྱི་འཇིག་རྟེན་རྒྱ། ཁམས་ཡོང་སུ་དག་ཅིང་བརྟན་པ་དེ་ཡང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བར་འགྱུར ་ལང་སྐྱེ་བོ་མང་པོ་དང་། ལྷ་དང་མི་རྣམས་ཀྱིས་གང་བར་འགྱུར་ཏེ། དཔེར་ན་འཐབ་བྲལ་གྱི་ལྷ་རྣམས་ཀྱིས་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་པ་ཇི་ལྟ་བ་བཞིན་དུ། དེ་ནི་མི་རྣམས་ཀྱི་ཡང་དེ ་དང་འདྲ་བར་འགྱུརརོ།། དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ཀྱང་ལོ་ཁྲི་ཐུབ་པར་འགྱུརརོ།། དེའི་ཉན་ཐོས་ཀྱི་དགེ་འདུན་ནི་བྱེ་བ་ཕྲག་དྲུག་ཅུ་ཡོད།། བྱང་ཆུབ་སེས་དཔའི་དགེ་འདུན་ནི་འབུམ ་ཕྲག་བཅུ་གཉིས་འདུ་བར་འགྱུ་རོ།། ཀུན་དགའ་བ་དེ་བཞིན་གཤེགས་པ་མཐོང་བ་དེན་ཡོད་དེ་སེམས་ཅན་གང་དག་གི་མིག་སྔར་སྣང་བ་དེ་དག་ཀྱང་མཐོང་བའི་མད་ལ། བྱམས་པའི་རྣམ ་པའི་ཏིང་འཐོབ་འགྱུརརོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ནི། མཐོང་བའི་མོད་ལ་སེམས་ཅན་རྣམས་འདུལ་བར་འགྱུརརོ།། དེ་ལ་ཉན་ཐོས་ཀྱི ་ཐེག་པ་པར་འགྱུར་བ་གང་དག་ཡིན་པ་དེ་དག་ནི། དང་པོ་མཐོང་བས་རྒྱུན་ཏུ་ཞུགས་པར་འགྱུར།། ལན་གཉིས་མཐོང་བས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུརརོ།། ལན་གསུམ ་མཐོང་བས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར་ལན་གཞི་མཐོང་བས་ནི་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུརརོ།། བྱང་ཆུབ་སེམས་དཔའི་ཐེག་པ་པར་འགྱུར་བ་གང་དག་ཡིན་པ་དེ་དག ་ནི་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་མཐོང་བའི་མོད་ཁོ་ན་ལྔ་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་འགྱུརརོ།། ཀུན་དག་འ་བོ་འཇིག་རྟེན་གྱི་ཁམས་ཡོངསུ་དག་ཅིང་བརྟན ་པ་ན་སེམས་ཅན་སུ་ཡང་ཚུལ་ཁྲིམས་ཉམས་པ་འམ། ལྟ་བ་ཉམས་པ་འམ། ཆོ་ག་ཉམས་པ་འམ། འཚེ་བ་ཉམས་པར་མི་འགྱུར་ཏེ། དེ་དག་ཐམས་ཅད་ཡང་དག ་བར་མི་འགྱུར་ཏེ། དེ་དག་ཐམས་ཅད་ཡང་དག་པ་ཉིད་དུ་ངེས་པར་འགྱུར་རོ།། སེམས་ཅན་དེ་ནས་ཤི་འཕོས་པ་སུ་ཡང་ངན་འགྲོར་འགྲོ་བར་མི་འགྱུར་ཏེ། དེ་དག་ཐམས་ཅད་ལྷ་དང་མི་རྣམས ་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་དག་ཏུ་ཡང་སྐྱེ་བར་འགྱུརརོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱིས། བདག་ཉིད་ལུང་བསྟན་པ་ཐོས་ནས ་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། མུ་ཏི་གི་དྲ་བ་ནོར་བུ་རིན་པོ་ཆེ་འབུམ་གྱིས་སྨྲས་པ། དེ་བཞིན་གཤེགས་པའི་སྐུ་གསོལ ་ནས། སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། མངོན་སུམ་དུ་བཅོམ་ལྡན་འདས་ལ་ཚུལ་དང་འཐུན་པའི་ཚིག་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། མི་དབང་ཟླ་བ་དྲི་མེད ་འོད་ཀྱི་ཞལ།། གཟི་བརྗིད་མཐའ་ཡས་ལྷ་དང་མིས་མཆོད་པ།། མཚུངས་མེད་སྟོབས་ལྡན་མཐའ་ཡས་ཤུགས་མངའ་ག། ཡེ་ཤེས་ཚད་མ་མཆིས་ལ་མགོས་ཕྱག་འཚལ། ་ཕན་པར་མཛད་པའི་ཡེ་ཤེས་ཚད་མ་མཆིས།། དེ་བཞིན་ཤེས་རབ་འོད་ཀྱང་བསམ་མི་ཁྱམ།། ཚུལ་ཁྲིམས་དྲི་མེད་རབ། བརྟན་རྣམ་པར་དག། མི་དབང་མཁའ་དཀྱིལ་འདྲལ་ཕྱག་འཚལོ།། ་བསྐལ་པ་དཔག་ཏུ་མེད་པ་མཐའ་ཡས་པ།། སྤྱོད་པ་སྤྱད་ནས་སངས་རྒྱས་ཡེ་ཤེས་བརྙེས།། དེས་ན་འགྲོ་བའི་སྤྱོད་པ་རབ་ཏུ་མཁྱེན།། དེ་བཞིན་དེ་དག་དབང་པོ་བསམ་པ་མཁྱེན། ་འཇིག་རྟེན་བཅོམ་ལྡན་གཟུགས་དང་མཚུངས་མ་མཆིས།། དེ་ཕྱིར་འགྲོ་བས་ལྟ་བ་ཆོ་ག་མ་འཚལ།། དེ་ཡི་ཉོན་མོང་ས་སྐྱེ་བར་མི་འགྱུར་ཞིང་།། དེ་ཚེ་ཉོན་མོངས་ཐ ་རབ་ཏུ་ནི།། ཀ་ལ་པིང་ཀ་ཁྱུ་ཐུག་མི་འམ་ཅི།། དེ་བཞིན་ཚངས་པའི་སྒྲ་དང་ལྷ་མིན་སྒྲ།། ཕྱོགས་བཅུ་དག་ན་ཡིད་འོངས་སྒྲས་དེ་དག། དོ་གཤེགས་གསུངས་གཅིག་གིས་ནི་ཟིལ་གྱིས ་མནན།། མཁའ་ལས་ཟླ་བ་ས་ལ་ལྟུང་ཡང་གདའ།། རྒྱ་མཚོ་སྐམས་ཤིང་རི་རབ་བརྙིལ་ཡང་གདའོ།། ས་ལ་གནམ་ལྟུང་དུམ་བུ་རྒྱར་འགྱུར་གདའ།། རྒྱལ་བའི་དཀའ་ནི་གཞན་དུ་ཡོད་མི ་འགྱུར། བདེན་པའི་བརྟུལ་ཞུགས་རབ་འབྲེལ་སྟོན་པས་འདི།། སངས་རྒྱས་ཡེ་ཤེས་གཙོ་བོས་བདག་ལུང་བསྟན།། བདག་ནི་རྒྱལ་བ་རང་བྱུང་ཡོན་གནས་འགྱུར།། བདག་ལ་ཡིད་གཉི ་སོམ་ཉི་དོགས་མ་མཆིས།། ཕྱོགས་བཅུ་དག་ཏུ་རིན་ཆེན་ལེགས་སྤྲས་པ།། བྱེ་བ་མཐའ་ཡས་འདྲེན་པ་རྣམས་ལ་ཕུལ།། བྱང་ཆུབ་སེམས་གཅིག་བསྐྱེད་པ་གང་ལ། ་ལ་བསོད་ནམས་སྔ་མས་འདི་ཡི་ཆར་མི་ཕོད།། གང་ཞིག་བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱིད།། དེ་ནི་སངས་རྒྱས་མཆོད་པ་མཆོག་ཏུ་འཕགས།། གང་ཞིག་འདྲེན་རྣམས་ཚུལ ་འདི་མི་གཅོད་པ།། དེ་ནི་སྟོབས་བཅུ་ཀུན་གྱི་བཀའ་དྲིན་བཟོ།། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་དེས།། ཚིག་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་སྨྲས་པ་ན། སྲོག་ཆག། ་ཁྲིས་བླ་ན་མེད་པ་ཡང་དགུ་པར་རྫོགས་པའི་བྱང་ཆུཏུ་སེམས་བསྐྱེད། དེ་དག་གིས་ཚིག་འདི་སྐད་དུ་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐོང་བ་དེན་མེད་དེས། ་བྱང་ཆུབ་བརྙེས་པ་དེའི་ཚེ། བདག་ཅག་ཀྱང་བཅོམ་ལྡན་འདས་དེ་ང་ཕྲེད། འཇིག་རྟེན་གྱི་ཁམས་ཡོངསུ་དག་ཀྱ་ང་བརྟན་པ་དེར་སྐྱེ་བར་གྱུར་ཅིག། དེ་བཞིན་གཤེགས་པ་དེའི ་དམ་པའི་ཆོས་ཡོང་སུ་འཛིན་ཅིང་མཆོད་པ་དང་། བསྙེན་བཀུར་ཡང་བགྱིད་པར་གྱུར་ཅིག། བཅོམ་ལྡན་འདས་དེའི་འོག་ཏུ་བདག་ཅག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ ་བར་གྱུར་ཅིག་ཅེས་ཀྱང་སྤྱ་སོ།། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པ་མཐོང་བ་དོན་ཡིད་ཀྱི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར ་ལུང་བསྟན་ཏོ།། ལུང་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་འཐུགས ་བརྩེ་བ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བའི་སླད་དུ། རྒྱ་མཚོ་ཆེན་པོར་སངས་གདུགས་ཆོད་གསོལ་བར་གནང་བ་མཛད་དུ་གསོལ།། དེ་ཅིའི་སྲང་ཞེ་ན། ་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་ནང་མརྡྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། དེ་མ་ལགས་པ་ཡང་དུང་འགྲོའི་སྐྱེ་གན་སུ་སྐྱེས་པའི་སེམས་ཅན་ཚད་མ་མཆིས་པ ་དག་མཆིས་ཏེ། དེ་དག་གིས་དེ་བཞིན་གཤེགས་པ་མཐོང་བ་ན། དགེ་བའི་རྩ་བ་དག་སྐྱེད་པར་འགྱུར་ལ། དམ་པའི་ཆོས་ཐོས་པས་ཀྱང་འཁོར་བ་ཐོག་མ་མཆིས་པའི་མཐའ་རྟོགས ་པར་འགྱུར་བ་དང་། བདག་གི་ཀླུའི་རྒྱལ་པོའི་གནས་ཀྱང་ཡོངསུ་ལོངས་སྤྱོད་པར་འགྱུར་ཏེ། ལྷ་དང་བཅས་པའི་འ་ཇིག་རྟེན་གྱིས་བརྙས་པར་མི་འགྱུར་ལ། དེ་བཞིན་གཤེགས ་བས་ཀྱང་། སངས་རྒྱས་ཀྱི་ཆེ་བ་ཉིད་བསྟན་པར་ལ་གྱུར་པ་དང་། བདག་གི་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པའི་ཆོས་ཉེ་བར་བརྟན་པ་བགྱིས་པར་འགྱུར་བའི་སླད་དུའོ།། ་ལྡན་འདས་ཀྱིས་ཀྱང་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ཐུགས་བརྩེ་བ་དང་། སེམས་ཅན་ཚད་མེད་པ་དག་གི་དགེ་བའི་རྩ་བ་འཕེལ་བར་བྱ་བའི་ཕྱིར་གནང་།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ ་བཅོམ་ལྡན་འདས་ཀྱིས་གནང་བར་རིག་ནས།། ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ།། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ ་བོས་ཕྱག་འཚལ་ནས་ལན་བདུན་དུ་བསྐོར་བྱས་ཏེ། དཔུང་དང་། འཁོར་དང་བཅས་པར་བཅོམ་ལྡན་འདས་ཀྱི་ཐད་ནས་མི་སྣང་བར་གྱུར་ཏེ། རྒྱ་མཚོ་ཆེན་པོའི་ནང་དུ་ཕྱིར་སོངོ་།། དེ་ནས་དེར་སྐྱེ ་དེའི་ཚོགས་འདུས་པ་ཐམས་ཅད་ལ་འདི་སྐད་ཅེས་སྨྲ་སོ།། བདག་གིས་དེ་བཞིན་གཤེགས་པ་སང་གདུགས་ཚོད་གསོལ་བར་སྤྱན་དྲངས་ཏེ། དེས་ཀྱང་བདག་ལ ་ཐུགས་རྩེ་བའི་ཕྱིར་གནང་གིས། དེར་ཁྱེད་ཀུན་གྱིས་ཀྱང་ལྷན་ཅིག་འཐུན་པ་དང་། ཡང་དག་པར་དགའ་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། བསྙེན་བཀུར་ལ་བརྩོན་པར་གྱིས ་ཤིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། ལྷ་མ་ཡིན་གྱི་དབང་པོ་བདེ་མཆོག་དང་། སིམ་བྱེད་དང་ཐག་བཟང་རིས་ལ་སྨྲས་པ། གྲོགས་པ་དག ་བར་གྱིས་ཤིག། དེ་བཞིན་གཤེགས་པ་རྒྱ་མཚོ་ཆེན་པོར་འདིར་གཤེགས་ཀྱིས། དེར་ཁྱེད་འཁོར་དང་བཅས་པ་ཐམས་ཅད་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར། ་བདག་གིས་སྐབས་ཕྱེ་བ་ལགས་ཀྱིས། བདག་གི་གནསུ་སྤྱོ་ན་ཅིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། ཀླུའི་རྒྱལ་པོ་འཇོག་པོད་ང་། ཁ་དོག་མཐའ་ཡས་པ་དང་། དྲི་མ་མེད་པ་དང་། ་འོད་ཅན་དང་། རྣམ་པར་རྩེ་བ་དང་། བཀོད་པ་དང་། ལག་ན་རྡོ་རྗེ་དང་། བརྗོད་བྱ་དང་། ཁ་དོག་ཐམས་ཅད་སྟོན་པ་དང་། ཙན་དན་གྱི་རྣམ་པ་དང་། དེ་ལ་སོགས་པ་ཀླུ་རྒྱལ་པོ་འབུམ་ཕྲག་དུ་མ ་ལ་སྨྲས་པ། གྲོགས་པོ་དག་ཁྱེད་ཅག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར། བདག་གི་གནས་སྤྱོན་ཅིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས ་གཞོནུ་དཔལ་གྱི་གཟི་བརྗིད་ལ་བསྒོ་བ། བཞིན་བཟངས་ཁྱོད་སེང་ལ། ཀླུའི་རྒྱལ་པོ་མ་དྲོས་པའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ལ། ངའི་འཕྲིན་འདི་སྐད་གྱིས་ཤིག། བདག་པའི་མཆིད་ནས། ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་བཤོས་གསོལ་གྱིས། རྒྱ་མཚོ་ཆེན་པོར་སྤྱོན་ཅིག་ཅེས་བགྱིས་ཤིག། ལེགསོ་ཞེས་བྱས་ཏེ། མཉན་ནས་ཇི་སྐད་བསྒོ་བ་བཞིན་དུ། ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱིས་བྱའོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། ཀླུའི་རྒྱལ་པོ་ཤུགས་དྲག་ལ་སྨྲས་པ། ཤུགས་དྲག་ཁྱོད་སོང་ལ། རི་རབ་ཀྱི་སྟེང་དུ་སོང་ཏེ། ་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་ཀྱང་བས་ཤིག། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་ཡང་དེ་བཞིན་གཤེགས་པ་ལ་མཆད་པ་དང་། བསྙེན་བཀུར་བགྱིས། རྒྱ་མཚོ་ཆེན་པོར་བདག ་གི་གནསུ་སྤྱོན་ཅིག་ཅེས་གྱིས་ཤིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་ཇི་སྐད་བསྒོ་བ་བཞིན་དུ། ཀླུ་ཤུགས་དྲག། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་དང ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཐ་ད་དུ་སོང་ནས་ཇི་སྐད་བསྒོ་པོ་བཞིན་དུ་བོསོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་རང་གི་གནས་འཁོར་གྱི་ཁྱམས་བཀོད་པ། བཻ་དཱུརྱ་སྔོན་པོ་དག་པ་དང་། ་འཛམྦུ་ཆུ་བོའི་གསེར་ལས་བྱས་པ་བཤམས་ཏེ། རིན་པོ་ཆེ་དུམས་ནི་སྤྲས། རིན་པོ་ཆེའི་དྲ་བས་ནི་ཁེབས་པར་བྱས། དྲིལ་བུ་གཡེར་ཀའི་དྲ་བ་ནི་དཔྱངས། དར་གྱི་ལྔ་ལྡི་མང་པོ་ནི་བཏགས། ་བླ་རེ་ནི་བྲེས། རྒྱལ་མཚན་དང་བ་དན་ནི་སྒྲེང་། རྒྱ་མཚོའི་སྤོས་ཀྱི་མཆོག་གིས་ནི་གདུགས། མེ་ཏོག་སྣ་ཚོགས་ནི་བཀྲམ་སྟེ། འཁོར་གྱི་ཁམས་ཡངས་ཤིང་རྒྱ་ཆེ་བ་དེའི་ནང་ང། བཙས ་ཀྱི་སེངྒེའི་ཁྲི་འཕངས་དུ་དཔག་ཚད་བཅུ་གཉིས་པ། རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། ལྷ་རྫས་ཀྱི་རས་བཅོས་བུ་རྣམ་པ་སྣ་ཚོགས་དུམ་མང་པོ་བཏིང་བ། བླ་རེ་བྲེས་པ། རིན་པོ་ཆེ་སྣ། ་བདུན་གྱི་སྟེགས་བུས་བསྐོར་བ། རིན་པོ་ཆེའི་དྲབས་ཁེབས་པ། དྲིལ་བུ་གཡེར་ཀའི་དྲ་བ་དབྱངས་པ། དར་གྱི་ལྔ་ལྡི་བཏགས་པས་བརྒྱན་པ། རྣམ་པ་ཐམས་ཅད ་མཆོག་དང་ལྡན་པ་ཞིག་བཤམ་སོ།། དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་གདན་ཡང་ཇི་ལྟར་འཚལ་བ་བཞིན་དུ་བཤམ་སོ།། རོ་བརྒྱས་བསྒོས་པའི་ཞལ་ཟས་དག་ཀྱང་བཤམས་ཏེ། ཐམས ་ཅད་ལེགས་པར་ཟིན་པར་རིག་ནས། བུ་དང་གཉེན་འདབ་དང་། འཁོར་དང་བཅས་ཏེ། རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་ལ་འཁོད་ནས། བཅོམ་ལྡན་འདས་ལ་གདུགས་ཚོད་དབབ་པའི ་ཚིགསུ་བཅད་པ་འདི་དག་གསོལ་ཏོ།། ཆོས་ཀྱི་དབང་ཕྱུག་ཡེ་ཤེས་རྒྱ་ཆེན་ཁྱད་པར་བརྙེས། ཡེ་ཤེས་འབྱུང་བ། ནས་མཁའ་འདྲ་ཡེ་ཤེས་མཐའ་ཡས་པ། འཇིག་རྟེན་འདས ་པ་སྤྱན་ཡངས་དག་པའི་སྤྱན་དང་ལྡན།། ཕན་པ་མཛད་པ་གདུགས་ཚེད་བབ་ཀྱི་གཤེགསུ་གསོལ།། ཚངས་པའི་གསུང་དང་རྣམ་དག་གསུང་ལྡན་དབྱངས་སྙན་པ།། ཀ་ལ་བིང་ཀ ་རྔ་སྒོ་བདུད་རྩིའི་དོན་སྟོན་པོ།། སྨན་པའི་མཆོག་སྟེ་ཉོན་མོངས་སྣ་ཚོགས་མུན་སེལ་བ། སེམས་ཅན་རིན་ཆེན་གདུགས་ཆོད་བབ་ཀྱི་གཤེགསུ་གསོལ། ཞི་ཞིང་རང་ཞི་ཐུག་མངའ་རྟག ་ཏུ་ཞི་བར་སྤྱོད།། རྒྱལ་པོ་གྲོལ་བ་ལྷ་དང་མི་རྣམས་རབ་གྲོལ་མཛད།། ཆུ་བོ་བཞི་ལས་རྒལ་བ་འགྲོ་བ་སྒྲོལ་བ་པོ།། ཕ་རོལ་གཤེགས་པ་བདེ་སྦྱིན་གདུགས་ཚེད་དུས་ལ་བབ།། སྦྱིན་དུ་ལ་ཡང ་དག་སྡོམ་དགྱེས་ཚུལ་ཁྲིམས་ཡོངསུ་དག། བཟོད་པའི་སྟབས་ལྡན་ཞིང་བརྩོན་འགྲུས་ཆེན་པོ་བརྙེས།། བསམ་གཏན་རྣམ་ཐར་དགྱེས་པ་ཤེས་རབ་ཡོང་སུ་རྫོགས།། ཞལ་རིས་ཟླ་འདྲ་གདུགས་ཚོང་ངས ་ཀྱིས་གཤེགསུ་གསོལ།། ལམ་མཁྱེན་ལམ་ལ་མཁས་ཤིང་ངན་པའི་ལམ་སྲང་ངན་པ་སྤངས།། བྱང་ཆུབ་ཡན་ལག་དབང་སྟོབས་བདེན་པ་བཞི་སྟོན་པ།། ཡང་དག་སྤོང་རྫུ་འཕྲུལ་བན ་དང་དྲན་དང་ལྡན།། ཐམས་ཅད་ཟིལ་གནོན་ཡོན་ཏན་མངའ་བ་གདུགས་ཚོང་བབ།། སུམ་ཅུ་རྩ་གཉིས་མཚན་མངའ་བསོད་ནམས་བརྒྱ་ཡི་ཏོག། བསོད་ནམས་འཚལ་རྣམས་བསོད་ནམས ་ཞིང་ཆེན་བཅོམ་ལྡན་འདས།། མཆོད་སྦྱིན་དམ་པ་ཞེས་པའི་འོས་ལགས་ཡོན་གྱི་གནས།། བྱམས་ལ་དགྱེས་པ་གདུགས་ཆོད་བབ་ཀྱིས་གཤེགསུ་གསོལ།། ལྷུན་པོ་འདྲ་ཞིང་ས་དང་མཚུངས ་ལ་སྦྱོར་བ་སྙོམས།། བྱམས་སྡང་མི་མངའ་ནམ། ཁའི་ངོ་བོ་ཉིད་དང་མཚུངས།། མི་ཡི་དབང་པོ་ཁེངས་པ་མི་མངའ་དམ་ན་མི་མངའ།། སྟེང་དང་རྣམ་པར་ཐར་ལ་དགྱེས་པ་གདུགས་ཆོད ་དབབ་ཀུན་མཁྱེན་ཀུན་ལ་མཁས་པ་དུས་དང་ཆོ་ག་མཁྱེན་ཆོས་རྣམས་འབྱེད་ལ་མཁས་པ་རྟག་ཏུ་དུས་བཞིན་སྤྱན།། སེམས་ཅན་བསམ་པ་རབ་མཁྱེན་དེན་རིག ་མཁྱེན་པར་ལྡན།། ཆོས་ཀྱི་ངོ་བོ་ཉིད་མཁྱེན་གདུགས་ཚོད་དུས་ལ་བབ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོས་གདུགས་ཆོ་དབབ་པ་དེ་ཐུགསུ་ཆུད་ནས། དག ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཀླུའི་རྒྱལ་པོ་རྒྱ་མཚོས་གདུགས་ཆོད་ཕབ་ཀྱིས་ལྷུང་བཟེད་དང་ཆོས་གོས་ལོང་ལ། སེམས་ཅན་ཡོངསུ་སྨིན་པར་བྱ་བ་དང་། ཀླུའི ་རྒྱལ་བ་རྒྱ་མཚོའི་གནསུ་ཡོངསུ་ལོངས་སྤྱད་པའི་ཕྱིར། རྒྱ་མཚོ་ཆེན་པོར་འདོང་།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངསུ་བསྐོར། ཉན་ཐོས་ཀྱི་དགེ་འདུན་གྱིས་ནི ་མདུན་དུ་བདང་། ལྷའི་ཚོགས་ཀྱིས་ནི་ཕྱག་བྱས། ལྷ་མ་ཡིན་གྱིས་ཚོགས་ཀྱིས་ནི་བསྟོད། ངང་པའི་རྒྱལ་པོ་བཞིན་དུ་སྟེང་གི་བར་སྣང་ལ་འཕགས་ཏེ་གཤེགས་ནས། ་འོད་གཟེར་ནི་འགྱེད་སངས་རྒྱས་ཀྱི་ཞིང་རྣམས་ནི་སྣང་བར་མཛད། པདྨའི་ཆར་ནི་འབེབས། སིལ་སྙན་འབུམ་ནི་སྒྲོགས། ཀླུ་དབྱངས་འབུམ་ནི་གྲགས་པར་མཛད། རྒྱ་མཚོའི་འགྲམ་ག ་བ་དེར་གཤེགས་ཏེ་བྱོན་ནས། རྒྱ་མཚོའི་འགྲམ་ནི་དགའ་བའི་ཚལ་ལྟར་ཉམས་དགའ་བ་ཞེས་བྱ་བའི་ཙམ་པ་ཀའི་ཚལ་ག་ལ་དེར19སོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱསོ།། མཆོད་པ་བྱས་ནས་གདུགས་ཕབ་བོ།། ་དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་སྙམ་དུ་སེམས་ཏེ།། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་བདག་གི་གནསུ་གཤེགས་པ་དེ་ན། བདག་གི་རིག་པ་མ་ཡིན། ཆ་མ ་ཡིན་གྱིས་བདག་གིས་བཅོམ་ལྡན་འདས་ལ་ཆོད་པའི་ལོས་བྱ་བའི་ཕྱིར། ཐེ་སྐས་ཇི་ལྟ་བུ་དག་གིས་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་གནས་ནས། འཛམྦུའི་གླིང་དུ་ག་ཤེ ་པ་དེ་ཁོ་ན་ལྟ་བུའི་ཐམ་སྐས་དག་བྱིན་གྱིས་བརླབས་ལ། ཐེམ་སྐས་དེ་དག་ལས་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོར་གཤེགས་པར་བྱ་གོར་མ་ཆགས་སྙམོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས ་རྒྱ་མཚོ་ཆེན་པོའི་འགྲམ་ནས། རང་གི་གནས་ཀྱི་བར་དུ་ཐེམ་སྐས་ཀྱི་རིམ་པ་གསུམ་བཤམས་ཏེ། གཅིག་ནི་གསེར་ལས་བྱས། གཅིག་ནི་བཻ་ཌཱུརྱ་ལས་བྱས། གཅིག་ནི་མུ་ཏིག་དམར་པོ་ལས ་བྱས་ཏེ། རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། བཀྲ་བ། བལྟ་ན་སྡུག་པ་དག་བཤམ་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ་སུས་ཀྱང་མིག་གིས་མི ་མཐོང་བ་དང་། སུས་ཀྱང་སེམས་ཅན་དག་ལ་གནོད་པར་མི་འགྱུར་བ་དེ་ལྟ་བུའི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབ་སོ།། བཅོམ་ལྡན་འདས་ཀྱི་སྐུ་ལས་ཀྱང་འོད་གང་གིས་རྒྱ་མཚོ་ཆེན་པོ་སྣང ་བར་གྱུར་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་འགྱུར་བ་དེ་ལྟ་བུའི་འོད་འགྱེད་པ་མཛདདོ།། རྒྱ་མཚོ་ཆེན་པོ་ནས་སེམས་ཅན་གནས་པ་གང་ཡིན་པ་དེ་དག་ཀྱང་འོད ་དེས་རེག་པ་ཙམ་གྱིས། བྱམས་པའི་སེམས་དང་། ན་པའི་སེམས་དང་། མཉེན་པའི་སེམས་དང་། བདེ་བའི་སེམསུ་གྱུར་ཏེ། ཕྱིན་ཆད་སུ་ཡང་ཕན་ཚུན་རྣམ་པར་འཚེ་བ་མེད ་ཅིང་གནོད་པ་མེད། དེ་དག་ཐམས་ཅད་གཅིག་ལ་གཅིག་ཕ་མར་འདུ་ཤེས་པར་གྱུར་ཏོ།། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱང་། ཆོས་མཉན ་བ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་ཀྱི་བཀོད་པ་བལྟ་བར་འདོད་པའི་ཕྱིར། བཅོམ་ལྡན་འདས་ཀྱི་བྱི་བཞིན་འབྱུ་།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས ་ཆེན་པོ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་སོགས་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ ་ཆེན་པོ་རྣམས་དང་། མི་དང་མི་མ་ཡིན་པ་རྣམས་དང་། དགའ་བའི་ཚལ་ལྟར་ཉམས་དགའ་བའི་ཙམ་པ་ཀའི་ཚལ་ནས་ལངས་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོས་ཐེམ་སྐས་ཀྱི་རིམ་པ་བཤམས ་པ་ག་ལ་བ་དེར་དོང་སྟེ། ལྷགས་ནས། ཐེམ་སྐས་དབུས་མ་ལ་ནི་བཅོམ་ལྡན་འདས་བཞུག་སོ།། གཡས་རོལ་ན་ནི་བྱང་ཆུབ་སེམས་དཔའ་རྣམས་འཁོད་།། གཡོན ་རོལ་ན་ནི་ཉན་ཐོས་ཆེན་པོ་རྣམས་འཁོད། མདུན་ལོགས་ན་ནི་བརྒྱ་བྱིན་བྱེ་བ་ཕྲག་དྲུག་ཅུ་ལག་པ་གཡས་པས་ལམ་མཚོན་པོར་བྱེད།། ཚངས་པ་བྱེ་བ་དྲུག་ཅུ་ན་མཁའི་དཀྱིལ་ན་འཁོད ་དེར་བཅོམ་ལྡན་འདས་ལ་རིན་པོ་ཆེའི་གདུགས་རྣམས་འཛིན་ཏོ།། ལྷ་བྱེ་བ་ཕྲག་དྲུག་ཅུ་ནི་བཅོམ་ལྡན་འདས་ཀྱི་སྣམ་ལེགས་ན་འཁོད། མེ་ཏོག་ཆར་འབབ་སོ།། འདོད་པ་ན་སྤྱོད ་པའི་ལྷའི་བུ་རྣམས་ནི། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར། སིལ་སྙན་བྱེ་བ་ཕྲག་དྲུག་ཅུ་དཀོལ་བ་ར་པྱོད།། ལྷའི་བུ་མོ་བྱེ་བ་བྲག་དྲུག་ཅུ་ནི་བཅོམ་ལྡན ་འདས་ཀྱི་ཤུལ་སྤོས་ཆུའི་ཆག་ཆག་འདབ་སོ།། ཀླུའི་བུ་མ་བྱེ་བ་ཕྲག་དྲུག་ཅུ་ནི་ནམཁའི་དཀྱིལ་ན་འཁོད། རོ་སྟོང་ཁེ་ས་པའི་མུ་ཏིག་གི་འབྲེང་བ་དག་འབྱུང་བར་བྱེད།། ་མི་འམ་ཅི་བྱེ་བ་དྲག་དྲུག་ཅུ་ནི་བཅོམ་ལྡན་འདས་ལ་ཚིགསུ་བཅད་པ་བརྗོད་པས་བསྟོད་པར་བྱེད།། དྲི་ཟ་བྱེ་བ་ཕྲག་དྲུག་ཅུ་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྟ་ན། མེ་ཏོག་གི་འཕྲེང་བ ་རྣམས་ཕྱུང་བར་བྱེད།། ལྷ་མ་ཡིན་བྱེ་བ་ཕྲག་དྲུག་ཅུ་ནི་རས་བཅོས་བུ་ཁ་དོག་སྣ་ཚོགས་སྟོང་གིས། བཅོམ་ལྡན་འདས་ལ་འགེབས་པར་བྱེད།། ཀླུའི་རྒྱལ་པོ་མ་འདྲོས་པ་ཡང ་འཁོར་བྱེ་བ་ཕྲག་བརྒྱ་དང་ནམཁའི་དཀྱིལ་ན་འཁོད། མེ་ཏོག་དང་། སྤོས་དང་། ཕྱེ་མ་དང་། བྱུག་པ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཐམས་ཅད་དང་། ་སིལ་སྙན་དང་། ཀླུ་དབྱངས་དང་། ཕེག་རྡོབ་པ་དང་། ལྷའི་བཀོད་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པར་བྱེད། དེ་ལ་སོགས་པ་ཀླུའི་རྒྱལ་པོ་དྲུག་ཁྲི་བཅོམ་ལྡན་འདས་ལ། ་མཆོད་པའི་ལས་བྱེད་པ་ལ་ཞུག་སོ།། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ནས་ཀྱང་། བྱང་ཆུབ་སེམས་དཔའ་སྤྱན་རས ་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའི་འཁོར་མང་པོ་དང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཀླུའི་རྒྱལ་པོ་རྒྱ་མཚོ་དགའ་བར་བྱ ་བ་དང་། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྷག་སོ།། དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་མཆོད་པའི་བཀོད་པ་སྔ་མ་གང་ཡིན་དེ་མོག ་མག་པོར་བྱེད་ཅིང་། མི་མངོན་པར་བྱེད་པ་དེ་ལྟའི་མཆོད་དུ། བྱསོ།། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཟོད་དཀའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན ་གྱི་ཁམས་འོད་གཟེར་ཅན་ནས་ཀྱང་། བྱང་ཆུབ་སེམས་དཔའ་འོད་ཀྱི་རྟོག་དང་། འོད་ཀྱི་དཔལ་གཉིས་འོངསོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས ་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་དགའ་ནས་ཀྱང་། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེ་དང་། གླང་ཆེན་སྤོས་ཀྱི་གླང་པོ་གཉིས་འོང་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉི ་ཟླའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རྣམ་པར་སྣང་བྱེད་ནས་ཀྱང་། བྱང་ཆུབ་སེམས་དཔའ་སིངྒེ་དང་། སེངྒེའི་བློ་གྲོས་གཉིས་འོང་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱན ་བཟངས་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མིག་མི་འཛུམ་པ་ནས་ཀྱང་། བྱང་ཆུབ་སེམས་དཔའ་ཁ་ལོ་སྒྱུར་བ་དང་། ཆོས་ཐམས་ཅད་ལ་དབང་བྱེད ་པ་གཉིས་འོང་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྣང་བ་ཅན་ནས་ཀྱང་། བྱང་ཆུབ་སེམས་དཔའ ་རིན་ཆེན་དཀྱིལ་འཁོར་ཅན་དང་། རིན་ཆེན་ཏ་ལ་ལ་གཉིས་འོངསོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་དཔལ་གྱི་སངས་རྒྱས་ཀྱི་ནིང་འཇིག་རྟེན་གྱི ་ཁམས་དགའ་བའི་སྙིང་པོ་ནས་ཀྱང་། བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་དང་། རྣམ་པར་གནོན་པ་དོན་ཡོ། དད་གཉིས་འོང་སོ།། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཀུན་ཏུ་རྣམ་པར་གཟིགས་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཀུན་ཏུ་ལྟ་བ་ནས་ཀྱང་། བྱང་ཆུབ་སེམས་དཔའ་སྤྲིན་གྱི་རྒྱལ་པོ་དང་། ཆོས ་ཀྱི་རྒྱལ་པོ་གཉིས་འངསོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མཐོང་ན་དགའ་བ་ནས་ཀྱང་། ་བྱང་ཆུབ་སེམས་དཔའ་བདུད་རབ་ཏུ་འཇོམས་པ་དང་། བྲག་འཇོམས་རྒྱལ་པོ་གཉིས་འོངས།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་སངས་རྒྱས་ཀྱི་ཞིང་འཇིག་རྟེན ་གྱི་ཁམས་རིན་ཆེན་ལྡན་ནས་ཀྱང་། བྱང་ཆུབ་སེམས་དཔའ་བྲོ་གྲོས་རབ་གནས་དང་། སྒྲིབ་ཐམས་ཅད་རྣམ་པར་སེལ་བ་གཉིས་འོངསོ།། དེ་ལྟར་ཕྱོགས་བཅུ་ནས་ཀྱང་། བྱང་ཆུབ་སེ་། ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བྱེ་བ་མང་པོ་ཀླུའི་རྒྱལ་པོ་རྒྱ་མཚོ་དགའ་བར་བྱ་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྷག་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་སངས་རྒྱས་ཀྱི་མཐུ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ་དང་། སངས་རྒྱས་ཀྱི་བཀོད་པ་ཆེན་པོ་དང་། སངས་རྒྱས ་ཀྱི་བདག་ཉིད་ཆེ་བ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པ་ཆེན་པོ་དང་། སངས་རྒྱས་ཀྱི་མཆོད་པ་ཆེན་པོ་དང་། སངས་རྒྱས་ཀྱི་སངྒེའི་སྒྲ་ཆེན་པོས། ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང ་དཔག་ཏུ་མེད་པ་དག་འོད་ཀྱིས་ཁྱབ་པར་མཛད། སངས་རྒྱས་ཀྱི་གསུང་གིས་གོ་བར་མཛད་ནས། ལྷ་འབུམ་གྱིས་སིལ་སྙན་དང་། ཀླུའི་དབྱངས་ལེན་ཅིང་། མེ་ཏོག་ཆར་འབེབས ་ལ་ངངན་སོང་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ནི་བར་བྱ། ས་ཏེ། སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ་ས་བསྒྲུབས་ནས། སྙིང་རྗེ་ཆེན་པོ་བརྟན་པ་ཞེས་བྱ་བ ་སངས་རྒྱས་ཀྱི་ཏིང་འཛིན་ལ་སྙོམས་པར་ཞུག་སོ།། བཀོད་པ་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུས། རིན་པོ་ཆེའི་ཐེམ་སྐས་དེ་དག་ལས་རྒྱ་མཚོ་ཆེན་པོར་གཤེགས་ཏེ། དེ་ལྟ་བུའི་གླུ་དབྱངས ་ལེན་པ་ན། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་གསུང་གིས་གོ་བར་མཛད་ནས། སངས་རྒྱས་ཀྱི་མཐུ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་འཇིག་རྟེན་གྱི ་ཁམས་གཞན་དང་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་ད ་ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ཤཱཀྱ་ཐུབ་པ་རྒྱ་མཚོ་ཆེན་པོར་གཤེགས་པ་མཐོང་ངོ་།། དེ་ན་ལྷའི་བུ་མོ་དང་། ཀླུའི་བུ་མོ་གནོད་སྦྱིན་གྱི་བུ་མོ་དང་། ལྷ་མ་ཡིན་གྱི་བུ་མོ་དང་། ན་མཁའ་ལྡིང་གྱི་བུ་མོ་དང་། དྲི་ཟའི ་བུ་མོ་དང་། མི་འམ་ཅིའི་བུ་མོ་དང་། ལྟོ་འཕྱེ་ཆེན་པོའི་བུ་མོ་བྱེ་བ་ཕྲག་འབུམ་དག་གིས། སིལ་སྙན་དང་། གླུའི་དབྱངས་ལེན་ཅིང་། བཅོམ་ལྡན་འདས་མདུན་ནས་བསུ་ནས། དེའི་ཚེ། ་རྒྱུད་ཀྱི་སྒྲ་སྐད་ལས་འབྱུང་བའི་ཚིགསུ་བཅད་པ་ཁྱད། དཔར་དུ་འཕགས་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། སྦྱིན་པ་ལས་བྱུང་ཚུལ་ཁྲིམས ་མཛེས་དང་ལྡན།། བཟོད་པའི་སྟོབས་ལས་བྱུང་བ་བྱམས་པ་བསྒོམས།། བརྩོན་འགྲུས་ལས་བྱུང་དོན་གྱི་རྒྱ་མཚོ་ལགས།། ཁསམ་གཏན་རྣམ་ཐར་དགྱེས་པ་ཁྱོད ་ཕྱག་འཚལ།། ཤེས་རབ་འོད་ལྡན་དགོངས་པ་རྣམ་པར་དག། འོད་དང་གཟི་བརྗིད་དཔལ་གྱིས་མངོན་པར་བརྒྱན།། རྣམ་པར་གྲོལ་བ་མངོན་སུམ་སྟོན་མཛད་པ།། ཐུབ་པ་ཉོན་མོངས ་བསལ་ལ་ཕྱག་འཚལོ།། བརྟུལ་ཞུགས་ཤིན་ཏུ་རྫོགས་པ་བརྟུལ་ཞུགས་མཆོག། དཀའ་ཐུབ་མཐར་ཕྱིར་རྟོགས་པར་ཐུགསུ་ཆུད།། མིག་ནི་སྦྱིན་པར་མཛད་ཅིང་མིག ་སྦྱོང་བ།། འགྲོ་བ་ཀུན་ཏུ་རྒྱུ་བ་འགྲོ་བའི་མཆོག། དོན་དམ་ཟབ་མོ་ཤིན་ཏུ་སྟོན་པ་པོ།། གཞན་ལ་ཕན་པ་བཟླ་མེད་ཐུགསུ་ཆུད།། ཆགས་པ་མེད་པར་ཚི་གི་དོན་སྟོན་པ། ་གཞན་ལ་ཕན་པ་དཔེ་མེད་འོད་མཛད་པ།། དུས་སྐབས་མཁྱེན་པ་ཀུན་ཏུ་སྟོན་པ་པོ།། རྒོལ་བ་ངན་པའི་ཚོགས་ཀུན་རབ་འཇོམས་པ།། བརྟུལ་ཞུགས་ཡོངསུ་རྫོགས་བརྟུལ ་ཞུགས་མཆོག། བདུད་རྩིའི་བདེ་སྐྱིད་བདེ་བ་སྦྱིན་མཛད་པ།། ན་མཁའ་འདྲ་ཞིང་དགོངས་པ་དག་པ་སྟེ།། དྲི་མ་ཀུན་སེལ་རྣམ་པར་འདྲེན་པ་པོ།། ཡོན་ཏན་རྒྱ་མཚོ་བསོད་ནམས་མི་ཟད་པ།། ་རྒྱ་མཚོར་འཇུག་པ་ཡེ་ཤེས་རྒྱ་མཚོར་ལྡན།། ཆོས་ཀྱི་དབང་ཕྱུག་ཉོན་མོངས་སེལ་མཛད་པ།། ཆོས་ཀྱི་སྦྱིན་བདག་སེར་སྣ་མི་མངའ་བ།། ཆོས་ཀྱི་རིན་ཆེན་ནོར་མཆོག་སྦྱིན་མཛད་པ། ་ཆོས་མཆོག་ཡེ་ཤེས་དེ་ཉིད་སྟོན་པ་པོ།། དགའ་བ་སྟོན་པ་བདྲ་བ་སྟོན། བག་ལ་ཉལ་གྱི་ཉེས་པ་སྤོང་བ་སྟོན།། རི་ཡི་དབང་པོ་བཞིན་དུ་མི་གཡོ་བ།། དེ་བཞིན་གཤེགས་པ་ཁྱོད་ལ ་མགོས་ཕྱག་འཚལ།། མི་དང་ལྷ་དང་མཁའ་ལྡིང་བསང་། བ་པ།། ལྷ་མིན་སྲིན་པོ་མི་འམ་ཅི་ཡི་བདག། ཀླུ་རྣམས་དང་། ནི་གྲལ་བུམ་གནོད་སྦྱིན་རྣམས།། ཁྱོད་ཀྱི་ཞབས་ལ ་མགོ་བོས་ཕྱག་ཀྱང་འཚལ།། མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན་པ་སྟེ།། རབ་མཛེས་དཔེ་མེད་ཤིན་ཏུ་སྟོན་མཛད་པ།། གསེར་མདོག་ཅན་དཔལ་ལྡན་མདོག་སྡུག་པ།། སེན་མོ་ཟངས་འང ་མདོག་སྡུག་ཕྱག་མཐིལ་མཉམ།། ཀ་ལ་བིང་ཀའི་གདངས་ཅན་ཡ་མཚན་གསུང་།། ཚངས་པ་ལྷ་དབང་གདངས་ཅན་གདངས་ཀྱི་མཆོག། གསུང་གིས་སྟོང་གསུམ་སོ་སོར་འགེངས་པར ་མཛད། འཇམ་མཉེན་གསུང་ལྡན་ཁྱེད་ལ་ཕྱག་འཚལོ།། དབང་པོ་དུལ་ཞིང་ཐུགས་ཀྱང་དུལ་བ་སྟེ།། ཞལ་རས་ཟླ་བ་འདྲ་ཞིང་སྤྱན་ལེགས་པ།། རྟག་ཏུ་བདེན་པ་གསུང་ཞིང་མཉམ་པར་བཞག། ་། རྟག་ཏུ་ཆོས་འཛིན་ཁྱོད་ལ་ཕྱག་འཚལོ།། རྒནད་སྡུག་བསྔལ་རབ་ཏུ་གྲོལ་མཛད་པ།། འགྲོ་བའི་དོན་མཛད་ཉོན་མོངས་སྤོད་བྱ།། རྒྱལ་བར་འོས་པ་བདུད་འཇོམས་རྒྱལ་བ། ་བོ་སྐྱེ་བཟད་པ་དེ་ཉིད་སྟོན་མཛད་པ།། དགྲ་བཅོམ་དགྲ་ཡི་ཚོགས་རྣམས་འཇོམས་པ་བོ།། ལྷ་ལས་འདས་པ་ལྷ་མང་རྣམས་ཀྱིས་མཆོད།། ཁྱོད་ནི་རྟག་ཏུ་བཞེས་པའི་འོས་ཀྱི་མཆོག། སྐྱེ ་དགུ་ཀུན་མཆོག་འདྲེན་པ་བཟང་པོ་ལགས།། དེ་ནས་ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ན་མཁར་ལྡིང་དང་། ལྟོ་འཕྱེ་ཆེན་པ་དང་། དྲི་ཟའི་བུ་མ་དག་གིས། ་བཅོམ་ལྡན་འདས་ལ་ཚིག་སུ་བཅད་པ་འདི་རྣམས་ཀྱིས་མངོན་པར་བསྟོད་ནས།། ཐམས་ཅད་གཅིག་ཏུ་འཐུན་པར་གྱུར་པས།། བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས ་བསྐྱེད་ནས། རང་རང་གི་རྒྱན་རྣམས་བཅོམ་ལྡན་འདས་ཀྱི་སྐུ། ལ་གསོལ་ཏོ།། དེ་ནས་བཙོལྡན་ནས་མཐར་གྱིས་རྒྱ་མཚོ་ཆེན་པོར་གཤེགས་ཏེ། རྒྱ་མཚོ་ཆེན་པོའི་གཏིང ་གོ་དཀྱིལ་གྱི་གནས། ཀླུའི་རྒྱལ་པོ་རྒྱ་མཚོའི་འཁོར་གྱི་ཁྱིམས་བཀོད་པ་ག་ལ་བདེར་གཤེགས་ནས། སེཛྲེའི་ཞི་ལ་བཞུགས།། དགེ་སློང་གི་དགེ་འདུན་རྣམས་དང་། བྱང་ཆུབ ་སེམས་དཔའ་རྣམས་ཀྱང་སྟན་ཇི་ལྟར་བཤམས་པ་དེ་དག་ལ་འཁོད།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས ་དཔའ་རྣམས་བཞུགས་པར་རིག་ནས། བུ་དང་བཅས། ཆུང་མ་དང་བཅས། གཉེན་མདཔ་དང་འཁོར་དང་བཅས་པས། རང་གི་ལག་གིས་རྒལ་ཟས་རོ་བརྒྱ་དང་ལྡན་པ་བསོད་པ་མང་བས་ཀྱི། ་པར་བྱེད་ཅིང་། ཅི་བཞེད་པ་སྟོབས་པར་བྱེའོ།། ཚིམ་པར་བྱས་ཤིང་ཅི་བཞེས་པ་སྟབས་ནས་ཁ་ཤོས་གསོལ་ལགས་ཏེ། སུང་སྡེར་གྱུར་པ་དང་། ཕྱག་བཅས་པར་རིག་ནས་རློ་མཉན་པར་ཕྱིར། ་ཀླུའི་རྒྱལ་པོ་རྒྱ་མཚོས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ། ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། ཕྱོགསུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་།། ་དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོ་དར་དེ་ཚོགས་ཏེ་འཁོད་པར་ཐུགསུ་ཆུད་ནས། བདེ་བ་དང་དག། དའ་བ་དང་། མཆོག་ཏུ་དགའ་བའི་ཆོས་མཉན་པ ་ཞེས་བྱ་བའི་འོད་གཟེར་སྐུ་ལས་འགྱེད་པར་མཛད།། འོད་ག། ཟེར་དེ་དག་གིས་མཚོ་ཆེན་པོའི་ནང་ན།། སྲོག་ཆགས་དང་འབྲིང་དང་། ཐ་མ་ཇི་སྙེད་གནས་པ་དེ་དག་ཐམས ་ཅད་ཀྱིས། བཅོམ་ལྡན་འདས་མདུན་ན་བཞུགས་པར་མཐོང་བར་གྱུར་ཏེ། བདེ་བ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེས་ནས། ཆོས་མཉན་པ་ལ་བྲོད་ཅིང་། གུས་པ་དང་བཅས་པས་ཐལ། ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་བདུད་ཅིང་འཁོད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་འཇིག་རྟེན་གནས་པ་འདི ་ནིང་ལས་སྣ་ཚོགས་ཀྱིས་བསྐྱོད་ནས། སེམས་ཀྱི་དམིགས་པ་སྣ་ཚོགས་ཀྱིས་ལས་རྣམ་པ་སྣ་ཚོགས་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད། དེའི་འགྲོ་བ་ཡང་རྣམ་པ་སྣ་ཚོགསུ ་། གྱུར་ཏོ།། ཀླུའི་བདག་པོ་རྒྱ་མཚོ་ཆེན་པོ་འདི་ན། གཟུགས་རྣམ་པ་སྣ་ཚོགས་ཇི་སྙེད་པ་དང་། ཐ་མལ་པ་ཇི་སྙེད་སྣང་བ་ལ་ལྟོས། ཀླུའི་བདག་པོ་འདི་དག་ཐམས་ཅད་ནི། ་རང་རང་གི་སེམས་དང་། དགེ་བ་དང་མི་དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་སྣ་ཚོགས་ཀྱིས་སྣ་ཚོག་སུ་བྱས་པ་དག་གོ།། སེམས་ནི་གཟུགས་མེད་པ་བསྟན་ཏུ་མེད་པ་སྟེ། ་ཀླུའི་བདག་པོ་དེ་ལྟར་ན། ཆོས་ཐམས་ཅད་ནི་བཅོས་མ་རྣམ་པར་བསྒྲུབས་པས་ཉེ་བར་གནས་པའི་མཚན་ཉིད། བདག་པོ་མེད་པ། བདག་གི་མེད་པ། ཡོངསུ་འཛིན་པ་མེད་པའོ།། ད ་། དག་ནི་ལས་ཇི་ལྟར་བསྩགས་པ་བཞིན་དུ་བསྒྲུབས་དཔ་སྣ་ཚོག་སུ་བྱས་པ་དག་སྟེ། འདི་ལ་བྱེད་པོ་གང་ཡང་མདོ།། དེ་ལྟར་ན་ཆོས་ཐམས་ཅད་འདི་དག་ནི་བསམ་གྱིས་མི ་ཁྱབ་པ། སྒྱུ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད།། ཀླུའི་བདག་པོ་དེ་ལ་མཁས་པས་ཆོས་ཐམས་ཅད་རྣམ་པར་བསྒྲུབས་པས་ཉེ་བར་གནས་པའི་མཚན་ཉིད་དུ་ཤེས་ནས། ་དགེ་བ་མངོན་པར་འདུ་བྱ་བ་དག་ཁོ་ན་མངོན་པར་འདུ་བྱ་སྟེ། དགེ་བ་མངོན་པར་འདུ་བྱ་བ་དག་མངོན་པར་འདུ་བྱེད་པ་དེའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམ་པར་བསྒྲུབ ་ནས་ཉེ་བར་གནས་པའི་མཚན་ཉིད་མངོན་པར་བསྒྲུབས་པ་གང་ཡིན་པ་དེ་དག་མཛེས་ཤིང་གཟུགས་བཟངས་ལ་བལྟ་ན་སྡུག་པ་མངོན་པར་འགྲུབ་པར་འགྱུརརོ།། ཀླུའི་བདག་པོ་དེ ་བཞིན་གཤེགས་པའི་སྐུ་བསོད་ནམས་བྱེ་བ་ཕྲག་འབུམ་གྱིས། ཇི་ལྟར་བརྒྱན་པ་དང་། ཇི་ལྟར་རྣམ་པར་བསྒྲུབས་པ་དང་། གང་གིས་ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་། ་ནོན་པར་འདུག་པ་དང་། གང་གིས་འབུམ་ཕྲག་བཅུ་ལ་དབང་སྒྱུར་བའི་ཚངས་པ་འདི་དག་ཀྱང་མོག་མོག་པོར་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་བལྟ་བ་ན་ཡང་། མིག་ཁྲལ་ཁྲུལ ་དུ་གྱུར་པ་ལ་བལྟོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་གིས་ལུས་ཀྱི་རྒྱལ་གཟུགས་ཀྱི་མཚན་རྣམས་ལ་བལྟོས། འདི་དག་ཐམས་ཅད་ནི་དགེ་བ་མངོན ་པར་འདུ་བྱེད་པས་མངོན་པར་འདུ་བྱས་པ་བརྒྱན་པ། རྣམ་པར་བསྒྲུབས་པ་དག་གོ།། ཀླུའི་བདག་པོ་ཁྱོད་ཀྱི་བཀོད་པ་འདི་ཡང་བསོད་ནམས་ལས་བྱུང་བ་ཡིནོ།། བརྒྱ ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འདི ་རྣམས་ཀྱི་བཀོད་པ་འདི་དག་ཐམས་ཅད་ཀྱང་བསོ།། དེ་ནམས་ལས་བྱུང་བ་དག་གོ། ཀླུའི་བདག་པོ་རྒྱ་མཚོ།། ཆེན་པོ་འདི་ན་གང་དག་ལུས་སྣ་ཚོགས་གཟུགས་མི་སྡུག ་ཅིང་དབྱིབས་མ་ལེགས་པ་དང་། ལུས་རགས་ཤིང་ཆེ་བོ་རྣམས་དང་། གང་དག་ལུས་ཕྲ་ཞིང་ཆུང་བ་དེ་དག་ཐམས་ཅད་ཀྱང་རང་རང་གི་སེམས་དང་། མི་དགེ་བའི་རྩ་བའི་ལུས་དང་། ངག་དང་། ་ཡིད་ཀྱི་ལས་སྣ་ཚོགས་ཀྱིས་སྣ་ཚོག་སུ་བྱས་པ་དག་སྟེ། ཀླུའི་བདག་པོ་དེ་ལྟ་བས་ན་ཁྱེད་ཀྱིས་ལས་བདག་གིར་བྱ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པར་འགྱུར་བར་དེ་ལྟར ་སློབས་ཤིག་དང་། ལས་བདག་གིར་བྱ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ཁྱེད་དགེ་བའི་ལས་མངོན་པར་འདུ་བྱ་བ་དག་ལ་བློ་འཇུག་པར་འགྱུརརོ།། ལྟ་བ་ཆུད་གཟོན་པར ་བྱེད་པ་མི་འགྱུར།། ཆད་པ་དང་རྟག་པར་ལྟ་བ་ལ་གནས་པར་ཡང་མི་འགྱུརརོ།། ཁྱེད་ཀྱིས་སྦྱིན་པའི་གནས་རྣམས་མཉེས་པར་ཤིག། མཉེས་པར་བྱས་ནས་ཀྱང ་ཐུགས་བྱུང་བར་མ་བྱེད་ཅིག། བཀུར་སྟིའི་རྒྱུ་ལས་བྱུང་བའི་དགེ་བ་མངོན་པར་འདུ་བྱེད་པས་ཀྱང་། ལྷ་དང་བཅས་པའི་འཇིག་རྟེན་གྱི་བཀུར་བསྟིའི་གན་སུ་འགྱུར་བར་གྱིས ་ཤིག།། བམ་པོ་ལྔ་པ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་གཅིག་གིས་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་སྐྱེ་བ་ཡང་དག་པར ་གཅོད།། ཆོས་གཅིག་པོ་དེ་གང་ཞེ་ན། འདི་ལྟ་སྟེ། བདག་ཇི་ལྟར་གྱུར་ཅིང་ཉིན་མཚན་རྣམས་འདར་ཞིང་འདུག་སྙམ་དྷ། དགེ་བའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། དེ ་དགེ་བའི་ཆོས་ལ་སོ་སོར་རྟོག་པ་མང་བས་མི་དགེ་བའི། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གོ།། སྐབས་མི་འབྱེད།། དེ་མི་དགེ་བའི་ཆོས་སྤངས། ་དགེ་བའི་ཆོས་དང་ལྡན་པས། བསམ་པ་དགེ་བའི་སེམས་ཅན་འདི་ལྟ་སྟེ། སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པ་རྙེད་པར་འགྱུརརོ།། ཀླུའི ་བདག་པོ་དེ་ལ་དགེ་བའི་ཆོས་དེ་དག་གང་ཞེ་ན། དགེ་བའི་ཆོས་རྣམས་ཤེས་བྱ་བ་ནི། ལྷ་དང་མིའི་སྐྱེ་དགུའི་ཕུན་སུམ་ཚོགས་པའི་རྩ་བའི་རྟེན་ཏོ།། ཉན་ཐོས་དང་། རང་སངས་རྒྱས ་ཀྱི་བྱང་ཆུབ་ཀྱི་རྩ་བའི་རྟེན་ཏོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བའི་རྟེན་ཏོ།། རྩ་བའི་རྟེན་ཀྱང་གང་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། བཅུ ་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པ་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང་། རྫུན་དུ་སྨྲ་བ་སྤོང་བ་དང་། ཕྲ་མ་སྤོང་བ་དང་། ངག ་རྩུབ་པོ་སྤོང་བ་དང་། ཚིག་ཁྱལ་པ་སྤོང་བ་དང་། བསྣབ་སེམས་སྤོང་བ་དང་། གནོད་སེམས་སྤོང་བ་དང་། ལོག་པར་ལྟ་བ་སྤོང་བ་དང་། ད་ནི་རྩ་བའི་རྟེན་ཅེས་བྱའོ།། ཀླུའི་བདག་པོ ་དེ་ལ་སྲོག་གཅོད་པ་སྤངས་པའི་སྐྱེས་བུ་གང་ཟག་ནི། རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་འཐོབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ངས་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་བྱིན ་པ་ཡིན། དེའི་སེམས་བྱམས་པར་དམིགས་པ་ལ་ཉེ་བར་གནས་པ་ཡིན། དེའི་ཞེ་སྡང་གི་བག་ཆགས་ཡང་དག་པར་ཆད་པ་ཡིན། དེས་ནད་ཉུང་བར་འགྱུར་བའི་ལམ ་ཡོངསུ་བཟུང་བ་ཡིན། དེས་ཚེ་རིང་བར་འགྱུར་བའི་ས་བོན་བཏབ་པ་ཡིན། དེ་ལ་མི་མ་ཡིན་པ་རྣམས་ཀྱང་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་བྱེད་པ་ཡིན། བདེ་བར ་ཉལ་ཞིང་བདེ་བར་སད་པ་དང་། སྡིག་པའི་རྨི་ལམ་མི་རྨི་བ་ཡིན། གཉིད་ལོག་པ་ན་ཡང་དེ་ལ་ལྷ་རྣམས་བསྲུང་བ་ཡིན། དེ་ལ་ཤར་གཉེར་བ་མེད་པ་ཡིན་ཏེ། དེ་ལ་ཤར་གཉེར་བའི་བག ་ལ་ཉལ་བ་མེད་པ་ཡིན། ངན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་དང་། ཤི་འཕོས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་ཡིན་ཏེ། རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་པོ་དེ ་དག་ཐོབ།། སྲོག་གཅོད་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོ་ན། དེས་ན་དེ་བྱང་ཆུབ་ཐོབ་པ་ན། ཚེའི་ཚད་སེམས་ཀྱི ་དབང་དུ་འགྱུརརོ།། ཀླུའི་བདག་པོ་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བརྟན་པའི་ཆོས་ལྔ་འཐོབ་སྟེ། ལྔ་གང་ཞེ་ན། ལོངས་སྤྱོད་ཆེ་བར་ཡང་འགྱུར་ལ། ་དེའི་ལོངས་སྤྱོད་དེ་དག་ཀྱང་རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་དང་མེ་དང་། བགོ་སྐལ་ལ་སྤྱོད་པ་མི་མངའ་བ་རྣམས་ཀྱིས་མི་འབྲོགས་པ་ཡིན། སྐྱེ་བའི་མང་པོའི་ཡིད་དུ་འོངས་ཞིང་། ་དགའ་བ་ཡིན། དོགས་པ་མེད་པ་ཡིན། ཕྱོགས་དང་ཕྱོགས་མཚམ་སུ་དེའི་བསྔགས་པ་བརྗོད་ཅིང་། དེ་ལ་ཕ་རོལ་གྱི་གནོད་པས་འཇིགས་པ་མེད་པ་ཡིན། དེའི་སེམས་སྦྱིན ་པའི་མགོ་བཤའ་ལ་འཇུག་པ་ཡིན་ཏེ། ལྔ་པོ་དེ་དགོ།། མ་བྱིན་པར་ལེན་པ་སྤངས་པའི་དགེ་བའི་རྩ་བ་དེ། གལ་ཏེ་བླ་ན་མེ་དད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ ་སྔོན་དེས་དེ་བཞིན་གཤེགས་པ་ཉེ་བའི་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་ཅན་དུ་རང་གིས་མངོན་པར་གས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ཀླུའི་བདག་པོ་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི། མཁས་པས་བསྔགས་པའི་ཆོས་པ་ནི་འཐོབ་སྟེ། བཞི་གང ་ཞེ་ན་དབང་པོ་བསྡམས་པ་དང་། རྒོད་པ་ལས་ཡང་དག་པར་འདས་པ་དང་། འཇིག་རྟེན་ཐམས་ཅད་ཀྱིས་བསྔགས་པ་དང་། ཆུང་མ་མི་འཕྲོགས་པ་སྟེ། བཞི་པོ་དེ་དགོ།། འདོད་པས་ལོག ་བར་གཡེམ་པ་སྤངས་པའི་དགེ་བའི་རྩ་བདེ། གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོང་སུ་བསྔོ་ན། དེས་དེ་སྐྱེས་བུ་ཆེན་པོའི་མཚན་འདོམས་ཀྱི་སྦ་བ་སྦུབ་སུ ་ནུབ་པ་འཐོ་བོ།། ཀླུའི་བདག་པོ་རྫུན་དུ་སྨྲ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི། ལྷ་དང་མིས་བསྔགས་པའི་ཆོས་བརྒྱད་འཐོབ་སྟེ། བརྒྱད་གང་ཞེ་ན། ཨུཏྤ་ལའི་དྲི་འབྱུང་བས་ཁ་དོག ་ཡོངསུ་དག་པ་འཐོབ་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་ཚད་མར་འགྱུར་བ་དང་། ལྷ་དང་མི་དགའ་བས་དབང་གཅིག་པུར་འགྱུར་བ་དང་། ཡང་དག་པའི་བསམ་པ་དང་ལྡན་པས ་དོགས་པ་མེད་པར་འགྱུར་བ་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས། ལུས་དང་ངག་དང་། སེམས་ཡོངསུ་དག་པར་འགྱུར་བ་དང་། ཚིག་འཁྲུལ་པ་མེད་པས་མཆོག་ཏུ་དགའ ་བ་མང་བར་འགྱུར་བ་དང་། ཚིག་བཟུང་བར་འོས་པས་ངག་སྐུ། ན་པར་འགྱུར་བ་དང་། ཤེས་རབ་ཐོབ་པས་ལྷ་དང་མིར་སྐྱེས་ན་དབང་གཅིག་པུར་འགྱུར་བ་ཡིན་ཏེ། བརྒྱད་པ ་དེ་དགོ། བརྫུན་དུ་སྨྲ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོང་སུ་སྔོན། དེས་དེ་བདེན་པའི་རྗེསུ་འཇུག་པའི་ཚིག་ཏུ་འགྱུར། ་ཀླུའི་བདག་པ་ཕྲ་མ་སྤངས་པའི་སྐྱེས་བུ་གང་ཟག་ནི། མི་བྱེད་པ་ལྔ་འཐོབ་སྟེ། ལྔ་གང་ཞེ་ན། གཞན་གྱིས་གནོད་པར་བྱ་བ་དང་། བྲལ་བས་ལུས་མི་བྱེད་པ་འཐོབ་པ་དང་། གཞན་དག་ལ་ཆ ་པ་མེད་པས་གཡོག་འཁོར་མི་བྱེད་པ་ཐོབ་པ་དང་། ལས་ཀྱི་རྣམ་པར་སྨིན་པ་མཐོང་བས་དད་པ་མི་ཕྱེད་པ་འཐོབ་པ། བསྒྲུབ་པ་སྙིང་པོར་བྱེད་པས་ཆོས་ལ་མི་བྱེད་པར་འཐོབ་པ་དང་། མི་སླུ་བས ་མཛའ་བཤེས་མི་ཕྱེད་པ་འཐོབ་པ་སྟེ། ལྔ་པོ་དེ་དགོ།། དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོ་ན། དེས་དེ་གཡོག་འཁོར་མི་ཕྱེད་པའི་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱསུ་འགྱུར་ཏེ། དེའི་འཁོར་བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་དབྱེ་བར་མི་ནུསོ།། ཀླུའི་བདག་པོ་དག་དྲུག ་པོ་སྤངས་པའི་སྐྱེས་བུ་གང་ཟག་ནི། ངག་ཡོང་སུ་དག་པ་བརྒྱད་འཐོབ་ལ། ཤི་འཕོས་ན་ཡང་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། རན་པའི་ཚིག ་དང་ཕན་པའི་ཚིག་དང་། རིགས་པའི་ཚིག་དང་། འཇམ་པའི་ཚིག་དང་། གཟུང་བའི་ཚིག་དང་། མཉན་པའི་ཚིག་དང་། སྐྱེ་བོ་མང་པོ་དགའ་བའི་ཚིག་དང་། མི་སྣང་བའི་ཚིག ་སྟེ་བརྒྱད་པོ་དེ་དགོ།། དགེ་བའི་རྩ་བ་དེ་གལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོ་ན། ས་དེ་ཚངས་པའི་སྒྲ་སྐད་ཀྱི་གདངས་ཅན་གྱི་དེ་བཞི ་གཤེགས་པར་འགྱུ་རོ།། ཀླུའི་བདག་པོ་ཚིག་ཁྱལ་བ། སྤངས་པའི་སྐྱེས་བུ་གང་ཟག་ནི།། གཅིག་ཏུ་ངེས་པ་གསུ་མ་འཐོབ་སྟེ། གསུམ་གང་ཞེ་ན། མཁས་པ་རྣམས ་གཅིག་ཏུ་ངེས་པ་དགའ་བ་དང་། ལན་ལེགས་པར་གློན་པས་གཅིག་ཏུ་ངེས་པ་དེའི་བློ་བདེན་པ་ལ་འགྲོ་བ་དང་། བཅོས་མ་མ་ཡིན་པས་གཅིག་ཏུ་ངེས་པར་ལྷ་དང་མིའི་བདག་ཉིད་ཆེན་པོ ་པ་སྟེ། གསུམ་པོ་དེ་དགོ། དགེ་བའི་རྩ་བ་དེ་གལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོང་སུ་སྔོན། དེས་དེ་ཕྱད་པར་ལུང་སྟེན་ཅིང་གཞན་དུ་མི་གསུངས་པའི་དེ་བཞིན་ག ་བར་འགྱུརརོ།། ཀླུའི་བདག་པོ་བསྣང་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི། བདག་པོའི་ཆོས་ལྔ་འཐོབ་སྟེ་རྫ་གང་ཞེ་ན། དབང་པོ་མ་ཚང་བ་མེད་པས། ལུས་དང་། ངག་དང་། སེམས་ཀྱི་བད ་པོ་སོབ་པ་དང་། དགྲ་ཐམས་ཅད་ཀྱིས་མི་རྫི་བས་ལོངས་སྤྱོད་དང་། དབང་ཕྱུག་ཆེན་པོའི་བདག་པོ་འཐོབ་པ་དང་། བསོད་ནམས་ལ་དབང་བྱེད་པས། དེའི་སེམས་ཉེ་བར་སྤྱད ་པ་དང་། ལོངས་སྤྱོད་རྒྱ་ཆེན་པོ་རྣམས་ལ་འཇུག་པ་དང་། ཕྱིས་བཀྲབ་པ་ཐོབ་པས་རྒྱལ་པོ་བདག་པོ་མཆོད་པ་དང་། སྔོན་བླ་དོག་མེད་པས་ལོངས་སྤྱོད་ཇི་ལྟར་སྨོན་པ་རྣམས་འབྲུ ་འགྱུར་དུ་ཁྱད་པར་དུ་འགྱུར་བ་འཐོབ་པ་སྟེ། ལྔ་པོ་དེ་དགོ། དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་སྔོ་ན། དེས་དེ་འཇིག་རྟེན་གསུམ་གྱི ་མཆོད་པའི་དེ་བཞིན་གཤེགས་པ་སྟོན་པ་གཅིག་པུརགྱུརརོ།། ཀླུའི་བདག་པོ་གནོད་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི། ཡིད་བདེ་བར་བྱེད་པའི་ཆོས་བརྒྱད ་འཐོབ་སྟེ། བརྒྱད་གང་ཞེ་ན། དེ་སེཾ་རྣ་མི་འརྨེས་ལ་འཇུག་པ་དང་། དོ་སེ་ལ་གན་ས་རག་ཏུ་ཞི་བར་འཇུག་པ་དང་། དེའི་སེམས་རྩོད་པ་མེད་ཅིང་། འཿབ་པ་མེད་པ་ལ་འཇུག་པ་དང་། དེའི་སེམས་འཇམ ་བ་དང་། མཉེན་པ་དང་། ངེས་པ་ལ་འཇུག་པ་དང་། བྱམས་པའི་སེམས་དང་ལྡན་པའི་ཕྱིར། འཕགས་པའི་སྐྱེ་བོས་བཀུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ལ་མངོན་པར ་དགའ་བའི་ཕྱིར། ཕན་པའི་དངོས་པོ་མང་བ་དང་། སྐྱེ་བོ་མང་པོས་བཀུར་བསྟི་བྱ་བའི་ཕྱིར། མཛེས་པ་དང་། སེམས་འཇམ་ཞིང་ལ་སུ་རུང་བའི་ཕྱིར། དེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར ་དཀའ་བ་མེད་པ་སྟེ། བརྒྱད་པོ་དེ་དགོ། དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་སྔོ་ན། དེས་དེ་སེམས་ཐོབ་པ་མེད་པའི་དེ་བཞིན་གཤེགས་པ ་ལྟ་བས་ཆོག་མི་ཤེས་པར་འགྱུརརོ།། ཀླུའི་བདག་པོ་ལོག་པར་ལྟ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི། ཡོན་ཏན་གྱི་ཆོས་བཅུ་འཐོབ་སྟེ། བཅུ་གང་ཞེ་ན། བསམ་པ ་དགེ་བར་འགྱུར་ཞིང་གྲོགས་པོ་དགེ་བ་རྙེད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་ཏེ། སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་དང་། ལྷར་སངས་རྒྱས་འཛིན་ཏེ། ་གཞན་ལྟར་མི་འཛིན་པ་དང་དགེ་མཚན་དང་། བཀྲ་ཤི་སུ་འཛིན་པ་མེད་པས་ལྟ་བ་དྲང་བ་དང་། གྲོགས་ལྷ་དང་མི་ཡིན་ཏེ། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྲོགས་མ ་ཡིན་དང་། བསོད་ནམས་འབར་བས་ཁྱད་པར་དུ་འགྲོ་བ་དང་། ལོག་པ་ཐམས་ཅད་མེད་པས། འཕགས་པའི་ལམ་དུ་ཞུགས་པ་དང་། འཇིག་ཚོགས་ལ་བལྟ་བ་ལས་བསྐྱོད་སྡིག་པའི་ལྷ ་བ་ཐམས་ཅད་དང་བྲལ་བ་དང་། བསྒྲིབ་པ་མེད་པར་མཐོང་བ་ཡིན་ཏེ། ཡང་དག་པར་སོང་། ཡང་དག་པར་ཞུགས་པ་དང་། ལྷ་དང་མི་རྣམས་ཀྱི་ནང་ན་མི་ཁོམ་པ་དང་བྲལ་བ ་ཡིན་ཏེ། བཅུ་པོ་དེ་དགོ། ལོག་པར་ལྟ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོང་སུ་སྔན། དེས་དེ་བྱང་ཆུབ་ཐོབ་པ་ན།། སངས་རྒྱས་ཀྱི ་ཆོས་ཐམས་ཅད་ལ་མངོན་སུམ་དུ་འགྱུར་ཞིང་མངོན་པར་ཤེས་པ་མྱུར་བའི་དེ་བཞིན་གཤེགས་པར་འགྱུརརོ།། ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན ་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་ཚེ་རིང་བར་འགྱུརརོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ན་ཡང་། གཞན་གྱིས་གནོད་པར་བྱ་བ་ཐམས་ཅད་ལས་ཡང་དག་པར་འདའ་བར ་འགྱུར།། མ་བྱིན་པར་ལེན་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་། ལོངས་སྤྱོད་མི་འཕྲོགས་པར་ཡང་འགྱུརརོ།། བྱང་ཆུབ་སེམས་དཔའི ་སྤྱད་པ་སྤྱོད་པ་ན། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབས་པས། བླ་ན་མེད་པ་ཐོབ་པར་འགྱུརརོ།། འདོད་པས་ལོག་པར་གཡེམ་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན ་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་། ཆུང་མ་མི་གཡེམ་པར་ཡང་འགྱུརརོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། དེའི་མ་དང་། བུ་དང་ཆུང་མ་ལ་སུ་ཡང་ཆགས་པའི་སེམས ་ཀྱིས་ལྟ་བར་མི་འགྱུར་རོ།། བརྫུན་དུ་སྨྲས་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་ལོངས་སྤྱོད་མི་འཕྲོགས་པ་དང ་སྐུར་པ་འདེབས་པ་མེད་པར་འགྱུར་བའི་ལམ་ཡང་ཡོངསུ་འཛིན་པར་འགྱུརརོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད། དམ ་བཅས་པ་བརྟན་པར་འགྱུརརོ།། ཕྲ་མ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་། གཡོག་འཁོར་མི་བྱེད་པར་ཡང་འགྱུརརོ།། བྱང་ཆུབ་སེ ་སྤྱད་པ་སྤྱོད་པ་ན་ཡང་། བསམ་པ་འཐུན་པས། བྱང་ཆུབ་སེམས་དཔའི་གཡོག་འཁོར་འཐོའོ།། ངག་དྲུག་པོ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང ་ཚིག་བཙུན་པར་འགྱུར་ལ། ཚིག་སུན་དབྱུང་དུ་མེད་པར་ཡང་འགྱུར།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡང་། འཁོར་མ་མིགུ་བར་སུ་ཡང་མི་འགྲོའོ།། ཚིག་ཁྱལ་བ་སྔ ་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་། ཚིག་མཉན་པར་ཡང་འགྱུརརོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། ་ཅོམ་ཐམས་ཅད་གཅོད་པ་ལ་མཁས་པར་འགྱུརརོ།། བརྣབ་སེམས་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་། ལོངས་སྤྱོད་དང་ཡོངསུ་སྤྱོད་བརྒྱ ་ཆེན་པོ་དག་ལ། དེའི་སེམས་འཇུག་པར་འགྱུརརོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། རྒྱ་ཆེན་པོ་ལ་མོས་ཤིང་། དབང་ཆེ་བར་གྲགས་པར་འགྱུ་རོ།། གནོད་སེམས་སྤངས་པའི ་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་། མཛེས་པ་དང་། སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་བར་ཡང་འགྱུརརོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ ་ན་ཡང་། བློ་ཐོགས་པ་མེད་ཅིང་། སེམས་ཐོབ། ས་པ་མེད་ལ་དབང་པོ་མ་ཚངས་པ་མེད་པར་འགྱུརརོ།། ལོག་པར་ལྟ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན ་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་། སངས་རྒྱས་ལ་དད་པ་དང་ཡང་དག་པར་ལྟ་བའི་ཁྱིམ་དུ་སྐྱེལ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། སངས་རྒྱས་ལ ་ལྟ་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱོད་པ་དང་འབྲལ་བར་མི་འགྱུརརོ།། ཀླུའི་བདག་པོ་དགེ་བ་བཅུའི་ལས་ཀྱི་ལམ ་འདི་དག་སྦྱིན་པས་བརྒྱན་ན། དེ་ལྟར་མཐུ་ཆེ་ཞིང་ཕན་ཡོན་ཆེ་ལ། བྱིན་ཆེ་ཞིང་རྒྱ་ཆེ་བར་འགྱུརརོ།། དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉིད་ཚུལ་ཁྲིམས་ཀྱིས་བརྒྱན་ན། སངས་རྒྱས་ཀྱི ་ཆོས་ཐམས་ཅད་ལ། སྨོན་པ་ཡོང་སུ་རྫོགས་པར་བྱེད།། བཟོད་པས་བརྒྱན་ན་མཚན་དང་། དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་གསུང་གི་གདངས་ཡོངསུ་རྫོགས་པར་འགྱུརརོ།། ་བརྩོན་འགྲུས་ཀྱིས་བརྒྱན་ན། བདུད་ཕྱིར་རྒོལ་བ་འཇོམས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཐར་ཕྱིན་པར་འགྱུརརོ།། བསམ་གཏན་གྱིས་བརྒྱན་ན། དྲན་པ་དང་བློ་གྲོས་དང་། ་རྟོགས་པ་དང་། ངོ་ཚ་ཤེས་པ་དང་། བརྟན་པ་ཡོང་སུ་དག་པར་འགྱུརརོ།། ཤེས་རབ་ཀྱིས་བརྒྱན་ན། ལྟ་བ་ཐམས་ཅད་ཡང་དག་པར་འཇོམས་པར་འགྱུརརོ།། བྱམས་པས་བརྒྱན་ན། སེམས་ཅན། ་ཐམས་ཅད་དང་ཞེ་འགྲས་པ་མེད་པར་འགྱུརརོ།། སྙིང་རྗེས་བརྒྱན་ན། སེམས་ཅན་ཐམས་ཅད་ཡོངསུ་མི་ག་ཏོང་བར་འགྱུརརོ།། དགའ་བས་བརྒྱན་ན། སེམས་ཞུམ་པ ་མེད་པར་འགྱུརརོ།། བཏང་སྙོམས་ཀྱིས་བརྒྱན་ན། རྗེ་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོངས་པར་འགྱུརོ།། སྡུ་བའི་དངོས་པོས་བརྒྱན་ན། སེམས་ཅན་ཐམས་ཅད ་ཡོངསུ་སྨིན་པར་འགྱུ་རོ།། དྲན་པ་ཉེ་བར་གཞག་པས་བརྒྱན་ན། ལུས་དང་། ཚོར་བ་དང་སེམས་དང་། ཆོས་ལ་མཁས་པར་འགྱུ་རོ།། ཡང་དག་པར་སྤོང་བས་བརྒྱན་ན། མི་དགེ་བའི ་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངསུ་རྫོགས་པར་འགྱུརརོ།། རྫུ་འཕྲུལ་གྱི་རྐང་པས་བརྒྱན་ན། ལུས་དང་སེམས་ཡང་བར་འགྱུརོ།། དབང་བ་ལྔས་བརྒྱན་ན། ་དད་པ་བརྟན་པ་དང་། བརྩོན་འགྲུས་བརྟན་པ་དང་། རྨོངས་པ་མེད་པ་དང་། སེམས་ལ་སུ་རུང་བ་དང་། ཉོན་མོངས་པ་ཐམས་ཅད་སྤོངས་པར་འགྱུརརོ།། སྟོབས་ཀྱིས་བརྒྱན་ན། རྫིབ་མེད་པ ་དང་། དགྲ་དང་འཁུ་བ་ཐམས་ཅད་ངེས་པར་འཇོམས་པར་འགྱུརརོ།། བྱང་ཆུབ་གི་ཡན་ལགིས་བརྒྱན་ན། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ ་ཆུད་པར་འགྱུར་རོ།། ལམ་གྱིས་བརྒྱན་ན། ཡང་དག་པའི་ཡེ་ཤེས་འདྲེན་པར་འགྱུརརོ།། ཞི་གནས་གྱིས་བརྒྱན་ན། ཉོན་མོངས་པ་ཐམས་ཅད་ཚར་གཅོད་པར་འགྱུརརོ།། ལྷག་མཐོང་གིས ་བརྒྱན་ན། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པར་འགྱུར།། ཐབས་ཀྱིས་བརྒྱན་ན། འདུས་བྱས་དང་། འདུས་མ་བྱས་ཀྱི་བདེ་བ་ཡོངསུ་རྫོགས་པར་འགྱུརརོ།། ཀླུའི ་བདག་པོ་མདོར་ན། དགེ་བ་བཅུའི་ལས་ཀྱི་ལམ་འདི་དགྲ་ཁྲོ་ནས། དེ་བཞིན་གཤེགས་པའི་སྟོབས་བཅུའི་ཡོངསུ་རྫོགས་པ་དང་། མི་འཇིགས་པ་བཞི་ཡོང་སུ་རྫོགས་པ་དང་། སངས་རྒྱས ་ཀྱི་ཆོས་ཐམས་ཅད་ཡོངསུ་རྫོགས་པར་འགྱུར་ཏེ།། ཀླུའི་བདག་པོ་དེ་ལྟ་བས་ན། དགེ་བ་བཅུའི་ལས་ཀྱི་ལམ། འདི་དག་རྒྱས་པར་རྣམ་པར་དག་པར་དབྱེ་བ་དང་། བརྒྱན ་བར་བརྩོན་པར་བྱའོ།། ཀླུའི་བདག་པོ་དཔེར་ན། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཐམས་ཅད་དང་། རྩཝ་དང་ཤིང་གེལ་པ་དང་། ་སྨན་དང་། ཤིང་ཐམས་ཅད་དང་། ལས་ཀྱི་མཐའ་ཐམས་ཅད་དང་། ས་བོན་གྱི་ཚོགས་ཐམས་ཅད་དང་། ལོ་ཏོག་ཐམས་ཅད་སྐྱེ་ཞིང་རྨོ་བ་དང་། ཤལ་བས་བཤལ་བ་དང་། འབྱུང་བ ་རྣམས་ནི་ས་ལ་གནས་ཏེ། དེ་དགི་གནས་ནི་ས་ཡི་ནོ།། ཀླུའི་བདག་པོ་དེ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི། ལྷ་དང་མིར་སྐྱེ་བ་དང་། སློབ་པ་དང་། མི་སློབ་པའི་དགེ་སྦྱོང་གི ་འབྲས་བུ་འཐོབ་པ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ཡིན།། དགེ་བ་བཅུའི་ལས་ཀྱི ་ལམ་ལ་གནས་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་སྒོར ་འཇུག་པ་གང་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྔོན་གྱི་ལས་ཀྱི་སྒྲིབ་པའི་ནོངས་པ་རྣམས་སྤོངས་ཞིང་། ལས་ཀྱི་སྒྲིབ་པ་ཐམས་ཅད་སྤངས་ནས་ཀྱང་། ཁྱད་པར་གྱིས་གནསུ་མཆི ་བར་འགྱུར་བའི་ཆོས་ཀྱི་སྒོར་འཇུག་པ་གང་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་གོ།། ཆོས་གཙིགས་ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་ཆད་པར ་འགྱུར་ཏེ། ཆོས་གཅིག་པོ་གང་ཞེ་ན། སྡོམ་པ་ལ་གནོས་པ་ཉེས་པ་བྱུང་བ་འཆགས་པ་སྟེ། གཅིག་ནི་དེ་ཡི་ནོ།། ཀླུའི་བདག་པོ་ཆོས་གཉིས་ཀྱིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར ་ཏེ་གཉིས་གང་ཞེ་ན། འདི་ལྟ་སྟེ། ཚུལ་བཞིན་དུ་ཆོས་ལ་སོ་སོར་རྟོག་པ་དང་། ད་ལྟར་བྱུང་བ་མངོན་པར་འདུ་མི་བྱེད་པ་སྟེ། དེ་གཉིསོ།། ཀླུའི་བདག་པོ་ཆོས་གསུམ་གྱིས་ལས་རྒྱ ་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། རྐྱེན་གྱི་ཆོས་ལ་འཇུག་པའི་ཤེས་པ་ལ་སོ་སོར་རྟོག་པ་དང་། མི་གསར་མི་རྙིང་པའི་ཆོས་ལ་སོ་སོར་རྟོག་པ་དང ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། གསུམ་པོ་དེ་དགོ། ཀླུའི་བདག་པོ་ཆོས་བཞིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། ་བཞི་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་ལ་ངེས་པར་སེམས་པ་དང་། མཚན་མ་མེད་པ་ལ་གནས་པ་དང་། སྨོན་པ་དང་བྲལ་བ་དང་། མངོན་པར་འདུ་བྱེད ་མེད་པ་ཤེས་པ་སྟེ། བཞི་པོ་དེ་དགོ། ཀླུའི་ཆོས་ལྔས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་མེད་པ་ཉིད་དང་། སེམས་ཅན་མེད་པ་ཉིད་དང་། ་སྲོག་མེད་པ་ཉིད་དང་། གང་ཟག་མེད་པ་ཉིད་དང་། གསོ་བ་མེད་པ་ཉིད། ལྔ་པོ་དེ་དགོ། ཀླུའི་བདག་པོ་ཆོས་དྲུག་གིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། དྲུགང་ཞེ་ན། འདི ་ལྟ་སྟེ། མོས་པ་དང་། ཡིད་ཆེས་པ་དང་། གཅིག་ཏུ་ངེས་པ་དང་། ཐེ་ཙོམ་མེད་པ་དང་། ཡང་དག་པ་ལ་སོ་སོར་རྟོག་པ་དང་། ལྷག་པའི་བསམ་པས་ལས་བྱ་བ་ལ ་འཇུག་པ་སྟེ། ཆོས་དྲུག་པོ་དེ་དག་གིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུརརོ།། དེ་སྐད་ཅེས་བཀའ་སྤྲུལ་པ་དང་། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱུ ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱད་པར་དུ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཁྱད་པར་དུ་འགྲོ་བར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་ལ་མ་ཆགས་པ་དང་། ལྷག་པའི་བསམ་པ་ཡོངསསུ་དག་པ ་དང་། ཐབས་ལ་མཁས་པས་བརྩོན་འགྲུས་བརྟན་པ་དང་། སེམས་ལ་ལྟ་ཞིང་སྙིང་རྗེ་ཆེ་བ་དང་། བསོད་ནམས་ལ་ཆོག་མི་ཤེས་པ་དང་། ཐོས་པ་བཙལ་བ་ལ་ཆོག་མི་ཤེས་པ་ད ་དངང་བག་ཡོད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་རྗེསུ་དྲན་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་མངོན་སུམ་དུ་འཐོབ་པ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། ཆོས་བཅུ་པོ་དེ་དག་དང ་ལྡན་ན། བྱང་ཆུབ་སེམས་དཔའ་ཁྱད་པར་འགྲོ་བར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ལ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི ་ལྟར་ན་བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར་འཕགས་པར་འགྱུར་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མ་ཡིན་གྱི་དབང་པོ་ཆོས ་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡོན་ཏན་ཀྱིས་མངོན་པར་འཕགས་པར་གྱུར་ཏེ། བརྒྱད་གང་ཞེ་ན། འང་ལྟ་སྟེ། སྒྲ་གཅན་ཐེག་པ་ཆེན་པོ་འདི་ལ་བྱང་ཆུབ་སེད ་ནི་ང་རྒྱལ་མེད་པ་ཡིན་ཏེ། སེམས་ཅན་ཐམས་ཅ། ང་ལ་འདུད་ཅིང་། མངོན་པར་འདུད་པ་དང་། བཀའ་བློ་བདེ་བ་ཡིན་ཏེ། འཐུན་པར་འཛིན་པ་དང་། ཇི་སྐད་སྨྲས་པ ་བཞིན་བྱེད་པ་དང་། བླ་མ་རྣམས་ལ་གུས་པ་སྐྱེས་པ་དང་། དགེ་བ་སྤྱོད་པ་ཐམས་ཅད་ལ་སྔོན་དུ་འགྲོ་བ་དང་། དགེ་བའི་ཆོས་རྣམས་ལ་དམ་བཅས་པ་བརྟན་པ་དང་། རྒྱ་ཆེན་པོ་ལ་མོ ་ཡིན་ཏེ། སྦྱིན་པ་རྣམ་པ་སྣ་ཚོགས་སྦྱིན་པ་དང་། སྲོག་ཕྱིར་ཡང་གཞན་འཁྲུག་པར་མི་བྱེད་པ་དང་། གང་དུ་ཡང་སེམས་ཅན་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན ་ཞིང་སྐྱབསུ་འོངས་པའི་སེམས་ཅན་རྣམས་ཡོངསུ་མི་གཏོང་བ་དང་། བསོད་ནམས་དང་ཡེ་ཤེས་ཐམས་ཅད་ཡོངསུ་ཚོལ་བ་ན། ཆོག་མི་ཤེས་པ་སྟེ། ཆོས་བརྒྱད་ཀྱི ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར་འཕགས་པར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ལ་ལྷ་མ་ཡིན་གྱི ་དབང་པོ་སྒྲ་གཅན་གྱིས་ཡང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་དུ་དང་ལྡན་ན། བྱང་ཆུབ་སེམས་དཔྲ་ལུས་ཆེ་བ་དང་། གཟུགས་ཆེ་བ་ཉིད་དང་། འཁོར་ཆེ ་བ་ཉིད་དང་། སེམས་ཆེ་བ་ཉིད་ཐོབ་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲ་གཅན་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་ལུས་ཆེ་བ་ཉིད་ཐོབ ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཞན་དག་དགི་སྤྱོད་ལམ་ལ་མི་འཕྱ་བ་དང་། དེ་བཞིན་གཤེགས་དཔའི་སྐུ་རྣམ་པ་ཐམས་ཅད་ཡོངསསུ་རྫོགས་པ ་བྱེད་དུ་འཇུག་པ་དང་། སེམས་ཅན་བྱེ་བ་དང་འཐབ་པ་རྣམས་བསྡུམས་ཤིང་འཐུན་པར་བཀོད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ ་གཟུད་པ་དང་། སེམས་ཅན་ཐམས་ཅད་ལ་དབང་པོ་ཞེ་འགྲས་པ་མེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔས་ལུས་ཆེ་བ་ཉིད་ཐོབ་པར་འགྱུར།། ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔས་གཟུགས་ཆེ་བ་ཉིད་ཐོབ་པར་འགྱུར་ཏེ། བཞི་གང་ཞེ། འདི་ལྟ་སྟེ། རྒྱན་རྣམ་པ་སྣ་ཚོགས་སྦྱིན་པ་དང་། ཕངས་པའི ་དངོས་པོ་ཐམས་ཅད་ཡོངསུ་གཏོང་བ་དང་། དེ་བཞིན་གཤེགས་པ་ལ་བྱམས་པའི་མིགས་བལྟ་བ་དང་། གཞན་བྱད་བཞིན་བཟང་པོ་དག་ལ་ཕྲག་དོག་དང་། ་དང་། སེར་སྣ་མི་བྱེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔས་གཟུགས་ཆེ་བ་ཉིད་ཐོབ་པར་འགྱུརརོ།། ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔྲལ་དེར་ཆེ་བ་ཉིད ་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕྲ་མའི་ཚིག་སྤོང་ཞིང་གཞན་གྱི་འཁོར་མི་འབྱེད་པ་དང་། གཞན་གྱི་འཁོར་ལ་དགའ་བ་དང་། བྱང་ཆུབ་ཀྱི་སེམས་ཤིན་ཏུ་བརྟན་པ་དང ་གཞན་དག་བྱང་ཆུབ་ལ་འཇུད་པ་སྟེ། ལྷ་མ་ཡིན་གྱི་དབང་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔས་འཁོར་ཆེ་བ་ཉིད་ཐོབ་པར་འགྱུརརོ།། ཆོས་བཞི་དང་ལྡན་ན། བྱང ་ཆུབ་སེམས་དཔས་སེམས་ཆེ་བ་ཉིད་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བསམ་པ་དག་པ་སྟེ། གཡོ་མེད་པ་དང་། སྒྱུ་ཅན་མ་ཡིན་པ་དང་། འདུན་པ་དྲག་པོ་དང་ལྡན་པ ་དང་བར་མ་དོར་སྐྱེ་བ་མེད་པ་དང་། རྒྱ་ཆེན་པོ་ལ་མོས་ཤིང་། ཐེག་པ་དམན་པ་མི་འདོད་པ་དང་། ཆོས་ཐམས་ཅད་རང་བ།། ཞིན་གྱིས་སྟོང་པ་ཉིད་ལ་འཇུག་པས་ཆོས་ཟབ་མོའི ་ཚུལ་ལ་འཇུག་པ་སྟེ། སྒྲ་གཅན་ཆོས་བཞི་པོ་དེ་དག་དང་ལྗོན་ན། བྱང་ཆུབ་སེམས་དཔས་སེམས་ཆེ་བ་ཉིད་ཐོབ་པར་འགྱུརརོ།། དེ་ནས་ལྷ་མ་ཡིན་གྱི་དབང་བ་སྒྲ་གཅན་འཁོར་སུ་ཁྲི ་ཉིས་སྟོང་དང་བཅས་པ་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་བསྐྱེས་ནས། རིན་པོ་ཆེའི་མེ་ཏོག་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་ཁལ་བཅུ་ཚད་བརྒྱས ་བཅོམ་ལྡན་འདས་ལ་གཏོར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེའི་ཚེ་བཅོ་ལྡན་འདས་ལ་ཚིག་སུ་བཅད་པས་མངོན་པར་བསྟོད་པ། ཕྱོགས་བཅུ ་དག་ན་སེམས་ཅན་ཁམས་རྣམས་མཐའ་ཡས་གང་སུ་དག། སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་རྒྱལ་བ་མཆོད་བྱེད་དང་། ཕྱོགས་བཅུ་དག་ན་སེམས་ཅན་གང་ང། ་བསྐལ་པ་འབུམ་དུ་ཡང་།། མཆོད་ལ་བརྩོན་པའི་སེམས་ཅན་དག་ནི་ཕན་པ་བྱེད་པ་དང་། བྱམས་དང་བསོད་ནམས་འཕགས་པའི་རང་བཞིན་ལས་བྱུང་མཆོད་པ་རྣམས་ཇི་འདྲ་བ་དང་མཚུངས ་ཤིང་མཉམ་པ་མ་ལེགས་ཁྱོད་ལ་འོས། མཚུངས་མེད་སེམས་ཀྱིས་ཡང་དག་གནས་བསྐྱེད་པ་གང་ལགས་པ།། ད་ནི་སྟོབས་བཅུ་ལྡན་པ་རྣམས་ལ་རྗེ་དང་མཆོད་པ་ལགས།། བདག་ནི ་བྱང་ཆུབ་རེག་འགྱུར་སྙམ་སྟེ་དེ་ལ་སྒྲིམ་གནས་ནས།། ། བདག་ནི་གཡོ་མེད་བྱང་ཆུབ་མཚུངས་མ་མཆིས་ལ་ཞུགས་པ་ལགས།། མི་དབང་ལས་གཞན་སྲིད་གསུམ་སུ་ཡང་བདགིས ་དབང་མ་མཆིས།། བདག་གི་བསམ་པ་ཅི་འདྲའི་དབང་ནི་སྟོབས་བཅུ་ལྡན་པ་ལོགས།། བདག་ནི་ཀུན་ལ་ཤིན་ཏུ་སླུ། ག་ཅིང་ང་རྒྱལ་བསལ་བ་དང་།། སྦྱིན་དང་དུལ་དང་ལྡན་ཞིང ་ཚུལ་ཁྲིམས་ལྡན་ལ་བཟོད་ལྡན་དང་། བརྩོན་འགྲུས་དྲན་པའི་ཏིངེ་འཛིན་ཤེས་རབ་རྣམ་དག་གནས་པ་དག་དང་།། བྱམས་དང་སྙིང་རྗེར་ལྡན་ཞིང་བདེན་པའི་ཆོས་ལ་སྤྱོད་གྱུར་ཅིག། ཕན ་བཞད་རྒྱལ་བ་གལ་ཏེ་བདག་ལ་ལུང་སྟོན་མི་མཛད་ཀྱང་།། མིའི་དབང་པོ་བདག་ནི་རང་གིས་རང་ལ་ལུང་ཡང་བསྟན།། བདག་ནི་རབ་འབྱུང་མི་འགྱུར་སྙམ་དུ་ཡིད་གཉིས་དོགས་མ་མཆིས།། དེ་ལྟར ་བདག་ནི་བསམ་པ་ཐག་པས་བྱང་ཆུབ་ཉིད་སེམས་ངེས།། མི་དབང་འཛུམ་པ་མཛད་ནས་ཟླ་བའི་ཏོགས་ཞུས་པ་ནི།། རང་བྱུང་འཛུམ་པ་མཛད་པ་འདི་ནི་ཅི་ལགས་ལུང་བསྟན་གསོལ།། གང་གི ་བྱི་ན་ས་ནི་དག་པའི་འད་རྣམས་བསྟན་མཛད་པ། ཟླ་བ་ཏོག་ཁྱོད་མཉན་པར་གྱིས་ཤེས་སྟོན་པས་དེ་ལ་གསུངས།། ལྷ་མན་སྒྲ་གངན་བདག་ནི་ཆེན་པོ་བྱང་ཆུ་མཆོག་ལ་ཞུགས། ་གཡོག་འཁོར་སུམ་ཁྲི་ཉིས་སྟོང་གང་ལགས་རྣམས་ཀྱང་དེ་བཞིན་ཏེ། བསྐལ་པ་སྟོང་ཕྲག་བརྒྱར་ནི་བྱང་ཆུབ་སྤྱོད་སྤྱད་ནས།། ཐམས་ཅད་རྗེ་སུ་འཐུན་པར་བྱང་ཆུབ་གཙོ་བོ་ཐོབ ་པར་འགྱུར། རྒྱལ་བ་གངྒཱའི་བྱེ་མ་སྙེད་རྣམས་ལ་མཆོད་བགྱིས་ཏེ། དེས་ན་སེམས་ཅན་ཤིན་ཏུ་མང་པོ་བྱང་ཆུབ་བཀོད་ནས།། དེའི་འོག་ཏུ་བསྐལ་པ་དགེ་བ་བཀོད་པ་མཛེས་པ་ལ།། བྱང ་ཆུབ་རྡུལ་ཞི་བ་མྱ་ངན་མེད་པར་འཚང་ཡང་རྒྱ།། སྒྲ་གཅན་བདག་ཉིད་ཆེན་པོ་འདི་ནི་ཆོས་ཀྱི་རྒྱལ་པོར་འགྱུར།། བརྩོན་འགྲུས་སྟོབས་དང་ལྡན་ཏེ་དབང་པོའི་རྒྱལ་མཚན་ཞེས་ཀྱང་བགྱི། ་འཇིག་རྟེན་ཁམས་ཀྱང་དགའ་བ་སྐྱེད་པའི་བཀོད་པ་ཞེ། ཉེས་བགྱི་སྟེ།། དགའ་ལྡན་གནས་དང་འདྲ་བར་འབྱོར་ཅི་རྒྱས་ལ་ལོ་ཡང་ལེགས།། སྟོབས་བཅུ་ལྡན་གྱི་ཆེ་ནི་ལོ་གྲངས ་བྱེ་བ་བདུན་ཅུ་སྟེ། དགེ་སློང་འཕགས་པའི་དགེ་འདུན་ཁྲོག་ཁྲིག་དྲུག་ཅུ་ཐམ་པར་འགྱུར།། བྱང་ཆུབ་སེམས་དཔའི་དགེ་འདུན་ཁྲག་ཁྲིག་ཕྲག་ཅུ་བརྒྱད་ཅུ་སྟེ།། ཐོས་པ་དང་ནི་འདུལ་བ ་འཛིན་པ་གཟུངས་ལ་ཤིན་ཏུ་གནས།། བསྐལ་པ་དགེ་བོ་བཀོད་པ་ཞེས་བགྱི་མཛེས་པ་དེ་དག་ཏུ།། སེམས་ཅན་བརྒྱ་སྟོང་དག་ནི་བྱང་ཆུབ་བཀོད་པ་བགྱིས་ནས་ཀྱང་།། འདི་དག་ཐམས་ཅད་རིམ ་གྱིས་བྱང་ཆུབ་མཆོག་ཏུ་འཆང་ཡང་རྒྱ།། བྱང་ཆུབ་སེམས་མཆོག་གི་ནི་ཡོན་ཏན་ཁྱད་པར་དག་ལ་ལྟོས།། དེར་སྒྲ་གཅན་བཟང་པོའི་ལུང་བསྟན་ཐོས་པར་གྱུར་ནས་ཀྱང་།། སྲོག་ཆགས་འབུ ་ཕྲག་བཞི་དག་བྱང་ཆུབ་ལྷ་ཞུགས་པར་གྱུར།། ལེགས་པར་ཡོན་ཏན་འཆང་བ་རྣམས་ཀྱི་བསམ་པའི་ཁྱད་པར་གྱིས།། སྟོང་གསུམ་གྱི་རབ་གཡོས་ལྷས་མེ་ཏོག ་ཆར་ནི་རབ་ཏུ་བད་དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བདག་མ་མཆིས་པ་བྱེད་པ་པོ་མ་མཆིས་པ་ལ ་ན། ལུང་བསྟན་པ་ནི་གང་ལགས། དེ་བཞིན་གཤེགས་པ་ནི་གང་ལགས། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག ་བོ་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་བདག་མེད་པ་བྱེད་པ་པོ་མེད་པ་ཡིན་ཏེ། དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་མོད་ཀྱི། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་དང ་ལྡན་པ། ངར་འཛིན་པ་དང་། ངའིར་འཛིན་པ་ལ་གནས་པ་རྣམས་སེམས་ཅན་མེད་པ་དག་ལ་སེམས་ཅན་དུ་འདུ་ཤས་སྐྱེད་པར་བྱེད། དེ་ལ་བྱང་ཆུབ་སེམས་དཔའ ་རྣམས་ཀྱིས་སྙིང་རྗེ་ཆེན་པོ་བསྐྱེད་ནས། ཕྱིན་ཅི་ལོག་འདུ་ཤེས་སྤོང་དུ་གཞུག་པ་དང་། ངར་འཛིན་པ་དང་། ངའིར་འཛིན་པ་ཡོངསུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་ཏུ་གོ་ཆ་གྱོན ་བར་ཟད་ཀྱི། སྐྱེས་བུ་དམ་པ་དེ་དག་གིས་སེམས་ཅན་མེད་པ་དང་། གང་ཟག་མེད་པ་མི་ཤེས་པ་ནི་མ་ཡིན་ཏེ། བདག་དང་སེམས་ཅན་དང་། སྲོག་དང་གསོ་བ་དང་། སྐྱེས་བུ་གང་ཟག་དུ ་ལྟ་བའི་སེམས་ཅན་དེ་དག་ཡོངསུ་གྲོལ་བར་བྱའོ།། ཀླུའི་བདག་པོ་ཁྱོད་འདི་སྐད་དུ་འདི་ལ་ལུང་བསྟན་པ་གང་ལགས་ཤེས་ཟེར་བ་གང་ཡིན་པ་དེ་ལ་མངོན་པར་སུམ་དུ་ཆོས་ཁོང་དུ ་ཆུད་པ་ནི་ལུང་བསྟན་པའོ།། སེམས་ཅན་མེད་པ་དང་ག་སྲོག་མེད་པ་དང་།། སོ་བ་མེད་པ་དང་། གང་ཟག་མེད་པ་ལ་ངེས་པར་སེམས་དཔའི་སེམས་དང་ལྡན་པ་ནི་ལུང་བསྟན་པའོ།། མ ་བྱུང་བ་དང་། མ་སྐྱེས་པ་དང་། རྩ་བ་མེད་པ་དང་། གནས་མེད་པ་ལ་གནས་པ་ནི་ལུང་བསྟན་པའོ།། སེམས་ཅན་ཐམས་ཅད་མཚུངས་པར་བདག་མེད་པ་ལ་མོས་པ་ནི་ལུང་བསྟན་པའོ།། ། ་ཆོས་ཐམས་ཅད་མཚུངས་པར་ཆོས་དབེན་པར་མཐོང་བ་ནི་ལུང་བསྟན་པའོ།། ཞིང་ཐམས་ཅད་ཞིང་དུ་མཚུངས་པར་ན་མཁའ་བཞིན་དུ་དག་ཅིང་དྲི་མ་མེད་པའི་སེམས་དང་ལྡན་པ་ནི་ལུང ་བསྟན་པའོ།། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་དང་། ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི་ཡེ་ཤེས་མཐོང་བ་ནི་ལུང་བསྟན་པའོ།། བདུད་ཐམས་ཅད་དང་མཚུངས་པར་བདུད་ཀྱི ་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འརྒྱུ། ར་ཏེ། རང་བཞིན་གྱིས་ཡོངསུ་དག་པའི་སེམས་དང་ལྡན་བ་ནི་ལུང་བསྟན་པའོ།། སྟོང་པ་ཉིད་དང་། མཚན་མ ་མེད་པ་ལ་མི་རྟོག་རྣམ་པར་མི་རྟོག་ལ། མི་ལེན་མི་འདོར་བ་ནི་ལུང་བསྟན་པའོ།། ཀླུའི་བདག་པོ་དེ་ལྟར་ན་སེམས་དང་ཡིད་དང་། རྣམ་པར་ཤེས་པ་མི་གནས་པ་ལུང་བསྟན་པ་ཇི་ལྟ་བ ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དམིག་སུ་མེདོ།། ཆོས་ཐམས་ཅད་མཉམ་པ་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ནི་བྱང་ཆུབ་ཡིན་ཏེ། དེ་ལ་དོན་དམ་པར་ན་གང་གི་བྱང་ཆུབ ་འམ་གང་ལུང་བསྟན་པར་བྱ་བ་འམ། གང་གིས་ལུང་བསྟན་པ་འམ་ཅིས་ལུང་བསྟན་པ་ཅི་ཡང་མི་དམིགས།། ཀླུའི་བདག་པོ་དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་དངོས་པོ་མེད་པ་སྟེ། རྩ་བ་ནས། ་ཡོངསུ་ཆད་པའི་ཕྱིར།། ཆོས་ཐམས་ཅད་ནི་བདག་པོ་མེད་པ་སྟེ། རྒྱུ་དང་རྐྱེན་རྣམས་ལས་འབྱུང་བའི་ཕྱིརརོ།། ཆོས་ཐམས་ཅད་ནི་གཟུང་དུ་མེད་པ་སྟེ། ངོ་བོ་ཉིད ་མེད་པའི་མཚན་ཉིད་ཡིན་པའི་ཕྱིརརོ།། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྟེ། བྲལ་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིརརོ།། ཆོས་ཐམས་ཅད་ནི་མ་འོངས་པ་སྟེ། སྔོན་གྱི་མཐའ་ནས ་མ་འཕོས་པའི་ཕྱིརརོ།། ཆོས་ཐམས་ཅད་ནི་མེད་པར་གྱུར་པ་སྟེ། ཕྱི་མའི་མཐར་མི་འབྱུང་བའི་ཕྱིརརོ།། ཆོས་ཐམས་ཅད་ནི་མི་གནས་པ་སྟེ། གནས་མི་དམིགས་པའི་ཕྱིར།། ཆོས་ཐམས་ཅད་ནི ་མི་དམིགས་པ་སྟེ། བྱེད་པ་མེད་པའི་ཕྱིརརོ།། ཆོས་ཐམས་ཅད་ནི་བྱེད་པ་མེད་པ་སྟེ། ལུས་མེད་པའི་ཕྱིར།། ཆོས་ཐམས་ཅད་ནི་ལུས་མེད་པ་སྟེ། གནས་པའི་ཕྱིར།། ་ཆོས་ཐམས་ཅད་ནི་གནས་མེད་པ་སྟེ། རྟེན་མེད་པར་ཕྱིར།། ཆོས་ཐམས་ཅད་ནི་རྟེན་མེད་པ་སྟེ། མི་གཡོ་བའི་ཕྱི་རོ།། ཆོས་ཐམས་ཅད་ནི་མི་གཡོ་བ་སྟེ། མི་གནས་པའི་ཕྱིར།། ་ཆོས་ཐམས་ཅད་ནི་མི་གནས་པ་སྟེ། བེམས་པོ་ཡིན་པའི་ཕྱིརརོ།། ཆོས་ཐམས་ཅད་ནི་བེམས་པོ་ཡིན་ཏེ། ངོ་བོ་ཉིད་མེད་པའི་ཕྱིར།། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྟེ། རྣམ་པར་རིག ་པར་མི་བྱེད་པའི་ཕྱིར།། ཆོས་ཐམས་ཅད་ནི་རྣམ་པར་རིག་པར་མི་བྱེད་པ་སྟེ། སྒྲོ་བཏགས་པ་མེད་པའི་ཕྱིརརོ།། ཆོས་ཐམས་ཅད་ནི་སྒྲོ་བཏགས་པ་མེད་པ་སྟེ། ཡིད་ལ་བྱེད་པ་མེད་པའི ་ཕྱིར། ཆོས་ཐམས་ཅད་ནི་ཡིད་ལ་བྱེད་པ་མེད་པ་སྟེ། དམིག་སུ་མེད་པའི་ཕྱིར།། ཆོས་ཐམས་ཅད་ནི་དམིག་སུ་མེད་པ་སྟེ། འགྱུར་བ་མེད་པའི་ཕྱིར།། ཆོས་ཐམས་ཅད་ནི་འགྱུར་བ་མེད་པ་སྟེ། ་རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཕྱིར།། ཆོས་ཐམས་ཅད་ནི་རྟོག་པ་མེད་ཅིང་དཔྱོད་པ་མེད་པ་སྟེ། ཞི་བའི་ཕྱིརརོ།། ཆོས་ཐམས་ཅད་ནི་ནི་ཞིང་རབ་ཏུ་ནི་ལ་ཉེ་བར་ཞི་བ་སྟེ། རྒྱུ་ལས་བྱུང ་མ་ཡིན་པའི་ཕྱིརརོ།། ཆོས་ཐམས་ཅད་རྒྱུ་ལས་བྱུང་བ་མ་ཡིན་པ་སྟེ། རང་བཞིན་གྱིས་རྣམ་པར་གྲོ་བའི་ཕྱིརརོ།། ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་གྲོལ་བ་སྟེ། རྣམ་པར་གྲོལ ་བའི་མཚན་ཉིད་ཡིན་པའི་ཕྱིར།། ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་མཚན་ཉིད། གཉིས་དང་བྲལ་བའི་ཕྱིར།། ཆོས་ཐམས་ཅད་ནི་གཉིས་བྲལ་བ་སྟེ། བགྲོད་པ་གཅིག་པའི་ཕྱིར།། ་ཆོས་ཐམས་ཅད་ནི་བགྲོད་པ་གཅིག་པ་སྟེ། སོ་སོ་ཐ་དད་བྲ་དང་བྲལ་བའི་ཕྱིར།། ཆོས་ཐམས་ཅད་ནི་ས་སོ་ཐ་དད་པ་དང་བྲལ་བ་སྟེ། བྱེ་བྲག་མེད་པའི་ཕྱིར།། ཆོས་ཐམས་ཅད་ནི་བྱེ་བྲག་མེད་པ་སྟེ། ་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཕྱིར།། ཀླུའི་བདག་པོ་དེ།། ལྟར་ན་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ། ལ་ནི་ལུང་བསྟན་པར་བྱ་བ་དང་། མངོན་པར་རྫོགས་པར་འཚང ་རྒྱབ་ཅིང་ཡང་མེདོ།། ཀླུའི་བདག་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་སྟོབས་ལ་ལྟོས། གང་ཆོས་འདི་ལྟ་བུ་དག་ལ་མིང ་དང་བརྡས་རྣམ་པར་ཕྱེ་ནས། སེམས་ཅན་དག་ལ་གོ་བར་བྱེད་ལ། སེམས་ཅན་ལམ་གཏོགས་པའི་ཆོས་རྣམས་ཀྱང་མ་མཐོང་། ཆོས་མ་གཏོགས་པའི་སེམས་ཅན་རྣམས་ཀྱང་མ ་མཐོང་སེམས་ཅན་རྣམས་ཇི་ལྟ་བ་བཞིན་དུ་ཆོས་རྣམས་ཀྱང་དེ་དང་འདྲའོ།། བྱང་ཆུབ་ཀྱང་དེ་དང་འདྲའོ།། སངས་རྒྱས་ཀྱང་དེ་འདྲའོ།། ལུང་བསྟན་པ་ཡང་དེ་དང་འདྲའོ།། ཆོས་ཐམས་ཅད ་ཀྱི་དབྱིངས་ཀྱང་དེ་དང་འདྲ་སྟེ། དེས་ན་དེ་བཞིན་གཤེགས་པ་ཞེས་བྱའོ།། དེ་བཞིན་རྟོག་པའི་དོན་དང་། དེ་བཞིན་ཉིད་ལ་གནས་པའི་དོན་གྱིས་ན། དེ་བཞིན་ཉིད།། ་དེ་བཞིན་ཉིད་མ་བསྒྲིབས་པའི་དོན་དང་། དེ་བཞིན་ཉིད་དབྱེར་མེད་པའི་དོན་དང་། དེ་བཞིན་ཉིད་ཁོང་དུ་ཆུད་པའི་དོན་དེས་ན། དེ་བཞིན་གཤེགས་པ་ཞེས་བྱའོ།། ཇི་ལྟར་དེ་བཞིན་གཤེགས་པ་དང་། ་དེ་བཞིན་ཉིད་མཚུངས་པར་རབ་ཏུ་ཕྱེ་བ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་དེ་བཞིན་ཉིད་དང་མཚུངས་པར་རབ་ཏུ་ཕྱེ་བ་ཡིན་ཏེ། ཀླུའི་བདག་པོ་འདི་ནི་དེ་བཞིན་གཤེགས་པའི་མཉམ་པ་ཉིད ་ཀྱི་ས་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་དེ་ལ་གནས་ན། མི་སྐྲག་མི་དང་ཞིང་དང་བར་མི་འགྱུར་ལ། དེ་བཞིན་གཤེགས་པའི་ས་མཉམ་པ་ཉིད་འདི་ཡང་སེམས་ཅད་རྣམས ་ལ་གོ་བར་བྱེད།། བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེ།། མས་དཔའ་སུམ་སྟོང་ཉིས་བརྒྱས་མི་སྐྱེ་བའི་ཆོས་རྣམས།། ལ་བཟོད་པ་ཐོབ་པར་གྱུར་ཏོ།། ཀླུའི་བདག་པོ་མ་དྲོས་པ ་ཡང་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་འཛམྦུའི་གླིང་རི་བའི་མུ་ཏིག་བློང་བ་དེ་བཞིན་གཤེགས་པའི་སྐུ་ལ་གསོལ་ཏོ།། དེ་ནས་ཀླུའི ་རྒྱལ་པོ་རྒྱལ་མོའི་བུ་མོ།། ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་ཀྱི་ཚ་མོ་རིན་ཆེན་སྣ་ཚོགས་ཅན་ཞེས་བྱ་བ་དེས། ཀླུའི་བུ་མོ་ཁྲི་དང་ལྷན་ཅིག་ཏུ། ལག་པ་གཡས་པས་མུ་ཏི་གི ་ཕྲེང་བ་བླངས་ནས། བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་བལྟ་སྟེ། ཕྱག་འཚལ་ཞིང་འདུག་པར་གྱུར་ཏོ།། དེ་ནས་བུ་མོ་རིན་ཆེན་སྣ་ཚོགས་ཅན་དང་། ཀླུའི་བུ་མོ་ཁྲི་བོ་དེ་དག་གིས ་བཅོམ་ལྡན་འདས་ཀྱི་སྐུལ་མུ་ཏི་གི་ཕྲེང་བ་དེ་དག་གསོལ་ནས་ཚིག་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་རྣམས་ལྷན་ཅིག་ཏུ་འཐུན་ཞིང་། ཡང་དག་པར ་དགའ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད།། བདག་ཅག་ཀྱང་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག ་པའི་སངས་རྒྱསུ་གྱུར་ཅིག། ད་ལྟར་གྱི་དེ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་དུ། འདི་འདྲ་ཆོས་ཀྱིང་སྟོན་པར་གྱུར་ཅིག་དགེ་འདུན་ཡང་སྲུང་བར་གྱུར་ཅིག། དེ་ནས་ཚེ་དང་ལྡན་པ་འོད ་སྲུང་ཆེན་པོས། ཀླུའི་བུ་མོ་དེ་ལ་འདི་སྐད་ཅེས་སྨྲསོ།། བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། བུད་མེད་ཀྱི་ལུས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བ ་མི་ནུས་ཏེ་འགྲུབ་པར་དཀའོ།། དེ་ནས་བུ་མོ་རོན་ཆེན་སྣ་ཚོགས་ཅན་གྱིས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲསོ།། བཙུན་པ་འོད་སྲུང་ཆེན་པོ་བུད་མེད་ཀྱི་ལུས ་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ལ། ལྷག་པའི་བསམ་པ་ལ་ཞུགས་པ་ལ་ཡང་། བྱང་ཆུབ་འགྲུབ་པར་དཀའ་བ ་མ་མཆི་སོ།། བྱང་ཆུབ་སེམས་དཔའི་བྱང་ཆུབ་ནི་སེམས་བསྐྱེད་པ་ལ་རག་ལས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ཏུ། སངས་རྒྱས་ཀྱི་ཆོས་ཐམས་ཅད་བཟུང་བར་འགྱུརརོ།། བཙུན་པ ་གང་འདི་སྐད་དུ། བུད་མེད་ཀྱི་ལུས་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུསོ།། ཞེས་གསུངས་པ་དེ་ནི། སྐྱེས་པའི་ལུས་ཀྱིས་ཀྱང་མངོན་པར་རྫོགས་པར ་འཚང་རྒྱ་བར་མི་ནུསོ།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་འདི་སྐད་དུ། མིག་ནི་སྐྱེས་པ་ཡང་མ་ཡིན། བུད་མེད་ཀྱང་མ་ཡིན།། དེ་བཞིན་དུ་ན་པ་དང་། ་སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བུད་མེད་ཀྱང་མ་ཡིན། སྐྱེས་པ་ཡང་མ་ཡིནོ་ཞེས་གསུངས་པའི་ཕྱིརརོ།། བཙུན་པ་འོད་སྲུང་ཆེན་པོ་དེ་ཅིའི་སླད་དུ་ཞེ་ན། མིག་ནི་སྟོང་པ་སྣ ་སྟོང་པ་གང་ལགས་པ་དེ་ལ་ནི། བུད་མེད་ཀྱང་མ་མཆིས། སྐྱེས་པ་ཡང་མ་མཆིས་པའི་སླ།། བཙུན་པ་འོད་སྲུང་ཆེན་པོ་དེ་བཞིན་དུ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི ་སྟོང་པ་སྟེ། སྟོང་པ་གང་ལགས་པ་དེ་ལ་བུད་མེད་ཀྱང་མ་མཆིས། སྐྱེས་པ་ཡང་མ་མཆིས་པའི་སླད་དུའོ།། བཙུན་པ་དེ་ལ་ནི་མིག་ཁོང་དུ་པ་གང་ལགས་པ་དེ་ནི། བྱང་ཆུབ་ལགས ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཁོང་དུ་ཆུད་པ་ལགས་པ་དེ་ནི་བྱང་ཆུབ་ལག་སོ།། བྱང་ཆུབ་གང་ལག་ས་པ་དེ་ལ་ནི། བུད་མེད་ཀྱི་ཆོས་རྣམས་སོ།། སྐྱེས་པའི ་ཆོས་རྣམས་མ་མཆི་སོ།། བཙུན་པ་འོད་སྲུང་ཆེན་པོ་དེ་ལྟ་བས་ན། བྱང་ཆུབ་ཀྱི་ངོ་བོ་ཉིད་གང་ལགས་པ་དོནི། བདག་གི་ངོ་བོ་ཉིད་ཀྱང་དེ་ལག་སོ།། སྨྲས་པ། བུ་མོ་ཅི་ཁྱོད་བྱང་ཆུབ་ཡིན་ནམ། ་སྨྲས་པ། གནས་བརྟན་དང་བདག་ཅག་གཉི་ག་ཡང་བྱང་ཆུབ་ལག་སོ།། སྨྲས་པ། བུ་མོ་ཁོ་བོ་ནི་བྱང་ཆུབ་མ་ཡིན་གྱི། ཁོ་བོ་ནི་ཉན་ཐོས་ཡིནོ།། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ཁྱོད་སུས ་བཏུལ་སྨྲས་པ། བུ་མོ་ཁོ་བོ་ནི་དེ་བཞིན་གཤེགས་པས་བཏུལ་ཏོ།། སྨྲས་པ། གནས་བརྟན་གལ་ཏེ་དེ་བཞིན་གཤེགས་པས་བཏུལ་ན། གལ་ཏེ་དེ་བཞིན་གཤེགས་པ་མངོན ་པར་རྫོགས་པར་སངས་རྒྱསུ་ཟིན་ན། དེ་བཞིན་གཤེགས་པས་གནས་བརྟན་གདུལ་བར་སྤྱོད་དམ། བུ་མོ་དེ་ནི་མ་ཡིན།། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དེ་ལྟ་བས་ན་ཁྱོད་ཉིད ་བྱང་ཆུབ་ལགས་ཏེ། བྱང་ཆུབ་མ་ལགས་པའི་ཆོས་ཅི་ཡང་མ་མཆི་སོ།། སྨྲས་པ། བུ་མོ་ཙམཚམས་མེད་པ་རྣམས་ཀྱང་ལ་ཡིན་ནམ། སྨྲས་པ། བཙུན་པ་དེ་དེ་བཞིན་ཏེ། མཚམས ་མེད་པ་རྣམས་ཀྱང་བྱང་ཆུབ་ལགསོ།། དེ་ཅིའི་སླདདུ་ཞེ་ན། བྱང་ཆུབ་མཚམས་མེད་པའི་རང་བཞིན་ཅན་ལགས་ཏེ། མཚམས་མེད་པའི་ཆོས་ཀྱི་སྟོང་པ་ཉིད་ཀྱི་རང་བཞིན་གང་ལགས ་པ་ནི་བྱང་ཆུབ་ལགས་ལ། སྟོང་པ་ཉིད་ཀྱི་རང་བཞི་ན་གང་ལགས་པ་དེ་ཏེ། བྱང་ཆུབ་ལགས་པའི་སླད་དུའོ།། བཙུན་པ་དེ་ལྟར་ན་མཚམས་མེང་པ་ཁོང་དུ་ཆུད་པ་ལས ་བྱང་ཆུབ་འབྱུང་།། བཙུན་པ་བྱང་ཆུབ་མ་ལེགས་པ་གང་ལགས་པ་དེ་ནི་མ་མཆིས་ཏེ། གལ་ཏེ་ཆོས་འགའ་ཞིག་དང་མི་ལྡན་ན་ནི་མ་ལགས་ཀྱི་ཆོས་ཐམས་ཅད་མཐ ་བ་ཉིད་དང་ལྡན་པ་དེ་ནི་བྱང་ཆུབ་ལག་སོ།། སྨྲས་པ། བུ་མོ་ཁྱོད་ཀྱི་སྤོབས་པ་འདི་སུས་བྱིས། སྨྲས་པ། གནས་བརྟན་གྱིས་སྩལ་ཏོ།། དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་གནས་བརྟན་གྱིས ་མ་སྨྲས་ན། བདག་གི་སྤོབས་པ་འདི་སྐྱེ་གྱུརརོ།། བཙུན་པ་དབེན་ན། གལ་ཏེ་མ་སྨྲས་ན། བྲག་ཚའི་སྒྲ་འབྱུང་བར་མི་འགྱུ་བ་དེ་བཞིན་དུ། བཙུན་པ་འོད་སྲུང་ཆེན་པོ་བྱ ་ཆུབ་སེམས་དཔའ་རྣམས་ནི་མ་དྲིས་ཀྱི་བར་དུ་སྤབས་པ་སྐྱེ་བར་མི་འགྱུརོ།། སྨྲས་པ། བུ་མོ་ཁྱོད་ཀྱི་དེ་བཞིན་གཤེགས་པ་ཇི་སྙེད་ལ་བསྙེན་བཀུར་བྱས། སྨྲས་པ། གནས ་བརྟན་གྱིས་ཉོན་མོངས་པ་ཇི་སྙེད་སྤངས་པ་སྙེད་པའོ།། སྨྲས་པ། བུ་མོ་ཁོ་བོའི་ཉོན་མོངས་པ་རྣམས་ནི་སྤངས་པ་མེདོ།། སྨྲས་པ། བཙུན་པ་ཉོན་མོངས་པ་དང་བཅས་པ ་ལགས་སམ། སྨྲས་པ། ཁོ་བོ་ནི་ཉོན་མོངས་པ་དང་བཅས་པ་ཡང་མ་ཡིན། ཉོན་མོངས་པ་རྣམས་སྤངས་པ་ཡང་མ་ཡིནོ།། སྨྲས་པ། ཅི་བཙུན་པ་ཁྱོད་ཀྱིས་ཉོན་མོངས་པ་རྣམས ་གཞག་གམ། སྨྲས་པ། བསྐྱེད་པ་ཡང་མེད། འགག་པར་བྱས་པ་ཡང་མེད། བཞག་པ་ཡང་མེད། དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཤེས།། སྨྲས་པ། ཅི་དེ་བཞིན་ཉིད་ཤེས་པར ་བགྱི་བ་ཞིག་ལགས་སམ། སྨྲས་པ་དེ་ནི་མ་ཡིནོ།། སྨྲས་པ། འོན་ཅིའི་སླད་དུད་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཉོན་མོངས་པ་ཤེས་ཞེས་གསུངས་གལ་ཏེ་མཁྱེན་ན་ནི་དེ་བཞིན ་ཉིད་མ་ལག་སོ།། ཅི་སྟེ་མི་མཁྱེན་ན་ནི་དེ་ལྟར་ན་བཙུན་པ། ཁྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་མི་ཤེས་པ་ཅན་དུ་མཚུངསོ།། སྨྲས་པ། བུ་མོ་ཁྱོད་ཀྱི་ཚིག་ཐམས་ཅད་ནི། ་གཞན་གྱི་ཚིག་གཅོད་པར་བྱེད་པའོ།། སྨྲས་པ། བདག་ནི་སུའི་ཚིག་ཀྱང་གཅོད་པར་ཡང་མི་བགྱིད། བསྒྲུབ་པར་ཡང་མི་བགྱིད་དོ།། དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ནི་གཅད་དུ་མ ་མཆིས་པ་ལགས་ལ། ཚིག་ཐམས་ཅད་ནི་ཆོས་ཀྱི་དབྱིངསུ་ཡང་དག་པར་འདུ་བའི་སླད་དུའོ།། སྨྲས་པ། གང་ཁྱོད་ཀྱིས་བདག་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་མཉམས་ཏེ། བཞག་པ་དེ་ཁྱོད ་འགྱོད་པར་མི་འགྱུར་རམ། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་གལ་ཏེ་བདག་གིས་གནས་བརྟན་ཡང་ཐ་དད་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་། ཐ་དད་པར་བཞག་ན་ནི་དེ་ལྟ་ན ་བདག་མགྱོད་པར་འགྱུར་བ་ཞིག་ན། གང་གི་སླད་དུ་བདག་གིས་གནས་བརྟན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐ་མི་དད་བང་བཞག6། བདག་འགྱོད་པར་མི་འགྱུརརོ།། ་བཙུན་པ་མཚུངས་ཤེས་བགྱི་བ་དེ་ནི། ཆོས་ཐམས་ཅད་ཐ་དད་པ་མ་མཆིས་པ་དང་། ན་མཁའ་དང་མཚུངས་པ་ཉིད་ཀྱི་ཚིག་བླ་ངདག་སོ།། སྨྲས་པ། བུ་མེ་ཅི་ཁྱོད་སོ་སོའི་སྐྱེ་བོ་རྣམས་མཚུངས ་སམ་འོན་ཏེ་འཕགས་པ་རྣམས་དང་མཚུངས། སྨྲས་པ། བཙུན་པ་བདག་ནི་སོ་སོའི་སྐྱེ་བོ་རྣམས་དང་མཚུངས་པ་ཡང་མ་ལེགས། འཕགས་པ་རྣམས་དང་མཚུངས་པ་ཡང་མ ་ལག་སོ།། དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་བདག་སོ་སོའི་སྐྱེ་བོ་རྣམས་དང་མཚུངས་ནི་ནི་བདག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་མ་མཆིས་པར་འགྱུརརོ།། ཅི་སྟེ་འདའ ་པ་རྣམས་དང་ཡང་མི་མཚུངས། འཕགས་པ་རྣམས་དང་། ཡང་མི་མཚུངས་ན་ནི་ཉན་ཐོས་རྣམས་དང་མཚུངས་པར་འགྱུར་ཏེ། དེ་ལྟ་ན་ནི་བདག་སངས་རྒྱས་ཀྱི་ཆོས ་རྣམས་ལས་ཡོངསུ་ཉམས་པར་འགྱུར་རོ།། སྨྲས་པ། བུ་མོ་གལ་ཏེ་ཁྱོད་སོ་སོའི་སྐྱེ་བོ་རྣམས་དང་ཡང་མི་མཚུངས། འཕགས་པ་རྣམས་དང་ཡང་མི་མཚུངས་ན། ཅི་ཁྱོད་སངས ་རྒྱས་ཀྱི་ཆོས་རྣམས་དང་མཚུངས་སམ། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་བདག་ནི་ང་གཟོད་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་པ་མ་ལག་སོ།། དེ་ཅིའི་སླད་དུ་ཞེ་ནོ།། བདག་ནི། ་ཐོག་མ་ནས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངསོ།། སྨྲས་པ། བུ་མོ་གལ་ཏེ་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་ན། ཅི་སངས་རྒྱས་ཀྱི་ཆོས་དེ་དག་ཁྱོད་ལ་ཡོད་དམ། སྨྲས ་བར་གནས་བརྟན་ཅི་སངས་རྒྱས་ཀྱི་ཆོ་སུ་གདགས་པ་འདས་པ་འམ། མ་འོངས་པའམ། ད་ལྟར་བྱུང་བ་འམ། ཡུལ་ན་གནས་པ་འམ། ཕྱོགས་ན་གནས་པ ་འམང་སྔོན་པོ་འམ་སེར་པོ་འམ། དམར་པོ་འམ། དཀར་པོ་འམ། གཅོད་ཀའམ། ཤེལ་གྱི་ཁ་དོག་གམ། དངུལ་གྱི་ཁ་དོག་ལྟ་བུ་ལགས་སམ། སྨྲས་པ། བུ་མོ་སངས་རྒྱས་ཀྱི་ཆོས་རྣམ ་གདགས་པ་ནི། ཁ་དོག་དང་དབྱིབས་ཀྱི་སྒོ་ནས་བསྟན་པར་མི་ནུསོ།། སྨྲས་པ། བཙུན་པ་གལ་ཏེ་སངས་རྒྱས་ཀྱི་ཆོས་རྣམས་གདགསུམ་མཆིས་པ་དང་། གདུག་སུ་མི་རུང་བ་ལ། ་ན་ཅིའི་སླད་དུ་བདག་ལ་ཚོལ་བར་མཛད། སྨྲས་པ། བུ་མོ་འོན་སངས་རྒྱས་ཀྱི་ཆོས་གང་ལས་བཙལ་བར་བྱ། སྨྲས་པ། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ལས་བརྩལ ་བར་བགྱིའོ།། སྨྲས་པ། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ཀྱང་གང་ལས་བཙལ་བར་བྷ། སྨྲས་པོ།། བཞིན་གཤེགས་པའི་རྣམ་པར་གྲོལ་བ་ལས་བཙལ་བ ་བགྱིའོ།། སྨྲས་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ཡང་གང་ལས་བཙལ་བར་བྱ། སྐྱེས་པ། མཚམས་མེད་པ་ལྔ་ལས་བཙལ་བར་བགྱིའོ།། སྨྲས་པ། མཚམས་མེད་པ ་ལྔ་ཡང་གང་ལས་བཙལ་བར་བྱ། སྨྲས་པ། གནས་བརྟན་འོད་སྲུང་ཆེན་པོའི་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་ལས་བཙལ་བར་བགྱིའོ།། སྨྲས་པ། བུ་མོ་ཁྱོད་ཀྱི་གཏམ་འདི ་འདྲ་བ་དེ་ཇི་ལྟ་བུ་ཞིག། སྨྲས་པོ། བཙུན་པ་གཏམ་འདི་ནི་མ་བཅིངས་མ་གྲོལ་བའི་གཏམ་ལག་སོ།། བླང་དུ་མ་མཆིས་ཤིང་དོར་དུ་མ་མཆིས་ཏེ། རང་བཞིན་གྱིས་ཡོངསུ་དག་པའི ་གཏམ་ལག་སོ།། ཆོས་ཐམས་ཅད་ཐ་དད་པ་མ་མཆིས་པའི་གཏམ་ལག་སོ།། སྨྲས་པ། བུ་མོ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་དང་འཐུན་པ་མ་ཡིན།། སྨྲས་པ། ་བཙུན་པ་འོད་སྲུང་ཆེན་པོ་དེ་ནི་མེད། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་དང་འཐུན་པ་མ་ལག་སོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ ་རྣམས་ཀྱི་བྱང་ཆུབ་ནི་བརྗོད་དུ་མ་མཆིས་པ། སྐ་དུ་མ་མཆིས་པ་ལགས་པའི་སླད་དུའོ།། བཙུན་པ་འོད་སྲུང་ཆེན་པོ་བཤད་པའི་དངོས་པོ་གང་ལགས་པ་དེ་དག་ཐམས་ཅད་ནི་སྨྲས ་འདི་ནི་ཡི་གེ་མ་མཆིས་པའི་གཞི་ལག་སོ།། འདི་ནི་ཇི་ལྟ་བ་བཞིན་གྱི་གཞི་ལག་སོ།། འདི་ནི་གཞི་མ་མཆིས་བའི་གཞི་ལག་སོ།། སྨྲས་པ། བུ་མོ་གལ་ཏེ་བྱང་ཆུབ ་ཀྱི་མཚན་ཉིད་ལྟ་བུ་ཡིན་ན། དེ་ཇི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུརརོ།། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ལུས་དང་སེམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ ་བར་འགྱུར།། དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་ནི་ལུས་དང་སེམས་ཀྱི་ངོ་བོ་ཉིད་ཁོ་ན་ལགས་ཏེ། ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར། སྨྲས་པ། ་བུ་མོ་ཁྱོད་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རམ། སྨྲས་པ། བདག་ཉིད་བྱང་ཆུབ་ལགས་ཏེ། བྱང་ཆུབ་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱབ ་མི་འགྱུར་ལག་སོ།། སྨྲས་པ། བུ་མོ་གལ་ཏེ་ཁྱོད་ཉིད་བྱང་ཆུབ་ཡིན་ན། ཅི་ཆོས་ཀྱི་འཁོར་ལོ་བསྐོར་རམ། སྨྲས་པ། བདག་ནི་ཆོས་ཀྱི་འཁོར་ལོ་བསྐོར་ལག་སོ།། ་སྨྲས་པ། ཁྱོད་ཀྱིས་ཆོས་ཀྱིས་འཁོར་ལོ་བསྐོར་བ་ཇི་ལྟ་བུ་ཞིག། སྨྲས་པ། འཁོར་ལོ་དེ་ནི་རྟེན་ཐམས་ཅད་དང་བྲལ་བའི་སླད་དུ་མི་གཡོ་བ་ལག་སོ།། འཁོར་ལོ་དེ་ནི་ཆོས་ཀྱི་དབྱིངས ་ལ་གནས་པའི་ཚུལ་གྱིས་གནས་པ་མ་མཆིས་པ་ལགས།། འཁོར་ལོ་དེ་ནི་བྲལ་བ་མ་མཆིས་པའི་ཚུལ་གྱིས་དེ་བཞིན་ཉིད་ལག་སོ།། འཁོར་ལོ་དེ་ནི་ཡང་དག་པའི་མཐའ་ལགན ་པས་མི་གནས་པ་ལགསོ།། འཁོར་ལོ་དེ་ནི་གནས་ཐམས། ཅད་ལས་བྱུང་བ་མ་ལགས་པས་གནས་མ་མཆིས་པ་ལག་སོ།། འཁོར་ལོ་དེ་ནི་ཆོས་ཐམས་ཅད་ཀྱི ་མཉམ་པ་ཉིད་རྗེ་སུ་སོང་བས། གཉི་སུ་མ་མཆིས་པ་ལ་གསོ།། འཁོར་ལོ་དེ་ནི་གཅིག་དང་ཐ་དད་པར་མི་དམིགས་པས། ཐ་དད་པ་མ་ལག་སོ།། འཁོར་ལོ་དེ་ནི་སྒྲ་དང་། ་སྐད་དང་། ཚིག་ལྷམ་ཐམས་ཅད་རོ་གཅིག་པས། བརྗོད་དུ་མ་མཆིས་པ་ལག་སོ།། འཁོར་ལོ་དེ་ནི་ཤིན་ཏུ་ཀུན་ནས་ཉོན་མོངས་པ་ཅན་མ་ལགས་པས། རྣམ་པར་དག་པ་ལ། ་སོ་འཁོར་ལོ་དེ་ནི་ཆད་པ་དང་རྟག་པ་མི་དམིགས་པས་ཡོད་པས་ཡོངསུ་ཆད་པ་མ་ལག་སོ།། འཁོར་ལོ་དེ་ནི་རྒྱུ་དང་རྐྱེན་ཤིན་ཏུ་བརྟགས་པས་འགལ་བ་མ་མཆིས་པ་ལགསོ།། ་འཁོར་ལོ་ནི་བདེན་པ་ལག་སོ།། འཁོར་ལོ་དནི་མི་སྐྱེ་མ་འགག་པ་ལག་སོ།། འཁོར་ལ་དེ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལག་སོ།། བཙུན་པ་འོད་སྲུང། ་ཆེན་པོ་འཁོར་ལོ་དེ་འདྲ་བ་གང་ལགས་པ་དེའི་བསྐོར་བ་ཇི་འདྲ་བ་ཞིག་ལགས། སྨྲས་པ། བུ་མོ་ཁྱོད་ཀྱི་སྙན་པ་འདི་འདྲ་བ་ལས་ན་ཁྱོད་ནི་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུ་རོ།། སྨྲས་པ། གང་གི་ཆོ་གནས་བརྟན་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ། ་བདག་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལག་སོ།། སྨྲས་པ། ཁོ་བོ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ནི་གནས་མེད། སྐབས་མདོ།། སྨྲས ་པ་དེ་ལྟ་ལགས་ཏེ། བྱང་ཆུབ་ནི་གནས་མ་མཆིས་པ་ལ་གནས་པ་སྟེ། དེ་ནི་སུས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ལག་སོ།། བུ་མོ་དེས་བསྟན་པ་འདི་བཤད་པ་ན། ་བྱང་ཆུབ་སེམས་དཔའ་ལྔ་བརྒྱས་མི་སྐྱེ་བའི་ཆོས་ལ་བ། ཟོད་པ་ཐོབ་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་ཀྱང་བུ་མོ་དེ་ལ་ལེག་སོ།། ཞེས་བྱ་བ་བྱིན་ཏེ། བུ་མོ་ལེག ་སོ་ལེགསོ།། ཁྱོད་ཀྱི་ཆོས་བསྟན་པ་འོད་ལེགས་པར་སྨྲསོ།། བམ་པོ་དྲུག་པ། དེ་ནས་འཁོར་དེའི་ནང་ནས། ལྷ་དང་། ཀླུ་དང་། གནད་སྦྱིན་དང་། དྲི་ཟ་ཁ་ཅིག ་འདི་སྙམ་དུ་སེམས་ཏེ། བུ་མོ་འདི་ཡུན་ཇི་སྲིད་ཅིག་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་སྙམ་པ་དང་། བཅོམ་ལྡན་འ ་ཀྱིས་དེ་དག་གི་བསམ་པ་ཐུག་སུ་ཆུད་ནས། དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་བུ་མོ་རིན་ཆེན་སྣ་ཚོགས་ཅན་འདི་ནི་བསྐལ་པ་གྲངས་མེད་པ་གསུམ་བརྒྱན། བསྐལ་པ་རྣམ ་བར་སྦྱོང་བ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་སྣང་བ་ཅན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་རྣམ ་པར་གཟིགས་ཤེས་བྱ་བར་འགྱུརརོ།། འཇིག་རྟེན་གྱི་ཁམས་སྣང་བ་ཅན་དེ་ཡང་། དེ་བཞིན་གཤེགས་པ་དེའི་འོད་ཀྱིས་རྟག་ཏུ་སྣང་བར་འགྱུརརོ།། ཞམ་རིང་བ་བྱང་ཆུབ་སེམས་དཔའ ་ནི་བྱེ་བ་ཕྲག་དགུ་བཅུ་རྩ་གཉིསུ་འགྱུརརོ།། དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅུར་འགྱུརརོ།། དེ་ནས་ཀླུའི་བུ་མོ་ཁྲི་བོ་དེ་དག་གིས་ཀྱང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་གང་གི་ཚེ་དེ་བཞི་ན་གཤེགས་པ་ཀུན་ཏུ་རྣམ་པར་གཟིགས་དེས་བྱ་ཆུབ་བརྙེས་པ་དེའི་ཚེ། བདག་ཅག་འཇིག་རྟེན་གྱི་ཁམས་དེར ་གྱུར་ཅིག་གསོལ་ནས། དེ་དག་ཀྱང་བཅོམ་ལྡན་འངས་ཀྱིས། འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་ལུང་བསྡུ་ན་ཏོ།། དེ་ནས་བཅོམ་ལྡན་འདས་ལ། ལྷའི་དབང་པོ ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་འདི་དག་ནི། ལྷ་མ་ཡིན་གྱི་འཇིགས་པས། རྟག་ཏུ་སྐྲག་བཞིན་དུ་གནས་ལ། ལྷ ་དང་ལྷ་མ་ཡིན་གཡུལ་འགྱེད་པ་ན་ཡང་། ཕན་ཚུན་འགྱེད་ཅིང་རྩོད་པར་བགྱིད། དེ་བས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པས། ཅི་ནས་སེམས་ཅན་ཐམས་ཅད་སེམས ་འཐུན་པར་འགྱུར་བ་དེ་ལྟ་བུར་ཆོས་བསྟན་ན་ལེགས་ལེག་སོ།། འཁོར་འདིར་ལྷ་དང་ལྷ་མ་ཡིན་འདུས་པ་འདི་དག་ཐམས་ཅད་ཀྱང་། ཅིནས་གཅིག་ལ་གཅིག་འཐུན་པར་བགྱིད ་པ་དང་། བྱམས་པར་སེམས་པ་དང་། ཕན་པར་སེམས་པ་དང་། གནོད་པར་སེམས་པར་མི་འགྱུར་བ་དེ་ལྟ་བུར་སེམས་དད་པར། བཅོམ་ལྡན་འདས་ཀྱིས་མཛད་དུ་གསོལ། དེ་ནས། ་བཅོམ་ལྡན་འདས་ཀྱིས། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། ལྷ་མ་ཡིན་གྱི་དབང་པོ་བདེ་མཆོག་དང་། ཐག་བཟངས་རིས་དང་། ལག་བཟངས་དང་། སིམ་བྱེད་རྣམས་ལ་བཀའ ་སྤྲུལ་པ། གོགས་པོ་དག་བྱམས་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་བསྔག་སོ།། བྱམས་པའི་རྗེསུ་འཇུག་པའི་སྐྱེས་བུ་གང་ཟག་གིས་ནི། ཚེ་འདི་བ་ཆེ་ཕྱི་མའི་དོན་ཐོབ་པར ་འགྱུརརོ།། གྲོགས་པོ་དག་ཚེ་འདི་ནི་ཡུན་ཐུང་།། ཚེ་ཕྱི་མར་ནི་འགྲོ་དགོ་སོ།། འབྱོར་པ་ཐམས་ཅད་ཀྱི་མཐའ་ནི་རྒུད་པའོ།། རྒྱལ་པོའི་ལོངས་སྤྱོད་དང་། དབང་ཕྱུག་རྣམས་ནི་མི་རྟགས། ་ཁྱེད་ལྷན་ཅིག་འཐུན་པ་དང་། གནོད་སེམས་མེད།། པ་དང་། འཇིག་རྟེན་ཕ་རོལ་ལ་ལྟ་བ་དང་། ལས་ཀྱི་རྣ་མ་པར་སྨིན་པ་ལ་རྟོན་པས་གནས་པར་གྱིས་ཤིག། ་བཅོམ་ལྡན་འདས་ཀྱིས་དེ་ལྟར་ཅི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་དང་། ལྷ་མ་ཡིན་དེ་དག་འཐུན་པར་གནས་པར་འགྱུར་བ་དེ་ལྟ་བུའི་སྐྱོ་བའི་གཏམ་མཛད།། དེ་ནས་ཚིག་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་དང་སླན་ཆད་མཉེན་པའི་ཚུལ་དུ་བགྱིད་ཅིང་གཅིག་ལ་གཅིག་བྱམས་པའི་སེམས་དང་། གནོད་སེམས་མ་མཆིས་པའི་གནས་པར་འཆལ ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ལེག་སོ་ལེགས།། བྱམས་པའི་རྣམ་པའི་སེམས་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་པའི་མཆོག ་ཡིན། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམ་པས་ནི། འདིས་སྟེ། བྱམ་ས་པའི་སེམས་ཀྱིས་ཏིང་འཛིན་མཆོག་ཡིན་ཏེ། དྲས་དེ་ལས་དགོས ་ནས་དེ་སྐད་བསྟན་ཏོ།། གྲོགས་པོ་དག་གཞན་ཡང་བཞི་པོ་འདི་དག་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཁྱད་པར་དུ་འཕགས་པ་ཡིན་ཏེ། བཞི་གང་ཞེ་ན། བསླབ་པ ་ལས་འགལ་བར་མི་བྱེད་པ་དང་། བྱམས་པའི་ལུས་དང་། ངག་དང་ཡིད་ཀྱི་ལས་དང་། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱ་བའི་བྱང་ཆུབ་ཀྱི་སེམས་དང་། ཇི ་ལྟར་ཐོས་པའི་ཆོས་ལ་སོ་སོར་རྟོག་པའི་ཆོས་ཀྱི་ནན་ཏན་ཏེ། བཞི་པོ་དེ་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཁྱད་པར་དུ་འཕགས་པའོ།། བསྟན་པ་འདི ་ཐོས་ནས་ལྷའི་འཁོར་དང་། ལྷ་མ་ཡིན་གྱི་འཁོར་དེད། ག་གནང་ནས་བཞི་ཁྲིས་བྱང་ཆུབ་ཏུ་སེམས་བསྐྱེད།། དེ་ནས་བཅོམ་ལྡན་འདས་ལ། ཀླུའི་རྒྱལ་པོ་དབུགས ་ཅན་དང་། ཀླུའི་རྒྱལ་པོ་དབུགས་ཅན་ཆེན་པོ་དང་། འཇོག་པོ་དང་། ཁ་དོག་མཐའ་ཡས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོ་འདིའི་ནང་ན། ཀླུ ་རིགས་ཚད་མ་མཆིས་པ། ལས་ཀྱི་རྣམ་པར་སྨིན་པ་སྣ་ཚོགས་ལས་སྐྱེས་པ་དག་མཆིས་ཏེ། དེ་ལ་ཁ་ཅིག་ནི་དབང་ཆེ་བར་གྲགས་པ་ལགས། ཁ་ཅིག་ནི་ལུས་ཉམ་ཆུང་ཤིང་ཆུ་བར ་གྲགས་ལ། ལུས་ཆུང་བདག་ཀྱང་མཆིས་ཏེ། བཅོམ་ལྡན་འདས་བྱའི་རྒྱལ་པོ་རྣམ་པའ་ལྡིང་བ་ནི་དེར་བབས་ནས། ཀླུ་གཞོན་ནུ་དང་། ཀླུའི་བུ་མེ་ལུས་ཉམ་ཆུང་བ་རྣམས་བཏོན་ཏེ། འཚལ་བ ་། བགྱིད་ལ། རྒྱ་མཚོའི་ནང་གི་ཀླུའི་རིགས་ཐམས་ཅད་ཀྱང་སྐྲག་པར་བགྱིད་ལགས་ན། ཅི་ནས་རྒྱ་མཚོ་ཆེན་པོའི་ཀླུ་དེ་དག་ཐམས་ཅད་ཀྱང་། འཇིགས་པ་མ་མཆིས་པ་དང་། སྐྲག་པ་མ་མཆིས་པར ་གནས་པར་འགྱུར་བ་དེ་ལྟ་བུར། བཅོམ་ལྡན་འདས་ཀྱིས་བསྲུང་བ་དང་། བསྐྱབ་པ་དང་། སྨྲ་བ་མཛད་དུ་གསོལ་ཏོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་རས་ཕྲག་ཐར་ཕྲག་པ་ལ ་ཕབ་ནས། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་བ། ཀྱེ་ཀླུའི་བདག་པོའི་སོ་པླག་ཟར་འདི་ལོང་ལ། ཀླུའི་རིགས་ཐམས་ཅད་དུ། ཀླུའི་གནས་ཐམས་ཅད་དུ། དུམ་བུ་དུམ་བུར་གཤོགས ་བྱིན་ཅིག་དང་། ཇི་སྲིད་དུ་རས་ཕྲག་པར་འདི་ལས་ཐན། ཕྲག་མ་གཅིག་ཙམ་གནས་པ་དེ་སྲིད་དུ་ཡང་རྒྱ་མཚོ་ཆེན་པོར་ན་མཁའ་ལྡིང་ཐམས་ཅད་རྒྱུ་བར་མི་འགྱུར།། དེ་ཅིའི་ཕྱིར་ཞེ་ན། ་ཀླུའི་བདག་པོ་དེ་བཞིན་གཤེགས་པ་ཚུལ་ཁྲིམས་དང་། ལྡན་པའི་མཆོ་གི་ཐུགས་ཀྱི་སྨོན་པ་ནི་འགྲུབ་པའི་ཕྱིརརོ།། དེ་ནས་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་རས་ཕྲག་ཟར ་འདི་ལྟར་ཆུང་བ་འདི་རྒྱ་མཚོ་ཆེན་པོའི་ཀླུ་ཐམས་ཅད་ཀྱིས་ཇི་ལྟར་ཐོབ་པར་འགྱུར་སྙམ་སྟེ། ཞུམ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཀླུའི་རྒྱལ་པོ་དེ་རྣམས་ཀྱི་སེམས་ཀྱི་ཡོངསུ ་རྟོག་པ་ཐུགས་ཀྱི་མཁྱེན་ནས། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡིན་པ་དེ་དག ་ཐམས་ཅད་ཀྱིས། རས་ཕྲག་ཟར་འདི་ལས་དུམ་བུ་དུམ་བུར་ཁྱེར་དུ་ཟིན་ཀྱང་། རས་ཕྲག་ཟར་འདི་ཡོངསུ་ཟད་པར་མི་འགྱུར་ཏེ། དེ་དག་གིས་གོས་ཇི་ཙམ་གྱི་ཚང་དུ་འགྱུར་བར་འཛིན ་ཡང་དེ་ལ་དེ་དག་གོས་དེ་ཙམ་དུ་འགྱུར་ཏེ། ཀླུའི་བདག་པོ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ནི་དེ་ལྟར་བསམ་གྱིས་མི་ཁྱའོ།། དེ་ནས་ཀླུའི་རྒྱལ་བ་རྒྱ་མཆོས ་རས་ཕྲག་ཟར་བླངས་ཏེ། དུམ་བུ་འབུམ་ཕྲག་དུ་མར་བྱས་ནས། ཀླུ་ཐམས་ཅད་དང་། ཀླུ་གཞོན་ནུ་ཐམས་ཅད་ལ་སོ་སེར་བྱིནོ།། དེར་སུ་ཇི་སྙམ་དུ་འདོད་པ་དེ་ལ་དེ་ཙམ་གྱིས་གོསུ་མངོན་པར ་འགྲུབ་པར་འགྱུར་ཏེ། ཡངས་ཤིང་རྒྱ་ཆེ་བར་འགྱུར་ལ། རས་བྲག་ཟར་དེ་ཡོངསུ་ཟད་པར་མི་འགྱུརརོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ལ་སྨྲས་པ། གྲོགས ་བོ་དགེ་རས་ཕྲག་ཟར་དེ་ལ་སྟོན་པའི་འདུ་ཤེས་དང་། མཆོད་རྟེན་གྱི་འདུ་ཤེས་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རས་ཕྲེག་ཟར་འདི་མ། དེ་བཞིན་གཤེགས་པས་ལོངས་སྤྱད་པ་ཡིན་ཏེ།། སེམས ་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པ་ཡི་ནོ།། གྲོག། ས་པོ་དག་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་གང་ཡིན་པ་དང་། རས་ཕྲག་ཟར་འདི་ལ་མཆོད་པ་བྱེད་པ་གང ་ཡིན་པ་དེ་ལ་ནི། བྱེ་བྲག་གམ་ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མདོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཀླུའི་རྒྱལ་བ་རྒྱ་མཚོ་ལ་ལེག་སོ་ཞེས་བྱ་བ་བྱིན་ཏེ། ཀླུའི་བདག་པོ་ལེགསོ་ལེགསོ།། ཁྱོད ་ཀྱི་ཇི་སྐང་སྨྲས་པ་བཞིན་ཏེ། རས་ཕྲག་བར་དེ་ལ་མཆོད་པ་བྱེད་པ་གང་ཡིན་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་ཡིན།། ཀླུའི་བདག་པོ་ཀླུ་དང་། ཀླུ་གནོན་ན ་ཀླུའི་བུ་མེ་ཇི་སྙེད་ཀྱི་རས་ཕྲག་ཟར་དེ་ལས་དུམ་བུ་དུམ་བུར་ཁྱེར་བ་མཐོང་ངམ། གསོལ་བ། བཅོམ་ལྡན་འདས་མཐོང་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འདི་དག་བ་ནི ་བསྐལ་པ་བཟང་པོ་འདི་ཁོ་ན་ལ་ཡོངསུ་མྱ་ངན་ལས་འདའ་བར་ངས་པ་ལུང་བསྟན་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ནི་མ་གཏོག་སོ།། ཀླུའི་བདག་པོ་དེ་བཞིན་གཤེགས་པ་ནི། དེ་ལྟར ་འཇིག་རྟེན་ན་ཡོན་གནས་ཡིན་ཏེ། དེ་ལ་སེམས་བསྐྱེད་པ་ཙམ་ཡང་ཆུ་ཟ་བར་མི་འགྱུརརོ།། དེ་ནས་རྒྱ་མཚོ་ཆེན་པོའི་ནང་ང་ཀླུ་གཞོན་ནུ་དང་། ཀླུའི་བུ་མོ་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ཚིམ ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ། ཚིག་འདི་སྐད་ཅེས་ཀྱང་སྨྲ་སོ།། དེ་བཞིན་གཤེགས ་བ་ནི་གཉི་སུ་མི་གསུང་བའོ།། དེ་བཞིན་གཤེགས་པ་ནི་ད་བདེན་པ་གསུང་བའོ།། ཡང་དག་པ་གསུངས་པའོ།། ཕྱིན་ཅི་མ་ལོག་པ་གསུང་བ་སྟེ། ངས་བདག་ཅག་ཐམས་ཅད་ཡོངསུ ་མྱ་ངན་ལས་འདས་པར་ལུང་བསྟན་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་སངས་རྒྱས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་ཤིན་ཏུ་སྐྱབསུ་མཆིའོ།། སླབ་པའི་གཞི ་རྣམས་ཀྱང་གཟུང་བར་འཚལོ།། དེ་བཞིན་གཤེགས་པ་ལ་ཡང་བཀའ་དྲིན་དུ་གཟོ་བར་འཚལ་ཏེ། དེ་བཞིན་གཤེགས་པ་བཞུགས་པ་ན་ཡང་། བལྟ་བ་དང་། ཕྱག་འཚལ་བ་དང་། བསྣན ་བཀུར་བགྱི་བ་དང་། ཆོས་མཉན་པའི་སླད་དུ་རྒྱུན་མི་འཆད་པར་ཐ་དད་དུ་མཆིའོ།། དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་པ་ན་ཡང་སྐུ་གདུང་འཆང་བ་རྣམས་ལ་མཆོད་པ་བརྒྱན ་བཀུར་བསྟི་དང་། རིམ་འགྲོ་ཐམས་ཅད་ཀྱང་བགྱིའོ།། ཀླུ་ཡོངསུ་བསྐྱབ་པ་ཞེས་བྱ་བའི་ལེའུ་སྟེ། བདུན་པའོ།། ། དེ་ནས་བྱའི་རྒྱལ་བ་ན་མཁའ་ལྡིང་བཞིས། དེ་བཞིན་ག ་པའི་བྱིན་གྱིས་རླབས་འདི་ཐོས་ནས། མི་དགའ་ཞིང་རིངས་པའི་ཚུལ་གྱིས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ལྤགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་བདག་ཅག་གི་འཚལ་མ་བཀུམ་སྟེ་ཅི་བགྱི་ལགས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ཟས་བཞི་པོ་འདི་དག་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་བ ་ཡིན་ཏེ། བཞི་གང་ཞེ་ན། གྲོགས་པོ་དག་ཟས་གང་སྲོག་ཆ། གས་གཞན་གསང་བ་དང་། སྲོག་ཆགས་གཞན་ལ་རྣམ་པར་འཚེ་བ་དང་། གཞན་གྱིས་སྲོག་ཅད ་བས་འཚོ་བ་འདི་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེས་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་བའི་ཟས་དང་པོའོ།། གྲོགས་པོ་དག་གཞན་ཡང་ཟས ་གང་མ་བྱིན་པར་ལེན་ཅིང་འཕྲོག་པ་དང་། གཞན་གྱིས་ལོངས་སྤྱོད་འཇིག་པར་བྱེད་པ་དང་། དབྱུག་པ་དང་། རལ་གྲི་དང་། མཚོན་ཆ་དང་། ལག་ཆས་འཚེ་བ་འདི་ནི་སེམས་ཅན་དམྱལ ་བ་དང་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་བའི་ཟས་གཉིས་པའོ།། གྲོགས་པོ་དག་གཞན་ཡང་ཟས་གང་ཚུལ་འཆོས་པ་དང་། ཁ་གསག་དང་། ་ཕ་རོལ་ལ་གནོད་པ་བྱེད་པ་དང་། སྤྱོད་ལམ་ཡང་དག་པར་བསྟོན་པ་དང་། ཆོ་ག་ཉམས་པ་དང་། ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ལོག་པ་དང་། ཡང་དག་པ་མ ་ཡིན་པའི་ཡོན་ཏན་གྱིས་འཚོ་བ་འདི་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའི་ཟས་གསུམ་པའོ།། གྲོགས་པོ་དག་གཞན ་ཡང་ཟས་གང་། སྟོན་པ་མ་ཡིན་པ་ལ་སྟོན་པར་ཁས་འཆེ་བ་དང་། ཡང་དག་པར་སོང་བ་མ་ཡིན་པར་ཡང་དག་པར་སོང་བར་ཁས་ཆེ་བ་དང་། དགེ་སློང་མ་ཡིན་པར་དགེ་སློང་དུ་ཁས་འཚ ་བ་དང་། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེས་པས་འཚོ་བ་འདི་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན ་དུ་འགྲོ་བར་འགྱུར་བའི་ཟས་བཞི་པ་སྟེ། གྲོགས་པོ་དགེ་ང་ནི་ཟས་བཞི་པོ་འདི་དག་ཡང་དག་པར་གཅད་པའི་ཆོས་སྟོན་ཏེ། གྲོགས་པོ་དག་ལུས་གསོ་བའི་ཕྱིར་གཞན་གྱི་སྲོག་གཅད ་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ལ་ནི། སྲེག་གཅེས་ཤིང་པངས་པའི་ཕྱིར་ཏེ། གྲོགས་པོ་དག་དེ་ལྟ་བས་ན། བདག་ཉིད་བསྲུང་བའི་ཕྱིར ་དང་། འཇིག་རྟེན་ཕ་རོལ་བསྲུང་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་བདེ་བ་སྦྱིན་པའི་ཕྱིར། མཁས་པས་སྲོག་ཕྱིར་ལ་ང་གཞན་གྱི་སྲོག་མི་གཅད་ཅིང་། བྱ་བ་མ ་ཡིན་པ་ཐམས་ཅད་མི་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱའི་རྒྱལ་པོ་ན་མཁའ་ལྡིང་བཞི་གཡོག་འཁོར་ས་ཡ་ས་ཡ་དང་ལྡན་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་དེ་བཞིན་གཤེགས་པ་དང་། ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབསུ་མཆིའོ།། སྔོན་སྡིག་པའི་ལས་བགྱིས་པ་ཡང་སོ་སེར་བཤག་སོ།། ་སླན་ཆད་ཀྱང་སྡོམ་པར་འཚལོ།། ཀླུའི་རིགས་ཐམས་ཅད་ལ་ཡང་མི་འཇིགས་པ་སྤྲུལ་ཏོ།། བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡུན་ཇི་སྲིད་གནས་པ་དེ་སྲིད་དུ ་ཡང་རྟག་ཏུ་རྒྱུན་མི་འཆད་པར། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ལ་བརྩོན་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱའི་རྒྱལ་པོ་ན་མཁའ་ལྡིང་བཞི་པོ་དེ ་དག་ལ་བཀའ་སྩལ་པ། གྲོགས་པོ་དག་ཁྱེད་ནི། དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་གསུང་རབ་ལ་དགེ་སློང་བཞིར་གྱུར་ཏེ། དགའ་བྱེད་དང་། དགའ་བྱེད་ཆེན་པོ་དང་། བླ་མ ་དང་། བླ་མའི་བཤེས་གཉེན་ཞེས་བྱ་བར་གྱུར་ཏོ།། དགེ་སློང་བཞི་པོ་དེ་དག་རྙེད་པ་དང་། བཀུར་བསྟི་དང་། ཚིགསུ་བཅད་པའི་རྒྱགས་པས་མྱོས་ཤིང་། མཛའ་བཤེས་ཀྱི་ཁྱིམ་དང་། ་སློངས་མོ་སྟེར་བའི་ཁྱིམ་གྱི་རྒྱགས་པས་མྱོས་ལ།། བདག་ཉིད་ནི། ཚུལ་ཁྲིམས་དང་། ཆོ་ག་དང་། ལྟ་བ་ཉ། མས། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་རྣམས་ལ་ནི ་འཁྲུག་པ་དང་། གནོད་པ་བྱས་ཏེ། ལུས་དང་ངག་དང་། ཡིད་མ་བསྡམས་ཤིང་སྡིག་པ་མང་པོ་བྱས་པར་གྱུར་ཏོ།། དེ་བཞིན་གཤེགས་པ་གསེར་ཐུབ་དེ་ལ་ཡང་ང ་དག་གིས་མཆོད་པ་མང་པོ་བྱས།། དེས་ན་ཁྱེད་སེམས་ཅན་དམྱལ་བར་མ་སོང་སྟེ། དུད་འགྲོའི་སྐྱེ་གནས་འདིར་སྐྱེས་ནས་འདི་ལྟར་སྡོམ་པས་མ་བསྡམས་པའི་ཕྱིར། ཁྱེད་ཀྱིས ་སྲོགཅོད་པ་མང་དུ་བྱས་ཤིང་། སྡིག་པའི་ལས་མང་དུ་བྱས་ལ། མང་པོ་དག་འཇིགས་པར་བྱས།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། བྱའི་རྒྱལ་པོ་ནམཁའ་ལྡིང་བཞི་པོ་ད ་དག་གིས་ཅི་ནས། ཚེ་རབས་དྲན་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་གསེར་ཐུབ་དེ་དང་། དེར་དགེ་སློང་དུ་གྱུར་ནས་ལས་མངོན་པར་འདུ་བྱེད་པ། མངོན་པར་འདུས ་བྱས་པ་དེ་དག་ཐམས་ཅད་རྗེསུ་དྲན་པར་འགྱུར་བ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་མཛད།། དེ་དག་གིས་ཀྱང་མངོན་སུམ་དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་སེམས་ནི་དམུ་རྒོད་གདུལ་དཀའ་ཞིང་། བསྲུང་དཀའ་བ་ལགས་ཏེ། ངར་བདག་ཅག་གི་སེམས་བརྐམ་ཆགས་དུ་གྱུར་པས། བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་གསེར་ཐུབ་དེ་མ་མཉེས་པར་བགྱི་སོ།། བཅོམ་ལྡན་འདས་བདག་ཅག་གིས། ང་སླན་ཆད་རང་གི་སྲོག་ཀྱང་ཡོངསུ་གཏང་བར་འཚལ་གྱི། སྡིག ་པའི་ལས་ནི་མི་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་དེ་དགེ་ཆོས་ཀྱི་གཏམ་གྱིས་དགའ་བ་བསྐྱེད་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། གྲོགས་པོ་དག་ཁྱེད་དེ་བཞིན་གཤེག ་པ་བྱམས་པའི་འདུས་པ་དང་པོའི་གྲངསུ་གཏོགས་པར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ཀྱིས། རྒྱ་མཚོ་ཆེན་པོར་སེམས་ཅན་གྱི་དོན་ཇི་སྙེད་བྱ་དགོས་པ་དེ་དག་ཐམས་ཅད ་མཛོད་ནས། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་ཚུར་ཤོག། ད་རང་གི་མལ་ཆ་དང་། སྟན་རྣམས་སྡུས་ཤིག། ང་ནི་རང་གི་གནསུ་འགྲོའོ།། དེ་ནས་བཅོམ་ལྡན་འདས ་ནམ་རིང་བ་དང་བཅས་པར་གདན་ལས་བཞེངས་ནས། རྒྱ་མཚོ་ཆེན་པོའི་ནང་ནས། ཕྱིར་ཡང་རིན་པོ་ཆེའི་ཐེམ་སྐས་རྣམས་ལས་བཀོད་པ་ཆེན་པོ་དང་། མཆོད་པ་ཆེན་པོ་དང་། སངས་རྒྱས ་ཀྱི་ཆེ་བ་ཉིད་ཆེན་པོས་གཤེགས་ནས། མགུར་སྩལ་ཏེ། རྒྱ་མཚོའི་འགྲམ་དུ་གཞེསོ།། དེ་ནས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མས། བཅོམ་ལྡན་འདས་ལ། ་ཚིག་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ།། སུམ་ཅུ་རྩ་གཉིས་མཚན་མངར་ལྷ་དང་མིས་མཆོད་པ།། ལྷ་མི་དབང་པོས་བསྙེན་བཀུར་མི་མཆོག་དེང་ཕྱག་འཚལ།། པདྨ་ལྟ ་བུའི་སྤྱན་མངར་ཞལ་རས་ཟླ་བ་འདྲ།། དགེ་བའི་ཆོས་ཀྱི་འཕགས་པ་བདེ་སྦྱིན་དེང་ཕྱག་འཚལ།། གཟུགས་མཆོག་སྟོན་པ་བསོད་ནམས་བརྒྱ་ཡི་མཚན་དང་ལྡན།། ཡོན་ཏན་ཡེ ་ཤེས་བསགས་པ་རྣམ་འདྲེན་དེང་ཕྱག་འཚལ།། སྦྱིན་དང་དུལ་བས་འཕགས་པ་ཚུལ་ཁྲིམས་བཟང་པོ་བརྩེགས།། བཟོད་པའི་སྟོབས་ཀྱིས་འཕགས་པ་མི་མཆོག་དང ་ཕྱག་འཚལ།། བརྩོན་འགྲུས་སྟོབས་ཀྱིས་བྱུངབ་བསམ་གཏན་བློ་གྲོས་སྦྱངས།། ཤེས་རབ་མཁའ།། མཚུངས་ཁྱོད་ལ་དེ་རིང་བགོས་ཕྱག་འཚལ།། བྱམས ་བས་སྙོམས་པའི་ཐུགས་ལྡན་ཐུགས་རྗེས་འགྲོ་ལ་གཟིགས།། འདྲེན་པ་ཐུགས་དགྱེས་རྟག་ཏུ་ཕ་རོལ་གཤེགས།། ཀ་ལ་བིང་ཀ་ལྟ་བུར་གསུང་སྙན་ཚངས་སྐད་སྟོན།། གསུང ་སྙན་སྟོན་པ་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ།། བདུད་དཔུང་འཇོམས་པ་བདུད་སྟོབས་ངེས་པར་འཇོམས་མཛད་པ།། བྱང་ཆུབ་བརྟུལ་ཞུགས་སྒྲུབ་པ་སྲིད་གསུམ་སྲིད་པས ་མཆོ་དང་དྲི་གསུམ་དྲི་མ་སྦྱོང་བ་རྣམ་ཐར་གསུམ་སྟོན་པ།། འཇིག་རྟེན་གསུམ་གྲགས་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ།། བདེན་པའི་བརྟུལ་ཞུགས་བཟང་པོ་རྟག་ཏུ་ཆོས་ཀྱིས ་འཕགས།། རྟག་ཏུ་དགོན་པ་སྤྱོད་ཡུལ་རྟག་ཏུ་ཡེ་ཤེས་སྦྱོང་།། ཉོན་མོངས་དགྲ་འཇོམས་གཟི་བརྗིད་ལྷགས་པས་གཟི་བསྐྱེད་པ།། པདྨ་ལྟ་བུའི་སྤྱན་མངའ་དེང་ཁྱོད་མགོས་ཕྱག ་འཚལ།། ལྷུན་པོའི་རྩེ་འདྲ་དགོངས་པ་རྡོ་རྗེ་ལྟ་བུར་བརྟན།། དགོངས་པས་འདྲའི་ཡོན་ཏན་རྒྱ་མཚོ་ཕྱག་འཚ་ལོ།། འགྲོ་ལ་སྟོང་པ་སྟོན་པ་ཞི་གནས་ཕ་རོལ་བྱིན།། རབ་ཏུ་ཞི་བའི་ཐུ ་ལྡན་ཁྱོད་ལ་སྐྱབསུ་མཆི།། བདུད་རྩི་དམ་པ་སྟོན་པ་འགྲོ་མིན་འགྲོ་བ་གཅོད།། ལྷ་དང་མིས་མཆོད་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ།། ས་སྟེང་ལྷ་ཡུལ་གྲགས་པ་སྙན་དང་གྲགས ་བ་འཕགས།། ཡོན་ཏན་རྒྱ་ཆེན་མི་ཟད་ཡོན་ཏན་འབྱུང་གནས་འདུད།། ཇི་སྐད་གསུངས་བཞིན་མཛད་ཅིང་ཛིཿ། རང་མཛད་བཞིན་གསུངས།། ཇི་སྐད་སྤྱོད་བཞིན་སྐུལ་བ་དང ་ཁྱོད་མགོས་ཕྱག་འཚལ།། རྒ་ཤི་གྲོལ་མཛདཏེ་སྨན་པ་འགྲོ་བས་བསྙེན་བཀུར་བ།། ཐར་པའི་ལམ་སྟེ། ན་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ།། རྒྱུ་ཡི་བྱེད་པ ་སྟོན་ལྟ་བའི་མུན་པ་སེལ།། ལམ་མཆོག་སྟོན་པ་རྒྱལ་བ་ཁྱོད་ལ་སྐྱབསུ་མཆི།། རིན་ཆེན་སྦྱིན་པ་གཅིག་པུ་ཆོས་ཀྱི་དགའ་བ་གསུང་།། ས་འདྲའི་ཐུགས་ལྡན་ཁྱོད་ལ་བདག་ནི ་སྐྱབསུ་མཆིས།། འདྲེན་པ་ཡོན་ཏན་རྒྱ་མཚོ་ཡོན་ཏན་ལས་བསྟོད་པའི།། བདག་གི་བསོད་ནམས་གང་ལགས་དེས་ནི་ཁྱོད་འདྲ་ཤོག། དེ་ནས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད ་ལྗོན་མས།། བཅོམ་ལྡན་འདས་ལ་དེ་སྐད་བསྟོད་ནས།། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། བཅོམ་ལྡན་འདས་སླར་བྱུང་སྟེ་གཤེགས་པས། ད་ནི་རྒྱ་མཚོ་ཆེན་པོ ་། མི་མཇེད་ལགས་ན། ཅི་ནས་བདག་རྒྱ་མཚོ་མཛེས་པར་བགྱིད་པ་དེ་ལྟ་བུར། བཅོམ་ལྡན་འདས་ཀྱིས་རྗེ་སུ་བསྟན་ན་ལེགསོ་ལེགསོ།། དེ་སྐད་ཅེས་གསོལ་པ་དང ་བཅོམ་ལྡན་འདས་ཀྱིས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མ་འདི་སྐད་ཅེས་བཀའ་སྩལ་ཏོ།། འོད་ལྡན་མ་ཆེས་བཅུ་པོ་འདི་དག་ནི་རྒྱན་ཏུ་འགྱུར་བ་ཡིན་ཏེ། བཅུ་གང་ཞེ་ན། འདི ་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངསུ་རྫོགས་པར་བྱ་བའི་ཕྱིར། བྱམས་པའི་རྗེསུ་འཇུག་པའི་སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅན་ལ་རྣམ་པར་མི་འཆ ་བར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་ལ་གནས་པ་དང་། བསམ་པའི་སྦྱོར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་། ཆུབ་ཏུ་ཡོང་སུ་བསྔོ་བའི་སེམས་བསྐྱེད་པ ་དགའ་བར་གནས་པ་དང་། སྦྱིན་པ་ཐམས་ཅད་ཡོངསུ་གཏོང་བ་དང་། རྣམ་པ་སྣ་ཚོགས་ཀྱི་རྒྱུན་གྱི་སྨོན་ལམ་ལ་བརྩོན་འགྲུས་བརྟན་པ་དང་། དགེ་བའི་ཆོས་ཐམས་ཅད ་ཡོངསུ་རྫོགས་པའི་ཕྱིར་དྲན་པ་དང་ཤེས་བཞིན་དུ་གནས་པ་དང་། སྔོན་གྱི་དགེ་བ་ཆུད་མི་ཟ་བའི་ཕྱིར་དང་། ཤེས་རབ་ཡོངསུ་རྫོགས་པར་བྱ་བའི་ཆོས་དང་ལྡན་ཞིང་ཆོས་འདོད་པ་དང ་ཕན་པའི་དངོས་པོས་སེམས་ཅན་ཐམས་ཅད་ལ་ཡོན་ཏན་ཐམས་ཅད་སྐྱེད་པ་དང་། གཉི་སུ་མེད་པས་གོང་དུ་ཁྱད་པར་རྟོགས་པ་དང་། སངས་རྒྱས་ཀྱི་ཐུགསུ་ཆུད་པ་ལ་ཡང་དག ་པར་གཞོལ་བས། སངས་རྒྱས་རྗེསུ་དྲན་པ་འཐོབ་པ་སྟེ། འོད་ལྡན་མ་ཆོས་བཅུ་པོ་དེ་དག་ནི་རྒྱན་ཏུ་འགྱུར་བ་ཡིནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། རྒྱ་མཚོ་ཆེན་པོའི་ལྷ་མོ ་། འོད་ལྡན་མ་ལྷ་མོ་ཁྲི་དང་ལྷན་ཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱ་མཚོ། ་ཆེན་པོ་བརྒྱན་ལག་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྒྱན་ལགས་ན། རྒྱ་མཚོ་ཆེན་པོའི ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི། སངས་རྒྱས་ཀྱི་ཞིང་ཐམས་ཅད་བརྒྱན་པའི་སླད་དུ། བདག་ཅག་གིས་བསྐྱེད་ལག་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་བཞུགས་ཀྱང་རུང་། ཡོངསུ་མྱ་ངན་ལས་འདས་ཀྱང་རུང་སྟེ། བདག་ནི་རྒྱ་མཚོ་ཆེན་པོའི་ནང་ན་གནས་བཞིན་དུ། དམ་པའི་ཆོས་ཡོངསུ་བསྲུང་བའི་སླད་དུ། རྟག་ཏུ་བརྩོན་པ་ཁོ། ་ནར་འཚལོ།། བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ན་ཡང་།། བཀོད་པ་ཐམས་ཅད་ཉེ་བར་བསྟན་འཚ་ལོ།། ཆོས་ཀྱི་འབེ་ལ་བའི་གཏམ་མཛད་པ་ན་ཡང་། འཁོར་གྱི ་ཁྱམས་ཀྱི་བཀོད་པ་བསྒྲུབ་པར་འཚའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་ལྡན་མ་འདི་ལྟར་ཁྱོད་ཀྱིས་ནི་སངས་རྒྱས་ཁྲི་ལ་མཆོད་པ་བྱསོ།། འཁོར་གྱི་ཁྱམས ་ཀྱི་བཀོད་པ་ཡང་བསྟན་ཏོ།། དམ་པའི་ཆོས་ཀྱང་ཡོངསུ་བསྲུང་སོ།། འོད་ལྡན་མ་ཁྱོད་ནི་བསྐལ་བ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བྱེད་པར་འགྱུར་རོ།། དམ ་ཆོས་ཀྱང་ཡོངསུ་སྲུང་བར་འགྱུརརོ།། ཁྱོད་ནི་བསྐལ་པ་བཟང་པོ་འདི་འདས་པའི་འོག་ཏུ། དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་། འཇིག་རྟེན་གྱི་ཁམས ་མངོན་པ་སྐྱེས་པར་འགྱུར་ཏེ། བུད་མེད་ཀྱི་དངོས་པོ་རྗེས་ནས་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར།། ཁྱོད་ནི་དེ་བཞིན་གཤེགས་པ་མི་འཁྲུག་པས་བླ་ན་མེད ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུརརོ།། དེ་ནས་རྒྱ་མཚོ་ཆེན་པོའི་ལྷ་མེ་འོད་ལྡན་མས། བཅོམ་ལྡན་འདས་ལས་བདག་ཉིད་ཀྱི་ལུང་བསྟན་པ་ཐོས ་ནས། ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། རྒྱ་མཚོའི་རིན་པོ་ཆེ་དང་། རིན་ཏང་མཉམ་པའི་རིན་པོ་ཆེའི་ཕྲེང་བ་བཅོམ་ལྡན ་འདས་ཀྱི་སྐུ་ལ་གསོལ་ནས་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། དེའི་ཚེ་བཅོམ་ལྡན་འདས་ལ་ཚིགསུ་བཅད་པ་འདི་དག་སྨྲ་སོ།། བདག་ནི་ཐུབ་པ་ཡེ་ཤེས་ཡོན་ཏན ་ཀུན་གྱི་འབྱུང་གནས་དེ་ཡིས་ལུས་བསྟན་ཏེ། བདག་ནི་འདྲེན་པར་འགྱུར་བར་བདག་ལ་ཡིད་གཉིས་རྗེ། ཙམ་ཅི་ཡང་ཡོང་མ་མཆིས།། སྟོང་གསུམ་ས་གཞི ་ཐམས་ཅད་རྣམ་པར་ཞུགས་ཤིང་ཟླ་བ་ས་ལ་ལྷུང་ཡང་གདར།། ལྷ་ལས་ལྷག་པའི་ལྷས་མཆོད་སངས་རྒྱས་ཕྱིན་ཅི་ལོག་ཚིག་གསུང་ཡོངས་མི་གདའ།། བསམ་པ་བྱམས་པ ་བརྩོན་འགྲུས་ཡུལ་ལ་ཐུགས་ནི་འཁྲུག་པར་འགྱུར་བ་མི་མངའ་ལྟོས།། བདག་ནི་སྟོང་པའི་ཡེ་ཤེས་ཡུལ་གྱི་ཆོས་རྣམས་དག་ལ་གུས་པར་བགྱིད་ལ་ལྟོས། བདེ་བར་གཤེགས ་བའི་ཡང་དག་སྤྱོད་པ་རྣམས་དང་ཡེ་ཤེས་ཐོས་པ་མི་མངའ་ལྟོས།། དེ་ཡིད་འདིར་ནི་བདག་གི་སེམས་ཀྱི་ཡུལ་བདེན་མཁྱེན་ནས་དེ་བཞིན་ལུང་ཡང་བསྟན།། སྨན་པ་རབ་མཆོག་བདེ ་སྦྱིན་སྡུག་བསྔལ་ཀུན་ལས་གྲོལ་བར་མཛད་ལ་ཕྱག་འཚལོ།། གནས་དང་སྐྱབས་དང་དཔུང་གཉེན་སྐྱོབ་པ་འཇིགས་པ་རྣམས་ལ་འཇིགས་མེད་སྦྱིན་མཛད་པ།། རྒྱལ་བ་ལམ ་མཆོག་དམ་པ་སྟོན་མཛད་ལམ་ངན་ཡོངསུ་སྤྱོང་ལ་ཕྱག་འཚལོ།། འཇིག་རྟེན་རྣམ་པར་གཟིགས་ལ་མཁས་པ་འཇིག་རྟེན་འདས་པའི་འདྲེན་ལ་ཕྱག་འཚལོ།། འདིར་ནི་ལྷ་དང་མི ་རྣམས་གང་དག་སངས་རྒྱས་ཆོས་དང་ཚོགས་རྣམས་ཐོས་པ་དང་། བྱང་ཆུབ་སྤྱོད་ཅིང་བྱང་ཆུབ་བསམ་པ་སེམས་པ་དེ་དག་བརྙེད་པ་ལེགས་པར་རྙེད། དེ་དག་ལ་ནི་ངན་སོང་འགྲོ ་བའི་འཇིགས་པ་མེད་མི་ཁོམ་བརྒྱད་ལས་ཡོངསུ་གྲོལ།། དེ་དང་དེ་དག་ལྷ་དང་མིའི་བདེ་བ་ངེས་ཤིང་ཞི་བའི་གོ་འཕང་འཐོབ།། དེ་ནས་བཅོམ་ལྡན་འདས་ལ། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ ་མཐོང་དགས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡ་ན་འདས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་བྱ ་ཆེན་པོ་དང་། མི་དང་མི་ལགས་པ་མང་པོ་དག་གིས་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་ལགས་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བ་མཛད་ན། བདག་གིས ་ཀྱང་དེ་བཞིན་གཤེགས་པ་ལ། མཆོད་པའི་ལས་ཆུང་ཟད་ཙམ་འཚལ་ཏེ། བདག་གིས་བཅོམ་ལྡན་འདས་ཞམ་རིང་བ་དང་བཅས་པར་རྣམ་པར་རྒྱལ་བྱེད་དང་འདྲ་བའི་བཀོད་པ་ཆེན ་པེའི་ཁང་བཟངས་ཀྱི་ནང་དུ་གཞུགས་པར་གསོལ་ལཾ། བྱ་རྒོད་ཀྱི་ཕུང་པོའི་རིལ་བསྐྱལ་བར་འཚལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུད་དེའི་དུས་ལ་བར་པར་ཤེས ་། ན་སྐྱོལ་ཅིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མཐོང་དག་ས། སངས་རྒྱས་ཀྱི་མཐུ་དང་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས། རྣམ་པར་རྒྱལ་བྱེད་དང་འདྲ་བའི ་ཁང་བཟངས་བྱིན་གྱིས་བརླབས་ནས། དེར་བཅོམ་ལྡན་འདས་ནམ་རིང་བ་དང་བཅས་པར་བཞུགས་པར་གསོལ་ནས། སྟེང་གི་བར་སྣང་ལས་གཤེགས་ཏེ། ཀླུའི་བུ་མོ་བརྒྱད ་ཁྲི་བཞི་སྟོང་ཡང་སིལ་སྙན་བྱེད། བེག་རྡོག། ཀླུ་དབྱངས་ལེན་ཅིང་མེ་ཏོགི་ཆར་ཆེན་པོ་འབེབས་ལ། ལྷའི་སྤོས་དང་། ཕྱེ་མ་སྣ་ཚོགས་ཀྱི་ཆར་འབེབས་བཞིན་དུ་མཐར་གྱིས། ་བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བ་སྐྱལ་ཏོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བུ་དང་བཅས་ཆུང་མ་དང་གཡོག་འཁོར་དང་བཅས་པས། བཅོམ་ལྡན་འདས ་ཀྱི་ཞབས་གཉིས་ལ་གཏུགས་ནས། བཅོམ།། ལྡན་འདས་ལ་གཟོད་པ་གསོལ་ཏེ། བཅོམ་ལྡན་འདྲ།། ས་བདག་ཅགས་མ་འབྱོར་པར་གྱུར་པ་གང་ལགས་པ ་ནབདག་ཅག་ལ་གཟོད་པ་མཛད་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རིན་པ་ཆེ་ཇི་ལྟ་བ་བཞིན་དུ། དེ་དང་འཚམ་པའི་མཆོད་པའི་འོས་ལགས་ལ། ་ལྡན་འདས་ནི་སེམས་ཅན་ཐམས་ཅད་ཀྱི། བླ་ན་མ་མཆིས་པའི་བསོད་ནམས་ཀྱི་ཞིང་རིན་པོ་ཆེ་ལགས་ཏེ། མཆོད་པའི་འོས་ལགས་ན། དེས་ན་སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་། འབྱོར་པ་འམ། ཡོངསུ་རྫོགས་པར་བགྱིད་པའི་རྔོ་མི་ཐོག་སྟེ། ་བཞིན་གཤེགས་པ་ནི་དེ་ཙམ་དུ་ཚད་མ་མཆིས་པའི་མཆོད་པའི་འོས་ལགས་པའི་སླད་དུའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཇི་ལྟར་དེ་བཞིན་གཤེས། ་པ་ལ་མཆོད་པ་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ནན་ཏན་བྱེད་པས། དེ་བཞིན་གཤེགས་པ་ཇི་ལྟར་མཆོད་པ་ཞོན ་ཅིགང་བསམ་པ་རྣམ་པར་དག་པ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ཏེ། བཅོས་མ་མ་ཡིན་པ་དང་། གཡོ་མེད་པའི་ཕྱིརརོ།། ལྷག་པའི་བསམ་པ་ཡོངསུ་དག་པ་ནི་དེ་བཞིན་གཤེགས ་པ་ལ་མཆོད་པ་ཡིན་ཏེ། དགེ་བའི་རྩ་བ་ཐམས་དད་ལ་ལྷག་པར་དམིགས་པའི་ཕྱིར།། ཞེ་འགྲས་པ་མེད་པའི་སེམས་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། ་སེམས་ཅན་ཐམས་ཅད་ལ་འོད་སྙོམས་པའི་ཕྱིར།། ཚུལ་འཆོས་པ་དང་། ཁ་གསག་ཐམས་ཅད་རྣམ་པར་སྤང་ས་བ་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། སྤྱོད ་ལམ་ཡོང་སུ་དག་པའི་ཕྱིརརོ།། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། འཇིག་རྟེན་ཐམས་ཅད་ལ་མི་སླུ་བའི་ཕྱིར།། འཕགས་པའི་རིགས ་ཀྱིས་ཆོག་པར་འཛིན་ཅིང་། སྦྱངས་པའི་ཡོན་ཏན་ཐམས་ཅད་ཡང་དག་པར་བླངས་པ་མི་འདོར་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། དམ་བཅས་པ་ལ་བརྟན་པའི་ཕྱིར།། ་དབེན་པ་ལ་དགའ་ཞིང་བྲེ་མོ་གཏམ་ཡོངསུ་སྤོང་བ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། སེམས་ཡོངསུ་འདུལ་བའི་ཕྱིར།། ཇི་སྐད་ཐོས་པའི་ཆོས་ལ་ཚུལ་བཞིན་དུ་ས ་སོར་རྟོགས་པ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པའི་ཕྱིར།། བདག་མེད་པ་དང་། སེམས་ཅན་མེད་པ་དང་། ་གཡོ་བ་མེད་པ་དང་། གང་ཟག་མེད་པར་ཉེ་བར་རྟོག་པ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། གཟོད་མ་ནས་མ་བྱུང་བའི་ཕྱིརརོ།། སྟོང་པའི་ཆོས་ལ་འཇུག་པ་དང་། མཚན་མ་མེད ་བ་ལ་ངེས་པར་རྟོག་པ་དང་། སྨོན་པ་དང་བྲལ་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་མངོན་སུམ་དུ་བྱེད་པའི་ཕྱིརརོ།། རྐྱེན་འདི་པ་ཉིད་ལ་འཇུག་ཅིང་མཐར ་ལྟ་བ་སེལ་བ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། རྟག་པ་དང་། ཆད་པར་ལྟ་བ་ཡོངསུ་སྤངས་དཔའི་ཕྱིའོ།། མ་བྱུང་བ་དང་། མ་སྐྱེས་པར་བཟོད་པ་ནི། ་བཞིན་གཤེགས་པ་ལ་མཆོད་པ་ཡིན་སྟེ། རང་པོ་ཞིན་གྱིས་མ་བྱུང་བའི་ཕྱིར།། ཀླུའི་བདག་པོ་དེ་ལྟར་ན་ལུ་ས་དང་ངག་དང་སེམས་ཀྱི་རྩོམ་པ་གང་ཡིན་པ་དེ་དག་ནི ་དེ་བཞིན་གཤེགས་པ་ལ་མཆོད་པ་ཡོང་སུ་དག་པ་མ་ཡིན་གྱི། གང་ན་ལུས་དང་ངག་དང་། སེམས་ཀྱི་རྩོམ་པ་མེད་པ་དེ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཡོངསུ་དག་པ་ཡིན།། ་མངོན་པར་འདུ་བྱེད་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། འཁོར་གསུམ་ཡོངསུ་དག་པ་དང་། དུས་གསུམ་མཉམ་པ་ཉིད་དང་། དྲི་མ་གསུམ་གྱི་དྲི་མ་སེལ་བ་དང་། ་ཁམས་གསུམ་པ་ལ་མི་རྟེན་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་འཇུག་པ་དང་། རིག་པ་གསུམ་གྱི་རིག་པ་ཤེས་པ་དེ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན།། དེ་ག ་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང ་དང་དབྱུག་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་སྨན་དང་། ཡོ་བྱད་དང་། ་སིལ་སྙན་དང་། ཕེག་རྡོབ་པ་དག་གིས། དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་པ་གང་ལེགས་པ་དེ་དག་ཀྱང་། ཅི་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་པ་ལགས་སམ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་དེ་ནི་བླ་ན་མེད་པའི་མཆོད་པ་དེ་ཉིད་ཀྱིས་ཡོངསུ་སྦྱངས་པ་ཡིན་གྱིས། མཆོད་པ་དེ་ནི་ཤིན་ཏུ་མཐར་ཐུག་པ་དང་། ཤིན་ཏུ། ་དྲི་མ་མེད་པ་དང་། ཤིན་ཏུ་ཚངས་པར་སྤྱོད་པའི་མཐར་ཐུག་པ་མ་ཡིནོ།། ཀླུའི་བདག་པོ་དགེ་བའི་རྩ་སྐྱེས་པའི་སློབ་པ་དེ་དག་ནི། འཕགས་པའི་རྣམ་པར་གྲོལ་བ་ལ་སེམས ་གནས་ཀྱི། དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་དེ་ལྟ་མ་ཡིནོ།། ཀླུའི་བདག་པོ་གཞན་ཡང་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ ་ཡིན་ཏེ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་མི་བརྗེད་པས། བསོད་ནམས་ཀྱི་ཚོགས་སོག་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པའི་སེམས་ཀྱིས་ཡེ་ཤེས་ཀྱི་ཚིགས་སོགས་པ་དང་། ་བརྩོན་འགྲུས་ཆེན་པོ་ཤིན་ཏུ་བརྩམས་པའི་སེམས་ཀྱིས། སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པར་བྱེད་པ་དང་། ཆོས་ཟབ་མོ་རྒྱ་ཆེན་པོ་ལ་སེམས་བསྐྱེད་པས། བཟོད་པ་བསྐྱེད་པ ་། ཐོབ་པ་སྟེ། ཀླུའི་བདག་པོ་ཆོས་འདི་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ཡིན།། དེ་ནས་རྒྱལ་པོ ་ཁྱབ་ན་གནས་པའི་བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་རྣམས་དང་། གྲོལ་རྡལ་བ་དང་། ཡུལ་གྱི་མི་རྣམས་དང་། རྒྱལ་པོ་མ་སྐྱེས་དག་དང་། བློན་པོ་དང་། ནང་འཁོར་དང ་སྒོ་དཔོན་དང་། འཁོར་དང་། ཚོང་དཔོན་དང་། དེ་བཞིན་གཤེགས་པ་ཀླུའི་རྒྱལ་པོ་མཚོའི་གནསུ་བཤོས་གསོལ་ནས། བྱ་རྒོད་ཀྱི་ཕུང་པོའི་རོ་ལ་གཤེགསོ་ཞེས་ཐོས་ནས་དེར ་སྲོག་ཆགས་བདུན་ཁྲི་ཉིས་སྟོང་དང་། རྒྱལ་པོ་མ་སྐྱེས།། དགྲ་གཡོག་འཁོར་སུམ་ཁྲི་ཉིས་སྟོང་དང་ལྷན་ཅིག་ཏུ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་བྱུང་ནས། བྱ ་རྒོད་ཀྱི་ཕུང་པོའི་རིག་ལ་བ་དེར་དོང་སྟེ། ལྤགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚ། ལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། ཕྱོགས ་གཅིག་ཏུ་འཁོདདོ།། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱ་མཚོ་ཆེན་པོར་གཤེགས་ནས། ་ཆབ་ཀྱི་ཚོགས་དེ་ན་མཆིས་པ་དེ་གང་དུ་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་གི་ཚེ། དགེ་སློང་མེའི་ཁམས་ཀྱི་ཏིང་འཛིན་ལ་སྙོམས ་པར་འཇུག་པ་དེའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་མེས་ཡོངསུ་གང་བར་མཐོང་ན། དེར་ཆུའི་ཕུང་པོ་དེ་གང་དུ་སོང་། གསོལ་པ། བཅོམ་ལྡན་འདས་དེ་ནི་ཏིང། ་འཛིན་ལ་དབང་ཐོབ་པའི་སེམས་དེ་ལྟ་བུར་ལ་སུ་རུང་བ་ལས་གྱུར་པ་ལག་སོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས། དེ་ཉན་ཐོས་ཏིང་འཛིན་དང་། སྙོམས་པར་འཇུག ་པ་ལ་དབང་ཐོབ་པའི་སེམས་ལ་སུ་རུང་བ་ལས་གྱུར་པར་འདོད་ན། དེ་བཞིན་གཤེགས་པ་ལ་རྟག་ཏུ་མཉམ་པར་བཞག་པ། ཏི་ངེ་འཛིན་དང་། སྙོམས་པར་འཇུག་པ ་ཐམས་ཅད་ལ་མཁས་པ། སེམས་ལ་དབང་ཡོད་པ། ཆོས་ཐམས་ཅད་ཀྱི་དབང་ཕྱུག། ཆོས་རྣམས་ལ་དབང་ཡོད་པ་ནི་དེ་ལྟར་མི་འདོད་དམ། རྒྱལ་པོ་ཆེན་པོ་གང ་གི་ཚེ་ང་རྒྱལ་ཚོ་ཆེན་པོ་ཞུགས་པ་དེའི་ཚེ། ཆུ་དེའི་ནང་ན་གནས་པའི་སེམས་ཅན་རྣམས་ནི། བདག་ཉིད་ཆུའི་ནང་ན་གནསོ་སྙམ་དུ་འཛིན་ཏོ།། སྐམས་ན་གནས་པའི ་སེམས་ཅན་རྣམས་ཀྱིས་ནི་རྒྱ་མཚོ་སྐམས་པར་མཐོང་། ཇི་ལྟར་གཞན་འཕྲུལ་དབང་བྱེད་པའི་ལྷ་རྣམས་ཀྱི་བཀོད་པ་རྣམས་བརྒྱན་ཐམས་ཅད་ཀྱི་བརྒྱན་པ་དེ་བཞིན་དུ། ཀླུ་དང་། དྲི ་ཟ་དང་། ལྷ་མ་ཡིན་གྱི་གནས་ཐམས་ཅད་ཀྱང་། དེ་བཞིན་གཤེགས་པའི་འོད་ཀྱིས་ཁྱབ་པར་གྱུར་ཏོ།། རྒྱ་མཚོ་ཆེན་པོའི་ནང་གི་སེམས་ཅན་ཐམས་ཅད་ཀྱང་། གཅིག་ལ་གཅིག ་བྱམས་པའི་སེམས་དང་ཕན་པའི་སེམས་དང་། གནོད་སེམས་མེད་པ་དང་། རྣམ་པར་འཚེ་བ་མེད་པས་གནས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ། རྒྱལ་པོ་མ་སྐྱེས་དགྲས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆེ་བ་ཉིད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས ་བ་དེ་ཙམ་དུ་བསམ་གྱིས་མི་ཁྱབ་པ་ནི་ངོ་མཚར་ལགས་ཏེ། འདི་ལྟར་ཀླུའི་རྒྱལ་པོ་རྒྱ་མཚོས་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ། དེ་ལྟར་སེམས ་ཅན་གྱི་དོན་ཚད་མ་མཆིས་པ་བགྱིས་ན། བཅོམ་ལྡན་འདས་ཀླུའི་རྒྱལ་པོ་རྒྱ་མཚོས་ཡུན་ཇི་སྲིད་ཅིག་ནས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས ་བསྐྱེད་ལགས། དེ་བཞིན་གཤེགས་པ་ཇི་སྐད་ཅིག་ལ་ནི་མཆོད་པ་བགྱིས། ཡུན་ཇི་སྲིད་ཅིག་ན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར ་འཚང་རྒྱ་བར་འགྱུར་ལགས། དེ་མངོན་པར་རྫོགས་པར་སངས་རྒྱས་པའི་མཚན་ནི་ཅི་ཞེས་བགྱི་བར་འགྱུར། དེའི་སངས་རྒྱས་ཀྱི་ཞིང་ནི་ཅི་འདྲ་བར་འགྱུར་ལགས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱ་ལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ། པ་གྲངསེ་མེད་པ་ལས་ཀྱང་ཆེས་གྲངས་མེད་པ། བསཾ ་གྱིས་མི་ཁྱབ་པ། ཡུན་རིང་བ་ཚད་མེད་པའི་སྔ་རོལ། དེའི་ཚེ་དེའི་དུས་ན། བསྐལ་པ་ཡིད་དུ་འོང་ཞིང་ཞི་བ་ཞེས་བྱ་བ་ལ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས ་ཡོངསུ་དག་པ་ཞེས་བྱ་བར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབ་སུ་ལྡན་པ། བདེ་བར་གཤེགས ་པར་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་རྣམས་པར་དག་པའི་འོད་ཟེར་རྒྱལ་པོ་ཞེས ་བྱ་བ་འཇིག་རྟེན་དུ་བྱུང་སྟེ། རྒྱལ་པོ་ཆེན་པོ་འཇིག་རྟེན་གྱི་ཁམས་ལྟ་བ་ཡོང་སུ་དག་པ་དེའི་བཀོད་པ་བྱུང་བ་དེ་དག་ནི། ངའི་ཚེའི་ཚད་བསྐལ་པར་གན་སུ་ཟིན་ཀྱང་། རྒྱས་པར་བསྟན་པར་ནུས ་པར་སླ་བ་མ་ཡིན།། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷས་བཙའ་ཞེས་བྱ་བ་ཞིག་བྱུང་སྟེ། དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་རྣམ་པར ་དག་པའི་འོད་ཟེར་རྒྱལ་པོ་དེ་ལ། ལོ་བཞི་ཁྲི་ཉིས་སྟོང་གྱི་བར་དུ་མཆོད་པ་བྱས་ཏེ། དགེ་བའི་རྩ་བས་ཉེར་བརྟན་པ་དེ་གཉིད་ལོག་པའི་རྨི་ལམ་དུ། ཚིག་སུ་བཅད་པ་འདི་གཉིས་ཐོས།། ་སྐྱེས་བུ་ཁྱུ་མཆོག་ལ་ནི་མཆོད་མངའ་བ།། དཔག་མེད་རྒྱ་ཆེན་བསམ་ཡས་བྱས་ཟིན་གྱིས།། འགྲོ་བ་དག་ལ་སྙིང་བརྩེ་བ་སྐྱེད་ནས་ཀྱང་།། རང་མཆོག་བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས ་བྱང་ཆུབ་སེམས་ནི་ཡང་དག་སྒྲུབ་བྱེད་གང་།། དེ་ནི། མཆེད་མཆོག་དམ་པ་ཁྱད་པར་འཕགས།། དེ་ནི་དེ་བཞིན་། གཤེགས་རྣམས་བཀུར་བསྟི་ཡིན། དེ་ནི་ཕྱི་མའི་བསོད ་ནམས་གཟི་བྱིན་ཡིན།། །། བམ་པོ་བདུན་པ་སྟེ་ཐ་མའོ།། རྒྱལ་པོ་ཆེན་པོ་དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ།། ལྷས་བཙའ་དེས་ཚིགསུ་བཅད་པ་འདི་གཉིས ་ཐོས་ཏེ། དེའི་མཚན་མོ་འདས་ནས་གཡོག་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་རྣམ་པར་དག་པའི་འོད་ཟེར་རྒྱལ་པོ་ག་ལ་བ་དེར་དོང་སྟེ། ལྷགས་ནས། བཅོམ་ལྡན་འདས ་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་དེའི་སྤྱན་སྔར་འཁོད། ཐལ་མོ་སྦྱར་ནས། ་ལེ་ལོ་ཅན་དང་དམའ་ལ་བརྩོན་པ་དང་། སེར་སྣ་དྲང་ཚུལ་ཁྲིམས་བསྡམས་པ་དང་། སྡང་བའི་སེམས་དང་བློ་ནི་འཁྲུལ་པ་ཡིས།། བྱང་ཆུབ་མཆོག་འདི་རྟོག་པར་མི་ནུསོ།། ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད། དེའི་ཚེ་ཚིག་སུ་བཅད་པ་འདི་དག་སྨྲསོ།། གཟུགས་ལ་བརྐམ་དང་སྒྲ་ལ་རྟེན་པ་དང་།། དྲི ་དང་རོ་དང་རེག་ལ་གནས་པ་དང་། འདོད་ལ་བརྐམ་དང་བདེ་ལ་དགའ་བ་ཡིས།། བྱང་ཆུབ་མཆོག་འདི་རྟགས་པར་མི་ནུས།། རང་གི་བདེ་བ་ཐམས་ཅད་སྤངས་པ་དང་།། འགྲོ་བའི་སྡུག་བསྔལ་ཐམས ་ཅད་བཟོད་པ་དང་།། བརྩོན་འགྲུས་བརྩམས་ཤིང་རྟག་ཏུ་ཆོས་འདོད་གང་།། དེ་ནི་འཇིག་རྟེན་དེ་འདྲའི་སངས་རྒྱས་འགྱུར།། སངས་རྒྱས་བྱང་ཆུབ་ལ་ནི་བདག་ཞུགས་པ།། སངས་རྒྱས ་རྣམས་དང་ལྷ་རྣམས་དབང་བཙུགས་ཏེ།། ཅི་ནས་བདག་ཚིག་ལོག་པར་མི་འགྱུར་བ།། དེ་ལྟར་སྨན་སྤང་སྤྱོད་པ་སྤྱད་པར་བགྱི།། བྱང་ཆུབ་སེམས་ནི་བདག་གིས་རྨི་ལམ་ཐོས།། ཐོས་ནས ་བདག་ནི་བྱང་ཆུབ་མཆོག་ལ་ཞུགས།། དེ་ཡི་སླད་སངས་རྒྱས་མི་ཡི་མཆོག། ཡེ་ཤེས་ལྡན་པ་དེ་འདྲ་བདག་གིས་བགྱི།། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན།། འཁོར་ལོས་བསྒྱུར ་བའི་རྒྱལ་པོ་ལྷས་བཙའ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སོམ་ཉི་འམ། ཡིད་གཉིས་སམ། ཐེ་ཙོམ་ཟན། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་མི་བལྟའི།། ་དེ་ཅིའི་ཕྱིར་ཞེ་ན། ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ཉིད་དེའི་ཚེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷས་བཙའ་ཞེས་བྱ་བར་གྱུར་ཏོ།། དེ་ཡང་དེའི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡི་ནོ།། རྒྱལ་པོ ་ཆེན་པོ་ཁྱོད་འདི་སྐད་དུ། ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ཡུན་ཇི་སྲིད་ཅིག་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་ཟེར་བ་དེ་ཉོན་ཅིག། ་རྒྱལ་པོ་ཆེན་པོ་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ནི། བསྐལ་པ་གྲངས་མེད་པ་ཉིས་བརྒྱན། བསྐལ་པ་དཔལ་གྱི་མེ་ཏོག་ཅེས་བྱ་བ་ལ། འཇིག་རྟེན་གྱི་ཁས་ཆོས་ཀྱི་སྒྲ་གྲག་པ་ཞེས་བྱ་བར། བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབ་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་དྲི་མ་མེད་ཅིང་ཡོངསུ་དག་ལ། ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ལས་བྱུང་བའི་རྒྱལ་པོ་ཞེས་བྱ་བར་འགྱུར།། རྒྱལ ་པོ་ཆེན་པོ་འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྒྲ་གྲག་པ་དེ་ནི་རིན་པོ་ཆེ་ས་ཡས་སྤྲས་པར་འགྱུར་ཏེ། འཛམྦུ་ཆུ་བོའོ།། གསེར་ལས་གྲུབ་པ་རིན་པོ་ཆེ་སྣ་ཚོགས་དུ་མས་བྲིས་ཤིང ་མིག་མངས་རི་སུ་རྣམ་པར་ཕྱེ་ལ། ལག་མཐིལ་བཞིན་དུ་མཉམ་སྟེ། ཀ་ཙ་ལིན་ད་ཀའི་གོས་བཞིན་དུ་འཇམ་ཞིང་རག་ནས་བདེ་བ་ལ་ཡངས་ཤིང་ཐག་གྲུ་ཆེ་སྟེ། གླིང་བྱེ་བ་ཕྲག་འབུམ་དང་ལྡན ་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ཡིད་དུ་འོང་བ་སྟེ། ལྷ་དང་མི་མང་པོ་དག་གིས་གང་ལ། གཞན་འཕྲུལ་དབང་བྱེད་པའི་ལྷ་རྣམས་ཀྱི་ཉེས་པར་སྤྱད་པ་དང་། ལོངས་སྤྱོད་ཇི་ལྟ་བ་བཞིན ་དུ་མི་དེ་དག་གི་ཡང་དེ་འདྲ་བར་འགྱུརརོ།། འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྒྲ་གྲག་པ་ཞེས་བྱ་བ་དེ་ནི། རིན་པོ་ཆེ་ཐམས་ཅད་ལས་གྲུབ་པའི་ཤིང་ཏ་ལའི་ཕྲེང་བ་དག་འབྱུང་བར་འགྱུར་ཏེ། ཤིང་ཏ ་ལེ་དེ་དག་གི་ལོ་མ་དང་། མེ་ཏོག་དང་འབྲས་བུ་ཐམས་ཅད་ལས། ཆོས་ཀྱི་སྒོ་ཁྲག་ཁྲིག་ཕྲག་འབུམ་མང་པོ་དག་འབྱུང་།། འཇིག་རྟེན་གྱི་ཁམས་དེ་ན། སྒྲ་ཇི་སྙེད་འབྱུང་བ་འདི་ལྟ་སྟེ། ལྷའི་སྐུ ་འམ། མིའི་སྒྲ་འམ། མི་མ་ཡིན་པའི་སྒྲ་འམ། སྤྲུལ་པའི་སྒྲ་འམ། བྱའི་སྒྲ་འམ། རླུང་གི་སྒྲ་ཡང་རུང་སྟེ། སྒྲ་དེ་དག་ཐམས་ཅད་ཆོས་ལྡན་པར་འབྱུང་བར ་འགྱུརརོ།། དེ་བཞིན་དུ་ཞི་བ་དང་ལྡན་པ་དང་། རབ་ཏུ་ཞི་བ་དང་ལྡན་པ་དང་། ཉེ་བར་ཞི་བ་དང་ལྡན་པ་དང་། དགའ་བ་དང་། དབེན་པ་དང་། སངས་རྒྱས་ཀྱི་ཆོས་དང་ལྡན་པ་དང་། ཕ་རོལ་ཏུ ་ཕྱིན་པ་དང་ལྡན་པ་དང་། བསྡུ་བའི་དངོས་པོ་དང་ལྡན་པ་དང་། ཐབས་ལ་མཁས་པ་དང་ལྡན་པ་དང་། སྐྱོ་བ་དང་འདོད་ཆགས་དང་བྲལ་བ་ལྟ་བ་དང་ལྡན་པ་དང་། སྟོང་པ་ཉིད་དང་། ་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་ལྡན་པའི་སྒྲ་དག་འབྱུང་བར་འགྱུར་ཏེ། དེས་ན་འཇིག་རྟེན་གྱི་ཁམས་དེའི་མིང་ཆོས་ཀྱི་སྒྲ་གྲགས་པ་ཞེས་བྱ་བར ་འགྱུརརོ། འཇིག་རྟེན་གྱི་ཁམས་དེར་ལྷ་དང་། མི་གང་དག་སྐྱེ་བ་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་དགའ་བའི། ཟས་ཁོ་ན་དང་ལྡན་པར་འགྱུར་ཞིང་། མངོན་པར་ཤེས ་པའི་ཤེས་པ་ལ་མཁས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐེ་ཙོམ་མེད་པ་ཤ་སྟ་གོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ། ཤིན་ཏུ་དྲི་མ་མེད་ཅིང་ཡོངསུ་དག་ལ། ་ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ལས་བྱུང་བའི་རྒྱལ་པོ་དེ་ཡང་གང་གི་ཚེ་ཆོས་སྟོན་པར་བཞེད་པ་དེའི་ཚེ། ཉིད་ཀྱི་སྐུ་ལས་འོད་འགྱེད་པར་མཛད། འོད་དེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང ་བར་འགྱུརརོ།། དེ་བཞིན་གཤེགས་པའི་འོད་ལས་ཀྱང་། སངས་རྒྱས་བྱེ་བ་ཕྲག་སྟོང་གསུང་བའི་ཆོས་སྟོན་པ་འབྱུང་བར་འགྱུརརོ།། དེ་ནས་ལྷ་དང་མི་རྣམས་ཀྱིས་དེ་བཞིན་གཤེགས་པའིའོ། ་འོད་ཡང་མཐོང་ལ། ཆོས་བསྟན་པ་དེ་ཡང་ཐོས་ནས་དགའ་བ་དང་། མཆོག་ཏུ་དགའ་བ་ཆེན་པོ་རྒྱ་ཆེར་སྐྱེས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་དྲི་མ་མེད་ཅིང་ཡོངསུ་དག་པ་ལ། ཡོམ ་གྱི་ཚོགས་མཐའ་ཡས་པ་ལས་བྱུང་བའི་རྒྱལ་པོ་དེ་ག་ལ་བ་དེར་དོང་སྟེ། ལྷགས་ནས། དེ་བཞིན་གཤེགས་པ་དེ་ལ་མཆོད་པ་ཚད་མེད་པ་བྱས་སྟེ། རྫུ་འཕྲུལ་དང་། མངོན་པར་ཤེས་པའི་སྟོབས་ཀྱིས ་ན་མཁའི་དཀྱིལ་ན་རིན་པོ་ཆེའི་བཀོད་པ་དང་ལྡན་པའི་པདྨ་དག་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་པར་འགྱུརརོ།། དེ་བཞིན་གཤེགས་པ་དེ་ཡང་ན་མཁའི་དཀྱིལ་ཉིད་ན། སེངྒེའི་ཁྲི་ཁ་བཞུགས་ཏེ། ་ལྷ་དང་མི་དག་ལ་ཆོས་སྟོན་ཏོ།། དེ་ཆོས་སྟོན་པ་ན། ཕྱོ་དགས་བཅུ་ནས་བྱང་ཆུབ་སེམས་དཔའ་ཚད་མད་གྲངས་མེད་པ་བ་རྒྱ་སྟོང་དག་ཆོས་མཉན་པའི་ཕྱིར་འོང་བར་འགྱུརརོ།། འཇིག་རྟེ ་གྱི་ཁམས་དེ་ན་སེམས་ཅན་སུ་ཡང་ཆོས་ལ་ཞེ་འགྲས་པ་མེདོ།། དེ་ན་བདུད་སྡིག་ཅན་དག་དང་། གཞན་མུ་སྟེགས་ཅ་ན་དག་གི་སྒྲར་གདགས་པ་ཡང་མདོ།། དེ་བཞིན་གཤེ ་བ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་བཅུར་འགྱུརརོ།། དེའི་བྱང་ཆུབ་སེམས་དཔའ་ནི་བགྲང་བ་ལས་འདས་པར་འགྱུརརོ།། རྒྱལ་པོ་ཆེན་པོ་དེ་ལྟར་ན་སངས་རྒྱས་ཀྱི་ཞིང་དེའི་བཀོད་པ་ནི་བསམ་གྱིས ་མི་ཁྱའོ།། ཆོས་བསྟན་པ་ཡང་བསམ་གྱིས་མི་ཁྱའོ།། ཞམ་འབྲིང་བ་འཁོར་བྱང་ཆུབ་སེམས་དཔའ་ཡང་བསམ་གྱིས་མི་ཁྱའོ།། ཀླུའི་རྒྱལ་པོ་རྒྱ་མཚོ་ལུང་བསྟན་པའི་ལེའུ་སྟེ། བརྒྱད་པའོ།། ་དེ་ནས་བཅོམ་ལྡན་འདས་ལ། རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་རྒྱུའི་རྗེ་སུ་འབྲང་བ་དང་། རྣམ་པར་བསྒྲུབས་ན་འབྱུང་བའི་མཚན ་ཉིད་ལགས་ཏེ། དེ་དག་ནི་ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་རྣམ་པར་འགྲུབ་པ་ལག་སོ།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྤྱོད་པ་ནི་མཐའ་ཡས་པ་ལགསོ།། དལ། ་བྱང་ཆུབ་སེམས་དཔས་ནི་ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཡོངསུ་མ་བཟུང་བ་དེ་སྲིད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱིའོ།། བཅོམ་ལྡན་འད། ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ནི། ཀླུའི་རྒྱལ་པོ་རྒྱ་མཚོ་ཇི་ལྟ་བ་དེ་བཞིན་དུ། སངས་རྒྱས་ཀྱི་ཞིང་ཡོངསུ་སྦྱངས་པར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ ་པོ་ཆེན་པོ་ཁྱོད་ཇི་སྐད་ཟེར་བ་བཞིན་ཏེ། ཆོས་ཐམས་ཅད་ནི་ཡིད་ལ་བྱེད་པ་ལས་འབྱུང་སྟེ། ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར། དེ་དག་ནི་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་འགྲུའོ།། ་དེ་ནས་རྒྱལ་པོ་མ་སྐྱེས་དགས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སྟེའདི་སྐད་ཅེས་སྨྲས།། ཀླུའི་བདག་པོ་གང་ཁྱོད་དེ་བཞིནགཤེགས་པས། འདི་ལྟར་སངས་རྒྱས་ཀྱི་ནིང ་གི་ཡོན་ཏན་གྱི་རྒྱན་བཀོད་པ་བསམ་གྱིས་མི་ཁྱབ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ནི། ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད།། དེ་སྐད་ཅེས་སྨྲས ་བ་དང་ཀླུའི་རྒྱལ་པོ་རྒྱ་མཚོས། རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲསོ།། རྒྱལ་པོ་ཆེན་པོ་ཆོས་གང་ཡང་ལུང་བསྟན་དུ་མེ་།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བཟོད ་མ་ནས་རྣམ་པར་དག་པའི་ཕྱིརརོ།། རྒྱལ་པོས་སྨྲས་པ། ཀླུའི་བདག་པོ་སྔོན་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱང་ལུང་བསྟན་ཏུ་མེད་དམ། ཀླུའི་རྒྱལ་པོ་རྒྱ་མཚོས་སྨྲས་པ། རྒྱལ་པོ་ཆེན ་སེམས་ཅན་དུ་གདགས་པ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམ་སུ་ཟད་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ནི་ལུང་བསྟན་ཏུ་མེདོ། རྒྱལ་པོ་ཆེན་པོ་མིང་དང ་གཟུགས་ལ་སེམས་ཅན་དུ་གདགས་པར་ཟད་ལ། མིང་དང་གཟུགས་ནི་ལུང་བསྟན་ཏུ་མེ་དོ།། རྒྱུ་དང་ལྟ་བ་དང་། འདུ་ཤེས་དང་། ཡིད་ལ་བྱེད་པ་ལ་སེམས་ཅན་དུ་གདགས་པར་ཟད་ན། ་རྒྱུ་དང་ལྟ་བ་དང་། འདུ་ཤེས་དང་། ཡིད་ལ་བྱེད་པ་དེ་ལ་ཡང་ལུང་བསྟན་ཏུ་མེ་།། དགེ་བའི་རྩ་བ་གང་དག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་འགྲུབ ་བའི་དགེ་བའི་རྩ་བ་དེ་དག་ཀྱང་ལུང་བསྟན་དུ་མེདོ།། རྒྱ་ལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་། ཡིན་ལ། སྟོང་པ་ཉིད་ནི་ལུང་བསྟན་ཏུ་མེདོ།། རྒྱལ ་པོ་ཆེན་པོ་ཆོས་ཐམས་ཅད་ནི། མཚན་མ་མེད་པ་དང་། སྨེ་ན་བ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ཡིན་ལ། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན ་བར་འདུ་བྱེད་པ་མེད་པའི་མཚན་ཉིད་ནི་ལུང་དུ་མེདོ།། རྒྱལ་པོ་ཆེན་པོ་གཞན་ཡང་སངས་རྒྱས་རྣམས་ཀྱི་སྙིང་རྗེ་ཆེན་པོ་འདི་ནི་བསམ་གྱིས་མི་ཁྱབ་སྟེ། མིང་མེད་པ་དང་། མཚན་མ ་མེད་པའི་མིང་ཆོས་ཐམས་ཅད་མིང་དང་མཚན་མས་སྟོན་པར་མཛད་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མིང་དང་མཚན་མའི་རྗེསུ་འབྲང་བའི་རྣམ་པར་ཤེས་བཅན ་ཡང་མ་ཡིན།། རྒྱལ་བ་ཆེན་པོ་ལུང་བསྟན་པ་འདི་ནི་འཇིག་རྟེན་བརྡ་སྤྲད་པར་མེད། འདི་ལ་གང་ལུང་བསྟན་པར་བྱ་བའི་ཆོས་གང་ཡང་། ནང་ངམ་ཕྱིརོལ་ན་མི་དམིགས།། རྒྱལ་བཟླས ་བ་ཀླུའི་བདག་པོ་འཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་བསྟན་པ་མེད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་བཟོད་པ་དེ་ཡང་སྐད་ཅིག་པ། ཟད། ་བའི་མཚན་ཉིད། མི་ཟད་པའི་མཐའ་ཅན། ཡང་དག་པའི་མཐར་ངེས་པ། མཉམ་པའི་མཐའ་ཅན། གཉི་སུ་མེད་པའི་མཐར་ངེས་པ་སྟེ། གཉི་སུ་མེད་པའི་མཐའ་ནི་ཡང་དག་པའི ་མཐའོ།། ཡང་དག་པའི་མཐའ་ནི་གཏན་ཏུ་མི་འབྱུང་བའི་མཐའོ།། མཐའ་ཅན་གང་ཡིན་པ་དེ་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམ་སོ།། དེའི་མཐའ་ཅནི་རྣམ་པར་གྲོལ་བའི ་མཐའོ།། གང་མཐའ་དེའི་སྒོར་ཞུགས་པ་ནི་གང་དུ་ཡང་མངོན་པར་ཞེན་པ་མདོ།། གང་མངོན་པར་ཞེན་པ་མེད་པ་དེ་ནི་ཐ་སྙད་ཀྱིས་བརྡལ་ཆགས་པ་མེདོ།། མ་ཆགས་ན་གྲོལ ་བར་འགྱུར།། གྲོལ་ན་ཕྱིན་ཆད་མི་རྒྱུ་རབ་ཏུ་མི་རྒྱུའོ།། མི་རྒྱུ་རབ་ཏུ་མི་རྒྱུ་ན། གང་དུ་ཡང་ཉམས་པར་མི་ལ་གྱུརརོ།། བློ་མ་ཉམས་ན་ཐམས་ཅད་ལས་ངེས་པར ་འབྱུང་བར་མཐོང་སྟེ། ཇི་ལྟར་རྣམ་པར་མི་མཐོང་བ་དེ་ལྟར་ཡང་མཐོང་།། གང་གི་ཚེ་རྣམ་པར་མི་མཐོང་བ་དེའི་ཚེ། གཉི་སུ་མི་འབྱེད།། གཉིསུ་མེད་པ་ལ་གནས་ན། མཉམ་པ ་ཉིད་ལ་འཇུག།། མཉམ་པ་ཉིད་ལ་ཞུགས་ན། མཐོ་བར་ཡང་མི་འགྱུར། དམའ་བར་མི་འགྱུར།། མཐོ་བ་ཡང་མེད། དམའ་བ་ཡང་མེད་ན། མཉམ་པ་ཉིད་ཀྱི་ཆོས་ཀྱིས་རབ་ཏུ་ཕྱེ་བའི ་བཟོད་པ་ཐོབ་པར་འགྱུར་ཏེ། དེ་ལ་བཟོད་པ་གང་ཡིན་པ་དང་། ལུང་བསྟན་པ་གང་ཡིན་པ་དང་། གང་ལུང་བསྟན་པར་བྱ་བ་དང་། སུས་ལུང་བསྟན་པ་དང་། ཅིའི་ཕྱིར་ལུང་བསྟན་པའི་ཆོས ་དེ་དག་ཐམས་ཅད། ཆོས་མཉམ་པ་དང་། ཆོས་མེད་པའི་ཆོས་ཀྱི་དབྱིང་ས་ངེས་པ་དང་། བརྡའ་མེད་པ་དང་། འབྱུང་བ་མེད་པ་དང་། དངོས་པོ་དང་། དངོས་པོ་མེད་པ་དང་བྲལ་བ་དང་། གཉིས ་མེད་པའི་མཐའ་ཅན་དེ་དག་གི་དོན་ཡོངསུ་གཞལ་ནས། ཆོས་གང་ཡང་བགྲངས་པར་མི་བྱེད་།། དཔེར་ན། ན་མཁའ་ནི་བགྲང་དུ་མེད་ཅིང་། བགྲང་བ་ལས་ཡང་དག་པར་འདས་པ་སྟེ། དེ་བཞིན་དུ ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ།། ཀླུའི་རྒྱལ་པོ་རྒྱ་མཚོའི་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ཉིས་བརྒྱས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུ ་ཏོ། དགེ་སློང་ཉིས་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོའོ།། དེ་ནས་བཅོམ་ལྡན་འདས་ལ། རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ།། བཅྡོཾས ་ཀླུའི་རྒྱལ་པོ་རྒྱ་མཚོའི་སྤོབས་པ་ནི་ངོ་མཚར་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྒྱལ་པོ་ཆེན་པོ་འདིའི་སྤོབས་པ་ནི་ངོ་མཚར་ཡང་མི་ཆེ་ལ། ་དཀའ་བ་ཡང་མ་ཡིན་གྱི། ལས་དང་པོ་པ་གང་དག་གིས་བསྟན་པ་འདི་ཐོས་ན། མི་སྐ་མི་དངང་དངང་བར་མི་འགྱུར་བ་འདི་ནི་དེ་དག་གི་ཆེས་ངོ་མཚར་ཆེ་བ་དང་། ཆེས་དཀའ་བ ་ཡི་ནོ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་དེ་ལྟར་མོས་པར་དཀའ་བ་སྟེ། དེ་ལ་ནི་ལྷ་དང་བཅས་པའི་འཇིག་རྟེན་འཇུག་པར་མི་འགྱུར། ་འགྲོ་བར་མི་འགྱུར། མོས་པར་མི་འགྱུར། ཡིད་ཆེས་པར་མི་འགྱུར་བའི་ཕྱིར་ཏེ། རྒྱལ་པོ་ཆེན་པོ་རྣམ་གྲངས་འདིས་ཀྱང་གང་དག་ཆོས་ཟབ་མོ་བསྟན་པ་འདི་ལ་མི་སྐྲག་མ ་དང་ཞིང་དངང་བར་མི་འགྱུར་བའི་སེམས་ཅན་དེ་དག་ནི། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་པར་དེ་ལྟར་རིག་པར་བྱའོ།། རྒྱལ་པོ་ཆེན་པོ་གཞན་ཡང ་འདི་ཇི་སྙམ་དུ་སེམས། སྐྱེས་བུ་གང་གིས་ན་མཁའ་གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པ་འདི། གཟུགས་ཅན་དུ་སྟོན་པར་བྱེད་ན། ཅི་དེ་དཀའ་བར་བྱེད་པ་མ་ཡིན་ནམ། གསོལ ་པ་བཅོམ་ལྡན་འདས་མཆོག་ཏུ་དཀའ་ལག་སོ།། བདེ་བར་གཤེགས་པ། མཆོག་ཏུ་དཀའ་ལགསོ།། བཀའ་སྩལ་པ། ཆོས་འདི་ལྟ་བུར་ཟབ་པ། ཟབ་པར་སྣང་བར། ཚོར་བ་ཐམས ་ཅད་རྒྱུན་ཆད་ག། བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གསོ་བ་མེད་པ། གང་ཟག་མེད་པ། རྒྱུ་བ་མེད་པ་འདི་ལ་མོས་ལ་མོས་ནས་ཀྱང་། དེ་ཁོ་ན་བཞིན་དུ་སྒྲུབ་པ་གང་ཡིན་པ་དེ་དག ་ནི་དེ་བས་ཀྱང་ཆེས་དཀའ་བ་བྱེད་པ་ཡིན་ཏེ། དེ་དག་ནི་དེ་བ་ཞིན་གཤེགས་པ་རྣམས་ཀྱི་འཐུན་པའི་དགེ་བ་དང་གྲོགས་དང་མཛའ་བ་ཤེས་ཡིནོ།། དེ་དག་གིས་ནི་སེམས ་ཅན་རྣམས་ཀྱི་ཕྱི་ཅི་ལོག་སྤང་བའི་ཕྱིར། ཆོས་སྟོན་ནུས།། དེ་དག་གིས་ནི་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་འདུག་ནས། བདུད་ཀྱི་དཔུང་བྱེ་བ་ཕྲག་བརྒྱ། བྱམས་པ་དང་། ཤེས་རབ ་དང་། ཡེ་ཤེས་དང་། བརྩོན་འགྲུས་ཀྱིས་གཞོམ་པར་ནུསོ།། དེ་དག་གིས་ཆོས་ཐམས་ཅད་ལ་དབང་བྱེད་དང་། སེམས་དཔའ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་སུམ་དུ། ་བྱེད་པ་དང་། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པས། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་བར་ནུསོ།། དེ་དག་གིས་ནི་སེམས་ཅན་ཐམས་ཅད་བརྡའ། ་སྨད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཇི་ལྟ་བ་བཞིན་དུ་ཤེས ་པས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་ནུསོ།། དེ་དག་གིས་ནི་བས་ཀྱི་རྒོལ་བ་རྣམས་ཚར་གཅད་པ་དང་། མུ་སྟེགས་ཅན་ཐམས་ཅད་ཟིལ་གྱིས་མནན་པ་དང་། དགྲ་ཐམས་ཅད ་ཚར་གཅད་པའི་ཕྱིར། ཆོས་ཀྱི་དུང་འབུད་ནུས།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བསམ་པ་གྲུབ་ཅིང་བརྣག་པ་དང་། ཡིད་ལ་བསམ་པ་ཡོངསུ་རྫོགས་ཏེ། རང་གི་ལུང་བསྟན་པ་ཐོས་ནས། ་བར་སྣང་ལ་མངོན་པར་འཕགས་ཏེ། བཅོམ་ལྡན་འདས་ལ་ཚིག་སུ་བཅད་པ་འདི་དག་གསོལ་ཏོ།། བདུད་རྣམས་སྡེ་བཅས་དབང་བཅས་ངེས་བཅོམ་ཞིང་།། ལྟ་བ་ངན་པའི་ཕྱོགས་ཀུན ་བཤིག་ནས་ནི།། ཐུབ་པ་ཆེན་པོ་ཆོས་ཀྱི་ཆར་བབ་སྟེ།། འཇིག་རྟེན་ཐམས་ཅད་བདུད་རྩིས་ཚིམ་པར་མཛད།། ཁྱོད་ནི་ཆོས་རྒྱལ་མི་འཇིགས་སྤེལ་པ་ལགས།། འདས་ལྔ ་རྒལ་ཏེ་འཇིགས་མེད་འགྲམ་ན་བཞུགས།། འཇིག་རྟེན་མིག་སྟེ་ལམ་མཆོག་སྟོན་པ་པོའོ།། སྐྱེ་བོ་སྐྱབས་མ་མཆིས་པའི་མགོན་པོ་ལགས།། སྨན་པའི་རྒྱལ་ཁྱོད་ཟུག་རྔུ ་འབྱིན་པ་ཡིན།། སྨན་པ་རྒ་ཤི་མེད་པའི་སྨན་སྩོལ་པ།། ཅི་ནས་ཕྱིན་ཆད་ནད་རྣམས་མི་འབྱུང་བར།། ནད་དང་རྒ་བས་གཟིར་རྣམས་གསོ་མཛད་པ།། ཁྱོད་ནི་སྟོན་སྐྱབས ་བླ་མ་གཅིག་པུ་ལགས།། ཀུན་ཏུ་གཏན་ཏུ་བདེ་བ་སྦྱིན་པ་ཁྱོད་ཉག་ཅིག། ཁྱོད་ནི་རུ་སྐྱ་འཛིན་པ་དོན་དམ་མཁྱེན་པ་ལགས།། འཁོར་བའི་སྡུག་བསྔལ་ལས་ནི་ཟློག་མཛད་པོ།། ལྷ་ཡི། ་ལྷ་སྟེ། འགྲོ་བ་རྣམས་ཀྱི་གཙོ།། འཇིག་རྟེན་ཀུན་གྱི་སྒྲོན་པར་གྱུར་པ་ལགས།། ཁྱོད་དང་འཇལ་ན་འཇིག་རྟེན་ཆུ་ཆེན་རྒལ།། མི་རྣམས་ཀྱི་ནི་མིག་མཆོག་ཁྱོད ་ཉག་ཅིག། ཡེ་ཤེས་གཟུགས་དང་ཕ་རོལ་གནོན་པ་ཡིས།། ཐུབ་དབང་ཁྱོད་འདྲ་སུ་ཡང་མ་མཆིས་ཏེ།། ཁྱོད་ནི་ལྷར་བཅས་འཇིག་རྟེན་ཐམས་ཅད་ཀྱི།། སྟོན་པ་པོ་སྟེ་ཐར་པའི་ལམ ་མཚན་ལགས།། ཁྱོད་ནི་ཐམས་ཅད་ཟིལ་གནོན་ཀུན་མཁྱེན་མཆོག། འཇིག་རྟེན་ཆེས་རྣམས་ཀྱི་ནི་ཁྱོད་མ་གོས།། ཀུན་མཁྱེན་སྐྱེང་དྲབ་ནི་གྲོལ་དཔའ་བ་དང་།། ཡེ་ཤེས་མཆོག་བརྗེ ་ཁྱོད་ལ་བདག་ཕྱག་འཚལ།། ཇི་ལྟར་བར་སྣང་ནམ། དེའ་རྣམ་པར་དག། གཟུགས་མེད་གཟུང་དུ་མ་མཆིས་འདུས་དམ་བགྱིས།། དེ་བཞིན་ཆོས་རྣམས་དྲི་མེད་རྣམ་པར་དག ་འཇིག་རྟེན་རྣམ་པར་འདྲེན་པས་རབ་ཏུ་བསྟན།། ཡོད་དང་མེད་པར་ལྟ་བ་སྤངས་ནས་ཀྱང་།། རྣམ་དག་ཆོས་རྣམས་བདེ་བར་གཤེགས་པས་གསུངས།། རྐྱེན་དང་བཅས་ཤིང་རྒྱུ ་དང་བཅས་པ་སྟེ།། སེམས་ཅན་མ་མཆིས་གང་ཟག་སྲོག་མ་མཆིས།། བཟོད་ནས་རྣམ་དག་ན་མཁའི་ངོ་བོ་ཉིད།། སྒྱུ་མ་སྨིག་རྒྱུ་ཆུ་ཟླ་འདྲ་བ་སྟེ།། ཤིན་ཏུ་དག་པ་ན་མཁའི་ངོ་བོ་ཉིད ་གནས་པ་མ་མཆིས་ཀློག་དང་འདྲ་བའི་ཚུལ།། སྔོན་གྱི་མཐའ་སྟོང་ཕྱི་མའི་མཐའ་ཡང་སྟོང་།། སྐྱེ་དང་འཇིག་དང་གནས་པའི་ངོ་བོ་སྟོད་འདིར་ནི་དེ་དག་དངོས་མེད་དངོས་མེད ་མིན་འདིར་དག་ཐམས་ཅད་རང་བཞིན་མ་མཆིས་སྟོང་།། ཆོས་དབྱིངས་རང་བཞིན་ངོ་བོ་གང་ལགས་དེ།། སེམས་ཅན་ཁམས་ཀྱི་རང་བཞིན་ངོ་བོ་ལགས།། སེམས་ཅན་ཁམས་ཀྱི་རང ་བཞིན་ངོ་བོ་གང་།། སངས་རྒྱས་ཆོས་ཀྱི་རང་བཞིན་ངོ་བོ་དེ།། སངས་རྒྱས་ཆོས་ཀྱི་རང་བཞིན་ངོ་བོ་གང་།། དེ་ནི་ཆོས་ཀུན་རང་བཞིན་ངོ་བོ་ཉིད།། ཆོས་ཀུན་རང་བཞིན་ངོ་བོ་གང་ལགས ་བ་སངས་རྒྱས་ཞིང་གི་ངོ་བོ་རང་བཞིན་དེ།། སངས་རྒྱས་ཞིང་གི་རང་བཞིན་ངོ་བོ་གང་།། སངས་རྒྱས་བྱང་ཆུབ་རང་བཞིན་ངོ་བོ་དེ།། སངས་རྒྱས་བྱང་ཆུབ་རང་བཞིན་ངོ་བོ ་གང་དེ་ནི་ཆོས་དབྱིངས་རང་བཞིན་ངོ་བོ་ཉིད།། ཆོས་རྣམས་ཀུན་ལ་རྣམ་པར་དག་པ་འདི།། གང་ཚེ་བྱང་ཆུབ་སེམས་དཔས་དེ་ལྟར་མཐོང་།། དེ་ནས་རྒྱལ་རྣམས་ཡེ ་ཤེས་དམ་པ་ཡིས།། བྱང་ཆུབ་མཆོག་ཏུ་དེ་ནི་ལུང་སྟོན་མཛད།། ཆོས་རྣམས་བརྡའ་དང་མིང་དང་ཐ་སྙད་ཙམ།། མཉམ་པ་ལགས་ཏེ་མི་བདེན་མིང་དུ་བཏགས།། དེ ་དག་སྔན་ཆད་ལུས་ཀྱང་མ་ཐོབ་སྟེ།། དེ་དག་གི་ནི་མིང་རྣམས་ཀུན་ཏུ་བརྗོད།། མིང་མ་མཆིས་པར་མིང་ནི་རྣམ་པར་བརྟགས།། ཆོས་རྣམས་སྟོང་སྟེ་རང་བཞིན་རྣམ་པར ་དག་འཇིག་རྟེན་འདུ་ཤེས་མཁས་པར་རིག་ནས་ནི།། ཐ་སྙད་ཙམ་ལ་ཀུན་ཏུ་སྤྱོད་པར་བགྱི།། ཆོས་ཀུན་སྒྱུ་མ་བཞིན་དུ་རིག་ནས་ཀྱང་།། མི་བདེན་སྙིང་པོ་མ་མཆིས་རྨི་ལམ ་འདྲ་ང་རྣམ་སྨིན་རྒྱུ་དང་ཉིང་མཚམས་སྦྱོར་བ་ཙམ།། དེ་ལ་བདེན་པའི་འདུ་ཤེས་ཡོང་མི་བགྱི།། ཆས་ཀུན་སླུ་བར་བགྱིད་ཅིང་འཇིག་པ་ལགས།། སྒྱུ་མ་སྨིག་རྒྱུ་འདྲ ་སྟེ་མི་བདེན་པ།། འགལ་མེའི་འཁོར་ལོ་གཟུགས་བརྙན་འདྲ་བ་ལགས།། རྟག་ཏུ་བྱིས་པའི་སྐྱེ་བོ་རྨོངས་པར་བགྱིད།། བྱིས་པས་བདག་དང་བདག་གིར་འདིར་བརྟགས་ནས། བླུན ་པོ་སྲིད་པས་གཟིར་བ་འདིར་རྨོངས་ཏེ།། འཁོར་བའི་འཁོར་ལོར་ཡོངསུ་འཁོར་བ་ན།། སྡུག་བསྔལ་གྱིས་ནོན་ཞི་བ་འཐོབ་མི་འགྱུར།། འགྲོ་བའི་འཇུག་པ་འདི་ནི ་ཡང་དག་མིན།། གང་གི་འཇུག་པ་དེ་ནི་མ་མཆིས་ཏེ།། འཚོ་བའི་འཇིག་རྟེན་ལྟ་བ་གཏི་མུག་མདོངས།། རྒྱུན་ཏུ་ཡང་དང་ཡང་དུ་སྡུག་བསྔལ་རྙེད།། ལྷ་རྣམས་སྡུག་བསྔལ་འཆི་འཕོའི ་ཆོས་གཅིག་པ།། མི་རྣམས་ཀྱི་ནི་སྡུག་བསྔལ་ཚོལ་ཁྲོ་ལགས།། དམྱལ་བ་དག་གི་སྡུག་བསྔལ་གནོད་པ་རྣམས།། གཅིག་ལ་གཅིག་འཚལ་དུད་འགྲོ་རྣམས་ཀྱི་ལགས།། ཡི་དགས ་སྡུག་བསྔལ་འདི་ན་བཀྲེས་དང་སྐོམ།། འཇིག་རྟེན་ཐམས་ཅ་ད་སྡུག་བསྔལ་རྣམསུ་ནུབ།། སྐྱབས་མེད་གྱུར་དང་རྟེན་མེད། གྱུར་པ་ཡི།། འཇིག་རྟེན་སྡུག་བསྔལ་ཐད ་གཟིགས་ནས་ནི།། ཡ་དྭགས་སྡུག་བསྔལ་འངན་བཀྲས་དང་སྐ་མ།། དྲང་སྲོང་ཆེན་པོ་ཐུགས་བརྩེ་ཐུགས་རྗེ་ཅན།། སྡུག་བསྔལ་རྣ་མ་པར་དགྲོལ་ཕྱིར་འབྱུང་བར་མཛད།། བྱ ་ཆུབ་སེམས་དཔའ་བསྐལ་མང་བྱེ་བར་ཡང་།། བརྟུལ་ཞུགས་བརྟན་ཞིང་ཕ་རོལ་ཏུ་ཕྱིན་ལ་བརྩོན།། སྲིད་ན་མཆིས་པ་དེ་འདྲ་མཁྱེན་ནས་ནི།། འདམ་ལས་རྒལ་ཏེ་སེམས་ཅན་རྣམས ་ཀྱང་འདུལ།། གང་ཚེ་ཆོས་རྣམས་གསོག་དང་གསོབ་ཏུ་གཟིགས།། ན་མཁའ་ཆང་སྟོང་འདྲ་ཞིང་སྙིང་པོ་མེད།། དེ་དག་བདག་གི་ངོ་བོ་མ་མཆིས་པས།། བདག་མེད་དངོས་མེད ་དངོས་པོ་མེད་མ་ལགས།། མཐའ་རྣམས་ཀུན་ཏུ་ལྟ་བ་ཀུན་སྤང་ན།། བྱང་ཆུབ་རྡུལ་མེད་རྣམ་དག་ཐོབ་པར་འགྱུར།། སྐྱེ་དང་རྒ་དང་གནོད་པར་བགྱི་བ་གང་།། འཆི་དང་གནས་གང་ལགས ་ཡང་མེད་གང་འདིར་སྐྱེ་དང་རྒ་དང་ན་དང་འཆི།། ཤེད་ལས་སྐྱེས་དང་ཤེད་བུ་དེ་མ་མཆིས།། འདི་ན་བདག་དང་བདག་གི་མ་མཆིས་ཏེ།། གང་ཟག་ཤེད་སྐྱེས་ཤེད་བུ་ཡོང་མ་མཆིས།། ་འདི་བརྫུན་བདག་པོ་མ་མཆིས་དབང་མ་མཆིས།། འཚོ་བའི་འཇིག་རྟེན་སྒྱུ་མ་ལྟ་བུར་འཇུག། བྱེད་པ་མ་མཆིས་ཚོར་བ་པོ་མ་མཆིས།། འོན་ཀྱང་ལས་མཆིས་འབྲས་བུའི་དོན་ཡང ་མཆིས།། འགྲོ་བའི་ལས་ཀྱི་རྐྱེན་གྱིས་རང་བཞིན་འབྱུང་།། ཕན་ཚུན་དུ་ནི་རྒྱུ་ལས་རྟེན་པར་འདུས།། དགེ་དང་མི་དགེའི་ལས་གང་བགྱིད་པ་དང་།། གང་ཞིག་བསྒོམ་དང་གང་ཞིག ་མང་དུ་བགྱིས།། ཡུལ་ན་མ་མཆིས་ཕྱོགས་ན་མ་མཆིས་ཏེ།། ངོ་བོ་ཉིད་སྟོང་འོན་ཀྱང་རྣམ་པར་སྨིན།། ནང་དང་སླད་རོལ་བར་ན་མི་གནས་ཏེ།། ཆོས་རྣམས་གང་དུའང་འཐུངས་པ ་ཡོད་མ་མཆིས།། དེ་དག་གང་ལའང་རྟེན་པ་མ་མཆིས་ལ།། རྣམ་པར་སྨིན་པ་སླུ་བར་ཡོང་མི་བགྱིད།། སྐྱེས་པ་མི་མངའ་འགག། པ་མངའ་མ་ལགས།། མཁས་པ་རྣམས ་ནི་གོ་བར་བགྱི་སླད་དུ།། ཉན་པ་ལ་ནི་སྨྲ་བས་ཚིག་ཀྱང་བསྟན།། ལྟ་བ་རྣམ་པར་སྦྱང་བའི་སླད་དུ་བསྟན།། གང་གི་འདུ་ཤེས་འདུ་ཤེས་ཅན་མ་མཆིས།། མྱ་ངན་འདས་ཆིས་སུ་ཞི་མ་མཆིས ་སྐྱེ་བ་མ་མཆིས་མཐའ་གང་མཐའ་དེ་ལགས།། བདག་གི་བདག་མེད་མཐའ་ནི་ན་མཁའི་མཐའ།། ཀུན་གྱི་མཐའ་ནི་མཉམ་པར་ཐོབ་པ་དེས།། སངས་རྒྱས་བསམ་གྱིས་མི་ཁྱབ་དམ ་པ་འཐོབ།། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ནི།། སྐྱེ་བའི་མཐའ་དང་སྐྱེ་བ་མ་མཆིས་མཐའ།། མཐའ་ཀུན་དེ་ལྟར་མཉམ་པར་མཐོང་བ་དང་།། ཆགས་མེད་མཐའ་ཡི་སྒོ་ཤེས་ལྡན ་པ་དང་།། དུས་གསུམ་མཐའ་རྣམས་ལ་ནི་མ་ཆགས་དེས།། རྒྱལ་བ་རྣམས་ཀྱི་རིགས་མཆོག་ཐོབ་པར་འགྱུར།། འགྲོ་བ་བཅིངས་ལས་རྣམ་པར་གྲོལ་མཛད་ནས།། ་ཞི་མཆོག་མྱ་ངན་འདས་པ་བརྙེས་པར་འགྱུར།། འགྲོ་ཀུན་རྨི་ལམ་ལྟ་བུར་དེར་གཟིགས་ནས།། འདིར་ནི་མིང་དང་གཟུགས་ལ་སེམས་མ་ཆགས།། ཀུན་ལ་ནི་རྣམ་པར་དག་པའི་མིག ་ཞི་བ་དང་ནི་མི་གཡོ་མི་འགུལ་འཐོབ།། ཆོས་རྣམས་ཐམས་ཅད་སྒྲ་མེད་སྐད་མེད་པ།། གཟུང་དུ་མེད་ཅིང་དངོས་མེད་རྣམ་པར་དག། དེ་བཞིན་རྒྱལ་བ་དམ་པ་རྣམས་ཀྱི་གདུང་།། ནི ་བའི་ངོ་བོ་ཉིད་དེ་སྨོན་པ་སྤངས།། སྐྱོན་མེད་རིམས་ནད་མེད་ཅིང་མྱ་ངན་བྲལ།། སྤྲོས་ཀུན་ཉེ་བར་ཞི་ཞིང་བསམ། མི་ཁྱབ།། རྒྱལ་བ་མཆོག་རྣམས་ཀྱི་ནི་ཆོས་འདི་དག ་གཟུང་བྲལ་རང་བཞིན་སྒྲ་དང་སྐད་མ་མཆིས། འགྲོ་ལ་སྨན་སླད་སྐྱེས་བུ་དམ་པ་ཡིས།། དེ་ཡང་ཡི་གེ་རྣ་མས་ཀྱི་གླེང་གཞི་བསྟན།། གང་གིས་འཇིག་རྟེན་བླ ་མ་རང་བྱུང་མཐོང་།། མཐོང་ནས་ཀྱང་ནི་ཡིད་ལ་དད་བགྱིད་དང་།། ཁྱད་པར་འགྲོ་བའི་ཆོས་ཀྱང་ཉམ་པ་ཡི།། ལྷ་དང་མི་རྣམས་རྙེད་པ་ལེགས་པར་རྙེད།། ཕྱོགས་དང་ཕྱོགས་མཚམ ་རྣམསུ་ཆོས་འདི་ནི།། འཇིག་རྟེན་རྣམ་པར་འདྲེན་པས་རབ་ཏུ་བསྟན།། གང་དག་མ་འོངས་སངས་རྒྱས་འགྱུར་བ་རྣམས།། ཐམས་ཅད་ཀྱང་ནི་མཉམ་པའི་ཆོ་སུ་འགྱུར།། སྒྲ་རྣམས་ཐད ་བྲག་ཅ་ཙམ་དུ་བས།། དེ་ནི་བརྗོད་ན་རྣ་བར་གྲག་པར་འགྱུར།། དེ་ནི་ཚུལ་བཞིན་ལམ་གྱི་རྒྱུར་འགྱུར་ཏོ།། ཆོས་འཚལ་གྱི་སླད་དུ་བཏགས་པ་ཙམ།། ཆོས་ཀུན་སྒྱུ་མ་འདྲ་ཞིང་གསོག་ལགས་ཏེ། ་དེ་དག་སེམས་ཅན་སླད་དུ་རྣམ་མང་ཕྱེ།། དེ་དག་རང་བཞིན་ངོ་བོ་གང་ཡིན་པ།། དེ་ནི་ནམས་ཀྱང་རྣམ་པར་དབྱེར་མི་རུང་།། འཇིག་རྟེན་ན་ནི་སངས་རྒྱས་ཆོས་མཆོག། ཆོས་ཀྱི་དབང་ཕྱུག ་ཀུན་རིག་ཀུན་མཁྱེན་པ།། སྟོན་པ་དེ་ལ་སློབ་ན་དེ་བཞིན་དུ།། འཕགས་པ་ཀུན་གྱིས་དེ་ཉིད་དོན་ཀྱང་རྟོག་སོ།། བྱུང་བ་གང་ལགས་པ་དང་ད་ལྟར་དང་།། མ་འོངས་པ་ན་འབྱུང་བ་གང་ལགས ་པ་ཐམས་ཅད་ལ་ཡང་ཐུབ་པ་སྐྱེས་མཆོགི། ཡེ་ཤེས་འཇུག་སྟེ་ཐོགས་པ་ཡོང་མི་མངའ།། སྐྱེས་བུ་དམ་པ་དེ་ཡི་རིང་བདག། ངོགས་མ་མཆིས་པར་བྱང་ཆུབ་མཆོག་ལུང་བསྟན།། ་བདག་ནི་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྱུར།། བདག་ལ་སོམ་ཉི་མ་མཆིས་དོགས་མ་མཆིས།། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངསུ་དག་པའི་ལེའུ་སྟེ་དགུ་པའོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས།། བྱང་ཆུབ་སེམས་དང་། འདི་དག་ཐམས་ཅད་ལ་བཀའ་སྩལ་པ།། སྐྱེས་བུ་དམ་པ་ཁྱ་དཀྱིས་དེ་བཞིན་གཤེགས་པའི་བྱང་ཆུབ།། ཅི་ནས་ཡུན ་རིང་དུ་གནས་པར་བྱ་བའི་ཕྱིར་ཟུང་ཤིག། ཁྱེད་ཀྱི་ནང་ན་སུ་དག་མདོ་སྡེ་འདི་དག་གཟུང་བར་སྤྲོ།། དེ་ནས་དེརརོ་བྱང་ཆུབ་སེམས་དཔའ་ཉི་ཁྲི་དང་།། ལྷའི་བུ་ཁྲི་སྟན་ལས་ལངས་ཏེ། བཅོམ་ལྡན ་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅགས་མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་བར་འཚལོ།། ་རྒྱས་པར་ཡང་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ཀྱིས་ཆོས་བསྒྲུབ་པ་ཇི་ལྟ་བུས།། དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པར་བྱེད།། དེ་ནས་དེར་བྱང་ཆུབ ་སེམས་དཔའ་ཡེ་ཤེས་རྒྱལ་མཚན་ཏོག་ཅེས་བྱ་བ་དེས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་དམ་པའི་ཆོས ་གཟུང་བར་འཚལ་ན།། ཅི་བདག་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས་སམ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ད་ལྟར་སྒྲུབ་ན།། དེ་བཞིན ་གཤེགས་པའི་བྱང་ཆུབ་འཛིན་པ་ཡང་དག་པ་ཡི་ནོ།། བྱང་ཆུབ་སེམས་དཔའ་མཉམ་པར་ལྟས་གསོལ་པ།། བཅོམ་ལྡན་འདས་བདག་གིས་མཚམས་མ་མཆིས་པ་མཉམ་པ ་ཉིད་ཀྱིས།། བྱང་ཆུབ་མཉམ་པ་ཉིད་དུ་མཐོང་ན། ཅི་བདག་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས་སམ།། བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་ལྟར་སྒྲུབ་ན། ་ངའི་བྱང་ཆུབ་འཛིན་པ་ཡང་དག་པ་ཡིན།། བྱང་ཆུ། བ་སེམས་དཔའ་ལྟ་བ་མེད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མ ་མཐོང་ང་སློབ་པའི་ཆོས་དང་། མི་སློབ་པའི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མ་མཐོང་ན། ཅི་བདག ་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞི་ནོ།། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་ཁས་ཆེ་བ་མེད་པར་ཤིན་ཏུ ་གནས་པས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རང་བཞིན་ཅི་ཡང་འཚལ་ཅིང་མི་འཛིན་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ ་རིགས་ཀྱི་བུ་དེ་ནི་དེ་བཞི་ནོ།། བྱང་ཆུབ་སེམས་དཔའ་མིག་མི་འཛུམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་མིགས་མི་ལྟ། སེམས་ཀྱིས་མི་གཏོད། དྲན་པ་མི་སྐྱེད་ན། ་ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན།། བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པས་གསོལ་པ། བཅོམ་ལྡན་འདས་བདག ་ཆོས་ཀྱང་མི་སྟོན་ཆོས་མ་ལགས་པ་ཡང་མི་སྟོན། བདག་ལ་ཆོས་ཀྱི་སྒྲ་ཡང་འབྱུང་།། ཆོས་ཀྱི་འདུ་ཤེས་ལ་ཡང་རྟོགས་པར་མི་བགྱིད་ན། ཅི་བདག་དམ་པའི་ཆོས་འཛིན་པ ་ལགས་སམ། བཀའ་སྩལ་བ། རིགས་ཀྱི་བུ་ད་ནི་དེ་བཞི་ནོ།། བྱང་ཆུབ་སེམས་དཔའ་མིང་མེད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་གང་གི་མིང་དང་། མཚན་མ་ཡང ་མི་ཉན་ལགས་ན། ཅི་བདག་དམ་པའི་ཆོས་འཛི། ན་པ་ལགས་སམ། རིགས་ཀྱི་བུ་དེ་ནི་དེ་བཞི་ནོ།། བྱང་ཆུ་ཁ་སེམས་དཔའ་ན་མཁའ་མཛོད་ཀྱིས་གསོལ་པ། ་བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ནམཁའི་ངོ་བོ་ཉིད་དུ་རིག་ནས། གང་ལ་འཛིན་པའི་ཆོས་རྣམས་དང་། ཆོས་མ་ལགས་པ་རྣམས་མི་མཐོང་ན། ཅི་བདག་དམ ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིནོ།། བྱང་ཆུབ་སེམས་དཔའ་མི་གཡོ་བའི་སྟབས་ཀྱིས་འགྲོ་བས་གསོལ་པ། བཅོམ་ལྡན་འདས་བ ་ཆོས་ཐམས་ཅད་ལ་མི་དམིགས་མི་གཡོ་མངོན་པར་ཞེན་པ་མ་མཆིས་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན།། བྱང་ཆུབ ་སེམས་དཔའ་བདུད་འཇོམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་སངས་རྒྱས་ཀྱི་ཡུལ་ལ། བདུད་ཀྱི་ཡུལ་གྱི་རྗེ་སུ་མཆིས་ལ་བདུད་ཀྱི་ཡུལ་ལ་ཡང་། ་སངས་རྒྱས་ཀྱི་ཡུལ་གྱི་རྗེ་སུ་མཆིས་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞི་ནོ།། བྱང་ཆུབ་སེམས་དཔའི་རྡོ་རྗེའི་སྟབས ་ཀྱིས་འགྲོ་བས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཀྱི་དབྱིངས་ཀྱང་འབྱེད་པར་མི་བགྱིད། སེམས་ཅན་གྱི་ཁམས་ལ་མ་གཏོགས་པར་ཡང་། ཆོས་ཀྱི་དབྱིངས་ལ་འཇུག ་བར་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞི་ནོ།། བྱང་ཆུབ་སེམས་དཔའ་མི་དམིགས་པས་གསོལ་པ། བཅོམ་ལྡན ་འདས་གང་ཆོས་ཅི་ཡང་མི་དམིགས་ལ། བསླུའི་ཁུང་བུ་ཐམས་ཅད་ནས་ཀྱང་། ཆོས་ཀྱི་སྒྲ་འབྱུང་ན། ཅི་ད་དམ་པའི་ཆོས་འཛིན་པ་ལགས་སམ། བཀ ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན།། བྱང་ཆུབ་སེམས་དཔའ་ཀུན་ནས་གསུངས་པས་གསོལ་པ། བཅོམ་ལྡན་འདས་གང་བདུད་ཀྱི་ནགས་པས་ཀྱང་མི་བཅིངས་ལ། བྱང་ཆུབ་སེམས ་དཔའི་སྤྱད་པ་ཡང་སྤྱོད་ན།། ཅིང་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞི་ནོ།། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་བ། བཅོམ་ལྡན་འདས ་གང་ཆོས་ཐམས་ཅད་རྒྱ་མཚོའི་ཕྱག་རྒྱར་ཡང་དག་པར་འདུ་བ་དང་། རྣམ་པར་གྲོལ་བའི་ངོ་བོ་ཉིད་རོ་གཅིག་པར་འཚལ་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ་རིགས་ཀྱི་བུ་དེ་ནི་དེ་བཞི་ནོ།། ལྷའི་བུ་མཚན་བཟང་གིས་གསོལ་པ། བཅོམ་ལྡན་འདས་གང་སྐྱེ་ཡང་སྐྱེ་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབྱུང་བ་ཡང་མི་འཛིན།། འབྱུང་ཡང ་འབྱུང་ལ། སེམས་དང་ཡིད་དུ་དོགས་པར་ཡང་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞི་ནོ།། ལྷའི་བུ་ད་མ་མེད་པས་གསོལ་པ། བཅོམ ་ལྡན་འདས་གང་ཆོས་ཐམས་ཅད་དྲི་མ་མཆིས་པ་དང་། སྡིགས་མ་མཆིས་པ་དང་། འདོད་ཆགས་ཀྱི་རྡུལ་དང་བྲལ་བར་རིག་ནས། རྒྱུ་ལས་བྱུང་བ་ལས་རྣམ་པར་གྲོལ་བར་མི་བགྱིང་མཆིད་དམ ་པའི་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ། དེ་ནི་དེ་བཞི་ནོ།། ལྷའི་བུ་སེམས་ཅན་སྒྲོལ་གྱིས་གསེལ་པ། བཅོ། དམ་ལྡན་འདས་གང་སེམས་ཅན་རྣམས་ཀྱང་སྒྲོལ་བགྱིད་ལ། ་བདག་མ་མཆིས་པ་ཡང་འཚལ། བསྒྲལ་ནས་ཀྱ་འཛུད་པར་བགྱིད་ལ། ཚུལ་རོལ་དང་ཕ་རོལ་གྱི་འགྲམ་ན་ཡང་མི་གནས་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ ་སྩལ་པ། ལྷའི་བུ་དེ་ནི་དེ་བཞི་ནོ།། ལྷའི་བུ་དབང་བྱེད་ཀྱིས་གསེལ་པ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ལ་དབང་ཡང་ཐོབ་ལ། ཆོས་གང་ཡང་སྐྱེད་པར་ཡང་མི་བགྱིད། འགག་པར ་ཡང་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞི་ནོ།། ལྷའི་བུ་རྒྱལ་པོ་བཟང་གིས་གསོལ་པ། བཅོམ་ལྡན་འདས་གང་སེམས ་ཅན་ཐམས་ཅད་སེམས་ཅན་མཉམ་པ་དང་། ཆོས་ཐམས་ཅད་ཆོས་མཉམ་པ་དང་། ཞིང་ཐམས་ཅད་ཞིང་མཉམ་པ་དང་། སངས་རྒྱས་ཐམས་ཅད་སངས་རྒྱས་མཉམ་པར་རྗེསུ་སོང་ན། ཅི་དེ ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན།། ལྷའི་བུ་ལེགས་པར་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཅི་ཡང་མི ་སེམས་ཤིང་སྤྲོས་པར་མི་བགྱི་དེ། མཚན་མར་བགྱིད་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ཏེ། དེ་ནི་དེ་བཞིན།། སྲིང་མོ་ཨུཏྤ་ལས ་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣམས་ལགས་པར་འཚལ་ལ། འོན་ཀྱང་བདག་མངོན་པར་རྫོགས་པར་འཚང་མི་རྒྱན། ཅི་བདག་དམ་པའི་ཆོས ་འཛིན་པ་ལགས་སམ། བཀའ་སྩལ་པ། སྲིང་མོ་དེ་ནི་དེབ་ཞི་ནོ།། བུ་མོ་མུ་ཏིག་ཕྲེག་གིས་གསོལ་པ། བཅོམ་ལྡན་འདུས་བདག་གིས་བུད་མེད་ཀྱི་ཆོས་རྣམས་ཀྱང་མ་དམིག ་སྐྱེས་པའི་ཆོས་རྣམས་ཀྱང་མ་དམིགས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ལགས་པ་དེ། བུད་མེད་དང་། སྐྱེས་པའི་ཆོས་རྣམས་ཀྱི་མཚན་ཉིད་ལགས་ལ། ་ཆོས་དེ་དག་ཀྱང་ཆོས་ཀྱང་ལགས། ཆོས་མ་ལགས་པ་ཡང་མ་ལགས་ཏེ། དེའི་སླད་དུ་འདི་ལྟར་བདག་ནི་སྐྱེད་པར་མི་བགྱིད། ཁས་ལེན་པར་ཡང་མི་བགྱིད་ན། ཅི་བདག་དམ་པའི ་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། བུ་མོ་དེ་ནི་དེ་བཞི་ནོ།། བུ་མོ་རིན་ཆེན་གྱིས་གསོལ་བ། བཅོམ་ལྡན་འདས་བདག་གིས་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང ་མ་མཐོང་ལ། སེམས་ཅན་ཐམས་ཅད་ཀྱི་གོ་ཅ་ཡང་བདག་གིས་བགོས། དེ་དག་ཀྱང་གཏན་ཏུ་བདག་གིས་མ་མཐོང་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྤྲུལ་པ། ་བུ་མེ་དེ་བཞི་ནོ།། བུ་མེ་དྲི་མ་མེད་པའི་འོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་ལ་ཡང་། ཆོས་ཀྱི་འདུ་ཤེས་མི་སྐྱེད་ལ། སེམས་ཅན་ཐམས་ཅད་ལ་ཡང་སེམས་ཅན་གྱི་འདུ ་ཤེས་མ་སྐྱེད། ཆོས་ཐམས་ཅད་ཀྱིས་ཀྱང་། སངས་རྒྱས་ཀྱི་ཆོས་རྣམས་ལ་རྣམ་པར་མི་རྟོག་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཁོངསུ་ཡང་ཆོས་ཐམས་ཅད་འདུས་པར་ཡང་དག་པར་མཐོང ་ལང་དེ་དག་གི་ཁོངསུ་ཡང་མ་ཞེན་པར་ཡང་དག་པར་མཐོང་ན། བཅོམ་ལྡན་འདས་བདག་དེ་ལྟར་བརྩོན་ན། ཅི་དམ་པའི་ཆོས་འཛིན་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་བུ་མོ་ཁྱོད་ད་ལྟར་སྒྲུབ་ན། དམ་པའི་ཆོས་འཛིན་པ་ཡང་དག་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་བས ་གྱིས་མི་ཁྱབ་པའི་ཆོས་རྣམ་པར་ངེས་པའི་སྤོབས་པ་དང་ལྡན་པའི་བུ་མོ་རྣམས་ཀྱིས་འདིར་རྣམ་པ་དང་། སྒྲ་དང་། བརྡའ་སྣ་ཚོགས་ཀྱིས་ཆོས་ཉིད་ཁོ་ན་གླེངས་ཏེ། ཆོས་གང་ལ ་ཡང་འགལ་བར་མི་བགྱིད་ལ། ཆོས་ཐམས་ཅད་ཀྱང་བྱང་ཆུབ་དང་མཉམ་པ་ཉིད་དུ་སྟོན་པ་ནི་ངོ་མཚར་ལགསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་དེ་ནི་དེ་བཞིན་ཏོ།། བུ་མོ ་འདི་དག་ནི་བསམ་གྱིས་མི་ཁྱབ་པའི་ཆོས་རྣམ་པར་ངེས་པ་སྟོན་པ་ལ་མཁས་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། བཟོད་པ་ཐོབ་པ་ཤ་སྟ་གོ། ཀོའུ་ཤི་ཀ་གཞན་ཡང་ཆོས་ཀྱི ་རྣམ་གྲངས་འདི་གཟུང་བ་དང་། གཞན་དག་ལ་ཡང་རྒྱས་པར་བསྟན་པ་དང་། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་། མ་འོངས་པའི་སེམས་ཅན་ཆེན་པོ་ངས་པའི་ཆོས་ཀྱི ་གྲོང་ཁྱེར་སྲུང་བ་དེ་དག་ལ་སྟབས་པའི་ཕྱིར་ཁྱོད་ལ་གཏོད།། དེ་ལྟར་བྱས་ན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པའི་མཆོག་བྱས་པར་འགྱུར་རོ།། བརྒྱ་བྱིན ་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་གཟུང་ལག་སོ།། འདི་ནི་བདག་གིས་དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཁོ་ནས་རྒྱས་པར་བགྱིའོ།། མ ་འོངས་པའི་སེམས་ཅན་ཆེན་པོ་དེ་དག་ལ་ཡང་། བསྟབས་པར་འཚལོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་ནི་དེ་བཞིན་གཤེགས་པ་ལ། བཀའ་དྲིན་བསབ་པའི་ངོ་མ་ཐོག། ་སྟེ། འདི་ལྟར་བདག་ནི་དེ་བཞིན་གཤེགས་པས། ཆོས་ཀྱི་ཕན་གདགས་པས། ཕན་གཏགས་པའི་སླདའོ།། བཅོམ་ལྟ་ན་འདས་གཞན་ཡང་ཅི་ནས་བདུད་དང་། ཕྱིར་རྒོལ་བ་ངེས་པར ་བཅོམ་ནས། འདི་འཛམྦུའི་གླིང་དུ་སྤྱོད་པར་འགྱུར་བ་དེ་ལྟ་བུར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་ས་བྱིན་གྱིས་བརླབ་དུ་གསོལ། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ཀོའུ་ཤི་ཀ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ། ཡིད་ལ་ཟུང་ཤིག་དང་། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས་དང་། གསང་སྔགས་ཀྱི ་གཞིའི་བྱིན་གྱིས་བརླབས་ངས་བསྟན་བྱ་སྟེ། རིགས་སྔགས་དང་། གསང་སྔགས་ཀྱི་གཞི་དེ་དག་གིས་བདུད་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱང་། ཤིན་ཏུ་ཚར་གཅད་པར ་འགྱུར་ལ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྒྲོན་མ་འདི་ཡང་ཡུན་རིང་དུ་གནས་པར་འགྱུརརོ།། ཏ་ཡ་ཐཱ། ཨ་བྷ་ཡ། བྷ་ས་བིག་ཏེ། བྷ་ཡ་བི་ཤེ་དྷ་ན། ཨ་བྷ་ཡ་དྲ་དེ། ་ནི་རུ་པད་དྲ་བེ། ཨ་ནཱ་ཀུ་ལེ། ཨ་ཀུ་ལ་སང་ཤོ་དྷ་ནཾ། ཨ་གྲ་ཧེ། ཨ་བི་བྷ་དྲེ། ཨ་ཀ་ལ་པེ། ཨ་ཙྱུ་ཏེ། ཤུ་བྷཱ་ཏེ་ཛེ། ཏེ་ཛེ་བ་ཏི། མ་ཧཱ་ཏེ་ཛེ། ཨུ་པ་ཤཱ་མེ། མེ་ཏྱུ་ག་ཏེ། ཤོ་ཥ་ཡ་མཱན། ་སད་ཏད་པ་ཤ་ནེ། ཨ་བི་རུད་དྷེ། ས་ཧི་ཏ་ཨནྣེ། ཨནྨ་སདྡྷེ། ཨ་མྲི་ཏ་པ་ཏེ། སཱ་ག་རེ། སཱ་ག་ར་བ་ཏི། ཨ་བྷི་དེ། བཛྲ་སནྡྷི། ཨཀྵ་ཡ། ཨཀྵ་ཏ་པྲ་བྷེ། ཛཱ་ཏི་བི་ཤོ་དྷ་ནེ། ཤུདྡྷེ་ཤུདྡྷ། ་ཨ་བ་བྷ་ས་པ་ཏི། ས་མ་པྲ་ཡེ་ག། ས་མ་ཙིད་ཏེ། ཨ་ནུད་ཏ་ར། བུད་དྷ་ཨ་དྷིཥྛ་ནེ། ཤཱི་ལ་བི་ཤོ་དྷ་ནེ། ཨན་ཏི་ཀྲ་མ་ཎ། ཨ་ས་དྷརྱེ། ནི་གྲྀཧཱི་ཏིམ། མཱ་ར་བ་ལམ། བ་རཱ་ཛ་ལི་པྲཱྀཉྫི་ག ་ཏ་ནན། ཛྭ་ལཱ་ནཱན། དྷཱར་མོ་ཝཱ་ནཱན། སང་གྲི་ཧྲཱིཿན། དྷ་ར་མ་ཏཱ་ནཱན། ཨུ་གཱི་ཊི་ཏ་ན། དྷ་ར་མ་ནི་དྷ་ནཱན། ཀོའུ་ཤི་ཀ་རིགས་སྔགས་དང་། གསང་སྔགས་དང་། གསང་སྔར ་ཀྱི་གཞི་ནི་འདི་དག་ཡིན་ཏེ། འདས་པ་དང་། མའོ་ངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱིས། དམ་པའི་ཆོས་ཡོངསུ་གཟུང་བའི་ཕྱིར་གསུང་སོ།། རིགས་སྔགས་དང་། ་གསང་སྔགས་ཀྱི་གཞི་ནི་འདི་དག་གིས་ནི། རྩོད་པའི་བདག་པོ་བདུད་ཐམས་ཅད་ཚར་གཅོད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། ཚངས་པ་ཀུན་ཏུ་སྣང་བ་ཞེས་བྱ་བས་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བགྱི། བཅང་བར་བགྱི། རྒྱས་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱས་པ ་གཟོ་བ་དང་། བྱས་པ་ཚོར་བ་ནི། དཀར་པོའི་ཆོས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་བསྔགས་པའི་སླད་དུའོ།། བཅོམ་ལྡན་འདས་བདག་ནི།། དེ་བཞིན་གཤེགས་པ་ལ་བྱས་པ ་གཟོ་བ་དང་། བྱས་པ་ཚོར་བ་དང་། དྲན་ཞིང་རྗེསུ་སྲུང་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་འདི་བཟུང་བར་བགྱི། ཡོངསུ་བསྲུང་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས ་ལ། ལྷའི་བུ་བསོད་ནམས་འཕགས་ཀྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུམས་དེ་བཞིན་གཤེགས་པའི་ཆོས་བཟུང་ན། བསོད་ནམས་ཇི་ཙམ་ཞིག་སྐྱེད ་པར་འགྱུར་ལགས།། དེ་ནས་བཅོམ་ལྡན་འདས་ཀྱིས། ལྷའི་བུ་དེ་ལ་ཚིག་སུ་བཅད་དེ་བཀའ་སྩལ་པ།། སངས་རྒྱས་སྤྱན་གྱིས་ཕྱོགས་བཅུ་ཡི།། ཞིང་རྣམས་ཇི་སྙེད་ངས་མཐོང་བ།། དེ་ཀུན་རིན་ཆེན་གང་བྱས ་ནས། མི་གང་སྦྱིན་པ་སྦྱིན་བྱེད་ལ།། གང་ཞིག་འཇིག་རྟེན་མགོན་པོའི་ཆེས།། སྙིང་ནས་ཡོང་སུ་འཛིན་བྱེད་ན།། དེ་བས་མི་ཡི་བསོད་ནམས་ནི།། ཤིན་ཏུ་མང་དུ་འཕེལ་བར་འགྱུར་གི་ཡ་ཀྱ་ནི་ས ་མད་ན་ན་། བསོད་ནམས་ཟད་པར་ཡང་མི་འགྱུར། ར།། ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། ལྷ་ཁྲག་ཁྲིག་བདུན། ཅུ་རྩ་དྲུག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱུང ་ཆུབ་ཏུ་སེམས་བསྐྱེད།། བྱང་ཆུབ་སེམས་དཔའ་དྲུག་ཁི་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེསོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་འདི་ཡང་རྣམ་པ་དྲག་དང་། མཚན་མ་མེད ་ཆེན་པོ་བཅོ་བརྒྱད་དུ་རབ་ཏུ་གཡོས་པར་འགྱུར་ཏེ། འདི་ལྟ་སྟེ། ཤར་ཕྱོགས་མཐོན་ནུབ་ཕྱོགས་དམ། ནུབ་ཕྱོགས་མཐོ་ན། ཤར་ཕྱོགས་དམའ། ལྷོ་ཕྱོགས་མེ་ཟོ་ན། བྱང་ཕྱོགས་དམའ ་བྱང་ཕྱོགས་མཐོ་ན། ལྷོ་ཕྱོགས་དམའ། དབུས་མཐོན་མཐའ་དམའ། མཐའ་མཐོ་ན་དབུས་བླར་འགྱུར་ཏེ། གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་ཏུ་ར ་ཏུ་འགུལ། ལྡེག་རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། ལུ་འུར་། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུང་། ཆེ་མཆེམ། རབ་ཏུ་ཆེས ་ཆེ་མ། ཀུན་ཏུ་རབ་ཏུ་ཆེམ་ཆེ་མོ།། སྣང་བ་ཆེན་པོས་ཀྱང་འཇིག་རྟེན་ཁྱབ་པར་གྱུར་ཏོ།། མེ་ཏོག་གི་ཆར་ཆེན་པོ་ཡང་བབོ།། སིལ་སྙན་དག་ཀྱང་མ་དཀྲོལ་བར་རང་འཁྲོལ་ཞིང་། སིལ་སྙན ་དང་ཀླུ་དབྱངས་དེ་དག་ལས་ཀྱང་སྒྲ་འདི་ལྟ་བུ་བྱུང་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་པར་བྱིན་གྱིས་བརླབས།། ་ཆོས་ཀྱི་རྣམ་གྲངས་འདི་རྣམ་པར་དཀྲུག་ཏུ་མེད་པའི་ཚུལ་དུ། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་ལེགས་པར་བཏའོ། ཞེས་སྒྲ་བྱུང་།། ཀླུའི་རྒྱལ་པོ་རྒྱ་མཚོས་ཀྱང་། སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅང་ཁྱབ་པར་མུ་ཏི་གི་ཆར་ཆེན་པོ་ཕའོ།། དེ་ནས་བཅོམ་ལྡན་འངས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན ་དགའ་བོ་ཁྱོད་ཀྱི་རྣམ་གྲངས་འདི་ཟུང་ལ། གཞན་དག་ལ་ཡང་རྒྱས་པར་ཡང་དག་པར་སྟོན་ཅིག། གསོལ་པ། བཅོམ་ལྡན་འདས་ཀྱི་རྣམ་གྲངས་འདི་དག་གིས་བཟུང་ལགས་ན། བཅོམ་ལྡན ་འདསྨོ་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི།། ཀླུའི་རྒྱལ་པོ་རྒྱ་མཆེས་ཞུས་པ་ཞེས ་བྱ་བར་ཟུང་ཤིག། ཀླུའི་བདག་པོའི་གཟུངས་ཀྱི་ལེའུ་ཞེས་བྱ་བར་ཟུང་ཤིག། རིན་པོ་ཆེ་ཀུན་ནས་བཏུས་པའི་ཆོས་ཀྱི་སྒོ་ཡོང་སུ་དག་པའི་ལེའུ་ཞེས་བྱ་བར་ཡང་ཟུ་བཤིག། བཅོམ་ལྡན་འདས་ཀྱི ་། དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དཀའ་བོ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་མ་དྲོས་པ། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད ་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་དང་། འཁོར་དེ་དག་ཐམས་ཅད་དང་། ལྷ་དང་མི་དང་། ་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད།། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ ་ཐེག་པ་ཆེན་པོའི་མདོ།། རྫོགས།། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། པྲང་ལྟ་བར་མ་དང་། ཞུ་ཆེན་གྱི་ལོ་ཙཱ་པ་བནྡེ་མེ་ཤེས་སྡེ་ལས་སོགས་པས། བསྒྱུར་ཞིང་ཞུས ་ཏེ་གཏན་ལ་ཕབ་པ། རྒྱ་གར་སྐད་དུ། ཨཱརྱ་སཱ་ག་ར་ནཱ་ག་རཱ་ཛྭ་པའི་སྲིད་ནི། ནཱ་མ་མ་ཧཱ་ཡཱན་སཱུ་ཏཱ། བོད་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཆིས་ཞུས་པ། ་