CLOSE WINDOW

L100: 'phags pa blo gros rgya mtshos zhus ba zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

ནུ་བཅོམ་ལྡན་འདས་རྒྱལ་པོ་ཁྲི་བ། དེ་བཞིན་གཤེགས་པར ་སྤྱོད་ཡུལ་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁམས། དེ་བཞིན ་གྱི་ཚོགས་བསགས་པ། སྤྱོད་པ་ཆེན་པོའི་རྒྱུ་འཐུན་པ། ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྣམ་པར་སྨིན་པས་མངོན ་པ་གྲུབ་པ། བྱང་ཆུབ་སེམས་དཔའ་ཆེན་པ་གནས་པ། བསྟན་པ་མཐའ ་པ། དེ་བཞིན་གཤེགས་པས་རྣམ་པར་སྤྲུལ་པས་བྱིན་གྱིས་བརླབས་པ་ཆགས་པ་མེད་པའི ་སྤྱོད་ཡུལ་གྱི་ཡེ་ཤེས་ལ་འཇུག་པ། དགའ་བ་རྒྱ་ཆེན་པོ་སྐྱེད་པ། དྲན་པ་དང་། ་བློ་གྲོས་དང་། རྟོགས་པས་འཇུག་པ་ཀུན་ནས་མ་སྨད་པ། ཡེ་ཤེས་ཀྱིས་རྣམ་པར ་དཔྱད་པ། དེ་ལ་མ་ཆགས་པར་རྟོགས་པས་འཇུག་པ། བསྐལ་པ་མུ་མེད་པར ་མངོན་པར་བསྟོད་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་དཔག་ཏུ་མེད་པ་བཞུགས་ཏེ་བཅོམ་ལྡན་འདས་ཆོས ་ཐམས་ཅད་ནི་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས། ཆོས་ཀྱི་འཁོར་ལོ་ནི་ཤིན་ཏུ་བསྐོར་སློབ ་མ་ཤིན་ཏུ་དུལ་བ་མཐའ་ཡས་པའི་ཚིགས་ནི་མའ། ཆོས་ཐམས་ཅད་ལ་མ་ཐ་དབང་ནི་བརྙེས། སེམས ་ཅན་ཐམས་ཅད་ཀྱི་བསམ་པ། བསྒྲུབ་པ་ནི་ལེགས་པར་མཁྱེན། དབང་པོའི་དམ་པའི་ཕ་རོལ ་ཏུ་ཕྱིན་པ་ནི་བརྙེས། ངག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ལ་ནི་མཁས། སངས ་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ནི་རྒྱུན་མ་ཚད་ཅིང་།། དགེ་སློང་འབུམ་དག་དག་ཅུའི་དགེ་སློང ་། གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་སྟེ། ཐམས་ཅད་ཀྱང་ཅང་ཤེས་ཀྱི་སེམས་དང་ལྡན ་པ་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ལ་བརྩོན་པ། ་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པའི་སྲས། ཆོས་ཟབ་མོ། རལ་གནས་པ། དམིགས་པ་མེད ་པའི་ཆོས་ཀྱིས་ངེས་པར་བྱུང་བ། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ། སྦྱིན་གནས ་ཆེན་པོར་གྱུར་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་གོ། བྱང་ཆུབ་སེམས ་དཔའི་དགེ་འདུན་ཆེན་པོ། བྱང་ཆུབ་སེམས་དཔའ་སེམས་དཔའི་ཆེན་པོ་དམིགས་པ་མེད་པོའི་བྱང་ཆུབ་སེམས ་དཔཔའི་བཟོད་པ་རབ་ཏུ་ཐོབ་པོ། དབང་བསྐུར་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ས་ལ་ཞུགས་པ། མངོན ་པར་འདུ་བྱེད་པ་མེད་པའི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པས་རྣམ་པར་རྩེན་པ།། བྱང་ཆུབ་སེམས་དཔའི་གཟུངས་མི་ཟད་པའི་ཟ་མ་ཏོག་རབ་ཏུ་ཐོབ ་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ལ་དབང་ཐོབ་པ། བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་སེམས་ཅན་ཐམས ་ཅད་ཚོམས་པར་བྱེད་པ་རྗེས་སུ་ཐོབ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷུན་གྱིས་གྲུབ་པས་ངེས་པར་བྱུང་བ་བཀོད་པའི་རྒྱན་གྱི་ལྷག་པའི་བསམ ་པ་ལ་ཤིན་ཏུ་གནས་པ། ཚད་མེད་གྲོངས་མེད་བསམ་གྱིས་མི་ཁྱབ། མཚུངས་པ་མེད་གཞལ་དུ་མེད་དདག་ཏུ་མེད་པ་ལ་འདི་ལྟ་སྟེ། བྱང ་ཆུབ་སེམས་དཔའ་སེམས་དཔའ་ཚེ་རིན་པོ་མཛོད་མི་ཟད་པ་ཞེས་བྱ་བ་དང་། བྱང་ཆུདབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས ་ཚད་མེད་པ་ཞེས་བྱ་བ་དང་། བྱ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་ཤེས་བྱ་བ་དང་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་དམིགས་པ་མེད་པའི་བསམ་གཏན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་གོང་བ ་མེད་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བློ་གྲོས་ཤེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བློ་གྲོས་རྒྱུན་མི་འཆད་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆགས་པ་མེད་པའི་མི་འཇིགས ་པ་བརྩེགས་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དོན་ངེས་པར་བརྟགས་ཏེ་ལྟ་བ་ཞེས་བྱ་བ་དང་། དེ་ལས་སོགས་པ ་བྱང་ཆུབ་སེམས་དཔའ་སེམས་དཔའོ་ཆེན་པོ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད་དཔག་ཏུ ་མྱོད་པ་དག་དང་ཡང་ཐབས་གཅིག་གོ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་ངེས་པར་འབྱུང་བ ་སྒྲིབ་པ་མེད་པའི་སྒོ་བྱང་ཆུབ་སེམས་དང་འི་ལ་མེ་བཀོད་པ་ལ་དམིགས་པ། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས ་ཀྱི་ཆོས་ཐམས་ཅད་ཡོངསུ་འགྲུབ་པའི་ཡེ་ཤེས་ཀྱི་འབྱུང་གནས། ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་གཟུངས་ཀྱི་ཕྱག་རྒྱའི་སྒྲའི་འཇུག་པ། སོ་སོར ་ཡང་དག་པར་རིག་པས་རྣམ་པར་གདོན་མི་ཟ་བ་ལ་འཇུག་པའི་སྒོ། མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེ་ས་ལ་འབབ་པས་འཇུག་པ་ཕྱིར་མི་ལྡེ་གཟིལ་ཁོར་ཕྱི་མི་ལྡོག ་ཐེག་པ་ཐམས་ཅད་མཉམ་པ་ཉིད་དུ་ཡང་དག་པར་འདུ་བ། ཆོས་ཀྱི་དབྱིངས་འདྲེས་པ་མེད། ཚུལ་གཅིག་པ་རབ་ཏུ་དབྱེ་བ་ལ་འཇུག་པ་སེམས་ཅན་ཐམས་ཅད་ཀྱི ་བསམ་པ་དང་དབང་པོའི་ཚུལ་ལ་འཇུག་པ་སྟོན་པ། སྙིང་པོ་དང་ལྡན་པ། ཆོས་རྣམ་པར་གདོན་མི་ཟ་བ་དང་། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར ་འཇོམས་པ་ཚུལ་བཞིན་དུ་ཆོས་ཀྱི་ཚུལ་ལ་བབ་ཅིང་འཇུག་པ། ཉོན་མོངས་པ་དང་ལྟ་བར་གྱུར་པ་ཐམས་ཅད་འདུལ་བ། ཆགས་པ་མེད་པའི་ཡེ་ཤེས ་ལ་འཇུག་པ། ཀུན་ཏུ་བསྔོ་བའི་ཐབས་ལ་མཁས་པ་ཤེས་པ་སྟོན་པ། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་འཇུག་པ། ་ཆགས་པ་མེད་པའི་བྱིན་གྱི་རླབས་ཀྱི་སྒོ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྣམ་པར་གདོན་མི་ཟ་བ་སྟོན་པ་མི་རྟོག་ཅིང་རྣམ་པར་མི་རྟོག ་སྟེ་མཉམ་པ་ཉིད་དུ་འཇུག་པ། ན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་རྟོགཔར་བྱེད་པ། ཡེ་ཤེས་ཀྱི་ཚོགས ་ཆེན་པོ་སོགས་པ། སངས་རྒྱས་ཀྱི་སྐུ་དང་། གསུངས་དང་། ཐུགས་མཉམ་པ་ཉིད་ཀྱི་རྒྱན་དང་ལྡན་པ། དྲན་པ་དང་། བློ་གྲོས་དང་། ་རྟོགས་པ་དང་། མོས་པ་དང་། ཤེས་རབ་མོ་ཟད་པ་མངོན་པར་སྒྲུབ་པ། ཉན་ཐོས་ཀྱི་ཐེག་པས་འདུལ་བའི་ཕྱིར་འཕགས་པའི་བདེན་པའི་ཚུལ་འཇུག་པ། ་རང་སངས་རྒྱས་ཀྱི་ཐེག་པས་འདུལ་བའི་ཕྱིར་ལུས་དང་། སེམས་རབ་ཏུ་དབེན་པར་ཤེས་པ། ཐེག་པ་ཚོན་པོས་འདུལ་བའི་ཕྱིར་ཐམས་ཅད་མཁྱེན་པར ་དབང་བསྐུར་བ་རབ་ཏུ་ཐོབ་པ། ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད ་པའི་ཕྱིར་གསུང་སྟོན།། རབ་ཏུ་འཆད་དོ།། འཛིན་དུ་འཇུག། ཀློག་ཏུ་འཇུག། ཤེས་པར་མཛད་དོ།། རྣམ་པར་ཤེས་པར་མཛད་དོ།། རབ་ཏུ་ཤེས་པར་མཛད་དོ།། རབ་ཏུ་འགོད་དོ།། རྣམ ་པར་བྱེད་དོ།། རྣམ་པར་འགྲེལ་ཏེ། གསལ་བར་མཛོད།། ཡང་དག་པར་རབ་ཏུ་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་ཤིན་ཏུ་རྣམ་པར་ངེས་པ། འདུས་པ་ཆེན་པོའི་ལེའུ་ཆོས ་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པས། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་ང་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོག་ཏུ། སའི ་སྡེང་ནས་བཟུང་བ་ཡན་ཆད། རིན་པོ་ཆེ་བཀོད་པའི་འཁོར་ཀྱི་གཞི་ལ་ཐུགས་པའི་བར་དག་ཏུ་ཆོས་ཡོངསུ་གང་བའི་རྒྱ་མཚོ་གཅིག་ལྟར་ཀུན་ཏུ་སྣང་སྟེ། འདི་ལྟ་སྟེ་དཔེར་ན། ་བསྲེག་པའི་བསྐལ་པ་འདས་ནས་ཆགས་པ་འབྱུང་བའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཆུས་ཡོངསུ་གང་བར་གྱུར་ཏེ། ཆུའི་དཀྱིལ་འཁོར ་གྱི་ཡོངསུ་འཁོར་བ་དེ་བཞིན་དུ། དེའི་ཚེ་སྟེང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཆུས་ཡོངསུ་གང་བའི་རྒྱ་མཚོ་གཅིག་ལྟ་བུར་གནས་པར་ཀུན་ཏུ་སྣང་ཡང་། ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་འཁོར་རྣམས་ལ་ཡང་། སྒྲིབ་པ་མེད། ་པར་ཀུན་ཏུ་སྣང་ངོ་།། འཛམ་བུ་གླིང་རྣམས་དང་། གླིང་བཞིང་ཆེན་པོ་རྣམས་དང་། རྒྱ་མཚོ་ཆེན་པོ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལ་ཡང་། སྔོན་ཇི་ལྟ་བར་བྱིས་ཀྱང་དེ་བཞིན་དུ ་ཀུན་ཏུ་སྣང་ངོ་།། ཆུའི་ཕུང་པོ་ལས་ཀྱང་པདྨ་ཆུབ་ནི་བཻ་ཌཱུརྱ། གལ་བ་ནི་ཨནད་རྙིལ། ལོ་མ་ནི་འཛམ་བུའི་ཆུ་བོའི་གསེར། ཟེ་བ་ནི་དཔལ་གྱི་སྙིང་པོ།། སྙིང་པོ་ནོ་རྗེའི་སྙིང་པོ་ལས ་གྲུབ་པ། མུ་ཏིག་གི་དྲ་བས་ནི་ཁེབས་པར་བྱས་པ། འདབ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྡན་པ། ཚད་ནི་རྒྱང་གྲགས་ཀྱི་ཁྱོན་ཙམ་ཡོད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དྲུང་སྟེ། ་དེ་དག་རིན་པོ་ཆེ་བཀོད་པའི་འཁོར་གྱི་གཞི་ལས་ཐལ་ནས། ཤིང་ཏ་ལའི་སྲིད་དུ་འཕགས་ཏེ། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡང་དེའི་ཚེ། པདྨ་ལ་འཁོད་པར་ཀུན་ཏུ་སྣང་།། པདྨ་དེ་དག ་ལས་ཀྱང་འོད་གང་དག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ནིང་ཚད་མེད་གྲངས་མེད་པ་དག་སྣང་བ་ཆེན་པོས་ཁྱབ་པར་གྱུར་པའི།། འོད་དེ་ལྟ་བུ་དག་བྱུང་ངོ་།། དེ་ན་ཐམས་ཅད་དང་ལྡན་པའི ་འཁོར་ངོ་མཚར་དུ་གྱུར་ནས། ཇི་ལྟར་སྔ་ལྟས་འདི་དག་ཀུན་ཏུ་སྣང་བ་ཆེན་ལས་ན། ཀྱེ་མའོ།། འདི་ནི་ཆོས་བསྟན་པ་ཆེན་པོར་འགྱུརརོ་ཞེས་ཆེད་དུ་བརྗོད་པ་ཆེ་དུ་བརྗོད།། དེ་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་བྱམས་པས། ཆོ་འཕྲུལ་རྒྱ་ཆེན་པོ་དེ་མཐོང་ནས། པདྨའི་སྟན་ལས་ལངས་ཏེ། བླ་གོས་ཕྲག་གཅིག་ཏུ་བགས་ནས་པུས་མེ་གཡས་པའི་ལྷང་པདྨའི་སྙིང་པོ་ལ་གཙུག་ཏེ། ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་འདི་ནས་ཀྱིས་ཡོ་བ་ལྡམ་པའི་རྒྱམཆོ་གཅིག་འ་བུ་ཀུན་ཏུ་གཔར་བ་དང་། བདྲ་བྱེ་ག་ཁྲག་ཕྲག་བརྒྱསྣ་འདི་ད་ཅིག་མངོན་པར་བྱུང་བའང་དག་དང་། བཅོམ་ལྡན ་འདས་སྔོན་མ་མཐོང་མ་ཐོས་པའི་ཆོས་འཕྲུལ་རྒྱ་ཆེན་པོ་འདི་དག་ཀུན་ཏུ་གདའ་བ་འདི་སུའི་སྔ་ལྟས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་བྱམས་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱམས་པ་འོག་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ནིང་འདི་ནས་སྟོང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྙེད་ཀྱི་རངས ་རྒྱས་ཀྱི་ཞིང་འདས་པ་ན། འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཚེ་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་མཚོའི་མཆོག་མངར། བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གནས་ལ་ཆོས ་ཀྱང་སྟོན་པ་ཡོད། སངས་རྒྱས་ཀྱི་ཞིང་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་དང ་ལྷན་ཅིག་ཏུང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་བསྟན་པ་འདི་ལས་གཏམ་གྱི་རྒྱུད་འགའ་ཞིག་དྲི་བའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོང་བར་འགྱུར་ཏེ། འདི ་ནི་དེའི་སྔ་ལྟས་སོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ཟག་རིང་པོར་ང་སྲིད ་ཅིག་ན་མཆིས་ཤིང་ཆོས་ཀྱི་རྣམ་གྲངས་འདི་ཉན་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཇི་ལྟར་ངའི་མདུན་ན་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དེ་བཞིན་དུ་བྱང་ཆུབ་སེམས ་དཔའ་བློ་གྲོས་རྒྱ་མཚོ་ཡང་འཇིག་རྟེན་གྱི་ཁམས་དེ་ན་འདུག་ཅིང་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏོ།། ཤཱ་རིའི་བུ་ཁྱོད་ཀྱིས་ཇི་ལྟར་ང་དང་ཐམས་ཅད་དང་ལྡན་པའི་འཁོར་འདི་མཐོང་བ་དེ་བཞིན་དུ། བྱང་ཆུབ་སེང ་བློ་གྲོས་རྒྱ་མཚོས་ཀྱང་དང་། ཐམས་ཅད་དང་ལྡན་པའི་འཁོར་འདི་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས་ཀྱེ་མའོ།། ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར ་ཤེས་པའི་ཡེ་ཤེས་ཀྱི་སྟོབས་འདི་བསམ་གྱིས་མི་ཁྱབ་སྟེ། འདི་ལྟར་ཐག་རིང་པོ་དེ་སྲིད་ན་མཆིས་ཀྱང་མིག་གིས་གཟུགས་མཐོང་བ་ལ་སྒྲིབ་པ་མ་མཆིས་ཤིང་། རྣ་བས་སྒྲ་ཐོས་པ་ལ་སྒྲིབ་པ་མ ་མཆིས་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་སམ་གྱིས་མི་ཁྱབ་པ་འདི་ཐོས་ནས། སུ་ཞིག་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། གནས་བརྟན་ཤཱ་རིའི་བུས་བསྟན་པ་འདི་བཤད་པའི་ཚེ། ལྷའི་བུ་ཉི་ཁྲི་བ་ནི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་ཀུན་ནས་བསྐོར་ཏེ། མདུན་དུ་བདར་ནས་ལྷན་ཅིག་ཏུ ་བཅོམ་ལྡན་འདས་རྒྱ་མཚོའི་མཆོག་མངར་བའི་བློས་རྣམ་པར་འཕགས་པའི་མངོན་པར་མཁྱེན་པའི་དེ་བཞིན་གཤེགས་པ་དེ་ལ་གསོལ་ནས། བཅོམ་ལྡན་འདས་དེས་གནང་སྟེ། སངས་རྒྱས་རྣམ ་པར་རོལ་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་དང་སེམས་ཅིག་གིས་ཐོབ་པའི་དྲན་པས་མིག་བྱེ་བ་ཙམ་གྱིས་འཇིག་རྟེན་གྱི་ཁམས ་ཡོན་ཏན་རིན་པོ་ཆེའི་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་དེ་ནས་མི་སྣང་བར་གྱུར་ནས། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁམས་ཀྱི ་གཞི་ལས་ཐལ་ནས། ཤིང་རྟ་ལ་སྲིད་དུ་མངོན་པར་འཕགས་ཏེ། པདྨའི་སྙིང་པོ་ལ་འདུག་པར་ཀུན་ཏུ་སྣང་ངོ་།། དེ་ལས་གཞན་པའི་པདྨའི་སྲིང་པོ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་བོ་དེ་དག་འཁོད་པར་ཀུན་ཏུ་སྣང་།། འོག་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་དག་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་གྲངས་མེད་དཔག་ཏུ་མེད་པ་དག་ཆེས ་ཉན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོའི་ཕྱི་བཞིན་དུ་འབྲང་བར་གྱུར་ཏེ།། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨ་ལ་འཁོད་པ་དག་གིས། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཤིན་ཏུ་རྒྱས་པས་མཛེས་ཏེ། ལྷམ་མེ། ལྷན་ནེ། ལྷང་ངའོ།། དེ་ན་ཐམས་ཅད ་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ཏེ། དགའ་བ་དང་། དད་པ་དང་། རབ་ཏུ་དགའ་བ་ཐོབ་ནས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཕྱག་འཚལ་ཏོ།། དེ་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་ན་ཡོད་པའི་མེ་ཏོག་མྱ་ངན་མེད་ཅིང་ཡིད་དུ་འོང་བ་མཐོང་། ་ན་དགའ་བ་ཞེས་བྱ་བ་མངབ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྡན་པ། ཚང་རྒྱང་གྲགས་ཀྱི་ཁྱོན་ཙམ་ཡོད་པ། དེ་བཞིན་གཤེགས་པ་ལ་མཆོག་པར་འོང་བ། བྱང་ཆུབ་སེམས་དཔའ ་བསམ་པས་རྣམ་པར་དག་པ་སྔོན་གྱི་དགེ་བའི་རྩ་བས་ཡོངསུ་སྦྱངས་པ་རྣམ་པར་བཀྲ་བ། མིག་ཏུ་སྡུག་པ་འཁོར་ཐམས་ཅད་ཚིམ་པར་བྱེད་པ་ཀུན་ནས་འོད་དང་ལྡན་པ། ཀུན་ནས་ཤིན་ཏུ་ཡིད ་དུ་འོང་བའི་དྲི་དང་ལྡན་པའི་མེ་ཏོག་དེ་འདྲ་བ་དག། མཆོད་པའི་ལས་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མེ་ཏོག་གི་ཆར་ཆེན་པོ་མངོན་པར་ཕབ་སྟེ། མེ་ཏོག་གི་ཆར་ངེས་རིན་པོ་ཆེ ་བཀོད་པའི་འཁོར་གྱི་ཁྱམ་སུ། མི་བདུན་གྱི་པང་རྩམ་གྱི་མེ་ཏོག་དགྲམ་པ་དཀྲམ་པར་གྱུར་ཏོ།། རབ་ཏུ་དབེན་པ་འི་བསམ་གཏན་གྱི་ཟས་ཤེས་བྱ་བའི་སིལ་སྙན་ཡང ་བསྒྲགས་ཏེ། སིལ་སྙན་གྱི་སྒྲ་དེས་ཐམས་ཅད་དང་ལྡན་པའི་འཁོར་དེ་བསམ་གཏན་ལ་སྙོམས་པར་ཞུགས་པ་བཞིན་དུ་བདག་བདེ་བས་ཚིམ་པར་ཤེསོ།། དེ་ནས་བྱང་ཆུབ ་སེམས་དཔའ་སེམས་དཔའི་ཆེན་པོ་བློ་གྲོས་རྒྱ་མཚོས་བཅོམ་ལྡན་འདས་ལ་མཆོད་པ་འདི་ལྟ་བུར་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏུ་འདུག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱ་མཚོས་མཆོག་མངའ ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པ། བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་། བདེ་བར་རེག་པ་ལ ་གནས་སམ་ཞེས་སྙུན་གསེལེ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་། བཅོམ་ལྡན་འདས་ཀྱི་ནབས་ལ་མགོ་བོས་ཕྱག་འཚལ ་ཏེ། ལན་བདུན་བསྐོར་བ་བྱས་ནས་སླར་རང་རང་གི་སྟན་ལ་འཁོད་དོ།། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ་ཞེས་བྱ་བ། མྱ་ངན་མེད་པའི་གླང་བདེ་བ་ཆེན་པ ་ན་གནས་པ། ཚངས་པའི་འཇིག་རྟེན་ནི་འདུག་པས། སྟོང་གསུམ་གྱི་སྦོམ་པོའི་འཇིག་རྟེན་གྱི་ཁམས་ཆུས་ཡོངསུ་གང་བའི་རྒྱ་མཚོ་གཅིག་ལྟ་བུ་ཡོང་མཐོང་། པདྨ་རྣམས་པར་བཀྲ་བ ་བལྟ་ན་སྡུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་བྲག་སྟོང་མངོན་བར་བྱུང་བ་ཡང་མཐོང་། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་བྱང་ཆུབ་སེམས་དཔས་གང་ཡང་མཐོང་སྟེ། མཐོང་ནས་ཀྱང་དེ་འདི ་སྙམ་དུ་སེམས་ཏེ། སྲེག་པའི་བསྐལ་པ་ནི་མ་བྱུང་ན།། ཆུས་འཇིག་པ་འདི་བྱུང་སྟེ། འདི་ལྟ་བུའི་ཆོ་འཕྲུལ་འདི་དག་ཀུན་ཏུ་སྣང་བ་འདི་ལ་རྒྱུ་ཅི་ཡོད། བཅོམ་ལྡན་འདས་ཀྱི་ཐད་དུ ་སོང་སྟེ། བཅོམ་ལྡན་འདས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཆེན་པོ་འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས་ཞེས་ཞུའོ་སྙམོ།། དེ་ནས་ཚངས་པ་སྙིང་རྗེ་ཆེན་པོ་སེམས ་བར་ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱིས་ཡོངསུ་བསྐོར་ཏེ། མདུན་དུ་བདར་ནས་ལྷན་ཅིག་ཏུ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམསུ ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྟེང་གི་བར་སྣང་ལ་འདུག་སྟེ། ལུས་གཏུད་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་སྙིང་རྗེ་ཆེན ་བོ་སེམས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ཅི་ལགས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆབ་ཀྱིས་ཡོངསུ་བལྟབ་པའི་རྒྱ་མཚོ་གཅིག་ལྟ་བུར ་ཀུན་ཏུ་གདའ་བ་དང་། བདྨ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བྲག་འདི་སྙེད་ཅིག་བྱུང་བ་འདི་དང་། དེ་དག་ལ་ཡང་སྐྱེས་བུ་དམ་པ་དག་མཆིས་པ་འདི་ལྟ་བུ་ཀུན་ཏུ་གངའ་ཡང་། བཅོམ་ལྡན་འདས་སྟོང ་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལ་ཡང་སྒྲིབ་པ་མ་མཆིས་པར་ཀུན་ཏུ ་གངར་བ་དང་། ལ་མྦུ་རི་གླིང་རྣམས་དང་། གླི་ཞི་བ་ཆེན་པོ་རྣམས་དང་། རྒྱ་མཚོ་རྣམས་དང་། རི་རབ་རྣམ་ས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལ་ཡང ་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་སྒྲིབ་པ་ཅི་ཡང་མ། མཆིས་པར་དེ་ཁོ་ན་བཞིན་དུ་ཀུན་ཏུ་གངའ་བ་དེ་ལ། བཅོམ་ལྡན་འདས་འདི་སུའི་བྱིན་གྱི་རླབས་ཀྱིས་གྱུར་སྙམ་དུ་བདག་ངོ་མཚར ་ཆེར་གྱུར་ན། འདི་སུའི་སྔ་ལྟས་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་འདི་ནི ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱ་མཚོ་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཡོན་ཏན ་རིན་པོ་མདྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ ་ལས་འདས་པ་དག་དང་ལྷན་ཅིག་ཏུང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ལས་གཏམ་གྱི ་རྒྱུད་འགའ་ཞིག་ཡོངསུ་དྲི་བའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོང་བ་ཡིན་ཏེ། གང་སྟོང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྐུས་ཡོངསུ་གང་བར་ཀུན་ཏུ་སྣང་བ་འདི་ལྟ ་བུ་འདི་ནི་དེའི་རྣམ་པར་སྤྲུལ་པའི་བྱིན་གྱི་རླབ་སོ།། གསོལ་པ། བཅོམ་ལྡན་འདས་དདུང་ཡང་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འཆང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཚངས་པ་དེ་བཞིན་གཤེགས་པའི་སྤོབས་པ་ལ་ནིཙྪ། ངན་ཆད་པ་ཅུང་ཟད་ཀྱང་མེད། གང་གི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཅང་མི་གསུང་བར་གྱུར་པ་མཐོང་བ་དེའི་ཆེན ་ཡང་ང་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་རྣམ་པ་ར་ངེས་པའི་གཏམ་ཡང་དག་པར་རབ་ཏུ་སྟོན་ཏེ། ཚངས་པ ་སངས་རྒྱས་ཀྱི་ཡུལ་ནི་དེ་ལྟར་བསམ་གྱིས་མི་ཁྱའོ།། གསོལ་པ། བཅོམ་ལྡན་འདས་གང་འདི་ལྟ་བུ་འདི་རྣམ་པར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བགྱི ་བདེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཁྱོད་ཀྱིས་པདྨ་དཔག་ཚད་བཅུའི་ཁྱོན་ཙམ་ཡིད་པ་དེའི་དཀྱིལ་ན་པདྨའི་སྙིང་པོ་ལ། རིན་པོ་ཆེ་བཀོད་པའི་སངྒའི་ཁྲི་འཕང ་དུ་ཤིང་རྟ་ལ་བདུན་ཙམ་པ། སྲོག་ཆགས་བྱེ་བ་ཕྲག་མང་པོས་ཕྱག་བྱས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ ་ཁྱོད་ཀྱིས་སེ་བློ་ཁྲི་དེ་ལ་བྱང་ཆུབ་སེམས་དཔའ་ལུས་གསེར་གྱི་ཁ་དོག་ཏུ་འདུས་པ་ལུས་མཚན་པེ་བྱེད་བཟང་པོས་ལེགས་པར་བརྒྱད་པ་འདུག་སྟེ། གང་དེ་བཞིན་གཤེགས་པའི་སྐུམ་གཏོགས ་བར་གཞན་བྱང་ཆུབ་སེམས་དཔའ་ལུས་ཟིལ་ཀྱིས་མནན་ནས་འདུག་པ། བྱང་ཆུབ་སེམས་དཔའ་མང་པོས་ཕྱག་བྱས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་འདི་ནི་བྱང་ཆུབ་སེམས་དཔོར་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཆི་ཞེས་བྱ་བ་སྟེ། འདི་པའི་རྣམ་པར་སྤྲུལ་པའོ།། དེ་ནས་ཚངས་པསྙིད་རྣ་ཆེན་པོ་སེ ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་ཕྱག་བྱས་ནག། ཚིག་འདི་སྐད་ཅེས་སྨྲསོ།། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱང་རྫུ་འཕྲུལ་གྱི་ཆོ་འཕྲུལ ་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག། གང་དག་བྱང་ཆུབསེམས་དཔའ་བློ་གྲོས་རྒྱ་མཚོའི་མིང་ཐོབ་པའི་སེམས་ཅན། དེ་དག་ནི་རྙེད་པ་ལེགས་པར་རྙེད་པ་ལགས།། བཅོམ་ལྡན ་འདས་བདག་གིས་ཀྱང་སྐྱེས་བུ་དམ་པ་འདིའི་མིང་ཐོས་ཤིང་གཟུགས་ཀྱི་ལུས་ཀྱང་མཐོང་བས་བདག་གིས་ཀྱང་རྙེད་པ་ལེགས་པར་རྙེདོ།། བཅོམ་ལྡན་འདས་འདུས་པ་ཆེན་པོའི་ལེའུའི ་ཆོས་ཀྱི་རྣམ་གྲངས་འདི་ཡུན་ཇི་སྲིད་ཅིག་ཏུ་འཆད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཇི་སྲིད་དུ་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་གནས་པ་དང་། དེ ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་ནས་ཀྱང་། བྱང་ཆུབ་སེམས་དཔའ་འདི་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། ཡང་དག་པར་རབ་ཏུ་སྟོན་པ་དང་། རྒྱས ་པར་བྱེད་ཀྱི་བར་དུའོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འདས་པ་དང་། མ་འོངས་པ་དང་། དལྟར་བྱུང་བའི་སངས་རྒྱས་བཅྡོཾས་རྣམས་ཀྱི་བྱང་ཆུབ་ནི་དི་ནང་དུ་དུས་པའི ་ཕྱིར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་འཁོར་ཐམས་ཅད་རྒྱ་ཆེར་ཡང་དག་པར་རབ་ཏུ་དགའ་བར་བྱ་བ་དང་། ཚངས་པ་སྙིང་རྗེ་ཆེན་པོ་སེམས་པའི་སེམས ་དང་འཐུན་པར་བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་བརྒྱན་པར་བྱ་བ་དང་། བདག་ཉིད་ཀྱི་ཤེས་རབ་དང་། སྤོབས་པའི་སྟོབས་ཉེ་བར་བསྟན་པའི་ཕྱིར་པདྨ་དང་ལྷན་ཅིག། སེང་གེའི་ཁྲི་དང་ལྷན་ཅིག། ་ཥྱ་སྟེང་གི་བར་སྣང་ལ་ཤིང་ཏ་ལ་བདུན་སྲིད་ཙམ་ན་འདུག་སྟེ། དེའི་ཚེ་ཚིག་སུ་བཅད་པ་འདི་དག་སྨྲསོ།། ཁྲག་ཁྲིག་སངས་རྒྱས་ཀྱི་ཞིང་རྡུལ་སྙེད་ཀྱི་ནིང་རྣམས་འདས་པའི་འོག་ལོགས་ན། རྫོགས་པའི ་བྱང་ཆུབ་སེམས་དཔའི་གནས་ཤིང་ཡོན་ཏན་ཀུན་ལྡན་རབ་མ།། ཛེས་པ། དེ་ན་འདྲེན་པ་བརྟན་རྒྱ་མཚོའི་བློ་ཐུགས་མཚུངས་པ་མེད། དེབཞུགས་ཏེ། དེར་ནི་བདག་གིས་ཐུབ་པའི་ཆོས་ཐོས ་གྱུར་ཏེ་ཐོས་ནས་དེ་བཞིན་བཟུང་།། བདག་ནི་སྟོབས་བཅུ་ལྡན་ལ་བལྟ་བར་བགྱི་དང་དེ་བཞིན་ཕྱག་བགྱི་དང་།། བྱང་ཆུབ་སེམས་དཔའ་ཁྱུ་མཆོག་འདི་རྣམས་ཕན་ཚུན་དྲི་སླད་འདིར ་མཆིས་ཏེ།། སྐྱོབ་ལ་ཕྱག་བགྱི་བས་ནི་ཆོས་རྒྱལ་མཚུངས་མེད་ཁྱོད་ལ་འདིར་ཕྱག་འཚལ།། སངས་རྒྱས་མཆོད་པ་གང་ལགས་རྒྱ་ཆེན་ཤིན་ཏུ་རྒྱས་པས་མཆོད་པ་འཚལ། གང་གི ་གཟུགས་ལ་གཟུགསུ་མི་རྟོག་ཚོར་བ་འདུས་བགྱིས་མ་ལགས་ཤིང་།། རྣམ་པར་ཤེས་པའང་ཚོར་གསུམ་བཞིན་དུ་རྟག་པར་ཤིན་ཏུ་རྣམ་དག་ཏེ།། གང་ཞིག་འདྲེན་ལ་མཚན་དུ་མ་ལགས་སྐྱེ ་དང་རིག་སུ་མ་ལགས་རྟོགས།། མིག་ལྡན་དེས་ནི་ཆོས་ཀྱི་རྒྱལ་པོ་དྲི་མེད་ཡང་དགེ་བར་དོན་ཏུ་མཐོང་།། བདག་གམ་བདག་མེད་ཅེས་བྱའི་མཐའ་དེ་གཉི་དས་དོར་ཏེ།། ནང་དུ་གྱུར་པ་ཞི་ནིང ་ཐུགས་ཀྱང་ཞི་སྟེ་ཕྱི་རོལ་རྒྱུ་མི་མངའ།། མི་རྟོག་རྣམ་མི་རྟག་ཅིང་རྟག་བྲལ་ཐུབ་པའི་ཐུགས་ནི་རྣམ་པའ་འདྲ།། དེས་ནི་ཕྱོགས་བཅུའི་བདེ་གཤེགས་ཆོས་ཀྱི་རྒྱལ་མཚན་གསལ ་མཛད་རྣམས་ལ་མཆོད།། གང་བློ་སྦྱིན་པ་རྣམས་ལ་འདི་ནི་སྒྱུ་མ་ལེན་པ་སྟོང་པ་ཉིད།། གཡོ་བ་མེད་པའི་ཡིད་ཀྱིས་ནོར་རྣམས་དེ་དག་རིག་པ་མེད་པར་གཏོང་།། བྱང་ཆུབ་དོན་ཏུ་ངེས ་ཀྱི་ལྟ་བར་ངེས་མིན་སྤྲོས་ལ་གནས་མ་ཡིན།། གང་བློ་སེམས་ཅན་ཉེས་པལང་ཀྱི་པོ་འབྱིན་བདག་སེར་སྣ་མེད།། དེ་ད་ནི་རབ་ཏུ་ཞི་བས་ཞི་སྟེ་ངག་མེད་ལུས་གདུང་མེད།། གདུང ་བ་མེད་པས་བཅིང་བ་རྒྱ་ཆེན་བྲལ་ཏེ་ངེས་པ་དབང་པོ་ནི། བདག་མེད་ཐེག་པར་གནས་ནས་བྱང་ཆུབ་དམིགས་པ་མེད་ཅིང་ད་མི་འདོར།། ཁྲིམས་གནས་བློ་ལྡན་ཁྲིམས་འཆལ ་ཐར་བྱེད་འདོད་པ་ཚུལ་ཁྲིམས་དྲི་མ་མེད།། ཆོས་རྣམས་སྐད་ཅིག་པར་ནི་རྟོགས་པ་ཤེས་བྱ་རྣམས་ལ་སྨྲས་པ་མེད།། ན་མཁའ་མཚུངས་པའི་ཡིད་ཀྱིས་འགྲོ་བ་འདི་དག་སྒྱུ་མ་ཇི་བཞིན ་མཐོང་།། གང་ཞིག་ལུས་ནི་དུམ་བུ་དུམ་བུར་བཅད་ཀྱང་ཡིད་ནི་ཁྲོ་མི་འགྱུར།། གང་ཞིག་བྱང་ཆུབ་བརྟུལ་ཞུགས་གནས་པའི་བློ་ལྡན་མཁས་ཏེ་བཟོད་པ་སྨྲ།། གང་ཞིག་ཆོས་རྣམས་ཆུ་ཟླ་ཆུ་བུར ་མཉམ་ནིང་སྐུམ་སྒེག་རྩུ་འདྲ།། རྟོགས་ནས་མ་ཚོན་སྲོག་མ་མིན་ན་ཤེས་བུ་ལྡན་པ་མ་ཡིན་མང་།། བྱང་ཆུབ་དང་ནི་སེམས་ཅན་ཆགས་མི་མིགས་ཀྱང་བྱང་ཆུབ་གཞན་ངན་བརྩོན།། ནུལ ་དི་གང་ཞིག་གྲག་པ་མེད་པ་དེན་བརྩོན་འགྲུས་པ་སར་བྱིན།། གང་གསེནས་ནི་ཡུལ་ལ་ཆགས་པ་མེད་ཅིང་ཚོ་ཆོས་མང་མདལ།། སེམས་ཅན་གན་གྱི་མས ་སྤྱོད་པ་དུས་གསུམ་གྱུར་པ་འང་ཤེས་པ་དང་།། གང་སེམས་སྤྱོད་པར་གྱུར་པ་གང་ཡིན་དེ་ཡི་འདུད་ཀྱིས་མི་ཤེས་པ།། ཕ་རོལ་བྱིན་ཐོབ་བསམ་གཏན་དང་ནི་མངོན་པར་ཤེས་ལ་བློ་གྲོས་གནས།། གང ་ཞིག་སངས་རྒྱས་རྣམས་ཀྱི་གསུང་ཀུན་ཉན་ཅིང་དེ་བཞིན་འཛིན་བྱེད་པ།། བསྐལ་པ་དཔག་ཏུ་མེད་པར་སྨྲས་ཀྱང་སླེབས་པ་རྒྱུན་ཆད་མི་འགྱུར་ཏེ།། སངས་རྒྱས་ཆོས་རྟོགས་སེམས་ཅན ་མི་ལྟུང་དེ་ནི་གང་དུའང་གནས་མེད་པ།། བཅོམ་ལྡན་ཐུབ་ཉིད་མཁྱེན་གཏེར་ཤེས་རབ་ལྡན་ཞིང་འཇིག་རྟེན་གསུམ་ངན་དཔའ།། གང་ཞིག་ཕ་རོལ་ཕྱིན་པའི་ཕ་རོལ་གཤེགས་མིན་མ ་གཤེགས་མིན།། གང་ཞིག་སེམས་ཅན་སྤྱོད་པ་འི་མཐར་བྱིན་མི་གནས་གཡོ་བ་མི་མངའ་ཞིང་།། ཡོན་ཏན་ཀུན་མཐར་གང་བྱིན་ཡོན་ཏན་རྣམས་རློམ་སེམས་མི་མངའ་བ། ་ཐུབ་པའི་དབང་བ་ཤཱཀྱས་ངས་རྒྱས་ཁྱུམཆོག་དེ་ལ་མགེ་བས་དྲུག། འདི་ཟེར་ནམ་ངག་གིམས་སྲིན་བུམ་ཁྱེར་འང་རྣམས་ཟིལ་གྱིས་མནན།། མྱེ་ལྕེ་རྩེ་མངོན་པརྣལ་མམའི་མ་འོསས་ལ་ཇི་རྙེད་པ ་ཇི་སྲེག་རིམ་ཆོག་བ་གྱིས་ནི་ས་འི་མད་པའི་ན་རྣཾལ་དུ་མནན།། ཤཱ་ཁྲུམཆག་སྡུ་རྗེས་འཇིག་རྟེན་གསུམ་གྱི་འང་གའན་པལ་དུ་ག། ཞིང་བརྒྱ་བནམ་ལྤག་པ་བྱ ་སེམས་དཔའ་རྒྱམ་ཆག་ཕྲེང་བ།། དེ་དག་ག་ཅིས་ཀྱི་ཀྱིམཆེ་ག་ང་གཔ་ཆུང་བྱིན་ཚིམ་པར་གྱུར།། གང་དག་བླམ་ལ་མའི་ལྟར་དས་པ་འི་སྟེང་གྱིས་འཛིན་པ་མམ། ་གང་ནས་མ་འོངས་རང་གི་ཞིང་ཉིད་ན་ནི་འདུག་པར་ཤེས།། ཇི་ལྟར་གང་གིས་རང་རིག་དེ་ལྟར་ཁྱོད་ཀྱི་གཟུང་ནི་ཤིན་ཏུ་འཇུག། སྲིད་པ་གསུམ་ན་སྐད་རྣམས་ཇི་སྙེད་ཅི་མཆིས་དེ་དང་འཐུན་པར་འཇུག། ་རྡུལ་གྱི་རྡུལ་དང་མི་རྣམས་ཀྱི་ནི་སེམས་ཀྱི་བསམ་པ་བགྲང་ནུས་སྲིད།། ཐུབ་པའི་གསུང་དབྱངས་ཚད་མེད་ན་མཁའ་འདྲ་འདི་བགྲང་བར་ནུས་མ་ལགས།། ནམཁའི་མཐའ་དང་མི་རྣམས་ཀྱི་ནི་མཐའ་མ ་བགྲང་བར་མི་ནུས་ཏེ།། འཁོར་བའི་སྔོན་གྱི་མཐའ་མ་ཉིད་ནི་རྣམ་པ་ཀུན་ཏུ་བགྲང་མི་ནུས།། ནམཁའི་མཐའ་དང་འཁོར་བའི་མཐའ་ནི་མི་ཡིས་བགྲང་བར་ནུས་ཀྱང་སྲིད།། སངས་རྒྱས ་མཁྱེན་དང་ཏི་ངེ་འཛིན་ཚུལ་ཁྲིམས་ཡུན་ནི་གང་དུའང་ཤེས་མི་ནུས།། གཞལ་ཡས་བསྐལ་པར་གང་གི་བསྔགས་པ་བརྗོད་པར་སླ་བ་མ་ལགས་པ།། ཁྱུ་མཆོག་དཔག་ཚད་ཆོས་ཀྱི་དབང་ཕྱུག ་འདྲེན་པ་ཁྱོད་ལ་ཕྱག་འཚལོ།། སྐྱེ་བོ་གང་གཤེས་དང་མོས་པས་སངས་རྒྱས་ཆེ་བ་རྗེས་རྟོགས་པ།། དེ། ངག་གིས་ནི་བློ་གྲོས་བསམ་ཡས་རྨད་བྱུང་ཀུན་ལྷག་འདྲེན་པ ་མཐོང་།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་ད་བའ་ཆེན་བ་ཟླ་གྲོས་རྒྱ་མཚོས་ཚིག་སུ་བཅད་པ་འདི་དག་སྨྲས་ནས། པར་སྣང་དེ་ལས་བབས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོག ་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ནུས་ནས་ནུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེན། བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ལ་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཆོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་ལ་ཅི་དང་ཅི་འདོད་པ་འདྲིས་ཤིག་དང་། དྲིས་པ་དེ་དང་དེ་ངས་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་འཛིན་ཤིན་ཏུ་དཀར་བ་དྲི་མ་མེད ་བའི་ཕྱག་རྒྱ་ཞེས་བགྱི་བ་མཆིས་ཏེ། ཏིང་འཛིན་དེ་ལ་རབ་ཏུ་གནས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བདག་གིས་ཐོས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤིན་ཏུ་དགར་བདྲི་མ་མེད་པའི་ཕྱག་རྒྱར་ཏིང་འཛིན་ཇི་ལྟར ་བ་དང་ཅིའི་སླད་དུ་ཤིན་ཏུ་དཀར་བ་དྲི་མ་མེད་པ་ཞེས་འགྱི་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་ལེགས་པར་བཤད་དུ་གསོལ། ཏིང་འཛིན་དེ་ལ་འཇུག་པའི་སྒོར་འཇུག་པ་གང་ཐོས ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཏི་ངེ་འཛིན་འདི་འཐོབ་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ། བཅོམ ་ལྡན་འས་དེ་བཞིན་གཤེགས་པས་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གཟིལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་བ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པ་བློ་གྲོས་རྒྱ་མཆར ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐྱེས་བུ་དམ་པ་ལེག་སོ་ལག་སོ།། ཀྱེ་མ་དྲི་བ་འདི་བཟང་ཞིང་དཔྱོད་པ་དེ་ཚུལ་བཞིན་ཡིན་ཏེ། དེའི་ཕྱིར་རིགས་ཀྱི་བུ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་རུང་ཤིག་དང་། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་སྒོ་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་འཛིན་འདི་ཇི་ལྟར་འཐོབ་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་རྫོག་པ་ལ་ང་རྒྱ་བར་འགྱུར་བ་ངས་བཤད་པར་བྱའོ།། བཅོམ་ལྡན་འདས་ལེག་སོ་ཞེས་གསོལ་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ། བཅོམ་ལྡན་འདས་ཀྱི་ལྟར་མཉམ ་བ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་རྒྱ་མཚོས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བས་བརྟན་པ་ཡིན་ཏེ། དག ་བའི་བསམ་པ་དང་ལྡན་པ། ངེས་པའི་ཕུང་པོ་ལ་རབ་ཏུ་གནས་པ། ཚོགས་བསགས་པ། དབང་པོ་རྣོ་བ། དགེ་བའི་བཤེས་གཉེན་གྱིས་ཡོངསུ་ཟིན་པ། སངས་རྒྱས ་ཀྱི་བྱིན་གྱིས་བརླབས་པ། རྒྱུའི་སྟོབས་ཅན་ཡིན་ཏེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད། སྟི་སྟང་དུ་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད།། སོངས ་རྒྱས་བཅོམ་ལྡན་འདས་དེ་དག་གི་གཟུགས་ཕུན་སུམ་ཚོགས་པ་མཐོང་ཞིང་། གསུང་སྙན་པ་ཐོས་ཏེ། འཁོར་ཕུན་སུམ་ཚོགས་པ་ཡང་མཐོང་ཞིང་། ཆགས་པ་མེད་པའི་མཁྱེན་པ་ཡང ་ཐོས་ལ། རྫུ་འཕྲུལ་གྱི་ཆོ་འཕྲུལ་འམ། ཀུན་བརྗོད་པའི་ཆོ་འཕྲུལ་ལམ། རྗེསུ་བསྟན་པའི་ཆོ་འཕྲུལ་གྱིས་སེམས་ཅན་འདུལ་བ་མཛད་པ་ཡང་མཐོང་ནས། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན ་བ་སྐྱེས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བརྩོན་འགྲུས་བརྩམས་པ་ཡིན་ཏེ། དགེ་བའི་ཆོས་མེད་སུ་ཚོལ་བ་ལ་བཅན་འང་བམས ་ཅད་མཁྱེན་པའི་སེམས་བརྗེད་པ་མེད་པས། སེམས་ཡོངསུ་དག་པ་ལ་རྣལ་འབྱོར་དུ་བྱེད།། དེ་སེམས་ཡོངསུ་དག་པས་ཏི་ངེ་འཛིན་ཡོངསུ་དག་པ་རབ་ཏུ་འཐོབ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། ་དཔེར་ན། རིགས་འཕགས་པའི་ནོར་བུ་རིན་པོ་ཆེ་ནོར་བུ་མཁན་མཁས་པའི་ལག་ཏུ་སེན་པ། ཇི་ཙམ་ན་ཡོངསུ་དག་པ་དང་། ཤིན་ཏུ་དཀར་བ་དང་། མཐིང་བུ་དང་བྲལ་བ་དང་། སྐྱོན་མེད་པར ་གྱུར་པ་དེ་སྲིད་དུ་ཡོངསུ་སྦྱངས་ན། སྐྱེས་བུ་མཐ་བ་ནིར་བུ་རིན་པོ་ཆེ་ལ་མཁས་པ་རྣམས་འདུ་བར་འགྱུརརོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རིགས་འཕགས་པས་ཐམས་ཅད ་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་བསྐྱེད་ནས། བླ་ན་མེད། པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོག། ས་པར་འཚང་རྒྱ་བར་འགྱུར་ཏེ། ཇི་ཙམ་ན་མཐིང་བུ་དང་བྲལ་ནས# ་བར་འགྱུར་བ་དེ་སྲིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དགེ་བའི་རྩ་བ་ཡོངསུ་སྦྱངས་པ་བྱ་བ་དང་། ཐོས་པ་ལ་མཁས་པ་ཡོངསུ་སྦྱངས་པ་བྱ་བས། ཐམས་ཅད་མཁྱེན་པའི་སེམས ་བསྐྱེད་པ་རིན་པོ་ཆེད་ཡོངསུ་སྦྱངས་ན། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་འདུ་འདི། ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་འཛིན་འདི་ཡང་འཐོབ།། བློ་གྲོས་རྒྱ ་མཆི་འདི་ལྟ་སྟེ་དཔེར་ན། རིགས་འཕགས་པའི་ནོར་བུ་རིན་པ་ཆེད་ནི། རིན་པ་ཆེའི་རིགས་དགུ་ལས་ཤིན་ཏུ་འདས་པར་འཐུང་སྟེ། དགུ་གང་ཞེན། འདི་ལྟ་སྟེ། གསེར་གྱི་རིགས་དང་། དངུལ ་གྱི་རིགས་དང་། དདམ་ག་རིགས་དང་། ཤེལ་གྱི་རིགས་དང་། བཻཌཱུརྱ་ནི་དང་། དྲུགཆགས་དང་། མུ་ཏིག་དམར་པར་རིགས་དང་། ཤེས་པར་ཆགས་དང་། དཔལ་གྱི་སྣང་བ་ཚིགས ་ཏེ། ནོར་བུ་རིན་པོ་ཆེའི་རིགས་དགུ་པོ་འདི་དག་ལས་ཤིན་ཏུ་འདས་ནས། དྲི་མ་མེད་ཅིང་རྣམ་པར་དག་པའི་འོད་ཅེས་བྱ་བའི་ནོར་བུ་རིན་པོ་ཆེ་ཆེན་པོའི་རིགས་དེ་ལས་དེ་རིན་ཐང་མེད་པའི་ནོར་བུ་རིན་པ ་ཆེར་འགྱུར་ཏེ། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡོངསུ་སྤྱད་པར་འགྱུར་གྱི། དེ་མ་ཡིན་པ་སེམས་ཅན་ཕལ་པ་གཞན་རྣམས་ཀྱི་ནི་མ་ཡིན་ཏེ། ནོར་བུ་རིན་པོ་ཆེ་དེའི་འོད་གང་ཡིན་པ་དེས་ནི། ་དེ་མ་ཡིན་པའི་ནོར་བུ་རིན་པོ་ཆེ་གཞན་རྣམས་ཀྱི་འོད་མོག་འདོ།། བྱེད།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ཐམས་ཅད་མཁྱེན། པར་སེམས་བསྐྱེད་པའི་རིན་པོ་ཆེ་ཡང་རིན་པོ་ཆེའི་རིགས་དགུ་ལས ་ཤིན་ཏུ་འདས་པར་འབྱུང་སྟེ། དགུ་གང་ཞེན། འདི་ལྟ་སྟེ། སོ་སོའི་སྐྱེ་བོའི་དགེ་པ་རིན་པོ་ཆེའི་རིགས་དང་། དད་པའི་རྗེསུ་འབྲང་བའི་རིན་པོ་ཆེའི་རིགས་དང་། ཆོས་ཀྱི་རྗེསུ་འབྲང ་བ་རིན་པོ་ཆེའི་རིགས་དང་། མཚན་མ་མེད་པ་ལ་གནས་པ་རིན་པོ་ཆེའི་རིགས་དང་། རྒྱུན་ཏུ་ཞུགས་པ་རིན་པོ་ཆེའི་དང་། ལན་ཅིག་ཕྱིར་འོང་བ་རིན་པོ་ཆེའི་རིགས་དང་། ཕྱིར་མི་འོང་བ་རིམ ་པོ་ཆེའི་རིགས་དང་། གྲ་ས་པ་རི་རྗེའི་རིགས་དང་། རངས་རྒྱས་རིནཔོ་ཆེའི་རིགས་དང་། རིན་པོ་ཆེའི་རིགས་དགུ་པོ་འདི་དག་ལས་ཤིན་ཏུ་འདས་ནས། བཅུ་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་ལྷག་པའི ་བསམ་པ་སྙིང་རྗེ་ཆེན་པོའི་རིན་པོ་ཆེའི་རིགས་ལས་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་འབྱུང་སྟེ། དེ་ཡོངས་སྦྱངས་ན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན ་ཅིང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་རྣམས་ལ་ཡང་སྣང་བར་བྱེད།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། རིན་པོ་ཆེ་ཆེན་པོ་དེ་གང་གི་ཚེ་སྦྱངས་པ་བཟོད་ཅིང་གནོད ་པ་བཟོད་པ་ལ་ཕུགས་ནས་ཀྱང་ཉེས་པར་མ་གྱུར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་འདི་ལྟར་སེམས་ཅན་བསོད་ནམས་བྱས་པ། དགེ་བའི་རྩ་བ་བསྐྱེད་པ་རྣམས་ལ་ཕན་པ་བྱེད་པར་འགྱུརརོ།། བློ་གྲོས་རྒྱ ་མཚེ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ཡང་གང་གི་ཚེ་སྦྱང་བཟོད་ཅིང་གནོད་པ་བཟོད་ལ། བུས་ནས་ཀྱང་ཉེས་པར་མ་གྱུར་ན། ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན ་པོ་ཆེ་སྐྱོན་ཐམས་ཅད་དང་བྲལ་བ་དེ་འདི་ལྟར་སེམས་ཅན་ཐམས་ཅ་དྲ་ལ་ཕན་པ་བྱེད་པར་འགྱུར་རོ།། བློ་གྲོས་རྒྱ་མཚོ་དེ་ལ་ཐམས་ཅ་ད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་སྦྱང་བ་གང་ཞེ ་ན། འདི་ལྟ་སྟེ། སྡོམ་པ་གསུམ་གྱིས་དགེ་བབཅུའི་ལས་ཀྱི་ལམ་ཡོངསུ་དག་པ་དང་། བྱམས་པའི་རྗེསུ་འཇུག་པསསེམས་ཅན་ཐམས་ཅད་ལ་བྱམས་ཤིང་དང་བ་དང་། ་སྙིང་རྗེའི་རྗེསུ་འཇུག་པས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་སྙམ་པ་ལ་བརྩོན་པ་དང་། དགའ་བའི་རྗེསུ་འཇུག་པས་སེམས་ཅན་ཐམས་ཅད་ཆོས་ལ་སྦྱོར་བ་དང་། བཏང་སྙོམས་ཀྱི་རྗེསུ ་འཇུག་པས་སེམས་ཅན་ཐམས་ཅད་ལ་མི་འཚེ་ཞིང་རྟག་ཏུ་སེམས་དྲང་བ་དང་། གཡོ་དང་སྒྱུ་མེད་པར་ཕན་པའི་དངོས་པོའི་བསམ་པར་གྱུར་པ་དང་། དགེ་བའི་རྩ་བ་ཐམས་ཅད་བརྩམ་པ་ལ ་ལྷག་པའི་བསམ་པ་སྦྱོར་བ་དང་། ཅང་ཤེས་ཀྱི་སེམས་ཀྱིས་དྲན་པ་དང་། ཤེས་བཞིན་དང་ལྡན་པ་དང་། སེམས་ཤིན་ཏུ་དུལ་བས་སེམས་ལ་སུ་རུང་བ་དང་། དགང་སླ་བས་སྦྱངས་པའི། ་ཡོན་ཏན་ཡོ་བྱད་བསྙུངས་པའི་ཆོ་ག་དང་ལྡན་པ་དང་། གྲསོ་སླབས་འཕགས་པའི་རིགས་མཆོག་ཤེས་པ་དང་། བླ་མ་དང་། སྦྱིན་གནས་རྣམས་ལ་འདུད་ཅིང་རབ་ཏུ་འདུད་པ་དང་། ་ང་རྒྱལ་མེད་པས་ཁེངས་པ་དང་། རྩོད་པ་རྣམ་པར་སྤོང་བ་དང་། སེམས་ངེས་པར་སེམས་པས་ང་རྒྱལ་ལས་ཀྱང་ང་རྒྱལ་རྣམ་པར་སྤོང་བ་དང་། རྙོག་པ་མེད་པས་སེམས་གསལ་བ ་དང་། བདག་ལ་མི་སྟོང་པས་བདག་ཤེས་པ་ལ་འཇུག་པ་དང་། གཞན་ལ་མི་སྨོད་པས་སེམས་ཅན་རྗེས་སུ་སྲུང་བ་དང་། སྨན་གྱི་སེམས་ཀྱིས་ཆོས་གུས་པ་དང་། དེའི་དོན་སོ། ་སོར་མྱོང་བས་ཆོས་དོན་ཏུ་གཉེར་བ་དང་། དེ་ལ་གནོལ་འབབ། བབ་པས་ཆོས་འདོད་པ་དང་། ཉོན་མོངས་པ་མེད་པ་ལ་གནས་ཆོས་ལ་དགའ་བ་དང་། ཆོས་མ་ཡིན་པ་རྣམ་པར་སྤོང་བས ་ཆོས་ཡོངསུ་ཚོལ་བ་དང་། རྟག་ཏུ་ངོ་ཚ་ཤེས་པས་དཀོན་མ་ཆོ་ག་གསུམ་ལ་དད་པ་རྒྱུན་མི་འཆད་པ་དང་། ལས་ཀྱི། རྣམ་པར་སྨིན་པ་ལ་ཡིད་ཆེས་པས་མི་དགེ་བ་ཐམས ་ཅད་ཡིད་ལ་མི་བྱེད་པའི་བྱ་བ་ལ་འཇུག་པ་དང་། དྲང་བས་སྤྱོད་ལམ་སྦས་པ་དང་། ཁེངས་པ་མེད་པས་གཉེན་པ་དང་། ཞི་གནས་ཡོངསུ་ཚོལ་བས་རྒོད་པ་དང་། བྲལ་བ་དང་། བློ ་བརྟན་པས་སྙོམས་ལས་མེད་པ་དང་། རབ་ཏུ་མི་གཡོ་བས་སེམས་རི་དང་མཚུངས་པ་དང་། རྗེ་སུ་འཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བས་སེམས་དང་མཚུངས་པ་དང་། བསམ་པ་དག་པས་སེམས ་ཆུ་དང་མཚུངས་པ་དང་། རློམ་སེམས་མེད་པས་སེམས་མེ་དང་མཚུངས་པ་དང་། གནས་མེད་པས་སེམས་རླུང་དང་མཚུངས་པ་དང་། ཤིན་ཏུ་དྲི་མ་མེད་པས་སེམས་ན་མཁའ་དང་མཚུངས་པ་དང་། ་སངས་རྒྱས་ཀྱི་ཚུལ་ཁྲིམས་འཁྲུག་པ་མེད་པའི་ཕྱིར་རབ་ཏུ་འབྱུང་བ་ལ་གནོལ་བ་དང་། ལུས་དབེན་པའི་ཕྱིར་དགོན་པ་ལ་དགའ་བ་དང་། སེམས་དབེན་པའི་ཕྱིར ་ཆོས་ལ་སྤྱོད་པ་དང་། དེ་བྱེད་ཅིང་ཡང་དག་པར་སྒྲུབ་པའི་ཕྱིར་ཚིག་བདེན་པ་དང་། ཁ་འོག་ཏུ་ལུས་འཁྲུས་པར་བྱེད་པའི་ཕྱིར་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། ཉོན་མོངས་པས་མི་རྫི་བའི ་ཕྱིར་སེམས་དཔའ་བ་དང་། ཤིན་ཏུ་ཉམས་པ་མེད་པའི་ཕྱིར་བསླབ་པ་ཡང་དག་པར་འཛིན་པ་དང་། ཁ་ན་མ་ཐོ་བ་བྲ་རབ་ལ་ཡང་འཇིག་པར་ལྟ་བའི་ཕྱིར། ཚུལ་ཁྲིམས་ལྷོད་པ་མེད་པ་དང་། ་སྐྱེ་བར་སྨོན་པ་མེད་པའི་ཕྱིར་ཚུལ་ཁྲིམས་སྐྱོན་མེད་པ་དང་། གཅིག་ཏུ་དཀར་པོ་སྤྱོད་པའི་ཕྱིར་ཚུལ་ཁྲིམས་ཐུན་ཆགས་མ་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་སྦྱང་བའི་ཕྱིར། དགེ་བའི་བཤེས ་གཉེན་ལ་བསྟེན་པ་དང་། མིག་ཡོངསུ་དག་པའི་ཕྱིར་རོ། ད་ཟེར་ཐོགས་པ་མེད་པ་དང་། རྣ་བ་ཡེང་སུ་དག་པའི་ཕྱིར་སྒྲ་ལ་ཐོགས་པ་མེད་པ་དང་། སྣ་ཡོངསུ་དག་པའི་ཕྱིར་དྲི་ལ ་ཐེགས་པ་མེད་པ་དང་། ལྕེ་ཡོངསུ་དག་པའི་ཕྱིར། རེ་ལ་ཐོགས་པ་མེད་པ་དང་། ལུས་ཡོང་སུ་དག་པའི་ཕྱིར། རེག་བྱ་ལ་ཐོགས་པ་མེད་པ་དང་། ཡིད་ཡོངསུ་དག་པའི་ཕྱིར། ཆོས་ལ་ཐོགས ་པ་མེད་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་མི་སྡུག་པ་ཤིན་ཏུ་བསྒོམས་པའི་ཕྱིར་འདོད་ཆགས་ཀྱི་གདུང་བ་དང་བྲལ་བ་ཡིན། ་བྱམས་པ་ཤིན་ཏུ་བསྒོམ་པའི་ཕྱིར། ཞེ་སྡང་གི་གདུང་བ་དང་བྲལ་བ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཤིན་ཏུ་བརྟགས་པའི་ཕྱིར། གཏི་མུག་གདུང་བ་དང་བྲལ་བ་ཡིན། དབང་པོ་རྣམས ་ལ་ཤིན་ཏུ་བརྟག་པའི་ཕྱིར། སྒྲིབ་པ་དང་། བྲལ་བ་ཡིན། སྟོབས་ཡོངསུ་དག་པའི་ཕྱིར་སྒྲིབ་པ་ཡང་དག་པར་བསལ་བ་ཡིན། འབྱུང་བའི་བྱ་བའི་ཁམས་ཡོངསུ་དག་པའི་ཕྱིར། ་ཀུན་ནས་ལྡང་བ་བསལ་བ་ཡིན། ཡང་དག་པར་བསླབ་པའི་ཕྱིར་འདོད་པ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པ་དང་། ང་རྒྱལ་དང་བྲལ་བ་ཡིན། ཆོས་ཀྱི་སྦྱིན་པ་ལ་སེར་སྣ་མེད་པ ་ཡིན་ཟང་ཟིང་གི་སྦྱིན་པ་ལ་ཀུན་ཏུ་འཛིན་པའི་སེམས་མེད་པ་ཡིན། ཐེག་པ་དམན་པ་ལ་འདོད་པ་མེད་པའི་ཕྱིར་བྱང་ཆུབ་ཀྱི་བསམ་པ་ཡིན། དབང་པོ་སྦས་པའི་ཕྱིར་ནང་ཉེ་བར་ཞི་བ་ཡིན། སྐྱོན ་ཤིན་ཏུ་མཐོང་བའི་ཕྱིར་ཕྱི་རོལ་ཉེ་བར་ཞི་བ་ཡིན། སྡིག་པ་ཐམས་ཅད་མི་བྱེད་པའི་ཕྱིར་འཁོར་བས་སྐྲག་པ་ཡིན། དགེ་བའི་རྩ་བ་སོགས་པས་མི་ངོམས་པའི་ཕྱིར་ཡིད་ཡོངསུ་མི་སྐྱེ་བ་ཡིན། ་ཆུ་བོ་བཞི་ལས་བསྒྲལ་བའི་ཕྱིར་ཆོས་ཀྱི་གླུ་ཆེན་པོ་ཡང་། དག་པར་སྦྱར་བ་ཡིན། ཕ་རོལ་ཏུ་འགྲོ་བའི་ཕྱིར་སྟེགས། དང་ཟམ་པ་ཤིན་ཏུ་བཅས་པ་ཡིན། ཐང་ལ་ཤིན་ཏུ ་བཅས་པ་ཡིན། ཐང་ལ་ཤིན་ཏུ་གནས་པའི་ཕྱིར་འདམ་དང་། འོབས་ལས་རྒལ་བ་ཡིན་ཏེ། བློ་གྲོས་རྒྱ་མཚོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ་ཆོས་འདི་ལྟ་བུ ་དེ་དག་གིས་དག་པ་དང་། ཡོངསུ་དག་པ་དང་། སྦྱིན་པ་འཕགས་པ་དང་། ཚུལ་ཁྲིམས་ཡོང་སུ་དག་པ་དེ་ནི་ཐམས་ཅད་མཁྱེན་པར་སེམས་སྐྱེད་པ་རིན་པོ་ཆེ་དེ་སྦྱོང་བའོ།། དེ་ནས་དེའི་ཚེ ་བཅོམ་ལྡན་འདས་ཀྱིས་ཚིག་སུ་བཅད་པ་འདི་དག་གསུངསོ།། ལུས་དང་ངག་རྣམས་དང་ནི་ཡིད་བསྡམས་ཤིང་། རྣམ་པར་དག་པའི་ལས་ལམ་བཅུ་ལ་སློབ།། བྱམས་པས་སེམས ་། ཅན་ཀུན་ལ་ཡང་དག་བལྟ།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། སྙིང་རྗེ་ལྡན་པས་གཞན་གྱི་བྱ་བར་བརྩོན།། དགའ་དང་ལྡན་པས་ཆོས ་ལ་ཕ་རོལ་སྦྱོར།། གཏད་སྙོམས་ལྡན་པས་ཆོས་མཆོག་འཆི་བ་མེད།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྤྱོང་ཡིན།། རྟག་ཏུ་དྲང་ཞིང་གཡོ་ནི་རྣམ་པར་སྤངས།། གཞན་ལ་ཕན་བྱེད་སྡིག་པ་རྣམ་པར་སྤངས ་ལྷག་བསམ་དགེ་བ་ཅི་ཡོད་རྗེ་སུ་འཇུག། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྤྱོང་ཡིན།། ཤེས་རབ་རབ་འཇུག་དྲོན་དང་ཤས་བཞིན་ཅན།། སེམས་རབ་དུལ་བས་སེམས་ནི་ལསུ་རུང་།། སྦྱངས་པའི་ཡོན ་ཏན་རྣམས་དང་གསོ་སླ་བ།། འདི་ནི་ཐམས་ཅད་མཁྱེ་ངན་པའི་སེམས་སྦྱོང་ཡིན།། འཕགས་རིགས་ཆོག་ཤེས་པ་དང་ཚིག་མཉེན་དང་།། བླ་མ་རྣམས་ལ་རྟག་ཏུ་འདུད་བྱེད་དང་།། རྩོད ་རྫུན་ང་རྒྱལ་སྤངས་དང་སྟབས་ལྡན་དང་།། བརྙས་དང་ལོག། པ་ནམ་ཡང་བྱེད་མ་ཡིན།། སེམས་ནི་ངེས་སེམས་མངོན་པའི་ང་རྒྱལ་བྲ་ལ།། རྙོག་པ་མེད་ཅིང་རབ་དྲུང་ལ་གསལ།། བདག་ཤེས་པ་ལ ་རིམ་གྱིས་འཇུག་པར་བྱེད།། གཞན་ལ་མི་བརྙས་སེམས་ཅན་རྗེསུ་གསུང་།། ཆོས་ལ་གུས་པར་དགའ་ཞིང་གུས་དང་བཅས།། བསྒྲིམས་ཏེ་ཉོན་མོངས་རྣམས་ནི་སྤོང་བར་བྱེད།། ཆོས་དོན་གཉེར་ཞིང་ཆོས ་ལ་རྟོག་པར་བྱེད།། རྟག་ཏུ་ཆོས་དོན་གཞོལ་ཞིང་འབབ་པར་བྱེད།། ཆོས་ལ་བརྩོན་ཞིང་ཉོན་མོངས་མེད་པ་བསྒོམས།། ཆོས་མིན་སྤངས་ཤིང་ཆོས་རྣམས་ཡོངསུ་ཚོལ།། དཀོན་མཆོག་གསུམ་ལ ་དད་པ་མི་ལྔ་ཕྱེད་ལྡན།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྐྱོང་ཡིན།། རྟག་ཏུ་མཛེམ་དང་ལྡན་ཞིང་ཉེས་སྤྱོད་ལྡོག། དེ་བཞིན་གཤེགས་པ་ཀུན་ལ་ངོ་ཚས་སྡོམ།། ཁྲེལ་ཡོད་ལྡན་ཞིང ་འདིར་ནི་དབང་པོ་བསྡམས།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྤྱོང་ཡིན། རབ་ཏུ་སྦྱོར་བས་ལས་ཀྱི་བྱ་བར་འཇུག། བག་ཡོད་པས་ནི་མཐའ་གཉིས་འཛིན་མི ་བྱེད་རྣམ་པས་བརྟེན་པའི་ཆོས་རྣམས་རྗེས་རྟོགས་པ།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན།། སྤྱོད་ལམ་གྱིས་ནི་དྲང་བའི་དངོས་དང་ལྡན།། ཁེངས་པ་མེད་པས་རྟག་ཏུ་མཉེན་པ་ཉིད། ་ཞི་གནས་ཆོ་ག་ལྡན་པས་རྒོད་པ་མེད།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན།། བློ་ནི་རབ་ཏུ་བརྟན་པས་ཉམས་པ་མེད།། རྟག་མཐོང་ལ་ནི་རི་རྒྱལ་ཇི་བཞིན་ཏེ།། དམ་བཅས་བརྟན་ཞིང་བར ་སྐབས་ཉམས་པ་མེད།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན།། སྡུག་བསྔལ་བདེ་བས་མི་གཡོས་ས་དང་མཚུངས།། བསམ་པ་དག་པས་ཆུ་ལྟར་དྲི་མ་འཁྲུ།། རྟག་ཏུ་རློམ་སེམས་མེད ་པས་མེ་དང་མཚུངས།། གནས་མེ་རྒྱུ་བས་རྟག་ཏུ་རླུང་དང་འ། བྲ། ཤིན་ཏུ་དྲི་མ་མེད་པས་མཉམ་སེམས།། རབ་ཏུ་འབྱུང་བས། སངས་རྒྱས་བསྟན་པ་རྙེད།། ལུས་ནི་དབེན་ཞིང་ཞི་བས་དགོན་པར ་དགའ་རང་སེམས་དབེན་པས་ནི་ཆོས་ཀྱི་མཆོག་ལ་སྤྱོད།། དགེ་བ་བདེན་པར་སྨྲ་དང་ཡང་དག་སྨྲ།། ཇི་སྐད་སྨྲས་པ་དེ་ནི་དེ་བཞིན་བྱེད།། ཉོན་མོངས་མི་རྫི་དགེ་ལ་དཔའ་བོ་མཆོག། ཤིན་ཏུ་བསླབ་པས ་བསླབས་པ་ཡང་དག་འཛིན།། དེ་ལ་ལྷོད་པ་ནམ་ཡང་ཡོང་མ་ཡིན།། ཁ་ན་མ་ཐེ་ཆུང་ལའང་རྟག་ཏུ་འཇིགས།། བྱང་ཆུབ་མཆོག་རྒྱུའི་ཚུལ་ཁྲིམས་ཉམས་པ་མེད།། ཡོན་ཏན་དཀར་སྤྱོད་ཚུལ་ཁྲིམས་འདྲེས ་བ་མེད། དགེ་བའི་བཤེས་གཉེན་བསྟེན་ཅིང་སྡིག་པ་མིན།། རྫོགས་པའི་བྱང་ཆུབ་སེམས་སྩོགས་བྱ་ཕྱིར་བརྟན།། དེ་ལྟར་དེ་ཡི་མིག་ནི་དྲི་མེད་ཀྱིས།། འཇིག་རྟེན་ཀུན་ལ་འོད་ཟེར་མཉམ་པར་ལྟ།། མཁས ་བད་ཚོགས་སྨྲམ་ནས།། དག་སེང་མས་པ་མེད་ཙང་དུམ་པ་མེད།། རྡོ་ལྡན་དང་སྲམ་ངན་གས་ཤེག། དེས་ན་པ་ལྟར་རྣམ་དན་ཅ། རྫམ ་། ལྕེ་ཡིས་རོ་རྣམས་དང་།། ལུས་ཀྱིས་རེག་དང་ཡིད་ཀྱིས་ཆོས་རྣམས་ལ།། རེགནས་མ་ཁེངས་མ་དུང་ཞུམ་པ་མེད།། དེ་ལྟར་དེ་ཡི་དབང་པོ་དག་པ་ཉིད།། ཆགས་པས་མ་ཆགས་སྡང་བས་སྡང་བམས ་གཏི་མུག་མ་རྨོངས་མི་སྡུག་གནས་པ་ཅན།། བྱམས་ལ་དགའ་ཞིང་རྐྱེན་གྱིས་ཆོས་སེམས་པ།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྤྱོང་ཡིན།། སྒྲིབ་པ་ལྔ་པོ་དག་གིས་སྒྲིབ་པ་མེད།། དེ་ལྟར ་དེས་ནི་དབང་པོ་ལྔ་ཡང་བསྒོམ་དེ་ནི་གང་དུའང་བ་སྒྲིབ་མེད་བཅིངས་པའང་མེད།། སྟོབས་རྣམས་ལྔ་པོ་དག་ལ་རབ་ཏུ་གནས།། ཀུན་ནས་ལྡང་བ་ཤེས་ཤིང་བྱུང་བ་ཉིད།། ཚུལ་བཞིན་མ་ཡིན་སྤངས ་ཤིང་ཚུལ་བཞིན་གནས།། དྲན་པ་ཉེ་བར་གཞག་པ་བཞི་ལ་སྟེ་ན།། ཡང་དག་སྤོང་དང་རྫུ་འཕྲུལ་རྐང་པར་ལྡན།། བྱང་ཆུབ་ཡན་ལག་སྟེན་དང་རྟག་ཏུ་ལྡན།། བརྟན་པ་དེ་ནི་ཡན་ལག ་བརྒྱད་ལ་མཆོག། དེ་ནི་འདོད་དང་སྡང་དང་འཇིགས་མི་འགྲོ། གཏི་མུག་བྲལ་ཞིང་དབང་པོ་ཤིན་ཏུ་བསྡམས།། ཆོས་ཀྱི་སྦྱིན་ལ་དེ་ནི་སེར་སྣ་མེད།། སློབ་དཔོན་ནམ་ཡང་ཆོས ་འཆབ་མི་བྱེད།། རང་ཟིང་མེད་པར་ཆོས་ནི་སྟོན་པར་བྱེད་དེཔ་ནི་དེ་ཡི་བྱང་ཆུབ་སེམས་དག་འགྱུར།། དེ་ནི་ཟུང་ཟིང་རྣམས་ལ་ཀུན་འཛིན་མེད།། རྣམ་སྨིན་རེ་མེད་འདོང་བགུ་གཏོང་བར་བྱེད།། སྦྱིན་དང་སྙན ་དང་དོན་བྱེད་དོན་འཐུན་པས།། ད་ནི་སེམས་ཅན་བརྒྱ་དག་རབ་ཏུ་སྡུད།། དེ་ཡི་བྱང་ཆུབ་སེམས་ནི་བརྗེད་མི་འགྱུར།། ཐེག་པ་དམན་ལ་ནམ་ཡང་རེ་བ་མེད།། ཇི་ལྟ་ཇི་ལྟར་སངས་རྒྱས་ཡོ ་མཐོང་བ་དེ་ལྟ་དེ་ལྟར་དེ་བསམ་རི་རབ་འདྲ།། ནང་ནི་རབ་ནི་སྲེད་པའི་ཉེས་པ་མཐོང་།། དེ་ནི་གཞན་གྱི་འཁྲུལ་ལ་ལྟ་མི་བྱེད།། འདུས་བྱས་ཉེས་པ་དག་ཀྱང་ཤིན་ཏུ་མཐོང་།། འཁོར་བས ་འཇིག་པསྡིག་པ་རྣམས་མི་བྱེད།། ལེགས་སྤྱོང་ཁུར་ཁྱེར་བས་ནི་སྐྱོ་བ་མེད།། ཞིང་རྣམས་སྦྱོང་བར་འདོད་པ་ཉམས་པ་མེད།། ཆོས་རྣམས་ཡོངསུ་བཟུང་བས་ཞུམ་པ་མེད།། སེམས ་ཅན་ཐར་བྱེད་རྒྱུ་ལ་འཇིགས་པ་མེད།། ཆུ་བོ་བཞི་པོ་དག་ལས་བསྒྲལ་བའི་ཕྱིར།། དེ་ནི་ཆོས་གྲུ་ཡང་དག་སྦྱོར་བར་བྱེད།། ལུས་ཅན་མྱ་ངན་ལས་འདས་ལམ་གཟུང་བའི་ཕྱིར།། དེ་ནི་སྟེགས་དང་ཟ ་པ་འཆའ་བར་བྱེད།། འདམ་ལས་འདས་ཤིང་འོབས་ལས་རྒལ་ནས་ནི།། ཐང་ལ་གནས་ཤིང་དེ་དག་འཇིགས་མེད་གནས།། འཇིགས་པས་གཡེན་སྤྱོ་རྣམས་ལ་འཇིགས་མེད་སྟོན།། ་བདག་ཉིད་རྒལ་ནས་དེ་དག་གཞན་ཡང་སྒྲོལ།། གང་དག་ཆོས་ཚུལ་འདི་དག་རྣམ་དག་ཅིང་།། རྫོགས་པའི་བྱང་ཆུབ་སེམས་པ་རྟན་ཁ་ལོ་སྒྱུར།། དེ་དག་བྱང་ཆུབ་སེམས ་མཆོག་རྣམ་དག་སྟེ།། ཉོན་མོངས་དྲི་མས་གཞར་ཡང་གོས་མི་འགྱུར།། ཇི་སྟེ་ནམཁའ་ཉོན་མོངས་བྱ་བར་ནུས།། དེ་ལ་རྗེས་ཀྱང་བསྟན་པར་ནུས་སྲིད་ཀྱི།། རང་བཞིན་འོད་གསལ་རྫོགས ་པའི་བྱང་ཆུབ་སེམས།། དེ་ནི་ནམ་ཡང་ཉོན་མོངས་བྱར་མི་ནུས།། ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེ་ཡོངསུ་སྦྱངས་པའི་ལེའུ་སྟེ་དང་པོའོ།། །། བམ་པོ་གཉིས་པ། ་བློ་གྲོས་རྒྱ་མཚོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་གཟོད་པ་ནི་ཇི་ལྟ་བུ།། ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་གནོས་ནིདང་ཞེ་ན། བློ་གྲོས་རྒྱ་མཚོ ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ལྟར་བསྐྱེད་ནས། འཕགས་པ་མ་ཡིན་པ་ཚུལ་ཁྲིམས་འཆལ ་9། དུད་ནམས། བདུད་ཀྱི་རིག་སྐྱེ་སྟ་རྣམམ་བདུད་ཀྱི་བྱིན་གྱིས་བརླབས་པ་རྣམས་སམ། བདུད་ཀྱི་ཕོ་ཉ་རྣམས་ཀྱིས་གཙེས་སམ། རྣམ་པར་གཙེས་སམ། བསྐྱོད་དམ་ཀུན་ཏུ་བསྐྱོད་དམ། དཀྲུགས ་ས་མ་ཀུན་ཏུ་དཀྲུགས་སམ། བསྡིགས་སམ། བརྡེགས་ཀྱང་བྱང་ཆུབ་ཏུ་བསམ་པའི་སེམས་བསྐྱེད་པ་དེ་ལས་མི་ཕྱེད་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་སྙིང་རྗེ་ཆེན་པོས ་བརྩོན་འགྲུས་བརྩམས་པ་ལས་མི་བྱེད་པ་དང་། དཀོན་མ་ཆོག་གསུམ་གྱི་རིགས་མི་འཆད་པར་བྱ་བར་བརྩོན་པ་ལས་མི་ཕྱེ་ད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ ་པའི་དགེ་བའི་རྩ་བ་ལ་སྦྱོར་བ་ལས་མི་བྱེད་པ་དང་། མ་ཚན་དང་དཔེ་བྱད་བཟང་པོ་ཡོངསུ་འགྲུབ་པར་འགྱུར་བའི་བསོད་ནམས་ཀྱི་ཚོགས་བསོགས་པ་ལས་མི་ཕྱེད་པ་དང་། ་སངས་རྒྱས་ཀྱི་ཞིང་ཡོངསུ་སྦྱང་བ་མངོན་པར་སྒྲུབ་པར་བརྩོན་པ་ལས་མི་བྱེད་པ་དང་། ལུས་དང་སྲོག་འདོར་ཞིང་དམ་བཅས་པའི་ཡོངསུ་འཛིན་པར་མངོན་པར་བརྩོན་པ་ལས་མི་བྱེད་པ་དང་། སེམས ་ཅན་ཐམས་ཅད་ཡོངསུ་སྨིན་པར་བྱ་བ་ལ་མངོན་པར་བརྩོན་ཞིང་བདག་བདེ་བ་ལ་མི་ཆགས་པ་ལས་མི་ཕྱེད་པ་སྟེ། དེ་དེ་ལྟར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་གྱུར་པས་སེམས་ཅན་ཐད ་ཀྱིས་དཔྱས་ཀྱང་བཟོད། ཐིང་སྨད་བྱས་པ་དང་། སྨད་པ་དང་། བཤུད་པ་བྱས་ཀྱང་བཟོད། སེམས་ཅན་ཐམས་ཅད་ཀྱིས་སྤྱོས་སམ། བསྡིགས་སམ། ངན་དུ་བརྗོད་དམ། ངན་དུ་སྨྲས ་བའི་ཚིག་གི་ལམ་ཡང་བཟོད། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཡང་གཟོད། སེམས་ཅན་ཐམས་ཅད་ཀྱི་ཁུར་ཡང་བཟོད། སྒྲོལ་བས་ཀྱང་སྐྱོ་བ་མེད། ཞུམ་པ་མེད། ཀུན་ཏུ་ཞུམ་པ་མེད། ་སྒྱིད་ལུག་པ་མེད། ཡི་འཆད་པ་མེད་ཀྱི། སྟོབས་ཉེ་བར་སྟོན་པར་བྱེད། མཐུ་སྐྱེད་པར་བྱེད་ཅིང་བརྩོན་འགྲུས་རྩོམ་ལ། རྟུལ་བས་རྟུལ་བར་བྱེད། སྤྲོ་བསྐྱེད་ཅིང་རྨོངས་པའི་སེམས་མི་འཛིན་ཏོ།། ་དེ་སྤྱོད་ཀྱང་སླར་མི་གཤེ། བརྡེག་ཀྱང་སླར་མི་བརྡེག། ཁྲོས་ཀྱང་སླར་མི་ཁྲོ། འཁྲུགས་ཀྱང་སླར་མི་འཁྲུག་སྟེ། དེ་ལྟར་སེམས་ཅན་བགྲང་བའི་གོ་ཆ་གྱེནོ།། འདི་ལྟ་སྟེ། ཐེག་པ་ཆེན་པོ་འདི་ནི ་འཇིག་རྟེན་ཐམས་ཅད་དང་མི་འཐུན་པའི་ཐེག་པའོ།། དེ་ཅིའི་བྱིང་ཞེ་ན། སེམས་ཅན་དེ་དག་ནི་རྒྱུན་གྱི་རྗེས་སུ་འགྲོ་བདག་གོ།། བདག་ནི་རྒྱུན་ལས་ལྡོག་པར་རྩོལ་བར་འདོད་པའོ།། སེམས་ཅན ་དེ་དག་ནི་ཕན་ཚུན་མི་འཐུན་པ་དག་གི། བདག་ནི་སེམས་ཅན་ཐམས་ཅད་ཀྱི་མི་འཐུན་པ་སྤོང་བའི་ཕྱིར་གོ་ཆ་བགོས་པར།། སེམས་ཅན་དེ་དག་ནི་གནོད་སེམས་ལ་དཔའ་བདག་གོ།། ་བདག་ནི་བཟོད་པ་དང་ངེས་པ་ཡོངསུ་ཚོལ་བའོ།། སེམས་ཅན་དེ་དག་ནི་གཅིག་ལ་གཅིག་ཡོངསུ་འདྲིད་པར་གནས་པ་དག་གོ། བདག་ནི་ཤེས་རབ་ཀྱིས་ངོམས་པ་ཡོངསུ་ཚོལ་བའོ།། གལ་ཏེ་སེམས ་ཅན་དེ་དག་ཕྱོགས་བཅུའི་རབ་ཏུ་དབྱེ་བས་རབ་ཏུ་ཕྱེ་བ་ཇི་སྙེད་པ་དེ་དག་ཐམས་ཅད་རལ་གྱི་དང་། མདུང་ཐུང་དང་། མདའ་བོ་ཆེ་ལག་ན་ཐོགས་ཏེ། བདག་གི་ཕྱི་བཞིན་འབྲང་ཡང་ས་ཕྱོགས་གདུ་འགྲེང ་ངམ་འདུག་གམ། འཆག་གམ། ཉལ་ཡང་རུང་སྟེ། བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་བ་དང་། སྦྱིན་པའི་སེམས་སམ། ཚུལ་ཁྲིམས་ཀྱི་སེམས་སམ། བཟོད་པའི་སེམས་སམ། བརྩོན ་འགྲུས་ཀྱི་སེམས་སམ། བསམ་གཏན་གྱི་སེམས་སམ། ཤེས་རབ་ཀྱི་སེམས་སམ། ཐོས་པའི་དགེ་བའི་རྩ་བའི་སེམས་སྐྱེ་བར་འགྱུར་བའི་ས་ཕྱོགས་དེར། ་བདག་ལུས་རྒྱ་ཤུག་གི་ལོ་མའི་བརྒྱ་ཆེ་ཙམ་དུ་གཏུབས་སམ། རྣམ་པར་གཏོར་རམ། རྣམ་པར་བཅོམ་མམ། སེམས་ཅན་དེ་དག་ཐམས་ཅད་ལས་གཞན་མི་བྱེད་པར་རྒྱུན་ཏུ་གཤེ་འམ། སྡིགས ་སམ་སྨོད་དམ། ཁ་ཤུང་ངམ། ཚིག་ངན་པ་དང་། ངག་རྩུབ་པོ་སྨྲ་བ་དེ་ལྟར་གྱུར་ཀྱང་། བདག་གིས་སེམས་ཅན་འགའ་ལ་འཁྲུག་པའི་སེམས་བསྐྱེད་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་མཐ ་ནས་འཁོར་བ་ཚད་མེད་པར་བྱས་ཏེ། གང་དུ་གདག་གི་ལུས་འདི་སེམས་ཅན་དམྱལ་བར་སོང་ངམ། དུད་འགྲོའི་སྐྱེ་གནསུ་སོང་དྲམ། གཤིན་རྗེའི་འཇིག་རྟེན་དུ་སོང་ངམ། མིར་གྱུར ་ཀྱང་རུང་སྟེ། འདོད་པའི་ཟས་ཀྱི་དྲིམས། དྲི་མ་ཅན་དུ། གྱུར་ནས། ཆོས་ཐོས་པ་དང་མི་ལྡན་ཞིང་ཡང་ངའི་འཚོ་བའི། སྤྱོད་ཡུལ་དོན་མེད་པས་འཚོ་བ་ཅན་དུ་གྱུར་ཏེ། ་ཡན་ལག་དང་ཉིང་ལག་བརྒྱར་གཤེགས་ཤིང་གཏུ་བོས་ཏོ། ཕྱེ་ཞིང་ཕྲལ་ལ་བྱ་བ་རྣམ་པ་མང་པོ་བྱས་ཀྱང་བདག་གིས་གཞི་དེ་ལས་བདག་གི་དོན་བྱས་ཀྱི་གཞན་གྱི་དོན་མ་བྱས་པའི ་གལ་ཏེ་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཕྱི་མའི་མཐར་བདག་གི་ལུས་གཤེགས་གཏུབས། རྣམ་པར་གཏོར་རྣམ་པར་བཅོམ་པ་དེ་ལྟ་བུར་གྱུར་ཀྱང་བདག་གིས་ཐམས་ཅད་མཁྱེན་པ ་ཡོངསུ་མི་གཏོང་།། སེམས་ཅན་ཐམས་ཅད་ཡོངསུ་མི་གཏོང་།། དགེ་བའི་ཆོས་ལ་འདུན་པ་ཡེང་སུ་མི་གཏོང་།། དེ་ཅིའི་ཕྱིར་ཞེ་ན། ལུས་གཏུབས་པའི་ལུས་ཀྱི་གནོད་པ་འདི་ཐམས་ཅད་ནི་སེམས་ཅན ་དམྱལ་བའི་སྡུག་བསྔལ་གྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་བཟོད་དོ།། བདག་ནི་སེམས་ཅན་དམྱལ་བར་གནས་པར་སྤྲོའོ། བདག་གིས་སངས་རྒྱས་ཀྱི་ཆོས ་གཏང་བར་ནི་མི་བྱའོ།། སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་མི་གཏོང་།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ཏེ། དགེ་བ ་ལ་ནི་བར་ཆད་མདོ།། མི་དགེ་བའི་ཕྱོགས་ལ་ནི་གྲོགས་བྱེད་པ་མདོ།། དགེ་བའི་ཕྱོགས་ལ་ནི་གྲོགས་བྱེད་པ་ཉུང་ཞེས་གསུངས་པས་བདག་གིས་མི་དགེ་བའི་ཕྱོགས་ཀྱི་གྲོགས་མི་བྱའོ།། དགེ ་བའི་ཕྱོགས་ཀྱི་གྲོགས་བྱའོ།། སེམས་ཅན་ཐམས་ཅད་ལ། བཟོད་པར་བྱའི་གནོད་སེམསུ་མི་བྱའོ།། སེམས་ཅན་དེ་དག་ལ་གང་ཡོད་པ་དེ་མ་བྱིན་ཡང་བདག་གི་སྦྱིན་པར་བྱ་སྟེ། ་སེམས་ཅན་དེ་དག་ལ་གནོད་སེམས་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་ཡོད་པ་དེ་དག་དེ་རྣམས་ཀྱིས་མ་བྱིན་ཡང་དང་ག་ལ་བཟོད་པ་དང་། ངེས་པ་གང་ཡོད་པ་དེ་བདག་གིས ་སྦྱིན་པར་བྱའོ།། བདག་གིས་བཟོད་པའི་སྟོབས་བསྟན་པར་བྱའི། གནོད་སེམས་ནི་མ་ཡིན་སྙམ།། བློ་གྲོས་རྒྱ་མཚོ་ལུས་དང་སྲོག་འདོར་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི། བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན།། གང་གི་གཞི་ལས་གནོད་སེམས་འབྱུང་བའི་ཆོས་དེ་དག་གིས་སྤང་བར་བྱའོ་སྙ་མོ།། ཆོས་དེ་གང་ཞེ་ན། འདི་ལྟ་སྟེ། ལུས་ལ་དགའ ་བ་དང་། ལུས་ལ་གནས་པ་དང་། ལུས་ལ་ཆགས་པ་སྟེ། ལུས་བཏང་ན་གནོད་སེམས་ཀྱང་གཏོང་།། བློ་གྲོས་རྒྱ་མཆོ་ལྟར་བགྲང་བ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་གནོད་པ་བཟོད། མི་སྐྱོ་མི་ཁྲོའོ།། དེ་གནོད་པ་གསུམ་བཟོད་དེ། གསུམ་གང་ཞེ་ན། ལུས་ཀྱི་གནོད་པ་དང་། ངག་གི་གནོད་པ་དང་། ་སེམས་ཀྱི་གནོད་པའོ།། བློ་གྲོས་རྒྱ་མཆོད་ལ་བྱང་ཆུབ་སེམས་དཔའི་ལུས་ཀྱི་གནོད་པ་བཟོད་པ་གང་ཞེ་ན། ཡན་ལག་དང་ཉིང་ལག་རྣམས་བཅད་ཀྱང་ཆོས་ལ་སྟོན་ཏེ། གང་དེའི་ལུས་གཅོད་པའི། ་སེམས་ཅན་དེ་ཉིད་ལ་ལྟ་བའོ།། བློ་གྲོས་རྒྱ་མཚོ་དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངསུ་རྫོགས་པར་འགྱུརརོ།། བློ་གྲོས་རྒྱ་མཚོ ་ཇི་ལྟར་ན་ཐབས་ལ་མཁས་པའི་ལུས་གཅོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོང་སུ་རྫོགས་པར་འགྱུར་ཞེ་ན། གང་ལུས་འདོར་བ་དང་། ལུས་ཡོངསུ་གཏོང་བ་དང་། ལུས་ལ་མི་ལྟ་བ ་འདི་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་ལུས་ཡང་སུ་བཅོད་པ་ན་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ། པར་བྱེད་པ་དང་། ཚོར་བ་རྣམས་ཀྱིས་མི་འཕྲོགས་པ་འདི ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ལུས་ཡོང་སུ་གཅོད་པ་ན་གང་དག་དེའི་ལུས་གཅོད་པ་དེ་དག་ཉིད་རབ་ཏུ་ཐར་བར་བྱ་བའི་ཕྱིར་འདོད་ཅིང་སེམས་ཀྱིས་རྨ་མི་ཕྱིན་ཏེ། བཟོད་པའི་སྟོབས ་ཉེ་བར་སྟོན་པ་འདི་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། བརྩོན་འགྲུས་གང་གི་ཐམས་ཅད་མཁྱེན་པ་ཉིད་ལ་འདུན་པ་མི་འདོར་ཞིང་། སེམས་ཀྱི་སྟོབས་བསྐྱེད་པ་ཡང་རབ་ཏུ་འཛིན་ལ། ་འཁོར་བ་ཉིད་དུ་མཚམས་ཀྱང་སྦྱོར་ཞིང་དགེ་བའི་རྩ་བ་བརྩམས་པ་ཡང་རྩོམ་པ་འདི་ནི། དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ལུས་རྣམ་པར་འཐོར་བ་ན། ཐམས་ཅད་མཁྱེན་པའི། ་སེམས་བསྐྱེད་པ་རིན་པོ་ཆེ་དེ་མི་མཇེད་ཅིང་བྱང་ཆུབ་ཉིད་ལ་ལྟ་བ་དང་། ཞི་བ་དང་། རབ་ཏུ་ནི་པ་ལ་སོ་སོར་རྟོག་པ་འདི་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་བྱིན་པའོ།། གང་གཅོད་པ་ན་ལུས་ལ ་རྫས་དང་། རྩིག་པ་དང་། ཤིང་དང་། རྡོ་དང་། མིག་ཡོར་ལྟ་བུར་སོ་སོར་རྟོག་ཅིང་ལུས་ལ་སྒྱུ་མའི་ཆོས་ཉིད་དུ་འཇུག་པ་དང་། ཡང་དག་པར་ན་མི་རྟག་པ་ཉིད་དང་། ཡང་དག་པར་ན་སྡུག ་བསྔལ་བ་ཉིད་དང་། ཡང་དག་པར་ན་བདག་མེད་པ་ཉིད་དང་། ཡང་དག་པར་མ་ཞི་བ་ཉིད་དུ་ལུས་ལ་རྟོག་པ་འདི་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་ན་ཐབས ་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན་པ་ཕརོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོང་སུ་རྫོགས་པར་འགྱུར་ཞིང་། ཐེག་པ་ཆེན་པོ་དེ་ལས་ཉམས་པར་མི་འགྱུར་ཏེ། འདི་ན ་བྱང་ཆུབ་སེམས་དཔའི་ལུས་ཀྱི་གནོད་པ་བཟོད་པའོ།། བློ་གྲོས་རྒྱ་མཆོད་དེ་ལ་བྱང་ཆུབ་སེམས་དཔའི་ངག་གི་གན་པ་བཟོད་པ་གང་ཞེན། གང་ངན་དུ་བརྗོད་པའི་ཚིག ་ཐམས་ཅད་དང་དུ་ལེན་པ་དང་། གཤེ་བ་དང་། སྡིག་པ་དང་། སྨད་པ་དང་། བཤུང་བ་དང་། སྡིག་མོ་བྱེད་པ་ཐམས་ཅད་བཟོད་པ་དང་། ཡོད་པ་འམ། མེད་པས། གླེངས་ཀྱང་མི་ཁྲོ་བ་དང་། ་ཁོན་དུ་མི་འཛིན་པ་དང་། བག་ལ་ཉལ་སྤོང་བའོ།། བློ་གྲོས་རྒྱ་མཚོ་དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་ཏུ་བརྗོད་པ་དང་། ངན་ཏུ་སྨོས་པའི་ཚིག་གི ་ལམ་དང་། གཤེ་བ་དང་། སྡིག་པ་དག་ཕ་རོལ་ལས་ཐོས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡིངསུ་རྫོགས་པར་འགྱུརརོ།། བློ་གྲོས་རྒྱ་མཚོ་ཇི་ལྟར་ཐབས་ལ་མཁས་པའི་བྱང་ཆུབ་སེམ ་དཔའ་ངན་དུ་བརྗོད་པ་དང་། ངན་ཏུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་། སྡིགས་པ་དག་ཕ་རོལ་ལས་ཐོས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངསུ་རྫོགས ་པར་འགྱུར་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་ཏུ་བརྗོད་པ་དང་། ངན་ཏུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་། བསྡིགས་པ་དག་ཕ་རོལ་ལས ་ཐོས་ན། དྲན་པ་འདི་ལྟ་བུ་རབ་ཏུ་འཐོབ་སྟེ། སེམས་ཅན་འདི་ནི་སྔོན་ནས་སེར་སྣ་ཅན་དུ་གྱུར་པ་འཇུངས་པ་སྟེ། སེར་སྣའི་དྲི་མས་ཀུན་ཏུ་བསྐོར་བ་དེས། གང་དག་དེའི་གནོད་སེམས ་ཀྱི་དྲི་མ་སྤང་བའི་ཕྱིར་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་རྣམས་ལ་མ་བསྟེན་གུས་པར་མ་བྱས། བསྙེན་བཀུར་མ་བྱས་པའོ།། བདག་ནི་གཏོང་བ་ལས་མོས་ཤིང་སེར་སྣ་མེད་པར་བྱ། ་དགེ་བའི་བཤེས་གཉེན་ལ་རྟེན་པར་བྱ། བསྙེན་པར་བྱ། བསྙེན་བཀུར་བྱའོ་སྙམ་སྟེ། དེ་དག་སྲུང་ཞིང་གནོད་སེམས་ཀྱང་སྤོང་བ་འདི་ནི། དེའི་སྦྱིན་པའི་ཕ་རོལ་ཏུ ་བྱིན་པའོ།། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ཚུལ་ཁྲིམས་འཆལ་པ་ལས་མ་མཐོང་བ་སྟེ། དེ་ནི་བདག་ལེ་གཤེ་ཞིང་སྡིག་པའོ།། བདག་ནི་ཚུལ་ཁྲིམས་དང ་བརྟུལ་ཞུགས་ཡང་དག་པར་བླངས་པ་ལས་མི་ཉམས་པར་བྱའོ།། གནོད་སེམས་མེད་པར་བྱའོ།། བྱང་ཆུབ་ཀྱི་སེམས་ཡོངསུ་བསྲུང་བར་བྱའོ།། ལས་ཀྱི་རྣམ་པར་སྨིན་པ་ལ་བརྟན་པར་བྱའོ།། ་སྙམ་པ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ཞེ་སྡང་གི་ཤས་ཆེ་ཞིང་གནོད་སེམས་མང་བ་སྟེ། དེ་ནི་བདག་ལ་གཤ ་ཞིང་སྡིག་པའོ།། བདག་ནི་བཟོད་པའི་སྟོབས་མང་དུ་བྱས་ཏེ། བྱམས་པ་ལ་གནས་པར་བྱའོ་སྙམ་པ་འདི་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས ་ཅན་འདི་ནི་ལེ་ལོ་ཅན་དགེ་བའི་ཆོས་དང་བྲལ་བ་སྟེ། དེ་ནི་བདག་ལ་གཤེ་ཞིང་སྡིག་པའོ།། བདག་ནི་བརྩོན་འགྲུས་བརྩམ་པར་བྱ། དགེ་བའི་རྩ་བ་ཡོངསུ་བཙལ་བར་བརྩོན་པ་ལ་མི་ངོམས་པར ་བྱ་སྟེ། སེམས་ཅན་འདི་བྱང་ཆུབ་ཀྱི་སྙིང་པོར་སྔར་ཇེ་འཇུག་པར་བྱས་ལ་ཕྱིས་བདེག། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་དེ་ལྟར ་གོ་ཆ་གྱོན་པ་འདི་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་བརྗེད་ངས་པ། ཤེས་བཞིན་མེད་པ། ཉོན ་མོངས་པ་ངེས་པར་མ་བསམས་ཏེ། དེ་ནི་བདག་ལ་གཤེ་ཞིང་སྡིགས་པའོ།། བདག་ནི་ཉོན་མོངས་པ་ངེས་པར་བསམས་པར་བྱ། དྲན་པ་དང་། ཤེས་བཞིན་ཅན་དུ་བྱ། རྩེ་གཅིག ་ཏུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་བ་སྟེ། སེམས་ཅན་ཐམས་ཅད་མ་དུལ་བ། མ་ཞི་བ། མ་སྦས་པ། ཉེ་བར་མ་ཞིང་འདི་ལྟ་བུ་དག་གི་དོན་ཏུ། བདག་གིས་གོ་ཆ་ཆེན་པོ་བགོས ་ཏེ། འདི་ལྟར་སེམས་ངེས་པར་སེམསུ་གཞུག་གོ་སྙམ་པ་འདི་དག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ཤེས་རབ་འཆལ་པ། ་བདག་ཏུ་སྨྲ་བ། སེམས་ཅན་དུ་ལྟ་བར་དམིགས་པའི་སྤྱོད་ཡུལ་བ་སྟེ། དེ་ནི་བདག་ལ་གཤེ་ཞིང་སྡིགས་པའོ།། བདག་ནི་ཆོས་ཉིད་ལ་བསྟེན་པར་བྱའོ།། སྙམ་སྟེ། འདི་ལ་གཤེ་བ ་དང་། ཁྲོ་བ་སུ་ཡིན་ཞིང་དེས་ཡོངསུ་ཚོལ་བ་ན་གང་གཤེ་བ་དང་ཁྲོ་བའི་ཆོས་དེ་མི་དམིགསོ།། དེ་བདག་དང་གཞན་མི་དམིགས་པར་ལྟ་བ་དང་བྲལ་བར་བཟོད་པ་འདི ་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བློ་གྲོས་རྒྱ་མཚོ་ད་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ངན་ཏུ་བརྗོད་པ་དང་། ངན་ཏུ་སྨྲས་པའི་ཚིག་གི་ལམ་དང་། གཤེ ་བ་དང་། བསྡིགས་པ་དག་ཕ་རོལ་ལས་ཐོས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངསུ་རྫོགས་པར་འགྱུར་ཞིང་ཐེག་པ་ཆེན་པོ་དེ་ལས་ཀྱང་མི་ཉམས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ངག ་གི་གནོད་པ་བཟོད་པའོ།། བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་ཀྱི་གནོད་པ་བཟོད་པ་གང་ཞེ་ན། གང་བདུད་ཐམས་ཅད་ཀྱིས་བྱ་ཆུབ་ཀྱི་སེམས་དེ་ལས་བྲལ་ཡང་མི་གཡོ་བ་དང་། པས་ཀྱི ་རྒོལ་བ་དམིགས་པར་ལྟ་བ་ལ་མངོན་པར་ཞེན་པ་ཐམས་ཅ། ད་ཀྱིས་ཡང་དག་པའི་བསམ་པར་ཞུགས་པ། ཐམས་ཅད་མཁྱེན་པ།། འི་སེམས་དེ་ལས་མོས་པ་བཟློག་ཀྱང་མི་བརྗེད་པ་དང ་སངས་རྒྱས་ཀྱི་གཟུགསུ་འདུག་ཀྱང་མི་མཉམ་པ་དང་མཉམ་པའི་སེམས་དེ་ལས་ཉམས་པར་བྱེད་མི་ནུས་ཏེ། བདུད་རྫུ་འཕྲུལ་རབ་ཏུ་ཆེན་པ་དག་གིས་ཁྱོད་ཀྱི་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ ་བར་མི་ནུས་ཀྱིས། ཁྱོད་ཀྱིས་གཅེས་པར་བྱ་བ་འདི་ཐོང་ཤིག། ཁྱོད་ཀྱིས་བརྩོན་འགྲུས་ཀྱིས་འདི་འོར་ཅིག། བྱང་ཆུབ་ནི་རྙིད་པར་དཀའ་བ། སངས་རྒྱས་ཀྱི་ཆོས་རྣམས་ནི་རྙེད་པར་དཀའ་བ ་སྟེ། འདིར་འཁོར་བའི་སྡུག་བསྔལ་མང་དུ་མྱོང་བར་འགྱུརརོ།། གང་དག་མྱ་ངན་ལས་འདས་པ་དེ་དག་ནི་བདེ་བ་ཡིན་གྱིས། སྐྱེས་བུ་དམ་པ་ཁྱོད་མྱུར་དུ་མྱ་ངན་ལས་འདས་པར་གྱིས་ཤིག། ཅེས་དེའི ་སེམས་སྐུལ་ཞིང་། སེམས་དྲན་པར་བྱེད་ལ། བློ་གྲོས་རྒྱ་མཚོ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དེ་ལྟར་བྲལ་བར་བྱེད། དེ་ལྟར་མོས་པ་བཟློག་པར་བྱེད་ཀྱང་། སྔོན་གྱི་གོ་ཆ་མི ་འདོར་ཞིང་བསམ་པ་རྣམ་པར་འཁྲུགས་པ་མི་བྱེད་ཀྱི། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ངེས་པར་བྱང་ཆུབ་ཀྱི་སྙིང་པོ་གནས་པར་བྱ། བདག་གིས་ངེས་པར་བདུད་དཔུང་དང་བཅས་པར་བམ་པར ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། བདག་གིས་ངེས་པར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བྱ། བདག་གིས་ངེས་པར་སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམསུ་ཆོས་ཀྱི་གཏམ་ཆེན་པོ་བ་རྗོད་པར་བྱ། བདག་གིས་སེམས་ཅན་ཐམས་ཅད་མགྲོན་ཏུག་ཉེར་ལ། ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ།། ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བདག་དང་གཞན་གྱི་སེམས་རིག་པའི་ལྷ་རྣམས་ཀྱིས་བྱང་ཆུབ་ཏུ་བསམ་པ་རིག་གིས། བདག་གིས་ཐད་མཁྱེན་པའི ་སེམས་ཀྱི་གནོད་པ་བཟོད་པར་བྱའོ།། སངས་རྒྱས་རྣམས་དང་། ལྷ་རྣམས་དང་། སེམས་ཅན་ཐམས་ཅད་དང་བདག་ལ་སླུ་བར་མི་བྱའོ་སྙམ་པ་དེ་དག་དེ་ལྟ་བུ་ནི། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེང ་སེམས་ཀྱི་གནོད་པ་བཟོད་ཅིང་ཐེག་པ་ཆེན་པོ་དེ་ལས་མི་བྱེད་པ་སྟེ། བློ་གྲོས་རྒྱ་མཚོ་འདི་ནི་ཐམས་ཅད་མཁྱེན་པ་སེམས་བསྐྱེད་པ་རིན་པོ་ཆེ་དེའི་གནོད་པ་བཟོད་པའོ།། བཟོད་པའི་ཕ་རོལ་ཏུ ་ཕྱིན་པའི་གོ་ཆ་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་བ་མེད་པ་གང་ཡིན་པ་དང་། ཕ་རོལ་ཏུ་ཕྱིན་པ་འདི་གཉིས་ཡོང་སུ་རྫོགས་པར་བྱེད་པ་འདི་ནི་བྱང་ཆུབ་སེ ་།། སེམས་ཀྱི་གནོད་པ་བཟོད་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིག་སུ་བཅད་པ་འདི་དག་གསུང་སོ།། བྱང་ཆུབ་ལམ་ལས་བསམ་པ་མི་ཕྱེད་ཅིང་།། དེ་ནི་སྙིང་རྗེ་ལས་ཀྱང་ཕྱེད་མ ་མ་ཡིན།། བདག་གིས་དཀོན་མཆོག་གསུམ་པོ་བསྲུང་བར་བྱ།། སངས་རྒྱས་ཆོས་རྣམས་ཡང་དག་བསྒྲུབ་པར་བྱ།། སུམ་ཅུ་རྩ་གཉིས་ཁྱད་འཕགས་མཚན་དང་དཔེ་བྱད་བཟང་།། གང་དག་གིས་ནི ་སྟོབས་བཅུ་རྣམས་ཀྱི་ལུས་མཛེས་པ།། དེ་དག་ཡོངསུ་བཙལ་ཕྱིར་མཆོད་སྦྱིན་བྱེ་བ་བྱེད།། གནོད་པ་ཤིན་ཏུ་རྣམ་མང་བཟོད་ཅིང་ཡོན་ཏན་ཕྱུག། བརྒྱ་ཕྲག་མཐའ་ཡས་ཤིང་རྣམས་དེ་དག་བདག ་གིས་སྦྱང་།། རིན་ཆེན་ཆོས་མཆོག་འདི་ནི་བདག་གིས་བསྲུང་བར་བྱ།། བརྒྱ་ཕྲག་མཐའ་ཡས་སེམས་ཅན་དེ་དག་བདག་གིས་དགྲོལ།། དེས་ན་གནོད་པ་བཟོད་ཅིང་བསམ་པ་མི་ཕྱེད།། ཕྱོགས ་བཅུའི་སེམས་ཅན་ཁམས་ནི་མཐའ་ཡས་ཇི་སྙེད་པ།། ཐམ་ས་ཅད་འདུས་པར་གྱུར་ནས་ལག་ན་མཚོན་ཐོགས་ཏེ།། དེ། དག་དེ་ལ་འཇིག་བྱེད་གཤེ་ཞིང་བསྡིགས་བྱེད་ཀྱང་།། ཡོནན ་ཕྱིན་ནི་བསྡིགས་དང་འཕྱ་བ་བཟོད་པར་བྱེད།། སྔོན་མཐའ་བསྐལ་པ་བརྒྱ་ཕྲག་མཐའ་ཡས་ཇི་སྙེད་པར།། དེ་དག་རྒྱུན་མི་འཆད་པར་ཚིག་རྩུབ་སྨྲས་ཀྱང་ནི།། བདག་ཉིད་ཆེན་པོ་དེ་བཟོད་མི་ཁྲོ་གཤ ་བ་མེད།། དེ་ལྟར་རྟོགས་པ་རྣམས་ནི་གནོད་པ་དག་པར་འགྱུར།། སེམས་ཅན་དེ་དག་ལག་ན་མཚོན་ཐོགས་ལྷན་ཅིག་ཏུ།། བདག་གིས་ལས་ཀྱི་ཡན་ལག་དུམ་བུར་གཏུབས།། འོན་ཀྱང་བདག་གི ་སེམས་ཡིན་ནམ་ཡང་ཁྲོ་བར་མི་བྱ་སྟེ། བྱང་ཆུབ་ཡིད་ལ་བྱས་ན་གནོད་འདི་དག་པར་འགྱུར།། འགྲེང་ངམ་འདུག་གམ་འཆག་གམ་འོན་ཏེ་ཉལ་ཡང་རུང་།། གང་དུ་བྱང་ཆུབ་སེམས་མཆོག ་འདི་དག་སྦྱིན་པ་དང་།། དུལ་བའི་སེམས་དང་གཞན་ཡང་དཀར་སེམས་མི་འདོར་བ།། དེར་ནི་དེའི་ལུས་དུམ་བུ་དུམ་བུར་རྣམ་པར་འགྱུར།། སེམས་དམྱལ་དུད་འགྲོའི་སྐྱེ་གནས་ཡི་དྭགས་འཇིག་རྟེན ་མིར་བསྐལ་པ་བརྒྱ་ཕྲག་མཐའ་ཡས་དོན་མེད་ལུས་ཀྱང་གཏུབས།། སངས་རྒྱས་ཡེ་ཤེས་མངོན་པར་འདོད་པས་ལུས་འདོར་ཞེས།། སྐྱེས་བུ་དེས་ནི་ཡིད་ཀྱང་ཡང་དག་ཚིམ་པར་བྱེད།། མི་ཡི་སྡུག ་བསྔལ་རྒྱུ་ནི་རྣམ་པ་དུ་མ་དག། མཚམས་མེད་སྡུག་བསྔལ་བརྒྱ་ཆེར་ཉེ་བ་མི་འགྲོ་བའི།། དམྱལ་བ་རྣམསུ་བསྐལ་པ་བརྒྱར་ནི་གནས་པར་སྤྲོ།། རྒྱལ་བ་དང་ནི་ཆོས་དང་སེམས་ཅན་མི་གཏོང་།། ་བདག་མྱི་རྟག་རིང་དུ་མི་ཐུབ་སྒྱུ་མ་འདྲ།། ཁམས་བཞིན་དེ་དག་གདུག་པའི་སྦྲུལ་དང་འདྲ་བར་གསུངས།། བདག་གིས་ལུས་བོར་བྱས་ཏེ་དུག་མེད་འགྱུར་བར་བྱ།། ཉོན་མོངས་དུག ་ཞི་ནས་ནི་རང་བྱུང་སངས་རྒྱས་འགྱུར།། སྲིད་གསུམ་འ་ཇིག་རྟེན་འདི་ནི་ལུས་བདེ་འགྱུར་བའི་གཞི།། འདོད་པའི་ཟས་རྒྱུ་ཆུང་ཟད་ཇི་སྙེད་འཇིགས་པ་སྟེ།། བདག་གིས ་ལུས་བཏང་འཇིགས་པ་མེད་པར་འགྱུར་བར་བྱ།། བགྲང་བ་འདི་ལ་ཞུགས་པ་དེ་དག་གནོད་པ་བཟོད།། ནག་པོའི་ཕྱོགས་ལ་གྲོགས་ནི་བརྒྱ་སྟོང་ཕྲག་ཀྱང་མང་།། དཀར་པོའི་ཕྱོགས་ནི་གང ་ལའང་གྲོགས་པོ་གཅིག་པུར་འགྱུར།། བདག་ནི་མི་དགེ་རྣམས་དང་རྩོད་པར་མི་བྱ་སྟེ།། སངས་རྒྱས་བཟོད་པ་གསུང་བས་བཟོད་པ་བདག་གི་གྲོགས།། ཕྱོགས་བཅུའི་སངས་རྒྱས་དེ་དག་གིས་འདིར ་ནི་བདག་གི་དབང་།། ཇི་ལྟར་སངས་རྒྱས་སྐུ་ལ་སེམས་ནི་མི་ཕྱེད།། སངས་རྒྱས་དང་ནི་བདག་ཉིད་ཆེ་ལྷ་བདག་གི་གྲོགས།། གནོད་པ་བཟོད་པར་བྱ་ཡི་སྡང་བར་མི་བྱའོ།། གནོད་པ་ལུས་དང ་།། ངག་ཡིད་རྣམ་པ་གསུམ་དུ་གསུངས།། གང་བཟོད་པ་འབོད་ན་མི་བྱེད་བརྗོད་པ་ཡིན།། ལུས་ཀྱི་སྡུག་བསྔལ་རྣམ་པ་མཐའ་ཡས་ཡོད་བདག། གལ་ཏེ་ལུས་ལ་བཟོད་པ ་ལུས་གནོད་དག་པར་འགྱུར།། ལུས་ནི་དུམ་བུ་དུམ་བུར་གཏུབསུ་ཏེ་རྣམ་གཏོར་ཚེ།། ཐབས་ལྡན་ཆེ་བའི་བདག་ཉིད་ཕ་རོལ་ཕྱིན་རྫོགས་འགྱུར།། སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན ་འགྲུས་བསམ་གཏན་དང་།། ཤེས་རབ་ཁྱད་འཕགས་དམ་པ་སྐད་ཅིག་ཙམ་གྱིས་འཛིན།། ལུས་དང་ལུས་ལ་སྲེག་པའི་ཉོན་མོངས་རྣམས་ཀྱང་འདོར།། སྦྱིན་དང་རབ་ཏུ་ལྡན་པའི་ཕ་རོལ ་ཕྱིན་པར་འགྱུར།། བྱམས་པས་འཇིག་རྟེན་ཁྱབ་བྱེད་ཚུལ་ཁྲིམས་ཉམས་མི་འགྱུར།། བྱང་ཆུབ་རྗེསུ་འགྲོ་བས་ཚུལ་ཁྲིམས་དག་པ་འཛིན།། བཟོད་པའི་སྒྲིབས་སྐྱེད་ལན ་ལག་རྣམས་དང་ཉིང་ལག་གཅོད།། དེ་ཡང་དེ་ཡི་བཟོད་པ། འི་ཕ་རོལ་ཕྱིན་ལ་སྦྱོར།། བརྩོན་འགྲུས་གཅེས་པ་མ་ཞུན། བར་སྐབས་སྒྱིད་ལུག་མེད།། ལུས་ནི་རྣམ་པར་མཐོང ་ཞིང་བརྩོན་འགྲུས་ཕ་རོལ་འགྲོ།། བྱང་ཆུབ་སེམས་ཀྱི་བསམ་པ་དྲན་པ་མི་འདོར་ཞིང་།། ཉོན་མོངས་མུན་པའི་རྡུལ་རྣམས་བསུལ་ཕྱིར་རབ་ཏུ་བརྩོན།། ལུས་བཤིག་ནས་ནི་བསམ་གཏན་སྟོབས་དང ་རྣམ་པར་འཐོབ།། འདི་ཡང་རྡུལ་བྲལ་བསམ་གཏན་ཕ་རོལ་ཕྱིན་ལ་སྦྱོར།། བདག་གི་ལུས་ནི་བདག་མེད་རྨི་ལམ་ཀློག་དང་འདྲ།། འདི་ལ་བྱེད་པ་པོ་མེད་ཚོར་བ་པོ་འང་མེད།། ལུས་ཀྱི་གཟིངས ་བས་བཅིངས་པའི་སེམས་ཅན་བདག་གིས་དགྲོལ།། ཤེས་རབ་འདི་ནི་ཁྱད་འཕགས་ཕ་རོལ་ཕྱིན་པ་མཆོག། གང་ཞིག་འདི་ལ་སྦྱོར་ཞིང་ཚུལ་བཞིན་ཆོས་སེམས་ལ།། ལུས་ཀྱི་གནོད་པ་བཟོད ་ཅིང་རབ་སྡང་མི་བྱེད་ཅིང་།། མི་སྙན་པ་དང་སྨད་དང་བཤུད་བའི་ཚིག་ཐོས་ཀྱང་།། དེ་ནི་ཞེ་སྡང་མི་འགྱུར་བྱམས་ལྡན་སེམས་ཀྱང་དུལ།། ཐ་བ་རབ་ཏུ་ཞེ་སྡང་བྱོར་འདི་སྦྱིན་པ་དག། བྱམས་པའི ་ཡིད་དུ་གྱུར་པ་འདི་ནི་ཚུལ་ཁྲིམས་དག། བཟོད་པའི་སྟོབས་སྐྱེད་འདི་ནི་བཟོད་པ་དག་པ་ཡིན།། སངས་རྒྱས་ཡེ་ཤེས་འདོད་ནས་བརྩོན་འགྲུས་ཕྱིར་ཞིང་སྐྱེད།། སེམས་དང་ཡིད་རབ་ཞི་བ་འདི་ནི ་བསམ་གཏན་དག། སྒྲ་སྐད་མི་རྙེད་འདི་ནི་ཤེས་རབ་དག་པ་ཡིན།། མི་ཡི་ཚིག་ཐོས་ནས་ནི་གང་ཆོས་འདི་སེམས་པ།། དེ་འདིར་གནོད་བཟོད་དག་གི་སྐྱོན་ལ་ཆགས་པ་མེད།། བདུད་དང་མུ ་སྟེགས་ཅན་གྱི་ལྟ་གྱུར་བརྒྱ་སྟོང་གིས།། གནས་འདི་རྙེད་དཀའ་སྦྱོར་བ་འོང་བརྗོད་ཀྱང་།། མི་སྐྲག་ཞུམ་པ་མེད་ཅིང་ཕྱི་ཕྱིར་མཐུ་སྐྱེད།། མཁས་པ་དེ་ནི་གནོད་དང་སེམས་གནོད ་མཐའ་ལས་བཟོད།། གང་ཞིག་བཟོད་དང་བརྩོན་འགྲུས་ར་ཁ་གནས་རི་རབ་འདྲ།། སེན་ཀུན་ནང་དཔའ་བ་དེ་འདིར་གནོད་བ་བཟོད།། སྟོབས་བཅུ་རྣམས་ཀྱི་སྦྱང་བ་དང་ནི་གནོད ་ཤེས་ནས།། བྱང་ཆུབ་རྗེསུ་འགྲོ་བས་བྱི་ནས་ལུང་སྟོན་ཏོ།། བློ་གྲོས་རྒྱ་མཚོ་དེ་ལ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་འབིགས་པ་གང་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ལ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེས་རློམ་སེམསུ་མོ་བྱེད། ཐམས་ཅད་མཁྱེན་པའི ་སེམས་དེ་ལ་རྟེན་པར་མི་བྱེད། གནས་པར་མི་བྱེད། ལེན་པར་མི་བྱེད། འདོར་བར་མི་བྱེད། སྤྲོས་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་ཀྱི། རྣམ་པར་རྟོག་པ་ཉེ་བ་བ་ནི་བ་ལ་གནས་པ་ཡིན་ཏེ། ་དེ་ཆོས་ཟབ་མོ་རྣམས་ལ་བློས་དཔྱོད།། ཆོས་ཟབ་མོ་དག་གང་ཞེ་ན། འདི་ལྟ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ལུག་སུ་འབྱུང་བ་དང་། རྒྱུ་ལ་དམིགས་པ་ཁོང་དུ་ཆུད་པ་དབུས་པས་མི ་དག་ཆད་པ་མ་ཡིན་པ་དང་། མཐར་ལྟ་བ་དང་བྲལ་བ་དང་། རང་བཞིན་གྱིས་བདག་མེད་པ་དང་། བདག་ངོ་བོ་ཉིད་མེད་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། གདོད་མ་ནས་མ་སྐྱེས་པ་དང་། མ་བྱུང་བ ་དང་སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མེད་པ་ལ་ཡིད་ཆེས་པ་དང་། སྨོན་པ་མེད་པ་ལ་སོ་མ་ཉི་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་ལ་དེ་ཁོ་ནའི་བློ་དང་ལྡན་པ་དང་། ཤིན་ཏུ་མི་རྟག ་བ་ཉིད་དང་གཟུགས་དབུ་བ་དང་མཚུངས་པ་ཉིད་དང་། ཚེར་བུ་རྒྱ་བུར་དང་འདྲ་བ་ཉིད་དང་། འདུ་ཤེས་སྨིག་རྒྱུ་དང་མཚུངས་སྟེ། གཉི་སུ་མེད་པ་ཉིད་དང་། འདུ་བྱེད་རྣམས་ལ་ཆུ་ཤིང་དང ་མཚུངས་པར་ས་སོར་རྟོག་པ་དང་། རྣམ་པར་ཤེས་པ་སྒྱུསལྟ་བུའི་ཆོས་ཉིད་དང་། ཁམས་རྣམས་གཡོ་བ་མེད་པ་ཉིད་དང་། སྐྱེ་མཆེད་རྣམས་ཕན་ཚུན་དུ་ཤེས་པ་མེད་པ་ཉིད ་དང་སེམས་གནས་པ་མེད་པ་དང་། ང་རྒྱལ་ཡིད་ལ་མི་བྱེད་པ་དང་། ལྷག་པར་བྱེད་པ་ལྷག་པར་མི་བྱེད་པ་དང་། མཉམ་པ་ཉིད་ལ་མཉམ་པ་ཉིད་དུ་རྟོག་པ་དང་། ཐ་དད་དུ་བྱ་བ་མེད་པ་དང་། ་རོ་གཅིག་དང་། བགྲོད་པ་གཅིག་པུའི་ལམ་ལ་རབ་ཏུ་གནས་པ་དང་། ལཱམ་གྱི་ཚོགས་ཤེས་པ་ཡོངསུ་ཚོལ་བ་དང་། ངེས་པའི་དོན་ལ་རྟོག་པ་དང་། དོན་གྱི་རྗེ་སུ་ཞུགས་པའི་བློ་དང་། སྐད་ཐད། ་ལ་སྐད་མེད་པར་འཇུག་པ་དང་། སྒྲ་ཐམས་ཅད་ལ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངསུ་ཆད་པ་ཤེས་པ་དང་། དོན་དང་ཚིག་འབྲུ་གཉི་སུ་མེད་པ་ལ་འཇུག་པ་ཤེས་པས་དོན་བརྗོད་མེད་པར ་རྟོགས་པ་དང་། སྡུག་བསྔལ་ཤེས་པ་དང་། ངར་འཛིན་པ་མེད་པ་དང་། ཀུན་འབྱུང་བ་ཤེས་པ་ཤིན་ཏུ་ཟད་པ་དང་། འགོག་པ་ཤེས་པ་སྒྲོ་བཏགས་པ་མེད་པ་དང་། ལམ་ཤེས་པ་འདུས་བྱས ་དང་། འདུས་མ་བྱས་མཉམ་ཉིད་དུ་འཇུག་པ་དང་། ལུས་ལ་ཞུགས་པའི་དྲན་པ་སྔོན་གྱི་མཐའ་དང་། ཕྱི་མའི་མཐར་འཕོ་བ་མེད་པ་དང་། ཚོར་བ་ལ་ཞུགས་པའི་དྲན་པ་སྐྱེ་བ་དང་། འཇིག་པར ་མི་གནས་པ་དང་། སེམས་ལ་ཞུགས་པའི་དྲན་པ་དམིགས་པ་ལ་ཤིན་ཏུ་བརྟག་པ་དང་། ཆོས་ལ་ཞུགས་པའི་དྲན་པ། ཆོས་ཀྱི་དབྱིངས་དབྱིངས་མ་ཡིན་པ་དང་། ཡང་དག་པའི་སྤོང་བ ་མཉམ་པས་མཉམ་པ་དང་། རྫུ་འཕྲུལ་གྱི་རྐང་པ་སེམས་ལ་དབང་སྒྱུར་བ་དང་། དད་པའི་དབང་པོ་ཆགས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་དང་། དད་པའ་སྟབས་གཞན ་བརྩོན་འགྲུས་ཀྱི་དབང་པོ་དང་ན་བས་ངེས་པར་བྱུང་བ་དང་། དྲན་པའི་དབང་པོ་དྲན་པ་མེད་བ་དང་། ཏིང་འཛིན་གྱི་དབང་པོ་ཡིད་ལ་བྱེད་པ་མེད་པ ་དང་། ཤེས་རབ་ཀྱི་དབང་པོ་སྤྲོས་པ་ལས་ཤིན་ཏུ་འདས་པ་དང་། དད་པའི་སྟོབས་གཞན་གྱི་དྲིང་མི་འཇོག་པ་དང་། བརྩོན་འགྲུས་ཀྱི་སྟོབས་དམིགས་པ་རྟོག་པ་མེད་པ་དང་། དྲན་པའི་སྟོབ ་ཉམས་པ་མེད་པ་དང་ལྡན་པ་དང་། ཏིང་འཛིན་གྱི་སྟོབས་སེམས་པར་གྱུར་པ་དང་། ཤེས་རབ་ཀྱི་སྟོབས་མི་འཁྲུགས་པའི་རྒྱུ་འཐུན་པ་དང་། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག ་དྲན་པ་མེད་ཅིང་བརྗེད་པ་མེད་པ་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པ་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན ་ལག་ལེན་པ་མེད་ཅིང་འདོར་བ་མེད་པ་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དཔའ་རླབས་མེད་པ་དང་། རབ་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལུས་དང ་སེམས་ལ་ཞུགས་པ་དང་། ཏིང་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མཉམ་པ་ཉིད་ཁོང་དུ་ཆུད་པ་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་དང་བྲལ་བ་དང་། ཡང་དག ་པའི་ལྟ་བ་ལྟ་བ་ཐམས་ཅད་སྤང་བ་དང་། ཡང་དག་པའི་རྟོག་པ། རྟོག་པ་དང་རྣམ་པར་རྟོག་པ་དང་། ཡོངསུ་རྟོག་པ་ཐམས་ཅད་དང་བྲལ་བ་དང་། ཡང་དག་པའི་ངག་སྒྲ་སྐད་ཐམས་ཅད་མཉམ་པ ་ཉིད་ལ་འཇུག་པ་དང་། ཡང་དག་པའི་ལས་ཀྱི་མཐའ་ལུས་དང་སེམས་ཀྱི་ལེས་དང་བྲལ་བ་དང་། ཡང་དག་པའི་འཚོ་བ་ཚེ་ལ་བ་ཐམས་ཅད་རྒྱུན་བཅད་པ་དང་། ཡང་དག་པའི་རྩོལ ་བ་འདེག་པ་མེད་ཅིང་འཇོག་པ་མེད་པ་དང་། ཡང་དག་པའི་དྲི་ན་བ་དགེ་བ་དང་རྣམ་པར་རིག་པ་ལ་མི་འཇུག་པ་དང་། ཡང་དག་པའི་ཏིང་འཛིན་སེམས་ཀྱི་དམིགས་པ་མཉམ་པ་ཉིད་ལ ་འཇུག་པ་དང་། ཞི་བ་ཞི་གནས་ཀྱི་མཐར་སོང་བ་དང་། ལྷག་མཐོང་ལྟ་བས་རྣམ་པར་དག་པ་དང་། སྐྱེ་བ་མེད་པའི་དོན་མི་རྟག་པ་དང་། གདོད་མ་ནས་སྐྱེ་བ་མེད་པའི་དོན་སྡུག་བསྔལ་གྱི་དོན་དང་། རྒྱུབ ་མེད་པའི་དོན་བདག་མེད་པའི་དོན་དང་། ཉེ་བར་ཞི་བའི་དོན་ཞི་བའི་དོན་དང་། དུལ་བས་སྦྱིན་པ་དང་། བསིལ་བའི་དངོས་པོར་གྱུར་པའི་ཚུལ་ཁྲིམས་དང་། ཟད་པའི་ཆོས་དང་ལྡན་པའི་བཟོད་པ་དང་། ཤིན ་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པའི་བརྩོན་འགྲུས་དང་། ནང་ཉེ་བར་ཞི་བའི་བསམ་གཏན་དང་། ཡང་དག་པའི་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་མཚན་ཉིད་ཤེས་རབ་དང་། སེམས་གདོད་མ་ནས་རྣམ ་པར་དག་པའི་བྱམས་པ་དང་། ནམཁའ་དང་མཚུངས་པའི་སྙིང་རྗེ་དང་། དགའ་བ་མེད་པའི་དགའ་བ་དང་། རྩོད་པ་ཐམས་ཅད་རྒྱུན་གཅོད་པའི་བཏང་སྙོམས་དང་། ཆོས་ཐམས་ཅད་འཁོར་གསུམ ་ཡོངསུ་དག་པ་དང་། སྔོན་གྱི་མཐའ་ནས་སྟོང་པ་དང་། ཕྱི་མའི་མཐར་དབེན་པ་དང་། ད་ལྟར་བྱུང་བ་ན་བདག་མེད་པའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་གང་ཆོས་ཟབ་མོ་རྒྱུན་ཆད་པ། ཚིག་འབྲུ་དང་བྲལ ་བ་ན་མཁའ་དང་མཚུངས་པ་འདི་དག་རྟོག་པ་དང་ཁོང་དུ་ཆུད་པ་དང་། འཇུག་པ་དང་ཤེས་པ་ལ་དཔྱོད་པ་དང་། སེམས་པ་དང་། འཇལ་བ་དང་། འགྲང་བ་དང་། ཉེ་བར་རྟོག་པ་དང་། ནན་ཏན་བྱེད་པ ་འདི་ནི་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་འབིགས་པའོ།། དེ་ལྟར་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ཕིགས་ན། ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ནི་ལྷུན་གྱི ་གྲུབ་པ་ཉིད་དུ་འཐོབ་པར་འགྱུརརོ།། བློ་གྲོས་རྒྱ་མཚོ་འདི།། ལྟ་སྟེ་དཔེར་ན། ཟླ་བ་དང་། ཉི་མའི་གནལ་མེད་ཁོང་ལྷུན་ཀྱིས་གྲུབ་པར་རྣམ་པར་རྒྱུ་ཞིང་། འཛམྦུའི་གླིང་ཐང་དུ ་སྣང་བར་བྱེད་ཀྱང་། ལྷའི་བུ་ཉི་མ་དང་ཟླ་བ་འདི་སྙམ་དུ་བདག་ཅག་འགྲོ་འམ་འོན་ཏེ་ལྡོག་སྙམ་དུ་མི་སེམས་པར་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པས་དེ་དག ་འགྲོའོ།། བློ་གོས་རྒྱ་མཚོ་དེ་བཞིན་དུ་རབ་ཏུ་ཕིགས་པའི་ཤེས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་ན་སེམས་ཅན ་གྱི་དོན་བྱེད་ཀྱང་། བྱང་ཆུབ་སེམས་དཔའ་དེ་ནི་ཡང་མངོན་པར་འདུ་བྱེད་པ་མེད་པར་བྱ་བ་དེ་དག་ཀུན་ཏུ་སྟོན་ཏོ།། བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་འབིགས་པ་ཤེས་པ་གང་ཡིན་པ ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡོངསུ་བཙལ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་མཉམ་པར་བཞག ་ནར་ལྷག་མཐོང་གིས་ཆོས་རྣམས་མཐོང་གི། མཉམ་པར་མ་བཞག་པས་ནི་མ་ཡིན།། དེའི་ལྷག་མཐོང་གང་ཡིན་པ་དེ་ནི་ཤེས་རབ་སྟེ། ཤེས་རབ་དེས་མངོན་པར་དུ་འགྱུར་ཞེ་ན། ་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་མངོན་སུམ་དུ་འགྱུརརོ།། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་གང་ཞེ་ན།། རྣམ་པར་རིག་པ་དེའི་ཡང་དག་པ་ཇི་ལྟ་བ་བ། མཉམ་ཉིད ་ཀྱི་གཞི་དེ་ལས་ཀུན་ཏུ་མི་སྤྱོད་པ་ཆོས་རྣམས་ཀྱི་མཚན་ཉིད་ཀྱི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་རིག་པ་ནི་ཆོས་རྣམས་ཀྱི་མཚན་ཉིད་ཀྱི་གཞིའོ།། རྣམ་པར་རིག་པ་དེའི་ཡང་དག་པའི ་ཇི་ལྟ་བའི་མཚན་ཉིད་གང་ཡིན་པ་དེ་ནི་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ཅེས་བྱའོ།། གང་གི་ཚེ་ཚོར་བ་ཐམས་ཅད་རྒྱུན་བཅད་པར་གྱུར་པ་དེའི་ཚེ་སྣང་བར་ཡང ་མི་བྱེདདང་མི་སྣང་བར་ཡང་མི་བྱེད་དོ།། དེ་ལ་སྣང་བ་ནི་གང་མི་སྣང་བ་ནི་གང་ཞེ་ན། སྣང་བ་ཞེས་བྱ་བ་ནི་སྐྱོ་བའོ།། མི་སྣང་བ་ཞེས་བྱ་བ་ནི་འགགས་པའོ།། གང་གི་ཚེ་སྣང་བར་ཡང་མི་བྱེད། ་མི་སྣང་བར་ཡང་མི་བྱེད་པ་དེའི་ཚེ། སྐྱེ་བར་ཡང་མི་བྱེད། འགག་པར་ཡང་མི་བྱེད།། གང་གི་ཚེ་སྐྱེ་བར་ཡང་མི་བྱེད། འགག་པར་མི་བྱེད་པ་དེའི་ཚེ་ཆོས་ཉིད་ལ་གནས་པ་ཡིན་ཏེ། ཆོས་ཀྱི ་དབྱིངས་འཁྲུག་པར་མི་བྱེད། དེ་བཞིན་ཉིད་ལས་མི་གཡོ། ཡང་དག་པའི་མཐའ་འཇིག་པར་མི་བྱེད།། དེ་ལ་ཆོས་ཀྱི་དབྱིངས་ཤེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་རྗེ་སུ་རྟོགས་པའོ།། དེ ་བཞིན་ཉིད་ནི་དེ་ཁོ་ནའི་མཚན་ཉིད་ཁོང་དུ་ཆུད་པའོ།། ཡང་དག་པའི་མཐའ་ནི་གཉི་སུ་མེད་པའི་ཡང་དག་པ་མངོན་པར་རྟོགས་པའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་མངོན་སུམ་དུ་ཤེས་པ་རིག་པའི་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤིན་ཏུ་ཕིགས་པ་ཤེས་པ་ཞེས་བྱའོ།། སྦྱང་བ་དང་། གནོད་པ་དང་། ངེས་པར་འབིགས་པའི་ལེའུ་འདི། བཅོམ་ལྡན་འདས་ཀྱི་བཤད་པའི་ཚེ། ་ལྷ་དང་མིའི་སྐྱེ་དགུའི་སྲོག་ཆགས་ཁྲག་ཁྲིག་ཕྲག་བཅུ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད།། སྲོག་ཆགས་ཁྲི་དྲུག་སྟོང་གིས་བཟོད་པ་རབ་ཏུ་ཐོབ་པར ་གྱུར་ཏོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚོག་སུ་བཅད་པ་འདི་དག་གསུངསོ།། ཆོས་ཀུན་ངེས་པར་རྟོགས་པ་ཡི།། བྱང་ཆུབ་སེམས་ནི་སྒྲོགས་པར་བྱེད།། དེ་ཚེ་ངེས་རྟོགས་ཡེ་ཤེས་ཀྱི ་ཆོས་རྣམས་ཀུན་ལ་ཆགས་པ་མེད།། ཟབ་མོའི་ཆོས་རྣམས་ཁོང་དུ་ཆུད།། མཁས་པ་སྐྲག་པར་འགྱུར་བ་མེད།། སྐྲག་མེད་ཀུན་ཏུ་འཇིགས་མེད་པས།། ཁྱད་པར་འཕགས་པར་འགྱུར་བ་ཡིན།། ་རྒྱུ་ལ་དམིགས་པའི་ཚུལ་གྱིས་ནི་བརྟེན་པའི་ཆོས་རྣམས་ཁོང་དུ་ཆུད།། ཤེས་རབ་ལྡན་དེ་རྗེས་འཐུན་བྱེད།། མཐར་ལྟ་བ་ནི་མི་འཛིན་ཏོ།། རྟག་པ་དང་ནི་ཆད་པ་ལ།། བློ་ནི་ཐོགས་པ་ཡོད་མ ་ཡིན།། ཡང་དག་མཐའ་ནི་བསམ་ཡས་པའི།། དབུ་མའི་མཐའ་ནི་རྟོགས་པར་འགྱུར།། བདག་གི་མཐའ་ཡི་རང་བཞིན་གྱིས།། ཆོས་རྣམས་བདག་མེད་ངོ་བོ་ཉིད།། ཆོས་ཀུན་དེ་ཡི་རང་བཞིན་ཏེ།། ་གདོད་ནས་མ་སྐྱེས་འགག་པ་མེད།། སྐྱེས་པ་མེད་ཅིང་འབྱུང་བ་མེད།། སྟོང་པ་གཟུང་མེད་དྲི་མ་མེད།། མཚན་མ་མེད་ཅིང་སྤྲོས་པ་མེད།། ནམ་མཁའ་དང་ནི་མཚུངས་ཤིང་འདྲ།། དེ་དག་སེམས ་ཀྱི་མི་སྨོན་པར།། འདོད་ཅིང་ཆགས་པ་མེད་པར་སྤངས།། གཟུགས་ཀྱི་རང་བཞིན་མངོན་སུམ་དུ།། ལྦུ་བ་ལྟ་བུར་རབ་ཏུ་ཤེས། ཚོར་བ་ཆུ་བུར་འདྲ་བ་སྟེ།། འདུ་ཤེས་སྐྲག ་རྒྱུའི་མཚན་ཉིད་དོ།། འདུ་བྱེད་ཆུ་ཤིང་སྙིང་པོ་འདྲ།། རྣམ་པར་ཤེས་པ་སྒྱུ་མ་འདྲ།། ཁམས་བཞི་གཡོ་བ་མེད་པ་ཏེ།། ན་མཁའ་མཚུངས་པའི་ཁམས་ཡིན།། གང་དག་སྐྱེ་མཆེད་ཐམས་ཅད ་ནིནིབེམས་པོ་ཕན་ཚུན་སྤྱོད་ཡུལོ།། སེམས་ནི་ནང་ན་མ་ཡིན་ཏེ།། ཕྱི་རོལ་ཏུ་ཡང་མི་དམིགསོ།། ཡིད་ལ་ང་ཡི་ཡོད་མ་ཡིན།། རྣམ་པར་ཤེས་པ་གནས་པ་མེད།། ཆོས་རྣམས་ཡིད་ལ ་མྱི་བྱེད།། ལྷག་པར་བྱེད་པ་རྣམ་པར་སྤོང་།། ཆོས་རྣམས་ཐམས་ཅི་ད་མཉམ་ཉིད་དུ།། ཡང་དག་ཉིད་དུ་ཁོང་དུ་ཆུད།། ཐ་དད་མེད་ཅིང་རོ་གཅིག་སྟེ།། གཅིག་པུ་བགྲོད་ལམ ་མཉམ་པ་ཉིད།། ལམ་གྱི་ཤེས་པ་རབ་ཏུ་རྟོགས།། ངེས་པའི་ན་གྱི་དོན་རྣམས་མཐོང་།། བློ་ནི་དོན་གྱི་རྗེསུ་ཞུགས།། སྐད་ནི་སྐད་མེད་ཁོང་དུ་ཆུད།། སྒྲ་རྣམས་ཀུན་ལ ་སྔོན་མཐའ་དང་།། ཕྱི་མའི་མཐའ་མར་ཡོངསུ་གཅོད།། དོན་དང་ཚིག་འབྲུ་རྣམས་ལ་མཁས།། ཆོས་རྣམས་གཉིས་མེད་པར་རྟོགས།། བརྗོད་དུ་མེད་པའི་དོན་ལ་ནི།། འདི་ཉིད་ཡང་དག ་ཁོང་དུ་ཆུད།། སྐྱེ་བ་མེད་པར་སྡུག་བསྔལ་ཤེས།། ཀུན་འབྱུང་བ་ལ་མཉམ་པའི་བློ།། འགོག་པ་ཤེས་པ་ཟད་པར་བསྟན།། ལམ་ཤེས་པ་ནི་འདུས་མ་བྱས།། ལུས་དང་ཚོར་བ་སེམས ་དང་ནི།། ཆོས་ལ་ཆོ་སུ་རྗེ་སུ་རྟོགས།། དྲན་མེད་ཡིད་ལ་བྱེད་མེད་པའི།། དྲན་པ་ཉེ་བར་གཞག་པ་སྟོན།། ཆོས་ཀྱི་དབྱིངས་ནི་དབྱིངས་མིན་པར།། ཡང་དག་ཉིད་ནི་མཉམ་པས་མཉམ།། སྤོང ་ས་སྤང་དུ་མེད་པ་ནི།། ཡང་དག་སྤོང་བ་རབ་ཏུ་བརྟན།། སེམས་ལ་དབང་ནི་ཐོབ་པ་ཡིན།། རྫུ་འཕྲུལ་རྐང་པ་རབ་ཏུ་བསྟན།། ཆགས་པ་ཀུན་ལས་རབ་འདས་པ།། དེ་ནི་དད་པའི་དབང་པོ་ཡིན།། ཆས ་རྣམས་ཐམས་ཅད་རྣམ་དབྱེན་པ།། དེ་ནི་བརྩོན་འགྲུས་དབང་པོ་ཡིན།། དྲན་པ་མེད་པའི་དྲན་འཇུག་པ།། དེ་ནི་དྲན་པའི་དབང་པོ་ཡིན།། ཆོས་རྣམས་ཡིད་ལ་མི་བྱེད་པ།། དེ་ནི་ཏིང་འཛིན ་དབང་པོ་ཡིན།། སྤྲོས་ལས་ཤིན་ཏུ་རབ་འདས་པ།། ད་ནི་ཤེས་རབ་དབང་པོ་ཡིན།། ཡང་དག་ཉིད་ནི་རྟོགས་ནས་དེ།། གཞན་གྱི་དད་པས་འགྲོ་མ་ཡིན།། སེམས་ནི་གཡོ་བ་ཡོད་མིན་པ།། ད ་པའི་སྟོབས་ནི་འདི་འདྲའོ།། ཡང་དག་ཤེས་ལས་ཉམས་པ་མེད།། དྲན་པའི་སྟོབས་ནི་འདི་འདྲའོ།། ཏིང་འཛིན་གྱི་སྟོབས་མཛད་ནི།། ངེས་པར་སེམས་ལ་དགའ་བ་ཡིན།། མི་རྟོགས་རྣམ་པར་མི ་རྟོག་པ།། ཤེས་རབ་སྟོབས་ནི་འདི་འདྲའོ།། ཆོས་རྣམས་རྟོགས་པའི།། དོན་དུ་ནི།། བྱང་ཆུབ་ཡན་ལག་རབ་ཏུ་བསྟན།། མཉམ་སྟེ། མི་མཉམ་མེད་པའི་ཆོས།། ཡང་དག་ལྟ་བ་ཡིན ་ཞེས་བརྗོད།། གཉིས་མེད་ཆོས་ལ་སྒོམ་པ་ནི།། སྐྱེས་པ་མེད་པའི་ལམ་སྒོམ་ཡིན།། སྐྱེ་བ་མེད་པ་མི་རྟག་དོན།། འབྱུང་བ་མེད་པ་སྡུག་བསྔལ་དོན།། རྒྱུ་བ་མེད་པ་བདག་མེད་དོན།། ཞི་དོན་ཉེ་བར ་ཞི་བར་གནས།། དུལ་བའི་སེམས་ནི་སྦྱིན་པ་ཡིན།། ཞི་བའི་སེམས་ནི་ཚུལ་ཁྲིམས་ལྡན།། ཟད་པའི་ཆོས་རྟོགས་བཟོད་པ་ཡིན། བརྩོན་འགྲུས་རྣམ་པར་བྱེ་བས་རྟོགས།། ཤིན་ཏུ་ཞི་བབས ་གཏན་དེ། ཤེས་རབ་ཡང་དག་རབ་ཤེས་པ།། སེམས་ཅན་གདོད་ནས་རྣམ་དག་དོན། བྱམས་པ་ཞེས་ནི་བརྗོད་པ་ཡིན།། སྙིང་རྗེ་ན་མཁས་འདྲ་བ་སྟེ།། དགའ་བ་སྦྱོང་བ་དགའ་བ་ཡིན།། རྩོམ ་པ་ཐམས་ཅད་རྒྱུན་ཆད་པ།། བཏང་སྙོམས་ཤེས་ནི་རབ་ཏུ་བསྟན། འཁོར་གསུམ་ཡོངསུ་ཆད་པར་ནི།། ཆོས་རྣམས་ཐམས་ཅད་རབ་ཏུ་ཤེས། ཆོས་རྣམས་ངེས་པར ་འབིགས་འདི་ནི། ལྟ་བའི་མདུད་པ་གཅོད་པ་ཡིན། བསམ་གཏན་ཤེས་རབ་གང་ཡིན་པ།། དེར་ནི་ངེས་པར་འབིགས་པ་བསྟན།། ཚད་མེད་པ་ལ་འཇུག་པ་ནི།། ཆོས་ཤེས་པ་ཞེས་བརྗོད་པ ་ཡིན་པ་གནོད་པ་བཟོད་པ་དང་ངེས་པར་འབིགས་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དེ་ལྟར་ན་གང་གི་ཚེ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་པ་དང་། ཡོངསུ་དག་པར་འགྱུར་ཏེ། བསམ་པ་བཅོ་མ་མ་ཡིན་ཞིང་། སེན ་ཐམས་ཅད་ཀྱི་གནོད་པར་བྱས་ཀྱང་ཞེ་འགྲས་པ་མེད་ལ་ཤིན་ཏུ་ངེས་པར་ཕིགས་པའི་ཡེ་ཤེས་གྱུར་ཅིང་། ཤེས་རབ་རྣམ་པར་གདོན་མི་ཟ་བ་ཐོབ་པ་དེའི་ཚེ། ཤིན་ཏུ ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་འཛིན་རྩ་བའི་གནས་ལ་རབ་ཏུ་གནས་པ་ཡིན།། དེ་ལ་ཏིང་འཛིན་འདིའི་རྩ་བའི་གནས་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་ན ་སྡང་མེད་པའི་སྙིང་རྗེ་ཆེན་པོའོ།། དེ་སེམས་ཅན་ཐམས་ཅད་ཀྱིས་སྟི་སྟང་དུ་བྱས་ཀྱང་ཁེངས་པར་མི་འགྱུར།། སེམས་ཅན་ཐམས་ཅད་ཀྱིས་སྟི་སྟང་དུ་མ་བྱས་ཀྱང་བཏུད་པར་མི་འགྱུར ་ཁེངས་པ་མེད་པ་དང་། འདུད་པ་མེད་པ་དེ་ནི་ཤེས་པ་ལས་ངེས་པར་བྱུང་བ་ཡིན་གྱི། ང་རྒྱལ་ལས་ངེས་པར་བྱུང་བ་ནི་མ་ཡིནོ།། ཁེངས་པ་མེད་པ་དང་། འདུད་པ་མེད་པ་དེ་ནི་ཆོས ་དང་ལྡན་པ་ཡིན་གྱི། གཏི་མུག་དང་ལྡན་པ་མ་ཡིནོ།། ཆོས་ཐམས་ཅད་ཤེས་པ་ལས་ངེས་པར་བྱུང་བས་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་ཀྱི་ལས་དང་ལྡན་པ་ཡིན།། ཡེ་ཤེས་སྔོན་དུ ་འགྲོ་བའི་ངག་གི་ལས་དང་ལྡན་པ་ཡིན།། ཡེ་ཤེས་སྔོན་དུ་འགྲོ་བའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། དེ་ལུས་སམ། དགགས། ཡིད་ཀྱི་ལས་གང་བྱེད་ཀྱང་། དེ་ཐམས་ཅད་ཡེ་ཤེས ་སྔོན་དུ་འགྲོ་ཞིང་། ཡེ་ཤེས་ཀྱི་རྗེསུ་འབྲ་།། དེ་ལ་བྱང་ཆུབ་སེམས་དཔའ་ལུས་ཀྱིས་ལས།། ཡེ་ཤེས་སྔོན་དུ་འགྲོ་བ་གང་ཞེ་ན། གང་གཟུགས་ཀྱི་ལས་ཀུན་ཏུ་བསྟན་པས་སེམས་ཅན་རྣམས་ཡོངས་སྨིན ་པར་བྱེད།། འདུལ་བར་བྱེད།། སྤྱོད་ལམ་ཇི་ལྟ་བུས་སེམས་ཅན་རྣམ། ས་འདུལ་བར་འགྱུར་བ་དེ་ལྟ་བུ་ཉིད་དུ་དེའི་སྤྱོད་ལམ་ལྡན་ཀྱིས་གྲུབ་ཅིང་ཡོང་སུ་མ་བརྟག་པ་མེད་པར་ཀུན་ཏུ ་གནསོ།། ལུས་ཀྱི་སྐྱོན་དང་། ལུས་ལ་ཆགས་པ་དང་། ལུས་ཀྱི་འགྱུར་བ་དང་། ལུས་ཀྱི་ཚུལ་ཆོས་པ་དང་། ལུས་ཀྱི་འཁྲུ། ག་པ་དང་། ལུས་ཀྱི་ཡོངསུ་རྟོག་པ་གང་ཡིན་པ་དེ ་དག་བྱང་ཆུབ་སེམས་དཔའ་དེས་ཡང་དག་པར་སྟོན་པ་ཡིན་ཏེ། ཤིང་ཏ་ལའི་མགོ་བཅད་པ་བཞིན་དུ་རྩ་བ་ནས་ཆད་ནས་མ་འོངས་པ་ན་མི་སྐྱེ་བའི་ཆོས་ཅན་དུ་འགྱུརརོ།། དེ་ལུས་ཡོངསུ་དག་པ་ཡིན། ་ཏེར་ལུས་མཚན་གྱིས་ལེགས་པར་བརྒྱན་པ་དང་། ལག་པ་དང་། རྐང་པ་འཇམ་ཞིང་མཉེན་པ་དང་། བསོད་ནམས་ཀྱི་རྒྱུ་འཐུན་པའི་ལུས་ཤིན་ཏུ་རྣམ་པར་ཕྱེ་བ་དང་། དབང་པོ་མ་ཚང་བ་མེད་པ ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་ཡོང་སུ་རྫོགས་པ་ཡིན་ཡང་གཟུགས་ཀྱིས་རྒྱགས་ཤིང་དྲེགས་པ་མེད་པ་ཡིན་ཏེ། ལུས་ཆེ་བའི་ཚུལ་དང་ལྡན་པ་མ་ཡིན་ནོ།། ཆོས་འཛིན་པ་ཉེ་བར་བཅུན ་ནས་སེམས་ཅན་ཇི་ཙམ་དུ་དམན་པ་གཟུགས་མ་ཚང་བ་རྣམས་ལ་ཡང་འདུད་དོ་རབ་ཏུ་འདུ།། དེ་རང་གི་ལུས་ཀྱི་ཆོས་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ཆོས་མཉམ་པ ་ཉིད་དུ་ཤེས་པ་འཇུག། དེ་ལུས་ལ་ལུས་ཀྱི་ཆོས་ཀྱི་ཆོས་ཉིད་ཤེས་ནས་ཆོས་ཀྱི་ལུས་ཡིན་གྱི། ཟང་ཟིང་གི་ལུས་མ་ཡིནོ།། དེ་ལ་ཆོས་ཀྱི་ལུས་གང་ཞེ་ན། གང་བསམ་གཏན་གྱི་ཟས་ཟ་བ ་ཡིན་གྱི། ཟང་ཟིང་གི་ཟས་ཟ་བ་མ་ཡིན་ཏེ། འཇིག་རྟེན་དང་འཐུན་པར་བྱ་བ་དང་། སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་ཟས་ཟའི། ལུས་ཉམ་ཆུང་བའི་ཕྱིར་ནི་མ་ཡིན།། དེ་ཆོས་ཀྱི་ལུསུ་གྱུར ་ནས་ཆོས་ཀྱིས་སྲོག་འཚོའི། ཟང་ཟིང་གིས་སྲོག་ལ་ཚེ་བ་ནི་མ་ཡིནོ།། དེ་ལ་ཆོས་ཀྱིས་སྲོག་འཚོ་བ་གང་ཞེ་ན། གང་གི་སྲེག་ཕྱིར་ཡང་བྱང་མ་ཡིན་པ་མི་བྱེད་པ་དང་། འཕགས་པའི ་ཚུལ་ལས་མི་འདར་བའོ།། དེ་ལ་འཕགས་པ་རྣམས་ཀྱི་ཚུལ་གང་ཞེ་ན། འདི་ལྟ་སྟེ། ཆགས་པ་མེད་པ་དང་། སྡང་བ་མེད་པ་དང་། རྨོངས་པ་མེད་པ་དང་། ཉོན་མོངས་པ་ཐམས་ཅད་དང ་དང་བྲལ་བ་དང་། ཇི་ལྟར་བསླབ་པ་བཅས་པ་བཞིན་དུ་ཀུན་ཏུ་སྲུང་བ་དང་། སྦེད་པ་དང་། རབ་ཏུ་གནས་པ་འདི་ནི་འཕགས་པ་རྣམས་ཀྱི་ཚུལ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས ་སྔོན་དུ་འགྲོ་བའི་ལུས་ཀྱི་ལས་དང་ལྡན་པས་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱི་སྟོབས་ཐམས་ཅད་དང་ལྡན་པ་ཡིན་ཏེ། དེ་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྣང ་བར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་དེ་དག་ནི་གཟུགས་དང་མཚན་དང་། གཟི་བརྗིད་དང་རྒྱན་རྣམས་ཅི་འདྲ་བར་བྱང་ཆུབ་སེམས་དཔའ་དེའི་ཡང་ལྷུན་གྱིས་གྲུབ་ཅིང་ཡོངསུ ་བརྟགས་པ་མེད་པར་དེ་འདྲ་བར་གན་སོ།། དེ་འོད་བཀོད་པའི་ལུས་དང་ལྡན་པ་ཡིན་ཏེ། དེ་གང་གི་ཚེ་ལུས་ལས་འོད་རབ་ཏུ་གཏོང་བ་དེའི་ཚེ། སངས་རྒྱས་ཀྱི་ཞིང་གྲངས་མེད་དཔག་ཏུ་མེད་པ་རྣམས ་སྣང་བས་ཁྱབ་པར་བྱེད།། དེའི་འོད་དེ་ནི་བདེ་བསྐྱེད་པ་སྟེ། སེམས་ཅན་དམྱལ་བ་པ་ངན་སོང་བའི་སེམས་ཅན་ཐམས་ཅད་བདེ་བར་བྱེད་པའོ།། དེའི་འོད་ནི་བདེ་བ་ལ་རེག་པར་བྱེད་པ་སྟེ། ཉོན་མོངས་པས ་གདུང་བའི་སེམས་ཅན་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ།། དེའི་འོད་དེ་ནི་རབ་ཏུ་སིམ་པར་བྱེད་པ་སྟེ། སེམས་ཅན་རྣམས་ལུས་དང་སེམས་དགའ་བ་སྐྱེད་པའོ།། དེ་ལུས་ཉིད་ཀྱི་སེམས་ཅན་རྣམས ་ལ་སངས་རྒྱས་ཀྱི་མཛད་པ་བྱེད། འདི་ནི་བྱང་ཆུབ་སྟེ་མས་དཔའི་ལུས་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བའོ།། བློ་གྲོས་རྒྱ་མཚོ་ལ་བྱང་ཆུབ་སེམས་དཔའི་ངག་ལས་ཡེ་ཤེས་སྔོན་དུ་འགྲོ་བ ་གང་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་ད་པའ་ནི་ཚིག་འཁྲུལ་པའི་སྐྱོན་ཐམས་ཅད་སྤངས་པར་ངདགི་ལ་ས་འབྱུང་།། བློ་གྲོས་རྒྱ་མཚོ་འདི་ལ་འཁྲུལ་པའི་སྐྱོན་དེ་དག་གང་ནི ་ན་བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཚིག་འཁྲུལ་པའི་སྐྱོན་དྲུག་ཅུ་རྩ་བ་ནི་དང་བྲལ་ཞིང་རྣམ་པར་སྤངས་པར་ངག་གི་ལས་འབྱུང་སྟེ། དྲུག་ཅུ་རྩ་བཞི་གང་ཞེ་ན། བློ་གྲོས་རྒྱ ་མཚེ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཚིག་རྩུབ་པོ་མེད་པ་ཡིན། ཚིག་རྙོག་པ་མེད་པ་ཡིན། གྱོ་མོའི་སྒྲ་ལྟ་བུ་མེད་པ་ཡིན། གྲུམ་པའི་སྒྲ་ལྟ་བུ་མེད་པ་ཡིན། སྨྲེ་ཧ་ཅང་ཆེ་བ་མ་ཡིན། སྒྲ་སཅང ་ཆུང་བ་མ་ཡིན། སྨྲེ་ཧ་ཅང་དྲག་པོ་མ་ཡིན། ཚིག་བརླང་པོ་མེད་པ་ཡིན། ཚིག་དབི་དའི་པོ་མེད་པ་ཡིན། ཚིག་ཆལ་པོ་མེད་པ་ཡིན། ཚིག་རྟབ་རྟབ་པོ་མེད་པ་ཡིན། ཁས་བུབ་པའི་ཚིག་ལྟ་བུ ་མེད་པ་ཡིན། ཚིག་ཉམས་པ་མེད་པ་ཡིན། ཟུང་དཐུང་དགོས་པའི་ཚིག་མེད་པ་ཡིན། ཚིག་ཞུམ་པ་མེད་པ་ཡིན། ཚིག་སུབསུབ་པོ་མེད་པ་ཡིན། བྱིས་པའི་ཚིག་ལ་བུ ་མེད་པ་ཡིན། ཚིག་ནོག་ནོག་པོ་མེད་པ་ཡིན། འབར་བར་བྱེད་པའི་ཚིག་མེད་པ་ཡིན། ཅོ་འདྲི་བའི་ཚིག་མེད་པ་ཡིན། དུས་མི་ཤེས་པའི་ཚིག་མོང་བ་ཡིན། ཚོད་མི་ཤེས་པའི་ཚིག་མེད་པ ་ཡིན། འདོད་ཆགས་ཀྱིས་རྗེ་སུ་ཆགས་པའི་ཚིག་མེད་པ་ཡིན། ཞེ་སྡང་གིས་ཞེ་འགྲས་པའི་ཚིག་མེད་པ་ཡིན། གཏི་མུག་དགིས་རྨོངས་ཤིང་ལྐུག་པའི་ཚིག་མེད་པ་ཡིན། དམན་པའི་ཚིག ་མེད་པ་ཡིན། མི་འཐུན་པའི་དང་བརྙས་པའི་ཚིག་མེ། དད་པ་ཡིན། འབྱེད་པར་བྱེད་པའི་ཚིག་མེད་པ་ཡིན། གནོ་དང་འདྲེས་པའི་ཚིག་མེད་པ་ཡིན། ང་རྒྱལ་གྱིས་ཁེངས་པའི ་ཚིག་མེད་པ་ཡིན། ཁྱད་དུ་གསོད་པའི་ཚིག་མེད་དུ་ཡིན། ངོ་ཟ་རིང་གི་ཚིག་མེད་པ་ཡིན། ཚིག་མི་སྙན་ཅིང་ཞེར་འདེབས་པའི་ཚིག་མེད་པ་ཡིན། མེད་པས་གླེང་བའི་ཚིག་མེད་པ ་ཡིན། འཁྲུལ་ཅིང་གཤེ་བའི་ཚིག་མེད་པ་ཡིན། ཡང་དག་པ་མ་ཡིན་པའི་ཚིག་མེད་པ་ཡིན། འཕྲུལ་དུ་བརྫུན་སྨྲ་བའི་ཚིག་མེད་པ་ཡིན། ཕྲ་མའི་ཚིག་མེད་པ་ཡིན། ངག་རྩུབ་པོ ་ཚིག་མེད་པ་ཡིན། ཚིག་ཀྱལ་བའི་ཚིག་མེད་པ་ཡིན། མཛའ་བོ་དང་འབྱེད་པའི་ཚིག་མེད་པ་ཡིན། ཧ་ཅང་རྣོ་བའི་ཚིག་མེད་པ་ཡིན། ཧ་ཅང་མཉེན་པའི་ཚིག་མེད་པ་ཡིན། ཕལ་པའི་ཚིག ་མེད་པ་ཡིན། ཀུན་ཏུ་མ་བསྲུངས་པའི་ཚིག་མེད་པ་ཡིན། དུས་ལས་ལྷག་པར་སྨྲ་བའི་ཚིག་མེད་པ་ཡིན། གནོད་སེམས་འབར་བའི་ཚིག་མེད་པ་ཡིན། འཐབ་པ་དང་། རྩོད་པ་དང་། འགྱེད ་བའི་ཚིག་མེད་པ་ཡིན། ཐོབ་ཀྱིས་འཇལ་བའི་ཚིག་མེད་པ་ཡིན། ཚིག་འགྱུར་བ་མེད་པ་ཡིན། ཚིག་མི་བརྟན་པ་མེད་པ་ཡིན། མུ་ཚོར་སྨྲ་བའི་ཚིག་མེད་པ་ཡིན། གར་གྱི་ལྟད་མོ་ལྟ་བུའི་ཚིག ་མེད་པ་ཡིན། ཆོས་དང་འགྲེལ་པའི་ཚིག་མེད་པ་ཡིན། གསང་འཕེལ་བའི་ཚིག་མེད་པ་ཡིན། སེམས་ཅན་ལ་གནོད་པའི་ཚིག་མེད་པ་ཡིན། བདག་ལ་སྤྱོད་པའི་ཚིག་མེད་པ་ཡིན། གཞན་ལ ་སྨོད་པའི་ཚིག་མེད་པ་ཡིན། འཕྱ་བ་དང་། སྙིང་བའི་ཚིག་མེད་པ་ཡིན། སངས་རྒྱས་དང་། ཆོས་དང་དགེ་འདུན་དང་འགལ་བའི་ཚིག་མེད་པ་ཡིན། འཕགས་པ་ལ་སྐུར་པ་འདེབས་པའི་ཚིག་མེད ་པ་ཡིན། ངོ་མི་ཆོད་པའི་ཚིག་མེད་པ་ཡིན། ཚིག་ལ་ཁྲུལ་བའི་སྐྱོན་ཐམས་ཅད་དང་བྲལ་བའི་ཚིག་ཉིད་ནི། ཚིག་དྲུག་ཅུ་རྩ་བཞི་པ་ཡིན་ཏེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའི ་ངག་གི་ལས་ནི་ཚིག་འཁྲུལ་པའི་སྐྱོན་དྲུག་ཅུ་རྩ་ད་ཞི་པོ་དེ་དག་དང་བྲལ་ཞིང་ཡོངསུ་དག་པར་འབྱུང་།། དེའི་ངག་དེ་ནི་ཕྱེད་པར་ལུང་སྟོན་པ་དང་། ཡང་དག་པར་ལུང་སྟོན་པ་དང་། ་ཁོ་ན་ལུང་སྟོན་པ་དང་། བདེན་པ་རྣམ་པར་དགོད་པ་ལུང་སྟོན་པ་དང་། བདེན་པའི་རྗེ་སུ་འབྲང་བ་དང་། སེམས་ཅན་ཐད་ཀྱི་སྐད་ལ་འཇུག་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ ་པ་ལུང་སྟོན་པ་དང་། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་སྐུལ་བར་བྱེད་པ་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། སངས་རྒྱས ་ཀྱི་བྱིན་གྱིས་བརླབས་པ་དང་། ཆོས་དང་མི་འགལ་བ་དང་། བསོད་ནམས་ཀྱི་རྒྱུ་འཐུན་པ་ཤིན་ཏུ་རྣམ་པར་བྱེ་བ་དང་། ཟླ་བ་ལྟར་དྲི་མ་མེད་ཅིང་སྨན་པ་དང་། འདོད་ཆགས་ཀུན་ཏུ་སྐྱེད་པ་མ ་ཡིན་པ་དང་། ཚར་བཅད་ནས་ཡོན་ཏན་སྨྲ་བ་དང་། ཞེ་སྡང་མི་སྐྱེད་པ་དང་། ཟབ་ཅིང་གཏིང་དཔག་དཀའ་བ་དང་། གཏི་མུག་ཀུན་ཏུ་མི་སྐྱེད་པ་དང་། ཕྱོགས་བཅུར་གེ་བར་བྱེད་ཅིང་རྒྱམ། ་འགེངས་པ་དང་། ཚིག་དོན་མེད་པ་མ་ཡིན་པ་དང་། ཐད་ཀྱི་རྗེ་སུ་ཞུགས་པ་དང་། མངོན་པར་འདུ་བྱ་བ་མེད་པའི་མཚན་ཉིད་འབྱུང་སྟེ། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའི་ངག་གི ་ལས་ཡེ་ཤེས་སྔོན་དུ་འགྲོ་བའོ།། བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་གང་ཞེ་ན། བློ་གྲོས་རྒྱ་མཚོ་འོང་ལ་བྱང་ཆུབ་སེམས་དཔའ་སེལ ་ཆེན་པོ་སེམས་ཀྱི་འཇུག་པ་གཙིགས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་། གཡོ་བ་རྣམས་རབ་ཏུ་ཤེས།། མཉམ་པར་བཞག་ཀྱང་སྤྱད་ལམ་ཐམས་ཅད་ཀུན་ཏུ་སྨིན་ཅིང་འཛིན་དེ་ལས་ལྡང་པ ་མདོ་དེའི་སེམས་ཀྱི་ལས་ནི་བདུད་ཐམས་ཅད་ཀྱིས་ཀྱང་མི་ཤེ། སོ།། དེའི་སེམས་ཀྱི་འཇུག་པ་ནི་ཉན་ཐོས་དང་། རང་སང་། ཉེས་རྒྱས་ཐད་ཀྱིས་ཀྱང་མི་ཤེས།། བྱང་ཆུབ་སེམས་དང ་དེ་ནི་བདག་ལ་གནོད་པར་བྱ་བ་དང་། གཞན་ལ་གནོད་པར་བྱ་བ་དང་། གཉི་ག་ལ་གནོད་པར་བྱ་བ་མི་ཤེསོ།། དེའི་སེམས་དང་ཡེ་དང་རྣམ་པར་ཤེས་པ་ནི་ཆོས་གང་ལ་ཡང་ཐོགས་པ་མེད།། དེ ་ཆོས་ཐམས་ཅད་རིག་པར་ཡེ་ཤེས་མཐོང་བ་སྐྱེའོ།། སེམས་དང་། ཡི་དང་རྣམ་པར་ཤེས་པ་དེས་རིག་པ་མེད་པར་ཚོར་རབ་ཡང་སོ་སོར་མྱོང་ལ། སངས་རྒྱས་ཀྱི་ཆོས་རྣམས་ཡོངསུ་མ་རྫོགས་ཀྱི་བར་དུ་ཚེར ་བའགོག་པ་མངོན་སུམ་དུ་ཡང་མི་བྱེད།། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་ལས་ཡེ་ཤ་སྔོན་དུ་འགྲོ་བའོ།། བློ་གྲོས་རྒྱ་མཚོ་འདི་ནི་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་། ་འཛིན་དེའི་རྩ་བའི་གནས་ཏེ། འདི་ལྟ་སྟེ། ཡེ་ཤེ་སྔོན་དུ་འགྲོ་བའི་ལུས་ཀྱི་ལས་དང་། ཡེ་གེ་སྔོན་དུ་འགྲོ་བའི་ང་གི་ལས་དང་། ཡེ་ཤེས་སྔོན་དུ་འགྲོ་བའི་ཡིད་ཀྱི་ལསོ།། བློ་གྲོས་རྒྱ་མཆོག ་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེང་ནི་སྔོན་དུ་འགྲོ་བའི་ལུས་དང་། ངག་དང་ཡིད་ཀྱི་ལས་རྣམས་དང་ལྡན་པར་འགྱུར་བ་དེའི་ཚེ། ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱ ་ཏིང་འཛིན་འདི་རབ་ཏུ་འཐོའོ།། བློ་གྲོས་རྒྱ་མཆོད་ལ་ཆོས་བཅུ་ཤིན་ཏུ་དཀར་བའི་ཕྱིར་ཏིང་འཛིན་ཤིན་ཏུ་དཀར་བ་ཞེས་བྱ་སྟེ།། ཆོས་བཅུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། བསམ་པ་དང་། ལྷག་པའི་བས ་པ་ཡོང་སུ་དག་པས་འཇུག་པའི་སྤྱོད་པ་ཤིན་ཏུ་དཀར་བ་ཡིན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོང་སུ་དག་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་དཀར་བ་ཡིན།། དགེ་བའི་ཆོས་ཐང་ཡེ་སུ་དག་པས་། ་པོ་རྣར་མཐོང་བའི་སྤྱོད་པ་ཤིན་ཏུ་རྣམ་པར་དག་པ་ཡིན། གཏན་པ་མེད་དཔའི་མཆོད་སྦྱིན་བྱེད་པ་ཡོངསུ་དག་པས་མཚན་དང་། དཔ་བྱུང་བཟང་པོ་ཡོང་སུ་རྫོགས་པར་བྱེད་པའི་སྤྱད་པ་ཤིན་ཏུ ་དཀར་བ་ཡིན། ཇི་ལྟར་སྤྲོས་པའི་ཚེ་སྒྲུབ་ཅིང་གཞན་ལ་གོ་བར་བྱེད་པ་ལ་མཁས་པ་ཡོང་སུ་དག་པས་གཟུངས་དང་། སླེབས་པ་རབ་ཏུ་འཐོབ་པོའི་སྤྱོད་པ་ཤིན་ཏུ་དཀར་བ་ཡིན། འཁྲུལ་པ་དང་། ་སྒྲིབ་པ་དང་། ཆོས་པ་དང་། ཀུན་ནས་སྡང་བ་ཟད་དང་བྲལ་བ་ཡོང་སུ་དག་པས་དྲན་པ་དང་། ཏིང་འཛིན་དང་། གཡེང་བ་མེད་པའི་ཤེས་པ་ཤིན་ཏུ་དཀར་བ་ཡིན། བག་ཡོད་པ་ཡོངསུ་དག་པས་བྱང་ཆུབ་ཀྱི ་ཕྱོགས་ཀྱི་ཆོས་ཤེས་པ་ཤིན་ཏུ་དཀར་བ་ཡིན། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཡོངསུ་དག་པས། ཞི་གནས་དང་། ལྷག་མཐོང་ཤེས་པ་ཤིན་ཏུ་དཀར་བ་ཡིན། ཕྱོགས་དང་མི་ཐུན་པའི ་ཕྱོགས་དང་། རྒྱུན་ཆད་པ་དང་། ཆག་པ་ལས་ཤིན་ཏུ་འདས་པའི་ཡོངསུ་དག་པས་ས་བཅུ་གནོན་པའི་ཡེ་ཤེས་ཤིན་ཏུ་དཀར་བ་ཡིན། མི་དགེ་བའི་ཆོས་ཐམས་ཅད་སྤང ་བའི་ཕྱིར། དགེ་བའི་ཆོས་ཐམས་ཅད་ཡོངསུ་དག་པས། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གྱི་ཡེ་ཤེས་ཤིན་ཏུ་དཀར་བ་ཡིན་ཏེ། བློ་གྲོས་རྒྱ་མཚོ་ཆོས་བཅུ་པོ་དེ་དག་ཤིན་ཏུ་དཀར་བའི་ཕྱིར། ཏི ་འཛིན་འདི་ཤིན་ཏུ་དཀར་བ་ཞེས་བྱའོ།། ། བམ་པ་གསུམ་པ།། བློ་གྲོས་རྒྱ་མཚོ་ཅིའི་ཕྱིར་དྲི་མ་མེད་པའི་ཕྱག་ཞེས་བྱ་ཞེ་ན། བློ་གྲོས་རྒྱ་མཚོ་ཆས་ཉི་ཤུ་པོ་འདི་དག་ནི་དྲི་མ ་མེད་པའི་ཕྱག་རྒྱའི་སྒོ་ཡིན་ཏེ། དེ་དག་གིས་ན་ཏིང་འཛིན་འདི་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱའོ།། ཉི་ཤུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། ངར་འཛིན་པ་ཡོངསུ་དག་པས་ནང་ཡོངསུ་དག་པ་དྲི་མ ་མེད་པའི་ཕྱག་རྒྱ་དང་། ང་ཡིར་འཛིན་པ་ཡོངསུ་དག་པས་ཕྱི་ཡོངསུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ལྟ་བར་སོང་བ་ཐམས་ཅདད་ཡོངསུ་དག་པས་འཇིག་ཚོགས་ཀྱི་ངོ་བོ་ཚང་ཡེངསུ ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། གདོད་མ་ནས་ཡོངསུ་དག་པའི་ཕྱིར། སེམས་ཅན་ཐམས་ཅད་བདག་མེད་པ་ཡོང་སུ་དག་པ་ཡོངསུ་དག་པ་དྲི་མ་མེད་པའི་ཕྱག་དང་། རོ་གཅིག་པའི་ཕྱིར་ཆོས ་ཐམས་ཅད་མཉམ་པ་ཉིད་དུ་རྟོག་པ་ཡོང་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། རྣམ་པར་ཐར་པ་ཐམས་ཅད་ཡོང་སུ་དག་པའི་ཕྱིར། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡོངསུ ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཤིན་ཏུ་ཡོང་སུ་དག་པའི་ཕྱིར། ནམཁའ་ཡོངསུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཐ་དད་དུ་བྱ་བ་མེད་པའི་ཕྱིར་སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས ་ཡོངསུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། རང་གི་མངོན་པར་ཤེས་པ་ཡོང་སུ་དག་པའི་ཕྱིར་མངོན་སུམ་དུ་ལེགས་པར་མཐོང་བ་ཡོངསུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། རྟག་ཏུ་སྣང་བས་ཡོངསུ ་དག་པའི་ཕྱིར་ཉི་མའི་དཀྱིལ་འཁོར་ལྟར་རབ་ཏུ་གསལ་བ་ཡོངསུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཆགས་པ་ཐམས་ཅད་དང་བྲལ་བ་ཡོངསུ་དག་པའི་ཕྱིར་དུས་གསུམ་ལ་ཆགས་པ་མེད ་ཡེ་ཤེས་མཐོང་བ་ཡོངསུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། རྣམ་པར་ཤེས་པ་དང་། ཡེ་ཤེས་གནས་པ་མེད་པའི་ཕྱིར། རྣམ་པར་རིག་པའི་སྒོ་ཡོང་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། འདས ་བྱས་ཀྱི་ངོ་བོ་ཉིད་ཡོངསུ་དག་པའི་ཕྱིར། འདུས་མ་བྱས་ཡོངསུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། རྐྱེན་ཤིན་ཏུ་བརྟགས་པའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པ ་ཡོངསུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཡང་དག་པར་ཤེས་པ་རྫི་བ་མེད་པ་ཡོང་སུ་དག་པའི་ཕྱིར། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ཀྱི་རྗེསུ་འགྲེ་བ་ཡོངསུ ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། སྔོན་ཡོངསུ་སྦྱང་བ་བྱས་པ་ཡོང་སུ་དག་པའི་ཕྱིར། སངས་རྒྱས་ཀྱི་ཆོས་རྟོགས་པའི་མཚན་ཉིད་ཡོང་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། སེམས་ཅན་ཐམས་ཅད ་ཡོངསུ་མི་གཏོང་བའི་ཕྱིར། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡོངསུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། མཐའ་ཐམས་ཅད་དང་བྲལ་བ་ཡོངསུ་དག་པའི་ཕྱིར། བདུད་དང་ཕྱིར་རྨ ་བ་ཡོང་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཆོས་རྣམས་ཀྱི་རང་བཞིན་ཡོངསུ་དག་པའི་ཕྱིར། ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་འཇོམ་པ་ཡོང་སུ་དག་པ ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཡང་དག་པར་བླངས་པ་ཡོངསུ་རྫོགས་པར་བྱེད་པ་ཡོང་སུ་དག་པའི་ཕྱིར། སེམས་ཀྱི་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད ་ཀྱི་སྒོ་རྟོགས་པ་ཡོངསུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་སྟེ། བློ་གྲོས་རྒྱ་མཚོ་དྲི་མ་མེད་པའི་ཕྱག་རྒྱའི་སྒོ་ཉི་ཤུ་པོ་དེ་དག་གིས་ཏིངངེ་འཛིན་འདི་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱ་སྟེ། བློ་གྲོས་རྒྱ ་མཚོ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས། ཏིང་འཛིན་གང་རབ་ཏུ་འཐོབ་པའི་ཏིང་འཛིན་འདི་ནི་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱའོ།། ཏིང་འཛིན་འདི་ཐོབ་མ་ཐག་ཏུ ་ཤུགས་ཆེན་པོ་མ་འདྲེས་པ་བརྒྱད་འབྱུང་བར་འགྱུར། ཏྲཾ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོ་འི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་རྡོ་རྗེར་གནས་པར ་འགྱུར་བ་འདི་ནི་ཤུགས་ཆེན་པོ་མ་འདྲེས་པ་འབྱུང་། པ་དང་པོའོ།། ཤིང་ལྗོན་པ་ཐམས་ཅད་ལ་ལོ་མ་དང་། མེ་ཏོག་དང་འབྲས་བུ་སྣ་ཚོགས་ཆགས་ཏེ། བྱང་ཆུབ་ཀྱི་ཤིང ་ག་ལ་བ་དེ་ལོག་སུ་བཏུད་ཅིང་འདུད་ལ་རབ་ཏུ་འདུད་དེ་མངོན་པར་རབ་ཏུ་འདུད་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ལ་ཉོན་མོངས་པ་ཐམས་ཅད་ཀྱིས་གནོད་པར་མི་འགྱུར་བ ་དང་། ངན་སོང་བའི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའ་མཐོང་སྟེ། མཐོང་ནས་ཀྱང་བདེ་བ་ཐམས་ཅད་ཀྱིས་ཚིམ་པར་འགྱུར་བ་དང་། ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་བར་གྱི་འཇིག་རྟེན་རྣམས་གསེར་གྱི་ཁ་དོག་ལྟ་བུའི་འོད་ཀྱིས་ཁྱབ་པར་འགྱུར་བ་དང་། ས་གཡོ་བ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་ཞིང ་སེམས་ཅན་གང་ལའང་རྣམ་པར་གནོད་པར་མི་འགྱུར་པ་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞལ་སྟོན་ཅིང་མི་འཇིགས་པས་དབུགས་འབྱིན་པར་མཛད ་དེད་དཔོན་ཆེན་པོ་རྒྱལ་བར་གྱུར་ཅིག་ཅེས་གསུང་བརྗོད་པར་འགྱུར་བ་དང་། སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཆུབ་པར་འགྱུར་བ་སྟེ། བློ་གྲོས་རྒྱ་མཚོ་ཤིན ་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིངེ་འཛིན་ཐོབ་མ་ཐག་ཏུ་ཤུགས་ཆེན་པོ་མ་འདྲེས་པ་བརྒྱད་པོ་དེ་དག་འབྱུང་བར་འགྱུརརོ།། འདི་ལྟར་ཏིངེ་འཛིན་འདིའི་མཐུས་འདིར་ཡོན་ཏན་གྱི་རྒྱུ ་དཔག་ཏུ་མེད་པར་ཡང་ཀུན་ཏུ་སྣང་།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགསུ་བཅད་པ་འདི་དག་གསུང་སོ།། ཆོས་འདི་དྲི་མེད་དག་དགེ་རང་བཞིན་འོད་གསལ་ཏེ།། ནམཁའ་མཚུངས ་ཤིང་མཉམ་ལ་གདོད་ནས་བྱུང་བ་མེད།། མ་སྐྱེས་མ། གནས་པ་མེད་ཅིང་འགག་པ་མེད།། འདི་ནི་རྒྱལ་བའི་བྱཿ། རྒྱ་དྲི་མེད་གཡོ་བ་མེད།། དེ་ཡི་རྩ་བའི་གནས་ནི་དབྱེ་བ ་མེད་པའི་གཟུགས།། བྱམས་པ་དང་ནི་སྙིང་རྗེ་བསྒོམ་པོ་ཟུང་དུ་འབྲེལ།། དེ་ནས་འགྲོ་བ་ཀུན་གྱིས་བཀུར་ཀྱང་དགའ་བ་མེད། སྟི་སྟང་མ་བྱས་ཡི་འཆང་མེད་མཉམ་པའི་བློ།། དེ་ནི་མ ་པའི་ཆོས་ལས་ཡེ་ཤེས་སྐྱེས་གྱུར་ནས། གཏི་མུག་མུན་པ་ཐམས་ཅད་བཅོམ་སྟེ་རྨོངས་པ་མེད།། ཡེ་ཤེས་ལྡན་པ་ཡིན་གྱི་ང་རྒྱལ་ལྡན་མ་ཡིན།། དེས་བསམ་མཉམ་ཆོས་ཤེས་ནས ་ཤིན་ཏུ་རྣམ་པར་དག། མཁས་པ་ལུས་ངག་ཡིད་ཀྱིས་ལས་ནི་གང་བྱེད་པ། ཐམས་ཅད་ཤེས་པས་བྱས་ཏེ་འགྲོ་ལ་བདེ་བ་བྱེད།། དེ་ལུས་རྣམ་པར་དག་པ་སེམས་ཅན་མང་པོས་མཐོང་།། ་རྒྱལ་བའི་ཡེ་ཤེས་རྡུལ་མེད་བླ་ན་མེད་ལ་སྨོན།། དེ་ཡི་སྤྱོད་ལམ་རྟག་ཏུ་བསྡམ་ཏེ་འཁྲུལ་པ་མེད། ལྷུན་གྱིས་གྲུབ་སྟེ་ཐ་མར་མི་རྟོག་མེད།། ལུས་ཀྱི་ཉེས་པ་མཐ ་ལས་ཇི་ཙམ་གང་བརྗོད་པ། དེ་དག་དེ་ལ་ཆ་དེ་གདོང་ནས་སྐྱེས་པ་མེད། དེ་ལུས་མཚན་གྱིས་བརྒྱན་ཏེ་ཤིན་ཏུ་རྣམ་པར་ཕྱེ། དེ་ཡི་རྐང་མཐིལ་འཇམ་ཞིང་བསོད་ནམས་རྣམས་ལས ་བྱུང་བ་དབང་པོ་ཐམས་ཅད་ཡོངསུ་རྫོགས་པས་ལུས་མཛེས་ཀྱང་།། མཁས་པ་གཟུགས་ཀྱི་རྒྱགས་པས་རློམ་སེམས་བྱེད་པ་མེད།། དམན་ཞིང་དབུལ་བས་སྡུག་བསྔལ་སེམས་ཅན་མང་པོ་གང་།། ་དེ་དག་ལ་ཡང་གུས་བཅས་བདུད་ཅིང་རབ་ཏུ་འདུད།། བདག་ནི་ཆོས་འཛིན་གྱུར་ཅིག་སྙམ་སྟེ་ང་རྒྱལ་མེད།། ཆོས་མཉན་དེས་ནི་བྱང་ཆུབ་དམ་པྲ་ཐོབ་པར་འགྱུར།། དེ་ཡིས་རང་གི་ལུས་ཀྱི་ཆོས་ཉིད ་ཤེས་ནས་ནི།། དེ་ཡི་སེམས་ཅན་ཀུན་ལུས་དེ་ལྟར་རྟོགས་པས་ན།། དེ་ནི་ཆོས་ལུས་རྡུལ་དང་བྲལ་བ་ཐོབ་འགྱུར་ཏེ།། ཟང་ཟིང་ལུས་མིན་ཉོན་མོངས་རྣམས་ལས་ཤིན་ཏུ་གྲོལ།། ་རྟག་ཏུ་ཏིང་འཛིན་སྤྱོད་ཡུལ་བསམ་གཏན་ཟས་ཅན་འགྱུར།། གཟི་བརྗིད་ཆེན་པོ་ལ་ནི་ཟང་ཟིང་ལུས་སྲིད།། སེམས་ཅན་དོན་ཏུ་ཁ་ཟས་ཟ་ཡི་སྟོབས་ཕྱིར་མིན།། འཆི་མེད་དོན་དུ་དེ་ནི་ཆོས་ཀྱི་སྲོག ་ཀྱང་འཚེ།། འཕགོས་པའི་ཚུལ་ནི་རྟག་སྲུང་ཤིན་ཏུ་རག་ཏུ་ནི།། འདོད་ཆགས་ཞེ་སྡང་སུན་ཚོགས་ཤིན་ཏུ་རྣམ་པར་བྱེ།། བསླབ་པ་སྤང་བར་གནས་ཤིང་རྒོད་མོད་འཐུན་པར་སྐྱེས།། མཁས་པ་དག ་གཏོང་བྱེད་ཀྱི་སྡིག་པ་བྱེད་མ་ཡིན།། རྫུ་འཕྲུལ་གྱིས་ནི་བྱེ་བ་ཕྲག་མ་ནིང་སོང་ནས།། སེམ་ཅན་ལུས་དང་ཐུན་པར་བྱས་ཏེ་ཆོས་ཀྱང་སྟོན། འགྲོ་བའི་གཟུགས་དང་མཚན་དང་རྟགས་ནི་ཅི ་འདྲ་བ།། དེ་ཡི་ལུས་ནི་དེ་ལྟ་བུ་དང་མཚུངས་པར་འགྱུར།། དེ་ཡི་ལུས་ལས་ཤིན་ཏུ་རྣམ་དག་འོད་བྱུང་སྟེ།། དེ་ནི་ཕྱོགས་བཅུ་མཐའ་ཡས་ཞིང་རྣམས་ཁྱབ་པར་བྱེད། དེ་ཡི་འོད་དེ་བསོད་ནམས ་གཟི་ལྡན་རེག་ན་འཇམ།། སྲོག་ཆགས་ཉོན་མོངས་གདུང་བ་ཐམས་ཅད་ཞི་བར་བྱེད། སེམས་དམྱལ་རྣམས་ནི་སེམས་ཅན་བརྒྱ་དག་སྡུག་བསྔལ་བ།། དེ་དག་འོད་ཀྱིས་རེག་མ་ཐག་ཏུ་བདེ ་བར་འགྱུར།། ལུས་དང་ཡིད་ཀྱང་དགའ་བར་འགྱུར་བ་རབ་ཏུ་ཐོབ།། དེ་ནི་སེམས་ཅན་དམྱལ་ལས་རབ་ཏུ་ཐར་པའི་རྒྱུ།། འདི་དག་དང་ནི་གཞན་ཡང་ལུས་ལས་ཡོངས་སྦྱང་བ།། མཐའ་ཡས ་ལས་རྣམས་ཡེ་ཤེས་ཀྱིས་ནི་རྣམ་པར་ཕྱེ། མཁས་པ་ཤིན་ཏུ་དུལ་བ་སངས་རྒྱས་མཛད་པ་བྱེད།། རྡུལ་བྲལ་རྣམས་ཀྱི་ལུས་ཀྱི་ལས་འདི་དེ་འདྲའོ།། དེ་དག་ནི་རྣམ་དག་སྒྲ་སྙན་ཡིད་དུ་འོང ་དེས་ནི་ལྷ་དང་ལྷ་མིན་འགྲོ་ཀུན་ཚིམ་པར་བྱེད།། དེ་སྨྲ་བ་ནའ། ཆད་པ་དོན་མེད་མི་འགྱུར་ཏེ།། ཐེག་པ་བདུད་རྩི་འདུས་བྱས་མིན་འདིར་ངེས་པར་འབྱུང་།། ངག་ལས་ངགི་ཉེས ་པ་དེས་མང་གང་ཡོད་པ།། དེ་དག་དེ་ཡི་བསོད་ནམས་དག་པས་ཀུན་ཏུ་ཆད། སྐད་རྣམས་མཚུངས་ཤིང་སྒྲ་མཚུངས་གྱུར་པས་སེམས་ཅན་རྣམས།། སྒྲ་དང་ངག་ལས་ཇི་སྙེད་ཀུན་གྱིས་ཚིམ ་བར་བྱེད།། དེ་ཡི་ངག་ནི་ཕྱེད་ཅིང་མཉམ་ལ་ཡང་དག་ཉིད།། ཡང་དག་ལུང་སྟོན་བསྒྲིབས་པ་མེད་ཅིང་མཉམ་པར་བཞག། ཚིག་གང་སྨྲས་པ་དེ་ཡང་དེ་བཞིན་འགྱུར་བ་སྟེ།། བདེན་པའི་རྗེསུ ་འབྲང་བའི་ཤེས་པས་ཤིན་ཏུ་དག། ཐ་བ་མེད་ཅིང་སྙན་ལ་འདོད་ཆགས་རབ་ཏུ་ནི།། ཚར་བཅད་ཡོན་ཏན་སྒྲ་ཞིང་སྐྱོན་ལས་ཤིན་ཏུ་གྲོལ།། ཟབ་ཅིང་གཏིང་དཔག་དཀའ་བ་ཤིན་ཏུ་ཆང་པ ་དོན་རྣམས་བྱེད་ཅིང་ཞིང་དག་ཏུ་ཁྱབ་པར་བྱེད། རྟོགས་པ་མེད་པར་ཚིག་འདི་རབ་ཏུ་སྨྲ་བར་བྱེད།། རང་གི་རང་གིས་བྱུང་ནས་ཇི་ལྟར་ཐར་འགྱུར་སྨྲ།། རྟག་ཏུས་བཞིན ་སེམས་ཅན་དབང་པོ་ཚིམ་པར་བྱེད།། རྣམ་པར་སྤྱོང་བྱེད་ཚིག་མཆོག་འདི་ནི་ཤེས་པས་བྱས།། དེ་ཡི་ཡིད་ལས་རྟག་ཏུ་བསྒྲིབས་མེད་ལེགས་པར་བྱས།། སེམས་ཀྱི་སྐད་ཅིག་ཅིག ་གིས་འགྲོ་བའི་སེམས་རྣམས་ཤེས།། དེ་ནི་གཡེང་མེད་ཏིང་འཛིན་ལས་ཉམས་པ་མེད།། ཁྱུ་མཆོག་དེའི་རྒྱུ་བ་བདུད་ཀྱིས་ཤེས་མ་ཡིན།། དེ་ཡི་སེམས་ཡིད་རྣམ་རྟོག་ཤིན་ཏུ ་ཟབ་པ་སྟེ།། རང་རྒྱལ་རྣམས་དང་ཉན་ཐོས་ཀུན་གྱིས་ཤེས་པར་དཀའ་བདག་དང་གཞན་ལ་རྣམ་པར་མི་འཚེ་རྗེས་ཆགས་མེད།། ཁོང་ཁྲོ་མེད་ཅིང་ཁེངས་པ་མེད་མཉམ་པའི་བློ།། མཁས ་པ་དེ་ནི་འགྲོ་ལ་རིག་བཞིན་ཤེས་པ་འཇུག། ཚེར་བ་མ་ཡིན་སོ། མས་པ་མ་ཡིན་རྣམ་རྟོག་མིན།། འཆི་མེད་དོན་ཏུ་བྱང་། ཆུབ་གན་སུ་ཕྱིན་པར་དུ།། ཚོར་བ་འགོག་ལ ་བདེ་བར་རྟོགས་པར་བྱེད་མ་ཡིན།། ཆོས་བཅུ་དེ་དག་གང་ལ་རྟག་ཏུ་དག་གྱུར་པ།། ཁྱུ་མཆོག་དེ་ལ་ཏིང་འཛིན་འདི་ནི་མངོན་ཏུ་འགྱུར།། གང་ཚེ་འཇུག་པའི་སྤྱོད་པ་རྣམ་པར་སྦྱངས་གྱུར ་བང་དཀར་པོའི་ལམ་རྣམས་ཀུན་གྱིས་འཕགས་ཤིང་ཡོངསུ་དག། ས་རྣམས་ཇི་བཞིན་ཕ་རོལ་ཕྱིན་པ་ཀུན་སྦྱང་སྟེ། དགེ་བ་རྒྱ་ཆེན་ཐམས་ཅད་ཀྱིས་ནི་མངོན་པར་འཕགས།། བསོད་ནམ ་འབྲས་བུས་མཚན་ཀུན་ཤིན་ཏུ་རྣམ་པར་དག། སྤོབས་པས་ནི་གཟུངས་རྣམས་མཐའ་ཐུག་མེད་པར་འགྱུར།། མཁས་པ་རྟག་ཏུ་ཐོས་པའི་ཆོས་རྣམས་བསྒྲུབ་པར་གནས།། མཁས ་པ་རྟག་ཏུ་དྲན་ལ་མཉམ་བཞག་འཁྲུལ་པ་མེད།། དེ་ལ་ཀུན་ནས་ལྡང་བ་རྣམས་དང་འཁྲུལ་པ་ནི།། ཕྲ་རབ་མཐོང་བར་མི་ནུས་སྒྲིབ་ཀུན་རྣམ་པར་དག། བྱང་ཆུབ་ཕྱོགས་ཆོས་རྒྱ་ཆེན ་མཐའ་ཡས་གང་ཡིན་པ།། ཐམས་ཅད་དེ་ཡི་བག་ཡོད་པ་ལ་འདུ་བར་འགྱུར།། ཞི་གནས་མཐར་གྱུར་ལྷག་མཐོང་གིས་ནི་རྟག་ཏུ་ཤེས།། ས་བཅུ་པ་ནི་གནོན་པར་འགྱུར་ཞིང་ཆགས་པ་མ ་བྱང་ཆུབ་སྙིང་པོ་སྦྱང་ཕྱིར་ཤིན་ཏུ་རྫོགས་པར་སྨྲ།། དེ་ནི་མི་དགེ་ཀུན་སྤང་དགྲ་ལས་རྒྱལ་བར་འགྱུར།། དགེ་བའི་ཆོས་རྣམས་ཀུན་གྱིས་འཕགས་པ་རི་རབ་བཞིན།། དེ་ནི་བསམ་ཡས་དྲི་མེད ་འདི་རབ་ཏུ་འཐོབ།། ཏིང་འཛིན་འདི་འཐོབ་མཁས་དེ་བསོད་ནམས་བྱས་ནས་ནི།། ཡོངསུ་དག་པའི་ཆོས་མཆོག་ཉི་ཤུ་རབ་ཏུ་འཐོབ།། དེ་དག་གིས་ནི་འགྲོ་བ་ཀུན་ནའང ་གཉི་བཞིན་ལྷང་།། རྒྱལ་བའི་ཡེ་ཤེས་བླ་ན་མེད་པའི་བྱང་ཆུབ་རེག། ཤིང་གི་དྲུང་དུ་ཤུགས་བརྒྱད་བསམ་དུ་མེད་ཐོབ་ནས།། དེ་དག་གིས་ནི་ཞིང་བརྒྱ་དག་ན་འགྲོ་དོན་བྱེད ་སངས་རྒྱས་མི་འཇིགས་བྱིན་ཞིང་འགྲོ་བའི་དཔའ་བོ་དེ།། བདུད་རྣམས་བཏུལ་བྱས་བྱང་ཆུབ་མཆོག་ལ་རེག། རྒྱལ་བའི་ཕྱག་རྒྱ་སྦྱངས་པ་འཐོབ་པར་གྱུར་ནས་ནི།། ཡོན་ཏན་འདི ་འདྲ་དེ་ཀུན་བསམ་གྱིས་མི་ཁྱབ་འགྱུར།། དེ་ལྟ་བས་ནི་མི་གང་ཡོན་ཏན་འཕྲེང་འདོད་པ།། དེ་མྱུར་བྱང་ཆུབ་སེམས་ལ་བརྩོན་འགྲུས་བརྟན་པ་སྐྱེད།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་དཀར་བ་དྲི་མ་མེད ་པའི་ཕྱག་རྒྱའི་ཏིང་འཛིན་འདི་ཐོབ་པར་འདོད་པས་རྙོག་པ་མེད་པའི་སེམས་དང་། འཁྲུག་པ་མེད་པའི་སེམས་ཀྱིས་ཤིན་ཏུ་དཀར་ཞིང་དྲི་མ་མེད་པའི་བློ་དང་ལྡན་པར་བྱའོ།། དེ་ལ ་རྙོག་པ་མེད་པའི་སེམས་དེ་ནི་གང་སེམས་རང་བཞིན་གྱིས་འོད་གསལ་བ་ལ་གློ་བུར་གྱི་ཉོན་མོངས་པ་རྣམས་ཀྱི་སྐབས་མེད་པ་དང་། འོད་གསལ་བའི་ཆོས་མི་འགྱུར་བ་ཉིད་དང་། ཡིད་ལ་བྱེད་པ ་ཐམས་ཅད་ཀུན་ཏུ་མི་འབྱུང་བ་དང་། འདོད་ཆགས་དང་བྲལ་ཏེ་རྡུལ་མེད་པ་དང་། ཞེ་སྡང་དང་བྲལ་ཏེ་རྟོག་པ་མེད་པ་དང་། གཏི་མུག་དང་བྲལ་ཏེ་མུན་པ་མེད་པ་དང་། དག་པ་དང་། རྣམ་པར་དག་པ་དང་། ་ཤིན་ཏུ་དྲི་མ་མེད་པ་དང་། རྣམ་པར་གྲོལ་བ་ལས་བྱུང་བ་དང་། རྣམ་པར་གྲོལ་བ་ཇི་ལྟ་བུར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་དང་མཉམ་པའི་རྗེ་སུ་ཞུགས་པ་དང་། རྣམ་པར་གྲོལ་བ་ཇི་ལྟ ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། ཆོས་ཀྱི་དབྱིངས་དང་མཉམ་པའི་རྗེསུ་ཞུགས་པ་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། ཡང་དག་པའི་མཐའ ་དང་མཉམ་པའི་རྗེ་སུ་ཞུགས་པ་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། སྟོང་པ་ཉིད་དུ་མཉམ་པའི་རྗེསུ་ཞུགས་ཤིང་། རྣམ་པར་མཚན་མ་མེད་པ་དང་། སྨོན་པ་མེད ་བ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། མ་སྐྱེས་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པར་མཉམ་པའི་རྗེསུ་ཞུགས་པ་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་འདུས་བྱས་ཀྱི་ཆོས་རྣམས་ཀྱང ་དེ་བཞིན་ཏེ། འདུས་མ་བྱས་ཀྱི་ཆོས་མཉམ་པ་ཉིད་ཀྱིས་མཉམ་པའི་རྗེ་སུ་ཞུགས་པ་སྟེ། གང་འདི་ལ་མཉམ་པ་ཉིད་ཀྱི་རྗེསུ་འགྲོ་བའི་ཡེ་ཤེས་གདེགས་པ་དང་བཞག་པོ་མེད་པ་འདི་ནི་རྙོག་པ་མེད ་པ་མེད་པའི་སེམས་ཤེས་བྱའོ།། གང་གི་ཚེ་ཆོས་འདི་དག་སེམས་ཅན་གཞན་དང་། གང་ཟག་གཞན་དག་ལ་སྟོན་ཀྱང་བདག་དང་གཞན་དུ་རྣམ་པར་འཁྲུགས་པ་མེད་པ་འདི་ནི་རྙོག་པ་མེད་པའི ་སེམ་སོ།། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་རྙོག་པ་མེད་པའི་འཁྲུག་པ་མེད་པར་གྱུར་པ་དེའི་ཚེ་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་འཛིན་འདི་རབ་ཏུ་འགྲོ་བོ།། བློ་གྲོས་རྒྱ ་མཆོས་གསོལ་པ། བཅོམ་ལྡན་འདས་ཏིང་འཛིན་འདི་ནི་ཟབ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་གཏིང་མི་དམིགས་པའི་ཕྱིར།། གསོལ་པ། བཅོམ་ལྡན ་འདས་ཏིང་འཛིན་འདི་ནི་བལྟ་དཀའ་བ་ལག་སོ།། བཀའ་སྩལ་པ། གཉིས་དང་བྲལ་བའི་ཕྱིརོ།། གསོལ་པ། བཅོམ་ལྡན་རངས་ཏིང་། ཛིན་འདི་ནི་རྟོག་པར་དཀའ་བ་ལག་སོ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ང་རྒྱལ་གྱིས་ལྷག་པར་བྱེད་པ་ལྷགཔར་མི་བྱེད་པའི་ཕྱིར།། གསོལ་པ། བཅོམ་ལྡན་འདས་ཏེ། ངེ་འཛིན་འདི་ནི་རྣམ་པར་འཚལ་བར་དཀའ་བ་ལ་གསོ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཤེས་པ་དང་། ཡེ་ཤེས་མཉམ་པ་ཉིད་དུ་རྟོགས་པའི་བྱིརོ།། གསོལ་པ། བཅོམ་ལྡན་འདས་ཏིངངེ་འཛིན་འདི་ནི་གསལ་བ་ལག་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་རབ་ཏུ་ཐོབ་པའི་ཕྱིར། གསོལ་པ། བཅོམ་ལྡན་འདས་འདི་ནི་ཏིང་འཛིན་ཤིན་ཏུ་ཕྲ་བ་ལག་སོ།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། དཔེ་རྣམ་པར་བཞག་པ་དང་བྲལ་བའི་ཕྱིརརོ།། གསོལ་པ། བཅོམ་ལྡན་འདས་ཏིང་འཛིན་འདི་ནི་སྙིང་པོ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་ལྟ་བུའི་ཡེ་ཤེས ་། རབ་ཏུ་ཐོབ་པའི་ཕྱིར།། གསོལ་པ། བཅོམ་ལྡན་འདས་ཏིང་འཛིན་འདི་ནི་དབྱེར་མ་མཆིས་པ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་གྱི་མཐའ་དང་གྱི ་མཐའ་དབྱེར་མེད་པའི་ཕྱིརརོ།། གསོལ་པ། བཅོམ་ལྡན་འདས་ཏིང་འཛིན་འདི་ནི་ཆགས་པ་མ་མཆིས་པ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆགས་པའི་ལམ་ཐམས་ཅད་ལས ་ཤིན་ཏུ་འོདས་པའི་ཕྱི་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་འཛིན་འདི་ནི་སྣང་བར་གྱུར་པ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཏི་མུགི་མུན་པ་དང་བྲལ་བའི་ཕྱི་རོ།། གསོལ་པ། ་བཅོམ་ལྡན་འདས་ཏིང་འཛིན་འདི་ནི་རྣམ་པར་དག་པ་ལགསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་ཀུན་ནས་ཉོན་རྨོངས་པ་མེད་པའི་ཕྱི་རོ།། གསོལ་པ། བཅོམ་ལྡན་འདས ་ཏིང་འཛིན་འདི་ནི་མ་མ་མཆིས་པ་ལག་སོ།། བཅོམ་ལྡན་འདས། ཀྱིས་བཀའ་སྩལ་པ། འདོད་ཆགས་ཀྱི་རྡུལ་དང་བྲལ་བའིཿ།། ། གསོལ་པ། བཅོམ་ལྡན་འདས་ཏིང་འཛིན་འདི་ནི་རྒྱུ ་བ་མ་མཆིས་པ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམས་གསུམ་དུ་མི་རྒྱུ་བའི་ཕྱིརརོ།། གསོལ་པ། བཅོམ་ལྡན་འདས་ཏིང་འཛིན་འདི་ནི་སྤྲོས་པ་མ་མཆིས་པ་ལག་སོ།། བཅྡོཾས ་ཀྱིས་བཀའ་སྩལ་པ། སྤྲོས་པ་ཐམས་ཅད་བྲལ་བའི་ཕྱིརརོ།། གསོལ་པ། བཅོམ་ལྡན་འདས་ཏེང་འཛིན་འདི་ནི་མི་གཡོ་བ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་མཐར་ཐུག ་པའི་ཕྱིར།། གསོལ་པ། བཅོམ་ལྡན་འདས་ཏིངངེ་འཛིན་འདི་ནི་ཐམས་ཅད་ཀྱིས་རྗེསུ་ཞུགས་པ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་དང་མཚུངས་པ་མཉམ་པའི་ཕྱིར།། ་བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་བརྩོན་འགྲུས་བརྩམས་པ་འདྲ་བཞིགིས་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་འཛིན་འདི་ཐོབ་པར་ནུས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་ན་མཁའ་དང་། གཡུལ་འགྱེད་འདོད་པར་གྱུར་ན། དེས་ན་མཁའི་གོ་ཆ་ཉིད་བགོ་བར་བྱའོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ ་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་འཛིན་ཐོབ་པར་འདོད་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་གོ་ཆ་ཉིད་བགོ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་འགོད་པ་ཅི་འདྲ་བར་འཐོར ་པའང་དེ་འདྲ་བའི་ཕྱིརརོ།། བློ་གྲོས་རྒྱ་མཚོ་དེ་ལ་རྣམ་པར་ཤེས་དཔ་ནི་འདུས་བྱས་ཀྱི་ས་བོན།། རྣམ་པར་རིག་པ་མེད་པ་ནི་འདུས་བྱས་ཀྱི་ས་བོན་ཏེ། ཏིང་འཛིན་འདི་ནི་རྣམ་པར་རིག ་པ་མེད་པའི་ས་བོནོ།། ཏིངངེ་འཛིན་འདི་ནི་མིག་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པས ་རྣམ་པར་ཤེས་པར་བྱ་བ་མ་ཡིནོ།། ཏིང་འཛིན་འདི་ནི་རྣམ་པར་རིག་པས་རྟོགས་པར་བྱ་བ་མ་ཡིནོ།། ཚོར་བས་མ་ཡིན་ཏེ། ཏིང་འཛིན་འདི་ནི་ཚོར་བ་དང་། རྣམ་པར་རོག་པ་མེད་པའི་མཚན་ཉིད་།། ། ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱའོ།། བློ་གྲོས་རྒྱ་མཆོངས་ནི་མཚན་ཉིད་གཞན་གྱིས་ཀུན་ནས་ཉོན་མོངས་པ ་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན། མཚན་ཉིད་གཞན་གྱིས་རྣར་བྱང་བ་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡི་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་ས་ཉོན་མོངས་པའི་མཚན་ཉིད ་གང་ཡིན་པ་དེ་ཉིད་རྣམ་པར་བྱང་བའི་མཚན་ཉིད་དེ། འདི་ལྟ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་མཚན་ཉིད།། རང་བཞིན་གྱིས་རྣམ་པར་དག་པའི་ཆན་དན་ན། ་མཚན་ཉིད་མེད་པ་གང་ཡིན་པ་དེ་མཚན་མ་མེད་པའོ།། མཚན་མ་མེད་པ་གང་ཡིན་པ་དེ་ལ་སོ་སོར་རྣམ་པར་རིག་པ་གང་ཡང་མེདོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རྣམ་པར་རིག ་པ་མེད་ཅིང་རྣམ་པར་རིག་པར་བྱ་བ་མ་ཡིན།། ཆོས་གང་རྣམ་པར་རིག་པ་མེད་ཅིང་རྣམ་པར་རིག་པར་བྱ་བ་མ་ཡིན་པ་དེ་ལ་ཡི་གེ་རྣམས་ཀུན་ཏུ་མི་འབྱུང་།། གང་ལ་ཡི་གེ་རྣམས ་ཀུན་ཏུ་མི་འབྱུང་བ་དེ་ཇི་ལྟ་བ་བཞི་ནོ།། ཇི་ལྟ་བ་བཞིན་གང་ཞེ་ན། སྔོན་གྱི་ཇི་ལྟར་ཕྱིས་ཀྱང་དེ་བཞིན་བར་དུ་ཡང་དེ་བཞིན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་དུས་གསུམ་དུ་སྟོང་པ་ཞེས ་བྱའོ།། ཅིའི་སྟོང་པ་ཉིད་ཅེས་བྱ་ཞེས་ན། དེ་ནི་མ་བྱས་པ། བྱ་བར་འགྱུར་བ་མ་ཡིན་པ། བྱ་བ་མ་ཡིན་པ། རྣམ་པ། ར་བྱ་བ་མ་ཡིན་པ་སྟེ། དེའི་ཕྱིར་སྟོང་པ་ཉིད་ཅེས ་བྱའོ།། བྱ་བ་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། མངོན་པར་འདུ་བྱ་བ་མེད་པ་སྟེ། དེ་ལ་ནི་བྱེད་པས་བྱས་པའི་ཆོས་གང་ཡང་མེད།། དེའི་ཕྱིར་དེ་ནི་བྱ་བར་འགྱུར་བ་མེད་དོ་ཞེས་བྱའོ།། མངོན ་པར་འདུ་བྱ་བ་མེད་པ་གང་ཞེ་ན། གང་ལ་ལུས་ཀྱིས་མངོན་པར་འདུ་བྱ་བ་མེད་པ་དང་། ངག་གིས་མངོན་པར་འདུ་བྱ་བ་མེད་པ་དང་། ཡིད་ཀྱིས་མངོན་པར་འདུ་བྱ་བ་མེད་པ་སྟེ། འདི་ན ་མངོན་པར་འདུ་བྱ་བ་མེད་པ་ཞེས་བྱའོ།། མངོན་པར་འདུ་བྱ་བ་མེད་པ་གང་ཡིན་པ་དེ་འདུས་མ་བྱས་ཏེ། དེ་ལ་ནི་སྐྱེ་བ་མེད་པ་མེད། གནས་པ་མདོ།། གང་ལ་སྐྱེ་བ་མེད། འཇིག་པ་མེད། གནས ་བ་མེད་པ་དེ་དག་གནས་མེད་པའོ།། གང་ལ་གནས་དེ་མེད་ཅེ་ན། མངོན་པར་འདུ་བྱ་བ་ཐམས་ཅད་ལ་གནས་དེ་མེད། དེའི་ཕྱིར་གནས་དེ་མེད་པ་ཞེས་བྱའོ།། དེ་ལ་ནི་གཟུགས་ལ་སོང་བའི ་རྣམ་པར་ཤེས་པ་མི་གནས་པ། ཚོར་བ་ལ་སོང་བ་དང་། འདུ་ཤེས་ལ་སོང་བ་དང་། འདུ་བྱེད་ལ་སོང་བ་དང་། རྣམ་པར་ཤེས་པ་ལ་སོང་བའི་རྣམ་པར་ཤེས་པ་མི་གན་སོ།། རྣམ་པར་ཤེས་པ ་མི་གནས་པ་གང་ཡིན་པ་དེ་ཡེ་ཤེས་དང་ལྡན་པའོ།། ཡེ་ཤེས་དང་ལྡན་པ་གང་ཡིན་པ་དེ་ཡེ་ཤེས་ཀྱིས་རློམ་སེམསུ་མི་བྱེད།། གང་རློམ་སེམསུ་མི་བྱེད་པ་དེ་མངོན་པར་རློམ་སེམ་སུ་མི་བྱེདའོ།། ་གང་མངོན་པར་རློམ་སེམསུ་མི་བྱེད་པ་དེ་མི་རྩོད་དོ།། གང་མི་བ་རྩོད་པ་དེ་ཀུན་ཏུ་མི་འབརོ།། གང་ཀུན་ཏུ་མི་འབར་བ་དེ་ཀུན་ར་ཏུ་གདུང་བ་མ་ཡིནོ།། གང་ཀུན་ཏུ་གདུང་བ་མ་ཡིན་པ ་དེ་རབ་ཏུ་འབར་བ་མ་ཡིནོ།། གང་རབ་ཏུ་འབར་བ་མ་ཡིན་པ་དེ། ཞི་བའོ།། ཞི་བ་གང་ཡིན་པ་དེ་རབ་ཏུ་ཞི་བའོ།། རབ་ཏུ་ཞི་བ། གང་ཡིན་པ་དེ་ཉེ་བར་ཞི་བའོ།། ཉེ་བར་ཞི་བ་གང་ཡིན་པ ་ནེ་བྱའོ།། སྟོ་པ་ཞེས་བྱའོ།། བློ་གྲོས་རྒྱ་མཚོ་ཆོས་འདི་དག་ནི་འདི་ལྟར་ཟབ་པའོ།། འདི་ལྟར་བལྟ་དཀའ་བའོ།། འདི་ལྟར་རྟོགས་པར་དཀའ་བའོ།། གང་དག་གིས་ཆོས་འདི་དག་ཐོས་ནས་མོས་པར ་བྱེད་པ་དེ་དག་ཐམས་ཅད་ཕྱིན་ཅི་ལོག་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཡོངསུ་འཛིན་པ་དང་། འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། དེ་དག་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར ་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་མཛོད་འཛིན་པ་དག་གོ།། དེ་དང་དེ་དག་ནི་དེད་དཔོན་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་ལ་ལ་ཚད་མེད་པ་སྟོན་པ་དགོ།། དེ་དང་དེ་དག་ནི ་སྨན་པའི་རྒྱལ་པོ་སྟེ། ཉོན་མོངས་པ་གཟུགས་ཅན་མ་ཡིན་པའི་ནད་ལས་རབ་ཏུ་ཐར་བར་བྱེད་པ་དགོ།། དེ་དང་དེ་དག་ནི་མཆོད་པ་མཆོག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ ་བྱེད་པ་དག་སྟེ། དེ་དག་ནི་རིང་པོ་མི་ཐོགས་པ་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འཐོབ་པར་འགྱུརརོ།། དེ་དག་ནི་ཐེག་པ་ཆེན་པོ་འདིར་ངེས་པར་བྱས་པ་དགོ། དེ་དག་ནི་ཆོས ་ཀྱི་གྲུ་ཆེན་པོ་ཡང་དག་པར་སྦྱོར་བ་དགོ།། དེ་དག་ནི་སེམས་ཅན་ཚད་མེད་པ་དག་འཁོར་བའི་ཆུ་བོ་ཆེན་པོ་ལས་སྒྲོལ་བར་འགྱུར་བ་དགོ།། དེ་དག་ནི་ཡང་བདུད་ཀྱི་ཡུལ་དུ་བརྗོད་པ་མ་ཡིན་པ་དགོ། སྐྱེས་བུ ་དམ་པ་དེ་དག་ནི་བདུད་དང་ཕྱིར་རྒོལ་བ་བཅོམ་པ་དག་གོ།། ཏིང་འཛིན་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བདུདུ་དང་ཕྱིར་རྒོལ་བ་བ། ཙོམ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོང་སུ་འཛིན་པ་ཐམས་ཅད་དོན་དུ་མི་གཉེར་བ་དེའི་ཚེ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིནོ།། གང་གི་ཚེ་མཚན ་མ་དང་། དམིགས་པ་ཐམས་ཅད་དོན་ཏུ་མི་གཉེར་བ་དེའི་ཚེ། བདུད་ཕྱིར་རྒོལ་བ་བཅོམ་པ་ཡིནོ།། བློ་གྲོས་རྒྱ་མཚོ་བདུད་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན། ཕུང་པོའི་བདུད་དང་། ཉོན་མོ་དུ་གས ་བདག་གསུ་ལྷའི་བུའི་བདུད། བཞི་པོ་འདི་དག་ནི་འདུད།། དེ་ལ་སྒྱུ་མའི་ཆེ་སུ་སོ་སོར་རྟོག་པས་ཕུང་པོའི་བདུད་འཇོམ་མོ།། སྟོང་པ་ཉིད་ངེས་པར་སེམས་པ་ལ་སོ་སོར་རྟོག་པས་ཉོན་མོངས་པའི་བདུད ་འཇོ་མོ་སྐྱེ་བ་མེད་པ་དང་། འབྱུང་བ་མེད་པར་སོ་སོར་རྟོག་པས་འཆི་བདག་གི་བདུད་འཇོ་མོ།། ང་རྒྱལ་གྱིས་སྒྲོ་བཏགས་པ་ཐམས་ཅད་འགོག་པར་འགྱུར་བའི་ལམ་གྱིས་ལྷའི་བུའི་བདུད ་འཇོ་མོ།། གཞན་ཡང་སྡུག་བསྔལ་ཡོངསུ་ཤེས་པས་ཕུང་པོའི་བདུད་འཇོམ།། ཀུན་འབྱུང་བ་སྤོངས་པས་ཉོན་མོངས་པའི་བདུད་འཇོམོ།། འགོག་པ་མངོན་སུམ་དུ་བྱེད་པས་འཆི་བདག་གི་བདུད ་འཇོ་མོ།། ལམ་བསྒོམ་པས་ལྷའི་བུའི་བདུད་འཇོ་མོ།། གཞན་ཡང་འདུ་བྱེད་ཐམས་ཅད་ལ་སྡུག་བསྔལ་དུ་སོ་སོར་རྟོགས་པས་ཕུང་པོའི་བདུད་འཇོ་མོ། འདུ་བྱེད་ཐམས་ཅད་ལ་མི་བརྟག་པར་ས ་སོར་རྟོགས་པས་ཉོན་མོངས་པའི་བདུད་འཇོམོ།། ཆོས་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོགས་པས་འཆི་བདག་གི་བ་དུད་འཇོམོ།། མྱ་ངན་ལས་འདས་པ་ལ་ཞི་བར་སོ་སོར ་རྟོགས་པས་ལྷའི་བུའི་འདུད་འཇོམ།། བློ་གྲོས་རྒྱ་མཚོ་གཞན་པ་ང་གང་གི་ཚེ་བྱང་ཆུབ་སེམས་དཔའ་ནང་གི་ཉོན་མོངས་པའི་དྲི་མ་སྤངས་ཏེ། བྱང་ཆུབ་ཀྱི་སེམས་མ་བརྗེད་པ་སྦྱིན་པ ་བྱིན་ནས། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངསུ་བསྔོ་བར་བྱེད་པ་དེའི་ཚེ། ཕུང་པོའི་བདུད་ཚར་གཅོད་པ་ཡིནོ།། གང་གི་ཚེ་ལུས་ལ་མི་ལྟ་ཞིང་ལུས་ལ་མ་ཆགས་པར་སྦྱིན་པ་བྱིན་ནས། ཐམས་ཅད ་མཁྱེན་པ་ཉིད་དུ་ཡོངསུ་སྔོ་བར་བྱེད་པ་དེའི་ཚེ། ཉོན་མོངས་པའི་བདུད་ཚར་ཆོད་པ་ཡིནོ།། གང་གི་ཚེ་ཀྱེ་མ་ལོངས་སྤྱོད་འདི་དག་ནི་མི་རྟག་པ་ཐུན་མོངས་པ་སྟེ། དེ་དག་ལས་བདག་གིས་སྙིང་པོ ་བླངས་པར་འགྱུར་སྙམ་སྟེ། སྤྱོད་པ་བྱིན་ནས་ཐམས་ཅད་མཁྱེན་པ་ཉི་དུ་ཡོངསུ་སྔོ་བར་བྱེད་པ་དེའི་ཚེ། འཆི་བདག་གི་བདུད་ཚར་ཡོད་པ་ཡིནོ།། གང་གི་ཚེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ ་བསྐྱེད་ནས། སེམས་ཅན་ཐམས་ཅད་བསྡུ་བའི་ཕྱིར། རབ་ཏུ་ཐར་བར་བྱ་བའི་བློས། སྦྱིན་པ་བྱིན་ནས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངསུ་སྔོ་བར་བྱེད་པ་དེའི་ཚེ། ལྷའི་བུའི ་བདུད་ཚར་གཅོད་པ་ཡི་ནོ།། བློ་གྲོས་རྒྱ་མཚོ་གཞན་ཡང་རབ་ཏུ་སེམས་དཔའ་སྲིད་པར་འགྲོ་བའི་སྐྱེ་བ་ལ་མངོན་པར་འདོད་པ་མེད་པར་ཚུལ་ཁྲིམས་སྲུང་བས་ཕུང་པོའི་བདུད་ཆར་གཅོད།། བདག་མེད ་བར་ལྟ་བ་ལ་གནས་ཏེ། ཚུལ་ཁྲིམས་སྲུང་བས་ཉོན་མོངས་པའི་བདུད་ཚར་གཅོད། ཚུལ་ཁྲིམས་ཡོངསུ་དག་སྟེ། རྒ་ཤི་ལས་བཟླ་བའི་ཕྱིར་ཚུལ་ཁྲིམས་སྲུང་བས་འཆི་བདག་གི་བདུད ་ཚར་གཅོད།། བདག་གི་ཚུལ་ཁྲིམས་འཆལ་བའི་སེམས་ཅན་རྣམས་འཕགས་པའི་ཚུལ་ཁྲིམས་ལ་རབ་ཏུ་འགོང་བར་བྱའོ་སྙམ་སྟེ། ཚུལ་ཁྲིམས་སྲུང་བས་ལྷའི་བུའི་བདུད་ཆེར ་གཅོད་།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམ་ས་དཔའ་བདག་མི་དམིགས་པར་བཟོད་པ་སྒོམ་པས་ཕུང་པོའི། བདུད་ཚར་གཅོད།། སེམས་ཅན་མི་དམིགས་པར་བཟོད་པ ་སྒོམ་པས་ཉོན་མོངས་པའི་བདུད་ཚར་གཅོད་།། འཁོར་བ་མི་དམིགས་པར་བཟོད་པ་སྒོམ་པས་འཆི་བདག་གི་བདུད་ཚར་གཅོད། མྱ་ངན་ལས་འདས་པ་མི་དམིགས་པར་བཟོད་པ་སྒོམ་པས། ་ལྷའི་བུའི་བདུད་ཚར་གཅོད། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་དབེན་པར་བརྩོན་འགྲུས་རྩོམ་པས་ཕུང་པོའི་བདུད་ལས་ཤིན་ཏུ་འདའོ།། སེམས་དབེན་པ་བརྩོན ་འགྲུས་རྩོམ་པས་ཉོན་མོངས་པའི་བདུད་ལས་ཤིན་ཏུ་འདའོ།། སྐྱེ་བ་མེད་པ་དང་འབྱུང་བ་མེད་པར་བརྩོན་འགྲུས་རྩོམ་པས་འཆི་བདག་གི་བདུད་ལས་ཤིན་ཏུ་འདའོ།། འཁོར་བས ་ཡོངསུ་མི་སྐྱོ་བར་སེམས་ཅན་ཡོངསུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངསུ་གཟུང་བའི་ཕྱིར་བརྩོན་འགྲུས་རྩོམ་པས་ལྷའི་བུའི་བདུད་ལས་ཤིན་ཏུ་འདའོ།། བློ་གྲོས་རྒྱ་མཚོ་གཞན ་ཡང་བྱང་ཆུབ་སེམས་དཔའ་ཕུང་པོ་ལ་མི་གནས་པར་བསམ་གཏན་བྱེད་པས་ཕུང་པོའི་བདུད་ལས་ཤིན་ཏུ་འདའོ།། ཁམས་ལས་གནས་པའི་བསམ་གཏན་བྱེད་པས། ཉོན་མོངས་པའི་བདུད ་ལས་ཤིན་ཏུ་འདའོ།། སྐྱེ་མཆེད་ལ་མི་གནས་པར་བསམ་གཏན་བྱེད་པས་འཆི་བདག་གི་བདུད་ལས་ཤིན་ཏུ་འདའོ།། བསམ་གཏན་གྱི་ཡན་ལག་དེ་དག་བྱང་ཆུབ་ཏུ་ཡོང་སུ་སྔོ་བར་བྱེད ་པས་ལྷའི་བུའི་བདུད་ལས་ཤིན་ཏུ་འདའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱིས་ཕུང་པོ་ལ་མཁས་པར་གྱུར་པས་ཕུང་པོའི་བདུད་ལས་རྒྱའོ།། ཤེས ་རབ་ཀྱི་ཁམས་ལ་མཁས་པར་གྱུར་པས་ཉོན་མོང། ས་པའི་བདུད་ལས་རྒྱའོ།། ཤེས་རབ་ཀྱིས་སྐྱེ་མཆེད་ལ་མཁ། ས་པར་གྱུར་པས་འཆི་བདག་གི་བདུད་ལས་རྒྱའོ།། ཤེས་རབ ་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་གྱུར་པས། ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་པས་ལྷའི་བུའི་བདུད་ལས་རྒྱའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེངར ་ཆོས་ཐམས་ཅད་ལ་སྟོང་པར་མོས་པས་ཕུང་པོའི་བདུད་ཀྱིས་སྐབས་མི་རྙེད་དོ།། ཆོས་ཐམས་ཅད་མཚན་མ་མེད་པར་ཡིད་ཆེས་པས་ཉོན་མོངས་པའི་བདུད་ཀྱིས་སྐབས་མི་རྙེད།། ཆོས་ཐམས་ཅད། ་སྨོན་པ་མེད་པར་སོམ་ཉི་མེད་པས་འཆི་བདག་གི་བདུད་ཀྱིས་སྐབས་མི་རྙེད།། ཆོས་ཐམས་ཅད་ལ་མངོན་པར་འདུ་བྱ་བ་མེད་པར་ཐེ་ཙོམ་མེད་ལ། དགེ་བའི་རྩ་བ་མངོན་པར་འདུ་བྱ་བ ་ཀྱང་མི་ངོམས་པས་ལྷའི་བདུད་ཀྱིས་སྐབས་མི་རྙེད།། བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེ་སུ་ལྟ་བའི་དྲན་པ་ཉེ་བར་གཞག ་བསྒོམ་ཞིང་ལུས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོགས་པ་དེའི་ཚེ། ཕུང་པོའི་བདུད་ཡང་དག་པར་འཇོ་མོ།། གང་གི་ཚེ་ཚེར་བ་རྣམས་ལ་ཚོར་བའི་རྗེ་སུ་ལྟ་བའི ་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་ཚོར་བ་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་པ་དེའི་ཚེ། ཉོན་མོངས་པའི་བདུད་ཡང་དག་པར་འཇོ་མོ།། གང་གི་ཚེ་སེམས་ལ་སེམས ་ཀྱི་རྗེ་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་སེམས་དང་། ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་རྟོག་པ་དེའི་ཚེ། འཆི་བདག་གི་བདུད་ཡང་དག་པར་འཇོ་མོ།། གང་གི ་ཚེ་ཆོས་རྣམས་ལ་ཆོས་ཀྱི་རྗེ་སུ་ལྟ་བའི་དྲན་པ་ཉེ་བར་གན། ག་བསྒོམ་ཞིང་ཆོས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག། བས་ཀྱང་རྣམ་པར་མི་རྟོག་ལ། བྱང་ཆུབ་ཀྱི་བས ་པ་ཡང་འཁྲུག་པར་མི་བྱེད་པ་དེའི་ཚེ། ལྷའི་བུའི་བདུད་ཡང་དག་པར་འཇོ་མོ།། བློ་གྲོས་རྒྱ་མཚོ་བདུད་ཀྱི་ལས་འདི་དག་ཐམས་ཅད་ནི་བདག་གི་ཀུན་ནས་ལྡང་བས་ཀུན་ནས་ལངས་པ་དག་ཏེ། ་དེ་ལ་བྱང་ཆུབ་སེམས་དཔའ་བདག་གི་ཀུན་ནས་ལྡང་བ་ཀུན་ནས་ལངས་པར་མི་བྱེད།། བདག་གང་ཡིན་པ་དེ་ནི་བདག་མ་ཡིན་ཞིང་བདག་མེད་པ་སྟེ། དེ་ལ་ཆོས་གང་གི་ཀུན་ནས་སྡང་བ ་ཡང་མེདོ།། ད་དེ་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་རིག་ནས་གང་གི་ཚེ་སེམས་ཅན་མི་ཤེས་པ་རྣམས་ཀྱི་ཆེད་དུ་ཐེག་པ་ཆེན་པོའི་གོ་ཆ་གྱོན་པ་དེའི་ཚེ། བདག་ཏུ་སྒྲོ་འདོགས་པ་དང་། ་གཞན་སྒྲོ་འདོགས་པའི་ཕྱིར་གོ་ཆ་མི་གྱོ་ནོ།། གོ་ཆ་བགོས་ནས་ཀྱང་ཇི་ལྟར་ན། བདག་གི་གོ་ཆ་འདི་དོན་ཡོད་པར་འགྱུར་སྙམ་དུ་དཔྱོད། དེ་འདི་སྙམ་དུ་བདག་གི་གོ་ཆ་འདི་ནི་བདག་རྣམ ་པར་གཞིག་པའི་ཕྱིར་བགོས་པ་མ་ཡིན། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་རྣམ་པར་གཞིག་པའི་ཕྱིར་བགོས་པ་མ་ཡིན་གྱི། སེམས་ཅན་དག་གང ་ལ་བསྟེན་ནས་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་ལྟ་བ་ལ་གནས་པར་བྱེད་པའི་གནས་པར་བྱེད་པའི་གནས་པར་བྱེད་པའི་གནས་པ་དེ་བང་གིས ་སྤང་བར་བྱའོ་སྙམ་དུ་སེམསོ།། གནས་དེ་གང་ཞེ་ན། འདི་ལྟ་སྟེ། ཕྱིན་ཅི་ལོག་ནི་གན་སོ།། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ནི་གནས་སོ།། དེ་འདི་ལྟར་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཏེ། མི་རྟག ་བ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་བ་ལ་བདེ་བར་འདྲ། ཤེས་པ་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་རྣམས་ལ་འདུ་ཤེས ་ཡོངསུ་ཤེས་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། དེ་ལ་འདུ་ཤེས་ཡོངསུ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། འཛིན་པ་མེད་པ་དང་། མཆོག་ཏུ་འཛིན་པའོ།། གང་འཛིན་པ་མེད་པ་དེ་མཆོག་ཏུ་འཛིན ་པར་མི་བྱེདདོ།། གང་མཆོག་ཏུ་འཛིན་པར་མི་བྱེད་པ་དེ་ཀུན་ཏུ་རྨོངས་པ་མདོ།། དེ་ཀུན་ཏུ་རྨོངས་པ་མེད་པས་ལཇུ་ཤེ་སོ།། གསོལ་བ་ཅི་ལེགས་འདས་པ་རྣམས་ཀྱི་འམ། མ་འོངས་པ་རྣམས་ཀྱི ་འམ་དི་ལྟར་བྱུང་བ་རྣམས་ཀྱི་འམ། འདུ་ཤེས་པ་གང་ཡོང་སུ་འཚལ།། བཀའ་སྩལ་པ། འདས་པ་རྣམས་ཀྱི་ཡང་མ་ཡིན། མ་འོངས་པ་རྣམས་ཀྱི་ཡང་མ་ཡིན། ད་ལྟར་བྱུང་བ་རྣམས་ཀྱི ་ཡང་མ་ཡིནོ།། དེ་ཅིའི་ཕྱིར་ཞེ་ན། འདས་པའི་འདུ་ཤེས་ནི་ཟད་པའོ།། མ་འོངས་པ་ནི་མ་ཕྱིན་པའོ།། ད་ལྟར་བྱུང་བའི་འདུ་ཤེས་རྣམས་ནི་གནས་མེད་པ་སྟེ། གང་དུས ་གསུམ་དུ་འདུ་ཤེས་མི་དམིགས་པ་ནི་འདུ་ཤེས་པའོ།། དེ་འདུ་ཤེས་ཡོངསུ་ཤེས་པ་དང་ལྡན་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོང་སུ་དག་པ་སྤྱོད།། སེམས་ཅན་ཐམས་ཅད་ཀྱི་སྤྱོད ་པ་ཡངས་རབ་ཏུ་ཤེསོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་དུ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རབ་ཏུ་མི་ཤེས་པ་དེ་སྲིད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོང་སུ་དག་པ་ལ ་སྤྱོད་པ་མ་ཡིན་ཏེ། གང་གི་ཚེ་སེམས་ཅན་ཐམས་ཅད་ཀྱི་སྤྱོད། པ་རབ་ཏུ་ཤེས་པ་དེའི་ཚེ། བྱང་ཆུབ་སེམས་དཔའི་སྤྱོད་པ་མོ། དང་སུ་དག་པ་ལ་སྤྱོད།། ཇི་ལྟར་དེ་དག་གི་སྤྱོད་པ ་རྣམས་རབ་ཏུ་ཤེས་པ་དེ་ལྟར་ཆོས་སྟོན་ཏོ།། སེམས་ཅན་སྤྱོད་བ་རྫི་ལྟ་བ་རྣམས་ཀྱི་སྤྱོད་པ་ཇི་ལྟ་བ་རྣམས་ཀྱི་སྤྱོད་བ་དེ་བཟློ་ག་པའི་ཕྱིར་ཡང་ཉེ་བར་སྟོན་ཏོ།། བློ་གྲོས་རྒྱ ་མཚོ་འདོད་ཆགས་ཀྱི་བསམ་པ་ཅན་ལ། ཞེ་སྡང་ལ་སྦྱོར་བའི་བསམ་པ་ཅན་དག་ཀྱང་ཡོད། ཞེ་སྡང་གི་བསམ་པ་ཅན་ལ་འདོད་ཆགས་ལ་སྦྱོར་བ་དག་ཀྱང་ཡོད། ཞེ་སྡང་གི་བསམ། ་པ་ཅན་ལ་གཏི་མུག་ལ་སྦྱོར་བ་དག་ཀྱང་ཡོད། གཏི་མུག་བསམ་པ་ཅན་ལ་ཞེ་སྡང་ལ་སྦྱོར་བ་དག་ཀྱང་ཡོད།། གཏི་མུགི་བསམ་པ་ཅན་ལ་འདོད་ཆགས་ལ་སྦྱོར་བ་དག་ཀྱང་ཡོད།། ་འདོད་ཆགས་ཀྱི་བསམ་པ་ཅན་ལ་གཏི་མུག་ལ་སྦྱོར་བ་དག་ཀྱང་ཡོད། འདོད་ཆགས་དང་། ནི་སྡང་གི་བསམ་པ་ཅན་ལ་གཏི་མུག་ལ་སྦྱོར་བ་དག་ཀྱང་ཡོད།། ཞེ་སྡང་དང་། གཏི་མུག་བསམ ་བ་ཅན་ལ་དོད་ཆགས་ལ་སྦྱོར་བ་དག་ཀྱང་ཡོད།། གཏི་མུག་དང་། འདོད་ཆགས་ཀྱི་བསམ་པ་ཅན་ལ་ཞེ་སྡང་ལ་སྦྱོར་བ་དག་ཀྱང་ཡོད། བློ་གྲོས་རྒྱ་མཚོ་འདོད་ཆགས་བཅོས་མ ་ཅན་ལ་ཞེ་སྡང་ཚར་གཅོད་པར་བྱ་བའི་སེམས་ཅན་ཀྱང་ཡོད།། ཞེ་སྡང་བཅོས་མ་ཅན་ལ་འདོད་ཆགས་ཚར་གཅད་པར་བྱ་བ་དག་ཀྱང་ཡོད།། ཞེ་སྡང་བཅོས་མ་ཅན་ལ་གཏི་མུག ་ཚར་གཅད་པར་བྱ་བ་དག་ཀྱང་ཡོད།། གཏི་མུག་བཅོས་མ་ཅན་ལ་ཞེ་སྡང་ཆར་གཅད་པར་བྱ་བ་དག་ཀྱང་ཡོད།། གཏི་མུག་བཅོས་མ་ཅན་ལ་འདོད་ཆགས་ཚར་གཅད་པར་བྱ་བ ་དག་ཀྱང་ཡོད། འདོད་ཆགས་བཅོས་མ་ཅན་ལ་གཏི་མུག་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། འདོད་ཆགས་དང་། ཞེ་སྡང་བཅོས་མ་ཅན་ལ་གཏི་མུག་ཚར་གཅང་བར་བྱ་བ ་དག་ཀྱང་ཡོད། ཞེ་སྡང་དང་། གཏི་མུག་བཅོས་མ་ཅན་ལ་འ།། དོད་ཆགས་ཚོར་བཅད་པར་བྱ་བ་དག་ཀྱང་ཡོད། གཏི་མུག་དང་།། འདོད་ཆགས་བཅོས་མ་ཅན་ལ་ཞེ་སྡང་གཙང ་པར་བྱ་བ་དག་ཀྱང་ཡོད། བློ་གྲོས་རྒྱ་མཚོ་སྔར་འདོད་ཆགས་ཅེ་ན་ལ། ཕྱིས་ཞེ་སྡང་ཅན་དང་། སྔར་ཞེ་སྡང་ཅན་ལ། ཕྱིས་འདོད་ཆགས་ཅན་དང་། སྔར་ཞེ་སྡང་ཅན་ལ། ཕྱིས་གཏི་མུག་ཅན ་དང་སྔར་གཏི་མུག་ཅན་ལ། ཕྱིས་ཞེ་སྡང་ཅན་དང་། སྔར་གཏི་མུག་ཅན་ལ། ཕྱིས་འདོད་ཆགས་ཅན་དང་། སྔར་འདོད་ཆགས་ཅན་ལ། ཕྱིས་གཏི་མུག་ཅན་དང་། སྔར་ཞེ་སྡང་དང་། གཏི་མུག ་ཅན་ལ་ཕྱིས་འདོད་ཆགས་ཅན་དང་། སྔར་གཏི་མུ་དང་། འདོད་ཆགས་ཅན་ལ་ཕྱིས་ཞེ་སྡང་ཅན་གྱི་སེམས་ཅན་དག་ཀྱང་ཡོད།། བློ་གྲོས་རྒྱ་མཚོ་གཟུགས་ལ་འདོད་ཆགས་ཅན་ལ། སྒྲལ ་ཞེ་སྡང་ཅན་དང་། སྒྲ་ལ་འདོད་ཆགས་ཅན་ལ། གཟུགས་ལ་ཞེ་སྡང་ཅན་དང་། དྲིལ་འདོད་ཆགས་ཅན་ལ། རོལ་ཞེ་སྡང་ཅན་དང་། རོལ་འདོད་ཆགས་ཅན་ལ། དྲིལ་ནེ ་སྔང་ཅན་དང་། རེག་ལ་འདོད་ཆགས་ཅན་ལ། ཆོས་ལ་ཞེ་སྡང་ཅན་དང་། ཆོས་ལ་འདོད་ཆགས་ཅན་ལ། རེག་ལ་ཞེ་སྡང་ཅན་གྱི་སེམས་ཅན་དག་ཀྱང་ཡོད།། བློ་གྲོས་རྒྱ་མཚོ་གཟུགས་ལ ་དབེན་པས་འདུལ་བར་འགྱུར་གྱི། སྒྲ་ལས་དབེན་པས་ནི་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། སྒྲ་ལས་དབེན་པས་འདུལ་བར་འགྱུར་གྱི། གཟུགས་ལས་དབེན་པས་མ་ཡིན་བདག ་ཀྱང་ཡོད། དྲི་ལས་དབེན་པས་འདུལ་བར་འགྱུར་གྱི་རྣ་རོ་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། རོ་ལས་དབེན་པས་འདུལ་བར་འགྱུར་གྱི་དྲི་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད ་རེག་ལས་དབེན་པས་འདུལ་བར་འགྱུར་གྱི། ཆོས་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། ཆོས་ལས་དང་། ན་བས་འདུལ་བར་འགྱུར་གྱི། རེག་པ་ལས་དབེན་པས་མ ་ཡིན་པ་དག་ཀྱང་ཡོད། བློ་གྲོས་རྒྱ་མཚོ་ལུས་དབེན་པོས་འདུལ་བར་འགྱུར་གྱི། སེམས་དབེན་པས་མ་ཡིན་པ་ལ་སེམས་ཅན་དག་ཀྱང་ཡོད།། ། སེམས་དབེན་པས་འདུལ ་བར་འགྱུར་གྱི། ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། ལུས་དབེན་པ་དང་སེམས་དབེན་པས་འདུལ་བར་འགྱུར་བ་དག་ཀྱང་ཡོད། ལུས་དབེན་པ་དང་། སེམས་དབེན་པས་འདུལ་བར ་འགྱུར་བ་མ་ཡིན་པ་དག་ཀྱང་ཡོད།། བློ་གྲོས་རྒྱ་མཚོ་མི་རྟག་པའི་སྒྲས་འདུལ་བར་འགྱུར་གྱི། སྡུག་བསྔལ་དང་། བདག་པ་དང་། ཞི་བའི་སྒྲ་རྣམས་ཀྱིས་མ་ཡིན་པའི་སེམས་ཅན་དག ་ཀྱང་ཡོད། སྡུག་བསྔལ་གྱི་སྒྲས་འདུལ་བར་འགྱུར་གྱི། མི་རྟག་པ་དང་། བདག་མེད་པ་དང་། ཞི་བའི་སྒྲ་རྣམས་ཀྱི་མ་ཡིན་པ་དག་ཀྱང་ཡོད། བདག་མེད་པའི་སྒྲས་འདུལ་བར་འགྱུར་གྱི། ་མི་རྟག་པ་དང་། སྡུག་བསྔལ་བ་དང་། ཞི་བའི་སྒྲ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད། ཞི་བའི་སྒྲས་འདུལ་བ་འགྱུར་གྱི། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའི་སྒྲ ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད།། བློ་གྲོས་རྒྱ་མཚོ་ཀུན་རྗོད་པའི་ཆོ་འཕྲུལ་གྱིས་འདུལ་བར་འགྱུར་གྱི། རྗེ་སུ་བསྟན་པའི་ཆོ་འཕྲུལ་གྱི་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད།། ་རྗེསུ་བསྟན་པའི་ཆོ་འཕྲུལ་གྱིས་འདུལ་བར་འགྱུར་གྱི། ཀུན་རྗོད་པའི་ཆོ་འཕྲུལ་གྱི་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུལ་བར ་འགྱུར་གྱི། ཀུན་རྗོད་པ་དང་། རྗེསུ་བསྟེན་པའི་ཆོ་འཕྲུལ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད།། ནརྗོད་པའི་ཆོ་འཕྲུལ་གྱིས་རྣམ་པར་གྲོལ་བར་འགྱུར་བ་དང་། ་རྗེསུ་བསྟན་པའི་ཆོ་འཕྲུལ་གྱིས་རྣམ་པར་གྲོལ་བར་འགྱུར་བ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་རྣམ་པར་གྲོལ་བར་འགྱུར་བའི་སེམས་ཅན་དག་ཀྱང་ཡོད།། བློ་གྲོས་རྒྱ་མཚོ་སྦྱོར ་བ་མྱུར་ལ། རྣམ་པར་གྲོལ་བ་བུལ་བའི་སེམས་ཅན་དག་ཀྱང་ཡོད། སྦྱོར་བ་བུལ་ལེ་རྣམ་པར་གྲོལ་བ་མྱུར་བ་དག་ཀྱང་ཡོད། སྦྱོར་བ་ཡང་བུལ་ལ་རྣམ་པར་གྲོལ་བ་ཡང་བུལ་བ ་དག་ཀྱང་ཡོད། སྦྱོར་བ་ཡང་མྱུར་ལ། རྣམ་པར་གྲོལ་བ་ཡང་མྱུར་བ་དག་ཀྱང་ཡོད།། བློ་གྲོས་རྒྱ་མཚོ་རྒྱུ་རྣམས་ཀྱིས་རྣམ་པར་གྲོལ་གྱི། རྐྱེན་རྣམས་ཀྱིས་མ་ཡིན་པའི་སེམས་ཅན ་དག་ཀྱང་ཡོད། རྐྱེན་རྣམས་ཀྱི་རྣམ་པར་གྲོལ་གྱི་རྒྱུ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད། རྒྱུ་རྣམས་དང་། རྐྱེན་རྣམས་ཀྱིས་རྣམ་པར་གྲོལ་བ་དག་ཀྱང་ཡོད། ་རྒྱུ་རྣམས་དང་། རྐྱེན་རྣམས་ཀྱི་རྣམ་པར་གྲོལ་བ་མ་ཡིན་པ་དག་ཀྱང་ཡོད།། བློ་གྲོས་རྒྱ་མཚོ་ནང་གི་སྐྱོན་མཐོང་བས་རྣམ་པར་གྲོལ་གྱི། ཕ་རོལ་གྱི་སྐྱོན་མཐོང་བས་མ་ཡིན་པའི་སེམས་ཅན ་དག་ཀྱང་ཡོད། ཕྱི་རོལ་གྱི་སྐྱོན་མཐོང་བས་རྣམ་པར་གྲོལ་གྱི། ནང་གི་སྐྱོན་མཐོང་བས་མ་ཡིན་པ་དག་ཀྱང་ཡོད། ནང་གི་སྐྱོན་མཐོང་བ་དང་། ཕྱི་རོལ་གྱི་སྐྱོན་མཐོང་བས་རྣམ་པར ་གྲོལ་བ་དག་ཀྱང་ཡོད། ནང་གི་སྐྱོན་མཐོང་བ་དང་། ཕྱི་རོལ་གྱི་སྐྱོན་མཐོང་བ་རྣམ་པར་གྲོལ་བ་མ་ཡིན་གྱི་དག་ཀྱང་ཡོད། བློ་གྲོས་རྒྱ་མཚོ་སླ་བའི་ལམ་གྱིས་རྣམ་པར་གྲོལ་བ་ཐོབ ་བར་འགྱུར་གྱི། དཀའ་བའི་ལམ་གྱིས་མ་ཡིནཔའི་སེམས་ཅན་དག་ཀྱང་ཡོད། བཀའ་བའི་ལམ་གྱི། འགྱུར་གྱི། སླ་བའི་ལམ་གྱིས་མ་ཡིན་པ་དག་ཀྱང་ཡོད། ་བཀའ་བ་དང་། སླ་བས་འགྱུར་བ་དག་ཀྱང་མོ་པ།། སླ་བ་དང་བཀའ་བའི་ལམ་གྱིས་རྣམ་པར་གྲོལ་བ་ཐོབ་བར་མི་འགྱུར་བ་དག་ཀྱང་ཡོད།། བློ་གྲོས་རྒྱ་མཚོ་མགུར ་གསལ་བའི་སྒྲས་འདུལ་བའི་སེམས་ཅན་དག་ཀྱང་ཡོད། རབ་ཏུ་བསྟན་པས་འདུལ་བ་དག་ཀྱང་ཡོད། ཚར་གཅད་པས་འདུལ་བ་དག་ཀྱང་ཡོད། རབ་ཏུ་གཟུངས་པས་འདུལ་བ་དག ་ཀྱང་ཡོད། སྡུག་པའི་རྣམ་པས་འདུལ་བ་དག་ཀྱང་ཡོད། མི་སྡུག་པའི་རྣམ་པས་འདུལ་བ་དག་ཀྱང་ཡོད། ཞེ་སྡང་གི་རྣམ་པས་འདུལ་བ་དག་ཀྱང་ཡོད། བྱམས་པའི་རྣམ་པས་འདུལ ་བ་དག་ཀྱང་ཡོད། སྨ་དབབ་པས་འདུལ་བའི་རྣམ་པ་དག་ཀྱང་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བས་འདུལ་བ་དག་ཀྱང་ཡོད། རྗེ་སུ་འཐུན་པར་རྒྱུ་བས་འདུལ་བ་དག་ཀྱང་ཡོད། ་སྤྱིའུ་ཆུག་སུ་རྒྱུ་བས་འདུལ་བ་དག་ཀྱང་ཡོད་། སྣརེལ་ཞིར་རྒྱུ་བས་འདུལ་བ་དག་ཀྱང་ཡོད། དྲན་པ་ཉེ་བར་གཞག་པའི་སྒྲས་འདུལ་བ་དག་ཀྱང་ཡོད། ཡང་དག་པར་སྤོང་བའི་སྒྲས་འདུ ་བ་དག་ཀྱང་ཡོད། རྫུ་འཕྲུལ་གྱི་རྐང་པའི་སྒྲས་འདུལ་བ་དག་ཀྱང་ཡོད། དབང་པོའི་སྒྲས་འདུལ་བ་དག་ཀྱང་ཡོད། སྟོབས་ཀྱི་སྒྲས་འདུལ་བ་དག་ཀྱང་ཡོད། བྱང་ཆུབ་ཀྱི་ཡན་ལག་སྨྲས ་འདུལ་བ་དག་ཀྱང་ཡོད། ལམ་གྱི་སྒྲས་འདུལ་བ།། དག་ཀྱང་ཡོད། ནི་གནས་ཀྱི་སྒྲས་འདུལ་བ་དག་ཀྱང་ཡོད།། ལྷག་མཐོང་གི་སྒྲས་འདུལ་བ་དག་ཀྱང་ཡོད།། བློ་གྲོས་རྒྱ་མ ་འཕགས་པའི་བདེན་པ་བསྟན་པའི་སྒྲས་འདུལ་བའི་སེམས་ཅན་དག་ཀྱང་ཡོད།། བློ་གྲོས་རྒྱ་མཚོ་དེ་ལྟར་ན་སེམས་ཅན་གྱི་སྤྱོད་པ་བསམ་གྱིས་མི་ཁྱབ། སེམས་ཅན་གྱི་བསམ་པ་བསམ་གྱི། ་མི་ཁྱབ། སེམས་ཅན་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་པ་འཇུག་པ་བསམ་གྱིས་མི་ཁྱབ་པ་ལ་ཞུགས་ནས། སེམས་ཅན་བསམ་གྱིས་མི་ཁྱབ་པ་རྣམས ་ཀྱི་སྤྱོད་པ་འཇུག་པ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པར་ནུསོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། ཀུན་ནས་ཞགས་པ་ཞེས་བྱ་བའི་དྲ་བ་དེར་སྐྱེས་བུ་ཞིག་བཅུག་པར་འགྱུར་ལ། ་སྐྱེས་བུ་དེས་ཞགས་པ་ཐམས་ཅད་ལས་འབྱིན་པ་ཞེས་བྱ་བའི་སྔགས་ཀྱི་རིག་པའི་སྟོབས་བསྐྱེད་ན། དྲ་བ་དེར་བཅུག་མ་ཐག་ཏུ་སྔགས་ཀྱི་རིག་པའི་སྟོབས་ཀྱིས་ཞགས་པའི་བཅང ་བཅིང་བ་ཐམས་ཅད་བཅད་ནས། གར་དགའ་བ་དེར་འགྲོའོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན ་ཐམས་ཅད་ཀྱི་བསམ་པ་ལ་ཞུགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ཀྱི་རིགས་པའི་སྟོབས་ཀྱིས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ཉོན་མོངས་པའི་འཆིང་བ་ཟང ་གཅོད། སངས་རྒྱས་ཀྱི་ཡེ་ཤེས་དེ་ལ་མ་རེག་ཀྱང་སངས་རྒྱས་ཀྱི་མཛད་པས། སེམས་ཅན་རྣམས་ལ་ཉེ་བར་གནས་པ་ཡིནོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ ་རདྭ་ཏིའི་དུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ཙམ་དུ་སེམས་ཅན་གྱི་སྤྱོད་པ་ཚད་མ་མཆིས་པ་དང་། ཇི་ཙམ་དུ་སངས་རྒྱས་ཀྱི་མཁྱེན་པ་བསམ་གྱིས་མི་ཁྱབ ་པ་ངོ་མཚར་ཏོ།། བཅོམ་ལྡན་འདས་གང་གི་ཚེ། བྱང་ཆུབ་ས། མས་དཔའ་ལས་དང་བྲོ་བས། སེམས་ཅན་གྱི་སྤྱོད་པ་ཚད་མ་མཆིས་པ་དང་། སངས་རྒྱས་ཀྱི་མཁྱེན ་པ་ཚད་མ་མཆིས་པ་འདི་དག་ཐོས་ནས་མི་སྐྲག་མི་དང་དཀར་མི་འགྱུར་བྱ་འདི་མི། བདག་ལ་ཤིན་ཏུ་ངོ་མཚར་དུ་གདའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་ན་ས ་ན་ཅི་གས་ས་ཤཱ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། སེངྒེའི་ཕྲུ་གུ་སེང་གེའི་སྒྲ་ཐོས་ནས་སྐྲག་པའམ། དང་བ་འམ། ཀུན་ཏུ་དང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས ་དེ་ནི་མ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་དེ་བཞིན་གཤེགས་པའི་སེངྒེའི་སྒྲ་ཐོས་ནས། མི ་སྐྲག་མི་དང་དང་བར་མི་འགྱུརརོ།། སེམས་ཅན་གྱི་སྤྱོད་པ་ཚད་མེད་པ་ཐོས་ནས་འཇིགས་པར་མི་འགྱུརརོ།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། མེའི་སྣང་བ་ཆུང་ཡང་། ཤིང་དང ་ཐམས་ཅད་ཀྱི་མི་སྐྲག་སྟེ། དེ་འདི་སྙམ་དུ་ཚིག་པར་བྱེད་མི་ནུསོ་སྙམ་དུ་མི་སེམསོ།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ཤེས་རབ་སྣང་བ་ཆུང་ཡང ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ཀྱིས་མི་སྐྲག་སྟེ། དེ་འདི་སྙམ་དུ་བདག་གིས་ཉོན་མོངས་པ་ཞི་བར་བྱེད་མི་ནུསོ་སྙམ་དུ་མི་སེམས་ཀྱི། སེམས་ཅན་ཐམས་ཅད་ཀྱི ་ཉོན་མོངས་པ་དེ་ཉིད་ལ་ཚུལ་བཞིན་དུ་ངེས་པར་བརྟགས་ནས། ཤེས་རབ་ཀྱི་རྒྱུར་འགྱུར་རོ།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། ཡོངསུ་བརྟག་པ་ཉེ་བར་གཟུང་སྟེ། མེ་དང ་རྩ་དང་། ཤིང་དང་། ལོ་མ་དང་། ཡལ་ག་ཐམས་ཅད་འཐབ་ཅིང་རྩོད་པ་ཆེན་པོ་བྱ་བར་བརྩམས་ཏེ། ཉི་མ་བདུན་ནག་ཡུལ་ཆེན་པོ་འགྱེད་སྙམ་ནས། དེ་ན་རྩ་དང ་ཤིང་དེ་དག་གིས་དེ་ལས་གཞན་པའི་རྩ་དང་ཤིང་ཐམས་ཅད་བསྡུས་ཏེ། ངེད་ཀྱི་དཔུང་གྱིས་ཤིག། ངེད་ཀྱི་གྲོགས་གྱིས་ཤིག་ཅེས་བྱས་ནས། དེ་ན་རྩཝ་དང་ཤིང་གི་ཕུང་པོ་རི་རབ ་ཙམ་བསྡུས་པར་གྱུར་ལ། དེ་ནས་འགའ་ཞིག་མེ་དེའི་གན་དུ་སེང་སྟེ། འདི་སྐད་ཅེས་སྨྲས།། ཅིའི་ཕྱིར་ཁྱོད་དཔུང་མི་སྡུད། ཁྱོད་རྩཝ་དང་ཤིང་འདི་དག་ལས་གཅིག་པུས་རྒལ་བར་བྱས ་མམ་དེ་ནས་མེ་དེས་འདི་སྐད་ཅེས་སྨྲ་སོ།། འདིར་བདག་གིས་དཔུང་བསྡུ་བར་བྱ་མི་དགེ་སོ།། དེ་ཅིའི་ཕྱིར་ཞེ་ན། རྩ་དང་། ཤིང་ཕྱིར་རྒོལ་བ་དེ་དག་ཉིད་བདག་གི་གྲོགས་ཡིན་ཏེ། ཇི ་ལྟ་ཇི་ལྟར་འདི་དག་མང་པོར་གྱུར་པ་དེ་ལྟར་བདག་སྟོབས་དང་རབ་ཏུ་ལྡན་པར་འགྱུརརོ།། གལ་ཏེ་འདི་དག་མེད་པར་གྱུར་ན། བདག་ཀྱང་མྱུར་དུ་འཆིའོ།། ཤཱ་ར་དྭ་ཏིའི་བུ་དེ ་བཞིན་དུ་ཇི་ལྟ་ཇི་ལྟར་འདི་དག་མང་པོར་གྱུར་པ་དེ་ལྟར་བདག་ས་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཚད་མེད་པ་དག་ལ། ཤེས་རབ་ཀྱི་མེ་ཚད་མེད་པ་རབ་ཏུ་གཏོང ་བ་དེ་ལྟར་བྱང་ཆུབ་སེམས་དཔའ་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར། དེ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དེ་དག་ལ་ཚུལ་བཞིན་དུ་ཉེ་བར་བརྟགས་ན། ཤེས་རབ་ཀྱི་རྒྱུར་འགྱུརརོ།། གལ་ཏེ ་བྱང་ཆུབ་སེམས་དཔའ་རང་གི་ཉོན་མོངས་པ་མེ་ད་པར་བྱ་བར་འདོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོ་ངས་པ་རྣམས་ལ་གཡལ་ན། དེ་མྱུར་དུ་ཉན་ཐོས་ཀྱི་ས་འམ། ་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུརརོ།། ཤཱ་རདྭ་ཏིའི་བུ་ཁྱོད་ཀྱིས་རྣམ་གྲངས་འདི་ལྟར་རིག་པར་བྱ་སྟེ། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོས ་བ་ལ་ཚུལ་བཞིན་ཡིད་ལ་བྱེད་པས། ཡང་དག་པར་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དེ་ལྟ་དེ་ལྟར་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། གལ་ཏེ་དེ་ལྟ་བུ་ཐོས་ནས་མི་སྐྲག་ན། ཐབས་ལ ་མཁས་པའི་བྱང་ཆུབ་སེམས་དཔར་རིགས་པར་བྱའོ།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། སྦྲུལ་གདུགས་པའི་ཕྲུག་གུ་ནི་གྲོགས་མི་དགོས་པར་ཟའོ།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་གྲོགས་མི་དགོས་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་སྡུད། གཅིག་པུ་གཉི་སུ་མེད་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག ་བར་སྡུད།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། སྲིན་བུ་མེ་ཁྱེར་བརྒྱ་སྟོང་གིས་ཀྱང་། ཉི་མའི་འོད་ཟིལ་གྱིས་མི་ནུསོ།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ། ཉོན་མོངས་པ་ཐམས་ཅད་ཀྱིས ་ཀྱང་། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་འོད་ཟིལ་གྱིས་གནོན་མི་ནུསོ།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། དུག་གི་གཉེན་པོས་ནད་མེད་པར་བྱེད་པ་ཆུ་དུས་ཀྱང་དུག་ཤིན ་ཏུ་མང་གི་ཞི་བར་བྱེད།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ། བྱང་ཆུབ་སེམས་དཔེའི་ཤེས་རབ་ཀྱི་ནང་མེད་པ་ཆུང་ངུས་ཀྱང་། ཉོན་མོངས་པའི་དུག་མང་པོ་ཤིན་ཏུ་ཞི་བར་བྱེད།། ཤཱ་ར་དྭ་ཏིའི་བུ ་འདི་ལྟ་སྟེ། དཔེར་ན་། ཁར་སྣང་ལས་རོ་གཅིག་པའི་ཆུའི་རྒྱུན་འབབ་པ་བབ་ནས། སྣོད་ཀྱི་བྱེ་བྲག་གིས་རོ་བྲོ་བ་ཐ་དད་དུ་འགྱུ་རོ།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ། བྱང་ཆུབ་སེམས ་དཔའ་ཡང་རྣམ་པར་གྲོལ་བའི་ཡེ་ཤེས་རོ།། གཅིག་པ་ཡང་དག་པར་བསྒྲུབ་ཏེ། སེམས་ཅན་གྱི་དབང་པོ་ཐ་དད་པ་རྣམས་ལ་ཆོས་བསྟན་པ་ཐ་དད་པ་སྟོན་ཏོ།། ཤཱ ་རདྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། གང་དུ་འཛམྦུའི་ཆུ་བོའི་གསེར་བྱུང་བ་དེར་རིན་པོ་ཆེ་ཐམས་ཅད་མེག་མོག་པོར་འགྱུརརོ།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རིན་པོ་ཆེ ་འབྱུང་བའི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་མོག་མོག་པོར་འགྱུརརོ།། ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་བ་དེའི་ཚེ། རྒྱལ ་ཕྲན་ཐམས་ཅད་དེ་ལ་ཕྱག་འཚའོ།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་གང་གི་ཚེ་ཆོས་ཀྱི་རྒྱལ་པོའི་བུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཚེ། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་ཇིག ་རྟེན་གྱིས་ཕྱག་བྱ་བར་འགྱུར། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། བསོད་ནམས་མ་བྱས་པའི་སེམས་ཅན་རྣམས་ལ་དབྱིགི་ཆར་མི་བབ་བོ།། ཤཱ་ར་དྭ་ཏི་བུ་དེ་བཞི ་དུ་དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་ལ་བྱང་ཆུབ་ཀྱི་སེམས་མོ་སྐྱེའོ།། བམ་པོ་བནི་པ།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། བུ་རམ་ཤིང་གིས ་བེན་མེད་པར་ཤ་ཁ་ར་མི་འབྱུང་།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འགྲུབ ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་གང་སྨན་དུ་མི་མཐོང་བའི་གཟུགས་སྣང་བ་དེ་གང་ཡང་མེདོ།། ཤཱ་རདྭ་ཏིའི་བུ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་སྤྱད་པའི་བྱང་ཆུབ་སེམས་དཔས་ཀྱང་། བྱང་ཆུབ་ཏུ་མི་མཐོང་བ། ཉེའི་ཆེ་སུ་སྣང་བ་དེ་གང་ཡང་མེད།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན ་གྱིས་ཉི་མ་དང་། བླ་བའི་གཞལ་མེད་ཁང་གི་ལམ་གྱི་རིམ་བརྒྱུན་གཅོད་པར་མི་ནུས། ཤཱ་རདྭ་ཏིའི་བུ་དེ་བཞིན་དུ་དང་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམ་པའི ་བྱང་ཆུབ་ཀྱི་ལམ་ཀུན་ཏུ་གཅད་པར་མི་ནུས།། ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། གཟུགས་ན་སྤྱོད་པའི་ལྷོའི་བུ་རྣམས་ནི་མ་མཁའ་ལ་གཞལ་མེད་ཁང་ན་གནས། ཤཱ་རདྭ་ཏིའི་བུ། ་དེ་བཞིན་དུ་ཟབ་མ་ལོ་སྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཆེས་ཐམས་ཅད་ནམཁའི་དང་མཚུངས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དེ་དང་འདྲ་བ་ཉིད ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། སྣོད་དུ་བྱེད་པ་ཇི་སྙེད་པ་དེ་སྙེད་དུ་ན་མཁའ་འཇུག་ཀྱང་། ན་མཁའ་ནི་བྲི་བ་འམ། གང་བ་མེད།། ཤཱ་རདྭ་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ ་ཡོངསུ་སྔོ་བའི་སྟོབས་ཇི་སྙེད་པ་དེ་སྙེད་དུ་སངས་རྒྱས་ཀྱི་ཆོས་རྣམས་ཡོངསུ་འཛིན་ཀྱང་། སངས་རྒྱས་ཀྱི་ཆོས་རྣམས་ལ་བྲི་བ་འམ། གང་བ་མདོ།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར ་ན་སྐྱེས་བུའི་སྟོབས་ཇི་ཙམ་པ་དེ་ཙམ་དུ་ན་མཁའ་ལ་མངའ་འཕངས་པ་འགྲོ་ཡང་། ནམཁར་ལ་ཐུག་པ་གང་ཡང་མེདོ།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དང་པའི ་སྟོབས་ཇི་ཙམ་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་སངས་རྒྱས་ཀྱི་ཆོས་རྣམས་ལ་མཐའ་ཐུག་པ་གང་ཡང་མེདོ།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། ་མཁན་གྱིས་སྣོད་དུ་མ་བྱས་པ་དག་སྣོད་ཀྱི་མིང་མི་ཐེའོ།། ཤཱ་རདྭ་ཏི། འི་བུ་དེ་བཞིན་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངསུ་མ་སྔོ་ས་པ་ཡང་ཕ་རོལ་ཏུ་ཕྱིན་པའི་མིང་མི་འགྲོའོ།། ་ཤཱ་ར་དྭ་ཏིའི་གུ་འདི་ལྟ་སྟེ། དཔེར་ན། སུས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོང་བ་དེ། ཕྱིས་རྒྱལ་ཕྲན་ཐམས་ཅད་ལ་རེ་བར་མི་བྱེད།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་སུས་ཆོས་ཀྱི་རྒྱལ ་པོ་དེ་བཞིན་གཤེགས་པ་མཐོང་བ་དེ། བྱེས་ཉན་ཐོས་དང་། རང་སངས་རྒྱལདས་རེ་བར་མི་བྱེད་།། ཤཱ་རདྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། བ་ལང་གི་རྗེས་ཀྱི་ཆུ་ལས་རིན་པོ་ཆེ་ཐམས་ཅད་མི ་འབྱུང་། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་ཉན་ཐོས་ཀྱི་ཚུལ་ཁྲིམས་ལས་དཀོན་མཆོག་གསུམ་པོ་དག་མི་འབྱུང་། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ལས་རིན་པོ་ཆེ་ཐར ་འབྱུང་།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་། ཐོས་པའི་རྒྱ་མཚོ་ལས་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། ་དགེ་འདུན་དཀོན་མཆོག་སྟེ། དཀོན་མཆོག་གསུམ་པོ་དག་འབྱུང་།། ཤཱ་རདྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། རྒྱལ་པོའི་བུ་བཙས་ནས་རིང་པོར་མ་ལེན་པ་ནི། རྒྱལ་པོ་ཞེ་འམ། རྒྱལ་པོ་མ ་ཡིན་པ་ཞེས་ཀྱང་མི་བརྗོད། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་། སངས་རྒྱས་ཞེའམ། སངས་རྒྱས་མ་ཡིན་པ་ཞེས་ཀྱང་མི་བརྗོད། ཤཱ་ར་དྭ་ཏིའི་བུ་འདི ་ལྟ་སྟེ། དཔེར་ན། ནེར་བུ་རིན་པོ་ཆེ་བྱི་དོར་མ་བྱས་པ་ལ་ནི་མདོ་ན་པར་འདུ་བྱ་བར་མི་འགྱུརརོ།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱ་ང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་ཆོས ་བསྟན་པ་ལ་འཇིགས་པ་མེད་པ་ཡིན།། ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་བྱི་དར་བྱས་ཏེ། འོད་གསལ་བ་ནི་དགེ་འ་བ་ཡང་དག་པར་སྐྱེད་པ་ཡིནོ།། ཤཱ་ར་དྭ་ཏིའི་བུ ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡུན་རིང་དུ་སྤྱད་པ་ཆོས་བསྟན་པ་རྣམས་ལ་འཇིགས་པ་མེད་པ་ཡང་། སེམས་ཅན་ཐམས་ཅད་ཀྱི་དགའ་བ་ཡང་དག་པར་སྐྱེད་པ་ཡིནོ།། ཤཱ་རདྭ ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་ནི་ཆུང་ངུ་ཡང་ཁྱད་དུ་མི་གས་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ཆུང་ཟིན་ཀྱང་གནས་ཁང་ངམ་ཁྱིམ་འམ། ཁང་པར་བཅུག་ན། དེ་ཐམས་ཅད་སྣང ་བར་བྱེད།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལ་ཡང་བརྙས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བྱང་ཆུབ་ཐེབ་ནས། སངས་རྒྱས་ཀྱི་འོད་ཀྱི་སངས་རྒྱས་ཀྱི ་ཞིང་ཐམས་ཅད་རྒྱས་པར་འགེངས་པར་འགྱུར་བའི་ཕྱིར།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་གང་དག་རིན་ཏང་མེད་པ་དེ་དག་ནི་ཡང་མ་དཔྱད་པ་ཡིནོ།། ཤཱ་རདྭ་ཏིའི ་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་དག་ཕྱིར་མི་ལྡོག་པར་འགྱུར་བ་དེ་དག་ང་རྒྱལ་མེད་པ་ཡིནོ།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། ལོ་ཏོག་ཡོངསུ་རྫོགས་པ་ནི་གཡུར་ག་ཟད ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་དཀར་པོའི་ཆོས་ཡོང་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་འདུད།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། གང་ས་ཆེན་པོ་འདི། ་ཚིག་པ་བྱེད་པའི་སྲེག་པའི་བསྐལ་པའི་མེ་དེ་ནི་གང་ནས་ཀྱང་མི་འོ་།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་མེ་གང་གིས་བག་ཆགས་ཀྱི་མཚམས་སྦྱོར་བར་གྱུར ་པའི་ཉོན་མོངས་པའི་རྣམས་བསྲེགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚ།། ང་རྒྱ་བ་དེ་ཡང་གང་ནས་ཀྱང་མི་འོང་།། ཤཱ་རདྭ་ཏ ་བུ་འདི་ལྟ་སྟེ། དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཚིག་པ་འམ། མ་ཚིག་པ་ཡང་རུང་སྟེ། ན་མཁའི་ངོ་བོ་ཉིད།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས ་དཔའ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཡང་རུང་། མངོན་པར་རྫོགས་པར་འཚང་མི་རྒྱ་ཡང་རུང་སྟེ། ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད།། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས ་དཔའ་རྣམས་བསྡུ་བའི་ཕྱིར། དེ་བཞིན་གཤེགས་པས་དཔཉེ་བར་བཀོད་པ་བསྟན་པ་འདི་དག། བྱང་ཆུབ་སེམས་དཔའ་གང་དག་གིས་ཐོས་ནས་མོས་པར་འགྱུར་བ་དེ་དག་ཐམས་ཅད་དཔེ ་འདི་ལྟ་བུ་གྲུབ་པ་འདི་ལྟ་བུ་གྲུབ་པ་ཉིད་དུ་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དཔེའི་འཕྲེང་བ་བསྟན་པ་འདི་བཤད་པ་ན། སྲོག་ཆགས་ཉི་ཁྲི་བཞི་སྟོང་གིས་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིག་སུ་བཅད་པ་འདི་དག་གསུང་སོ།། སངས་རྒྱས་བྱང་ཆུབ་མཆོག་ཏུ་ལྟ་དཀའ་སྟེ།། ཟབ་ཅིང་ཕྲ་ལ་དྲི་མེད ་ཅིང་བ་དེ་བས་མཽ་གང་རྣམ་འཚང་རྒྱ་འདོད་པ།། དེས་འདིར་ཆོས་རྣམས་ལ་ནི་ཐོགས་མི་བྱ།། ཡེ་ཤེས་ཤིན་ཏུ་དག་ཅིང་བཅོས་མ་མིན།། ཀུན་ཏུ་སྣང་བར་གྱུར་ཅིང་འོད་གསལ་ཏོ།། དྲི་མེད ་ཕྱག་རྒྱ་ལ་ནི་རབ་གནས་པས།། བྱང་ཆུབ་དམ་པ་འདི་ལ་རེག་པར་ནུས།། སྔོན་གྱི་མཐའ་འམ་ཕྱི་མའི་མཐའ་ཡང་རུང་།། སེམས་ནི་དག་ཅིང་རང་བཞིན་འོད་གས་ལོ།། ཉོན་མོད་གང་གིས་ཡིད ་ནི་ཉེ་ཉོན་མོངས།། དེ་དག་ཚུལ་བཞིན་གྱིས་ནི་ཡོངསུ་སྤང་།། འདི་ལ་བྱེད་པོ་མེད་ཅིང་ཚོ་རབ་མེད།། ཆོས་རྣམས་ཐམས་ཅད་རྗེ་མེད་ཡ་མཪྻ།། གང་ཟག་མེད་ཅིང་བདགིས ་བདག་མེད་བསྟན།། རྨི་ལམ་ངོ་བོ་ཉིད་དེ་ན་མཁའ་འདྲ།། འདི་དག་ལུས་ཀྱི་ལས་ཀྱིས་རབ་ཕྱེ་མིན།། ངག་གམ་སེམས་ཀྱིས་རྣམ་པར་བརྟགས་མ་ཡིན།། ཡང་དག་དུ་ན་བྱས་མིན་གཞན ་མིན་ཏེ།། དེ་དག་ལ་ནི་དཔེ་བྱར་མི་ནུས།། ན་མཁའ་མཚུངས་ཤིང་དྲི་མེད་ངོ་བོ་ཉིད།། གཟུགས་ཅན་མ་ཡིན་བསྟན་དུ་ཡོད་མ་ཡིན།། མིགས་ཤེས་བྱ་མ་ཡིན་རྣ་སྣས་མིན།། ལྷོ་དང་ལུས་དང་ཡིད ་རྣམས་ཀྱིས་ཀྱང་མིན།། མཚན་ཉིད་རྣམ་པར་ལོག་ཞི་བ་གནས་མེད་ཟླ་བའི་གཟུགས་བརྙན་འདྲ།། དེ་ལ་སེམས་མི་རྒྱུ་སྟེ་ཡིད་ཀྱང་མེད།། རྣམ་ཤེས་མ་ཡིན་འདུ་ཤེས་སེམས་པ་མིན།། དེ ་། དག་ཡེ་ཤེས་ལས་དང་དེ་བཞིན་དུ།། རྣམ་པར་ཤེས་པའི་ལས་ཀྱིས་ཤེས་མི་ནུས།། ཡི་གེ་རྣམས་ཀྱིས་ཆོས་འདི་བསྙང་བ་གང་།། སངས་རྒྱས་ཐུགས་རྗེ་འདི་ནི་བླ་ན་མེད།། སེན ་གང་དག་སྔོན་ཅད་བྱས་ལྡན་ཞིང་།། དགེ་བའི་བཤེས་གཉེན་གྱིས་ཀྱང་ཡོངས་ཟིན་པ། དེ་དག་འདི་འདྲའི་ཆོས་འདི་ཐོས་ནས་ནི།། དགའ་བ་རྒྱ་ཆེན་ཟང་ཟིང་མེད་པ་ཐོབ། འདི་ནི་ཅི ་སེམས་ཅི་ཞིག་བྱེད་ཅིག་ཅེས།། དེ་དག་བདུད་ཀྱིས་སྐྱོན་ཆགས་མི་རྙེད།། སེམས་དང་སེམས་ཀྱི་སྤྱོད་ཡུལ་མི་ཤེས་ན།། བར་དུ་བདུད་ལས་བྱེད་པར་ག་ལ་འགྱུར།། བདུད་བཞི་འདི་ལས་ཤིན་ཏུ ་འདས་ནས་ནི།། རིགས་པ་དང་ནི་བློ་དང་བསོད་ནམས་དང་།། ཚུལ་གྱི་སངས་རྒྱས་སྤྱོད་ཡུལ་རབ་གནས་པ།། བྱང་ཆུབ་སྤྱོད་པ་དམ་པ་འདི་ལ་སྤྱོད།། གང་ཞིག་སེམས་ཅན་ཀུན་གྱི་སྤྱོད་ཤེས ་བ་འདེ་ནི་བྱང་ཆུབ་སྤྱོད་མཆོག་འདི་ལ་སྤྱོད།། དེ་ཡིས་སྤྱོད་པ་རྣམ་མང་འདི་ཐོས་ནས།། དེ་ཡི་མཚན་ཉིད་ཆ་ས་ཀྱང་རབ་ཏུ་སྟོན།། འགྲོ་བའི་སྤྱོད་པ་འདི་ནི་སྣ་ཚོགས་ཏེ།། ་ཕན་ཚུན་དམིགས་པར་ཡང་དག་རབ་ཏུ་ལྡན།། བདག་ཆེན་དེ་དག་སྤྱོད་ཡུལ་དེ་ཤེས་ནས།། བྱེད་པར་ངེས་པས་བསྟན་པ་ལུང་ཡང་སྷོ།། འདི་ན་སེམས་ཅན་ཆགས་མང་ཆགས་པ་ཡོད ་དེ་དག་ནི་སྡང་བག་ཉལ་རྣམ་པ་མང་།། ང་དགེ་ཞེ་སྡང་ཉོན་མོངས་གཟོར་བར་སྣང་།། དེ་དག་གཏི་མུག་ཆེན་པོས་གནང་བར་གྱུར།། དེ་དག་འགྲོ་བའི་སྤྱོད་པ་སྣ་ཚོགས་ཏེ།། དེ་ལ་འཇུག་པ ་དང་ནི་མཚན་མ་དང་། རྐྱེན་དང་དམིགས་པའང་ཁོང་དུ་ཆུད་བྱས་ལ།། དེ་ཡི་འོག་ཏུ་དེ་ཡི་མཚན་ཉིད་བསྟན།། ཀུན་ནས་ཞགས་པའི་དྲ་བར་རབ་སྟུག་པ།། རིག་པ་འཛིན་པའི་སྐྱེས་བུ ་མཁས་གསལ་བ།། དེས་ནི་ཞགས་པ་ཐམས་ཅད་རབ་བཅད་ནས།། ཇི་ལྟར་འདོད་པ་བཞིན་དུ་མ་སྨད་འགྲོ། དེ་ལྟར་བྱང་ཆུབ་སེམས་དཔའ་ན་མཁས་པ།། འགྲོ་བ ་ཀུན་ལ་སེམས་ཀྱི་བསམ་ཞུགས་ནས།། ཉོན་མོངས་དེ་དག་ཐམས་ཅད་རབ་བཅང་།། སྒྲིབ་པ་མེད་པར་འགྲོ་བ་ཀུན་ལ་སྤྱོད།། ཉི་མའི་འོད་ལ་གྲོགས་ནི་བྱ་མི་དགོས།། སྦྲུལ་གདུག་ལ་ཡང་གྲོ། ་བྱ་དགོས་མ་ཡིན།། སེངྒེའི་སྒྲ་ལ་གྲོགས་བྱ་མི་དགོས་ཏེ། བྱང་ཆུབ་སེམས་དཔའ་ལ་ཡང་གྲོགས་མི་དགོས།། དེ་དག་གྲོགས་མེད་གཅིག་པོ་གཉིས་མེད་པར།། སངས་རྒྱས་ཆོས་མང་ཡང ་དག་སྒྲུབ་པར་བྱེད།། བརྩོན་འགྲུས་དང་ནི་མཐུ་དང་སྟོབསུ་ལྡན།། འགྲོ་བའི་ཉོན་མོངས་རྣམས་ནི་རབ་ཏུ་འཇོམ།། ཇི་ལྟ་ཇི་ལྟར་མེས་ནི་རྩ་རྙེད་པ།། དེ་ལྟ་དེ་ལྟར་དེ་སྟོབས་ཕྱིར་ཞིང་འཕེལ།། ཇི་ལྟར ་བྱང་ཆུབ་སེམས་དཔའ་ཉོན་མོངས་སྲིད།། དེ་ལྟ་དེ་ལྟར་ཤེ། ས་རབ་མེ་རབ་འཕེལ། དཔེ་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམ་པར་བྱའོ།། བྱང་ཆུབ་སེངས ་རྟག་ཏུ་བཏུལ་བ་བརྟན་པ་དང་། འདུན་པ་ཆེ་བར་བྱའོ།། གཅེས་པ་མི་འདོར་བར་བྱའོ།། བློ་གྲོས་རྒྱ་མཚོ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་དཀའ་བ་མ་ཡི་ནོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་གང་ན་བརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ཡོད།། ལེ་ལོ་ཅན་རྣམས་ལ་ནི་བྱང་ཆུབ་ཤིན། ་ཏུ་རིང་ཞིང་རྣམ་པར་རིང་།། ལེ་ལོ་ཅན་ལ་སྦྱིན་པ་མདོ།། ལེ་ལོ་ཅན་ལ་ཚུལ་ཁྲིམས་མེདོ།། ལེ་ལོ་ཅན་ལ་བཟོད་པ་མེདོ།། ལེ་ལོ་ཅན་ལ་ཤེས་རབ་མེད།། ལེ་ལོ་ཅན་ལ་བདག་གི་དོན་མེད། ་ལེ་ལོ་ཅན་ལ་གཞན་གྱི་དོན་མདོ།། བློ་གྲོས་རྒྱ་མཚོ་རྣམ་གྲངས་འདིས་འདི་ལྟར་ཇི་ལྟ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་རྙེད་དཀའ་བ་མ་ཡིན་པ་དེ་རིག་པར་བྱའོ།། བློ་གྲོས་རྒྱ་མཚོ་སྔོན་བྱུང་བ་འདས་པའི་དུས་ན་གྲངས་མེད་པ་བདུད་པར་གྱུར་པ་དེའི་དུས་ན། བསྐལ་པ་མེ་ཏོག་གི་འབྱུང་གནས ་ལ་ཤིན་ཏུ་རྣམ་པར་བལྟས་པའི་འཇིག་རྟེན་གྱི་ཁམསུ་བ་ཅོམ་ལྡན་འདས་བརྩོན་འགྲུས་འབར་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་རིག་པ་དང་ཞབསུ་ལྡན་པ། བདེ་བར་གན་གས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི ་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་།། ཅིའི་ཕྱིར་བསྐལ་པ་དེ་མེ་ཏོག་འབྱུང་གནས་ཤེས་བྱ་ཞེ་ན། བློས་གྲོས་རྒྱ་མཚོ་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་དེ་ཚིག་སྟེ། ཆུས་འཇིག་པ་བྱུང་བ་ན། པདྨ་ལོ་མ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་ལྡན་པ། རྣམ་པར་བཀྲབ། བལྟ་ན་སྡུག་པ། བརྒྱད་ཁྲི་བ་ནི་སྟོང་བྱུང་ནས། དེ་དག་ཟང ་ཀྱི་ཆུའི་ཕུང་པོ་དེ་རྒྱས་པར་བཀང་སྟེག་ནསོ།། དེ་གཙང་མའི་རིས་ཀྱི་ལྷ་དག་གིས་པདྨ་དེ་དག་མཐོང་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། ་པདྨ་འདི་དག་བྱུང་བ་ཇི་སྙེད་པ་དེ་སྙེད་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཀྱེ་མ་བསྐལ་པ་མེ་ཏོག་གི་འབྱུང་གནས་འདི་ནི། ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྟོང་པར་མི་འགྱུརརོ།། ཞེས་ཆེད་དུ་བརྗོད།། དེ་ལྟར་ན་མེ་ཏོག་གི་འབྱུང་གནས། མེ་ཏོག་གི་འབྱུང་གནས་ཤེས་བསྐལ་པ་དེའི་མིང་ཆགསོ།། བློ་གྲོས ་རྒྱ་མཚོ་ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཤིན་ཏུ་རྣམ་པར་བལྟས་པ་ཞེས་བྱ་ཞེ་ན། ཇི་ཙམ་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་ནས། བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ ་གང་དག། འཇིག་རྟེན་གྱི་ཁམས་དེ་རྣམ་པར་བལྟ་བའི་ཕྱིར། ལྷགས་པ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་ལ་རྣམ་པར་བལྟས་མ་ཐག་ཏུ། དགའ་བའི་རྣམ་པ་ཞེས་བྱ་བའི་ཏིང་འཛིན་རབ་ཏུ ་ཐོབ་སྟེ། བདེ་བ་ཐམས་ཅད་ཀྱིས་ཚིམ་པར་འགྱུར། བདེ་ཙམ་དུ་འཇིག་རྟེན་གྱི་ཁམས་དེ་ཡོངསུ་དག་པར་གྱུར། ཏེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཤིན་ཏུ་རྣམ་པར་བལྟས ་པ་ཞེས་བྱའོ།། བློ་གྲོས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་དེ་ན་རིན་པོ་ཆེ་སྣ་བདུན་པོ་ཕྲག་སྟོང་གནས་པར་གྱུར་ཏོ།། རིན་པོ་ཆེའོ་ཤིང་ལྗོན་པ་དང་། རིན་པོ་ཆེའི་ཁང་པ་བརྩེགས་པ་རྣམས་ཀྱིས་ཀྱང་ཀུན་ཏུ ་གསལ་བར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་ན། བུད་མེད་ཀྱི་བག་མེད་པར་གྱུར་ཅིང་མངལ་ན་གནས་པ་མེད། སེམས་ཅན་དེ་དག་ཐམས་ཅད་ཀྱང་པདྨ་རྣམས་ལ་སྐྱིལ་མོ་ཀྲུང་བཅས་ཏེ། འཁོད ་པར་རྫུས་ཏེ་བྱུང་།། འཇིག་རྟེན་གྱི་ཁམས་དེ་ན། ཐེག་པ་ཆེན་པོ་མ་གཏོགས་པར་ཐེག་པ་གཞན་རྣམ་པར་བཞག་པ་མེད་པར་གྱུར་ཏོ།། ལྷ་དང་མི་དེ་དག་ཀྱང་ཡོངསུ་སྤྱད་པ་དག་ནི་དགའ་ལྡན་གྱི་དང ་འདྲ་བ་བཟའ་བ་དང་བཏུང་བ་ཡང་བསམ་པས་འབྱོར་པ། མངོན་པར་ཤེས་པས་རྣམ་པར་བརྩོན་པ། ན་མཁའ་ལ་རྒྱུ་བ་དགེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར ་བའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ཏུ་གྱུར་ཏོ།། དེ་ནི་ཁྱིམ་པ ་དང་། རབ་ཏུ་བྱུང་བ་ཚད་མེད་པ་དག་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་གྱུར་པ་དགོ།། བློ་གྲོས་རྒྱ་མཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲས་འབར་བ་དེ ་ཡང་བྱང་ཆུབ་སེམས་དཔའ་དེ་དག་ལ་སྐྱེས་བུ་དམ་པ་ཁྱེད་ཀྱིས་བརྩོན་འགྲུས་རྩོམ་ཤིག། ཁྱེད་རྟག་ཏུ་བཏུལ་བ་བརྟན་པ་དང་། འདུན་པ་དྲག་པོར་གྱིས་ཤིག། རྟག་ཏུ་གཅེས་པ་མ་འདོར ་ཅིག་ཅེས། བརྩོན་འགྲུས་དང་ལྡན་པའི་གཏམ་འི། ང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏོ།། བློ་གྲོས་རྒྱ་མཚོ། དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་གོ་ཆ་སྲ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་དེར་འདུས་པར་གྱུར་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ ་བརྩོན་འགྲུས་བརྩམ་པ་ལགས།། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་གནང་བའི་བརྩོན་འགྲུས་ནི་གང་ལགས། བློ་གྲོས་རྒྱ་མཚོས་དེ་སྐད་ཅེས་གསོལ་པ་དང་། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བ་དེས། བྱང་ཆུབ་སེམས་དཔའ་གོ་ཆ་བརྟན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔལ ་རྣམས་ཀྱི་དགེ་བའི་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་ནི་བཞི་པོ་འདི་དག་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བརྩོམ་པ་དང་། རྟུལ་བ་དང་། སོ་སོར་རྟོག ་པ་དང་། སྒྲུབ་པ་སྟེ། རིགས་ཀྱི་བུ་བརྩོན་འགྲུས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་ཐམས་ཅད་བསྡུད་པར་འགྱུར་བའོ།། དེ་ལ་རྩོམ་ནི་གང་། རྟུལ་བ་ནི་གང་། སོ ་སོར་རྟོག་པ་ནི་གང་། སྒྲུབ་པ་ནི་གང་ཞེ་ན། རིགས་ཀྱི་བུ་རྩོམ་པ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་སྐྱེད་པའོ།། རྟུལ་བ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པའོ།། སོ་སོར་རྟོག། ་པ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་ཕན་པའི་དངོས་པོའོ།། སྒྲུབ་པ་ཞེས་བྱ་བ་ནི། དེ་པྱོད་པའི་ཆོས་ལ་བཟོ། དཔའོ།། གཞན་ཡང་རྩོམ་པ་ནི་ཐོས་པ་ཡོངསུ་ཚོལ་བའོ།། ་རྟུལ་བ་ནི་ཐོས་པ་སྟོན་པའོ།། སོ་སོར་རྟོག་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པའོ།། སྒྲུབ་པ་ནི་འཕགས་པའི་ཡང་དག་པའི་ལྟ་བའོ།། གཞན་ཡང་རྩོམ་པ་ནི་སེར་སྣའི་སེམས་ཚར་གཅད་པའོ།། ་རྟུལ་བ་ནི་འདོག་པ་ཐམས་ཅད་ཡོངསུ་གཏོང་བའོ།། སོ་སོར་རྟོག་པ་ནི་སེམས་ཅན་ཐམས་ཅད་དུང་ཐུན་མོང་དུ་བྱང་ཆུབ་ཏུ་ཡོངསུ་སྔོ་བའོ།། སྒྲུབ་པ་ནི་རྣམ་པར་སྨིན་པ་ལ་མེ་རེའོ།། ་གཞན་ཡང་རྩོམ་པ་ནི་གཏོང་བ་ཆེན་པོ་སྒྲོགས་པའོ།། རྟུལ་བ་ནི་གང་སློང་བ་པོ་རྣམས་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པའོ།། སོ་སོར་རྟོགས་པ་ནི། ཀྱེ་མའོ་ལོངས་སྤྱོད་འདི་དག་མི ་རྟག་པའོ་སྙམ་པའོ།། སྒྲུབ་པ་ནི་བྱིན་ནས་འགྱོད་པ་མེད་པའོ།། གཞན་ཡང་རྩོམ་པ་ནི་ཆོས་ཀྱི་ལོངས་སྤྱོད་ཡོངསུ་ཚོལ་བའོ།། རྟུལ་བ་ནི་ཚོལ་བ་ཡོངསུ་དག་པའོ།། སོ་སོར་རྟོག་པ་ནི་བདག་གྲིས ་སྙིང་པོ་བླངས་པར་འགྱུར་སྙམ་པའོ།། སྒྲུབ་པ་ནི་སྦྱིན་པས་རློམ་སེམསུ་མི་བྱེད་པའོ།། གཞན་ཡང་རྩོམ་པ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བའོ།། རྟུལ་བ་ནི་ཚུལ་ཁྲིམས་དང་། བརྟུལ་ཞུག ་མ་ཉམས་པའོ།། སོ་སོར་རྟོག་པ་ནི་ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཡོངསུ་སྨིན་པར་བྱེད་པའོ།། སྒྲུབ་པ་ནི་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱིས་རློམ་སེམསུ་མི་བྱེད་པའོ་གཞན་ཡང་རྔོམ་པ་ནི ་ལུས་ཡོངསུ་དག་པའོ།། རྟུལ་བ་ནི་ངག་ཡོང་སུ་དག་པའོ།། སོ་སོར་རྟོག་པ་ནི་སེམས་ཡོངསུ་དག་པའོ།། སྒྲུབ་པ་ནི་ཆོས་ཡོང་སུ་དག་པའོ།། གཞན་ཡང་རྩོམ་པ་ནི་སེམས་ཀྱི་སྐབས་མེད་པའོ།། ་རྟུལ་བ་ནི་བཟོད་པའི་སྟོབས་རྣམས་རྣམ་པར་རིག་པའོ།། སོ་སོར་རྟོག་པ་ནི་བདག་དང་གཞན་སྲུང་བའོ།། སྒྲུབ་པ་ནི་བཟོད་པས་རློམ་སེམསུ་མི་བྱེད་པའོ།། གཞན་ཡང་རྩོམ་པ་ནི་གཤེ་བ ་དང་སྡང་བ་དད་པར་བྱེད་པའོ།། རྟུལ་བ་ནི་གཤེ་བ་དང་། སྡང་བ་དང་འདྲིས་པར་མི་བྱེད་པའོ།། སོ་སོར་རྟོག་པ་ནི་ནང་ཡོངསུ་གདུང་བ་མེད་པར་བྱེད་པའོ།། སྒྲུབ་པ་ནི་བདག་དང་གཞན་མི་དམིགས ་པའོ། གཞན་ཡང་རྩོམ་པ་ནི་ལེ་ལོའི་དྲི་མ་སེལ་བའོ།། རྟུལ་བ་ནི་བརྩོན་འགྲུས་ཀྱི་དྲི་མ་ལས་དབེན་པའོ།། སོ་སོར་རྣོ། གས་པ་ནི་སེམས་ཅན་ལེ་ལོ་ཅན་ཡོངསུ་སྨིན་པར་བྱེད་པའོ།། ་སྒྲུབ་པ་ནི་བྱ་བ་བྱེད་པའོ།། གཞན་ཡང་རྩོམ་པ་ནི་བྱ་བ་ཡང་དག་པར་སྒྲུབ་པའོ།། རྟུལ་བ་ནི་བྱ་བ་ཉམས་འོག་ཏུ་ཆུད་པར་བྱེད་པའོ།། སོ་སོར་རྟོག་པ་ནི་ཐེག་པ་གཞན་ལ་མི་རེ་བའོ།། སྒྲུབ་པ་ནི ་ལས་ཀྱི་རྣམ་པར་སྨིན་པ་ཆུད་མི་གསོན་པའོ།། གཞན་ཡང་རྩོམ་པ་ནི་དྲན་པའོ།། རྟུལ་བ་ནི་རྟོགས་པའོ།། སོ་སོར་རྟོགས་པ་ནི་བློ་གྲོསོ།། སྨྱུང་བ་ནི་མོས་པའོ།། གཞན་ཡང་རྩོམ་པ་ནི་རིགས་པའོ།། ་རྟུལ་བ་ནི་ཚུའོ།། སོ་སར་རྟོག་པ་ནི་སྒོའོ།། སྒྲུབ་པ་ནི་འབྱུང་བའོ།། གཞན་ཡང་རྩོམ་པ་ནི་ཚིག་འབྲུ་ཀུན་ཆུབ་པར་བྱེད་པའོ།། རྟུལ་བ་ནི་ཚིག་འབྲུ་འཛིན་པའོ།། སོ་པ ་རྟོག་པ་ནི་ཚིག་འབྲུ་སེལ་བའོ།། སྒྲུབ་པ་ནི་ཆོས་བརྗོད་དུ་མེད་པར་རྟོགས་པའོ།། གཞན་ཡང་རྩོམ་པ་ནི་དགེ་བའི་བཤེས་གཉེན་ལ་སྟེན་པའོ།། རྟུལ་བ་ནི་སྡིག་པའི་གྲོགས་པོ་ཡོངསུ་སྤོང ་པའོ། སོ་སོར་རྟོག་པ་ནི་མཛའ་བ་དང་མི་མཛའ་བ་རྣམས་ལ་སེམས་སྙོམས་པའོ།། སྒྲུབ་པ་ནི་ཇི་སྐད་སྨྲས་པའི་ཚིག་དང་མི་དགའ་བར་བྱེད་པའོ།། གཞན་ཡང་རྩོམ་པ་ནི་རབ་ཏུ་འབྱུང་བའི ་སེམ་སོ།། རྟུལ་པ་ནི་དགའ་བའི་དང་མི་དགའ་བ་ལ་མི་ལྟ་བའོ།། སོར་རྟོག་པ་ནི་དགེ་བ་ཅི་ཞེས་ཚོལ་བའོ།། སྒྲུབ་པ་ནི་གཞན་ལ་རག་མ་ལུས་པར་ཡེ་ཤེས་རབ་ཏུ་འཐོབ་པའོ།། གཞན ་ཡང་རྩོམ་པ་ནི་དགོན་པ་ལ་གནས་པའོ།། རྟུལ་བ་ནི་འདུ་འཛི་ལ་མི་དགའོ།། སོ་སོར་རྟོག་པ་ནི་དབེན་པར་གནས་བ་ལ་དགའ་བའོ།། སྒྲུབ་པ་ནི་ཉོན་མོངས་པ་མེད་པར་གནས་པའོ ་གཞན་ཡང་རྩོམ་པ་ནི་འདོད་པ་ཆུང་བའོ།། རྟུལ་བ་ནི་ཆོས་ཤེས་པའོ།། སོ་སོར་རྟོག་པ་ནི་དགང་སླ་བའོ།། སྒྲུབ་པ་ནི་རུང་བ་ལ་ཆོད་ཤེས་པའོ།། གཞན་ཡང་རྩོམ་པ་ནི་ལྷག་པའི་ཚུལ་ཁྲིམས་ལ ་སློབ་པའོ།། རྟུལ་བ་ནི་ཚུལ་ཁྲིམས་མི་ལྡོད་པའོ།། སོ་སོར་རྟོག་པ་ནི་ལྷག་པའི་སེམས་ལ་སློབ་པའོ།། སྒྲུབ་པ་ནི་ལྷག་པའི་ཤེས་རབ་ལ་སློབ་པའོ།། གཞན་ཡང་རྩོམ་པ་ནི་སྦྱིན་པའི་ཕ ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རྟུལ་བ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། སོ་སོར་རྟོག་པ་ནི་བསམ་གཏན་གྱི་ཕ ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། སྒྲུབ་པ་ནི་ཡིས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ།། གཞན་ཡང་རྩོམ་པ་ནི་སྦྱིན་པའོ།། རྟུལ་བ ་ནི་སྙན་པར་སྨྲ་བའོ།། སོ་སོར་རྟོག་པ་ནི་དོན་བྱེད་པའོ།། སྒྲུབ་པ་ནི་འཐུན་པའོ།། གཞན་ཡང་རྩོམ་པ་ནི་བྱམས་པ་ཆེན་པོའོ།། རྟུལ་བ་ནི་སྙིང་རྗེ་ཆེན་པོའོ།། སོ་སོར་རྟོག་པ་ནི་དགའ་བ་ཆེན ་པོའོ།། སྒྲུབ་པ་ནི་བཏང་སྙོམས་ཆེན་པོའོ།། གཞན་ཡང་རྩོམ་པ་ནི་ཞིང་ཡོངསུ་དག་པར་བྱེད་པའོ།། རྟུལ་བ་ནི་མཚན་དང་དཔེ་བྱད་བཟང་པོ་ཡོངསུ་རྫོགས་པར་བྱེད་པའོ།། སོ་སོར་རྟོག་པ་ནི་དམ ་པའི་ཆོས་ཡོངསུ་འཛིན་པའོ།། སྒྲུབ་པ་ནི་སེམས་ཅན་ཡོངསུ་སྨིན་པར་བྱེད་པའོ།། གཞན་ཡང་རྩོམ་པ་ནི་ཕུང་པོའི་བདུད་ཡོངསུ་ཤེས་པའོ།། རྟུལ་བ་ནི་ཉོན་མོངས་པའི་བདུད་ལས་ཤིན་ཏུ ་འདའ་བའོ།། སོ་སོར་རྟོགས་པ་ནི།། ཚེ་བདག་གི་ང། དུད་རྣམ་པར་སྤོང་བའོ།། སྒྲུབ་པ་ནི་ལྷའི་བུའི་བདུད་ཕམ་པ། ར་བྱེད་པའོ།། གཞན་ཡང་རྩོམ་པ་ནི་སྡུག་བསྔལ་ཡོངསུ་ཤེས ་པའོ།། རྟུལ་བ་ནི་ཀུན་འབྱུང་བ་སྤོང་བའོ།། སོ་སོར་རྟོག་པ་ནི་ལམ་སྒོམ་པའོ།། སྒྲུབ་པ་ནི་འགོག་པ་མངོན་སུམ་དུ་བྱེད་པ་འོ།། གཞན་ཡང་རྩོམ་པ་ནི་ལུས་ལ་ཞུགས་པའི་དྲན་པའོ།། ་རྟུལ་བ་ནི་ཚེ་རབ་ལ་ཞུགས་པའི་དྲན་པའོ།། སོ་སོར་རྟོག་པ་ནི་སེམས་ལ་ཞུགས་པའི་དྲན་པའོ།། སྒྲུབ་པ་ནི་ཆོས་ལ་ཞུགས་པའི་དྲན་པའོ།། གཞན་ཡང་རྩོམ་པ་ནི་དད་པའོ།། རྟུལ་བ་ནི ་བརྩོན་འགྲུསོ།། སོ་སོར་རྟོག་པ་ནི་དྲན་པ་དང་། ཏིང་འཛིན་ཏོ།། སྒྲུབ་པ་ནི་ཤེས་རབ་བོ།། གཞན་ཡང་རྩོམ་པ་ནི་མི་དགེ་བའི་ཆོས་སྤོང་བའོ།། རྟུལ་པ་ནི་དགེ་བའི་ཆོས་ཡོངསུ་རྫོགས་པར ་བྱེད་པའོ།། སོ་སོར་རྟོག་པ་ནི་ལུས་དང་སེམས་ལས་རུང་བར་བྱེད་པའོ།། སྒྲུབ་པ་ནི་མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་རབ་ཏུ་ཐོབ་པར་བྱེད་པའོ།། གཞན་ཡང ་རྩོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལའོ།། རྟུལ་པ་ནི་ལམ་ལའོ།། སོ་སོར་རྟོག་པ་ནི་ཞི་གནས་དང་ལྷག་མཐོང་ལའོ།། སྒྲུབ་པ་ནི་རིག་པ་དང་རྣམ་པར་གྲོལ་བ་ལའོ།། གཞན་ཡང་རྩོམ་པ ་ནི་འཇུག་པའི་སྤྱོད་པའོ།། རྟུལ་བ་ནི་དཀར་པོ་རྣམ་པར་མཐོང་བའི་སྤྱོད་པའོ།། སོ་སོར་རྟོག་པ་ནི་སེམས་ཤིན་ཏུ་སྦྱངས་པའོ།། སྒྲུབ་པ་ནི་ཕྱིར་མི་ལྡོག་པའི་ཡེ་ཤེསོ།། བློ་གྲོས་རྒྱ་མཚོ་གཞན་ཡང ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བ་དེས། བྱང་ཆུབ་སེམས་དཔའ་གོ་ཆ་སྲ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་བརྩོན་འགྲུས་དེ་ནི་གང་ལུས་དང ་སེམས་ཡོངསུ་སྦྱངས་པའོ།། བརྩོན་འགྲུས་དེ་ན་གང་རྒྱུ་དང་ལྟ་བ་དང་བྲལ་བའོ།། བརྩོན་འགྲུས་དེ་ནི་གང་མིད།། དང་གཟུགས་ཡོངསུ་ཤེས་པའོ།། བརྩོན་འགྲུས་དེ་ནི་གང་དང ་འཛིན་པ་དང་། ང་ཡིར་འཛིན་པ་འགོག་པའོ།། བརྩོན་འགྲུས་དེ་ནི་གང་འཛིན་པ་དང་། འཆིང་བ་འདོར་བའོ།། བརྩོན་འགྲུས་དེ་ནི་སྒྲིབ་པ་རྣམས་དང་། ཀུནས་ལྡང་བ་རྣམས་རྣམ་པར་སེལ་བའོ།། ་བརྩོན་འགྲུས་དེ་ནི་གང་འགྱོད་པ་དང་ཐེ་ཙོམ་སྤོང་བའོ།། བརྩོན་འགྲུས་དེ་ནི་གང་འདུད་པ་རྣམས་དང་། ཟུག་རྔུ་རྣམས་ཡང་དག་པར་སེལ་བའོ།། བརྩོན་འགྲུས་དེ་ནི་གང་དམིགས་པ་དང་། རྒྱུན ་ཆད་པ་ལས་ཤིན་ཏུ་འདའ་བའོ།། བརྩོན་འགྲུས་དེ་ནི་གང་ང་རྒྱལ་དང་། མངོན་པའི་ང་རྒྱལ་རྣམ་པར་སྤོང་བའོ།། བརྩོན་འགྲུས་དེ་ནི་གང་གཞི་དང་། གནས་ཤིན་ཏུ་འདའོ།། བརྩོན་འགྲུས་དེ་ནི་གང་རྗེས ་། ཆགས་པ་དང་། ཁོང་ཁྲོ་བ་སྤོང་བའོ།། བརྩོན་འགྲུས་དེ་ནི་གང་མ་རིག་པ་དང་། སྲིད་པ་རབ་ཏུ་སྦྱངས་པའོ།། བརྩོན་འགྲུས་དེ་ནི་གང་ཆགས་པ་དང་། ཞེ་སྡང་ཀུན་ཏུ་མི་རྒྱུ་བའོ།། བརྩོན་འགྲུས་དེ་ནི ་གང་གཏི་མུག་དང་། སོ་སོར་མི་རྟོག་པ་དང་བྲལ་བའོ།། བརྩོན་འགྲུས་དེ་ནི་གང་ནང་དང་། བྱིའི་སྐྱེ་མཆེད་རྣམས་ཡོངསུ་ཤེས་པའོ།། བརྩོན་འགྲུས་དེ་ནི་གང་ཕུང་པོ་དང་། ཁམས་རྣམས་གདོད་མ་ནས ་སྐྱེ་བ་མེད་པའོ།། བརྩོན་འགྲུས་དེ་ནི་གང་སེམས་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བའོ།། བརྩོན་འགྲུས་དེ་ནི་གང་རྣམ་པར་བསམ་ན། ཆོས་ཐམས་ཅད་མི་དམིགས་པའོ།། ་འདར་བ་མེད་པའོ།། བརྩོན་འགྲུས་དེ་ནི་གང་གཉིསུ་མེད་ཅིང་གཉིསུ་དབྱེར་མེད་པའོ།། བརྩོན་འགྲུས་དེ་ནི་གང་ཆོས་ཉི་ད་གནས་པར་ཤེས་པའོ།། བརྩོན་འགྲུས་དེ་ནི་གང་འཕྲོ་བ་མེད ་ཅིང་མི་འགྲོ་བ་མེད་པའོ།། བརྩོན་འགྲུས་དེ་ནི་གང་ལེན་བ་མེད་ཅིང་འདོར་བ་མེད་པའོ།། བརྩོན་འགྲུས་དེ་ནི་གང་བྱེད་པ་མེད་ཅིང་བྱེད་པ་དང་བྲལ་བ་མ་ཡིན་པའོ།། བརྩོན་འགྲུས་དེ་ནི་གང ་འདེག་པ་མེད་ཅིང་བཞག་པ་མེད་དོ།། བརྩོན་འགྲུས་དེ་ནི་གང་བླང་བ་མེད་ཅིང་དོར་བ་མེད་པའོ།། བརྩོན་འགྲུས་དེ་ནི་གང་ལ་བཅིངས་པ་མེད་པ་དང་། གྲོལ་བ་མེད་པའོ།། བརྩོན་འགྲུས་དེ་ནི་གང ་ལ་གནོན་པ་མེད་པ་དང་། ཕ་རོལ་གནོན་པ་མེད་པའོ།། བརྩོན་འགྲུས་དེ་ནི་གང་ལ་རྒྱགས་པ་མེད་པ་དང་། བྲག་མེད་པ་མ་ཡིན་པའོ།། བརྩོན་འགྲུས་དེ་ནི་གང་ལ་བྱ་བ་མེད་ཅིང་། བྱེད་པ་པོ་མེད་པའོ།། ་བརྩོན་འགྲུས་དེ་ནི་གང་ལྟ་བར་མི་བྱེད་པ་དང་། རྣམ་པར་ལྟ་བར་མི་བྱེད་པའོ།། བརྩོན་འགྲུས་དེ་ནི་གང་ཞི་བར་མི་བྱེད་པ་དང་། རབ་ཏུ་འབར་བར་མི་བྱེད་པའོ།། བརྩོན་འགྲུས་དེ་ནི་གང་སྲུང་བར་མི་བྱེད་པ ་དཔང་སྲུང་བ་དང་བྲལ་བ་མ་ཡིན་པའོ།། བརྩོན་འགྲུས་དེ་ནི་གང་ཀུན་ཏུ་མི་འོང་བ་དང་། འོང་བ་དང་བྲལ་བ་མ་ཡིན་པའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གརྩེ ་བ་བརྩོན་འགྲུས་འབར་བས་བརྩོན་འགྲུས་དང་རབ་ཏུ་ལྡན་པའི་གཏམ་འདི་དག་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་པ་ན། སྲོག་ཆགས་ཁྲིས་མི་སྐྱེ་བའི་ཚེ་ས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། ་བྱང་ཆུབ་སེམས་དཔའ་གོ་ཆ་སྲབས་བཅོམ་ལྡན་འདས་དེ་ལས་བརྩོན་འགྲུས་བསྟན་པ་དེ་ཐོས་ནས། དགེ་བའི་ཆོས་ཡོངསུ་བརྩལ་བས་ལ་མངོན་པར་བརྩོན་ཏེ། བརྩོན་འགྲུས ་བརྩམས་ནས་གནས་པར་གྱུར་ཏོ།། དེ་བརྩོན་འགྲུས་བརྩམས་ཏེ། གཅེས་པ་མ་བོར་བར་ལོ་བྱེ་བ་འདས་པ་དང་། ཆུང་ངུའི་རྗེསུ་འཐུན་པའི་བཟོད་པ་ཐོབོ།། དེ་བརྩོན་འགྲུས་བརྩམས་ཏེ། ་དགེ་བའི་ཆོས་ཡོངསུ་བརྩལ་བ་ལྔ་མངོན་པར་བརྩི་ན་པས་འདུག་བཞིན་དུ་འཆི་བའི་དུས་བྱས།། དེ་ཤི་འཕོས་ནས། དེ་བཞིན་གཤེགས་པ་དེ་ཉིད་ཀྱི་སྤྱན་སྔར་རྫུས་ཏེ་སྐྱེས ་པར་གྱུར་ནས། དེས་ཡང་དེ་བཞིན་གཤེགས་པ་དེ་ལས་འདུས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་གྱུར་ཏོ།། དེ་ཡང་ཆོས་ཡོངསུ་བཙལ་བ་ལ་མངོན་པར་བརྩོན་པས་འདུག་བཞིན་དུ ་འཆི་བའི་དུས་བྱས་པར་གྱུར་ཏོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་དེས་རྣམ་གྲངས་འདིས་སངས་རྒྱས་ཁྲི་བཞི་སྟོང་དེ་དག་མཉེས་པར་བྱེད་ཅིང་། གང་དག་བསྐལ་པ་མེ་ཏོག་འབྱུང ་གནས་དེ་ལ་བྱུང་བ་དེ་ཐམས་ཅད་ལས་བརྩོན་འགྲུས་བརྩམས་ཏེ། དགེ་བའི་ཆོས་ཡོངསུ་བཙལ་བ་མངོན་པར་བརྩོན་པར་གྱུར་ནས། འདུག་བཞིན་དུ་འཆི་བའི་དུས་བྱས་པར་གྱུར་ཏོ།། བློ་གྲོས ་རྒྱ་མཚོ་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་གོ་ཆ་སྲ་བར་གྱུར་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉི་འམ། ཡིད་གཉིས་སམ། ཐེ་ཙོམ་ཟ་བར་གྱུར་ན། ཁྱོད་ཀྱིས་དེ ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ང་ཉིད་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་གོ་ཆ་སྲ་བོ་ཞེས་བྱ་བར་གྱུར་ཏོ།། བློ་གྲོས་རྒྱ་མཚོ་ངས་བརྩོན་འགྲུས་འདི་འདྲ་བས ་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དག་ཕྱིར་བསྙིལ་ཏོ།། བློ་གྲོས་རྒྱ་མཚོ་ངས་དེ་ཙམ་དུ་བརྩོན་འགྲུས་བརྩམས་པ་དེ་ལྟ་བུ་དེ་དང་། ཚེགས་དེ་ལྟ་བུས་བྱང་ཆུབ་མངོན་པར་རྫོགས། ་པར་སངས་རྒྱས་པ་ལ་བལྟོས། གང་དག་ལེ་ལོ་ཅན་དང་། བརྩོན་འགྲུས་དམན་པར་གྱུར་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་དེ་དག་ལ་འགྱུར་ཏེ། དེ་དག་ལ་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར ་རིང།། བློ་གྲོས་རྒྱ་མཚོ་བསྟན་པ་འདི་ལ་བརྩོན་འགྲུ། ཀྱིས་བརྩམས་པ་ནི་དག་པར་འགྱུར་གྱི། ལེ་ལོ་ཅ་ནི་མ་ཡིན།། ། བློ་གྲོས་རྒྱ་མཚོ་རྣམ་གྲངས་དེས་ན། འདི་ལྟར་གང་ལ ་བརྩོན་འགྲུས་དང་། བག་ཡོད་པ་དེ་ལ་བྱང་ཆུབ་ཡོད་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་བརྩོན་འགྲུས་དང་རབ་ཏུ་ལྡན་པའི་སྔོན་བྱུང་བའི་ལེའུ་འདི་བཤད་པ་ན། བྱང་ཆུབ་སེ ་ལྔ་སྟོང་གི་སྐྱེ་བའི་ཆོས་ལ་བཟོད་པ་རག་ཏུ་ཐོབ་པར་གྱུར་ཏོ།། ལྷ་དང་མིའི་སྐྱེ་དགུའི་སྲོག་ཆགས་བདུན་སྟོང་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད།། དེ་ནས ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིག་སུ་བཅད་པ་འདི་དག་གསུང་སོ།། ངས་དྲན་སྔ་མ་འདས་པའི་དུས་ན་ནི། བསྐལ་པ་མེ་ཏོག་འབྱུང་གནས་པ་ལྟ་སྡུག་ལ། ཤིན་ཏུ་རྣམ་བལྟས་འཇིག་རྟེན་ཁམ ་མཆོག་ཏུ། བརྩོན་འགྲུས་འབར་བའི་བདེ་བར་གཤེགས་པ་བྱུང་། བསྐལ་པ་དེ་ལ་རྒྱལ་བ་གང་བྱུང་བ།། དེ་དག་བརྒྱད་ཁྲི་བཞི་སྟོང་ཐམ་པའོ།། འཇིག་རྟེན་ཁམས ་ནི་དགའ་ལྡན་གནས་འདྲ་སྟེ།། མའི་བཟའ་དང་བཏུང་བ་བསམ་པས་འབྱོར།། བུད་མེད་ཡོད་མིན་མངལ་ན་གནས་པ་མེད།། སེམས་ཅན་ཐམས་ཅད་རྫུས་ཏེ་སྐྱེས་པར་གྱུར།། ཐེག་པ་དམན་པ ་གྲག་པར་མ་གྱུར་ཏེ། ཐམས་ཅད་བདག་ཉིད་ཆེ་བའི་ཐེག་ཆེན་ཞུགས།། ཤིན་ཏུ་རྣམ་བལྟས་འཇིག་རྟེན་ཁམས་ལྟ་ཕྱིར། བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས་ལྷགས་པ།། དེ་དག ་དགའ་བའི་རྣམ་པ་ཏིང་འཛིན་ཐོབ།། སྔོན་ཆད་མ་མཐོང་བའི་བདེ་བ་མྱོང་། རྐང་གཉིས་ཀྱི་ནི་ཚོགས་གྱུར་གྲགས་ཆེན་པོ། བྱེ་བ་ཕྲག་ནི་སུམ་ཅུ་རྩ་དྲུག་ཡོད། གཞན་ཡང་ལྷ་དང་མི་ནི ་མང་པོ་དག། སངས་རྒྱས་ཐེག་པ་མཆོག་ལ་ཞུགས་བར་འགྱུར།། ཡོན་ཏན་ཡེ་ཤེས་རྒྱ་མཚོ་དྲང་སང་ཆེ།། དེན་བརྩོན་འགྲུས་བསྡིགས་པ་ཡང་ཡང་བརྗོད།། དེ་ནས་བརྩོན ་འགྲུས་བསྟན་པ་མཁས་པ་དེ།། ལངས་ནས་དོན་འདི་ཉིད་ནི་རྒྱལ་ལ་ནུས།། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་གྱུར་པ།། ཇི་ཙམ་གྱིས་ན་བརྩོན་འགྲུས་སྟོབས་ལ་གནས།། དེ་དོན ་བཅོམ་ལྡན་བདག་ལ་བཤད་དུ་གསོལ། བདག་ནི་དེ་ལ་རབ་ཏུ་ནན་ཏན་བགྱིད།། དེ་ཡི་བསམ་པ་མཁྱེན་ནས་ཆོས་རྗེ་དེས།། བརྩོན་འགྲུས་ལས་བརྩམས་ཡོན་ཏན་རབ་གསུང་བ།། རྩོམ་པ ་དང་ནི་དེ་བཞིན་རྟུལ་བ་དག། རྟག་ཏུ་སོ་སོར་རྟོག་དང་སྒྲུབ་པའོ།། བརྩོམ་པ་དེ་ནི་བྱང་ཆུབ་སེམས་ཤེས་བྱ།། རྟུལ་བ་དགེ་བ་སྟོང་དག་སྒྲུབ་བྱེད་པ། སོ་སོར་རྟོགས་པ་སེམས་ཅན་ཕན་པའི་དོག ་སྒྲུབ་པ་དེ་བྱེད་ཆོས་ལ་བཟོད་པ་ཡིན།། བརྩོམ་པ་གུས་པར་བྱས་ཏེ་ཐོས་ཚོལ་བ།། རྟུལ་བ་བརྟན་པ་ཡང་དག་སྟོན་བྱེད་པ།། སོ་སོར་རྟོག་པ་འདི་ནི་ཚུལ་བཞིན་བརྗོད།། སྒྲུབ་པ་གང་ཚེ་ལ ་དགེ་ལྟ་སྐྱེ་བ།། རྩོམ་པ་སེར་སྣའི་དྲི་མ་སེལ་བ་ཡིན། རྟུལ་བ་བདོག་པ་ཐམས་ཅད་ཡོངས་གཏོང་བ།། སོ་སོར་རྟོག་པ་རྫོགས་པའི་བྱང་ཆུབ་སེམས།། སྒྲུབ་པ་གང་ཚེ་རྣམས་སྨིན་མི་རེ་བ ་བརྩོམ་པ་གཏོང་པོ་གང་སྒྲོགས་པ། རྟུལ་བ་སློང་བ་རྣམས་ལ་བྱམས་བྱེད་པ།། སོ་སོར་རྟོག་འདི་ལོངས་སྤྱད་མི་རྟག་སྙམ། སྒྲུབ་པ་བྱིན་ནས་གདུང་བ་མེད་པ་ཡིན།། རྩོམ་པ་ཆོས་ཀྱི་ལོངས་སྤྱོད ་གང་ཚོལ་བ།། བརྟུལ་པོ་ན་འཚོ་བ་དག་པ་ཡིན།། བ་ག་གིས་སྙིང་པོ་བླང་སྙམ་སོ་སོར་རྟོག། སྒྲུབ་པ་སྦྱིན་ལ་སྦྱིན་པས་རློམ་སེམས་མེད།། རྩོམ་པ་འཆལ་བའི་ཚུལ ་ཁྲིམས་དྲི་མ་སེ་ལ།། རྟུལ་པ་ཚུལ་ཁྲིམས་རྟུལ་ནུ། གས་ཉམས་པ་མེད།། ཚུལ་ཁྲིམས་འཆལ་པ་སྨིན་བྱེད་སོ་སོར་རྟོག། སྒྲུབ་པ་གང་ཚེ་ཚུལ་ཁྲིམས་རློམ་སེམས་མེད།། ་རྩོམ་པ་དག་ནི་ཡོངསུ་དག་པ་ཏེ།། རྟུལ་བ་ལུས་ནི་ཡོང་སུ་དག་པ་ཡིན།། སོ་སོར་རྟོག་པ་གང་ཡིན་འདི་སེམས་དག། སྒྲུབ་པ་གང་ཡིན་ཆོས་རྣམས་ཡོངས་དགེ། རྩོམ་པ་གནོད་སེམས་གོ། ་སྐབས་མེད་པ་ཡིན།། རྟུལ་བ་བཟོད་པའི་སྟོབས་ནི་ཉེ་བར་སྟོན།། སོ་སོར་རྟོག་པ་བདག་དང་གཞན་སྲུང་བྱེད།། སྒྲུབ་པ་གང་ཚེ་རློམ་སེམས་གང་མེད་པ། རྩོམ་པ་གཤེ་ལ་རྟག་ཏུ་དང ་བྱེད་པ།། རྟུལ་བ་དེ་དག་ཐག་རིང་སྤོང་བ་སྟེ།། སོ་སོར་རྟོག་པ་ནང་ནི་ཞི་བ་ཡིན།། སྒྲུབ་པ་བདག་དང་གཞན་དུ་དམིགས་པ་མེད།། རྩོམ་པ་ལེ་ལོའི་དྲི་མ་སེལ་བ་སྟེ།། རྟུལ་བ་བརྩོན་འགྲུས ་སྟོབས་དང་མཐུ་ཡིནོ།། ལེ་ལོ་ཅན་དག་སྨིན་བྱེད་སོ་སོར་རྟོག། དེ་བྱེད་ཆོས་ལ་བཟོད་པ་སྒྲུབ་པ་ཡིན།། རྩོམ་པ་བྱ་བ་ཡང་དག་སྒྲུབ་བྱེད་པ།། རྟུལ་བ་བྱ་བ་ཉམ ་འོག་ཆུད་པར་བྱེད། ཐེག་པ་གཞན་ལ་མི་རེ་སོ་སོར་རྟོག། སྒྲུབ་པ་ལས་རྣམས་ཆུང་མི་གཟོན་པ་ཡིན།། རྩོམ་པ་དེ་དག་དྲན་དང་ཤེས་བཞིན་ཅན།། རྟུལ་བ་ཆོས་རྟོགས་པ་ལ་འཇུག་པ ་ཡིན།། བློ་གྲོས་ཀུན་ཏུ་བསྲུང་བ་སོ་སོར་རྟོག། བསྒྲུབ་པ་དེ་ལ་མོས་ཤིང་འགྱུར་བ་མེད། རྩོམ་པ་རིག་པ་རྟུལ་བ་ཚུལ་ཡིན་ཏེ།། སོ་སོར་རྟོག་པ་དེ་ནི་ཆོས་སྒོ་ཡིན།། སྒྲུབ་པ་དེ ་ནི་འབྱུང་བ་རབ་ཏུ་ཤེས།། འདི་དག་བརྩོན་འགྲུས་། བརྩམ་པའི་སྦྱོར་བ་ཡིན།། རྩོམ་པ་ཚིག་འབྲུ་ཀུན་ཏུ་རྗེ་ན་པ་སྟེ།། རྟུལ་བ་བསྟན་པ་ཡང་དག་སྟོན་པར་བྱེད།། སེར ་རྟོག་པ་སྒྲུབ་པ་ནི་སེལ་བྱེད་པ།། སྒྲུབ་པ་ཆོས་རྣམས་བརྗོད་དུ་མེད་པ་ཉིད།། རྩོམ་པ་དགེ་བའི་བཤེས་གཉེན་བརྟེན་པ་ཡིན།། རྟུལ་བ་སྡིགས་པའི་གྲོགས་པོ་རྣམ་པར་སྤོང་།། ་ཐོས་ནས་ཆོས་ཉིད་ལ་ནི་སོ་སོར་རྟོག། སྒྲུབ་པ་ཆོས་རྣམས་དང་ནི་འགལ་མི་བྱེད།། རྩོམ་པ་སངས་རྒྱས་བསྟན་ལ་རབ་ཏུ་འབྱུང་།། རྟུལ་བ་དགའ་བ་ཐམས་ཅད་སྤོང་བ་ཡིན།། ་དགེ་ལ་གནས་པ་གང་ཡིན་སོ་སོར་རྟོག། ཆོས་རྣམས་འགལ་བ་མེད་པ་སྒྲུབ་པ་ཡིན།། རྩོམ་པ་དགོན་པར་དགའ་བ་གང་ཐོབ་པ།། རྟུལ་པ་འདུ་འཛིན་རྣམ་པར་སྤོང་བ་ཡིན།། དབེན ་བར་གནས་པར་དགའ་བ་སོ་སོ་རྟོག། སྒྲུབ་པ་གང་ཡིན་ཉོན་མོངས་མེད་པར་གནས།། རྩོམ་པ་འདོད་པ་ཆུང་ཞིང་དཀའ་བློ་བདེ།། རྟུལ་བ་དེ་ནི་ཆོ་ག་ཤེས་གྱུར་པ་ཡིན།། ངེས་པར་གང ་གྱུར་དེ་ནི་སོ་སོར་རྟོག། སྒྲུབ་པ་གང་ཡིན་རུང་བའི་ཚོད་ཤེས་པ། རྩོམ་པ་ལྷག་པའི་ཚུལ་ཁྲིམས་སློབ་ཅེས་བྱ།། རྟུལ་བ་ཚུལ་ཁྲིམས་སློབ་པ་མེད་པ་ཡིན།། ལྷག་པའི་སེམ་སློབ ་འདི་ནི་སོ་སོར་རྟོག། ལྷག་པའི་ཤེས་རབ་སློབ་པ་བསྒྲུབ་པ་མཆོག། རྩོམ་པ་སྦྱིན་པ་དེ་བཞིན་ཚུལ་ཁྲིམས་ཡིན།། རྟུལ་བ་བཟོད་པ་དེ་བཞིན་བརྩོན་འགྲུསོ།། སོ་སོར་རྟོག་འདི་བསམ ་གཏན་ཤེས་རབ་སྟེ། སྒྲུབ་པ་ཡེ་ཤེས་དང་ནི་དེ་བཞིན་ཐེབས། རྩོམ་པ་འཇིག་རྟེན་ཟང་ཟིང་ཆོས་སྦྱིན་པ།། སྨན་པར་སྨྲ་བ་དེ་ནི་རྟུལ་པ་ཡིན། དོན་སྤྱོད་གང་ཡིན་དེ་ནི་སོ་སོར་རྟོག། སྒྲུབ ་པ་དོན་མཐུན་པ་སྟེ་སྙིང་པོ་ཡིན།། རྩོམ་པ་གང་ཡིན་བྱམས་པ་ཡོངསུ་དག། རྟུལ་བ་དེ་ནི་སྙིང་རྗེ་ལྡན་པ་ཡིན།། དགའ་བོ་ཆོས་ལ་སོ་སོར་རྟོག་པ་སྟེ། བཏང་སྙོམས་ཡེ་ཤེས་སྒྲུབ་པར ་བརྗོད་པ་ཡིན།། རྩོམ་པ་ཞིང་ནི་རྣམ་པར་སྤྱོད་པ་སྟེ། རྟུལ་བ་མཚན་རྣམས་ཡོངསུ་རྫོགས་པར་བྱེད།། སོ་སོར་རྟོག་ཕྲ་དམ་ཆོས་ཡོང་སུ་འཛིན།། སྒྲུབ་པ་སེམས་ཅན་ཡོངསུ་སྨིན ་པར་བྱེད།། རྩོམ་པ་གང་ཡིན་ཕུང་པོའི་བདུད་སེལ་བ།། རྡུལ་བ་ཉོན་མོངས་བདུད་ནི་ཚར་གཅོད་པ།། སོ་སོར་རྟོག་པ། འཆི་བདག་ཚར་གཅོད།། སྙིང་པོ་བསྒྲུབ་པ་བདུད་ཀྱིས་རྗེ ་བྱར་ཡོད།། རྩོམ་པ་སྡུག་བསྔལ་ཡོངསུ་ཤེས་པ་སྟེ། སྲེད་པ་གནས་མེད་འདི་ནི་རྟུལ་པ་ཡིན།། ལམ་བསྒོམ་གང་ཡིན་དེ་ནི་སོ་སོར་རྟོག། འགོག་པ་ཤེས་པ་བསྒྲུབ་པར་བརྗོད་པ་ཡིན། ་རྩོམ་པ་ལུས་ལ་དྲན་པ་བཅིངས་པ་མེད།། རྟུལ་པ་ཚོར་བ་ལ་ནི་ལྟ་བ་མེད།། སེམས་ལ་དྲན་པ་འདི་ནི་སོ་སོར་རྟོག། ཆོས་ལ་དྲན་པ་སྒྲུབ་པ་དམ་ཡིན།། རྩོམ་པ་དད་པའི་སྟོབས་དང་དེའི་དང ་པོང་རྟུལ་བ་བརྩོན་འགྲུས་སྟོབས་དང་མཐུ་ཡིན་ཏེ།། དྲན་དང་ཏིང་འཛིན་དབང་པོས་སོར་རྟོག། ཤེས་རབ་དབང་པོར་བསྒྲུབ་པར་བརྗོད་པ་ཡིན།། རྩོམ་པ་མི་དགེ ་རྣམ་པར་སྤོང་ཞེས་བརྗོད།། རྟུལ་བ་གང་ཡིན་དགེ་བ་ཆུད་མི་གསོན། ལུས་དང་སེམས་ཡང་དང་ཡིན་སོ་སོར་རྟོག། སྒྲུབ་པ་རྫུ་འཕྲུལ་རྣམ་པར་འཕྲུལ་ཞེས་བརྗོད།། རྩོམ་པ་མཁས ་པྲ་བྱང་ཆུབ་ཡན་ལག་བསྒོམ།། རྟུལ་བ་གང་ཚེ་ལ་མོ་ནི་རྟོགས་པ་ཡིན།། ཞི་གནས་ལྷག་མཐོང་དེ་ནི་སོ་སོར་རྟོག། རིག་དང་རྣམ་གྲོལ་སྒྲུབ་པ་སྙིང་པོ་ཡིན།། རྩོམ་པ་འཇུག་པ་རྟུལ ་པ་སྤྱོད་པ་ཡིན། སོ་སོར་རྟོག་པ་སེམས་ནི་རབ་སྦྱངས་པ།། མཚན་མའི་སྤྱོད་ཡུལ་ཐམས་ཅད་གང་ལོག་པ།། དེ་ནི་སྒྲུབ་པའི་ཚུལ་དུ་བརྗོད་པ་ཡིན། ལུས་དང་སེམས་ནི ་རབ་ཏུ་སྦྱངས་པ་དང་། རྒྱུ་དང་ལྷ་ལས་རབ་ཏུ་ལ་ངེས་པ་དང་།། མིང་དང་གཟུགས་ནི་ཡོངསུ་གང་ཤེས་པ།། དེན་བརྩོན་འགྲུས་མཆོག་ཅེས་འཕགས་པས་བསྔགས།། ་ང་དང་ང་ཡཾ་ཞེས་པ་ནམ་འགག་པ།། དེ་ཚེ་བཅིངས་པ་ཀུན་ལས་རྣམ་པར་གྲོལ།། ཀུན་ནས་ལྡང་མེད་སྒྲིབ་པ་ལྔ་ལས་གྲོལ།། མཁས་པ་ཐེ་ཙོམ་དང་ནི་འགྱོད་པ་སྤངས།། མདུད་པ་རྣམས ་དང་ཟུག་རྔུབ་སྩལ་བ་གང་།། སྒྲིབ་པ་མེད་ཅིང་རྒྱུན་ཆད་ཡོད་པ་ཡིན།། ང་རྒྱལ་མངོན་པའི་ང་རྒྱལ་གང་ཚེ་སྤངས།། དེ་ཚེ་བརྩོན་འགྲུས་སྟོབས་ཀྱིས་ལས་བྱས་ཡིན།། མཚན་མ་ཐམས་ཅད་སེལ་བ ་གང་ཡིན་དང་། སྤྲོས་པ་ཐམས་ཅད་འཇུག་པ་མེད་པ་དང་།། ཉོན་མོངས་ཐམས་ཅད་སྤོངས་པ་གང་ཡིན་པ།། བརྩོན་འགྲུས་དེ་ནི་མཁས་པ་རྣམས་ཀྱིས་སྔགས།། བརྩོན་འགྲུས་འབར་བས་རབ་ཏུ ་བསྔགས་པའི་ཚེ།། བརྩོན་འགྲུས་ཡོན་ཏན་འདི་དག་ཟོས་ནས་ནི།། གྲགས་པ་ཆེན་པོ་སྟོང་བྲག་བཅུ་ཀུན་གྱིས།། མི་སྐྱེའི་བརྗོད་པ་རབ་ཏུ་ཐོབ་པར་གྱུར། འདི་ཐོས་ནས་ནི་སྣང་བྲག་ལྔ ་ཞིག་ཀྱང་།། སངས་རྒྱས་དང་འདིར་བཟོད་པ་རྣམ་པར་སྦྱངས།། མི་དང་ལྷ་དང་ལྷ་མིན་མི་འམ་ཅི།། བདུད་སྟོང་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས།། དེ་ན་གང་གིས་བརྩོན་འགྲུས་མཆོག ་རེག་པ།། དགེ་སློང་བརྩོན་འགྲུས་བརྟན་པ་ང་ཡིན་ཏེ། བརྩོན་འགྲུས་བརྩམས་ནས་ངས་ནི་ལུས་བཏིང་སྟེ།། འདུག་བཞིན་དེ་ཚེ་འཆི་བའི་དུས་བྱས་འགྱུར།། བརྒྱད་ཁྲི་ལས་ནི ་བཞི་སྟོང་ལྷག་པ་ལ།། བདག་གིས་ལུས་ནི་རབ་ཏུ་སྐམས་པར་བྱས།། བསྐལ་པ་གཅིག་ལས་འདྲེན་པ་མཉེན་བྱས་ཏེ། བདག་གིས་བྱང་ཆུབ་སེམས་དཔའ་ཕྱིར་བསྙིལ་ཏོ།། བརྩོན ་འགྲུས་བརྩམས་པའི་ལེའུ་སྟེ། ལྔ་པའོ།། ། དེ་ནས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བྱ ་མཚོ་ལ་འདི་སྐད་ཅེས་སྨྲསོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བ་དེ་གང་གི་ཚིག་བླ ་དྭགས་ལགས། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས། ཚངས་པ་སྙིང་རྗེ་ཆེན་པོ་ལ་འདི་སྐད་ཅེས་སྨྲསོ།། ཚངས་པ་སངས་རྒྱས་ཀྱི་ཆོས་རྣམས ་སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བ་དེ་ནི། ཆོས་ཐམས་ཅད་ཀྱི་ཚིག་བླ་དྲག་སོ།། དེ་ཅིའི་ཕྱིར་ཞེ་ན། ཚང་པ་དེ་བཞིན་ག ་། པས་ཡོངསུ་ཆད་པའི་རྣམ་པས་ཚད་དང་ལྡན་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་གྱི། དེ་བཞིན་གཤེགས་པས་མ་ཆད་པའི་རྣམ་པས། ཆོས ་ཐམས་ཅད་མཉམ་པ་ཉིད་ཀྱི་རྣམ་པས།། ཚད་མེད་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱསོ།། ཚངས་པ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་ནི་བྱང་ཆུབ་སྟེ། ཚངས་པ ་དེའི་ཕྱིར་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱའོ།། ཚངས་པ་ཆོས་ཐམས་ཅད་ཅི་འདྲ་བར་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་དེ་འདྲ་བ་ཉིད། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད ་གང་ཡིན་པ་དེ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད།། ཆོས་ཐམས་ཅད་དབེན་པ་ཉིད་པས། སངས་རྒྱས་ཀྱི་ཆོས་དབེན་པ་ཉིད་ཁྱོད་དུ་ཆུད་པར་བྱའོ།། ཆོས་ཐམས་ཅད་སྟོང་པས། སངས ་རྒྱས་ཀྱི་ཆོས་སྟོང་པ་ཉིད་དུ་ཁོང་དུ་ཆུད་པར་བྱའོ།། ཚངས་པ་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དག་སྟེ།། རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པ་ནི་བྱང ་ཆུ་བོ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཇི་ལྟར་གཟིགས་པ་ལྟར་སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་དེ་འདྲ་བ་ཉིད།། ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས་སྨྲས་པ། རིགས་ཀྱི་བུ་སངས ་རྒྱས་ཀྱི་ཆོས་རྣམས་ཁམས་གསུམ་ལས་ཤིན་ཏུ་འདས་པ་མ་ཡིན་ནམ། བློ་གྲོས་རྒྱ་མཚོས་སྨྲས་པ། ཚངས་པ་ཁམས་གསུམ་གྱི་ངོ་བོ་ཉིད་ཀྱི་མཚན་ཉིད་སངས་རྒྱས་ཀྱི་ཆོས་རྣམ ་སོའ་དེ་ཅིའི་ཕྱིར་ཞེ་ན། ཚངས་པ་སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ལ་ཐ་མེ་འམ། མཆོག་གང་ཡང་མེདོ།། ཚངས་པ་འདི་ལྟ་སྟེ། དཔེར་ན། ན་མཁའ་ལ་ཐ་མ་འམ། མཆོག་གང་ཡང ་མདོ་འཚངས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་དེ་དག་ནི་ན་མཁའ་དང་མཉམ་སྟེ། དེ་དག་ལ་ཡང་ཐའམ། མཆོག་གང་ཡང་མེདོ། ཚངས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་གང ་ཡིན་པ་དེ་ནི། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད། དེ་ལ་ཡང་ཐ་མ་འམ། མཆོག་གང་ཡང་མེདོ།། ཚངས་པ་སངས་རྒྱས་ཀྱི་ཆོས་ཁོང་དུ་ཆུད་པར་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས ་རྟོག་པ་མེད་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་དེ་རྣམས་དེ་ལྟར་རྟོགས་པར་བྱའོ།། ཚངས་པ་གཞན་ཡང་སངས་རྒྱས་ཀྱི་ཆོས་རྣམས་ནི་ཡུལ་ན་མི་གནས་པ་ཕྱོགས་ན་མི་གནས་པ། མ ་སྐྱེས་པ། མ་འགགས་པ། སྔོན་པོ་མ་ཡིན་པ། སེར་པོ་མ་ཡིན་པ། དམ་མ་ནག་ད་མམ་ཡིནག་ལ་རྒན་མ་ཡིན་པ། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་མ་ཡིན་པ་དག་སྟེ། དེ་དག་གི་ཁ་དོག་མེད ་བ་དབྱིབས་མེད་པ། རྟགས་མེད་པ་དག་གོ།། དེ་དག་ནི་མཚན།། མ་མེད་པ་དག་གོ།། ཚངས་པ་མཚན་མ་མེད་པའི་དོན་ནི།། སངས་རྒྱས་ཀྱི་ཆོས་ཀྱི་དོན་ནོ།། སངས་རྒྱས་ཀྱི་དོན།། ་འཆི་འཕོ་མེད་པའི་ཚིག་དོན་ནོ།། འཆི་འཕོ་མེད་པའི་ཚིག་དོ་ནོ།། ཞི་བའི་དོན་ནོ།། ཞི་བའི་དོན་ནི་དབེན་པའི་དོན་ནོ།། དབེན་པའི་དོན་ནི་སྟོང་པའི་དོནོ།། སྟོང་པའི་དོན་ནི་གནས་པའི་དོན།། ་གནས་མེད་པའི་དོན་ནི་དེ་ཁོ་ནའི་དོ་ནོ།། དེ་ཁོ་ནའི་དོན་ནི་ཤིན་ཏུ་སྐྱེ་བ་མེད་པའི་དོན།། སྐྱེ་བ་མེད་པའི་དོན་ནི་འགག་པ་མེད་པའི་དོན་ནོ།། འགག་པ་མེད་པའི་དོན་ནི་གནས་མེད་པའི་དོན་ནོ།། ་དེ་ལ་འདི་སྐད་ཅེས་བྱ་སྟེ།། མཚན་མ་མེད་པའི་དོན་བརྗོད་འདི། སངས་རྒྱས་ཆོས་ཀྱི་དམ་པ་སྟེ།། སངས་རྒྱས་ཆོས་དོན་བསྟན་པ་ནི། འཆི་འཕོ་མེད་པའི་ཚིག་ཅེས་བྱ།། འཆི་འཕོ་མེད་དོན་ནི ་བའི་དོན།། རྣམ་པར་དབེན་པའི་དོན་ཏུ་བསྟན།། དབེན་པའི་དོན་ནི་སྟོང་པའི་དོན།། སྟོང་པའི་དོན་ནི་གནས་མེད་དོན།། གནས་མེད་དོན་ཉིད་དེ་ཁོ་ན།། དེ་ཉིད་དོན་ནི ་དེ་བཞིན་ཉིད།། ཤིན་ཏུ་སྐྱེ་དང་བྲལ་བ་ནི།། འགག་པ་མེད་པའི་དོན་ཏུ་བསྟན། འགག་མེད་དོན་ནི་གནས་མེད་དོན།། གནས་པ་མེད་པ་ཆོས་དོན་ཚིག། ཆོས་དབྱིངས་ཇི་ལྟར་གནས་པ་ལྟར།། ་ཆོས་རྣམས་ཐམས་ཅད་དེ་ལྟར་གནས།། ཆོས་ཀུན་ཇི་ལྟར་གནས་པ་ལྟར།། སངས་རྒྱས་ཆོས་རྣམས་དེ་ལྟར་གནས། ཇི་ལྟར་སངས་རྒྱས་ཆོས་གནས་ལྟར། སློབ་པའི་ཆོས་རྣམས ་དེ་ལྟར་གནས།། ཆགས་མེད་ཆོས་མཚུངས་པའི་དོན། དེ་ལྟར་དེ་དག་གཞན་མི་གནས།། རང་སངས་རྒྱས་ཀྱི་ཆོས་དམས་ཀྱང་། འདིར་ནི་མཉམ་པ་ཇི་བཞིན་གནས།། ་དེ་ལྟའི་གནས་ལ་གནས་པའི་ཆོས། སངས་རྒྱས་ཆོས་སྟེ་བླ་ན་མེད།། སངས་རྒྱས་ཆོས་རྣམས་དེ་དག་ནི།། ཡུལ་དང་ཕྱོགས་ན་གནས་པ་མེད།། སྐྱེ་བ་དང་ནི་འཇིག་པ ་ཡིས་འ་ནམ་ཡང་རབ་ཏུ་ཕྱེ་བ་མིན།། གང་དུའང་ཆོས་རྣམས་དེ་དག་ལ། དབྱིབས་དང་ཁ་དོག་རྙེད་མི་འགྱུར། མཚན་མ་མེད་ཅིང་རྟགས་མེད་པར། སངས་རྒྱས་ཆོས་རྣམས ་རབ་ཏུ་བསྟན།། ཆོས་ཀུན་རང་བཞིན་གང་ཡིན་པ།། སངས་རྒྱས་ཆོས་རྣམས་དེ་ལྟའི་ཚུལ།། དེས་ན་དེ་དག་མཉམ་པར་བསྟན།། ཁྱད་པར་མེད་མཚན་ཉིད་མེད།། སངས་རྒྱས་ཆོས ་རྟོགས་འདོད་པ་ཡིན།། ཆོས་རྣམས་ཀུན་ལ་བལྟ་བར་བྱ།། གང་ཚེ་ཆུང་ཟད་མི་དམིགས་པ།། དེའི་ཚེ་རྣམ་པར་བལྟས་པ་ཡིན།། སངས་རྒྱས་དང་ནི་སངས་རྒྱས་ཆོས།། ཆོས་རྣམས ་ཀུན་ཡང་ཐམས་ཅད་ཏུ།། བྱང་ཆུབ་སྙིང་པོར་དྲང་སྲོང་ཆེས། དེ་དག་ཡང་དག་མཉམ་པར་རྟོགས།། སངས་རྒྱས་ཆོས་གང་སངས་རྒྱས་ཀྱིས།། བྱང་ཆུབ་སྙིང་པོར་གང་བལྟས་པ།། སངས་རྒྱས ་ཆོས་བསྟན་དེ་དག་ནི།། རྟག་ཏུ་མཉམ་པ་ཉིད་ཀྱིས་མཉམ། མཉམ་སྟེ་མི་མཉམ་མེད་པའི་ཆོས། ནམཁའ་ལྟ་བུར་དྲི་མེད་པར། སངས་རྒྱས་ཀྱི་ས་ན་མཁྱེན་པས་རྟོགས།། དེས་འདིར་སངས ་རྒྱས་ཡིན་ཞེས་བརྗོད།། རྟེན་ཅིང་འབྲེལ་བར་གང་བྱུང་བ།། དེ་དག་གང་ལའང་རང་བཞིན་མེད།། གང་དག་ངོ་བོ་ཉིད་མེད་པ།། དེ་དག་གང་དུའང་འབྱུང་བ་མེད།། འགྲོ་བ་མཐའ་མེད་མཉམ ་པར་ནི། གང་གིས་མཐའ་འདི་རབ་ཤེས་པ།། དེ་ཡི་ཡེ་ཤེས་མཐར་སོན་པ།། ཆོས་རྣམས་ཀུན་ལ་འཇུག་པར་འགྱུར།། ཆོས་རྣམས་གང་དག་འདས་པ་དང་།། ཆོས་རྣམས་གང་དག ་མ་འོངས་དང་།། ད་ལྟར་བྱུང་བའི་ཆོས་གང་དག། དེ་རྣམས་སངས་རྒྱས་ཆོས་འདོད།། དེ་ལྟར་དུས་གསུམ་རྣམས་ལ་ཡང་། སངས་རྒྱས་ཡེ་ཤེས་ཆགས་པ་མེད།། གང་དུ་ཡེ་ཤེས ་མི་ཆགས་པ།། དེ་དག་ཐུབ་པའི་ཆོ་སུ་བསྟན།། སྟོབས་ནི་རྣམ་པ་བཅུ་དག་དང་།། མི་འཇིགས་རྣམ་བཞི་གང་དག་དང་།། སངས་རྒྱས་རྣམས་ཀྱི་མ་འདྲེས་ཆོས། རྣམ་པ་བཅོ་བརྒྱད་གང་ཡིན ་དང་གཞན་ཡང་ཆོས་གང་ཇི་ཡོད་པ། ཐམས་ཅད་འདིར་ནི་འདུས་པར་གྱུར།། དེས་ན་ཆོས་རྣམས་དེ་དག་ཀུན།། སངས་རྒྱས་ཆོས་ཤེས་བརྗོད་པ་ཡིན།། ། བམ་པོ་ལྔ་པ། ་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས།། ཅི་རིགས་ཀྱི་བུ་ཁྱོད་ལ་ཆོས་འདི་དག་མངོན་སུམ ་དུ་གྱུར་ཏམ།། སྨྲས་པ། ཚངས་པ་ཅི་སངས་རྒྱས་ཀྱི་ཆོས་རྣམས་གཟུགསསུ་བགྲང་ངམ། སྨྲས་པ་དེ་ནི་མ་ཡིནོ།། སྨྲས་པ། ཚངས་པ་ཆོས་གང་གཟུགས་མེད།། ་བསྟན་དུ་མེད། ཐོགས་པ་མེད། རྣམ་པར་རེག་པ་མེད་པ་དེ་ལ། གང་ཡང་མངོན་སུམ་དུ་འགྱུར་རམ། སྨྲས་པ་རིགས་ཀྱི་བུ་དེ་ནི་མ་ཡིན།། སྨྲས་པ། ཚངས་པ་དེ་ལྟར་ན་ཆོས་ཐམས་ཅད ་ནི་མངོན་སུམ་མ་ཡིན་པ་ཉིད།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་གཉིས་ཆུང་ཟད་ཀྱང་མེད། ཚངས་པ་ཆོས་ཐམས་ཅད་ནི་གཉི་སུ་མེད་པའོ།། དེ་ལ་མངོན་སུམ་གང་ཡིན་པ་དེ་ཡང་དེའི་མཚན ་ཉིད་ཁོ་ནའོ།། ཚངས་པ་མངོན་སུམ་ཡང་གཞན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་མ་ཡིན་ཏེ། མངོན་སུམ་དུ་གང་ཡིན་པ་དེ་ཉིད་སངས་རྒྱས་ཀྱི་ཆོས་རྣམ་སོ།། སངས ་རྒྱས་ཀྱི་ཆོས་གང་ཡིན་པ་དེ་ཉིད་མངོན་སུམ་ཉིད།། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་སངས་རྒྱས་སྐྱེ།། ཆོས་རྣམས་མངོན་སུམ་མ་ཡིན་ནམ། སྨྲས་པ། ་ཚངས་པ་གལ་ཏེ་དེ་བཞིན་གཤེགས་པ་འམ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རུང་སྟེ། འགའ་ཞིག་ཡང་དག་པར་ཡོངསུ་གྲུབ་པར་གྱུར་ན་ནི། སངས་རྒྱས་ཀྱི་ཆོས་རྣམས་ཀྱང ་དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་འགྱུ་རོ།། སྨྲས་པ། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་གང་ཡང་མེད་དམ། ཚངས་པ་ཆོས་གང་ཡོངསུ་གྲུབ་པ་མེད་པ་དེ་ཡོད་པ་འམ། མེད་པར་ཁས ་བླང་དུ་མེདོ།། ཆོས་གང་ཡང་ཡོད་པ་འམ། མེད་པར་ཁས་བླང་དུ་མེད་པ་དེ་ལ་མངོན་སུམ་དུ་འགྱུར་བ་གང་ཡང་མེདོ།། སྨྲས་པ། འོ་ན་ད་ཇི་ལྟར་སངས་རྒྱས་ཀྱི་ཆོས་ཤེས་བསྟན་སྨྲས་པ། ་ཚངས་པ་འདི་ལྟ་སྟེ་དཔེར་ན། ནམཁའ་ལ་ན་མཁའ་ཞེས་བསྟན་ཀྱང་། ནམཁའ་ལ་ཡང་དག་པར་ཡོངསུ་གྲུབ་པ་གང་ཡང་མདོ།། ཚངས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ།། ་སངས་རྒྱས་ཀྱི་ཆོས་རྣམས་ཤེས་བསྟན་ཀྱང་། སངས་རྒྱས་ཀྱི་ཆོས་རྣམས་ལ་ནི་ཡང་དག་པར་ཡོངསུ་གྲུབ་པ་གང་ཡང་མེདོ།། སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ལས ་དང་པོ་པས་བསྟན་པ་འདི་ཐོས་ནས། སྐྲག་པར་མི་འགྱུར་གྱི། དེས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཆེད་དུ་གོ་ཆ་གྱོན་པ་ནི་ངོ་མཚར་ཏི། སྨྲས་པ། ཚངས་པ་སངས་རྒྱས་ཀྱིས་བྱིན་གྱིས ་བརླབ་པའི་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད། དེ་དག་སངས་རྒྱས་ཀྱི་ཆོས་ཟབ་མོ་ཐོས་ན། སྐྲག་པར་མི་འགྱུརརོ།། ཚངས་པ་འཛིན་པ་དང་། མངོན་པར་ཞེན་པར་གྱུར་ན། ་སྐྲག་པར་འགྱུར་གྱི། འཛིན་པ་མེད་ཅིང་མངོན་པར་ཞོན་པ་མེ།། ད་པ་ན། སྐྲག་པར་མི་འགྱུརརོ།། གནས་དང་ཆགས་པར་གྱུར་ན། སྐྲག་པར་འགྱུར་གྱི། གནས་མེད་ཅིང ་ཆགས་པ་མེད་ན། སྐྲག་པར་མི་འགྱུརརོ།། ངར་འཛིན་པ་དང་། ང་ཡིར་འཛིན་པར་གྱུར་ན། སྐྲག་པར་འགྱུར་གྱི། ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་བྲལ་ན། སྐྲག་པར་མི་འགྱུར ་སྟོབས་གང་དང་ལྡན་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཟབ་མོ་དག་ལ་སྐྲག་པར་མི་འགྱུར་བའི་བྱང་ཆུབ་སེམས་དཔའི་སྟོབས་གང་ཡིན། སྨྲས་པ། ཚངས་པ་བྱུང་། ་ནུཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ནི་བརྒྱད་པོ་འདི་དག་སྟེ། སྟོབས་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཟབ་མོ་དག་ལ་སྐྲག་པར་མི་འགྱུར།། ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མོས་པས་ཐོགས་པ་མེད་པའི་དད་པའི་སྟོབས་དང་། སྟོན་པ་དང་། མཚུངས་པའི་བློས་གུས་པ། ་ལས་ངེས་པར་བྱུང་བ་དགེ་བའི་བཤེས་གཉེན་གྱི་སྟོབས་དང་། འཇིག་རྟེན་ལས་འདས་པའི་ཆོས་ཡོངསུ་རྫོགས་པར་བྱེད་པས། ཐོས་པ་ལས་ངེས་པར་བྱུང་བས་ཤེས་རབ་ཀྱི་སྟོབས ་དང་། བསོད་ནམས་ཚད་པ་ཡོངསུ་རྫོགས་པར་བྱེད་པས། བསོད་ནམས་ལས་ངེས་པར་བྱུང་བ་བསྙེན་བཀུར་བྱ་བའི་སྟོབས་དང་། བདུད་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། ཚུལ ་བཞིན་ལས་ངེས་པར་བྱུང་བ་ཡེ་ཤེས་ཀྱི་སྟོབས་དང་། ཆོས་རྣམ་ས་བདག་མེད་པ་ལ་དོག་པ་མེད་པས། བྱམས་པ་ཆེན་པོ་ཉ་སུ་ངེས་པར་བྱུང་བ་སྙིང་རྗེ་ཆེན་པོའི་སྟོབས་དང་། ་བྱང་ཆུབ་ཀྱི་སེམས་བརྗེད་པ་མེད་པས་ངེས་པར་སེམས་པ་ལ། ས་ངེས་པར་བྱུང་བ་སེམས་ཀྱི་སྟོབས་དང་། མི་སྐྱེ་བའི།། ཆོས་ལ་བཟོད་པ་རབ་ཏུ་ཐོབ་པས་གཞན་གྱི་དྲིང ་མི་འཇིག་པ་ལས་ངེས་པར་བྱུང་བ་བཟོད་པའི་སྟོབས་ཚངས་པ་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ཏེ། སྟོབས་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས ་སངས་རྒྱས་ཀྱི་ཆོས་ཟབ་མོ་དག་ལ་སྐྲག་པར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ལེགསོ།། ཞེས་བྱ་བ་བྱིན་ཏེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་དེ་དག་ལེགས་པར་བཤད་པ་ནི་ལེག་སོ་ལེག་སོ།། སྟོབས་འདི་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་གང་ཐོས་ནས་སྐྲག་པར་འགྱུར་བའི ་སངས་རྒྱས་སུ་མོས་དེ་དག་གང་ཡང་མེང་།། ཐོགས་རྒྱ་མཚོ་བསྟན་པའི་སྒྲ་དག་ཐམས་ཅད་ནི་འཇིག་པའོ།། བྱང་ཆུབ་ཀྱི་དོན་དམ་པ་གང་ཡིན་བདེན་བརྗོད་པར་ན་ནུན། ཅིའི་ཕྱི་ཞེས ་བརྗོད་དུ་མེད་པ་དེ་ནི་བསྐད་དུ་མེད་པ་སྟེ། དེ་ལ་ནི་ཡི་གེ་རྣམས་ཀུན་ཏུ་མི་རྒྱུའོ།། དེ་ལ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་ཀུན་ཏུ་མི་རྒྱུན། ཡི་གེ་རྣམས་ཀུན་ཏུ་རྒྱུ་བ ་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟར་ཆོས་ཟབ་མོ་ཡི་གེ་མེད་པ། བསྡད་པ་མེད་པ། བརྗོད་དུ་མེད་པ། སྒྲར་མེད་པ་འདི་ལྟ་བུར་མངོན་པར་རྫོགས་པར་སངས་རྒྱས་ཀྱང་ཡི་གེའི ་རྣམ་པར་རིག་པས། སེམས་ཅན་གཞན་དང་། གང་ཟག་གཞན་རྣམས་ལ་སྟོན་ཏེ། སེམས་ཅན་བསམ་གྱིས་མི་ཁྱབ་པ་ད་། ངག་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི ་ཐུགས་རྗེ་ཆེན་པོ་ཇི་སྐད་འཇུག་པ་ལ་ལྟོས། བློ་གྲོས་རྒྱ་མམ། འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས་ན་མཁའ་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེ ་པ། རྣམ་པར་རིག་པ་མེད་པ་འདི་ལ་ཚོན་སྣ་ཚོགས་ཀྱིས་མོར་བྲིས་ཏེ། རྟ་བ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། བཞོན་པ་རྣམསུ་འདིར་ཉེ་བར་སྟོན་ཏམ། ལྷ་དང་། ཀླུ་དང་། ་གནོད་སྦྱིན་དང་། དྲི་ཟའི་གཟུགས་རྣམས་འདིར་ཉེ་བར་སྟོན་ན། བློ་གྲོས་རྒྱ་མཚོ་འདི་ལ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་དཀའ་བ་བྱེད་པ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དག ་བ་བགྱིང་བའོ།། བདེ་བར་གཤེགས་པ་མཆོག་ཏུ་དཀའ་བ་བགྱིད་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་སངས་རྒྱས་བཅོམ་ལྡན་འདས་གང་དག་བརྗོད་དུ ་མེད་པའི་ཆོས་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། སེམས་ཅན་གནན་དག་དང་། གང་ཟག་གཞན་རྣམས་ལ་བརྗོད་དུ་མེད་པའི་དོན་ཏེ། བརྗོད་པས ་རྣམ་པར་རིག་པར་བྱེད་ཅིང་གོ་བར་བྱེད་པ་ནི་དེ་བས་ཀྱང་ཆེས་དཀའ་བ་མཛད་པའོ།། གང་དག་སངས་རྒྱས་ཀྱི་ཆོས་ཟབ་མོ་འདི་དག་ལ་མི་དང་དང་བར་མི་འགྱུར་བ་དེ་དག་ནི། དེ་བས་རྒྱ ་ཀྱང་ཆེས་ཤིན་ཏུ་དཀའ་བ་བྱེད་པའོ།། བློ་གྲོས་རྒྱ་མཚོ་གང་དག་སངས་རྒྱས་ཀྱི་ཆོས་ཟབ་མོ་འདི་དག་ལ་སྐྲག་པར་མི་འགྱུར་བའི་སེམས་ཅན་དེ་དག་ནི་དགེ་བའི་རྩ་བ་བསྐྱེད་པ་དང་། ་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པ་ཡིནོ།། བློ་གྲོས་རྒྱ་མ་ཚེ་མདོ་སྡེ་ཟབ་མོ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་འང་ངག་རིག་ནས། འཆང་བ་དང་། འཛིན་པ་དང་། གཞན ་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དང་། དེ་དག་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་འཛིན་པ་དག། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཕྱོགས་འཛིན་པ ་དགོ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་གང་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཐམས་ཅད་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངསུ་བཀང ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་དབུལ་བར་ཕུལ་ནོ།། བློ་གྲོས་རྒྱ་མཚོ་འདི་ལ་ཇི་སྐན་དུ་སེམ། བྱང་ཆུབ་སེམས་དཔའ་དེ་གཞི། དེ་ལས་བསོད་ནམས་མང་དུ་སྐྱེད་དམ ་གསོལ་པ། བཅོམ་ལྡན་འདས་མང་ལག་སོ།། བདེ་བར་གཤེགས་པ་མངལ་ཚད་མ་མཆིས་ལག་སོ།། བསོད་ནམས་ཀྱི་ཕུང་པོ་དེ་ནི་ཇི་ཙམ་དུ་དཔེ་བགྱི་བར་སླ་བ་མ་ལགས་པ་དེ་ཙམ་དུ། ་བསོད་ནམས་ཀྱི་ཕུང་པོ་དེ་ཚད་མ་མཆིས་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཁྱོད་མོས་པར་བྱའོ།། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ།། གང་དེ་བཞིན ་གཤེགས་པའི་བསྟན་པ་ཀུན་ཏུ་བསྟན་པ་དང་། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། ་མདོ་སྡེ་ཟབ་མོ་འདི་ལྟ་བུ་འདི་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་སྒྲུབ་པར་རིག་ནས། འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་དེ་བས་ཀྱང་ཆེས ་བསོད་ནམས་མང་དུ་སྐྱེད་ན། གང་དེ་བཞིན་ཉིད་དུ་སྒྲུབ་པ། ལྕེ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱུ་མཆེ་ཟང་ཟིང་གི་སྦྱིན་པ་དེ་ཐམས་ཅད་ནི་འཇིག་རྟེན ་ལ་བསྟེན་པའོ།། ཆོས་ཀྱི་སྦྱིན་པ་འདི་ནི་འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ་འདའ་བར་འགྱུརརོ།། བློ་གྲོས་རྒྱ་མཚོད་མེ་པའི་ཆོས་ཡོངསུ་འཛིན་པ་ནི། ཡོངསུ་བཟུང་བ ་བནི་རབ་ཏུ་འཐོབ་སྟེ། བཞི་གང་ཞེ་ན། སངས་རྒྱས་ཀྱིས་ཡོངསུ་བཟུང་བ་རབ་ཏུ་འཐོབ་པ་དང་། ལྷས་ཡོངསུ་བཟུང་བ་དང་། བསོད་ནམས་ཀྱི་ཡོངསུ་བཟུང་བ་དང་། ཡེ་ཤེས་ཀྱིས ་ཡོངསུ་བཟུང་བ་འཐོབ་པའོ།། བློ་གྲོས་རྒྱ་མཚོ་སངས་རྒྱས་ཀྱིས་ཡོངསུ་བཟུང་བའི་བྱང་ཆུབ་སེམས་དཔའི་ཁྱད་པར་དུ་འགྱུར་བ་བཞི་སྟེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པ་མཐོང་བ། ་དང་མི་འབྲལ་བར་འགྱུར་བ་དང་། དེ་ལ་བདུད་ཐམས་ཅད་ཀྱིས་གླགས་མི་རྙེད་པར་འགྱུར་བ་དང་། གཟུངས་རབ་ཏུ་འཐོབ་པས་མི་ཟད་པར་འགྱུར་བ་དང་། མངོན་པར་ཤེས་པ་མྱུར་ཏེ་ཕྱིར་མི་ལྡོན། ་པའི་ས་ཐོབ་པར་འགྱུར་བ་སྟེ། བློ་གྲོས་རྒྱ་མཚོ་སངས་རྒྱས་ཀྱིས་ཡོངསུ་བཟུང་བའི་བྱང་ཆུབ་སེམས་དཔའི་ཁྱད་པར་དུ་འགྱུར་བ་བཞི་པོ་དེ་དགོ། བློ་གྲོས་རྒྱ་མཚོ ་ལྷས་ཡོངསུ་བཟུང་བའི་བྱང་ཆུབ་སེམས་དཔའི་རྣམ་པར་དག་པར་འགྱུར་བ་བཞི་སྟེ། བཞི་གང་ཞེ་ན། ལྷ་རྣམས་ཀྱིས་དེའི་འཁོར་གྱི་དཀྱིལ་འཁོར་རྣམ་པར་སྦྱོང་བ་དང་། ཆོས་མཉམ་པ་ལ ་སེམས་རྩེ་གཅིག་ཏུ་བྱ་བར་འཇོག་པ་དང་། དེ་ལ་ཕ་རོལ་གྱི་གནོད་པ་ཐམས་ཅད་མི་འབྱུང་བར་བྱེད་པ་དང་། དེ་ལ་སེམས་མ་དད་པ་ཐམས་ཅད་ཀྱང་ལྷ་རྣམས་ཀྱི་དབང་གིས་དད་པར་བྱེད་པ ་སྟེ། བློ་གྲོས་རྒྱ་མཚོ་ལྷས་ཡོངསུ་བཟུང་བའི་བྱང་ཆུབ་སེ་མས་དཔའི་རྣམ་པར་འགྱུར་བ་བཞི་པོ་ད་དགོ། བློ་གྲོས་རྒྱ་མཚོ་བསོད་ནམས་ཀྱིས་ཡོངསུ་བཟུང་བའི་བྱང་ཆུབ་སེམས་དཔ ་རྒྱན་དུ་འགྱུར་བ་བཞི་སྟེ། བཞི་གང་ཞེ་ན། མཚན་དང་། བེ་བྱད་བཟང་པོ་ཡོངསུ་རྫོགས་པས་ལུས་ཀྱི་རྒྱུན་དང་། སེམས་ཅན་ཐམས་ཅད་མགུ་བར་བྱེད་པས། ངག་གི ་རྒྱུན་དང་། བྱ་བ་ཐམས་ཅད་ཀུན་ཏུ་སྟོན་པས་ཞིང་གི་རྒྱན་དང་། བཻརྒྱུ་བྱིན་དང་། ཚངས་པ་དང་། འཇིག་རྟེན་དུ་སྐྱེ་བ་རབ་ཏུ་ཐོབ་པས་སྐྱེ་བའི་རྒྱན་ཏེ། བློ་གྲོས་རྒྱ་མཚོ་བསོད་ནམས་ཀྱིས ་ཡོངསུ་བཟུང་བའི་བྱང་ཆུབ་སེམས་དཔའི་རྒྱན་དུ་འགྱུར་བ་བཞི་པོ་དེ་དག། བློ་གྲོས་རྒྱ་མཚོ་ཡེ་ཤེས་ཀྱི་ཡོངསུ་བཟུང་བའི་བྱང་ཆུབ་སེམས་དཔའི་སྣང་བར་འགྱུར་བ་བཞི་སྟེ། བཞི་གང ་ཞེ་ན། སོ་སོ་ཅི་རིགས་པར་ཆོས་སྟོན་པས། སེམས་ཀྱི་དབང་པོ་སྣང་བ་དང་། ཆོས་ཀྱི་སྨན་ཡང་དག་པར་སྦྱོར་བས། ཉོན་མོངས་པའི་ནད་ཐམས་ཅད་སྣང་བ་དང་། སངས་རྒྱས་ཀྱི་ཞིང ་གཞན་དུ་འགྲོ་བས་མངོན་པར་ཤེས་པ་སྣང་བ་དང་། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པས། ཆོས་ཀྱི་དབྱིངས་སྣང་བ་སྟེ། བློ་གྲོས་རྒྱ་མཚོ་ཡེ་ཤེས་ཀྱི ་ཡོངསུ་བཟུང་བའི་བྱང་ཆུབ་སེམས་དཔའི་སྣང་བར་འགྱུར་བ་བཞི་པོ་དེ་དག། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་ཕན་ཡོན་གྱི་ཕན་ཡོན ་འདི་དག་ཡོངསུ་འཛིན་པར་འདོད་པས།། དམ་པའི་ཆོས་ཡོངསུ་བཟུང་བ་ལ་མངོན་པར་བརྩོན་པར་བྱའོ།། བློ་གྲོས་རྒྱ་མཚོ་དམ་པའི་ཆོས་ཡོངསུ་འཛིན་པ་ལ་མངོན་པར་བརྩོན་པའི་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ཚད་མེད་པར་འགྱུརརོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིག་སུ་བཅད་པ་འདི་དག་གསུང་སོ།། དེ་བཞིན་གཤེགས་པའི་དམ་ཆོས ་གང་འཛིན་པ།། དེ་དག་ཕན་ཡོན་རྣམ་པ་མང་འགྱུར་ཏེ།། ། དེ་ལས་ཕྱོགས་ཙམ་ཡོངསུ་བརྗོད་པར་བྱ།། དཔེར་ན་རྒྱ་མ།། ཚོའི་ཆུ་ལས་ཐིགས་པ་བཞིན།། དེ་བཞིན་གཤེགས་པའི ་དམ་ཆོས་འཛིན་པ། ད་ནི་དེ་བཞིན་གཤེགས་པ་བྱས་གཟོ་ཡིན།། རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟན་ཅིང་།། ཕྱོགས་བཅུ་རྣམསུ་སངས་རྒྱས་མཆོད་པ་ཡིན།། སངས་རྒྱས་སྤྱན་གྱིས ་གཟིགས་པའི་ཞིང་མང་པོ།། རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། ཟང་པའི་དུས་ན་ཇི་ལྟར་ཆོས་འཛིན་ལྟར།། བསོད་ནམས་ཕུང་པོ་དེ་ཙམ་འཕེལ་མ་ཡིན།། འཇིག་རྟེན་ཟང་ཟིང་རྒྱལ ་ལ་སྟི་སྟང་བྱས།། འཇིག་རྟེན་བྱེད་ལ་ནམ་ཡང་གྲོལ་མི་འགྱུར།། འཇིག་རྟེན་འདས་པའི་ཆོས་ནི་གང་ཚོལ་བ།། མཁས་པ་དེ་ནི་འཇིག་རྟེན་ཆོས་ལས་འདའ།། དེ་བཞིན་གཤེགས་པའི། ་དམ་པའི་ཆོས་འཛིན་པ། རྒྱལ་བ་རྣམས་ཀྱིས་ཡོངསུ་བརྡུང་བར་འགྱུར།། ལྷ་དང་ཀླུ་དང་མི་འམ་ཅི་རྣམས་དང་།། བསོད་ནམས་ཡེ་ཤེས་ཀྱིས་ནི་ཡོངསུ་བཟུང་། ་བཞིན་གཤེགས་པའི་དམ་ཆོས་འཛིན་པ།། དྲན་ལྡན་བློ་གྲོས་ལྡན་ཞིང་བློ་ལྡན་འགྱུར།། ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན། མཁས་པ་བག་ཆགས་བཅས་པའི་ཉོན་མོངས ་སྤོང་དེ་བཞིན་གཤེགས་པའི་དམ་ཆོས་འཛིན་པ།། དེ་ལ་བདུད་ཀྱི་སྐྱོན་ཆགས་རྙེད་མི་འགྱུར།། དེ་ལ་འགྱོད་དང་དེ་བཞིན་དོགས་པ་མེད།། དེ་ལ་བཅིངས་མེད་སྒྲིབ་པ་ཅུང་ཟད་མེད།། དེ ་བཞིན་གཤེགས་པའི་དམ་ཆོས་འཛིན་པ།། ཞིང་སྟོང་དག་ཏུནམ་ཡང་མི་སྐྱེ་སྟེ། སྐྱེ་བ་ཀུན་ཏུ་དེ་ནི་རྒྱལ་བ་མཐོང་།། མཐོང་ན་ས་དེ་ལ་དད་པ་རབ་ཏུ་འཐོབ།། དེ་བཞིན་གཤེགས་པའི་དམ ་པའི་ཆོས་འཛིན་པ།། ཆོས་ཀྱི་བདག་ཉིད་ཆེན་པོ་སྐྱེ་དྲན་འགྱུར།། ཡང་དང་ཡང་དུ་རབ་ཏུ་འབྱུང་བ་འཐོབ།། སྤྱོད་པ་ཡོངས་དག་སྒྲུབ་པ་སྙིང་པོར་བྱེད།། དེ་བཞིན་གཤེགས་པའི ་དམ་པའི་ཆོས་འཛིན་པ།། ཚུལ་ཁྲིམས་ཐོས་པས་འཕགས་པ་ཆོས་སྤྱོད་པ། མཁས་པ་མངོན་ཤེས་ལྔ་ལ་མྱུར་དུ་རེག། མ་སྨད་བསམ་གཏན་རྣམ་པར་ཐར་པ་འཐོབ།། དེ་བཞིན་གཤེགས ་པའི་དམ་ཆོས་འཛིན་པ།། དེ་ནི་ཟབ་ཆོས་རྟོགས་པར་ཁོང་དུ་ཆུད། སངས་རྒྱས་སྤྱོད་ཡུལ་སྟོང་ཉིད་ཐེ་ཙོམ་མེད།། སེམས་ཅན་བདག་མེད་པར་ཡང་མོས་པར་འགྱུར།། དེ་བཞིན་གཤེན ་པའི་དམ་ཆོས་འཛིན་པ།། དེ་ནི་སོ་སོ་ཡང་དག་རིག་པ་འཐོབ།། འཇིགས་མེད་ཤེས་རབ་རྣོ་ཞིང་ཆགས་མེད་དག། ད་ནི་སྲོག་ཆགས་ཀུན་གྱི་ཐེ་ཙོམ་གཅོད།། དེ་བཞིན་གཤེགས་པའི་དམ ་པའི་ཆོས་འཛིན་པ།། མཁས་པ་དེ་ནི་གཟུགས་རྣམས་འཐོབ་པར་འགྱུར།། བསྐལ་པ་བརྒྱར་ཡང་གང་ཐོས་ཆུད་མི་ཟ།། སྤོངས་དང་ལྡན་ཞིང་ཆགས་པ་མེད་པར་འགྱུར།། དེ་བཞིན་གཤེགས། ་པའི་དམ་པའི་ཆོས་འཛིན་པ། དེ་ལ་མཁས་པ་རྟག་ཏུ་དགའ་བར་འགྱུར།། ལྷ་དང་ལྷ་མིན་མི་ཡི་ཡིད་དུ་འོང་།། དེ་ལ་སངས་རྒྱས་བུ་གཅིག་བཞིན་དུ་བསྟོད།། དེ་བཞིན་གཤེགས་པའི་དམ ་པའི་ཆོས་འཛིན་པ། བརྒྱ་བྱིན་ཚངས་པ་དེ་བཞིན་འཇིག་རྟེན་སྐྱོང་།། འཁོར་ལོས་སྒྱུར་དང་མི་ཡི་རྒྱལ་པོར་འགྱུར། བདེ་དང་ཡིད་བདེས་བྱང་ཆུབ་དེ་འཚང་རྒྱ།། དེ་བཞིན་གཤེགས་པའི ་དམ་པའི་ཆོས་འཛིན་པ། དེའི་ལུས་སུམ་ཅུ་རྩ་གཉི་ངས་མཚན་དང་ལྡན་ཞིང་། མཁས་པ་ཡན་ལག་སྨད་པ་མེད་པར་འགྱུར།། དེ་ལ་ལྟ་བས་ངོམས་པར་ཡོངས་མི་འགྱུར། ་དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། གང་དག་ཆོས་ཀྱི་ཕྱག་རྒྱ་འདི་སྟོན་པའི།། དགེ་བའི་ང། ཤེས་གཉེན་དེ་ལ་དཀོན་མི་འགྱུར།། ཆོས་མཛད་ཟད ་མི་ཤེས་པ་ཉན་པར་བྱེད། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པོ། ལུས་དང་ངག་དང་ཡིད་ཀྱང་རྣམ་པར་དག། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམ་པར་དག། རྣམ ་གྲོལ་ཡེ་ཤེས་ཤིན་ཏུ་རྣམ་པར་དག། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དེ་ནི་བྱང་ཆུབ་སེམས་བརྗེད་འགྱུར་བ་མེད།། ཕ་རོལ་ཕྱིན་ལ་སྤྱོད་དང་དག་ལ་མི་འགྱུར།། དགེ ་བ་བརྒྱ་རྣམས་ཀྱང་ནི་རབ་ཏུ་བཟུང་།། དེ་དག་རྣམས་ཀྱི་ཡོན་ཏན་པན་ཡོན་རྣམས།། བསྐལ་པར་རྒྱུན་མི་འཆང་པར་རབ་བརྗོད་ཀྱང་། དམ་ཆོས་འཛིན་པའི་ཕན་ཡོན་འདི་དག་ནི། ་བརྗོད་པས་ཐ་མར་བྱིན་པར་མི་འགྱུརརོ།། སངས་རྒྱས་ཀྱིས་ཆོས་བསྟན་པའི་ལེའུ་སྟེ། དྲུག་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཡོན་ཏན་གྱི་རྒྱལ་པོ་སྣང་བ་ཞེས་བྱ་བ། འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་ངས་ཆོས་གང ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བརྗོད་དུ་མེད་ཞེས་གསུངས་ན། བཅོམ་ལྡན་འདས་ཆོས་བརྗོད་དུ་མ་མཆིས་པ་ལགས་ན། དམ་པའི་ཆོས་ཡོང་སུ་བཟུང་བ་ཇི་ལྟ་བུ་ཞིག་ལགས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞི་ནོ།། ཇི་སྐད་སྨྲས་པ། དེ་བཞིན་ཏེ། ཆོས་གང་ངས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བརྗོད་དུ་མེདོ།། རིགས་ཀྱི་བུ ་འོན་ཀྱང་ཡི་གེའི་ངེས་པའི་ཚིག་གང་དག་གིས། བརྗེ་དུ་མེད་པ་འདུས་མ་བྱས་ཀྱི་ཆོས་དེ་སྙེད་པའི་ཡི་གེའི་ངེས་ཉེ་བའི་ཚིག་དེ་དག་གང་ལེན་པ་དང་། འཛིན་པ་དང་། སྟོན་པ་དང་། ་རབ་ཏུ་ཤེས་པར་བྱེད་པ་དང་། འཇོག་པ་དང་། རྣམ་པར་འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་འདི་ནི། དམ་པའི་ཆོས་ཡོངསུ ་འཛིན་པ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་ཆོས་སྨྲ་བ་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང་། སྟོན་པ་དང་སྒྲུབ་པའི་ཆོས་སྨྲ་བ་དེ་དག་ལ་གང་བསྙེན་པ་དང་། བསྟེན ་པ་དང་། བསྙེན་བཀུར་བྱེད་པ་དང་། ལྡང་བ་དང་། རིམ་གྲོ་བྱེད་པ་དང་། གུས་པར་བྱེད་པ་དང་། ཞེས་བྱེད་པ་དང་། སྟི་སྟང་བྱེད་པ་དང་། ཀུན་ཏུ་སྲུང་བ་དང་། སྦེད་པ་དང་། ཡོངསུ་འཛིན་པ་དང་། ་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་སྦྱིན་པ་དང་། ལེག་སོ་ཞེས་བྱ་བ་སྦྱིན་པ་དང་། རྗེ་བོ་ལྟར་ཀུན་ཏུ་སྲུང་བ་དང་། དགེ་བ་ཀུན་ཏུ་སྲུང་པ་དང་། བསྔགས་པ ་བརྗོད་པ་དང་། མི་སྙན་པ་འཆབ་པ་འདི་ཡང་དག་པའི་ཆོས་ཡོངསུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་གང་སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མེད་པ་ལ་ཡིད་ཆེས་པ་དང་། སྨོན་པ ་མེད་པ་ལ་སོམ་ཉི་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་དེ་ཁོ་ན་ཉིད་དུ་ངེས་པར་སེམས་དཔའ་དེ་ཡང་དམ་པའི་ཆོས་ཡོང་སུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་རྩོད་པ་མེད་པ་ལྷུར ་ལེན་པ་དང་། ཆོས་མ་ཡིན་པས་རྩོད་པ་རྣམས་ཆོ། དང་འཐུན་པར་ཚར་གཅོད་པ་འདི་ཡང་དམ་པའི་ཆོས་ཡོངསུ།། འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་ཞེ་སྡང་མེད་པའི་རྒྱུ་དང་། ་སེམས་ཅན་བསྡུ་བ་དང་། རབ་ཏུ་ཐར་པར་བྱ་བའི་བློ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་ཆོས་སྦྱིན་པ་འདི་ཡང་དམ་པའི་ཆོས་ཡོངསུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་ལུས ་དང་སྲོག་འདོར་ཞིང་། མདོ་སྡེ་འདི་ལྟ་བུ་འདི་དག་ཀུན་ཏུ་སྲུང་བ་དང་། སྦེད་པ་དང་། སྒྲུབ་པར་དགོན་པ་ནི་གནས་པ་འདི་ཡང་དམ་པའི་ཡོངསུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་གང ་ཆོས་མཉན་པའི་རྒྱུ་ལས་བྱུང་བ་འམ། ཆོས་བསྟན་པའི་རྒྱུ་ལས་བྱུང་བས། ཐ་ན་གོམ་པ་གཅིག་འདོར་རམ། ཐ་ན་དབུགས་འབྱིན་པ་འམ། རྔུབ་པ་གཅིག་ཀྱང་རུང་སྟེ། འདི་ཡང་དམ ་བའོ་ཆོས་ཡོངསུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་གང་ཆོས་ཐམས་ཅད་ཡོངསུ་མི་འཛིན་ཅིང་མི་ལེན་པ་འདི་ཡང་དམ་པའི་ཆོས་ཡོངསུ་འཛིན་པ་ཞེས་བྱའོ།། ཡོན་ཏན་གྱི་རྒྱལ་པོ་སྣང ་བ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱའོ།། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པར་གྱུར ་པ་དེའི་ཚེ་དེའི་དུས་ན། དགའ་བ་འཕགས་པའི་བསྐལ་པ་ལ་འཇིག་རྟེན་གྱི་ཁམས་འོད་རྣམ་པར་དག་པར། བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པ་ཞེས་བྱ་བའི་ངོ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབསུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁོ་ལོ་སྒྱུར་བ ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་།། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་འོད་རྣམ་པར་དག་པ་དེ་ནི་བཻ་ཌཱུརྱ་ལས ་གྲུབ་པ། ཤིན་ཏུ་རྣམ་པར་དག་པ། ཕྱོགས་བཅུ་སྣངབས་རྒྱས་པར་འགེངས་པ། བྱང་ཆུབ་སེམས་དཔའ་ཆེ་ན་པོ་མངོན་པར་ཤེས་པ་ཆེན་པོའི་སྟོབས་ཀྱིས་རྣམ ་པར་རྩེན་པ། ཆེས་ཟབ་མོ་ལས་ངེས་པར་འབྱུང་བ་ཉི་ཚེའི་གནསུ་གྱུར་པའོ།། དེའི་ཚེ་སེམས་ཅན་དེ་དག་གིས་ལོངས་སྤྱོད་ནི་ལྷའི་བུ་རབ་འཕྲུལ་གྱི་དང་འདྲ་བར་གྱུར་ཅིང་། ལྷའི་བུའི ་གཟུགས་ཉིད་ཀྱིས། བཅོམ་ལྡན་འདས་དེ་ལ་ཆོས་ཉན་ཏོ།། དེ་ན་ཁྱིམ་པ་དང་། རབ་ཏུ་བྱུང་བ་ཐ་དད་དུ་བྱ་བ་མདོ།། བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ ་དེ་བཞིན་གཤེགས་པ་དེས་རིགས་ཀྱི་བུ་དག་ཁྱེད་ཀྱིས་ལུས་དང་སྲོག་འདོར་ཞིང་དམ་པའི་ཆོས་ཡོངསུཾ་གཟུང་བ་མངོན་པར་བརྩོན་པར་བྱའོ་ཞེས། དམ་པའི་ཆོས་ཡོངསུ་གཟུང་བའི ་གཏམ་ཉིད་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏོ།། དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྨྲ་བ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུའོ།། དེ་ནས ་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ་བཞིན་གཤེགས་པ་དེ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྨྲ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངསུ་འཛིན་པ་ལགས། བྱང་ཆུབ་སེམས་དཔའ་གང་ཡོངསུ་གཟུང་བར་བགྱི་བའི་ཆོས་གང་ལགས། དེ་སྐད་ཅེས ་གསོལ་པ་དང་། བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ་བཞིན་གཤེགས་པ་དེས། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི ་བུ་ཀྱེ་མའོ་སེམས་འདི་ནི་ཡུལ་ལ་རབ་ཏུ་འབྱར་བ་ཏེ། གང་དེ་ཟློག་པ་དང་། ཡོངསུ་སྲུང་བ་དང་། རྩེ་གཅིག་ཏུ་འགྱུར་བ་དང་། དུལ་བ་དང་། ཞི་བ་དང་། ཉེ་བར་ཞི་བ་དང་། ་འདུལ་བ་འདི་ནི། དམ་པའི་ཆོས་ཡོང་སུ་འཛིན་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། མིག་དང་། གཟུགས་དང་། མིགི་རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་མ་ཡིན་པ་འདི་ནི། ཆོས་མ་ཡིན་པའོ།། རྣ་བ ་དང་སྒྲ་རྣམས་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། དྲི་རྣམས་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་། རོ་རྣམས་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་རྣམས་དང་། ་ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཆོས་མ་ཡིན་པ་དེ་ནི། ཆོས་མ་ཡིན་པའོ།། གང་མིག་དང་གཟུགས་སྟོང་པར་རིག་ནས། ཡིད་དང་། གཟུགས ་ལ་རྣམ་པར་མི་རྟོག་ཅིང་། མིག་རྣམ་པར་ཤེས་པ་གནས་པ་མེད་པ་འདི་ནི། དམ་པའི་ཆོས་ཡོང་སུ་འཛིན་པའོ།། གང་ཡང་དག་པའི་ཡེ་ཤེས་ཀྱིས་དེ་གཞན་དག་ལ་གོ་བར ་བྱེད་པ་ལ་མཁས་པ་འདི་ནི། དམ་པའི་ཆོས་ཡོང་སུ་འཛིན་པའོ།། དེ་བཞིན་དུ་རྣ་བ་དང་། སྒྲ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་། ཆོས་རྣམས་སྟོང་པར་རག་ནས། ཡང་དང་། ་ཆོས་རྣམས་སྟོད་པར་རིག་ནས། ཡིད་དང་། ཆོས་རྣམས་ལ་རྣམ་པར་མི་རྟོག་ཅིང་། ཡིད་ཀྱི་རྣམ་པར་ཤེས་པ་གནས་མེད་པ་འདི་ནི། དམ་པའི་ཆོས་ཡོང་སུ་འཛིན་པའོ།། དེ་ཡང་ཡང་དག་པས ་ཡེ་ཤེས་ཀྱིས་གཞན་དག་ལ་གོ་བར་བྱེད་པ་ལ་མཁས་པ་འདི་ནི། དམ་པའི་ཆོས་ཡོངསུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་ཆོས་གང་གིས་ཆོས་གང་བྱུང་བའི་ཆོས་དེ་ལ་ཡོངསུ་མི་འཛིན ་པ་དང་། མི་ལེན་པ་འདི་ནི། དམ་པའི་ཆོས་ཡོངསུ་འཛིན་པའོ།། ། ལྟ་བ་གང་གིས་ལོག་པར་ལྟ་བ་ལ་གནས་པར་བྱེད་པའི། ལྟ་བ་དེ་ལ་ཡོངསུ་མི་འཛིན་ཅིང་མི་ལེན་པ་འདི་ནི། དམ ་བའི་ཆོས་ཡོངསུ་འཛིན་པའོ།། མི་ཤེས་པ་གཏི་མུག་ལིང་རྟོག་གང་གིས་སེམས་ཡོངསུ་དཀར་བར་མི་འགྱུར་བའི་མི་ཤེས་པའི་གཏི་མུག་གི་ལིང་ཏོག་དེ་ལ་གང་ཡོངསུ་མི་འཛིན་ཅིང་། མི ་ལེན་པ་འདི་ནི། དམ་པའི་ཆོས་ཡོངསུ་འཛིན་པ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་གང་བསྒྲུབ་ནས་སྤངས་པར་བྱ་བ་དེ་ནི། ཆོས་མ་ཡིན། འདུལ་བ་མ་ཡི་ནོ།། གང་བསྒྲུབ་པར་ཡང་མི་བྱ། སྤང ་བར་ཡང་མི་བྱ་བ་འདི་ནི་ཆོས།། འདི་ནི་འདུལ་བའོ།། བསྒྲུབས་ནས། སྤང་བར་བྱ་བའི་ཆོས་གང་ཞེ་ན། འདུས་བྱས་ཀྱི་ལམ་ཏེ། བསྒྲུབས་ནས་སྤང་བར་བྱ་བ་དེ་ནི་ཆོས་མ་ཡིན། འདུལ་བ་མ་ཡིནོ།། ་བསྒྲུབ་པར་བྱ་བ་ཡང་མ་ཡིན། སྤང་བར་བྱ་བ་ཡང་མ་ཡིན་པ་གང་ཞེ་ན། གང་བརྗོད་དུ་མེད་པ་དང་། སྐྱེ་བ་མེད་པ་དང་། འབྱུང་བ་མེད་པ་སྟེ། དེ་ནི་བསྒྲུབ་པར་བྱ་བ་ཡང་མ་ཡིན། སྤང་བར་བྱ་བ་ཡང་མ་ཡིན ་བའི་གང་བསྒྲུབ་པར་བྱ་བ་མ་ཡིན། སྤང་བར་བྱ་བ་ཡང་མ་ཡིན་པ་དེ་ཆོསོ།། དེ་འདུལ་བའོ།། ཅིའི་ཕྱིར་དེ་ཆོས་ཡིན། དེ་འདུལ་བ་ཡིན་ཞེ་ན། རང་བཞིན་གྱི་མ་སྐྱེས་པའི་ཉོན་མོངས་པ་རྣམས་སྐྱེ་བར ་མི་བྱེད་པས། དེའི་ཕྱིར་དེ་ཆོས་ཡིན། དེ་འདུལ་བ་ཡིན་ཞེས་བྱའོ།། ཆོས་དང་འདུལ་བ་གང་ཡིན་པ་དེ་ནི་སྐྱེ་བ་མེད། འགག་པ་མེདོ། གང་སྐྱེ་བ་མེད། འགག་པ་མེད་པ་དེ་ནི་ཟད་པར་མི་འགྱུར།། དེ ་ལྟར་ཟད་པ་མེད་པ། སྐྱེ་བ་མེད་པའི་ཆོས་དང་འདུལ་བ་དེ་ནི། ཇི་ལྟར་བྱུང་བ་མེད་པ་དེ་ལྟར་ཡོངསུ་གཟུང་བ་མེདདོ།། གང་ཡོངསུ་གཟུང་བ་མེད་པ་དེ་དམ་པའི་ཆོས་ཡོང་སུ་འཛིན་པའོ།། རིགས་ཀྱི་བུ་དེ ་ལྟར་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ་བཞིན་གཤེགས་པ་དེས་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ ་ཁྲི་ཉི་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེསོ།། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བས། བཅོམ་ལྡན་འདས་དེ་ལས་བསྟན་པ་འདི་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ ་བ་དང་ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ།། བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས ་ཡོངསུ་འཛིན་པ་འདི་ལེགས་པར་གསུངས་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་ཇི་ལྟར་བདག་གིས། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན་བདག་འདི་སྙམ་བགྱིད། ་ལྡན་འདས་ཆོས་ཐམས་ཅད་ནི་མ་ལག་སོ།། གང་ཆོས་མ་ལགས་པ་དེ་ནི་ཆོསོ།། དེའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མངོན་པར་ཞེན་པས་ཆོས་མ་ལག ་སོང་གང་མངོན་པར་ཞེན་པ་མ་མཆིས་པ་དེ་ནི་ཆོ་སོ།། བཅོམ་ལྡན་འདས་ཆོས་དང་། ཆོས་མ་ལགས་པ་གཉིས་ཀྱི་འདུ་ཤེས་དང་ལྡན་པའི་ཆོས་ཐམས་ཅད་ནི་ཆོས་མ་ལགས་པའོ།། བཅོམ་ལྡན ་འདས་འདུ་ཤེས་ཡོངསུ་ཤེས་པ་དང་ལྡན་པའི་ཆོས་ཐམས་ཅད་ནི་ཆོ་སོ།། བཅོམ་ལྡན་འདས་དོན་དམ་པར་བསྟན་ན། ཆོས་དང་ཆོས་མ་ལགས་པ་མི་དམིག་སོ།། གང་ལ་ཆོས་ཀྱི་འདུ་ཤེས་ཀྱང ་མ་མཆིས། ཆོས་མ་ལགས་པའི་འདུ་ཤེས་ཀྱང་མ་མཆིས་པ་དེ་ལ་ཆོ་སུ་བགྲང་བ་ཡང་མ་མཆིས།། གང་ལ་ཆོ་སུ་བགྲང་བ་གང་ཡང་མ་མཆིས་པ་ད་མཐའ་མ་ལགས་པའོ།། གང་མཐའ ་མ་ལགས་པ་དེ་ཡང་དག་པའི་མཐའོ།། དེ་ཅིའི་སླད་དུ་རྟེ་ན། ནམ་ཁའི་མཐའ་ནི་ཡང་དག་པའི་མཐའ་སྟེ། ན་མཁའ་ནཿར་གཅད་པའི་མཐའ་གང་ཡང་མ་མཆིས།། ཇི་ལྟར་ན་ནམ་པར ་ལ་ཆར་གཅད་པའི་མཐའ་གང་ཡང་མ་མཆིས་པ་དེ་བཞིན་དུ། ཆོས་ཐམས་ཅད་ལ་ཡང་ཆར་གཅད་པའི་མཐའ་གང་ཡང་མ་མཆིས་ཏེ། དེའི་སླད་དུ་ཆོས་ཐམས་ཅད་ནི་ནམ་མཁའི་མཐའ་ཞེས ་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་གིས་ཡང་དག་པའི་མཐའ་བསྟན་པ་འདི་ཐོས་ནས། དེ་བཞིན་དུ་ཡང་དག་པ་ཉིད་དུ་ཁས་ལེན་པ་དེ་དག་ནི།། ཆོས་གང་ལ་ཡང་གཉི་སུ ་དབྱེ་བར་ཁས་ལེན་པ་མ་ལག་སོ།། བཅོམ་ལྡན་འདས་བདག་གིས་ནི་ཆོས་གང་ཡོངསུ་བཟུང་བས་དམ་པའི་ཆོས་ཡོངསུ་འཛིན་པར་བསྟན་པའི་ཆོས་གང་ཡང་ཡང་དག་པར་རྗེ་སུ་མ་མཐོང་།། ་བཅོམ་ལྡན་འདས་བདག་གིས་དེ་ལྟར་བསྟན་ན། དེ་བཞིན་གཤེགས་པས་གསུངས་པ་སྨྲ་བ་དང་། ཆོས་སྨྲ་བ་དང་། ཆོས་ཀྱིས་རྗེ་སུ་འཐུན་པའི་ཆོ་སུ་ལུང་སྟོན་པ་ལྟ་ལགས་སམ། ཡང་དག་པའི ་ལུང་བསྟན་པས་ལུང་སྟོན་པ་ལྟ་ལགས། བཅོམ་ལྡན་འདས་ངེས་བཀའ་སྩལ་པ། རིགས་ཀྱི་བུ་ཡང་དག་པ་སྟེ། དེ་བཞིན་གཤེགས་པ་གསུངས་པ་སྨྲ་བ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི ་རྗེསུ་འཐུན་པའི་ཆོས་སུ་ལུང་སྟོང་པ་ཡིན།། ཡང་དག་པའི་ལུང་སྟོན་པ་ཡིནོ།། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བས་བསྟན་པ་འདི་བཤད་པ་ན། ལྷའི་འཁོར་དེ་ལས་ལྷའི ་བུ་ཁྲིས་རྗེ་སུ་འཐུན་པའི་ཆོས་ཀྱི་བཟོད་པ་ཐོབ་པར་གྱུར་ཏོ།། ཡོན་ཏན་གྱི་རྒྱལ་པོ་སྣང་བ་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དྲང་འཆོས་སྨྲ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད ་དོགས་ཤིང་ཐེ་ཙོམ་ཟའམ། ཡིད་གཉིསུ་གྱུར་ན། དེ་ང་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་གྱི་རྒྱལ་པོ།། སྣང་བ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན། ཆོས་སྨྲ་བའི་བྱང་ཆུབ ་སེམས་དཔའ་ཞེས་བྱ་བར་གྱུར་ཏོ།། དེའི་ཕྱིར་ཡོན་ཏན་གྱི་རྒྱལ་པོ་སྣང་བ་ངས་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཁྱོད་ལ་གཏ་། ་གཟུང་བ་དང་། བཅང་བ་དང་། ཀུན་ཆུབ་པར་བྱ་བ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བའི་ཕྱིར། འཁོར་འདིའི་མངོན་དུ་ངས་ཁྱེད་ལ་བཙལ་ཏོ།། བཅོམ་ལྡན་འདས་ཀྱིས ་གསུང་འདི་གསུངས་མ་ཐག་ཏུ། དེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་དུ་ལངས་ཏེ། མགྲིན་གཅིག་ཏུ་བཅོམ་ལྡན་འདས་བདག་ཅིག་གིས་དེ་བཞིན་གཤེགས་པའི་བྱེང་ཆུབ་འདིག་ཏུ ་བར་བགྱིའོ།། ཞེས་སྨྲ་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དག ་ཁྱེད་ཀྱིས་ཆོས་ཇི་ལྟ་བུ་ཞིག་ལ་གནས་ཏེ། ངས་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པའི་བྱང་ཆུབ་འདི་འཛིན་པར་བྱེད། བྱང་ཆུབ་སེམས་དཔའ་རི་དབང་རྒྱལ་པོ་ཞེས་བྱ་བ་དེར་འདུས ་བར་གྱུར་ཏེ། འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལུས་དང་སྲོག་ལ་ལྟ་བས་དམ་པའི་ཆོས་ཡོངསུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས ་བདག་གིས། ལུས་དང་སྲོག་ལ་མི་ལྟ་བར་བགྱིས་ལ། བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡོངསུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་དཔལ་རྩེགས་རྒྱལ་པོ་ཞེས་བྱ་བ་དེས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྙེད་པ་དང་། བ་ཀུར་སྟི་དང་། ཚིགསུ་བཅད་པ་ལ་རེ་བས། དམ་པའི་ཆོས་ཡོངསུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གི ་རྙེད་པ་དང་། བཀུར་བསྟི་དང་། ཚིག་སུ་བཅད་པ་ཐམས་ཅད་བོར་ལ། འཕགས་པ་མ་ལགས་པ་དང་སྟེན་པ་ཐམས་ཅད་ཡོངསུ་སྤངས་ཏེ། དེ་བཞིན་གཤེགས་པའི་དམ་པའི་ཆོས་ཡོངསུ་གཟུང ་པར་བགྱིའོ།། བྱང་ཆུབ་སེམས་དཔའ་ཏོག་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཆོས་དང་། ཆོས་མ་ལགས་པ་གཉིས་ཀྱི་འདུ་ཤེས་དང་ལྡན་པས། དམ་པའི་ཆོས་ཡོངསུ་གཟུང་བར་མི་ནུས་ཏེ། ་བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་གཉིས་དང་བྲལ་བ་མཉམ་པ་ཉིད་ཐོབ་པར་བགྱིས་ཏེ། དམ་པའི་ཆོས་ཡོངསུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་སྦས་ཀྱིས་གསོལ་པ། ་བཅོམ་ལྡན་འདས་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་གནོན་པས། དམ་པའི་ཆོས་ཡོངསུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་འཕགས་པའི་ཤེས་རབ་དང་། ཡེ་ཤེས་ཀྱི ་ཉོན་མོངས་པ་ཐམས་ཅད་ཟིལ་གྱིས་གནོན་ཏེ། དམ་པའི་ཆོས་ཡོངསུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་སྒྲོན་མ་འཛིན་གྱིས་གསོལ་པ། བཅོམ་ལྡན་འདས་གཏི་མུག་མུན་པའི ་སྤྱོད་ཡུལ་གྱིས་དམ་པའི་ཆོས་ཡོངསུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཆགས་པ་མ་མཆིས་པའི་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་བགྱིས་ལ། ཆོས་ཐམས་ཅད་ལ་གཏི་མུག ་གཽ་མུན་པ་དང་བྲལ་བར་བགྱིས་ཏེ། དམ་པའི་ཆོས་ཡོངསུ་ག་ཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་གློག་ལྟས་གསོ། དལ་པ། བཅོམ་ལྡན་འདས་གཞན་ལ་རག་ལས་པའི ་ཡེ་ཤེས་ཀྱིས་དམ་པའི་ཆོས་ཡོངསུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ལ་གན། ན་གྱི་དྲིང་མི་འཇོག་པར་མངོན་སུམ་གྱི་ཡེ་ཤེས་ཐོབ་པར ་བགྱིས་ལ། དམ་པའི་ཆོས་ཡོངསུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་སྨྲས་ཀྱིས་གསོལ་པ། བཅོམ་ལྡན་འདས་དབང་པོ་ཕལ་པ་དང་། འཁྲུལ་པའི་སེམས་ཀྱིས་དམ་པའི་ཆོ ་ཡོངསུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་དབང་པོ་ཐམས་ཅད་དང་། སྒོ་དང་། སྐྱེ་མཆེད་ཐམས་ཅད་ཤིན་ཏུ་སྦས་ཤིང་། ཤིན་ཏུ་བཏུལ་ལ། དམ་པའི་ཆོས་ཡོངསུ་གཟུང ་བར་བགྱིའོ།། བཅོམ་ལྡན་འདས་བདག་གས་སེམས་ཅན། བྱང་ཆུབ་སེམས་དཔའ་འོད་དྲི་མ་མེད་པས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་དང་། ཆོས་དད་པའི་འདུ་ཤེས་དང ་ལྡན་པས། དམ་པའི་ཆོས་ཡོངསུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། ཆོས་ཐམས་ཅད་ལ ་མཉམ་པ་ཉིད་ཐོབ་པར་བགྱིས་ཏེ། དམ་པའི་ཆོས་ཡོངསུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་ཁྱད་པར་དུ་འགྲོ་བས་གསོལ་པ། བཅོམ་ལྡན་འདས་མཉམ་པར་མ་བཞག་ཞིང་། ་གཡེང་བའི་སེམས་ཀྱིས་དམ་པའི་ཆོས་ཡོངསུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་མཉམ་པར་བཞག་ལ། མི་གཡེང་བའི་སེམས་ཀྱིས་དམ་པའི་ཆོས་ཡོངསུ་གཟུང ་བར་བགྱིའོ།། བྱང་ཆུབ་སེམས་དཔའ་དེད་དཔོན་གྱིས་གསོལ་པ། བཅོམ་ལྡན་འདས་ལམ་ཤེས་པའི་ཆོ་ག་མ་འ་ཚལ་ཅིང་། ལམ་ངན་པར་ཞུགས་པས་དམ་པའི་ཆོས ་ཡོངསུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ལམ་ཤེས་པའི་གོ་ཆ་འཚལ་བར་བགྱིས་ལ། ས་མས་ཅན་རྣམས་ལམ་ངན་པ་ལས་ཡང་དག་པའི་ལམ ་ལ་རབ་ཏུ་འགོད་ཅིང་། དམ་པའི་ཆོས་ཡོངསུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་བློ་གྲོས་ལེགས་པས་གསོལ་པ། བཅོམ་ལྡན་འདས་དོགས་པའི་སེམས་ཐེ་ཙོམ་དུ་གྱུར་པས ་དམ་པའི་ཆོས་ཡོངསུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་དོགས་པ་བྲལ་ཞིང་ཐེ་ཙོམ་ཐམས་ཅད་སྤངས་ལ། ངོགས་པའི་ཟུག་རྔུ་ཐམས་ཅད་བསལ་བ་ཐོབ་པར་བགྱི ་ཏེ་དམ་པའི་ཆོས་ཡོངསུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བྱེད་ཀྱི་གསོལ་པ། བཅོམ་ལྡན་འདས་ཆོས་ལ་མི་གནས་ཤིང་སྒྲུབ་པ་ཉམས་པ་དམ་པའི་ཆོས ་ཡོངསུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཆོས་ལ་གནས་ཤིང་སྒྲུབ་པའི་སྙིང་པོར་བགྱིས་ལ། སེམས་ཅན་རྣམས་ཡང་དག་པའི་ནན་ཏན་ལ་རབ་ཏུ་འགོད་ཅིང་། དམ་པའི ་ཆོས་ཡོངསུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་སྣང་བས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་འཆལ་པའི་ཆོས་ཀྱི་སྣང་བ་དང་བྲལ་བས་དམ་པའི་ཆོས་ཡོངསུ་གཟུང་བར་མི ་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཤེས་རབ་ཀྱི་རྣམ་པར་ངེས་པའི་ཡེ་ཤེས་ལ་མཁས་ཤིང་། ཆོས་ཀྱི་སྣང་བ་དང་ལྡན་པས་དམ་པའི་ཆོས་ཡོངསུ་གཟུང་བར་བགྱིའོ།། བྱང་ཆུབ་སེར ་ནི་འགྲས་པ་མེད་པའི་བློ་གྲོས་ཀྱི་གསོལ་པ། བཅོམ་ལྡན་འདས་ཞེ་འགྲས་པའི་སེམས་དང་། སེམས་ཅན་རྗེ་སུ་མི་སྲུང་བའི་ཐོས་དམ་པའི་ཆོས་ཡོངསུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན ་འདས་བདག་གིས་ཞེ་འགྲས་པ་མ་མཆིས་པའི་སེམས། དང་། སེམས་ཅན་རྗེ་སུ་སྲུང་བ་ལ་གནས་ལ། དམ་པའི་ཚེ་ས་ཡོངསུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་སྤྱད ་པ་རྣམ་དག་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གྱི་དབང་པོ་ལ་མི་མཁས་ཤིང་། སེམས་ཅན་གྱི་སྤྱོད་པའི་ཆོ་ག་མ་འཚལ་བས། དམ་པའི་ཆོས་ཡོངསུ་གཟུང་བར་མི ་ནུས་ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་གྱི་དབང་པོ་དང་། སྤྱོད་པ་ཤེས་པ་ལ་ཞུགས་ལ་དམ་པའི་ཆོས་ཡོངསུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་བཀོད་པའི་རྒྱལ་པོས ་གསོལ་པ། བཅོམ་ལྡན་འདས་ཆོས་ལ་ཡོངསུ་རྟོག་པའི་འདུ་ཤེས་དང་ལྡན་པས། བདག་དང་། སེམས་ཅན་དང་། ཆོས་ལ་གནས་པས་དམ་པའི་ཆོས་ཡོང་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན ་འདས་ཆས་ལ་ཡོང་སུ་རྟོག་པའི་འཇུགས་ང་ལྡན་པས་བདག་དང་། སེམས་ཅན་དང་། ཆས་ལ་གནས་པས་དམ་པའ་ཆས་ཡང་སུ་གཟུང་བར་མ་ནུས་ཏེ། བཅོམ་ལྡན་འདས་བདག ་གིས་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོང་སུ་རྟོག་པ་ཐམས་ཅད་དང་བྲལ་ཞིང་། འཁོར་གསུམ་ཡོངསུ་དག་ལ། བདག་དང་། སེམས་ཅན་དང་། ཆོས་ལ་མི་གནས་པར་བགྱིད་ཅིང་། བཅོམ་ལྡན ་འདས་ཀྱི་དམ་པའི་ཆོས་ཡོངསུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་སེངྒེའི་རྟོགས་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་འདི་ནི། འདི་ལྟ་སྟེ། ཆོས་ཐམས་ཅད་མ་སྐྱེས་པ་དང་། མ ་བྱུང་བ་ལ་སྐྲག་པའོ།། བཅོམ་ལྡན་འདས་བདག་གིས་ནི། ཆོས་ཐམས་ཅད་མ་སྐྱེས་པ་དང་། མ་བྱུང་བར་འཚལ་ནས། སྐྲག་པ་མ་མཆིས། ཀུན་ཏུ་སྐྲག་པ་མ་མཆིས་ཤིང་། ཆོས་གང་ལ་ཡང ་ཉེ་བ་འམ། རིང་བར་མི་གནས་པར། བཅོམ་ལྡན་འདས་ཀྱི། དམ་པའི་ཆོས་ཡོངསུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་བ། བཅོམ་ལྡན་འདས་བྱང ་ཆུབ་ལ་རིབ་པའི་འདུ་ཤེས་ཅན་གྱིས་དམ་པའི་ཆོས་ཡོངསུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འདི་སྙམ་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཐོབ་ནས། བྱང་ཆུབ་སེམས་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པར་མཐོང་མཉམ་པ་དེས། དེ་བཞིན་གཤེགས་པའི་དམ་པའི་ཆོས་ཡོངསུ་གཟུང་བར་བགྱིའོ།། བྱང ་ཆུབ་སེམས་དཔའ་ཡོན་ཏན་གྱི་རྒྱལ་པོ་སྣང་བས། གསོལ་པ། བཅོམ་ལྡན་འདས་ཡོན་ཏན་ལ་མི་གནས་ཤིང་། ཡོན་ཏན་དང་བྲལ་ལ། དེ་བཞིན་གཤེགས་པའི་ཡོན་ཏན་དོན་ཏུ་མི ་གཉེར་བས་དམ་པའི་ཆོས་ཡོངསུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཡོན་ཏན་ཐམས་ཅད་དང་མ་བྲལ་ཞིང་། བྱང་ཆུབ་སེམས་དཔའི་ཡོན་ཏན་ཡང་དག་པ་ལ་གནས ་ཏེ་དེ་བཞིན་གཤེགས་པའི་ཡོནནྟ་ཡོངསུ་བཙལ་བ་ལ་མངོན་པར་བརྩོན་པས། བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡོངསུ་གཟུང་བར་བགྱིའོ།། འཇམ་དཔལ་གཞོན་ནུར་གྱུར་པས ་གསོལ་པ། བཅོམ་ལྡན་འདས་གང་འདི་སྐད་དུ་བདག་གིས་དམ་པའི་ཆོས་ཡོངསུ་གཟུང་ཞེས་དེ་སྐད་མཆི་བའི་འཇིག་རྟེན་དེ་ནི་རྣམ་པར་སྨྲ་བ་ལག་སོ།། བཅོམ་ལྡན་འདས་དེ་ཅིའི་སླད་ཞེ་ན། ་བཅོམ་ལྡན་འདས་བྱང་ཆུབ་སྙིང་པོ་ལ་ཞུགས་ནས། ཆོས་གང་མ་རྙེས་ཤིང་མངོན་པར་རྫོགས་པར་སངས་མ་རྒྱས་པ་དེ་ལ་ཡོངསུ་གཟུང་བ་གང་ཡང་མ་མཆི་སོ།། བཅོམ་ལྡན་འདས ་བདག་གིས་ཆོས་ཐམས་ཅད་ཡོངསུ་མི་གཟུང་བ་དང་། སེ་མས་ཅན་ཐམས་ཅད་ཡོངསུ་འཛིན་པ་འདོར་དུ་སྩལ་པའི་སླད་དུ། སྙིང་རྗེ་ཆེན་པོའི་ཆོས་ཉིད་འདི་གཟུང་བར་བགྱི། ་ཆོས་གང་ཡང་འཕྲོས་པར་མི་བགྱི།། འཕྲོས་པ་དང་བྲལ་བར་ཡང་མི་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེག་སོ་ཞེས་བྱ་བ་བྱིན་ཏེ། འཇམ ་དཔལ་ལེག་སོ་ལེག་སོ།། དེ་དེ་བཞི་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ། ངས་ཆོས་གང་ཡང་མ་ཐོབ་པར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུའོ།། མ་ཐོབ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་ལངས།། འཇམ་དཔལ་གྱིས ་གསོལ་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་སམ། ཅི་ན་གང་འདི་སྐད་དུ་ངས་མ་ཐོབ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལས་ལངས་ཤེས་གསུངས་གལ་ཏེ་བཞུགས་ན་ནི་བྱང་ཆུབ་ལ་གཉིས ་འཇུག་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱང་གཞན་ལ། བྱང་ཆུབ་ཀྱི་སྙིང་པོ་ཡང་གཞན་དུ་འགྱུརརོ།། བཅོམ་ལྡན་འདས་བྱང་ཆུབ་ནི་གཉིས་ཀྱིས་རབ་ཏུ་ཕྱེ་བ་མ་ལགསོ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ང་བྱང་ཆུབ་ཀྱི་སྙིང་པོའི་ངོ་བོ་ཉིད་ཀྱི་རྗེ་སུ་ཞུགས་པའི་ཕྱིར། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག། ངའི་ངོ་བོ་ཉིད་གང་ཡིན་པ་དེ་བྱང་ཆུབ་ཀྱི ་སྙིང་པོའི་ངོ་བོ་ཉིད། བྱང་ཆུབ་ཀྱང་དེའི་ངོ་བོ་ཉིད། སེམས་ཅན་ཐམས་ཅད་ཀྱང་དེའི་ངོ་བོ་ཉིད། ཆོས་ཐམས་ཅད་ཀྱང་དེའི་ངོ་བོ་ཉིད། འཇམ་དཔལ་བྱང་ཆུབ་ཀྱི་སྙིང་པོར་གང་ངས་མངོན་པར ་རྫོགས་པར་སངས་རྒྱས་པ་དེ་ནི་ངོ་བོ་ཉིད་གཅིག་པའོ།། རོ་གཅིག་པའོ།། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། དེ་བཞིན་གཤེགས་པས་བྱང་ཆུབ་ཀྱི་སྙིང་པོ་ལས་རྣམ་པར ་གྲོལ་བའི་ཆོས་གང་ཡང་མ་གཟིགསོ།། བྱང་ཆུབ་མ་ཉམ་པ་ཉིད་པས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མ་དོན་པར་རྫོགས་པར་སངས་རྒྱས།། མཉམ་པ་ཉིད་ནི་ཆོས་གང ་གི་གྲངསུ་འགྲོ་བ་ཡང་མ་ཡིན་ཏེ། གྲངས་མེད་པ་གྲངས་དང་བྲལ་བའོ།། དེའི་ཕྱིར་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ཞེས་བྱའོ།། འཇམ་དཔལ་དེ་བཞིན་གཤེགས་པ་ནི་འདུས་མ་བྱས་ཐོབ་པ་སྟེ། ་འདུས་བྱས་ཐམས་ཅད་ལས་ཤིན་ཏུ་འདསོ།། འཇམ་དཔལ་གང་དག་དེ་བཞིན་གཤེགས་པའི་བསྟན་པ་འདི་ལ་མོས་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བས་རྣམ་པར ་གྲོལ་བར་འགྱུརརོ།། རྣམ་པར་གྲོལ་ནས་ཆོས་ཉིད་དེ་ལས་འདའ་བར་མི་འགྱུརརོ།། དེ་ནས་བྱང་ཆུབ་སེམས་དཔའ་གང་དག། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དང་ལྷན་ཅིག་ཏུ། འཇིག་རྟེན་གྱི་ཁམ ་མི་མཇེད་འདིར་ལྷགས་པ་དེ་དག་གིས་བསྟན་པ་འདི་ཐོས་ནས། ཚིམ་ཞིང་མགུ་ལ་ཡིད་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། བདག་ཅག་སངས་རྒྱས་ཀྱི་ཞིང་འདིར ་ལེགས་པར་ལྷགས་པ་དང་། བཅོམ་ལྡན་འདས་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྐྱེས་བུ་དམ་པ་འདི་དག་ཀྱང་མཐོང་བ་དང་། ཆོས་ཟབ་མོ་བསྟན་པ་འདི་ཡང་ཐོས་པ་ནི། བདག ་ཅག་གིས་རྙེད་པ་ལེགས་པར་རྙེདོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད།། གང་དུ་ཆོས་ཀྱི་རྣམ་གྲངས་འདི་གནས་པར་གྱུར་པ་དེར་སངས་རྒྱས་བྱུང་བར་བལྟའོ།། གང་དུ་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར ་འགྱུར་བ་དེར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བལྟའོ།། ད་ལྟ་འམ་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་ཀྱང་རུང་སྟེ། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། ་ཐོས་ནས་ཀྱང་མོས་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བའི་སེམས ་ཅན་དེ་དག་ཀྱང་རྙེད་པར་དགོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་ཀྱིས་ཇི་ལྟར་བྱང་ཆུབ་སེམས་དཔའ་རྙེད་པ་ལེགས་པར་རྙེད་པ་ཤེས་སམ། དེ་དག་གིས་གསོལ་པ། ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྙེད་པ་ནི་བཅུ་པོ་འདི་དག་སྟེ། རྙེད་པ་ཆེན་པོ་བསམ་གྱིས་མི་ཁྱབ་པར་འགྱུར་བ་དགོ། བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་འབྱུང་བ་མཉེས ་པར་བྱེད་པ་དག་རབ་ཏུ་འཐོབ་པ་དང་། མཐོང་ནས་ཀྱང་ལྷག་པའི་བསམ་པས་དེ་ལ་དད་པ་རབ་ཏུ་འཐོབ་པ་དང་། སེམས་དད་ནས་ཀྱང་ཆོས་མཉན་པ་རབ་ཏུ་འཐོབ་པ་དང་། ཆོས་ཐོས་ནས་ཀྱང་ཐེ་ཙོམ ་མ་མཆིས་པ་རབ་ཏུ་འཐོབ་པ་དང་། ཐེ་ཙོམ་མ་མཆིས་ནས་ཀྱང་རབ་ཏུ་འབྱུང་བ་རབ་ཏུ་འཐོབ་པ་དང་། རབ་ཏུ་བྱུང་ནས་ཀྱང་འཚོ་བ་ཡོང་སུ་དག་པ་རབ་ཏུ་འཐོབ་པ་དང་། ་འཚེ་བ་ཡོངསུ་དག་ནས་ཀྱང་ཆོས་བསྟན་པ་ལ་མཁས་པ་རབ་ཏུ་འཐོབ་པ་དང་། ཚེ་རབ་སུ་བྱང་ཆུབ་ཀྱི་སེམས་རབ་ཏུ་འཐོབ་པ་དང་། བྱང་ཆུབ་ཀྱི་སེམས་མ་བརྗེད་ནས་ཀྱང་། བྱང་ཆུབ་སེམས ་དཔའི་སྡེ་སྣོད་ཀྱི་ཆོས་མཉན་པ་རབ་ཏུ་འཐོབ་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་ནས་ཀྱང་སྒྲུབ་པ་རབ་ཏུ་འཐོབ་པ་སྟེ། བཅོམ་ལྡན་འདས་རྙེད་པ་བཅུ་པོ་དེ་དག་ནི། རྙེད་པ་ཆེན་པོ་བསམ ་གྱིས་མི་ཁྱབ་པར་འགྱུར་བ་དག་གོ།། དེ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་རྙེད་པ་ལེགས་པར་རྙེད་པ་ཞེས་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། སྐྱེས་བུ་དམ་པ་དག་ཁྱེད་ཀྱིས་བྱང་ཆུབ་སེམས་དང་། འི་སེམས་དཔའ་ཆེན་པོ་རྣམས་ཀྱི་རྙེད་པ་དེ་དག་ལེགས་པར་སྨྲས་པ་དེ་ནི་ལེག་སོ་ལེག་སོ།། བསྟན་པ་འདི་བཤད ་བ་ན་སྲོག་ཆགས་སུམ་ཁྲི་དྲུག་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱོད།། ཡོངསུ་གཏང་བའི་ལེའུ་བདུན་པ་རྫོགས་ཏེ།། འཕགས་པ ་བློ་གྲོས་རྒྱ་མཚོས་ཞུས་པ་ཕྱེད་གང་མའོ།། བམ་པོ་དྲུག་པ།། དྲི་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་འདི་ལྟ་སྟེ། ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་བར་བགྱི་བ་དང་། མྱ་ངན་ལས་འདས་པའི་ཕུན་སུམ་ཚོགས་པ་བླ་ན་མེད་པ་ཐོབ་པར་བགྱི་བའི་སླད་དུ། ཇི་ཙམ་དུ་ཐེག ་པ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པར་བགྱིད་པར་གྱུར་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་རྣམས་ནི་གང་ལགས། ཐེག་པ་ཆེན་པོ་ལ ་གཅེས་སྤྲས་བགྱིད་པའི་ཆོས་རྣམས་ནི་གང་ལགས། ཐེག་པ་ཆེན་པོ་ལ་དཀའ་བ་བགྱིད་པའི་ཆོས་རྣམས་ནི་གང་ལགས། ཐེག་པ་ཆེན་པོ་རྟེན་པར་འགྱུར་བའི་ཆོས་རྣམས་ནི་གང ་ལགས། བཅོམ་ལྡན་འདས་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་རྣམས་ནི་གང་ལགས། བཅོམ་ལྡན་འདས་ཅིའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱི། དེ་སྐད་ཅེས་གསོལ་བ་དང ་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་ང་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་རྒྱ་མཚོ་དེའི་ཕྱིར་ཉོན་ཅིག་དང་། བསྟན་པར་བྱའོ།། བློ་གྲོས་རྒྱ ་མཚོ་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག་སྟེ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམ་ས་བརྗེད་པར་མི་བྱེད་ཅིང་བག་ཡོད་པ་སྟེ། བློ་གྲོས་རྒྱ ་མཚོ་འདི་ནི་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག་སྟེ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ ་སྟེ། བྱ་བར་འཇུག་པ་ལ་ཞུགས་ཤིང་རྣམ་པར་སྨིན་པ་ལ་ཡིད་ཆེས་པའོ།། གཞན་ཡང་ཆོས་གཅིག་སྟེ། འདི་ལྟ་སྟེ། རྟེན་པའི་ཆོས་དང་མི་འགལ་བར་ཡང་དག་པའི་ལྟ་བའོ།། གཞན་ཡང ་ཆོས་གཅིག་སྟེ། སྡུག་པ་དེང་མི་སྡུག་པ་བསལ་ཏེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད།། གཞན་ཡང་ཆོས་གཅིག་སྟེ། ཐམས་ཅད་བསྒྲུབ་པ་དང་ལྡན་པའི་བྱམས་པ་ཆེན ་པོ་རོ་གཞན་ཡང་ཆོས་གཅིག་སྟེ། བདག་བདེ་བ་ལ་མི་ཆགས་པའི་སྙིང་རྗེ་ཆེན་པོའོ།། གཞན་ཡང་གཅིག་སྟེ། སངས་རྒྱས་ཀྱི་སྐུ་འདོད་པའི་སངས་རྒྱས་རྗེས་སུ ་དྲན་པའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་སྒྲུབ་པ་སྙིང་པོར་བྱེད་པའི་ཆོས་རྗེསུ་དྲན་པའོ།། གཞན་ཡང་ཆོས་གཅིག་སྟེ། ཕྱིར་མི་ལྡོག་པའི་དགེ་འདུན་དང་ལྡན་པའི་དགེ་འདུན་རྗེསུ་དྲན ་བའོ།། གཞན་ཡང་ཆོས་གཅིག་སྟེ། ཉོན་མོངས་པ་ཐམས་ཅད་བསལ་བའི་གཏོང་བ་རྗེ་སུ་དྲན་པའོ།། གཞན་ཡང་ཆོས་གཅིག་སྟེ། བྱང་ཆུབ་ཀྱི་སེམས་མ་བརྗེད་པའི་ཚུལ་ཁྲིམས་རྗེསུ ་དྲན་པའོ།། གཞན་ཡང་ཆོས་གཅིག་སྟེ། རྣམ་པར་དག་པའི་ཆོས་དང་ལྡན་པའི་རྗེསུ་དྲན་པའོ།། གཞན་ཡང་ཆོས་གཅིག་སྡེ།། ཕན་པ་དང་། བདེ་བ་དང་ལྡན་པའི་ཕན་པར་འདོད་པའོ།། གཞན ་ཡང་ཆོས་གཅིག་སྟེ། བསམ་པ་བརྟན་པར་གྱུར་ཅི། ང་མོས་པ་དག་པའོ།། གཞན་ཡང་ཆོས་གཅིག་སྟེ། སེ། མས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་མཆོག་ཏུ ་དགའ་བའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་ཟབ་མོ་ལས་ངེས་པར་འབྱུང་བའི་དམ་པའི་ཆོས་ཡོངསུ་ཚོལ་བའོ།། གཞན་ཡང་ཆོས་གཅིག་སྟེ། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས ་སྦྱིན་པའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་མཉན་པའི་ཕྱིར་ལྷག་པ་རྣམས་ལ་ནད་པར་འདུ་ཤེས་པའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་ལ་སྨན་དུ་འདུ་ཤེས་པའོ།། གཞན་ཡང་ཆོས ་གཅིག་སྟེ། བདག་ལ་སྨན་པར་འདུ་ཤེས་པའོ།། གཞན་ཡང་ཆོས་གཅིག་སྟེ། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཀུན་ཏུ་སྲུང་བའོ།། གཞན་ཡང་ཆོས་གཅིག་སྟེ། དཀོན ་མཆོག་གསུམ་གྱི་རིགས་མི་གཅོད་པའོ།། གཞན་ཡང་ཆོས་གཅིག་སྟེ། མི་བརྐམ་ཞིང་ངན་ངོན་གྱིས་ཆོག་ཤེས་པའོ།། གཞན་ཡང་ཆོས་གཅིག་སྟེ། བདོག་པ་ཐམས་ཅད་ཡོངསུ་གཏོང ་བ་ལ་ཞུམ་པ་མེད་པའོ།། གནན་ཡང་ཆོས་གཅིག་སྟེ། རང་གི་ཚུལ་ཁྲིམས་ཀྱིས་ཚུལ་ཁྲིམས་འཆལ་པའི་སེམས་ཅན་ཡོངསུ་སྨིན་པར་བྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། ཉེས ་པར་བྱས་པ་ལ་ཤར་མི་གཉེར་བའི་བཟོད་པའོ།། གཞན་ཡང་ཆོས་གཅིག་སྟེ། ལེགས་པར་བྱས་པ་ལ་ལན་གླན་པའི་བློའོ།། གཞན་ཡང་ཆོས་གཅིག་སྟེ། བྱས་པ་མི་གཟོ་བ་རྣམས་ལ ་སྙིང་རྗེ་བའི་བློའོ།། གཞན་ཡང་ཆོས་གཅིག་སྟེ། བྱས་རབ་གཟོ་བ་རྣམས་ལ་རིམ་གྲོ་བྱ་བའི་བློའོ།། གཞན་ཡང་ས་གཅིག་སྟེ། མི་ཤེས་པ་རྣམས་ལ་ང་རྒྱལ་མེད་པའོ།། ་གཞན་ཡང་ཆོས་གཅིག་སྟེ། ཤེས་པ་རྣམས་ཀྱི་རྗེ་སུ་སློབ་པའོ།། གཞན་ཡང་ཆོས་གཅིག་སྟེ། དགེ་བའི། རྩ་བ་ལ་ལྷག་པའི་བསམ་པའི་སེམས་མི་འདོར་བའོ།། ་གཞན་ཡང་ཆོས་གཅིག་སྟེ། མི་དགེ་བའི་སེམས་ཀྱི་རྗེ་སུ་མི་འཇུག་པའོ།། གཞན་ཡང་ཆོས་གཅིག་སྟེ། ཚུལ་འཆོས་པ་མེད་ཅིང་ཁ་གསག་མེད་པས་སྡོམ་པ་གསུམ་ཡོངསུ་དག ་པའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་སྨྲ་བ་རྣམས་ལ་སྟོན་པ་དང་། བླ་མ་ལྟར་པངས་པར་རིམ་གྲོ་བྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། འཇིག་རྟེན་རྒྱང་ཕན་པ་དང་མ་འདྲེས ་བ་ལེགས་པར་ཐོས་པའི་ཆོས་ཉན་པའོ།། གཞན་ཡང་ཆོས་གཅིག་སྟེ། དགེ་བའི་རྩ་བ་ཡོངསུ་སྦྱད་བ་ཡོངསུ་དག་ནས། འཁོར་བ་ན་ཡོངསུ་མི་སྐྱེ་བའོ།། གཞན་ཡང་གཅིག་སྟེ། དེ་བཞིན ་གཤེགས་པ་བཞུགས་པ་རྣམས་སམ། ཡོངསུ་མྱ་ངན་ལས་འདས་པ་རྣམས་ལ་མཆོད་པ་བྱེད་པ་མི་ངོམས་པའོ།། གཞན་ཡང་ཆོས་གཅིག་སྟེ། སེམས་ཅན་ཐད ་ཀྱིས་གསོལ་བ་མ་བཏབ་པར་བཤེས་གཉེན་བྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། དངོས་པོ་ཐམས་ཅད་ལ་མི་གནས་ཤིང་།། ཡོངསུ་མི་འཛིན་མི་ཆགས་པའོ།། གཞན་ཡང་ཆོས་གཅིག ་སྟེ། ཁྱིམ་ན་གནས་པའི་སྐྱོན་རིག་ནས་རྟག་པར་རྒྱུན་ཏུ་རབ་ཏུ་འབྱུང་བ་ལ་གཞོལ་བའོ།། གཞན་ཡང་ཆོས་གཅིག་སྟེ། སྐྱེས་བུ་དམ་པའི་ལས་རྣམས་ལ་ཞུགས་པའོ།། གཞན་ཡང ་ཆོས་གཅིག་སྟེ། ངེས་པར་བྱས་པ་ལ་ཞུགས་པའི་བྱང་ས་ཆུབ་ཀྱི་ལམ་གྱི་ཚོགས་སོགས་པའོ།། གཞན་ཡང་ཚེ་ས་གཅིག་སྟེ། ཐེག་པ་ཆེན་པོ་མཚུངས་པར་ཡང་དག་པར ་ཞུགས་པ་རྣམས་ལ་ཞེ་མི་སྡོང་བའོ།། གཞན་ཡངཆོས་གཅིག་སྟེ། བྱང་ཆུབ་ཀྱི་སེམས་ཡང་དག་པར། འཛིན་ཏུ་གཞུགས་པ་ལ་ཡོངསུ་སྐྱེ་བའོ།། གཞན་ཡང་ཆོས ་གཅིག་སྟེ། གསང་བའི་སྔགས་རྣམས་ཀུན་ཏུ་སྲུང་བས་རྣམ་པར་འཕྲོས་པར་མི་བྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་དང་གཟོ་ཡོངསུ་བཙལ་བ་ཤེས་པའོ།། གཞན་ཡང ་ཆོས་གཅིག་སྟེ། བདེན་པའི་ངག་ལ་རབ་ཏུ་གནས་པས་ཆོས་མཐོང་བའོ།། གཞན་ཡང་ཆོས་གཅིག་སྟེ། ཁ་འོག་ཏུ་ལུས་ལ་ཁྲུས་པར་བྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། ་འགྱོད་པ་མེད་པའི་སེམས་ཀྱིས་སྦྱིན་པ་འགྱེད་བའོ།། གཞན་ཡང་ཆོས་གཅིག་སྟེ། བདུད་ཀྱི་ལས་རྣམས་རྟོགས་ནས་ཡོང་སུ་སྤོང་བའོ།། གཞན་ཡང་ཆོས་གཅིག་སྟེ། ང་རྒྱལ་དང་བྲལ ་བའི་ཡེ་ཤེས་ཀྱི་ལག་སོ།། གཞན་ཡང་ཆོས་གཅིག་སྟེ། ཤེས་ཀྱི་ཁེ་དང་བྲལ་བར་དགོན་པ་ན་གནས་པའོ།། གཞན་ཡང་ཆོས་གཅིག་སྟེ། ལྷག་པའི་ང་རྒྱལ་དང་བྲལ་ཞིང་། བདག་ལ ་མི་སྟོང།། གཞན་ལ་མི་སྨོད་པའོ།། གཞན་ཡང་ཆོས་གཅིག་སྟེ། ཉོན་མོངས་པ་དང་བྲལ་ཞིང་།། འཇིག་རྟེན་གྱི་རྗེ་སུ་འཐུན་པའོ།། གཞན་ཡང་ཆོས་གཅིག་སྟེ། འཚོ་བ་ཡོངསུ་དག་སྟེ།། ་དབེན་པ་ལ་དགའ་བའོ།། གཞན་ཡང་ཆོས་གཅིག་སྟེ། ཚུལ་བཞིན་ལ་བརྩོན་པས་ནང་དུ་ཡང་དག་འཇོག་པའོ།། གཞན་ཡང་ཆོས་གཅིག་སྟེ། མང་དུ་ཐོས་ནས་སེམས་ངེས་པར་སེམས་པའོ།། གཞན ་ཡང་ཆོས་གཅིག་སྟེ། ཡང་དག་པར་རབ་ཏུ་བརྩོན་པའི་རྣལ་འབྱོར་སྤྱོད་པའི་སའོ།། གཞན་ཡང་ཚེ་གཅིག་སྟེ། སྟོང་པ་ཉིད་ཀྱི་སྤྱོད་ཡུལ་གྱི་ཆོས་ལ ་སོ་སོར་རྟོག་པའོ།། གཞན་ཡང་ཆོས་གཅིག་སྟེ། རྙེད་པ་དང་མ་རྙེད་པས་ཁེངས་པ་མེད་ཅིང་གདུང་བ་མེད་པའོ།། གཞན་ཡང་ཆོས་གཅིག་སྟེ། འདུ་འཇིས་འཇིགས་ཤིང་སྐྲག ་ནས་གཅིག་པུ་དགའ་བའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་ཀྱི་རྙེད་པ་གཞན་དག་དང་ཀུན་ཏུ་འགེད་པའོ།། གཞན་ཡང་ཆོས་གཅིག་སྟེ། འཕགས་པའི་བདེན་པ་ཤིས་པ་ལ་མཁས་པའོ།། གཞན ་ཡང་ཆོས་གཅིག་སྟེ། ཤེས་པ་ཐམས་ཅད་ལ་སློབ་དཔོན་དཔེ་མ་ཁྱུད་མེད་པའོ།། གཞན་ཡང་ཆོས་གཅིག་སྟེ། མ་བསླབས་པ་རྣམས་བསླབ་པ་ལ་སྦྱོར་ཤིང་མི་བསླུས་པའོ།། གཞན་ཡང་ཆོས་གཅིག ་སྟེ་རྙེད་པ་དང་མ་རྙེད་པ་རྣམས་ལ་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་ཤིང་ཡོངསུ་གདུང་བ་མེད་པའོ།། གཞན་ཡང་ཆོས་གཅིག་སྟེ། གུས་པར་བྱས་ཏེ། ཆོས་ཉན་པ་རྣམས་ལ་ཆོས་སྟོན་པ ་གཞན་ཡང་ཆོས་གཅིག་སྟེ།། སྡུག་པ་རྣམས་ལ་རྗེས་ཆགས་པ་སྤངས་ནས། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད།། གནན་ཡང་ཆོས་གཅིག་སྟེ། ཆོས ་སྨྲ་བ་རྣམས་ལ་གཡོ་མེད་པར་ལེག་སོ་ཞེས་བྱ་བ་སྦྱིན་པའོ།། གཞན་ཡང་ཆོས་གཅིག་སྟེ། ཅང་ཤེས་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བའོ།། གཞན་ཡང་ཆོས་གཅིག་སྟེ། ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་བ་ཡོངསུ་ཚོལ་བའོ།། གཞན་ཡང་ཆོས་གཅིག་སྟེ། བྱང་ཆུབ་ཀྱི་ལམ་གྱི་ཚོགས་སོགས་པའི་བརྩོན་འགྲསོ།། གཞན་ཡང་ཆེས་གཅིག་སྟེ། དད་པའི་རྩ་བ་བརྟན ་ཞིང་མི་གཡོ་བའོ།། གཞན་ཡང་ཆོས་གཅིག་སྟེ། ཡུལ་འཁོར་གྱི་བསོད་སྙོམས་ཡོད་པར་ཡོངསུ་སྤྱོད་པའོ།། གཞན་ཡང་ཆོས་གཅིག་སྟེ། ནོར་བདུན་ཡང་དག་པར་འདུ་བས་དབུལ ་བ་མེད་པའོ།། གཞན་ཡང་ཆོས་གཅིག་སྟེ། སྙིང་པོ་བླ་ངས་པའི་སྲོག་གི་དབང་པོའོ།། གཞན་ཡང་ཆོས་གཅིགསྟེ། ཐབས་ལ་མཁས་པས་སེམས་ཅན་ཡོངསུ་སྨིན་པར་བྱེད ་པའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་ཀྱི་མཆོད་སྦྱིན་པའི་སྡུ་བའི་དངོས་པོའོ།། གཞན་ཡང་ཆོས་གཅིག་སྟེ། རྩོད་པ་མེད་པ་ལྷུར་ལེན་པའི་ཆོས་ཀྱི་གཏ་མོ།། གཞན་ཡང་ཆོས་གཅིག ་སྟེ། ཀླན་ཀ་མི་ཚོལ་བའི་སེམས་ཀྱི་ཆོས་ཉན་པའོ།། གཞན་ཡང་ཆོས་གཅིག་སྟེ། དགེ་སྦྱོང་གི་དྲི་མ་དང་བྲལ་བའི་དགེ་སྦྱོང་ཉིད། གཞན་ཡང་ཆོས་གཅིག་སྟེ། འདྲེ་བ་མེད་པར་གྲོང་དང་། གྲོང ་ཁྱེར་དང་། གྲོང་རྡལ་དུ་འཇུག་པའོ།། གཞན་ཡང་ཆོས་གཅིག་སྟེ། རང་གི་འཁྲུལ་པ་ལ་སོ་སོར་རྟོག་པས། སེམས་ཅན་ཐམས་ཅད་ཀུན་ཏུ་སྲུང་བའོ།། གཞན་ཡང་ཆོས་གཅིག་སྟེ། ་འཇིག་རྟེན་གྱི་སྣ་ཚོགས་ལ་བཏང་སྙོམ་སུ་བྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། དགེ་བའི་བཤེས་གཉེན་རྣམས་ལ་མི་སླུ་བའོ།། གཞན་ཡང་ཆོས་གཅིག་སྟེ། རང་གི་སེམས་ཡོངས་སུ ་དག་པ་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངསུ་དག་པར་ཤེས་པའོ།། གཞན་ཡང་ཆོས་གཅིག་སྟེ། བཅོས་མ་མ་ཡིན་པས་བསམ་པ་དག་པའོ།། གཞན་ཡང་ཆོས་གཅིག་སྟེ། ཁྱད་པར་དུ ་འགྲོ་བས་ལྷག་པའི་བསམ་པ་དག་པའོ།། གཞན་ཡང་ཆོས་གཅིག་སྟེ། ལེགས་པར་བྱ་བའི་ལས་བྱེད་པས་སྦྱོར་བ་དག་པའོ།། གཞན་ཡང་ཆོས་གཅིག་སྟེ། བསོད་ནམས་ཡོངསུ ་དག་པས་མཚན་ཡོངསུ་དག་པའོ།། གཞན་ཡང་ཆོས་གཅིག་སྟེ། ཤེས་པ་ཡོངསུ་དག་པས། ཉོན་མོངས་པ་ཡོངསུ་དག་པའོ།། གཞན་ཡང་ཆོས་གཅིག་སྟེ། སེམས་ཅན་ཡོངསུ་དག་པས ་ཞིང་ཡོངསུ་དག་པའོ།། གཞན་ཡང་ཆོས་གཅིག་སྟེ། མཚན་མ་མེད་པ་ལ་སོ་སོར་བརྟགས་ཏེ། ཡོངསུ་བསྔོ། བ་ལ་མཁས་པའོ།། གཞན་ཡང་ཆོས་གཅིག་སྟེ། རྗེསུ ་འཐུན་པའི་ཆོས་ཀྱི་བཟོད་པའོ།། གཞན་ཡང་ཆོས་གཅིག་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ཡོངསུ་བསྒོམ་ནས་ངེས་པར་གྱུར་པ་ལ་སོ་སོར་རྟོག་པའོ།། གཞན་ཡང་ཆོས་གཅིག་སྟེ། གནས་མེད། ་བ་ལ་གནས་པས་གནས་བསྟན་པའོ།། གཞན་ཡང་ཆོས་གཅིག་སྟེ། མངོན་པར་ཤེས་པས་རྣམ་པར་རྩེན་ཅིང་། ཟག་པ་ཟད་པ་ཤེས་པ་ལ་འཇུག་པའོ།། གཞན་ཡང་ཆོས་གཅིག་སྟེ། ཞི་གནས ་དང་ལྷག་མཐོང་གིས་ཡོངསུ་སྦྱང་པ་བྱས་པའི་རིག་པ་དང་རྣམ་པར་གྲོལ་བའོ།། གཞན་ཡང་ཆོས་གཅིག་སྟེ། ཐབས་ཀྱིས་ཡང་དག་པར་ཟིན་པའི་ཤེས་རབ་བསྒོམས་པའོ།། གཞན་ཡང་ཆོས ་གཅིག་སྟེ། ཁམས་གསུམ་གྱི་སྙིང་པོ་ཐོབ་པ་བྱང་ཆུབ་ཀྱི་སྙིང་པོའི་རྒྱ་ནོ།། གཞན་ཡང་ཆོས་གཅིག་སྟེ། འདི་ལྟ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་མངོན་པར ་རྫོགས་པར་ཁོང་དུ་ཆུད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག་སྟེ། ཆོས་གཅིག ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་རང་བཞིན་གྱི་མ་སྐྱེས་པ་དང་། མ་བྱུང་བར་རིག་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། བློ་གྲོས་རྒྱ་མཚོ་འདི་ནི་ཐེག་པ་ཆེན་པོ་སྡུད་པར་འགྱུར། ་བའི་ཆོས་གཅིག། བློ་གྲོས་རྒྱ་མཚོ་ཆོས་དེ་དག་ནི་ཐེག་པ་ཆེན་པོ་སྡུད་པར་འགྱུར་བ་དང་། འཛིན་པ་དང་གནས་པ་ཐམས་ཅད་འདོད་པར་འགྱུར་བ་དགོ། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག། ་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ།། གཉིས་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཆོས་རྣམ་ས་ལ་མོས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས ་རྣམས་འདོད་པ་མེད་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་གཉིས་པོ་དག་ནི། ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་བའོ།། བློ་གྲོས་རྒྱ་མཚོ་ཐེག་པ་ཆེན་པོ་ལ་དཀའ་བ་བྱེད་པའི ་ཆོས་གཉིས་ཏེ། གཉིས་གང་ཞེ་ན། མོས་པས་རྣམ་པར་གྲོལ་བ་ཀུན་ཏུ་སྲུང་བ་དང་། རྣམ་པར་གྲོལ་བ་དེའི་ཕྱིར་ཆོས་སྟོན་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་གཉིས་པོ་དེ་དག་ནི་ཐེག་པ་ཆེན་པོ ་ལ་དཀའ་བ་བྱེད་པའོ།། བློ་གྲོས་རྒྱ་མཚོ་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ལས་མི་ཉམས་པ་དང་། སེམས་ཅན་ལ་ལྟ་བ་ལ ་བརྟན་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བྱང་ཆུབ་ཀྱི་སེམས་ལ་སྦྲུམ་ལྟ་བུར་སོ་སོར་རྟོག་པ་དང་། སེམས་ཅན་ཐམས་ཅད་ལ་བདག་མེད་པརམ་ས་མརྟོག་པའོ།། གཅེས་སྨྲས་བྱེད ་བའི་ཆོས་གཉིས་ཏེ། བསམ་པ་མི་འདོར་བ་དང་། སྦྱོར་བ་བཅོས་མ་མ་ཡིན་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རྩ་བ་ཡོང་སུ་དག་པའི་བསམ་པ་དང་། བྱེད་པ་མེད་ཅིང་བྱེད་པ་དང ་བྲལ་བ་ཡང་མ་ཡིན་པར་བསོད་ནམས་སོགས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགེ་བའི་རྩ་བ་རྣམས་ལ་སྦྱོར་བ་དང་། སྦྱོར་བ་ཡང་ཉམས་འོག་ཏུ་ཆུད་པར་བྱེད་པའོ།། དཀར ་བ་བྱེད་པའི་ཆོས་གཉིས་ཏེ། སྤྲོས་པ་མེད་པར་སྦྱོར་བ་དང་། སྦྱོར་བ་ཉམ་སུ་འོག་ཏུ་ཆུད་པར་བྱེད་པས་དབེན་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལྷག་པའི ་བསམ་པས་ཁྱད་པར་དུ་འགྲོ་བ་དང་། ཁྱད་པར་གྱིས་ཁྱད་པར་དུ་ལྷག་པར་དམིགས་པའོ།། དཀརའ་བ་བྱེད་པའི་ཆོས་གཉིས་ཏེ། བདག་གིས་ཉེས་པ་མི་བྱེད་པ་དང་། གཞན ་ཡང་ཉེས་པ་ལས་འབྱིན་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བདོག་པ་ཐམས་ཅད་ཡོངསསུ་གཏོང་བ་དང་། རྣམ་པར་སྨིན་པ་ལ་མི་རེ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ་མཉམ་པའི་སེམས་གཏོང་བ་དང་། ཡོངསུ་བསྔོ་བ་ལ་མཁས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བསླབ་པ་མ་ཉམས་པ་དང་། སྐྱེ་བར་སྨོན་པ་མེད་པའོ།། དཀའ་བ་བྱེད་པའི་ཆོས ་གཉིས་ཏེ། ཚུལ་ཁྲིམས་འཆལ་བ་རྣམས་ལ་ཆེར་སྙིང་རྗེ་བ་དང་། བདག་ལ་མི་སྟོད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བཟོད་ཅིང་ངེས་པ་དང་། བྱང་ཆུབ་ཏུ་ཡང་སུ་སྔོངའོ།། ་དཀའ་བ་ཆོས་གཉིས་ཏེ། རྗེསུ་འཆགས་པ་འདོར་བ་དང་རྗེ་བོ་ལ་བཟོད་པ་སྒོམ་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགེ་བའི་ཆོས་ཐམས་ཅད་ཡོངསུ་བཙལ ་བར་རྩོམ་པའི་བརྩོན་འགྲུས་དང་། དགེ་བའི་རྩ་བ་ལ་ཡིད་རངས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལུས་དང་སེམས་དབེན་པ་དང་། སེམས་གནས་པ་ཡོངསུ་ཐར་བར་བྱེད་པའོ།། ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བསམ་གཏན་གྱི་ཡན་ལག་ཡང་དག་པར་སྡུད་པ་དང་། སེམས་ལ་སུ་རུང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བསམ་གཏན་ལས་ལྡོག ་བ་ཤེས་པ་དང་། འདོད་པའི་ཁམས་ལ་སྨོད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་དོན་ཏུ་གཉེར་བ་དང་། ཆོས་འདོད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ་ཆོས་ལ་སོ་སོར་རྟོག་པ་དང་། ཆོས་ངེས་པར་སེམས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགེ་བའི་བཤ་ས་གཉེན་ལ་རྟེན་པ་དང་། བླ་མ་ལ་གུས་པར་བརྟན་པའོ།། ་དཀའ་བ་བྱེད་པའི་ཆོས་གཉིས་ཏེ། གུས་པ་དང་། དཀའ་བློ་བདེ་བའོ།། གཅེས་སྨྲས་བྱེད་པའི་ཆོས་གཉིས་ཏེ། དུས་དང་དུས་མ་ཡིན་པར་ཡོངསུ་འདྲི་བ་དང་། དོན་མྱོང་བར་བྱེད་པའོ།། དཀའ་བ་བྱེད་པའི ་ཆོས་གཉིས་ཏེ། དོན་ཤེས་པ་དང་། ཆོས་ཤེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཐོས་པའི་ནོར་གྱིས་མི་ངོམས་པ་དང་། ཐོས་པའི་ཤེས་རབ་ཀྱི་ངོམས་མི་མྱོང་བའོ།། དཀའ་བ་བྱེད ་པའི་ཆོས་གཉིས་ཏེ། ཚུལ་བཞིན་དུ་ཆོས་ལ་སོ་སོར་རྟོག་པ་དང་། ཚུལ་བཞིན་མ་ཡིན་པའི་ཆོས་རྣམ་པར་སྤོང་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་སྟོན་པ་དང་། ཆོས་ཉན་པ ་རྣམས་ལ་སྙིང་རྗེ་བའོ།། དགའ་བ་བྱེད་པའི་ཆོས་གཉིས་ཏེ། སློབ་དཔོན་དཔེམ་བྱུང་མེད་པ་དང་། དང་ཟིང་མེད་པའི་སེམས་ཀྱིས་ཆོས་སྲེ་པའ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། རྣ ་བླགས་ཏེ་ཉན་པ་དང་། ཐམ་ཅད་དུ་སེམས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྒྲིབ་པ་སེལ་བ་དང་། བྱང་ཆུབ་ཀྱི་ཡན་ལག་སྒོམ་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ་མཆོག་ཏུ་དགའ་བ་ཐོབ་པ་དང་། དགའ་བ་མྱོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རུང་བ་རྣམས་ལ་ཚེང་ཤེས་པ་དང་། བདག་ཤེས་པ་ལ་འཇུག་པའོ།། གཅེས་སྤྲས་བྱེད་པའི ་ཆོས་གཉིས་ཏེ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། ལེགས་པར་བྱ་བའི་ལས་བྱེད་པའོ།། དཀའ་བ་བྱེད་པ་འི་ཆོས་གཉིས་ཏེ། ལས་མེད་ཅིང་རྣམ་པར་སྨིན་པ་མེད ་པར་མོས་པ་དང་། དགེ་བའི་ཆོས་ཀྱང་སྟོན་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏོ།། ཚིག་བདེན་པ་དང་། འཕགས་པའི་སྐྱེ་བོ་ལ་མི་སླུ་བའོ།། དཀའ་བ་བྱེད་པའི་ཆོས ་གཉིས་ཏེ། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། སངས་རྒྱས་ཀྱི་ཚུལ་མི་འཁྲུག་པར་བྱེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལུས་ཡོང་སུ་དག་པ་དང་། མི་དགེ་བ་རྣམ་གསུམ ་ཡོངསུ་སྤོང་བའོ།། དཀའ་བ་བྱེད་པའི་ཆས་གཉིས་ཏེ། ལུས་གཟུགས་བརྙན་ལྟ་བུ་དང་། རྩཝ་དང་། རྩིག་པ་དང་། ཤིང་ལྟ་བུར་སོ་སོར་རྟོག་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ་ངག་ཡོངསུ་དག་པདང་། ངག་གི་སྐྱོན་པ་ནི་ཡོངསུ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་བརྗོད་དུ་མེད་པར་ཁོང་དུ་ཆུད་པ་དང་། སྒྲ་ཐམས་ཅད་དྲག་ཚེ་དང་མཚུངས་པར་ཤེས་པའོ།། ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སེམས་ཡོངསུ་དག་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ཡོངསུ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས ་གཉིས་ཏེ། ནང་ཉེ་བར་ཞི་བ་དང་། ཕྱི་རོལ་དུ་མི་རྒྱུ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱམས་པ་སྒོམ་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད།། དཀའ་བ་བྱེད ་པའི་ཆོས་བཉི་ཏེ། ན་མཁའ་ལྟར་རྣམ་པར་དག་ཅིང་། དྲི་མ་མེད་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་ཡོངསུ་བསྐྱབ་པའི་ཕྱིར་ཡོང་སུ་བསྔོ་བའོ།། གཅེས་སྤྲས་བྱེད་པའི་ཆོས ་གཉིས་ཏེ། སྙིང་རྗེ་ཆེན་པོ་མི་འདོར་བ་དང་། དགེ་བའི་རྩ་བ་ཡོ། རངསུ་ཚོལ་བ་ལ་ཡོངསུ་མི་སྐྱེ་བའོ།། དཀའ་བ་བྱེད་པའི་ཆོས་པ་ཉིས་ཏེ། སྐྱེ་བ་མེད་པར་སོ་སོར་རྟོག་པ་དང་།། ངེས ་པར་གྱུར་པ་ཀུན་ཏུ་སྲུང་བའོ།། གཅེས་སྨྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་ལ་དགའ་བས་དགའ་ཞིང་མོས་པ་དང་། མི་དགའ་བ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས ་གཉིས་ཏེ། མི་སྨྲ་བའི་བརྟུལ་ཞུགས་ཡོངསུ་རྫོགས་པར་བྱེད་པ་དང་། བརྟུལ་ཞུགས་མ་ཡིན་པ་མི་སྦྱོང་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། རྗེསུ་ཆགས་པ་འདོར་བ་དང་། ཁོང་ཁྲོ ་བ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བཏང་སྙོམས་བསྒོམ་པ་དང་། སེམས་ཅན་ལ་བལྟ་བས་ཡོངསུ་སྤགས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སངས་རྒྱས་རྗེསུ ་དྲན་པ་སྒོམ་པ་དང་། དྲན་པ་ལ་གནས་པར་སེམས་བསྐྱེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་ཀྱི་སྐུ་སྒོམ་པ་དང་། མཚན་གྱི་སྐུ་ཡང་སྒྲུབ་པའོ།། གཅེས་སྤྲས་བྱེད་པའི་ཆོས ་གཉིས་ཏེ། ཆོས་རྗེསུ་དྲན་པ་སྒོམ་པ་དང་། སེམས་ཅན་རྣམས་ཀྱང་ཆོས་ལ་སྦྱོར་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འདོད་ཆགས་དང་བྲལ་བའི་ཆོས་ཉིད་ལ་སོ་སོར་རྟོག་པ་དང་། ་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་ལྔ་ཆེར་སྙིང་རྗེ་བའོ།། གཅེས་སྨྲས་པའི་ཆོས་གཉིས་ཏེ།། བྱང་ཆུབ་སེམས་དཔའི་དགེ་འདུན་རྗེས་དྲན་པ་དང་། ཕྱིར་མི་ལྡོག་པའི་དགེ་འདུན་པ ་ལ་ཡང་རྟེན་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འདུས་མ་བྱས་ལ་ཡང་རྟོག་པ་དང་། འབྲས་བུ་ཐོབ་པ་ཡང་ཀུན་ཏུ་སྲུང་བའོ།། གཅེས་སྤྲས་པའི་ཆོས་གཉིས་ཏེ། ཚུལ་ཁྲིམས ་རྗེསུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པའོ།། དཀའ་འི་བྱེད་པའི་ཆོས་གཉིས་ཏེ། མངོན་པར་འདུ་བྱེད་པ་མེད་པའི་ཚུལ་ཁྲིམས་ལ་སོ་སོར་རྟོག་པ་དང་། ཚུལ་ཁྲིམས ་འཆལ་པའི་སེམས་ཅན་སྡུད་ཅིང་ཡོང་སུ་སྨིན་པར་བྱེད་པའོ།། ། གཅེས་སྤྲས་པའི་ཆོས་གཉིས་ཏེ། གཏོང་བ་རྗེ་སུ་དྲ། ན་བ་དང་། འགྱོད་པ་མེད་པར་གཏོང་བའོ།། དཀའ ་པ་བྱེད་པའི་ཆོས་གཉིས་ཏེ། རང་གི་ཉོན་མོངས་པ་འདོར་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བ་སྟོན་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལྷ་རྗེ་སུ་དྲན་པ ་དང་སྐྱེ་བར་སྨོན་པ་མེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། དྲན་པ་དང་། ཤེས་བཞིན་དང་། སེམས་གཡེང་བ་རྣམས་དྲན་པ་ལ་འགོད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས ་ཏེ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཆོག་སོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མངོན་པར་འདུ་བྱེད་པ་མེད་པའི་ཡེ་ཤེས་དང་། བསོད་ནམས་ཀྱི་ཚོགས་མ་སྨད་པའོ།། གཅེས ་བླས་བྱེད་པ་ཚས་གཉིས་ཏེ། ཆགས་པ་ལས་ཤེས་བྱུ་ར་བ་དང་། ཆགས་པས་ཞེན་པ་མང་རྫུ་འབྲེལ་བའོ། གརབ་བྱེད་པའིཚམ་གཉིས་ཏེ། འདུདུཔ། ་དྲག་པ་དང་། སྒྲ་མེད་ཅིང་གཡོ་མེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱས་པ་གཟོ་བ་དང་། བྱས་པ་ཤེས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འདུན་པའི་འདོད་ཆགས ་བི་སྤོང་བ་དང་། དགེ་བའི་ཆོས་ལ་འདུན་པ་མི་འདོར་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སྡིག་པ་ཐམས་ཅད་འཆགས་པ་དང་། སྡིག་པ་ཐམས་ཅད་མི་བྱེད་པའོ།། དཀའ་བ ་བྱེད་པའི་ཆོས་གཉིས་ཏེ། འགྱོད་པ་མེད་པ་དང་། ཀུནན་དས་ལྡང་བ་མེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏྲེ། གཞན་བསོད་ནམས་ཀྱི་རྗེ་སུ་ཡི་རང་བ་དང་། རང་གི ་བསོད་ནམས་ཀྱིས་མི་ངོམས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྡིག་པ་ཐམས་ཅད་ཟད་པ་ཤེས་པ་དང་། བསོད་ནམས་བསགས་པ་ཤེས་པའོ།། གཅེས་སྨྲས་པ། ་བྱེད་པའི་ཆོས་གཉིས་ཏེ། སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པ་དང་། ཆོས་ཐམས་ཅད་ཡོང་སུ་འཛིན་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་ཀྱི་དབྱིངས་འདྲེས་པ་མེད་པ། ་དངའཚིག་རབ་ཏུ་དབྱེ་བ་ཐམས་ཅད་བསྟན་པ་ཤེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཡོངསུ་བསྔོ་བ་ལ་མཁས་པ་དང་། སེམས་ཅན་ཐམས་ཅད་དང་། ཐུན་མོངས་དུ་ཡོངསུ་བསྔོ་བའོ།། ་དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མཚན་མ་མེད་པར་འདྲིས་པར་བྱེད་པ་དང་། མཚན་མ་ཐམས་ཅད་རྣམ་པར་འཇིགས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སྟོང་པ་ཉིད་ལ་རྟོག་པ་དང ་སེམས་ཅན་ལ་ཡང་བལྟ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཤེས་རབ་ཀྱི་ལྟ་བ་མེད་པ་དང་། ཐབས་ཀྱིས་ལྟ་བ་དང་བཅས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགེ ་བའི་རྩ་བ་འདོད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་སེམས་ཅན་ཐམས་ཅད་སྦྱོར་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྨོན་པ་མེད་པ་སྒོམ་པ་དང་། བསམ་བཞིན་དུ་སྐྱེ་བ ་ཤེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དེ་ལ་མ་ཆགས་པ་དང་། མི་གཡོ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ང་རྒྱལ་མེད་པ་དང་། ངེས་པའོ།། གཅེས་སྤྲས་བྱེད ་པའི་ཆོས་གཉིས་ཏེ།། དགོན་པ་ལ་གནས་པ་དང་། དགོན་པའི་ཡོན་ཏན་མྱོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཉོན་མོངས་པ་མེད་པར་གནས་པ་དང་། སེམས་ཅན་ཐམས་ཅད ་ཡོངསུ་སྐྱེ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས།། ཏེ། འདོད་པ་ཆུང་པ་དང་། ཆོས་ཤེས་པའོ།། དཀའ་དསྐྱེ། པའི་ཆོས་གཉིས་ཏེ། རང་གི་ཉོན་མོངས་པ་ཚོལ་བ ་དང་ར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བ་ཆེལ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ངེས་པར་སེམས་པ་དང་། སོ་སོར་རྟོག་པའོ།། དཀའ་བ་བྱེད་པའི་ཆོས་གཉིས ་རང་གི་འཁྲུལ་པ་ལ་རྟོག་པ་དང་། གཞན་གྱི་འཁྲུལ་པ་ལ་སྐྱོན་ཏུ་མི་ལྟ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བདག་ལ་མི་སྟོད་པ་དང་། གཞན་ལ་མི་སྤོང་བའོ།། དཀའ་བ་བྱེད་པའི་ཆོས ་གཉིས་ཏེ། བདག་ལ་བདག་མེད་པ་དང་། སེམས་ཅན་ལ་སེམས་ཅན་མེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། རང་གི་བྱེད་པ་དང་། གཞན་གྱི་སྐབས་མི་རྙེད་པའོ།། དཀའ་བ་བྱེད་པའི་ཆོས ་གཉིས་ཏེ། འཁོར་བ་ལས་ལྡོག་པ་དང་། འཁོར་བ་ན་སེམས་ཅན་ཡོངསུ་ཐར་བྱེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པ་ཡོངསུ་ཚོལ་བ་དང་། ་ཕ་རོལ་ཏུ་ཕྱིན་པ་ཡོངསུ་བཙལ་བ་རྣམས་ལ་ཇི་སྐད་བསྟན་པ་བཞིན་དུ་གནས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། གཞན་ལ་རག་མ་ལས་པའི་ཤེས་པ་རབ་ཏུ་ཐོབ་པ་དང་། གཞན་དག ་ཀྱང་ཤེས་པ་ལས་རབ་ཏུ་སྦྱོར་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། འཐོབ་པ་དང་། བཀུར་སྟི་དང་། ཚིག་སུ་བཅད་པ་དོན་ཏུ་མི་གཉེར་བ་དང་། དམ་པའི་ཆོས་ཡོངསུ་བཙལ་བ་དོན་ཏུ་གཙེ། ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཕན་མ་བཏགས་པ་རྣམས་ལ་ཡང་ཕན་འདོགས་པ་དང་། ཕན་བཏགས་པ་རྣམ་ས་ལ་ཡང་ལྷག་པར་དགའ་བ་མེད་པའོ།། གཅེས་སྤྲས ་བྱེད་པའི་ཆོས་གཉིས་ཏེ། བྱམས་པ་ཆེན་པོ་ཐུག་པ་མེད། པར་བྱས་པ་དང་། སྙིང་རྗེ་ཆེན་པོ་ཡོངསུ་ཆད་པ་མེད། པའོ།། དགའ་བ་བྱེད་པའི་ཆོས་གཉིས་ཏེ། རྒལ་ནས ་འཇུག་པ་དང་། མ་རྒལ་བ་རྣམས་སྒྲོལ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སེམས་ཅན་ཐམས་ཅག་ཡང་དག་པར་འཛིན་ཏུ་འཇུག་པ་དང་། ཡོན་ཏན་མེད་པའི་སེམས་ཅན་རྣམས ་ལ་སྙིང་རྗེ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སླར་མི་བྱེད་པ་རྣམས་ལ་ཕྱིར་བྱེད་པ་དང་། ཕྱིར་བྱེད་པ་རྣམས་ལ་ཡང་རློམ་སེམས་མེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ་ལུས་ལ་ཞུགས་པའི་དྲན་པ་ལ་གནས་པ་དང་། ལུས་ཡོངསུ་དག་པ་ལ་གནས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལུས་ལ་ལུས་ཀྱི་རྗེ་སུ་ལྟ་བ་དང་། ལུས་དང་ལྷན་ཅིག་སོང་བའི ་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཚོར་བ་ལ་ཞུགས་པའི་དྲན་པ་ལ་གནས་པ་དང་། བདེ་བ་དང་། སྡུག་བསྔལ་གྱི་ཚེར་བ་གཉིས་མི་ཕིགས་པའོ།། ་དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཚོར་བ་རྣམས་ལ་ཚོར་བའི་རྗེ་སུ་ལྟ་བ་དང་། ཚོར་བ་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས། རྣམ་པར་མི་རྟོག་པའོ།། གཅེས་སྤྲས་བྱེད་པའི་ཚེ་སྒྱུ་གཉིས་ཏེ། ་སེམས་ལ་ཞུགས་པའི་དྲན་པ་ལ་གནས་པ་དང་། སེམས་ཡོང་སུ་དག་པ་ལ་གནས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སེམས་ལ་སེམས་ཀྱི་རྗེ་སུ་ལྟ་བ་དང་། སེམས་དང་ལྷོན་ཅིག ་སོང་བའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་ལ་ཞུགས་པའི་དྲན་པ་ལ་གནས་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པར་ཤེས་པ ་པའོ། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་རྣམས་ལ་ཆོས་ཀྱི་རྗེ་སུ་ལྟ་བ་དང་། ཆོས་དང་ལྷན་ཅིག་སོང་བའི་རྣ་མ་པར་རྟོག་པས་མི་རྟོག་པའོ།། གཅེས་སྤྲས་བྱེད་པའི་ཆོས ་གཉིས་ཏེ། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི ་སྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་ཀུན་ཏུ་སྲུང་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་རྫུ་འབྲལ་གྱི་རྐང་པ་བསྒོམས་པ་དང་། ་རྫུ་འཕྲུལ་གྱིས་འདུལ་བའི་སེམས་ཅན་རྣམས་འདུལ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མངོན་པར་འདུ་བྱེད་པའི་རྫུ་འཕྲུལ་རབ་ཏུ་ཐོབ་པ་དང་། ཆོས་ཀྱི་དབྱིངས་ལས་མ་གཡོས་པར་སངས ་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བདག་ཉིད་དད་པ་ལས་མི་གཡོ་བ་དང་། མ་དད་པ་རྣམས་ཀྱང་དད་པ་ལ་སྦྱོར་བའོ།། ་དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སེམས་གསལ་བ་དང་། སེམས་མི་གསལ་བ་རྣམས་དང་བར་བྱེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བརྩོན་འགྲུས་ཀྱི་དབང་པོ་སྐྱེད་པ ་དང་དྲན་པའི་དབང་པོ་མི་གཡེང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཤིན་ཏུ་རྣམ་པར་བྱེ་བས་རྣམ་པར་བྱེ་བའི་བརྩོན་འགྲུས་དང་། སྟོང་པ་ཉིད་ཀྱི་རྣམ་པར་ཤེས་པས་མངོན་པར་བསྒྲུབ། ་བའི་དྲན་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཏིང་འཛིན་དང་། ཤེས་རབ་ཀྱི་དབང་པོའི་ཚོགས་ཡོངསུ་ཚོལ་བ་དང་། ཚོགས་ཡོངསུ་ཚོལ་བས་ཡོངསུ་མི་སྐྱེ་བའོ།། དཀའ་བ་བྱེད་པའི ་ཆོས་གཉིས་ཏེ། རྒྱུ་བ་མེད་པ་ཤེས་པ་དང་། སེམས་ཅ་ན་ཡོངསུ་སྨིན་པར་བྱེད་པའི་ཕྱིར་ཡང་རྒྱུ་བའོ།། གཅེ་ས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཉོན་མོངས་པ་ཐམས ་ཅད་ལ་ཚུལ་བཞིན་གྱིས་སོ་སོར་རྟོག་པ་དང་། ཉོན་མོངས་པ་སྐྱེས་པ་དང་། མ་སྐྱེས་པ་རྣམས་ལས་འབྱུང་བ་ཡོངསུ་ཚོལ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཉོན་མོངས་པ་མེད་པས། ་ཆོས་ཐམས་ཅད་མི་འདྲེ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་ཁམས་གསུམ་དུ་ཡང་འདྲེ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱང་ཆུབ་ཀྱི་ཡན་ལག ་བསྒོམ་པའི་བརྩོན་འགྲུས་དང་། བྱང་ཆུབ་ཀྱི་ཡན་ལག་བསྟན་པའི་ལྷག་པའི་བསམ་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཟད་པ་ཤེས་པར་མི་ལྟུང་བ་དང་། མི་སྐྱེ་བ་ཤེས་པ་ལ་བཟོད་པའོ།། ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལམ་འགྲོད་པ་ལ་མཁས་པ་དང་། ལམ་མི་འགྲོད་པ་ལ་མཁས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལམ་གྱིས་འགྲོ་བ་ཤེས་པ་དང་། ་ལམ་རྒྱུན་མི་འཆད་པར་ཤེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་རྗེ་སུ་འཐུན་པ་དང་། མཐར་ལྟ་བ་གཉིས་ཀ་ཡོངསུ་སྤོང་བའོ།། དཀའ་བ་བྱེད ་པའི་ཆོས་གཉིས་ཏེ། རྒྱུ་གང་དང་། རྐྱེན་གང་གིས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། རྒྱུ་གང་དང་རྐྱེན་གང་གིས་རྣམ་པར་དག་པར་འགྱུར་བ་དེ་ཤེས་པའོ།། གཅེས་སྨྲས ་བྱེད་པའི་ཆོས་གཉིས་ཏེ། བདུད་ཀྱི་ལས་རྟོགས་པ་དང་། བདུད་ཀྱི་ལས་རྣམ་པར་སྤོང་བ་པོ། དཀར་བ་བྱེད་པའི་ཆོས་གཉིས་ཏེ། བདུད་ཐམས་ཐམས་ཅད་ལས་ཤིན་ཏུ་འདའ་བ་དང་། ་བདུད་ཐམས་ཅད་མི་མཐོང་བའོ།། གཅེས་སྤྲས་བྱེད་པའི། ཆོས་གཉིས་ཏེ། མ་སྨྲས་པ་རྣམས་སྨྲས་པར་མི་བྱེད། པ་དང་། སྨྲས་པ་རྣམས་ལ་བཟོད་ཅིང་ངེས་པའོ།། དཀའ་བ ་བྱེད་པའི་ཆོས་གཉིས་ཏེ། གདོད་མ་ནས་སྨྲས་པ་མེད་པ་དང་། སྐད་ཅིག་ཏུ་འཇིག་པར་སོ་སོར་རྟོག་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སེམས་དང་པོ་སྐྱེད་ནས། བྱང་ཆུབ་ཀྱི་སྙིང ་པོ་ལ་ལྟ་བ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་བལྟས་ནས། ཐེག་པ་དམན་པ་མི་འདོད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སེམས་དང་པོ་བསྐྱེད་པ་བྱང་ཆུབ་ཀྱི་སྙིང་པོའི་རྒྱུ་དང་། རྒྱུ་ལས་ཡང་དག ་བར་བྱུང་བའི་དགེ་བའི་སེམས་བསྐྱེད་པ་རྣམས་ལ་མངོན་པར་ཞེན་པ་མེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། འཁོར་བའི་རྒྱུན་བྱེད་པའི་ཀུན་ཏུ་སྦྱར་བ་རྣམ་པར་གཅོད ་པ་དང་། དགེ་བའི་རྒྱུན་བྱེད་པའི་སེམས་བསྐྱེད་བ་མི་འདོར་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཡུལ་ན་མི་གནས། ཕྱོགས་ན་མི་གནས་པའི་དགེ་བའི་རྩ་བ ་རྣམས་བྱང་ཆུབ་ཏུ་ཡོང་སུ་སྔོ་བ་དང་། བྱང་ཆུབ་ཏུ་ཡོང་སུ་བསྔོས་པའི་སེམས་བསྐྱེད་པ་རྣམས་སྒྱུ་མའི་ཆོསུ་སོ་སོར་རྟོག་པའོ།། གཅས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱང་ཆུབ་སེམས ་ཅན་གྱི་ཁ་ན་ལས་པར་ཡང་དག་པར་རྗེ་སུ་མཐོང་བ་དང་། སེམས་ཅན་རབ་ཏུ་ཐར་པ་བྱང་ཆུབ་ཀྱི་ཁ་ན་ལས་པར་ཡང་དག་པར་རྗེ་སུ་མཐོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བྱང ་ཆུབ་མཉམ་པ་ཉིད་པ་སེམས་ཅན་མཉམ་པ་ཉིད་དུ་སོ་སོར་རྟོག་པ་དང་། སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར་བརྩོན་འགྲུས་མི་འདོར་བའོ།། བློ་གྲོས་རྒྱ་མཚོ་ཐེག་པ་ཆེན་པོ ་ལ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། དགེ་བའི་ཆོས་ཐམས་ཅད་བསགས་པའི།། སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་མྱ་ངན་ལས ་འདས་པའི་ལམ་ལ་རབ་ཏུ་དགོད་པའི་ཕྱིར་སྙིང་རྗེ་བ་སྟེ། བློ་གྲོས་རྒྱ་མཚོ་ཆོས་དེ་གཉིས་ནི་ཐེག་པ་ཆེན་པོ་ལ། གཅེས་སྨྲས་བྱེད་པའོ།། བློ་གྲོས་རྒྱ་མཚོ་ཆོས་འདི་གཉིས་ནི་ཐེག་པ་ཆེན་པོ་ལ ་དཀའ་བ་བྱེད་པ་སྟེ། གཉིས་གང་ཞེ་ན། སྐྱོ་བ་མེད་པ་ལས་སྐྱེ་བ་དང་། འབྱུང་བ་མེད་པ་ལས་འབྱུང་བ་སྟེ། བློ་གྲོས་རྒྱ་མཚོ་ཆོས་དེ་གཉིས་ནི། ཐེག་པ་ཆེན་པོ་ལ་དཀའ་བ་བྱེད་པའོ།། བློ་གྲོས་རྒྱ ་མཚེ་གཞན་ཡང་ཐེག་པ་ཆེན་པོ་སྟོན་པར་འབྱུང་བའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་རྩ་བ་བརྟན་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དགེ་བའི་བཤེས་གཉེན ་གྱིས་ཡོངསུ་ཟིན་པས་ཞུམ་པ་མེད་པ་དང་། སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པས་ཕྱིར་མི་ལྡོག་པསྟེ། བློ་གྲོས་རྒྱ་མཚོ་ཆོས་གསུམ་པོ་དེ་དག་ནི།། ཐེག་པ་ཆེན་པོ་རྟེན་པར་འགྱུར་བའོ།། ་གཞན་ཡང་ཐེག་པ་ཆེན་པོ་རྟོན་པར་འགྱུར་བའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། ཚོགས་ཡོངསུ་ཚོལ་བ་དང་། ཚོགས་ལ་སོ་སོར་རྟོག་པ་དང་། ཚོགས་ལ་སེམས་ཅན ་སྦྱོར་བ་སྟེ། གསུམ་པོ་དེ་དག་གོ། གཞན་ཡང་གསུམ་སྟེ། གསུམ་གང་ཞེ་ན། གསེར་སྣ་ཚར་གཅོད་པ་དང་། གཏོང་བ་འཕེལ་བར་བྱེད་པ་དང་། བྱང་ཆུབ་ཏུ་ཡོངསུ་སྔོ་བ་སྟེ། གསུམ ་བོ་དེ་དགོ།། གཞན་ཡང་གསུམ་སྟེ། ཚུལ་ཁྲིམས་ཡང་དག་པར་འཛིན་པ་དང་། ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཡོངསུ་སྨིན་པར་བྱེད་པ་དང་། བྱང་ཆུབ་ཏུ ་ཡོངསུ་སྔོ་བའོ།། གཞན་ཡང་གསུམ་སྟེ། ཁོང་ཁྲོ་མེད་པའི་སེམས་དང་། སེམས་ཅན་ཁྲོས་པ་ཞི་ར་བྱེད་པ་དང་། བྱང་ཆུབ་ཏུ་ཡོང་སུ་སྔོ་བའོ།། གཞན་ཡང ་གསུམ་སྟེ། བརྩོན་འགྲུས་མ་གོང་བ་དང་། སེམས་ཅན་ལེ་ལོ་ཅན་ཡོངསུ་སྨིན་པར་བྱེད་པ་དང་། བྱང་ཆུབ་ཏུ་ཡོངསུ་སྔོ་བའོ།། གཞན་ཡང་གསུམ་སྟེ། བསམ་གཏན་སྐྱེད་པ་དང་། བསམ ་གཏན་དེ་ལ་ཆགས་པ་དང་། བྱང་ཆུབ་ཏུ་ཡོངསུ་སྔོ་བའོ།། གཞན་ཡང་གསུམ་སྟེ། ཐོས་པ་ཚོལ་བ་དང་། ཐོས་པ་ལ་སོ་སོར་རྟོག་པ་དང་། བྱང་ཆུབ་ཏུ་ཡོངསུ་སྔོ་བའོ།། གཞན་ཡང་གསུམ ་སྟེང་སེམས་ཅན་ལ་དམིགས་པའི་བྱམས་པ་དང་། ཆོས་ལ་དམིགས་པའི་བྱམས་པ་དང་། དམིགས་པ་མེད་པའི་བྱམས་པའོ།། གཞན་ཡང་གསུམ་སྟེ། རང་གིས་བྱེད་པའི་སྙིང་རྗེ་དང་། ་གཞན་བྱེད་དུ་འཇུག་པའི་སྙིང་རྗེ་དང་། མཐའ་གཉིས་བསྩལ་པའི་སྙིང་རྗེ་ཆེན་པོའོ།། གཞན་ཡང་གསུམ་སྟེ། བདག་ལ་ཕན་པའི་ཕྱིར་ཤེས་པ་ཡོངསུ་ཚོལ་བ་དང་། ་གཞན་ལ་ཕན་པའི་ཕྱིར་ཤེས་པ་ཡོངསུ་ཚོལ་བ་དང་། གཉི་གའི་དོན་ཡོངསུ་རྫོགས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པའོ།། གཞན་ཡང་གསུམ་སྟེ། འདས་པ་ལ་ཟད་པར་ཤེས་པ་དང ་མ་འོངས་པ་ལ་མ་བྱིན་པར་ཤེས་པ་དང་། ད་ལྟར་བྱུང་བ་ལ་ཆོས་གནས་པ་མེད་པར་ཤེས་པའོ།། གཞན་ཡང་གསུམ་སྟེ། ངེས་པའི་སེམས་ཅན་རྣམས་ལ་རབ་ཏུ་གྲོལ་བའི་བྱམས་པ ་དང་། མ་ངེས་པའི་སེམས་ཅན་རྣམས་ལ་རབ་ཏུ་དགྲོལ་བའི་བྱམས་པ་དང་། ལོག་པ་ཉིད་ངེས་པའི་སེམས་ཅན་རྣམས་ལ་བསྐྱབ་པ་ཆེན་པོའི་བྱམས་པའོ།། གཞན་ཡང་གསུམ་སྟེ། ་འགྲོགས་ན་བདེ་བས་ལུས་ལ་སུ་རུང་བ་དང་། ཕ་རོལ་ཀུན་སྲུང་བས་ངག་སྙན་པ་དང་། དྲང་བས་སེམས་ལ་སུ་རུང་བའོ།། གཞན་ཡང་གསུམ་སྟེ། མི་སྡུག་པ་ལ ་ཡང་གནས་ལ་འདོད་ཆགས་ལ་སྤྱོད་པའི་སེམས་སེམས་ཅན་དང་འགྲོགས་པ་ལ་ཡང་མི་སྨོད་པ་དང་། བྱམས་པ་ལ་གནས་ལ་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་དང་། འགྲོགས ་པ་ལ་ཡང་མི་སྨོད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཡང་རྣམ་པར་ལྟ་ལ། གཏི་མུག་ལ་སྤྱོད་པའི་སེམས་ཅན་དང་འགྲོགས་པ་ལ་ཡང་མི་སློང་བའོ།། གཞན་ཡང་གསུམ་སྟེ། ་ལེགས་པར་སྤྱོད་པའི་ཕྱིར་ཕན་པ་དང་། ཆོ་ག་ཤེག་ཕྱིར་རན་པ་དང་། ཕྱིས་འགྱོད་པ་མེད་པའི་ཕྱིར་གཟོད་པའོ།། གཞན་ཡང་གསུམ་སྟེ། ཐོས་པ་ཡོང་སུ་འཛིན་པ་དང་། ཚིག་དང་ཡི་གེ ་རྣམས་འཛིན་པ་དང་། སྒྲ་ལ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངསུ་ཆད་པར་ཤེས་པའོ།། གཞན་ཡང་གསུམ་སྟེ། ནོར་བདུན་ཡང་དག་པར་འདུ་བས་དབུལ་བ་མེད་པ་དང་། ཆོས་ཀྱི ་སྦྱིན་པ་རྣམ་པར་འགྲེལ་པས་གཏོང་བ་ཆེན་པོ་དང་། ཟང་ཟིང་ཀུན་ཏུ་འགེད་པས་ལོངས་སྤྱོད་ཆེ་བའོ།། གཞན་ཡང་གསུམ་སྟེ། དོན་དམ་པར་བདེན་པས་བདེན་པ་དང་། མི་སླུ་བས་ཡང ་དག་པ་དང་། དེ་བཞིན་ཉིད་པས་དེ་ཁོ་ནའོ།། གཞན་ཡང་གསུམ་སྟེ། བདག་ཅི་འདྲ་བ་ཞེས་བདག་ཤེས་པ་དང་། གཏམ་ཅི་འདྲ་བ་ཞིག་བྱ་ཞེས་སེམས་ཅན་ཤེས་པ་དང་། དུས་སུ་གནས་པས ་དུས་ཤེས་པའོ།། གཞན་ཡང་གསུམ་སྟེ། ཕུང་པོ་རྣམས་ལ་ཆོས་ཀྱི་ཕུང་པོ་དང་མཉམ་པ་ཉིད་དང་། ཁམས་ལ་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་དང་། སྐྱེ་མཆེད་རྣམས ་ལ་གྲོང་སྟོང་པ་ལྟར་སོ་སོར་རྟོགས་པའོ།། གཞན་ཡང་ག། སུམ་སྟེ། རྒྱུའི་འབྲས་བུ་ཆུད་མི་གཟོན་པ་དང་། རྐྱེན་རྣ་མས་ཀྱི་འཕེལ་བ་ལ་མཁས་པ་དང་། ཚོགས་ནས་ཕན ་ཚུན་ཡང་དག་པར་འདུ་བའོ།། གཞན་ཡང་གསུམ་སྟེ། སངས་རྒྱས་དང་མི་འགལ་བ་དང་། ཆོས་མི་སྤོང་བ་དང་། དགེ་འདུན་ལ་ང་རྒྱལ་མེད་ཅིང་། བླ་མར་གུས་པར་བསྙེན་བཀུར་བྱེད ་པའིང་གཞན་ཡང་གསུམ་སྟེ། འདོད་ཆགས་རབ་ཏུ་ནི་བ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་ཡང་དག་པར་བཅོམ་པའོ།། གཞན་ཡང་གསུམ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་པ་དང་། མཚན ་ཉིད་ཀྱི་བདེན་པ་སྟོན་པ་དང་། དོན་དམ་པའི་བདེན་པ་ལ་གནས་པའོ།། གཞན་ཡང་གསུམ་སྟེ། སེམས་ཅན་རྣམས་ལ་བརྙས་པ་མེད་པ་དང་། སྦྱིན་གནས་རྣམས་རབ་ཏུ་འདུད་པ་དང་། ཉོན ་མོངས་པ་རྣམསུ་མི་ལྟུང་བའོ།། གཞན་ཡང་གསུམ་སྟེ། འདོད་པའི་ཁམས་ཀྱིས་མི་གོས་པ་དང་། གཟུགས་ཀྱི་ཁམས་དང་། མ་འདྲེས་པ་དང་། གཟུགས་མེད་པའི ་ཁམས་དེ་ལ་དེ་མ་ཆགས་པའོ།། གཞན་ཡང་གསུམ་སྟེ། མ་རྙེད་པ་དང་། མ་གྲགས་པ་དང་། སྨད་པ་དང་། སྡུག་བསྔལ་རྣམས་ཀྱིས་སྲོ་ཤི་བ་མེད་པ་དང་། རྙེད་པ་དང་། གྲགས་པ་དང་། ་བསྔགས་པ་དང་། བདེ་བ་རྣམས་ཀྱིས་ཁེངས་པ་མེད་པ་དང་། འཇིག་རྟེན་གྱི་ཆོས་བརྒྱད་དང་མ་འདྲེས་པས་རི་ལྟར་མི་གཡོ་བའོ།། གཞན་ཡང་གསུམ་སྟེ། དབང་པོ་རྣམས་ཤིན་ཏུ་སྦས ་པ་དང་། བདུད་པ་རྣམས་ལས་ཤིན་ཏུ་རྣམ་པར་གྲོལ་བ་དང་ར། སེམས་ཤིན་ཏུ་དུལ་བའོ།། གཞན་ཡང་གསུམ་སྟེ། སའི་ཡོན་ཏན་ལ་གནས་པ་ཤེས་པ་དང་། སའི་ཉེས་པ་བཟློག་པ ་ཤེས་པ་དང་། ས་ནས་སར་ཕར་བ་ཤེས་པའོ།། གཞན་ཡང་གསུམ་སྟེ། བསམ་པ་གྱ་ནོམ་པ་ལ་གནས་པ་དང་།། ལྷག་པའི་བསམ་པའི་ཁྱད་པར་ལ་གནས་པ་དང་། སྦྱོར ་བ་རྒྱུན་མི་འཆད་པར་གནས་པའོ།། གཞན་ཡང་གསུམ་སྟེ། ཏིང་འཛིན་ཡོངསུ་དག་པར་བྱ་བའི་ཕྱིར། ལྷག་པའི་ཚུལ་ཁྲིམས་ལ་སློབ་པ་དང་། ཤེས་རབ་ཡོང་སུ་རྫོགས་པར་བྱ་བའི་ཕྱིར་ལྷག ་པའི་སེམས་ལ་སློབ་པ་དང་། རྣམ་པར་གྲོལ་བ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་ལྷག་པའི་ཤེས་རབ་ལ་སློབ་པའོ།། གཞན་ཡང་གསུམ་སྟེ། བདེ་བའི་ཚོར་བ་ལ་རྗེ་སུ་འཆགས་པ་སྤོང་བ་དང་། ་སྡུག་བསྔལ་གྱི་ཚོར་བ་ལ་ཁོང་ཁྲོ་བ་སྤོང་བ་དང་། སྡུག་བསྔལ་ཡང་མེད། བདེ་བ་ཡང་མེད་པའི་ཚོར་བ་ལ་མ་རིག་པ་སྤོང་བའོ།། གཞན་ཡང་གསུམ་སྟེ། མངོན་པར་འདུ་ཚབྱ་བ་མེད་པས་རྒྱུ ་ལས་ལྡོག་པ་དང་། ཡོངསུ་མི་རྟོག་པས་ཉོན་མོངས་པ་ལས་ལྡོག་པ་དང་། སྨོན་པ་མེད་པས་ཁམས་གསུམ་ལས་ལྡོག་པའོ།། གཞན་ཡང་གསུམ་སྟེ། སྟོང་པ་ཉིད་ཀྱང་འདྲིས་པར་བྱེད་ལ་ལྟ་བ ་དང་ཡང་བྲལ་བ་དང་། མཚན་མ་མེད་པ་ཡང་འདྲིས་པར་བྱེད་ལ། རྣམ་པར་རྟོག་པ་ཡང་ཉེ་བར་ཞི་བ་དང་། སྨོན་པ་མེད་པ་ཡང་འདྲིས་པར་བྱེད་ལ་ཁམས་གསུམ་ཡང་འགོག་པའོ།། གཞན ་ཡང་གསུམ་སྟེ། མིག་སྟོང་པ་ཉིད་དང་། གཟུགས་དབེན་པ་ཉིད་དང་། མིགི་རྣམ་པར་ཤེས་པ་གནས་པ་མེད་པའོ།། གཞན་ཡང་གསུམ་སྟེ། རྣ་བ་སྟོང་པ་ཉིད་དང་། སྒྲ་དབེན་པ་ཉིད་དང་། རྣ་བའི ་རྣམ་པར་ཤེས་པ་གནས་པ་མེད་པའོ།། གཞན་ཡང་གསུམ་སྟེ། སྣ་སྟོང་པ་ཉིད་དང་། དྲི་དབེན་པ་ཉིད་དང་། སྣའི་རྣམ་པར་ཤེས་པྲ་གནས་པ་མེད་པའོ།། གཞན་ཡང་གསུམ་སྟེ། ལྕེ་སྟོང་པ ་ཉིད་དང་། རོ་དབེན་པ་ཉིད་དང་། ལྕེའི་རྣམ་པར་ཤེས་པ་ག། ནས་པ་མེད་པའོ།། གཞན་ཡང་གསུམ་སྟེ། ལུས་སྟོང་། ཁ་ཉིད་དང་། རེག་བྱ་དབེན་པ་ཉིད་དང་། ལུས་ཀྱི་རྣམ་པར ་པ་གནས་པ་མེད་པའོ།། གཞན་ཡང་གསུམ་སྟེ། ཡིད་སྟོང་པ་ཉིད་དང་། ཆོས་དབེན་པ་ཉིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་གནས་པ་མེད་པའོ།། གཞན་ཡང་གསུམ་སྟེ། ཚུལ་ཁྲིམས་སྦེད་པ་དང་། ་ཏིངེ་འཛིན་ཀུན་ཏུ་སྲུང་བ་དང་། ཤེས་རབ་ཀྱིས་རབ་ཏུ་རྣམ་པར་བྱེད་པ་ཤེས་པའོ།། གཞན་ཡང་གསུམ་སྟེ། དྲན་པས་དམ་པའི་ཆོས་ཀུན་ཏུ་འཛིན་པ་དང་། བློ་གྲོས་ཀྱིས་ཚུལ་བཞིན་དུ་ས་སོར་རྟོག ་བ་དང་། རྟོགས་པས་དོན་གྱི་རྣམ་པ་ཁོང་དུ་ཆུད་པའོ།། གཞན་ཡང་གསུམ་སྟེ། ཉན་ཐོས་རྣམས་ལ་འཕགས་པའི་བདེན་པའི་སྒྲའི་རྗེ་སུ་ཞུགས་པས་རྣམ་པར་གྲོལ་བའི་ཚུལ་སྟོན་པ་དང་། རང ་སངས་རྒྱས་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྩེ་གཅིག་ཏུ་བྱས་པས། རྣམ་པར་གྲོལ་བའི་ཚུལ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕ་རོལ་ཏུ ་ཕྱིན་པ་དྲུག་ལ་སྤྱད་པས། རྣམ་པར་གྲོལ་བའི་ཚུལ་སྟོན་པའོ།། གཞན་ཡང་གསུམ་སྟེ། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ།། དེ་ལ་གཏོང་བ་ནི་རིན་པོ་ཆེ་ཐམས ་ཅད་ཡོངསུ་གཏོང་བའོ།། གཏོང་བ་ཆེན་པོ་ནི་ཆུང་མ་དང་། བུ་དང་། བུ་མོ་ཡོངསུ་གཏོང་པོ།། ཤིན་ཏུ་གཏོང་བ་ནི་ལག་པ་དང་། རྐང་པ་དང་། མིག་དང་ཤོ་ཡོངསུ་གཏོང་བའོ།། གཞན་ཡང་གསུ ་སྟེ་དམ་པའི་ཆོས་ཡོངསུ་འཛིན་པ་དང་། ཆོས་སྨྲ་བ་ཡོད། སུ་འཛིན་པ་དང་། ཐེག་པ་ཆེན་པོ་ཡོང་སུ་འཛིན་པའོ།། གཞན་ཡང་གསུམ་སྟེ། འཁོར་བ་རྒྱུན་མི་གཅོད་པ་དང་། འཁོར་བར། ་སྐྱོན་ཁོང་དུ་ཆུད་པ་དང་། འཁོར་བའི་སྐྱོན་ཡོངསུ་སྤོང་བ་འོ།། གཞན་ཡང་གསུམ་སྟེ། སྒྲིབ་པ་དང་བྲལ་བའི་སེམ། ས་ཀྱིས་ཆོས་ཉན་པ་དང་། ཀུན་ནས་ལྡང་བ་མེད་པའི ་སེམས་ཀྱི་ནང་དུ་ཡང་དག་འཇོག་པ་དང་། འབྱུང་བའི་སེམས་ཀྱིས་ཡང་དག་པར་སྒྲུབ་པའོ།། གཞན་ཡང་གསུམ་སྟེ། དོན་ལ་རྟོན་པའི་ཐོས་པ་དང་། ཡེ་ཤེས་ལ་རྟོན་པའི་སོ་སོར ་རྟོག་པ་དང་། ཆོས་ལ་རྟོན་པའི་རྣམ་པར་གྲོལ་བའོ།། གཞན་ཡང་གསུམ་སྟེ། མིང་དུ་ཐོས་ཏེ་དགོན་པ་ན་གནས་པ་དང་། དགོན་པ་ན་གནས་ཏེ་ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཚུལ ་བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ་བརྩོན་ཏེ། ཆོས་ཐམས་ཅད་རྟོགས་པའོ།། གཞན་ཡང་གསུམ་སྟེ། མཁས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། མང་དུ་ཐོས་པ་རྣམས་ལ་འདྲི་དང་། བསྟན་པ་རྣམས་ཀུན་ཏུ་སྲུང་བའོ།། ་གཞན་ཡང་གསུམ་སྟེ། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ་དང་། ཆོས་ཉན་པ་རྣམས་ལ་བྱམས་པ་ཉེ་བར་སྒྲུབ་པ་དང་། ཐམས་ཅད་མཁྱེན་པའི་སེམས་མངོན་པར་བྱེད་པའི་ལགས ་གཞན་ཡང་གསུམ་སྟེ། སེམས་མཉམ་པ་ཉིད་པས་སེམས་ཅན་མཉམ་པ་ཉིད་དང་། ཐ་དད་པ་མེད་པ་ཉིད་བས་ཚོ་ས་མཉམ་པ་ཉིད་དང་། ཡེ་ཤེས་མཉམ་པ་ཉིད་པས་སངས་རྒྱས ་མཉམ་པ་ཉིད།། གཞན་ཡང་གསུམ་སྟེ། ཡེ་ཤེས་ཀྱི་དུས་གསུམ་མཉམ་པ་ཉིད་དང་། བློས་རྣམ་པར་ཐར་པ་གསུམ་མཉམ་པ་ཉིད་དང་། ཡོངསུ་ཤེས་པས་ཁམས་གསུམ་མཉམ་པ ་ཉི་དོ་གཞན་ཡང་གསུམ་སྟེ། འདུ་བྱེད་ཐམས་ཅད་ལ་མི་རྟག་པ་དང་། སྡུག་བསྔལ་བར་སོ་སོར་རྟོག་པ་དང་། ཆོས་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་པ་དང་། ་མྱ་ངན་ལས་འདས་པ་ལ་ཞི་བར་རྟོག་པའོ།། གཞན་ལ། ང་གསུམ་སྟེ། ཉམས་འོག་ཏུ་ཆུད་པར་བྱེད་པས་དམ་བཅས་པ་སྙིང་པོ་ཉིད་དང་། ནན་ཏན་བྱེད་པས་ཐོས་པ ་སྙིང་པོ་ཉིད་དང་། ཤེས་རབ་ཀྱིས་ཏིང་འཛིན་སྙིང་པོ་ཉིད།། གཞན་ཡང་གསུམ་སྟེ། ལྟུང་བ་མི་འཆབ་པ་དང་། སྡིག་པ་རྣམས་པར་འབྱེད་པ་དང་། ཕྱིན་ཆད་སྡོམ་པར་བྱེད་པའོ།། གཞ ་ཡང་གསུམ་སྟེ། འགྱོད་པ་དང་བྲལ་བ་དང་། ཀུན་ནས་ལྡང་བ་དང་བྲལ་བ་དང་། ཐེ་ཙོམ་དང་བྲལ་བའོ།། གཞན་ཡང་གསུམ་སྟེ། དགོན་པ་ལ་གནས་པ་དང་། རབ་ཏུ་དབེན་པ་ལ་དགའ ་བ་དང་། དགེ་བའི་ཆོས་འདོད་པའོ།། གཞན་ཡང་གསུམ་སྟེ། ཟབ་མེའི་ཆོས་ལ་བཟོད་པ་དང་། ཆོས་སྣ་ཚོགས་སྟོན་པ་དང་། སྤོབས་པ་ཀུན་ཏུ་འགྲོ་བའོ།། གཞན་ཡང་གསུམ་སྟེ། ཐོས་པ ་རྣམ་པར་ངེས་པའི་གཟུངས་དང་། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་སྤོངས་པ་དང་། ལྷས་ཡོངསུ་བཟུང་བའི་ཆོས་ཀྱི་གཏམོ།། གཞན་ཡང་གསུམ་སྟེ། ས་ལྟ་བུའི ་སེམས་དང་པོ་སྐྱེད་པ་དང་། སྤྱོད་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་བྱེད་པའི་དཔྱོད་པ་དང་། འབྲེལ་བ་དང་འདུ་ཤེས་ཐམས་ཅད་ལོག་པའི་ཕྱིར་མི་ལྡོག་པའི་སའོ།། གཞན་ཡང་གསུམ་སྟེ། ་སྒྲའི་རྗེསུ་འགྲོ་བའི་བཟོད་པ་ཡོངསུ་རྫོགས་པར་བྱེད་པ་དང་། བསམ་པ་ལས་བྱུང་བའི་བཟོད་པ་འཕྲོ་བ་མེད་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ།། བློ་གྲོས་རྒྱ་མཚོ་གཞན ་ཡང་ཐེག་པ་ཆེན་པོ་རྟོན་པར་འགྱུར་བའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། ཐབས་དང་ཤེས་རབ་དང་རབ་ཏུ་ལྡན་པའི་ལམ་བསྒོམ་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་རག ་ཏུ་ལྡན་པར་སེམས་ཅན་ཡོང་སུ་སྨིན་པར་བྱེད་པ་དང་། བརྒྱ། ན་འགྲུས་དང་བག་ཡོད་པ་དང་རབ་ཏུ་ལྡན་པར་དམ་པའི།། ཆོས་ཡོང་སུ་འཛིན་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་གསུམ ་པོ་དེ་དག་ནི། ཐེག་པ་ཆེན་པོ་རྟོན་པར་འགྱུར་བའོ།། །། བམ་པོ་བདུན་པ།། བློ་གྲོས་རྒྱ་མཚོ་གཞན་ཡང་ཐོག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་སྟེ། བཞི ་གང་ཞེ་ན། ཉེས་པར་ཐོས་པ་ཉན་པ་སྟེ། འདི་ལྟར་འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་ཡོངསུ་ཚོལ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ ་གྲངས་མི་ཉན་པ་དང་། བདུད་ཀྱི་ལས་ཀུན་ནས་ལངས་པས་མངོན་པའི་ང་རྒྱལ་བྱེད་པ་དང་། ཆོས་ཀྱི་སྒྲིབ་པ་ཀུན་ནས་ལངས་ནས་ཆོས་སྤོང་བ་སྟེ། བློ་གྲོས་རྒྱ་མཚོ་བཞི་པོ་དེ་དག་ནི་ཐེག་པ་ཆེན ་པོའི་བར་ཆད་དུ་འགྱུར་བའོ།། གཞན་ཡང་བཞི་སྟེ། ཆགས་པ་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་རྒྱས་ནས་ཆོས་ཀྱི་ཡོན་ཏན་དོན་ཏུ་མི་གཉེར་བའོ།། གཞན་ཡང་བཞི་སྟེ། ཕ་རོལ་གྱི ་རྙེད་པ་རྣམས་ལ་ཕྲ་དོག་བྱེད་པ་དང་། ཆོས་སྟོན་པ་རྣམས་ལ་གཡོས་སྟེན་པ་དང་། གཟིངས་པའི་བློ་སྒྱུས་ཉེ་བར་སྤྱོད་པ་དང་། སླུ་བས་སེམས་མི་བརྟན་པའོ།། གཞན་ཡང་བཞི་སྟེ། དགེ་བའི ་བཤེས་གཉེན་ལ་སྡིག་པའི་གྲོགས་པོར་འདུ་ཤེས་པ་དང་། སྡིག་པའི་གྲོགས་པོ་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོསུ་འདུ་ཤེས་པ་དང་། ཆོས ་དང་ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་པའོ།། གཞན་ཡང་བཞི་སྟེ། སེར་སྣའི་དྲི་མ་ཅན་གྱི་སེམས་དང་། སློང་བ་རྣམས་ལ་གནོད་པ་དང་། ཐ་བ་ཅན་གྱི་སེམས་དང་། བྱིན་ནས་འགྱོད ་པའི་སེམས་དང་། ཐམས་ཅད་མཁྱེན་པའི་སེམས་ལ་མི་ཕྱོ་གས་པའོ།། གཞན་ཡང་བཞི་སྟེ། འདུན་པས་སྦྱིན་པ་དང་། ཞེ་སྡང་གི་སྦྱིན་པ་དང་། གཏི་མུག་གིས་སྦྱིན་པ་དང་། ་འཇིགས་པས་སྦྱིན་པའོ།། གནན་ཡང་བཞི་སྟེ། བརྗོད་པས་སྦྱིན་པ་དང་། གྲགས་པས་སྦྱིན་པ་དང་། སྨྲས་སྦྱིན་པ་དང་། ཚིགསུ་བཅད་པས་སྦྱིན་པའོ།། གཞན་ཡང་བཞི་སྟེ། ངོ་\ུ0f7f ་བའི་སྦྱིན་པ་དང་། སྐབས་ཅུང་ཟད་ཀྱི་ཕྱིར་སྦྱིན་པ་དང་། བརྙས་ཐབ་སུ་སྦྱིན་པ་དང་། རང་གི་ལག་ནས་སྦྱིན་པ་མ་ཡིན་པའོ།། གཞན་ཡང་བཞི་སྟེ། ངན་པ་སྦྱིན་པ་དང་། མི་གསོད་པ་སྦྱིན་པ་དང་། ་གུས་པར་མ་བྱས་པས་སྦྱིན་པ་དང་། མངོན་པའི་ང་རྒྱལ་གྱིས་སྦྱིན་པའོ།། གཞན་ཡང་བཞི་སྟེ། མཚོན་ཆ་སྦྱིན་པ་དང་། དུག་སྦྱིན་པ་དང་། རུང་བ་མ་ཡིན་པ་སྦྱིན་པ་དང་། མི་ཆོག་པར་སྦྱིན་པའོ།། ་གཞན་ཡང་བཞི་སྟེ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཞེ་སྡང་བ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ལ་གནོད་པ་དང་། ཐ་བའི་སེམས་དང་ལྡན་པ་དང་། བདག་ཉིད་ལྷོང ་པ་དང་། ཚུལ་ཁྲིམས་སྡོམ་པའི་གཏམ་ལ་གསད་པ་ལྟ་བུར་འདུ་ཤེས་པའོ།། གཞན་ཡང་བཞི་སྟེ། ཡང་བའི་རྙེད་པ་ཡོངསུ་ཚོལ་བ་དང་། ཆོས་ཀྱི་རྙེད་པ་ཀུན་ཏུ་བགེད་པར་མི་བྱེད་པ་དང་། ་གཞན་གྱི་འཐོབ་པ་གཅོད་པ་དང་། རང་གི་འཐོབ་པས་ཆོག་མི་ཤེས་པའོ།། གཞན་ཡང་བཞི་སྟེ། སྤྱོད་ལམ་གྱིས་ལུས་ཚུལ་འཆོས་པ་དང་། ལོག་པར་སྨྲ་བས་ངག་ཚུལ་འཆོས་པ ་དང་། སྡིག་པ་འདོད་པས་སེམས་ཚུལ་འཆོས་པ་དང་། འཚེ་བ་ཡོངསུ་མ་དག་པས་ཐམས་ཅད་ཚུལ་ཆོས་པའོ།། གཞན་ཡང་བཞི་སྟེ། ཐེག་པ་མཚུངས་པ་ལ་ཡང་དག་པར་ཞུགས་པ ་རྣམས་ལ་ཞེ་སྡང་བ་དང་། བདུད་ཀྱི་ལས་ཁོང་དུ་མ་ཆུད་པས་མངོན་པའི་ང་རྒྱལ་ཅན་དང་། དེ་དག་གི་བསྡུ་གས་པ་མ་ཡིན་པ་བརྗོད་པ་དང་། དེ་དག་གི་བསྔགས་པ་དང་། ་ཡོན་ཏན་གྱིས་ཡིད་མི་བདེ་བར་འགྱུར་བའོ།། གཞན་ཡང་བཞི་སྟེ། ང་རྒྱལ་གྱིས་ཁེངས་ནས་ཆོས་རྣམས་ལ་རིམ་གྲོ་མེད་པ་དང་། ཆོས་སྨྲ་བ་རྣམས་ལ་མི་གུས་པ་དང་། ཕ་མ་དང་། སློབ་དཔོན ་དང་མཁན་པོ་རྣམས་ལ་མི་འདུད་པ་དང་། ལུས་དང་། སེམས་རྩུབ་པས་རྟག་པར་རྒྱུན་ཏུ་མི་འཐུན་པར་གནས་པའོ།། གཞན་ཡང་བཞི་སྟེ། བདག་གིས་ཡོན་ཏན་བརྗོད་པ་དང་། གཞན་གྱི ་ཡོན་ཏན་ལོག་པར་བརྗོད་པ་དང་། ངའོ་སྙམ་པའི་ང་རྒྱལ་འབར་བ་དང་། ཁྲོ་བ་བརྟན་པའོ།། གཞན་ཡང་བའི་སྟེ། ལེ་ལོ་དང་། སྙོམས་ལས་དང་། བཀའ་བློ་མི་བདེ་བ་དང་། འཐུན་པར་མི་འཛིན་པའོ།། ་གཞན་ཡང་བཞི་སྟེ། མ་དུལ་བ་དང་། མ་ཞི་བ་དང་། མ་སྦས་པ་དང་། མ་བཏུལ་བའོ།། གཞན་ཡང་བཞི་སྟེ། ཐོས་པ་ཉུང་ངུས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དུ་འཇུག་པ་དང་། ཚུལ་ཁྲིམས ་ཀྱི་ཕུང་པོ་ལ་མི་གནས་པར་རྙེད་པ་དང་། བཀུར་སྟི་དང་། ཚིགསུ་བཅད་པ་འདོད་པ་དང་། དབང་པོ་རྣམས་ཀྱི་སྒོམ་སྲུངས་པར་བུད་མེད་ལ་ལྟ་བ་དང་། མཉམ་པར་མ་བཞག་པའི་སེམས ་ཀྱིས་སེམས་ཅན་གྱི་དབང་པོ་ལ་འཇུག་པའོ།། གཞན་ཡང་བཞི་སྟེ། བསྡུ་བའི་དངོས་པོ་ལ་མི་བརྩོན་པ་དང་། སེམས་ཅན་ཡོངསུ་སྨིན་པར་བྱ་བ་ལ་གཡེལ་བ་དང་། ཆོས་སྤོང་གི་ལས་ཀུན ་ཏུ་མི་སྲུང་བ་དང་། ཆོས་སྨྲ་བའི་གང་ཟག་རྣམས་ལ་ག་ནོད་པར་བྱེད་པའོ།། གཞན་ཡང་བཞི་སྟེ། གཏི་མུག་གིས་འདོད་པ་ཆེ་བ་དང་། ཞེ་སྡང་གིས་སྡིག་པ་འདོད་པ་དང་། ་འདོད་ཆགས་ཀྱིས་ཆོག་མི་ཤེས་པ་དང་། ཆགས་པས་ངོམས་མི་མྱོང་བའོ།། གཞན་ཡང་བཞི་སྟེ། མ་དད་པ་མི་འཐུན་པ་དང་། སྡིག་པའི་གྲོགས་པོ་དང་སྟེན་པས ་སྡིག་པ་ལ་མི་སྨོད་པ་དང་། ལེ་ལོས་དགེ་བའི་ཆོས་ཡོངསུ་འགྲིབ་པ་དང་། བག་མེད་པས་དགེ་བའི་རྩ་བ་བྱས་པ་རབ་ཏུ་འཇིག་པའོ།། གཞན་ཡང་བཞི་སྟེ། ནང་དུ་སོ་སོར་མི་རྟོག་པས་ངོམ ་མེད་པ་དང་། སངས་རྒྱས་ལ་མི་རྟོག་པས་ཁྲེལ་མེད་པ་དང་། མཚམས་མེད་པ་དང་། མཚུངས་པས་བྱས་པ་མི་གཟོ་བ་དང་། རེ་བས་བྱས་ནས་མི་འཇིགས་པའོ།། གཞན་ཡང་བཞི་སྟེ ་གནོད་སེམས་དང་། ཁོང་ཁྲོ་བ་དང་། ཁོན་ཏུ་འཛིན་པ་དང་། རྣམ་པར་འཚེ་བའོ།། གཞན་ཡང་བཞི་སྟེ། འཕགས་པ་རྣམས་ལ་སླུ་བ་དང་། འཕགས་པ་མ་ཡིན་པ་རྣམས་རྗེ་སུ་མི་སྲུང་བ་དང་། ་སྦྱིན་པ་པོ་རྣམས་ལ་བརྙས་པ་དང་། སྦྱིན་གནས་རྣམས་ལ་ཁྱད་དུ་གསོད་པའོ།། གཞན་ཡང་བཞི་སྟེ། ལུས་ཀྱི་ལས་ཡོངསུ་མ་དག་པ་དང་། ངག་གི་ལས་ཀུན་ཏུ ་མི་སྲུང་བ་དང་། སེམས་ཀྱི་ལས་ཞུས་པ་དང་། ཐེག་པ་ཆེན་པོ་ལ་སྒྱིད་ལུག་པའོ།། གཞན་ཡང་བཞི་སྟེ། འདུམ་པ་རྣམས་ལ་དབྱེན་བྱེད་པ་དང་། སློབ་དཔོན་དང་། མཁན་པོ་རྣམས་ལ་ཚིག ་བརླང་བ་དང་། དགོས་པ་དོན་ཏུ་གཉེར་བ་རྣམས་ལ་ཚིག་ཀྱལ་པ་སྨྲ་བ་དང་། ལྷ་དང་མི་རྣམས་ལ་སླུ་བའོ།། གཞན་ཡང་བཞི་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་ཀུན་ཏུ་མི་སྲུང་བ་དང་། འཇིག་རྟེན ་ཕ་རོལ་ལ་ལོག་པར་བརྗོད་པ་དང་། དགེ་བའི་རྩ་བ་རྣམས་འཇིག་པ་དང་། ཚོགས་བསགས་པ་རབ་ཏུ་འཇིག་པའོ།། གཞན་ཡང་བཞི་སྟེ། རྒོད་པའི་འཁོར་དང་། ཁེངས་ཤིང་འདུས ་པ་ལ་ཆགས་པ་དང་། མུ་ཚོར་སྨྲ་བས་ལྟུང་བར་ཤིན། ཏུ་འདའ་བ་དང་། ཚོལ་བའི་ཚིག་གིས་འཇིག་རྟེན་པའི་གསང་ཚིག་བརྗོད་པའོ།། གཞན་ཡང་བཞི་སྟེ། མི་བརྩོན ་པར་དགོན་པ་ལ་གནས་པ་དང་། ཁོང་ཁྲོ་བ་མངལ་འདྲ་ཞིང་གནས་པ་དང་། དགེ་བའི་རྩ་བ་མ་བསྐྱེད་པར་བསོད་ནམས་དང་ལྡན་པར་འདུ་ཤེས་པ་དང་། བྱང་ཆུབ་སེམས་དཔའི་མིང་གིས་ཐོབ ་པས་འཚོ་བའོ།། གཞན་ཡང་བཞི་སྟེ། ཅང་ཤེས་མེད་པའི་སེམས་དང་། རྨུ་རྒོད་ཀྱི་སེམས་དང་། མདུལ་བའི་སེམས་དང་། སེམས་ཅན་རྣམས་ལ་མི་སྙོམས་པའི་སེམསོ།། གཞན་ཡང་བཞི་སྟེ། ་ཚུལ་ཁྲིམས་ཀྱིས་དྲེགས་པ་དང་། མང་དུ་ཐོས་པས་དྲེགས་པ་དང་། དགོན་པ་ལ་གནས་པས་དྲེགས་པ་དང་། སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པས་དྲེགས་པའོ།། གཞན་ཡང་བཞི་སྟེ། བདག ་ལ་བརྙས་དང་། ཆོས་ལ་བརྙས་པ་དང་། དགེ་བའི་རྩ་བ་ཆུང་ངུ་ལ་བརྙས་ཏེ། བྱང་ཆུབ་ཏུ་ཡོངསུ་མི་སྔོ་བ་དང་། སྐབས་སྐབ་སུ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་འདོད་པའོ།། ་གཞན་ཡང་བཞི་སྟེ། ལུས་དེ་ལ་ཆགས་པ་དང་། སེམས་དེ་ལ་ཆགས་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དེ་ལ་ཆགས་པ་དང་། ཁྱད་པར་དུ་འགྲོ་བའོ།། གཞན་ཡང་བཞི་སྟེ། མཛའ ་བོའི་ཁྱིམ་དང་། སློང་བ་སྟེར་བའི་ཁྱིམ་ཡོངསུ་འཛིན་པ་དང་། རྙེད་པ་དང་བཀུར་སྟི་ཡོངསུ་བཙལ་བར་བྱ་བའི་ཕྱིར། འཆལ་པའི་ཚུལ་ཁྲིམས་ཡོངསུ་འཛིན་པ་དང་། གནས་ཡོངསུ ་འཛིན་པ་དང་། ཚུལ་ཁྲིམས་དང་ལྡན་པ་ལ་ཞེ་སྡང་བས་ཡང་དག་པའི་བྱ་བས་བཅིངས་པའོ།། གཞན་ཡང་བཞི་སྟེ། བྱ་བ་མང་བ་དང་། རྙེད་པ་མང་བ་དང་། སྨྲ་བ་མང་བ་དང་། བཤེས ་པ་མང་བའོ།། གཞན་ཡང་བཞི་སྟེ། བདག་ལ་མངོན་པ་ར་ཞེན་པས་བདག་ཏུ་ལྟ་བ་དང་། སེམས་ཅན་ལ་མདོ་ན་བར་ཞེན་པས་སེམས་ཅན་དུ་ལྟ་བ་དང་། བྱ་བ་མ་ཡིན་པ། ་ལ་མངོན་པར་ཞེན་པས་ཆད་པར་ལྟ་བ་དང་། སྲོག་དེ་དང་། ལུས་དེ་ལ་མངོན་པར་ཞེན་པས་རྟོག་པར་ལྟ་བའོ།། གཞན་ཡང་བཞི་སྟེ། རྩོམ་པ་རྒྱན་གཅོད་པ་དང་། རྒྱུན་ཆད་པས་ཡང་དག ་བར་རབ་ཏུ་མི་འཛིན་པ་དང་། ཡང་དག་པར་རབ་ཏུ་མ་བཟུང་བས་ཡོངསུ་སྐྱོ་བ་དང་། ཡོངསུ་སྐྱོ་བས་ལྡོག་ཅིང་འཇིག་པའོ།། གཞན་ཡང་བཞི་སྟེ། ས་ནས་ས་འབར་བ་ལ་བརྙས་པ་དང་། བས ་གཏན་ལས་བཟློག་པ་ལ་མི་མཁས་པ་དང་། སེམས་ཅན་ལ་མི་ལྟ་བས་ཤེས་རབ་ཀྱིས་རྣམ་པར་དཔྱོད་པ་དང་། དམིགས་པ་ཅན་དུ་གྱུར་ལ་ཐབས་ལ་ཁས་ཆེ་བའོ།། བློ་གྲོས་རྒྱ་མཚོ་གཞན ་ཡང་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། ཆོས་ཀྱི་སྒྲིབ་པ་ཀུན་ནས་ལངས་པས་དམན་པ་དང་། ལས་ཀྱི་སྒྲིབ་པ་ཀུན་ནས་ལངས ་པས་དགེ་བའི་རྩ་བ་རྣམས་ལ་མི་བརྩོན་པ་དང་། ཉོན་མོངས་པའི་སྒྲིབ་པ་ཀུན་ནས་ལངས་པས། ཕུང་པོ་གསུམ་གྱི་རྗེ་སུ་མི་འཇུག་པ་དང་། བདུད་ཀྱི་ལས་ཀུན་ནས་ལངས་པས། བྱང་ཆུབ ་ཀྱི་སེམས་བརྗེད་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་བཞི་པོ་དེ་དག་ནི། ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའོ།། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་སྡུད་པ་འདི་བཤད་པ་ན། ལྷ་དང་མི ་སྐྱེ་དགུའི་སྲོག་ཆགས་པནི་ཁྲི་བཞི་སྟོང་གིས། བླ་ན་མེ་དད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེདོ།། བྱང་ཆུབ་སེམས་དཔའ་ཉི་ཁྲི་བརྒྱད་སྟོང་གིས་མི ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་ཏེ། སྣང་བ་ཆེན་པོས་ཀྱང་འཇིག ་རྟེན་གསལ་བར་གྱུར་ཏོ།། སྟེང་གི་བར་སྣང་ལ་འཁོད་པའི་ལྷའི་བུ་བརྒྱད་སྟོང་དག་ཀྱང་ཨ་ལ་ལ་ཞེས་ཅ་ཅོ་དང་གཞའི་སྒྲ་བྱུང་སྟེ། མེ་ཏོག་དག་གི་ཆར་ཡང་རབ་ཏུ་ཕབ། སིལ་སྙན ་དང་། ཀླུ་དབྱངས་ཀྱང་བྱས་ཏེ། ཀྱེ་མའི་འདི་ནི་ཆོས་ཀྱི་གཏེར་ཆེན་པོ་སྟེ། དེ་བཞིན་གཤེགས་པས་ཕྱེ་བ་ཐུགས་རྗེ་ཆེན་པོ་ལ་གནས་ནས། སེམས་ཅན་ཐམས་ཅད་ལ་ཡང ་དག་པར་རབ་ཏུ་བསྟན་པའོ།། བཅོམ་ལྡན་འདས་དེ་ལ་ཆེས་རིན་པོ་ཆེའི་གཏེར་ཆེན་པོ་འདི་ལས་གང་གིས་ཐ་ན་ཅུང་ཟད་ཙམ་ཞིག་ཡོང་སུ་འཛིན་པ་དེ་དག་ཐམས་ཅད་ངན་འགྲོ་རྣམ ་བཱར་ལྟུང་བའི་འཇིགས་པ་རྣམས་ལས་ཡོངསུ་ཐར་པར་འགྱུར། རིམ་གྱིས་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་བླ་ན་མེད་པ་རབ་ཏུ་བསྐོར་བར་འགྱུ་རོ།། འདི་ལྟ་སྟེ་དཔེར་ན། བཅོམ་ལྡན ་འདས་སྐྱེས་བུ་གང་ལ་ལ་ཞིག་གིས་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན། གཏེར་ཆེན་པོ་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངསུ་བལྟམས་པ་བས་མ ་འཚལ་བ་ཞིག་མཐོང་སྟེ། སྐྱེས་བུ་དེ་ཡང་ཕན་པའི་དངོས་པོ་ཕུན་སུམ་ཚོགས་པར་འགྱུར་ལ། དེ་གཏེར་ཆེན་པོ་དེ་མཐོང་ནས་ཀྱང་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་དུ་མཆིས་ཏེ། སྐྱེ ་བོའི་ཚོགས་ཕལ་པོ་ཆེ་ལ་བསྒྲེའོ།། སྙམ་དུ་བསམས་ནས། སྐྱེས་བུ་ཁྱེད་ཚུར་ཤེག་ཁྱེད་ཀྱི་ནང་ན་སུ་ལ་རིན་པོ་ཆེ་དགོས་པ་ལངས་གཏེར་ཆེན་པོ་ཟང་མི་ཤེས་པ་དེ་བསྟན་པར་བྱའོ ་ཞེས་བགྱིས་པ་དང་། བཅོམ་ལྡན་འདས་དེའི་ནང་ནས་ཁ། ཅིག་ནི་དེ་ལ་དད་པར་གྱུར། ཁ་ཅིག་ནི་དད་པར་མ་གྱུར་ལ།། དེའི་ནང་ནས་གང་དག་དད་པར་གྱུར་པ་དེ་དག་གཏེར ་ཆེན་པོའི་གན་དུ་མཆིས་ཏེ། ཁ་ཅིག་ནི་སྟོབས་ཇི་ཙམ་པ་དེ་རྙེད་ཀྱི་རིན་པོ་ཆེ་རྣམས་འཚལ་ཏེ། ཁ་ཅིག་ནི་ཇི་ལྟར་རྟོགས་པ་དེ་འདྲ་བའི་རིན་པོ་ཆེ་འཚལ་ཏེ་མཆིས་ཀྱང་། གཏེར་ཆེན་པོ ་བས་པར་མི་འགྱུར་ཞིང་། འདི་དག་ནི་སྩལ་ཏོ།། འདི་དག་ལ་ནི་མི་སྩལ་ཏོ།། འདི་དག་ནི་འཚལ་ཀྱང་རུང་། འདི་དག་ནི་འཚལ་དུ་མི་རུང་སྙམ་དུ་ཡོངསུ་མི་རྟོག་གོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ ་ལྡན་འདས་གཏེར་ཆེན་པོ་དེ་རྣམ་པར་མི་རྟོག་པའི་སླད་དུའོ།། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གྲངས་མ་མཆིས་པར། ཆོས་རིན་པོ་ཆེའི་གཏར་ཆེན ་པོ་བླ་ན་མ་མཆིས་པ་འདི་བསྒྲུབ་སོ།། བསྒྲུབས་ནས་ཀྱང་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱས།། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། གྲོང་ཁྱེར ་བཱ་ར་ཎ་སའི་དྲང་སྲོང་ལྟུང་བར་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་ཆེན་པོ་རབ་ཏུ་བསྐོར་ཏོ།། ད་ལྟར་ཡང་བཅོམ་ལྡན་འདས་ཀྱིས་འདིར་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་ཆོས་རིན་པོ ་ཆེའི་གཏེར་ཆེན་པོ་བླ་ན་མ་མཆིས་པ་འདི་ཕྱེ་སྟེ། བཅོམ་ལྡན་འདས་ཀྱིས་བསྲི་བ་མི་མངའ་བའི་ཐུགས་ཀྱིས། སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད། ཕན་པའི ་དངོས་པོ་ཡང་དག་པར་བསྐྱེད་ནས། ཚངས་པའི་སྒྲ་དབྱངསཀྱིས་གོ་བར་མཛད་པའི་གསུང་གིས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་ཚུར་ཤེག། ཆོས་རིན་པོ་ཆེའི ་གཏེར་བླ་ན་མེད་པ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་མཐར་འབྱིན་པ་ཟད་མི་ཤེས་པ་བདེ་བ་ཐམས་ཅད་སྦྱིན་པ་ཐམས་ཅད་སྦྱིན་པ་འདི་ལོང་ཤིག་ཅེས་གོ་བར་མཛད་པ་དེ ་ལ་བཅོམ་ལྡན་འདས་སྐྱེས་བུ་གཏི་མུག་ཅན་མ་དད་པ་ཁ་ཅིག་ནི་མ་མོས། གློ་བ་མི་ཆེས་མི་རྟོག་ཅིང་དད་པར་མི་བགྱིདདོ།། དད་པ་རྟོག་པའི་རང་བཞིན་ཅན་ཁ་ཅིག་ནི་མོས་ཤིང་གློ་བ་ཆོས་རྟོག ་ཅིང་དད་པར་བགྱིད། དེ་དག་གིས་དེ་བཞིན་གཤེགས་པའི་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་ལས་ཅི་ནུས་ཅི་འོ་ས་ཆོས་རིན་པོ་ཆེ་ལེན་ཅིང་། ཐེག་པ་ལ་ཇི་ལྟར་མོས་པ་བཞིན་དུ་རྣམ་པར་འགྲེལ ་ཏེཁ་ཅིག་ནི་ཉན་ཐོས་ཉིད་ཀྱི་སླད་དུ། ཁ་ཅིག་ནི་རང་སངས་རྒྱས་ཉིད་ཀྱི་སླད་དུ། ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སླད་དུ་ཞུགས་ཀྱང་། དེ་བཞིན་གཤེགས ་པའི་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་ཕྱེ་བླ་ན་མ་མཆིས་པ་ནི་ཡོངསུ་བས་པར་མི་འགྱུར་ཞིང་ཡོངསུ་མི་རྟོག། བཅོམ་ལྡན་འདས་དེ་ལ་གང་གོས་དེ་བཞིན་གཤེགས་པའི་ཆོས་རིན་པོ་ཆེའི ་གཏེར་ཆེན་པོ་འདི་ལྟར་རབ་ཏུ་བཏང་བའི་ད་ལྟར་རྣམ་པར་ཕྱེ་བ་འདི་ལས། ཐ་ན་ཅུང་ཟད་ཙམ་ཡང་མི་འཛིན་པ་དེ་དག་རིན་པོ་ཆེ་ལས་ཡོངསུ་ཉམས་ཤིང་། རིན་པོ་ཆེ་ལས་སླད་རོལ་ཏུ ་གྱུར་ཏེ། ཡུན་རིང་པོར་ངན་སོང་གསུམ་པོ་དག་ལ་དགའ་བར་འགྱུར།། བཅོམ་ལྡན་འདས་གང་དག་ཆོས་རིན་པོ་ཆེའི་གཏེར་རིན་པོ་ཆེ་འདི་ལས་ཐ་ན་ཚིག་བཞི་པའི་ཚིགསུ་བཅད་པ་ཙམ ་འཛིན་པ་དེ་དག་ཀྱང་། འཕགས་པའི་ནོར་དང་ལྡན་ཏེ། དབུལ་པོ་མ་ལགས་ན། གང་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ལེའུ་གཅིག་ཙམ་འཛིན་ཏམ། གཉིས་སམ། ་གསུམ་འམ། བཞི་འམ། ལྔ་འམ། བཅུའམ། ཉི་ཤུ་འམ། སུམ་ཅུ་འམ། བཞི་བཅའམ། ལྔ་བཅུའམ། དྲུག་ཅུའམ། བདུན་ཅུ་འམ། མཐའ་དག་རྫོགས ་པར་འཛིན་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སྐྱེས་བུ་དམ་པ་དེ་དག་གི་བསོད་ནམས་ཀྱི་མཐའ་རྟོགས་པ་མི་ནུས།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ། སེམས ་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་རབ་ཏུ་ནོན་པ་གང་དག་ཆོས་ཀྱི་སྒོའི་ལེའུ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར ་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། དེ་དག་བདུད་ཆོམ་པ་དང་། དེ་དག་ཐེག་པ་ཆེན་པོ་འདི་ལ་མངོན་པར་ཤེས ་པ་ཐོབ་པར་རིག་པར་བགྱིའོ།། ཞེས་ཆེ་དང་བརྗོད་པ་ཆེད་དུ་བརྗོད།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་ལེགསོ་བར་ཞེས་བྱ་བ་བྱིན་ཏེ། ལྷའི་བུ་དག ་ཚིག་འདི་ལེགས་པར་སྨྲས་པ་ལེག་སོ་ལེག་སོ།། གང་དག་ཆོས་ཀྱི་སྒོའི་ལེའུ་འདི་ཉན་པ་དང་། ཐོས་ནས་ཀྱང་མོས་པ་དང་། མོས་ནས་ཀྱང་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ་ཀུན་ཆུབ་པར་བྱེད་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པའི་སྐྱེས་བུ་དམ་པ་དེ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་གཞོལ་བར་ལྟ། དེ་དག་ཡོན་ཏན་ཐམས་ཅད་ལ་གནས་པར་ལྟ། དེ་དག་ཐམས་ཅད ་མཁྱེན་པའི་གཙུག་ཏུ་བྱིན་པ་དང་། འཇིག་རྟེན་གནས་པ་ལོང་བ་ལ་ཤེས་རབ་ཀྱི་སྒྲོན་མ་བྱེད་པ་དག་ཏུ་བལྟ་སྟེ། དེ་ལ་མི་ཐོག་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུརརོ།། དེ་ཅིའི་ཕྱིར་ཞེ།། ན། འདི་ལྟ་སྟེ། དེ་དག་ཐེག་པ་ཆེན་པོའི་ཐེག་པ་ལ་ནོ། ན་བའི་ཕྱིར།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས ་ཚིགསུ་བཅད་པ་འདི་དག་གསུང་སོ།། སངས་རྒྱས་ཐེག་པ་ཆེན་པོའི་ཐེག་འདི་ཁྱད་པར་འཕགས། ན་མཁའི་དཀྱིལ་དང་འདྲ་སྟེ་འཇིག་རྟེན་ཀུན་ལས་འདས།། སྲིད་གསུམ་ལས་འདས་ནས ་བྱང་ཆུབ་སྙིང་པོར་འགྲོ།། ཆགས་པ་མེད་ཆགས་པ་ཀུན་ལས་ཤིན་ཏུ་འདས།། སྦྱིན་དང་དུལ་དང་ཞིང་ཚུལ་བཞིན་བསམ་པ་ཡིས།། བསྐལ་པ་བྱེ་བར་རྒྱ་ཆེན་ལས་བྱུང་བསྔགས་པར ་བརྗོད། ཚུལ་ཁྲིམས་ཀྱིས་ནི་སྡིགས་བསལ་ལུས་དང་ངག་སེམས་དག། སྲིད་པ་ཐམས་ཅད་བོར་ནས་བྱང་ཆུབ་སྙིང་པོར་འགྲོ། མཉམ་ཞིང་རྗེ་སུ་མཉམ་སེམས་སེམས་ཅན་ཀུན་སྐབས ་འབྱེད་པ་དེ་ལས་གཞན་པའི་ཐེག་དམན་ཇི་སྙེད་ཟིལ་ཀྱིས་གནོན།། གང་དག་རྫུ་འཕྲུལ་རྐང་གིས་རི་རབ་རྒྱལ་མཚན་མཐོ།། ཐེག་པ་ཆེན་པོར་འགྲོ་ཞིང་སེམས་ཅན་ཚིམ་པར་བྱེད།། ཐོས་དང་། ་འདུལ་བར་ལྡན་ཞིང་བསམ་གཏན་ཚུལ་ཁྲིམས་ལྡན། བཟོད་སྟོབས་རབ་ཏུ་ཐོབ་ཅིང་ཤེས་རབ་དབང་བསྐུར་བ།། ཕ་རོལ་ཚོགས་རྣམས་བཅོམ་ཞིང་བདུད་ཀྱི་སྡེ་སྤངས་ནས།། བསམ་གཏན ་ཆགས་མེད་ཐེག་པ་ཆེན་དང་བྱང་ཆུབ་སྙིང་པོར་འགྲོ། བྱམས་པའི་གོ་ཆའི་ཆོས་ཀྱིས་དགྲ་ཡིས་ཐུབ་པར་དཀའ།། ཆོས་དང་ལྡན་ནས་སྙིང་རྗེ་ཆེན་པོར་རིམ་གྱིས་འགྲོ།། བསམ་གཏན་རྫུ ་འཕྲུལ་རྐང་དང་ཚད་མེད་བཞོན་པ་སྟེ།། ལམ་དེ་མི་འདོར་ཁ་ལོ་སྦྱར་བ་བྱང་ཆུབ་སེམས།། ཕྱོགས་བཅུ་མཐའ་ཡས་སེམ་ས་ཅན་ཁམས་རྣམས་ཇི་སྙེད་པ། ཐེག་པ་ཆེན་པོ་འདི ་ལ་བསྐྱོན་པ་ཐམས་ཅད་ནི། གནོད་པ་མེད་ཅིང་འགྲིབ་པ་མེ་དེ་ལ་གང་བ་མེད།། བདེ་བར་གཤེགས་ཀྱི་ཐེག་པའི་ཚེ་འཕྲལ་འདི་འདྲའོ།། དྲན་གནས་ཡང་དག་སྦྱོར་དང་སྤོང ་པ་བཞི་དག་དང་།། རྫུ་འཕྲུལ་རྐང་པ་བཞི་དང་དབང་པོ་སྟོབས་རྣམས་དང་།། རྒྱལ་བས་བསྔགས་པའི་བྱང་ཆུབ་ཡན་ལག་རིན་ཆེན་བདུན།། ལམ་གྱིས་འགྲོ་བར་ལྡན་པ་བྱང་ཆུབ་སྙིང་པོར་འགྲོ།། ཞི ་གནས་ཉོན་མོངས་ཞི་ཞིང་ཆོས་ལ་སྣང་བར་འགྱུར།། རྡུལ་དང་མུན་པ་བསལ་ནས་སྲིད་པ་གསུམ་ན་མཛེས།། བརྒྱ་བྱིན་དང་ནི་ཚངས་པས་སྤྱི་བོས་ཕྱག་བྱས་ཏེ།། ལེགས་མཚུངས་མེད་ཐེག་འདིར ་ཀུན་གྱིས་བཞོན་པར་བགྱི།། ཕ་རོལ་ཏུ་ཕྱིན་པ་གང་དག་སྦྱིན་ཚུལ་བཟོད་པ་དང་། བརྩོན་འགྲུས་བསམ་གཏན་ཤེས་རབ་ཡེ་ཤེས་མངོན་པར་ཤེས།། དེ་བཞིན་ཐབས་དང་བསྡུ་བ་སྙིང ་པོ་ལྡན་པ་སྟེ།། བདུད་རྣམས་བརྒྱ་སྟོང་གིས་ཀྱང་གདུལ་ཕྱིར་ཐུབ་པ་མེད།། སེམས་ཅན་གང་དག་ཚུལ་ངན་སྡིག་ལས་བརྩོན་པ་དང་།། བྱང་ཆུབ་སེམས་དཔའ་གང ་ངག་ཡོན་ཏན་བརྒྱས་འཕགས་དང་།། གང་དག་བྱང་ཆུབ་སེམས་ཀྱི་སེམས་རྒྱ་ཆེར་གྱུར་པ། ཀུན་ཀྱང་ཐེག་པ་མཆོག་ལ་ཞུགས་ནས་མཉམ་པར་མཐོང་། གང་དག་སྣ་ཚོགས་བསྔགས ་དང་འཇིག་རྟེན་དོན་ལྡན་དང་།། གང་དག་དགེ་ཆོས་ཡང་དག་འཇིག་རྟེན་འདས་གྱུར་པ། སློབ་དང་མི་སློབ་གང་དག་རང་རྒྱལ་རྣམས་ཀྱི་དང་།། སྒོ་དེར་སངས་རྒྱས་ཐེག་པ་ཆེན་པོའི་བདག ་ཉིད་ཞུགས། གང་དག་ཉོན་མོངས་རྣམས་མང་སྣ་ཚོགས་སེམས་ལྡན་དང་།། སྡུག་བསྔལ་སེམས་ཅན་གང་དག་འདུས་བྱས་འཁོར་གྱུར་པ།། དེ་དག་ཤིན་ཏུ་རབ་ཏུ་ཞི་བར་བྱེད་ཅིང ་འགྲོ། བྱང་ཆུབ་སེམས་དཔའ་ཐེག་པ་མཆོག་ལ་གནས་ནས་སྟོན།། ལེ་ལོ་ཅན་གྱི་མི་གང་ཉམ་ཆུང་མ་ཐུ་ཞན་ལ། སེམས་ཅན་སྡུག་བསྔལ་ཟད་བར་བྱ་ཕྱིར་སེམས ་མི་སྐྱེད་དེ། བདག་བདེ་ཚོལ་གྱི་སེམས་ཅན་དོན་ལ་མི་བརྩོན་པ། དེ་དག་ཐེག་པ་མཆོག་ཐོས་ནས་ནི་སེམས་སྐྲག་འགྱུར། བྱང་ཆུབ་སེམས་དཔའ་མཁས་གསལ་བདག ་ཉིད་ཆེན་པོ་གང་། བརྩོན་འགྲུས་སྟོབས་ལྡན་རྟག་ཏུ་སེམས་ཅན་དོན་བརྩོན་ལ། སྙིང་རྗེ་ཚེ་དང་ལྡན་གསས་གྱུར་པ།། དེ་དག་རབ་ཏུ་དགའ་བོའི་སེམས་ཀྱིས་ཐེག་མཆོག་ཞོན།། ཐེག ་པ་མཆོག་རབ་གྱ་ནོམ་གཙོ་བར་འདིར་གནས་ཏེ།། འཇིག་རྟེན་ཀུན་གྱི་སྤྱོད་པ་མཐའ་ཡས་ཇི་སྙེད་དང་།། དབང་པོ་ཐ་མ་འབྲིང་དང་རབ་དང་བསམ་པ་རྣམས།། སྤྱོད་ཀུན་བྱང་ཆུབ ་སེམས་དཔའ་སྐད་ཅིག་ཙམ་ལ་ཤེས།། རླབས་པོ་ཆེ་ཡི་ཐེག་པ་མཆོག་འདིར་གནས་ནས། དེ་ཡི་ལུས་ཀྱི་ཡན་ལག་མཚན་གྱིས་བརྒྱན་པར་འགྱུར།། ཚིག་སྙན་ཡིད་དུ་འོ་ནིང ་འཇིག་རྟེན་ཀུན་ཚིམ་བྱེད།། སེམས་ཡིད་རྣམ་དག་བསམ་གཏན་མངོན་ཤེས་ལྡན་པར་འགྱུར།། འདི་ལས་རྒྱལ་བ་རྣམས་ཀྱིས་སངས་རྒྱས་ཚུལ་མི་འཆང་།། འདི་ལས་ཆོས ་ཚུལ་གྱ་ནོམ་ཚུལ་ཡང་རབ་ཏུ་འབར།། འདི་ལས་འགྲོ་བའི་སྦྱིན་གནས་དགེ་འདུན་འབྱུང་བར་འགྱུར།། དེས་ན་སངས་རྒྱས་ཐེག་འདི་འཇིག་རྟེན་གསུམ་དུ་གྲགས།། ཐེག་པ ་འདི་ནི་སྟོང་པའི་ཞིང་དུ་མི་འགྲོ་སྟེ། རྒྱལ་བ་རྣམས་ཀྱི། འདི་ནི་སྐད་ཅིག་མི་སྣང་འགྲོ། ཕྱོགས་བཅུར་སེང་ཡང་མ་དསུ་མི་སྐྱོ་འགྲིབ་པ་མེད། མཚུངས་པ་མེད་པོའི་ཐེག་པའི ་འཕྲུལ་ཅི་འདྲ་ལྟོས།། འཇིག་རྟེན་ཀུན་ཏུ་བསྐོར་ཀྱང་གང་ཞིག་ད་འདྲ་འམ།། དེ་ལས་ལྷག་པར་འགྱུར་བའི་སེམས་ཅན་དེ་མི་རྙེད། བྱང་ཆུབ་སེམས་དཔའ་ཚེ་ཉིད་འགྲོ་བའི་དཔའ་བོ་གཅིག ་ཐེག་པ་མཆོག་ལ་གནས་ནས་བདང་སྡེ་སྐྲག་པར་བྱེད།། ཐེག་པ་མཆོག་ལ་གནས་ནས་གཟུགས་དང་སྟོབས་མཐུ་དང་། ལོངས་སྤྱོད་དབང་ཕྱུག་ཐོབ་ཅིང་བརྒྱ་བྱིན་ཚངས་པ་དང་།། འཁོར་ལོས ་སྦྱར་དང་སྐྱོང་དང་གང་ཡང་སྲིད་གསུམ་ན།། ལྷ་དང་མི་ཡི་བདེ་སྐྱིད་སྐྱིད་པ་ཐམས་ཅད་འཐོབ།། ཐེག་པ་མཆོག་ལ་གནས་ནས་སེམས་ཞུམ་བརྒྱ་ལམ་མེད།། གོང་བ་མེད་ལ་འཕངས་ཤིང་འཕངས་པ ་རྣམས་ཀྱང་གཏོང་། བྱིན་ནས་ཞུམ་པ་མེད་ཅིང་མིག་དང་མགོ་བཏང་ནས།། དགའ་ཞིང་བྱམས་པའི་སེམསུ་འགྱུར་ཏེ་བྱང་ཆུབ་འགྲོ། ཐེག་པ་མཆོག་ལ་གནས་ནས་དེ་ནི་སྐྱབས་འགྱུར་ཏེ།། ཚུལ ་ཁྲིམས་ལྡན་ཞིང་ཚངས་པར་སྤྱོད་པས་ཡོངསུ་དག། ཚུལ་ཁྲིམས་བརྟུལ་ཞུགས་དཀའ་ཐུབ་ཀྱིས་ནི་ཉི་ཟླ་འགོག། སྲིད་པ་དང་ནི་གཟུགས་དང་ལོངས་སྤྱོད་འདོད་མི་འགྱུར།། མི ་སྙན་ཚིག་རྣམས་ཐོས་ཀྱང་མི་ཁྲོ་འཁྲག་མི་འགྱུར། ལུས་ནི་རྣམ་པར་གཏོར་ཀྱང་སེམས་ཅན་རྗེ་སུ་སྲུང་།། བདག་ལུས་རྙེད་སླ་ཆོས་ཀྱི་རྒྱལ་སྲིད་སྙེད་དཀའ་སྙམ།། ཐེག་པ་མཆོག་ལ་གནས་ནས ་བཟོད་པ་དག་པ་འདི་འདྲའོ།། བསྐལ་པ་བརྒྱ་ཕྲག་མཐའ་ཡས་ཇི་སྙེད་འཁོར་གྱུར་པ།། དེ་སྲིད་དུ་ཡང་ངན་སོང་རྣམསུ་འཁོར་བྱེད་ཅིང་།། སེམས་ཅན་བསྒྲལ་བའི་ཕྱིར་ནི་བརྩོན་འགྲུས་སྟོབས་སྐྱེད། ་ཐག་པ་མཆག་ལ་གནས་ནས་བཟང་བ་དག་པ། འདིའི་དྲག། བསྐལ་པ་བརྒྱ་ཕྲག་མཐའ་ཡས་ཇི་སྐད་འཁོར་གྱུར་པ། ང་སྲད་དུ་ཡང་ངན་སང་རྣམསུ་འཁར་བྱེད་ཅང་། སེམས་ཅན་བསྒྲལ ་བ་བྱེར་ན་བརྩན་འགྲུས་སྟབས་སྤྱད།། ཐེག་པ་མཚོ། ག་ལ་གནས་པའི་བརྩོན་འགྲུས་མཐུ་འདི་འདྲ།། ཤིན་ཏུ་ཞི་མཉན་དེས་བསམ་གཏན་ཆོ་ག་ཤེས། འགྲོ་བ་རྣམས་ཀྱི་ངན ་ཕྱིར་བྱམས་པའི་བསམ་གཏན་པ།། བསམ་གཏན་བདེ་བ་དེ་ལ་ནམ་ཡང་མི་ཆགས་ཏེ། དྲན་དང་ལྡན་པ་འདྲེན་པ་རྣམས་ལ་ལྟ་བར་འདོད།། ཆོས་རྣམས་ཐམས་ཅད་རྒྱུ་ལས་འབྱུང་ཞིང་སྟོང་པར ་ཤེས།། དེ་ནི་བདག་དང་སེམས་ཅན་ཆོས་རྣམས་མི་དམིགས་ཏེ། ལྟ་བ་ཡོངས་དག་ཤེས་རབ་ལྡན་ཞིང་སེམས་ཀྱང་འདུལ།། ཐེག་པ་མཆོག་གནས་ཤེས་རབ་དག་པ་འདི་འདྲའོ།། གང་ཡང ་བདེན་དང་ཚད་མེད་པ་དང་བསམ་གཏན་བཞི།། མངོན་ཤེས་ལྔ་དང་སངས་རྒྱས་ཀྱི་ནི་ཡང་དག་རིག། རྟོན་པ་བཞི་དང་ཆོས་ཀྱི་སྦྱིན་པ་དམ་པ་རྣམས། ཐམས་ཅད་སངས་རྒྱས་ཐེག་པ་དམ་པ་འདི་ལས ་བྱུང་། གང་གིས་མི་དབང་སངས་རྒྱས་སེངྒེའི་སྒྲ་སྒྲོགས་པ།། སྟོབས་བཅུའི་སངས་རྒྱས་ཆོས་རྣམས་མཐའ་ཡས་གང་ཡིན་དང་། སྨིན་མཚམས་སྤུ་དང་སྤྱི་གཙུག་བལྟར་ནི་མི་མཐོང་བ། ཐེག་པ ་མཆོག་ལ་གནས་པས་རྙེད་པར་དཀའ་མ་ཡིན། གང་གིས་འགྲོ་བ་འདུལ་ཞིང་བསམ་པ་ཚིམ་བྱེད་པ། རྒྱལ་བ་རྣམས་ཀྱི་ཆོ་འཕྲུལ་ཁྱད་འཕགས་གསུམ་གང་དང་།། ཐུབ་པའི་བསྟན་པ་བཞར ་ཡང་དོན་མེད་མི་འགྱུར་བ། དེ་དག་ཐེག་པ་མཆོག་ལ་གནས་ནས་མྱུར་དུ་འཐོབ། འཇིག་རྟེན་ཀུན་ན་སྐད་ཅིག་རྣམ་པ་ཇི་སྙེད་པ། ཐམས་ཅད་སྟོབས་བཅུའི་གསུང་ནི་འཁྲུལ་པ་མེད་པ་དང་།། མཉན ་འཇམ་ཡིད་འོང་དོན་ལྡན་ཁ་ན་མ་ཐོ་མེད། ཚངས་དང་མི་ཅིའི་དབྱངས་གསུངས་རྒྱ་ཆེན་པོ་ཡིས་ཚིམ།། དེ་འདྲའི་སངས་རྒྱས་གསུང་ནི་མི་རིང་ཐོབ་འགྱུར་ཏེ།། ནམ་མཁའི་དཀྱིལ་ཚང ་སངས་རྒྱས་ཞིང་རྣམས་གོ་བར་བྱེད། ཇི་སྐད་ཅིགགིས་ཆོས་དོན་ལྡན་པའི་ཚིག་ཐོས་པ། ཐུན་གྱིས་ཉོན་མོངས་ཐམས་ཅད་བསལ་ནས་བདེ་བར་འགྱུར། རྫུ་འཕྲུལ་སྟོབས་ཀྱིས ་ནམཁའི་ཐ་མར་བགྲོད་པར་ནུས། ཕྱོགས་བཅུ་རྣམས་ཀྱི་རྒྱ་མཚོའི་ཆུནི་ཚད་བྱར་ནུས།། སེམས་གཅིག་གིས་ནི་སེམས་ཅན་སྤྱོད་པ་མཐའ་ཡས་ཤེས།། སངས་རྒྱས་ཐེག་པའི་ཡོན་ཏན་བརྗོད་པས ་ཟད་མི་འགྱུར། ལེའུ་བརྒྱད་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཏུ་བསྲུང་བ་དང་། སྦ་བ་དང་། ཡུན་རིང་དུ་གནས་པར་བྱ་བ་དང་། བདག་གིས་སེམས་ཡོངསུ་དཀར་བར་བྱ་བ་དང་། སེམས་ཅན་གཞན། ་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཤིས་པར་བྱ་བའི་ཕྱིར། སྒོའི་ཚིག་དང་། ཕྱག་རྒྱའི་ཚིག་དང་། རྡོ་རྗེའི་ཚིག་འདི་དག་གཟུང ་ཁར་བྱའོ་བཟུང་ནས་ཀྱང་བརྟག་པར་བྱའོ།། ཤེས་རབ་དང་རབ་ཏུ་ལྡན་པའི་སྦྱོར་བར་ངེས་པར་བསམ་པར་མི་བྱའོ།། བློ་གྲོས་རྒྱ་མཚོ་སྒོའི་ཚིག་རྣམས་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་རིག ་པ་ནི་ཆོས་ཐམས་ཅད་ཀྱི་སྒོའི་ཚིག་སྟེ། ཆོས་རྣམས་དབེན་པའི་དོན་ཏུ་སྟོན་ཏོ།། ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་སྐྱེ་བ་མེད་པའི་དོན་ཏུ་སྟོན་ཏོ།། བ་ཞེས་བྱ་བ་ནི་ཆོས ་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དོན་དམ་པའི་དོན་ཏུ་སྟོན་ཏོ།། ན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་མིང་དང་གཟུགས་ཡོངསུ་ཤེས་པ་སྟོན་ཏོ།། ད་ཞེས་བྱ་བ ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དུ་བ་དང་། ཞི་བ་ཉིད་དུ་སྟོན་ཏོ།། ས་ཞེས་བྱ་བ་ནི་ཆོས་ཐམས་ཅ་དཀྱི་སྒོ་སྟེ། ཆོས་རྣམས་ཆགས་པ་ལས་ཤིན་ཏུ་འདས་པར ་སྟོན་ཏོ།། ཏཱ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དེ་བཞིན་ཉིད་ཀྱི་རྗེ་སུ་འགྲོ་བར་སྟོན་ཏོ།། ཀ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ལས་ཀྱི་རྣམ་པར ་སྨིན་པ་དང་བྲལ་བར་སྟོན་ཏོ།། ས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་མཉམ་ཞིང་ཁྱད་པར་མེད་པར་སྟོན་ཏོ།། མ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི ་སྙིང་རྗེ་ཆེན་པོ་སྟོན་ཏོ།། ག་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་རབ་ཅིང་གཏིང་དཔག་དཀའ་བ་ཉིད་སྟོན་ཏོ།། ཛ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་རྒ ་ཤཾ་ལས་ཤིན་ཏུ་འདས་པར་སྟོན་ཏོ།། དྷ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་སྒྲ་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་དབྱིས་འདྲེས་པ་མེད་པར་སྟོན་ཏོ།། ཤ་ཞེས་བྱ་བ་མཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས ་ལ་ཞི་གནས་ཡོངསུ་རྫོགས་པར་བྱ་བར་སྟོན་ཏོ།། ཁ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ན་མཁའ་དང་མཚུངས་པར་སྟོན་ཏོ།། ཀྵ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ་ཆོས་རྣམས་ཟད་པ་དང་མི་སྐྱེ་བར་སྟོན་ཏོ།། ཏ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ལ་ཡེ་ཤེས་ཆགས་པ་མེད་པ་ཉིད་དུ་སྟོན་ཏོ།། སྭ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྐུ ་སྟེ། ཆོས་རྣམས་ཀྱི་གནས་དང་གནས་མ་ཡིན་པ་ལ་མཁས་པ་སྟོན་ཏོ།། སྐ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཕུང་པོ་ཡོངསུ་ཤེས་པ་སྟོན་ཏོ།། ཏྲ་ཞེས ་བྱ་བ་ནི་བྱམས་ཅད་ཀྱི་སྒྲ་སྟེ། ཆོས་རྣམས་མཐཐུག་པ་ཉིད་དུ་སྟོན་ཏོ།། ལུས་དབེན་པ་ནི་ཆོས་ཐམས་ཅད་། སྐྲ་སྟེ། ཆོས་རྣམས་འདོད་ཆགས་དང་བྲལ་བའི་མཐར་སྟོན་ཏོ།། ་སེམས་དབེན་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཞེ་སྡང་དང་གཏི་མུག་འདུལ་བ་སྟོན་ཏོ།། ཉེ་བར་ཞི་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཆགས་པ་མེད་པ་ལ་རྟོན་ཏོ།། ་ཚུལ་བཞིན་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་འབྱུང་བའི་མཐའ་སྟོན་ཏོ།། གནས་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་གནས་པར་སྟོན་ཏོ།། ་ལེན་པ་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་ཐམས་ཅད་རྣམ་པར་གྲོལ་བའི་མཚན་ཉིད་དུ་སྟོན་ཏོ།། ཡོངསུ་འཛིན་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ལ་འཐབ་པ་དང་། ་རྩོད་པ་འདོར་བར་སྟོན་ཏོ།། ཀུན་ནས་ཉོན་མོངས་པ་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་རྣམ་པར་དག་པའི་མཚན་ཉིད་དུ་སྟོན་ཏོ།། རང་བཞིན་ནི་ཆོས། ་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་འོད་གསལ་བ་ཉིད་དུ་སྟོན་ཏོ།། སྣང་བ་ནི་ཆོས་ཐམས་ཅད་གསལ་བ་ཉིད་དུ་སྟོན་ཏོ།། བསྒོམ་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི ་འབྲལ་བ་སྟོན་ཏོ།། གཞི་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་འདྲེས་པ་མེད་པ་ཉིད་དུ་སྟོན་ཏོ།། བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དང་མཉམ་པ་ཉིད་དུ ་སྟོན་ཏོ།། མྱ་ངན་ལས་འདས་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཕུང་པོ་ཐམས་ཅད་སོ་སོར་འདོར་བ་སྟོན་ཏོ།། བློ་གྲོས་རྒྱ་མཚོ་སླའི་ཚིག་འདི་དག་ནི། རང་གི་སེམས་ཡོངསུ་དག ་པར་འགྱུར་བའོ།། སེམས་ཅན་གཞན་དག་དང་། ག། ང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ།། ཡིན་པ་ཤེས་པར་འགྱུར་བའོ།། བློ་གྲོས་རྒྱ་མཚོ་ཆེས་ཐམས་ཅད ་ཕྱག་རྒྱའི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་ཕྱག་རྒྱས་བཏབ་བོ་སྟེ། གཉི་སུ་མེད་ཅིང་གཉིས་ཡོངསུ་དག་པའོ།། བློ་གྲོས་རྒྱ་མཚོ་ཆོས ་ཐམས་ཅད་ནི་མཐའ་དག་དང་། མཐའ་ཡས་པ་དང་། མཐའ་མེད་པ་ལས་རྣམ་པར་གྲོལ་བའི་ཕྱག་རྒྱས་བཏབ་པ་སྟེ། ཆད་པ་དང་རྟག་པ་ཡོང་སུ་དག་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཟད་པ ་དང་། འདོད་ཆགས་དང་བྲལ་བའི་ཕྱག་རྒྱས་བཏབ་པ་སྟེ། ཟད་པའི་སྒོ་ཟད་པའི་མཐའ། ཟད་པའི་མུར་ཐུག་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི། བདེག་པ་མེད་ཅིང་གཞག་པ་མེད་པའི ་ཕྱག་རྒྱས་བཏབ་པ་སྟེ། མཉམ་པ་ཉིད་ཀྱིས་མཐའ་ཡོང་སུ་དག་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ན་མཁའི་ཕྱག་རྒྱས་བཏབ་པ་སྟེ། མིག་ལྔའི་ལམ་ལས་ཤིན་ཏུ་འདས ་པའོ་དུ་བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དང་། ན་མཁའི་དབྱིངས་ཀྱི་ཕྱིར། ན་མཁའི་དཀྱིལ་གྱི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཆོས་ཀྱི ་དབྱིངསུ་ཡང་དག་པར་འདུ་བའི་ཕྱིར། འདྲེས་པ་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་འདྲེས་པ་མེད་པའི་མཚན་ཉིད་ཀྱི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་བཏབ ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྔོན་གྱི་མ་ཐའ་དང་། ཕྱི་མའི་མཐར་དེ་བཞིན་ཉིད་ཀྱི་ཕྱིར། དེ་བཞིན་ཉི། ད་ཀྱི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི ་གདོད་མ་ནས་ཤིན་ཏུ་ཡོང་སུ་དག་པའི་ཕྱིར། ཡང་དང་བའི་མཐའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་མཉམ་པཞི ་མཚུངས་ཕྱིར། སྟོང་པ་ཉིད་ཀྱི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་དམིགས་པ་ཐ་དད་པ་དང་བྲལ་བའི་ཕྱིར། མཚན་མ་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ ་མཚོ་ཆོས་ཐམས་ཅད་ནི་སྨོན་ལམ་ཐམས་ཅད་དང་བྲལ་བའི་ཕྱིར། སྨོན་པ་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱི་ཕྱིར། མི ་རྟག་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཕུང་པོ་ལྔར་ཡོང་སུ་བསྡུ་བའི་མཚན་ཉིད་ཀྱི་ཕྱིར། སྡུག་བསྔལ་གྱི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད ་། ནི་རང་བཞིན་གྱིས་བདག་མེད་པའི་ཕྱིར། བདག་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཤིན་ཏུ་མི་གཡོ་བའི་ཕྱིར། ཞི་བའི་ཕྱག་རྒྱས་བཏང་བའོ།། ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་དོན་དམ་པའི་བདེན་པར་ཡང་དག་པར་འདུ་བའི་ཕྱིར། བདེན་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ས་བོན་མི་གནས་པའི་ཕྱིར་དྲི་མ་མེད་པའི ་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཤིན་ཏུ་ཐུག་པའི་ཕྱིར། མི་འཁྲུག་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྔོན་གྱི་མཐའ་དང་བྱི ་མའི་མཐའ་ཡོངསུ་ཆད་པའི་ཕྱིར། ཇི་ལྟ་བཞིན་གྱིས་བྱ། དག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཁམས་གསུམ་ཐམས་ཅད་རོ་གཅིག་ཕྱིར། དུས་གསུམ་མཉམ་པ་ཉིད་ཀྱི ་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འབྱུང་བ་མེད་པའི་ཕྱིར། རྨ་འབྱུང་བའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས ་ཐམས་ཅད་ནི་རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར། འགོག་པ་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ང་རྒྱལ་གྱིས་ལྷག་པར་བྱེད་པ་ལྷོག་པར་མི་བྱེད་པའི ་ཕྱིརརསྒྲོ་འདོགས་པ་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རྣམ་པར་རྟོག་པ་ཐམས་ཅད་ཀུན་ཏུ་རྒྱུ་བ་མེད་པའི་ཕྱིར། སྤྲོས་པ་མེད་པའི་ཕྱག་རྒྱས་བཏབ་པའོ།། དྲོ ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གཟུགས་མེད་ཅིང་བསྟན་ཏུ་མེད་པའི་ཕྱིར། མཚན་གྱིས་མཚན་བཏབ་པ་མེད་པའི་ཕྱག་རྒྱས་བཏབ་བའོ།། བློ་གྲོག་རྒྱ་མཚོ་ཆོས་ཐམས་ཅད་ནི་གཞི་ཡང ་དག་པར་རབ་ཏུ་ཆད་པའི་ཕྱིར། གོས་པ་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གཉེན་པོ་མི་དམིགས་པའི་ཕྱིར། སྐྱོན་ཏུ་བྱ་བ་མེད་པའི་ཕྱག་རྒྱས་བཏབ་པའོ།། ཟླ ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་མངོན་པར་འདུ་བྱ་བ་ཐམས་ཅད་མེད་པའི་ཕྱིར། ལས་མེད་ཅིང་རྣམ་པར་སྨིན་པ་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྐྱེ་བ་དང་། ་གནས་པ་དང་བྲལ་བའི་ཕྱིར། འདུས་མ་བྱས་ཀྱི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི། ཆོས་ཐམས་ཅད་ན་མཁའི་དཀྱིལ་དང་བྱེ་བྲག་མེད་པའི་ཕྱིར། ཆོས་ཐམས ་ཅད་མཉམ་པ་ཉིད་ཀྱི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཕྱག་རྒྱའི་ཚིག་དེ་དག་ནི་བྱ་རྒྱའི་ཚིག་གང་དག་གིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས ་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཕྱག་རྒྱས་པ། ཏབ་པ་སྟེ། ཕྱག་རྒྱའི་ཚིག་དེ་དག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་བྱ ་ཆུབ་སེམས་དཔའ་ཕྱག་རྒྱ་དེ་ལྟ་བུས་བཏབ་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱར་ཡང་དག་པར་འདྲ་སྟེ། མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐེབོ།། བློ་གྲོས་རྒྱ་མཚོ་ཕྱག་རྒྱའི ་ཚིག་དེ་དག་ནི་དགེ་བའི་རྩ་བ་མ་སྐྱེས་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་གྲགས་པར་མི་འགྱུརརོ།། འདིར་བདུད་ཀྱི་ལས་ཐམས་ཅད་ཚར་གཙད།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ཡང་དག ་པར་འདུབ་མོ་ཟད་པའི་ཟམ་ཏོག་གི་གཟུངས་གང་ཡིན་པ་དེ་ཡང་ཕྱག་རྒྱའི་ཚིག་འདི་ཉིད་དུ་འདུས་ཏེ་རྗེ་སུ་འུག་སོ།། བློ་གྲོས་རྒྱ་མཚོ་ཏིང་འཛིན་བརྒྱད་ཁྲི་བཞི་སྟོང་དང་། སེམས་ཅན་གྱི་སྤྱོད་པ་ལ ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་བརྒྱད་ཁྲི་བཞི་སྟོང་གང་ཡིན་པ་དེ་དག་ཀྱང་ཕྱག་རྒྱའི་ཚིག་འདི་ཉིད་དུ་འདུས་ཏེ་རྗེ་སུ་ཞུགས།། བློ་གྲོས་རྒྱ་མཚོ་དེ་ལ་རྡོ་རྗེའི་ཚིག་དེ་དག་གང་ཞེ་ན། ་འདི་ལྟ་སྟེ། རང་བཞིན་གྱིས་འདྲེས་པ་མེད་པའི་ཕྱིར། འཇིག་ནོ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ལྟ་བ་ཐམས་ཅད་ངེས་པར་རྟོགས་པར་འགྱུརརོ།། རིག་པ་ལ་འཇུག་པའི་ཕྱིར། མ་རིག་པ ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ལྷག་པར་དམིགས་པའི་དངོས་པོ་ཡོངསུ་ཤེས་པར་འགྱུརརོ།། མངོན་པར་འདུ་བྱ་བ་མེད་པ་དང་། མཉམ་པ་ཉིད་ཀྱི་ཕྱིར་མཚམས་མེད་པའི་མཐའ ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་མངོན་པར་འདུ་བྱེད་པ་ཐམས་ཅད་ཡོངསུ་ཤེས་པར་འགྱུར་བའོ།། འདོ་ཆགས་དང་བྲལ་བའི་མཐའ་དང་མཉམ་པ་ཉིད་ཀྱི་ཕྱིར། ་འདོད་ཆགས་ཀྱི་མཐའ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་འདོད་ཆགས་དང་འགྱུར་བའོ།། བྱམས་པའི་མཐའ་དང་མ་ཉམ་པ་ཉིད་ཀྱི་ཕྱིར། ཞེ་སྡང་གི་མཐའ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི ་ཚིག་འདི་ནི་ཞེ་སྡང་ཐམས་ཅད་ཡང་དག་པར་འཇོམས་པར་འགྱུར་བའོ།། ཤེས་རབ་ཀྱི་སྣང་བ་དང་མཉམ་པ་ཉིད་ཀྱི་ཕྱིར། གཏི་མུག་གི་མཐའ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་མུན་པ་མེད་ཅིང་སྣང ་བར་འགྱུར་བའོ།། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ལ་འཇུག་པའི་ཕྱིར། སེམས་ཅན་ཐམས་ཅད་སེམས་ཅན་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་སེམས་ཅན་ཐམས ་ཅད་ཀྱི་ངོ་བོ་ཉིད་ཀྱི་རྗེ་སུ་རྟོག་པར་འགྱུར་བའོ། སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད་ལ་འཇུག་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སེམས་རྣམས་སེམས་གཅིག་པ་འཛིན་། ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་སེམས་རང་བཞིན་གྱིས་འོད་གསལ་བར་རྗེསུ་རྟོག་པར་འགྱུརརོ།། དེ་བཞིན་ཉིད་མཉམ་པ་ཉིད་ལ་འཇུག་པའི་ཕྱིར། སངས་རྒྱས་ཐམས་ཅད་སངས་རྒྱས་གཅིག་པ་འདི། ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྗེ་སུ་རྟོག་པར་འགྱུར་བའོ།། ཞིང་མི་ཟད་པ་ལ་འཇུག་པའི་ཕྱིར། ཞིང་ཐམས་ཅད་ཞིང་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། ་རྡོ་རྗེའི་ཚིག་འདི་ནི་ན་མཁའ་དང་མཉམ་པ་ཉིད་རྗེསུ་རྟོག་པར་འགྱུརརོ།། ཆོས་ཐམས་ཅད་མཉམ་པ་ཉིད་ལ་འཇུག་པའི་ཕྱིར། ཆོས་ཐམས་ཅད་ཆོས་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི ་ཚིག་འདི་ནི་གཉི་སུ་མེད་པའི་ཆོས་ཀྱི་སྒོ་རྗེ་སུ་རྟོག་པར་འགྱུརརོ།། ཐམས་ཅད་དུ་ཡེ་ཤེས་ཀྱི་རྗེསུ་འགྲོ་བ་ལ་འཇུག་པའི་ཕྱིར། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་འདི་ནི་རྡོ་རྗེའི་ཚིག་སྟེ། ་རྡོ་རྗེ་ལ་ཚིག་འདི་དི། རྡོ་རྗེ་ལ་བུ་འཛིན་སུ་ནོ། བར་འགྱུརའོ།། བདུད་ཀྱིལས་རྗེ་སུ་རིགས་པ་ལ་འཇུག་པའི་བྱིར། ལས་ཐམས་ཅད་སངས་རྒྱས་ཀྱི་འཛིན་ལས་འཛིམ ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་བདུད་ཀྱི་ལས་དམ་ས་ཅད་ལས་ཤིན་ཏུ་འདའ་བར་འགྱུར་བའོ།། སྐད་ཐམས་ཅད་རྗེ་སུ་རྟོག་པ་ལ་འཇུག་པའི་ཕྱིར། ཚིག་ཐམས་ཅད ་དེ་བཞིན་གཤེགས་པའི་གསུང་འདི་ནི་རྫི་རྗེ་ཚིག་སྟེ། རྡོ་རྗེ་ཚིག་འདི་ནི་ཆས་བརྗིད་དུ་མེད་པར་རྟོགས་པར་འགྱུར་བའོ།། འཆི་འབོ་མེད་པ་ལ་འཇུག་པའི་ཕྱིར། ཆེས་ཐམས་ཅད་མ་སྐྱེས ་པ་ཛིན་ཚིགས། ཚན་འཛ་མ་ས་ཅད་བྱུབང་། གང་ག་ནབང་གི། འམིབར་ལམ་ལས་ཤེས་ཏུ ་འགྱུར་བའོ།། འགོག་པ་མེད་པ་ལ་འཇུག་པའི་ཕྱིར། ཆོས་ཐམས་ཅད་མ་བྱུང་བ་འདིན་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། ་འགག་པ་མེད་པར་འགྱུར་བའོ།། བློ་གྲོས་རྒྱ་མཚོ་རྡོ་རྗེའི་ཚིག་དེ་དག་ནི་མི་ཕྱེད་པའི་ཚིག། སྙིང་པོའི་ཚིག། མཉམ་པའི་ཚིག། བདེན་པའི་ཚིག། བརྟན་པའི་ཚིག། ཐ་དད་པ་མེད་པའི་ཚིག། ་རྗེསུ་འགྲོ་བའི་ཚིག། རྒྱུན་ཆད་པ་མེད་པའི་ཚིག་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ནི་བའི་ཚིག། སྐྱོན་ཏུ་བྱ་བ་མེད་པའི་ཚིག། སྒྲོ་བཏགས་པ་མེད་པའི་ཚིག། འགྲོ་བ་མེད་པ་རྟོགས ་བ་ལ་འཇུག་པའི་ཚིག། འགྲོ་བ་མེད་པའི་ཚིག། དེ། ཁོ་ནའི་ཚིག། ཡང་དག་པའི་ཚིག། སངས་རྒྱས་དང་མི་འག། ལ་བའི་ཚིག། ཆོས་སྤོང་བའི་ཚིག། དགེ་འདུན་ཡོངསུ ་སྡུད་པའི་ཚིག། ཇི་ལྟ་བ་བཞིན་གྱིས་ཚིག། འཁོར་གསུམ་ཡོངསུ་དག་པའི་ཚིག། དཔའ་བའི་ཚིག། ཚངས་པའི་ཚིག། གཡོ་བ་མེད་པའི་ཚིག། ན་མཁའ་དང་མཉམ་པའི་ཚིག ་བྱང་ཆུབ་ཀྱི་རྗེསུ་འགྲོ་བའི་ཆོག། མཚན་མ་མེད་པའི་ཚིག། ཆོས་ཀྱི་མཚན་ཉིད་མཚན་ཉིད་མེད་པའི་ཚིག། སེམས་དང་ཡིད་དང་རྣམ་པར་ཤེས་པ་ལ་མི་གནས་པའི་ཚིག། བདུད་དང་ཕྱིར ་རྒོལ་བ་བཅོམ་པའི་ཚིག། དག་ཅིང་དྲི་མ་མེད་པ་ལ་འོད་གསལ་བའི་ཚིག། བྱང་ཆུབ་ལ་རྣམ་པར་ལྟ་བའི་ཚིག། ཤེས་རབ་ཀྱི་སྣང་བའི་ཚིག། མུན་པ་མེད་ཅིང་གསལ་བའི་ཚིག། ་ཤིན་ཏུ་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཚིག། རང་གི་ཡུལ་ཡོང་སུ་དག་པའི་ཚིག། སངས་རྒྱས་ཀྱི་ཡུལ་ལ་འཇུག་པའི་ཚིག། མི་རྟོག་ཅིང་རྣམ་པར་མི་རྟོག་ལ་ཡོང་སུ་མི་རྟོག ་པའི་ཚིག། ཆོས་ཀྱི་དབྱིངས་འདྲེས་པ་མེད་པའི་ཚིག། གནས་པ་མེད་པའི་གནས་ལ་འཇུག་པའི་ཚིག་རྣམ་སོ།། བློ་གྲོས་རྒྱ་མཚོ་རྡོ་རྗེའི་ཚིག་དེ་དག་བྱང་ཆུབ་སེམས་དཔའ་གང་གིས་ངེས་པར ་རྟོག་པའི་དོན་ཏུ་ཁོང་དུ་ཆུད་བ་དེ། བྱང་ཆུབ་ཀྱི་སྙིང་པོར་གནས་ཏེ། སེངྒེའི་ཁྲི་ལ་འདུག་པའོ་ཞེས་ང་སྨྲའོ།། བཅོམ་ལྡན་འདས་ཀྱིས་སྒོའི་ཚིག་དང་། ཕྱག་རྒྱའི་ཚིག་དང་། རྡོ་རྗེ ་ཚིག་འདི་དག་བཤད་པ་ན། བྱང་ཆུབ་སེམས་དཔའ་བརྒྱད་སྟོང་གིས་ཆོས་ཐམས་ཅད་ཀྱི་ཕྱག་རྒྱའི་སྒོ་ལ་འཇུག་པའི་གཟུངས་ཐོབ་པར་གྱུར་ཏོ།། སེམས་ཅན་ཐམས་ཅད་ཀྱི་བསམ ་པ་མཉམ་པ་ཉིད་ལ་འཇུག་པ་ཞེས་བྱ་བའི་ཏིང་འཛིན་ཀྱང་ཐོབོ།། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས ་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་སྟེ། ཡི་རང་ངས་ནས། མངོན་པར་ཤེས་པའི་རྫུ་འཕྲུལ་གྱི་སྟོབས་ཀྱིས། སངས་རྒྱས་ཀྱི་ཞིང་གང་ནས་ལྷགས་པ་དེ་དག་འདི་ལྟ་སྟེ། ་བཅོམ་ལྡན་འདས་མཆོད་པ་དང་། ཆོས་ཀྱི་རྣ་མ་གྲངས་འདི་ཡང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་དེ་དག་ན། མེ་ཏོག་དང་སྤོས་དང་། ཕྲེང ་བ་དང་། བྱུག་པ་ཅི་འདྲ་བ་ཡོད་པ་དེ་འདྲ་བའི་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དག་གི་ཆར་ཆེན་པོ་མངོན་པར་པའོ།། དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ་སྒྲ་སྐད་དང་། ང་རོ་གཅིག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། གཟུགས་ཀྱི་མཚན་ཉིད་མཚན་གཞི་མེད་གཟིགས་པ།། མཚན་ཉིད་གཅིག་གིས་མཚན་གཞི་བྲལ་སྟོན་པ ་མཚན་ཀུན་མཚན་གཞི་མ་མཆིས་མཚན་གཞི་མཉམ། ཡང་དག་མཚན་གནས་ཁྱོད་ལ་ཕྱག་འཚལོ།། སེམས་ཅན་ཀུན་གྱི་སྐད་དང་སྒྲ་ལ་ཞུགས། སྐད་ལ ་ཞུགས་པའི་ཡེ་ཤེས་དེ་ལའང་ཞུགས།། སྒྲ་སྐད་དབྱངས་རྣམས་ཀུན་ལས་རྣམ་པར་གྲོལ།། སེམས་གྲོལ་མཉམ་པའི་སེམས་ལ་ཕྱག་འཚལོ།། སེམས་ཀྱི་རྒྱུ་བ་རྒྱ་ཆེན་ཅི་མཆིས ་པ་སྒྱུ་མའི་སེམས་དང་མཉམ་ཉིང་ཐུགསུ་ཆུད།། རབ་ཏུ་མི་རྒྱུ་རྒྱུ་མི་མངའ།། ། མཁའ་འདྲའི་ཐུགས་དང་ལྡན་ལ་ཕྱག་འཚལོ།། མཆིས་དང་མ་མཆིས་མཐའ་དང་མཐའ་མ ་ལགས།། ཆོས་དང་ཆོས་མིན་ཡོངས་རྟོག་རྣམ་རྟོག་མཉམ།། སེམས་དང་ཡིད་རྣམས་ཐམས་ཅད་ཉེ་བར་ཞི།། སེམས་ཡིད་ཞི་བར་གྱུར་ལ་ཕྱག་འཚལོ།། རྒྱུ་དང་རྐྱེན་དང་བྱ ་བ་རྣམས་ཀྱང་མཁྱེན།། རྒྱུ་ལས་འབྱུང་བའི་རིམ་བ་འང་གསུད་པ་མཛད།། རྒྱུ་དང་རྐྱེན་ནི་རྣམ་གྲོལ་མཐའ་བ་སྟེ།། ཡང་དག་མཐའ་དང་མཉམ་པར་རབ་ཏུ ་མཁྱེན་ཏུ་འདིར་ནི་ཐམས་ཅད་མཉམ་པའི་གཟུགསུ་ཞུགས།། བདེ་གཤེགས་སྐུ་མ་ལག་ལ་ཅི་ཞིག་མཐོང་།། ཁྱོད་ཀྱི་ཐུགས་ནི་རྣམ་སྟོན་པ་ཁྱོད་ནི་རྒྱ་ཆེན་གཟུགས་སྟོན་གཟུགས ་མ་མཆིས།། ཕྱོགས་ན་རྒྱལ་བའི་ཞིང་རྣམས་ཇི་སྙེད་པ།། ཞིང་རྣམས་ཐམས་ཅད་ཞིང་འདིར་རབ་ཞུགས་ཀྱང་།། ཞིང་འདིར་རྣམ་པར་འཕེལ་བ་མ་མཆིས་ལ།། དེ་ནས་མ་གཡོས་འཕོས ་པ་འདུ་མ་མཆིས་ལགས།། སེམས་ཀུན་སེམས་མ་མཆིས་པ་མཉམ་པའི་སེམས།། སེམས་ནི་སྒྱུ་མ་འགྱུར་དང་རྟོག་མ་མཆིས།། བྱང་ཆུབ་སེམས་ནི་མཉམ་ཉིད་ཐུགསུ་ཆུད།། དེས་ན་སངས ་མཉམ་པའི་ཆོས་ལ་གནས།། ཆོས་དབྱིངས་མཉམ་པའི་དབྱིངས་ལ་རབ་ཏུ་ཞུགས།། ཆོས་རྣམས་ཐམས་ཅད་དངོས་པོར་འཇུག་མ་མཆིས།། དངོས་དང་ངོས་མེད་ཆགས་བྲལ་ཆགས་མཉམ ་བའི་འགྲོ་བའི་དོན་མཛད་ཁྱོད་ལ་ཕྱག་འཚལོ།། གདུགས་དང་དགུང་ཟླ་དོག་སར་ལྷུང་ཡང་གདར།། གསེར་མ་ཞགས་པས་གཟུང་དུ་རུང་ཡང་གདའ།། རི་རྒྱལ་ཁའི་དབུགས་ཀྱིས་གཏོར ་དུ་རུང་།། རྒྱལ་བའི་གསུང་ནི་ལོག་པར་གསུང་མི་མངའ།། ཡང་དག་ཁོ་ན་ཅན་གསུང་ཅན་ཡོངསུ་དག། ཐུགས་དག་ན་མཁའ་འདྲ་བའི་ཐུགས་མངའ་བ།། འཇིག་རྟེན་ཆོས་དང་རྙེད་དང་སྲེད་པ ་བསལ།། པདྨ་ལྟ་བུར་སྲིད་གསུམ་ཆགས་མི་མངའ། བསྔགས་པའི་འཕྲེང་བ་གསན་ཀྱང་དགྱེས་མི་འགྱུར།། སྨད་པ་གསན་ཀྱང་ཞེ་སྡང་མི་མངར།། རི་རབ་ལྟ་བུར་ཡོངསུ་རྟོག་ལས ་གྲོལ་བ་འགྲོ་བ་བདེ་སྩོལ་ཁྱོད་ལ་ཕྱག་འཚལོ།། དེ་ན་ས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ས། བཅོམ་ལྡན་འདས་ལ་ཚིག་སུ་བཅད་པ་དེ་དག་གིས ་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་རིན་པོ་ཆེ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང ་བ་ནི་བདེ་བ་བྱུང་བའོ།། དྲན་པ་བྱུང་བའོ།། བློ་གྲོས་བྱུང་བའོ།། རྟོག་པ་བྱུང་བའོ།། ངོ་ཚ་ཤེས་པ་བྱུང་བའོ།། མོས་པ་བྱུང་བའོ།། སྦྱིན་པ་བྱུང་བའོ།། ཚུལ་ཁྲིམས་བྱུང་བའོ།། ་བཟོད་པ་བྱུང་བའོ།། བརྩོན་འགྲུས་བྱུང་བའོ།། བསམ་གཏན་བྱུང་བའོ།། ཤེས་རབ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་བྱམས་པ་བྱུང་བའོ།། སྙིང་རྗེ་བྱུང་བའོ།། ་དགའ་བ་བྱུང་བའོ།། བཏང་སྙོམས་བྱུང་བའོ།། དོན་བྱུང་བའོ།། བདེན་པ་བྱུང་བའོ།། ཆོས་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི།། ཡང་དག་པར ་དགའ་བར་འགྱུར་བའི་ཆོས་བྱུང་བའོ།། དྲན་པ་ཉེ་བར་གཞག་པ་བྱུང་བའོ།། ཡང་དག་པར་སྤོང་བ་བྱུང་བའོ།། རྫུ་འཕྲུལ་གྱི་རྐང་བྱའོ།། དབང་པོ་བྱུང་བའོ།། སྟོབས་བྱུང་བའོ།། བྱང་ཆུབ ་ཀྱི་ཡན་ལག་བྱུང་བའོ།། ལམ་བྱུང་བའོ།། ཞི་གནས་བྱུང་བའོ།། ལྷག་མཐོང་བྱུང་བའོ།། མངོན་པར་ཤེས་པ་བྱུང་བའོ།། རིག་པ་བྱུང་བའོ།། རྣམ་པར་གྲོལ་བ་བྱུང་བའོ།། བཅོམ་ལྡན ་འདས་སངས་རྒྱས་བྱུང་བ་ནི་མི་དགེ་བའི་ཆོས་ཐམས་ཅ་དུ་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་བྱུང་བའོ།། དེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས ་རབ་བརྩེགས་ཤེས་བྱ་བ་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐདས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་གསུངས་པའི ་དོན་ཇི་ལྟར་བདག་གིས་འཚལ་པ་ལྟར་ན་བདག་འདི་སྙམ་གྱི་དེ། བཅོམ་ལྡན་འདས་འདི་ལྟར་སངས་རྒྱས་བྱུང་བ་ནི་འཇིག་ཚོགས་ལ་ལྟ་བ་བྱུང་བའོ།། བཅོམ་ལྡན་འདས་སངས ་རྒྱས་བྱུང་བ་ནི་མ་རིག་པ་དང་། སྲིད་པ་དང་། སྲེད་པ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བྱུང་བའོ།། བཅོམ་ལྡན ་འདས་སངས་རྒྱས་བྱུང་བ་ནི་ཕྱིན་ཅི་ལོག་བཞི་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི། སྒྲིབ་པ་ལྔ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་སྐྱེ་མཆེད་དྲུག ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི། རྣམ་པར་ཤེས་པའི་གནས་བདུན་བྱུང་བའོ།། ལོག་པ་ཉིད་བརྒྱད་བྱུང་བའོ།། གནོད་པའི་དངོས་པོ་དགུ་བྱུང་བའོ།། ་བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་བྱུང་བའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྡིག་པ་མི་དགེ་བའི་ཆོས་དེ་དག་སྤངས་པའི་སླད། ་སངས་རྒྱས་བྱུང་བ་ལགས་ཀྱི། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་གཉེན་པོས་རབ་ཏུ་ཕྱེ་བ་ནི་མ་ལགས་ཏེ། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་གཉེན་པོ་མ ་མཆིས་པ་གཉེན་པོ་དང་བྲལ་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བའི་རྗེསུ་འཆི་བར་འཚལ་བའི་བྱང་ཆུབ་སེམས་དཔས་རྗེ་སུ་འགྲོ་བ་མ་མཆིས་པའི་ཚུལ་གྱིས། ་དེ་ལྟར་སངས་རྒྱས་བྱུང་བའི་རྗེསུ་འཆི་བར་བགྱི། འོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རིགས་ཀྱི་བུ་དེ་དེ་བཞི་ནོ།། ཇི་སྐད་སྨད་པ་བཞིན་ཏེ། ་རྗེསུ་འགྲོ་བ་མེད་པའི་ཚུལ་གྱིས་སངས་རྒྱས་བྱུང་བ་རྗེསུ་འགྲོ་བར་བྱ་སྟེ། སངས་རྒྱས་བྱུང་བ་ལ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་བྱུང་བའི་རྗེསུ་འགྲོ་བར་བྱའོ།། དེ་ནས་བཅོམ་ལྡན་འདས ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལས་དང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། སངས་རྒྱས་འབྱུང་བ་འདི་ལྟ་བུ་འདི་མ ་འཚལ་ནི། བཅོམ་ལྡན་འདས་དེ་དག་ལ་སངས་རྒྱས་འབྱུང་བ་ལྟ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཇི་ལྟར་སེམས་ཡོང་སུ་དག་པ་བཞིན་དུ་དེ་དག་ལལ ་སངས་རྒྱས་འབྱུང་།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔ ་དང་སྤྱོད་པ་ལ་ཞུགས་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོག་པའི་བྱང་ཆུབ་སེམས་དཔའ་སྟེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སྟེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ ་བཞི་པོ་དེ་དག་གོ།། བློ་གྲོས་རྒྱ་མཚོ་དེ་ལ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི། དེ་བཞིན་གཤེགས་པ་ལ་གཟུགས་དང་མཚན་དུ་མཐོང་།། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ ་སེམས་དཔའ་གང་ཡིན་པ་དེས་ནི། དེ་བཞིན་གཤེགས་པ་ལ་ཡོན་ཏན་ཡོངསུ་གྲུབ་པར་མཐོང་།། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི། དེ་བཞིན་གཤེགས་པ་ལ་ཆོས་ཀྱི ་སྐུས་རབ་ཏུ་ཕྱེ་བར་མཐོང་།། བློ་གྲོས་རྒྱ་མཚོ་སྐྱེ་བ་གཅིག་གིས།། ཐོགས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི། དེ་བཞིན་གཤེགས་པ་ལ་གཟུགས་དང་། མཚན་དང་ཡོན ་ཏེན་ཡོངསུ་གྲུབ་པ་དང་། སྐྱེ་བ་དང་། རིགས་དང་། རུས་དང་། ཆོས་ཉིད་དུ་ཁས་མི་ལེན་ཏོ།། དེ་ཅིའི་ཕྱིར་ཞེ་ན། དེའི་མིག་ནི་ཤེས་རབ་ཀྱིས་རྣམ་པར་ལྟ་བའོ།། ཤེས་རབ་ལ་གནས་པའོ།། ཤེས་རབ་ཏུ ་ཡང་དག་པར་འདུ་བའོ།། ཤེས་རབ་ཀྱང་རྒྱུ་བ་མེད་པ། སྨོས་པ་མེད་པ་སྟེ། དེ་ནི་མཐོང་བ་མ་ཡིན་པ། མི་མཐོང་བ་ཡང་མ་ཡིན།། དེ་ཅིའི་ཕྱིར་ཞེ་ན། མཐོང་བ་དང་། མི་མཐོང་བ་དེ་གཉིས་གཡང ་པར་དག་མཐའ་སྟེ། མཐོང་བ་དང་། མི་མཐོང་བའི་མཐའ་གཉིས་དང་བྲལ་བ་ནི། སངས་རྒྱས་མཐོང་བའོ།། གང་སངས་རྒྱས་མཐོང་བ་དེ་བདག་མཐོང་བ་སྟེ། བདག་མཐོང་བ་རྣམ་པར་དག་པས། ་སངས་རྒྱས་མཐོང་བ་རྣམ་པར་དག། སངས་རྒྱས་མཐོང་བ་རྣམ་པར་དག་པས། ཆོས་ཐམས་ཅད་མཐོང་བ་རྣམས་པར་དག་པར་ཁོང་དུ་ཆུད་པར་བྱའོ།། གང་མཐོང་བ་རྣམ་པར་དག་པ་དེ་ལ་ཡེ་ཤེས ་མཐོང་བ་འདི་ནི། སངས་རྒྱས་མཐོང་བ་ཞེས་བྱའོ།། བློ་གྲོས་རྒྱ་མཚོ་ངས་ཀྱང་དེ་བཞིན་གཤེགས་པ་མར་མེ་མཛད་དེ་ལྟར་མཐོང་སྟེ། མཐོང་མ་ཐག་ཏུ་ངས་ཐོབ་པ་མེད་པ་དང་། མི་དམིགས ་པའི་ཚུལ་གྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ།། བཟོད་པ་ཐོབ་མ་ཐག་ཏུ་ངས་ལས་ཤིང་ཏ་ལ་བདུན་ཙམ་དུ་འཕགས་ཏེ། ངན་མཁའི་དཀྱིལ་དེ་ལ་གནས་ནས། ཐམས་ཅད་མཁྱེན་པའི ་ཡེ་ཤེས་ཀྱིས་འབྱོར་པ་ལ་རྣམ་པར་བརྟགས། ལྟ་བར་གྱུར་པ་ཐམས་ཅད་ཡང་དག་པར་ཆད། རྟོག་པ་དང་རྣམ་པར་རྟོག་པ་དང་། ཡོངསུ་རྟོག་པ་ཐམས་ཅད་ལས་ཤིན་ཏུ་འདས་ཤིང ་རྣམ་པར་ཤེས་པ་ཡུལ་ཐམས་ཅད་ལ་མི་གནས་ཏེ། ཏིང་ལ།། ཛིན་དྲུག་ཁྲི་མངོན་སུམ་དུ་གྱུར་ནས། བཅོམ་ལྡན་འདས་དེ།། བཞིན་གཤེགས་པ་མར་མེ་མཛད་དེས། ང་ལ་བྲས ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་བོ་ཞེས་བྱ་བར་འགྱུརརོ།། ཞེས་ལུང་བསྟན་ཏོ།། ལུང་བསྟན ་བའི་བསྟན་པ་དེ་ཡང་ངའི་རྣ་བའི་དབང་པོ་ལ་གྲག་པར་ཡང་མ་གྱུར་ཡེ་ཤེས་གཞན་དུ་རིག་པར་ཡང་མ་གྱུར། ང་ཀུན་ཏུ་རྨོངས་པར་ཡང་མ་གྱུར། དམིགས་པར་ལྟ་བ་ལ་གནས་པ་ཡང་མེད། ་ང་སངས་རྒྱས་ལ་སངས་རྒྱསུ་འདུ་ཤེས་པ་ཡང་མེད། བདག་ལ་བདག་ཏུ་འདུ་ཤེས་པ་ཡང་མེད། ལུང་བསྟན་པའི་བསྟན་པ་ལ་ཡང་ལུང་བསྟན་པའི་བསྟན་པར་འདུ་ཤེས་པ་ཡང་མེད་པར ་། གྱུར་ཏོ།། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའི་འཁོར་གསུམ་ཡོང་སུ་དག་པའི་ལུང་བསྟན་ཏེ། གང་ལ་སངས་རྒྱསུ་འདུ་ཤེས་པ་ཡང་མེད་པ་དང་། བདག་ཏུ་འདུ ་ཤེས་པ་མེད་པ་དང་། ལུང་བསྟན་པའི་བསྟན་པར་འདུ་ཤེས་པ་མེད་པ་འདི་ནི། འཁོར་གསུམ་ཡོང་སུ་དག་པ་ཞེས་བྱའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་འཁོར་གསུམ་ཡོངསུ་དག་པ་གང་ཞེ་ན། ་གང་ལ་བདག་ཏུ་འཛིན་པ་མེད་པ་དང་། སེམས་ཅན་དུ་འཛིན་པ་མེད་པ་དང་། ཆོསུ་འཛིན་པ་མེད་པའོ།། གཞན་ཡང་འཁོར་གསུམ་ཡོངསུ་དག་པ་ནི་གང་ལ་མིང་དུ་འཛིན་པ་མེད་པ་དང་། གཟུགས ་འཛིན་པ་མེད་པ་དང་། དམིགས་པར་འཛིན་པ་མེད་པའོ།། གཞན་ཡང་འཁར་གསུམ་ཡོངསུ་དག་པ་ནི། འདས་པ་ལ་ཟད་པར་ཤེས་པ་དང་། མ་འོངས་པ་ལ་མ་ཕྱིན་པར་ཤེས་པ་དང་། ད་ལྟར་བྱུང ་བ་ལ་གནས་པ་མེད་པར་ཤེས་པའོ།། གཞན་ཡང་འཁོརགསུམ་ཡོང་སུ་དག་པ་ནི། ལུས་ལ་གཟུགས་བརྙན་ལྟ་བུ།། ར་ཤེས་པ་དང་། ངག་ལ་བྲག་ཆ་ལྟ་བུར་ཤེས་པ་དང་། ་སེམས་ལ་སྒྱུ་མ་ལྟ་བུར་ཤེས་པའོ།། གཞན་ཡང་འཁོར་གསུམ་ཡོང་སུ་དག་པ་ནི། ཕུང་པོ་རྣམས་ལ་ཆོས་ཀྱི་ཕུང་པོ་དང་མཉམ་པ་ཉིད་དང་། ཁམས་རྣམས་ལ་ཆོས་ཀྱི་དབྱིངས་དང་མཉམ ་བ་ཉིད་དང་། སྐྱེ་མཆེད་རྣམས་ལ་གོང་སྟོང་ལྟ་བུར་སོ་སོར་རྟོག་པའོ།། གཞན་ཡང་འཁོར་གསུམ་ཡོང་སུ་དག་པ་ནི། སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མེད་པ་ལ་ཡིད་ཆེས་པ་དང་། ་སྨོན་པ་མེད་པ་ལོ་སོམ་ཉི་མེད་པ་སྟེ། བློ་གྲོས་རྒྱ་མཚོ་འཁོར་གསུམ་ཡོངསུ་དག་པ་འདི་ནི། ཆོས་ཐམས་ཅད་ཡོངསུ་དག་པར་འགྱུར་བའོ།། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་བྱང་ཆུབ་སེས ་འཁོར་གསུམ་ཡོངསུ་དག་པའི་ཡེ་ཤེས་ལ་མཁས་པར་བྱའོ།། ། བམ་པོ་བརྒྱད་པ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ཙམ་དུ། སླར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆོས་ཟབ་མོ་འཚལ་བ་དང་ལྡན་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་ཆོས་འཚལ་བ ་འདི་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཡོངསུ་བསྔོ་བ་ལ་མཁས་པ་ཅི་འདྲ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་རྒྱ་མཚོས་འདི་ལ་གནས་དཔའི་བྱང་ཆུབ་སེམས་དཔའ་རྣམས་སྔོན་གྱི་ཤུགས་ཀྱིས་བྱག་དཔྱིད་། དེ་དག་གང་གི་ཚེ་མཉམ་པར་མ་བཞག་པར་གམ། ་བ་དེའི་ཚེན་ཡང་། སྔོན་འཕངས་པའི་ཡོངསུ་བསྔོ་བ་འདི། རྒྱལ་མ་ན་ཡང་ཆུང་ཟ་བར་མི་འགྱུར།། བློ་གྲོས་རྒྱ་མཚོད་ཕྱིར་སྐྱེས་པ་མཁས་པ་ཁ་ཅིག་དཔེ་བསྟན་པས ་བཤད་པའི་དོན་ཤེས་པར་འགྱུར་བས་ཁྱོད་ལ་དཔེ་བྱའོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། གང་གི་ཚེ་བུ་རམ་ཤིང་ངམ། འབྲས་ས་ལུའི་ཞིང་ངམ། རྒུན་གྱི་ཞིང་རྣང་སྐལ་བྱས ་བར་གྱུར་པ་དེ་ལ། མི་ཞིག་གིས་རྣང་ཐམས་ཅད་ལ་ཡུར་བ་ཅི་རིགས་པར་བཏོད་ནས། རྒ་ནས་ཆུ་ཕབ་སྟེ། ཡལ་བར་བོར་ནས་ཉལ་བ་དང་། དེ་ནས་མི་དེ་ཉལ་ཡང་ཡུར་བ་ཇི་ལྟར་བཏོད་པ ་བཞིན་དུ་ཆུ་འབབ་སྟེ། དེ་ལ་མི་དེ་བརྩོན་པར་བྱ་མི་དགོས་ཤིང་བསྒྲིམ་མི་དགོས་པར་རྣང་ཐམས་ཅད་དུ་ཆུས་གང་བར་འགྱུརརོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཉམ་པར་མ ་བཞག་ཀྱང་། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་རྒྱུད་རྣམས་ལ་ཡོངསུ་སྔོ་བར་བྱེད་དེ། ཐབས་ཀྱིས་དངོས་པོ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་དེ་དག་སངས ་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཕྱིར་ཡོང་སུ་སྔོའོ།། དེ་བསམ་པ་ཤིན་ཏུ་ཡོངསུ་དག་ཅིང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཀུན་ཏུ་བསྲུངས་པའི་ཕྱིར་མཉམ་པར་གཞག་པར་གནས་ཀྱང་། དགེ་བའི ་རྩ་བ་དེ་དག་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཕྱིར་ཡོངསུ་སྔོ་ཞིང་། སྔོན་སྨོན་ལམ་ལེགས་པར་བཏབ་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་རྒྱུད་རྣམས་རླན་པར་བྱེད་།། བློ་གྲོས་རྒྱ ་མཚོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཇི་ལྟར་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་ལས་ལངས་ཀྱང་རུངས་ཏེ། དགེ་བའི་རྩ་བ་རྣམས་སྔོན་ཤིན་ཏུ་འཕངས་པ་དང་སེམས་ལསུ ་རུང་བ་དང་། དྲན་པ་མི་གཡེང་བ་དང་། ཐེག་པ་དམན་པ་དང་།། བྲལ་བ་དང་། ཐེག་པ་ཆེན་པོར་སྨོན་ལམ་བཏབ་པའི།། ཕྱིར། དགེ་བའི་རྩ་བ་རྣམས་བརྒྱ་ལམ་ན་ཡང ་ཐམས་ཅད་མཁྱེན་པར་ཡོངསུ་མི་སྡོ་མ་སྲིད་པར་འདི་ལྟར་རིག་པར་བྱའོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། རི་སུལ་ཆེན་པོ་ཞིག་ན་ཤིང་ཞིག་སྐྱེས་པར་གྱུར་ལ། དེ་མི་ཞིག་གིས ་རྩ་བ་ནས་གཅད་པར་བརྩམས་ནས། དེ་ཚོད་མ་ཐག་ཏུ་གང་དུ་ཡོ་བ་དང་། གང་དུ་ཕྱོགས་པ་དེར་འགྱེལོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རྒྱུན་རིང་པོ་ནས། ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ། ཐམས་ཅད་མཁྱེན་པ་ཉིད་ལ་འབབ་པས། དགེ་བའི་རྩ་བ་ཐམས་ཅད་སོགས་ཏེ། བསགས་ནས་ཀྱང་ཐམས་མཁྱེན་པ་ཉིད་ཡོངསུ་སྔོ་བར་བྱེད། ་སེམས་ཅན་ཐམས་ཅད་ཡོངསུ་བསྐྱབ་པའི་ཕྱིར། ཡོངསུ་སྔོ་བར་བྱེད། དཀོན་མཆོག་གསུམ་གྱི་རིགས་མི་འཆད་བར་བྱ་བའི་ཕྱིར། ཡོང་སུ་སྔོ་བར་བྱེད། ལུས་ཀྱི་རྒྱན་དང་། མཚན་དང་། ་དཔེ་བྱད་བཟང་པོ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་ཡོང་སུ་སྔོ་བར་བྱེད། ཚིག་གི་རྒྱན་དང་། ཆོས་བསྟན་པ་དོན་ཡོད་པར་བྱ་བའི་ཕྱིར། ཡོངསུ་སྔོ་བར་བྱེད། སེམས་ཀྱི་རྒྱན་དང་། སངས་རྒྱས ་རྗེསུ་དྲན་པའི་ཏིང་འཛིན་ལས་མི་གཡོ་བར་བྱ་བའི་ཕྱིར་ཡོངསུ་སྔོ་བར་བྱེད། དེ་སྒྲིམ་པ་མེད་ཅིང་ལྷུན་གྱིས་གྲུབ་པར་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངསུ་སྔོའོ།། སྔོན་ཐབས ་ལ་མཁས་པས་ཡོངསུ་བསྔོས་པ་དེས་ཐེག་པ་གཞན་དུ་མི་ལྟུང་ཞིང་མཉམ་པར་བཞག་ཀྱང་རུང་། ལངས་ཀྱང་རུང་སྟེ། བརྒྱ་ལམ་ན་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས ་བསྒོམ་པ་ཡོངསུ་རྫོགས་པར་མི་འགྱུར་མི་སྲིད།། བློ་གྲོ་ས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། དགེ་སློང་འགོག་པ་ལ་སྙོམས་པར་འཇུག་པའི་ཚེ། གཎྜཱིའི་སྒྲ་ལ ་གནས་པར་བྱས་ཏེ་སྙོམས་པར་ཞུགས་ན། གཎྜཱིའི་སྒྲ་དེ་དེའི་འགོག་པ་ལ་ཡང་མི་གནས་མ་འབྲེལ་མོད་ཀྱི། གཎྜཱིའི་སྒྲ་ངེས་འགོག་པ་ལས་ལྡང་།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང ་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་ལ་གནས་པར་བྱས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཡོངསུ་བསྐྱབ་པར་བྱ། ་ཡངསུ་དགྲོལ་བར་བྱའོ་ཞེས་བྱང་ཆུབ་ཀྱི་རྣམ་པར་མངོན་པར་བསྒྲུབས་པའི་བྱམས་པ། སེམས་ཅན་ཐམས་ཅད་ལ་ཁྱད་པར་བྱས་ནས། ཟབ་པ་ཟབ་མོར་སྣང་བ་སེམས་དང་ཡིད་དང་རྣམ ་པར་ཤེས་པ་མི་རྒྱུ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཀྱང་། དེ་སྔོན་སེམས་ཅན་རབ་ཏུ་ཐར་པར་བྱ་བའི་སྙིང་རྗེ་ཆེན་པོ་ལ་གནས་པ་དེ་དང་ལྡན་པས། ཉན་ཐོས ་ཀྱི་སར་མི་ལྟུང་། རང་སངས་རྒྱས་ཀྱི་སར་མི་ལྷུང་སྟེ། དྲན་པ་དང་ཤེས་བཞིན་གྱིས་ཏིངངེ་འཛིན་དེ་ལས་ལངས་ནས་ཡང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་བསྒྲུབ་ཅིང་། སེམས ་ཅན་རྣམས་ཀྱང་ཡོངསུ་སྨིན་པར་བྱེད།། བློ་གྲོས་རྒྱ་མཚོ་འདི་ལྟར་ཞི་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཀྱང་། ཉན་ཐོས་ཀྱི་རྣམ་པར་གྲོལ་བ་འམ། རང་སངས་རྒྱས་ཀྱི་རྣམ་པར་གྲོལ ་བར་མི་ལྟུང་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངསུ་སྦྱངས་པ་བྱེད་པའི་ཁྱད་པར་ལ་ལྟོས།། བློ་གྲོས་རྒྱ་མ། ཚེ་འདི་ལྟ་སྟེ། དཔེར་ན། མི་གཉིས་ཤིག་ཡོད་ལ། དེ་ལ་མི ་གཅིག་ནི་བདག་རྡོ་རྗེའི་གོ་ཆ་བགོས་ནས། མེ་འབར་བའི་ནང་དུ་མཚངས།། མི་གཅིག་ཤོས་ནི་བདག་རྩཝ་དང་སོག་མའི་གོ་ཚ་བགོས་ནས། མེ་འབར་བའི་ནང་དུ་མཆོངས་ན། བློ་གྲོས་རྒྱ་མཚོ ་འདི་ཇི་སྙམ་དུ་སེམས། མི་དེ་གཉིས་ལས་གང་ཚིག་པར་འགྱུར། གང་ཚིག་པར་མི་འགྱུར། གསོལ་པ། བཅོམ་ལྡན་འདས་མི་གང་རྡོ་རྗེའི་གོ་ཆ་འཚལ་ནས་ཞུགས་འབར་བའི་ནང་དུ་མཆོངས ་པ་དེ་ནི། རྡོ་རྗེའི་གོ་ཆ་དེས་ཡོངསུ་བསྲུངས་པས། ཞུགས་ཀྱི་ནང་དུ་མཆིས་ཀྱང་མི་ཚི་གོ། བཅོམ་ལྡན་འདས་མི་གང་རྩཝ་དང་སོག་མའི་གོ་ཆ་འཚལ་ནས་ཞུགས་འབར་བའི་ནང་དུ་མཆོངས་པ་དེ་ནི། ་དེར་མཆོངས་མ་ཐག་ཏུ་ཚིག་པར་འགྱུརརོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རན་དང་སོག་མ་ནི་འཚིག་པའི་བདག་ཉིད་ལགས་ཏེ། ཞུགས་ཀྱི་འཚིག་པ་བསྲུང་མི་བཟོད།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཇི་ལྟར་རྡོ་རྗེའི་གོ་ཆ་བགོས་པའི་མིང་མེའི་ནང་དུ་སོང་ཡང་མི་ཚིག་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་བྱམས་པ་ཆེན་པོ་དང་། སྙིང་རྗེའི་གོ་ཆ ་དང་ལྷག་པའི་བསམ་པ་སྲ་བའི་རྡོ་རྗེའི་གོ་ཆ་བགོས་ནས། སེམས་ཅན་རབ་ཏུ་ཐར་པར་བྱ་བར་དམིགས་པ་ལ་གནས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བར་རྟོག་པ་ཡང་བཏང་ལ། ཞི་བའི་ཏིང་འཛིན་དེ་ལ་ཡང་སྙོམས་པར་འཇུག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི ་ངེས་པར་གྱུར་པ་ལ་ཡང་མི་འཇུག། འབྲས་བུ་འཐོབ་པར་ཡང་མི་བྱེད་པར། ཏིང་ངེ་འཛིན་དེ་ལ་ཡང་མྱོང་ཞིང་ཟིལ་གྱིས་མནན་ཏེ། ཡང་མ་ཉམས་མ་སྣང་བར་ལྡང་།། ལངས་ནས་ཀྱང་སངས ་རྒྱས་ཀྱི་ཞིང་ཡོངསུ་སྦྱོང་།། སངས་རྒྱས་ཀྱི་ཡེ་ཤེས་ཡོངསུ་རྫོགས་པར་བྱེད།། བློ་གྲོས་རྒྱ་མཚོ་ཇི་ལྟར་རྩ། དང་སོག་མའི་གོ་ཆ་བགོས་པའི་མི་དེ་མཆོངས་མ་ཐག་ཏུ ་མེས་ཚིག་པར་འགྱུར་བ་དེ་བཞིན་དུ་བློ་གྲོས་རྒྱ་མཚོ་ཉན་ཐོས་ཀྱི་ཐེག་པའི་གང་ཟག་འཁོར་བས་འཇིགས་སྐྲག་པ་སྲིད་པ་ལ་ཀུན་ཏུ་འབར་བར་ལྟ་སྟེ། སེམས་ཅན་རྣམས་ཡལ་བར་བོར ་ནས། སྙིང་རྗེ་ཆེན་པོ་དང་བྲལ་ཏེ། ཞི་བ་ཞི་བའི་ཏིང་འཛིན་ལ་རེག་ནས་གནས་མ་ཡིན་ཞིང་གོ་སྐབས་མེད། གང་བརྒྱད་པ་འབྲས་བུ་མ་ཐོབ་པར་ལྡང་བ་དེ་ནི་གནས་མདོ།། དེ་ཅིའི་ཕྱིར་ཞེ་ན། ་ཉན་ཐོས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་བསགས་པའི་ཕྱིར།། བྱང་ཆུབ་སེམས་དཔའ་ནི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བསྩགས་པ་སྟེ། དེ་ནི་སངས་རྒྱས་ཀྱི་ཆོས ་ཐམས་ཅད་ཡོང་སུ་མ་རྫོགས་ཀྱི་བར་དུ། བར་སྐབསུ་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད།། བློ་གྲོས་རྒྱ་མཆོ་ལྦ་བས་ན། བྱང་ཆུབ་སེམས་དཔས ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བའི་ཆོས་ཐམས་ཅད་ལ་མེ་འབར་བ་ལྟ་བུའི་འདུ་ཤེས་བསྐྱེད ་ལ་ཆོས་དེ་དག་ལ་ཡང་སོ་སོར་བརྟག་པར་བྱ། ཆོས་དེ་དག་ཤེས་པ་ལ་རྣམ་པར་དཔྱད་པར་བྱ། ཞིང་ཡང་དག་པའི་མཐའ་ཡང་མངོན་དུ་མི་བྱའོ།། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན། བྱང་ཆུབ ་སེམས་དཔས་ཡོངསུ་བསྔོ་བ་ལ་མཁས་པར་བྱའོ།། བློ་གྲོས་རྒྱ་མཚོ་ཡོངསུ་བསྔོ་བ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཟབ་མོ་རྣམས་ལ་ཡང་སྤྱོད་ལ། བར་སྐབསུ་ཡོད ་ཡང་དག་པའི་མངོན་སུམ་དུ་མི་བྱེད།། བློ་གྲོས་རྒྱ་མཚོ་མོ་ངསུ་བསྔོ་བ་ཞེས་བྱ་བ་ཅི་ལ་བྱ་ཞེ་ན། འདི་ལྟ་སྟེ། ཐེག་པ་ཆེན་པོ་དེ་ཉིད་ལ་སེམས་གཞོལ་བ་དང་། འདུན ་པ་དང་། མངོན་པར་ཕྱོགས་པ་དང་། ཡོངསུ་ཕྱོགས་པ་སྟེ། ཐེག་པ་གཞན་དུ་མ་ཡིན་པའོ།། དེའི་ཕྱིར་ཡོངསུ་བསྔོ་བ་ཞེས་བྱའོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། རྫ་མཁན་གྱིས་འཇིམ ་བའི་གོང་བུ་འཁོར་ལོའི་སྟེང་དུ་བཞག་ཀྱང་བསྐོར་ན་སྣོད་ཀྱི་མིང་མི་ཐོབ་སྟེ། འཇིམ་པའི་གོང་བུ་ཉིད་ཀྱི་གྲངསུ་འགྲེའོ།། གང་གི་ཚེ་བསྐོར་བར་གྱུར་པ་དེའི་ཚེ། སྣོད་ཀྱི་མིང་འགྲོའོ།། ་བློ་གྲོས་རྒྱ་མཚོ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་དགེ་བའི་རྩ་བ་ཤིན་ཏུ་མང་པོ་བསྩགས་པ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངསུ་མ་བསྔོས་ན། ཕ་རོལ་ཏུ་ཕྱིན་པའི་མིང་མི ་འཐོབ་ཀྱི། གང་གི་ཚེ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངསུ་བསྔོས་པར་གྱུར་པ་དེའི་ཚེ། ཕ་རོལ་ཏུ་ཕྱིན་པའི་མིང་འཐོའོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། གསེར་དུལ་མའི་གར་བུ ་ཡོངསུ་མ་བསྒྱུར་ན་རྒྱན་གྱི་མིང་མི་ཐོབ་སྟེ། གསེར་གྱི་གར་བུ་ཉིད་ཀྱི་གྲངསུ་འགྲོའོ།། དེ་ཉིད་ཡོངསུ་བསྐུར་ན་རྒྱན་གྱི་མི་འཐོའོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི ་དགེ་བའི་རྩ་བ་ཡང་ཡོངསུ་མ་བསྔོས་ན། ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་ཀྱི། དེ་ཉིད་ཡོངསུ་བསྔོས་ན། ཕ་རོལ་ཏུ་ཕྱིན་པའི་མིང་འགྲོའོ།། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་བྱང་ཆུབ ་སེམས་དཔས་རྟག་པར་རྒྱན་ཏུ་འདྲེས་པ་མེད་པའི་ཡིད་ཀྱིས། དགེ་བའི་རྩ་བ་བསགས་ཤིང་བསགས་པ་རྣམས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངསུ་བསྔོ་བར་བྱའོ།། ཐམས་ཅ་མཁྱེན་པ་ཉིད་དུ ་ཡོངསུ་བསྔོས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཟབ་མོ་རྣ།། མས་ལ་ཡང་སྤྱོད་ལ། བར་སྐབསུ་ཡང་དག་པའི་མཐ། འ་མངོན་སུམ་དུ་མི་བྱེད།། ཡོངསུ་བསྔོ་བ ་ལེའུ་ཞེས་བྱ་སྟེ།། དགུ་པའོ།། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་བྱང་ཆུབ་སེམས་དཔའི་གང་འཁྲུལ་པ་འདི་སྙེད་ཅིག་སྲུང་ཡང་འཁྲུལ་པར་མི་འགྱུར་བ་ནི་བགྱི་དཀའ་བགྱིད་པའོ།། བཅོམ་ལྡན་འདས་དེ་ལྟ་ལགས་ཀྱིས་ཀྱང་། བྱང་ཆུབ་སེམས་དཔའ ་ཐམས་ཅད་ཡོངསུ་བསྔོ་བ་ལ་མཁས་པ་དང་། ཐབས་ལ་མཁས་པ་འཚལ་བར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཐབས་ཀྱིས་ནི། བྱང་ཆུབ་སེང་བསམ་གཏན་དང་། ་རྣམ་པར་ཐར་པ་དང་། ཏིངེ་འཛིན་དང་། སྣོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ཀྱང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་འཛིན་དང ་སྙོམས་པར་འཇུག་པ་རྣམས་ཀྱིས་འཁྲུལ་པར་མི་འགྱུར་ཏེ། ཐབས་མཁས་པ་ངེས་བགྱི་བ་ཐམས་ཅད་ཀྱང་སྟོན་ལ། བགྱི་བར་ལྟུང་བར་ཡང་མི་འགྱུར། ཆོས་མཉམ་པ་ཉིད་ལ་ཡང ་གནས་ལ། སེམས་ཅན་ལོག་པ་ཉིད་མཆིས་པ་རྣམས་ལ་ཡང་དག་པ་ཉིད་ཀྱི་ངེས་པར་གྱུར་པའི་སླདདུ། ཆོས་ཀྱང་སྟོན་ཅིང་བསམ་པ་ཡོངསུ་མ་རྫོགས་ཀྱི་བར་དུ། བདག་ངེས་པར་གྱུར ་བ་དེར་ཡང་མི་ལྷུང་།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་རྒྱ་མཚོད་དེ་བཞིནོ།། ཇི་སྐད ་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔས་ཐམས་ཅད།། ཐབས་ལ་མཁས་པ་འདོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ལ ་བྱང་ཆུབ་ཡོད་ཀྱི། ཐབས་ལ་མི་མཁས་པ་ལ་ནི་བྱང་ཆུབ་མེད།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། སྣོད་གཅིག་གི་ནང་དུ་ཚོན་སྣ་གསུམ་སྟེ། སྣ་གཅིག་ནི་ཁ་དོག་སྔོན་པོ། སྣ ་གཅིག་ནི་ཁ་དོག་དམར་པོ། སྣ་གཅིག་ནི་གསེར་གྱི་ཁ་དོག་ལྟ་བུར་སེར་པོ་བླུགས་ལ་ཚན་གྱི་སྣོད་གཅིག་པུ་དེར་རས་ཁ་བསྒྱུར་བ་གསུམ་སྟེ། གཅིག་ནི་རས་ཤོག་པོ་ཡུག་སྔོན ་པོ་ཁ་བསྒྱུར་བ། གཅིག་ནི་རས་ཕྲན་ཡུག་དམར་པོར་ཁ་བསྒྱུར་བ། གཅིག་ནི་རེས་གཙེས་བུ་རིན་ཐང་མེད་པ། སེར་པོ་གསེར་གྱི་ཁ་དོག་ལྟ་བུར་ཁ་བསྒྱུར་བ། ཟུང་གཅིག་བཅུ་ས ་ལ་དེ་དག་སྣོད་གཅིག་གི་ནང་དུ་བཅུག་ཏེ། བསྲུབས་ན། ཇི་ལྟར་ཁ་བསྒྱུར་བའི་བྱེ་བྲག་བཞིན་དུ་ཚོན་འཛིན་ཏེ། གང་ཚོན་སྔོན་པོས་ཁ་བསྒྱུར་བ་དེ་ནི། ཁ་དོག་སྔོན་པོར་འགྱུར། གང ་ཚོན་དམར་པོར་ཁ་བསྒྱུར་བ་དེ་ནི། ཁ་དོག་དམར་པོ་འགྱུར། གང་ཚེན་སེར་པོ་གསེར་ལྟ་བུས་ཁ་བསྒྱུར་བ་དེ་ནི། ཁ་དོག་སེར་པོ་གསེར་ལྟ་བུར་འགྱུར་ཡང་། སྣོད་དེ་ལ་ནི་རྣམ་པར་རྟོག་པར ་འགྱུར་བ་ཡང་མེད།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྣོད་གཅིག་ལ་གང་ཟག་གསུམ་སྟེ། གཅིག་ནི་ཉན་ཐོས་ཀྱི་ཐེག་པ་པ། གཅིག ་ནི་རང་སངས་རྒྱས་ཀྱི་ཐེག་པ་བ། གཅིག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བཙུད་ལ། དེ་དག་གཙུད་པ་དང་། གང་གིས་ཅི་འདྲ་བའི་བསམ་པ་དང་། སེམས་ཀྱི་ཚོན་བསགས ་པ་དེ་འདྲ་བར་དེ་ཡེ་ཤེས་ཀྱི་ཚོན་ཡོང་སུ་འཛིན་ཀྱང་། སྟེ། ང་བ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ། འི་སྣོད་ལ་ནི། རྣམ་པར་རྟོག་པ་གང་ཡང་མེ་།། དེ་ལ་རས ་ཤོག་པོའི་ཡུག་ལྟ་བུར་ནི། ཉན་ཐོས་ཀྱི་ཐེག་པ་པ་བལྟའོ།། རས་བྲན་གྱི་ཡུག་ལྟ་བུར་ནི། སངས་རྒྱས་ཀྱི་ཐེག་པ་པ་བལྟའོ།། རིན་ཐང་མེད་པའི་རས་བཅོས་བུའི་ཟུང་ལྟ་བུར་ནི། ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བལྟའོ།། བློ་གྲོས་རྒྱ་མཚོ་ཆོས་རྣམས་ནི་སྙིང་པོ་མེད་པ། བྱེད་པ་པོ་མེད་པ། བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། ་བདག་པོ་མེད་པ་སྟེ། འདི་ལྟར་ཇི་ལྟར་འདོད་པ་དེ་ལྟར་རྣམ་པར་སྒྲུབ་སྟེ། རྣམ་པར་བསྒྲུབས་ཀྱང་སེམས་པ་མ་ཡིན། རབ་ཏུ་རྟག་པ་མ་ཡིན་པ་ལ་ལྟོས། བླ་གྲེས་རྒྱ་མཚོ་ཆེས ་རྣམ་པར་བསྒྲུབ་པ་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི། ཆོས་གང་ལ་ཡང་ཡོངསུ་སྐྱོ་བ་མི་སྐྱེད།། དེ་དེ་ལྟར་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ ་པར་དག་པ་ཡིན་ཏེ། འདིར་གང་ལ་ཡང་ཕན་པ་འམ། གནོད་པ་མི་བྱེད།། དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཤེས་པ་ནི། སྙིང་རྗེ་ཆེན་པོའི་གོ་ཆ་དེ་ཡང་མི ་འདོར་རོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་རིན་ཐང་མེད་པ་ཤིན་ཏུ་བྱང་བ། ཤིན་ཏུ་རྣམ་པར་དག་པ། ཤིམ་ཏུ་དྲི་མ་མེད་པ། རྫབ་ཀྱི་ནང་དུ་བཅུག ་ནས་ལོ་སྐྱོང་ལོན་པ། དེ་ལོ་སྟོང་འདས་ནས་རྫབ་དེ་ནས་ཕྱུང་སྟེ། བཀྲུས་ཤིང་ཡོངསུ་སྦྱངས་ཏེ། བྱེ་ར་བྱས་ན་ཤིན་ཏུ་དག་ཅིང་ཤིན་ཏུ་ཡོངསུ་དག་ལ་ཤིན་ཏུ་སྦྱངས་ནས། དེ་ཉི ་དག་པ་དྲི་མ་མེད་པའི་ནོར་བུ་རིན་པོ་ཆེའི་རང་བཞིན་མོ་འདོརོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམ་ས་དཔའ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན ་གྱིས་འོད་གསལ་བར་རབ་ཏུ་ཤེས་ལ། དེ་ཡང་བློ་བུ་ར་གྱི་རྐེ་བའི་ཉོན་མོངས་པས། ཉོན་མོངས་པ་ཅན་དུ་བྱ་ས་པར་མཐོང་།། དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ ་སེམས་ཏེ། ཉོན་མོངས་པ་འདི་དག་ནི་སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་ལ་ཞུགས་པ་མེད་ཀྱི། ཉོན་མོངས་པ་དེ་དག་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟ ་བ་ལ་བྱུང་དུ་ཟད་པས། བདག་གིས་སེམས་ཅན་དེ་དག་གི་བློ་བུར་གྱི་ཉོན་མོངས་པ་སྤང་བའི་ཕྱིར་ཆོས་བསྟན་མི་ནུསོ་སྙམ་ནས། དེ་ཞུམ་པའི་སེམས་མི་སྐྱེད་ཀྱི་དེ་དེ་བས་ཀྱང་ཤས ་ཆེར་སེམས་ཅན་ཐམས་ཅད་ཀྱི་རབ་ཏུ་ཐར་བར་བྱ་བའི་སེམས་བསྐྱེད་པ་བསྐྱེད།། དེ་ཡང་འདི་སྙམ་དུ་སེམས་ཏེ། ཉོན་མོངས་པ་དེ་དག་ལ་ནི་སྟོབས་དང་མཐུ་ཆུང་ཟད་ཀྱང་མེད། ཉོན་མོངས། ་བ་དེ་དག་ནི་སྟོབས་མེད་པ་ཉམ་ཆུང་བ་དག་གོ། དེ་དག་ནི་ཡང་དག་པ་ལ་ཆུང་ཟད་ཀྱང་མི་གནས་ཀྱིས། ཉོན་མོངས་པ་དེ་དག་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་དག་སྟེ། དེ་དག ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚུལ་བཞིན་ཡིད་ལ་བྱེད་པས་བརྟགས་ན་འཁྲུགས་པར་མི་འགྱུར་བས། བདག་གིས་དེ་དག་ལ་ཅི་ནས་ཀྱང་ཡང་འདྲེ་བར་མི་འགྱུར་བ་དེ་ལྟ་དེ་ལྟར་བརྟག ་བར་བྱའོ།། ཉོན་མོངས་པ་རྣམས་དང་མི་འདྲེ་བ་ནི་ལོག་ངས་པ་ཡིན་གྱི་འདྲེ་བ་ནི་མ་ཡིན།། གལ་ཏེ་བདག་ཉོན་མོངས་པ་རྣམས་དང་འདྲེ་བར་གྱུར་ན། ཉོན་མོངས་པའི་བཅིང་བས ་བཅིངས་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་བཅིང་བ་སྤང་བའི་ཕྱིར། ཇི་ལྟར་ཆོས་བསྟན་གྱིས་བད་གཉོན་མོངས་པ་རྣམས་དང་མི་འདྲེ་བར་བྱས་ལ། ཉོན ་མོངས་པའི་བཅིང་བ་སྤང་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ།། བདག་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར། གང་དག་འཁོར་བའི་རྒྱུན་བྱེད་ལ། དགེ ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དེ་དག་དང་ནི་འདྲེ་བར་བྱའོ་སྙམོ།། འཁོར་བའི་རྒྱུན་བྱེད་ལ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དེ་དག་གང་ཞེ་ན། ་འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངསུ་བཙལ་བས་མི་ངོམས་པ་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངསུ་འཛིན་པ་དང་། སངས་རྒྱས་དང་ཕྲད་བར་སྨོན་པ་དང་། སེམས་ཅན ་ཡོངསུ་སྨིན་པར་བྱ་བ་ལ་ཡོངསུ་མི་སྐྱོ་བ་དང་། དམ་པའི་ཆོས་ཡོངསུ་འཛིན་པ་ལ་བརྩོན་པ་དང་། སེམས་ཅན་གྱི་བྱ་བ་ཅི་ཡོད་སྙམ་པ་ལ་སྤྲོ་བ་དང་། ཆོས ་འདོད་པའི་བག་ལ་ཞལ་མི་འདོར་བ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་རྣམས་ཡོངསུ་མི་གཏོང་བའོ།། བློ་གྲོས་རྒྱ་མཚོ་དེ་དག་ནི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ ་རྣམས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གིས་འདྲ་ཡང་། ཉོན་མོངས་པའི་སྐྱོན་རྣམ་སྤྱི་མི་གོས།། བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་དགེ་བའི་རྩ་བ་ལགས་ན། ་ཅིའི་སླད་དུ་ཉོན་མོངས་པ་རྣམས་ཤེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་འདི་ལྟར་ཉོན་མོངས་པ་དེ་ལྟ་བུ་དེ་དག་གིས། བྱང་ཆུབ་སེམས་དཔཔ་ས་གྲོན ་གསུམ་པ་ནི་ཉོན་མོངས་པ་ལས་བྱུང་བ་ཡིན་པ། ས། དེ་ལ་བྱང་ཆུབ་སེམས་དཔའ་ནི་ཐབས་ལ་མཁཉེས་པ་དང་། དགེ་བའི་རྩ་བའི་སྟོབས་བསྐྱེད་པས་བསམས ་བཞིན་དུ་ཁམས་གསུམ་དང་འདྲེའོ།། དེའི་ཕྱིར་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱ་སྟེ། ཁམས་གསུམ་དུ་འདྲེ་བས་དེ་སྐད་བྱའི་སེམས་རེདེ་བར་ཉོན ་མོངས་པས་ནི་མ་ཡིན།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། ཚོང་དཔོན་ཁྱིམ་བདག་ཅིག་ལ་བུ་སྡུག་པ་ཕངས་པ། ཡིད་དུ་འོང་བ། བལྟ་བ་དང་། འཐུན་པ་གཅིག་པུ་ཞིག་ཡོད་པར་གྱུར ་ལ། ཁྱེའུ་དེ་ཡང་བྱིས་པར་གྱུར་པས་གར་བྱེད་བཞིན་དུ་ཁྲོན་པ་ཕྱིས་ཁུང་རྩོག་པ་ཞིག་ཏུ་ལྟུང་བ་དང་། དེ་ནས་ཁྱེའུ་དེའི་མ་དང་། མཛའ་བཤེས་དང་། ཉེ་དུ་དག་གིས་ཁྱེའུ་དེ་ཁྲོན་པ་བརྩོག་པར ་ལྟུང་བར་མཐོང་ལ། མཐོང་ནས་ཀྱང་སྒྲ་ཆེན་ཕྱུང་སྟེ། མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི། ཁྲོན་པ་འཅོས་པ་དེར་བཞུགས་ཏེ། བུ་གཅིག་པ་དེ་མི་འབྱིན་ལ། དེ་ནས་ཁྱེའུ་བྱོར ་འོངས་ཏེ། དེས་བུ་གཅིག་པ་ཁྲོན་པ་བརྩོག་པར་ལྷུང་བ་དེ་མཐོང་ལ། མཐོང་ནས་ཀྱང་བུ་གཅིག་པ་ལ་བསམ་པ་ཐག་པ་ནས་བྱམས་ཤིང་རྗེ་སུ་ཆགས་པས་མི་སྨོད་པར་མྱུར་དུ ་སྐྱེན་པར་ལ་གོར་དུ་ཁྲོན་པ་བརྩོག་པ་དེར་ཞུགས་ཏེ། བུ་གཅིག་པ་ཕྱུང་བ་འདི་ལྟ་བུ་འདི་ནི། བློ་གྲོས་རྒྱ་མཚོ་ཇི་ཙམ་དུ་དོན་ཤེས་པར་བྱ་བའི་ཕྱིར། དཔེར་བྱས་པ་ཡིནོ།། འདིར ་དོན་ཏུ་བལྟ་བ་གང་ཞེ་ན། བློ་གྲོས་རྒྱ་མཚོ་ཁོན་པ་བརྫོགས་པ་ཞེས་བྱ་བ་ནི། ཁམས་གསུམ་གྱི་ཚིག་བླང་གསོ།། བུ་གཅིག་པ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད ་ཀྱི་ཚིག་བླ་དགས་ཏེ། དེ་དག་ལ་བྱང་ཆུབ་སེ། མས་དཔའ་བུ་གཅིག་པ་ལྟར་འདུ་ཤེསོ།། མ་དང་མཛ་འབཤེས་དང་། ཉེ་དུ་ཞེས་བྱ་བ་དེ་ནི། ཉན་ཐོས་དང་། ་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་རྣམས་ཀྱི་ཚིག་བླ་དྭགས་ཏེ། དེ་དག་ནི་འཁོར་བར་ལྷུང་བའི་སེམས་ཅན་རྣམས་མཐོང་ན། མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི་འབྱིན ་ནི་མི་ནུས།། ཚོང་དཔོན་ཁྱིམ་བདག་ཅེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའི་ཚིག་བླ་དྭགས་ཏེ། དེ་ནི་སེམས་དག་ཅིང་དྲི་མ་མེད། དྲི་མ་དང་བྲལ་ལ་འདུས་མ་བྱས་ཀྱི་ཆོས་མངོན ་སུམ་དུ་གྱུར་ཀྱང་། སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར། བསམ་བཞིན་དུ་ཁམས་གསུམ་དུ་མཚམས་སྦྱོར།། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་སྙིང་རྗེ་ཆེན་པོ་སྟེ། གང་ཉོན་མོངས་པའི་བཅིངས་པ་ཐམས་ཅད་ལས་ཤིན་ཏུ་ལོངསུ་གྲོལ་ཡང་ཐབས་མཁས་པས་སྲིད་པར་སྐྱེ་བ་ཉེ་བར་ལེན་ལ། ཤེས ་རབ་ཀྱིས་ཡོངསུ་ཟིན་པས་རང་གི་ཉོན་མོངས་པ་རྣམས་ཀྱིས་ཀྱང་གནོད་པ་མེད་ཅིང་། ཉོན་མོངས་པའི་བཅིང་བ་ཐམས་ཅད་སྤང་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན ་བའོང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དྲི་མ་མ་མཆིས་ཤིང་དྲི་མ་དང་བྲལ་ཏེ། དེ་དག་ཀྱང་འཁོར་བ་ལ་མི ་སྨོད་ཅིང་། ཆོས་ཟབ་མོ་ལ་ཇི་ལྟ་བ་བཞིན་དུ་རྟོགས་པས་ཀྱང་། འདུས་མ་བྱསུ་མཽ་ལྟུང་ཞིང་འབྲས་བུ་ཡང་ཐོབ་པར་མི་བགྱིད་པ་ནི། བགྱི་དཀའ་བ་བགྱིད་པའོ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ། སེམས་དཔའ་རྣམས་ཀྱི་ཡན་ལག་གཉིས་དང་རབ་ཏུ་ལྔ་ན་བའི་ལམ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་དང་ཐབས་ལ་མཁས་པའོ།། བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དྲི་མ་མེད་ཅིང་དྲི་མ་དང་བྲལ་ཏེ། དག་པར་གྱུར་པ་འདི་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་འཁོར་བ་ལ་མི་སྨོད་ཅིང་། སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར། སྐྱེ་བ་ཡང་འཛིན་པ་འདི་ནི་དེའི་ཐབས་ལ་མཁས་པའོ།། བློ་གྲོས་རྒྱ ་མཚོ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་འདུ་བྱེད་ཐམས་ཅད་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྨན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། ་མ་སྐྱེས་པ་དང་། མ་བྱུང་བར་སོ་སོར་རྟོག་པ་འདི་ནི། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་གི་ཚེ་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་བའི་སེམས་ཀྱིས། འདུས་མ་བྱས་མི་ལྟུང་འབྲས་བུ ་ཐོབ་པར་ཡང་མི་བྱེད་པ་འདི་ནི། དེའི་ཐབས་ལ་མཁས་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔས་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར། ཐ་དད་དུ ་བྱ་བའི་ཆོས་གང་ཡང་མི་མཐོང་སྟེ། ཆོས་ཀྱི་དབྱིངས་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་སེམས་ཅན་གྱི་ཁམས་ཀྱི་མཉམ་པ། སེམས་ཅན་གྱི་ཁམས་ཀྱི་མཉམ་པ་གང་ཡིན་པ་དེ། མྱ ་ངན་ལས་འདས་པའི་དབྱིངས་ཀྱི་མཉམ་པ། མྱ་ངན་ལས་འདས་པའི་དབྱིངས་ཀྱི་མཉམ་པ་གང་ཡིན་པ་དེ་ཆོས་ཀྱི་དབྱིངས་ཀྱི་མཉམ་པ་སྟེ། ཆོས་ཀྱི་དབྱིངས་ལ་འཇུག་པས། མཉམ་པ་ཉིད ་ལ་འཇུག་པ་འདི་ནི། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོ།། གང་གི་ཚེ་སེམས་ཅན་གྱི་ཁམས་ཁམས་གཅིག་ཏུ་རབ་ཏུ་ཤེས་ཤིང་། མྱ་ངན་ལས་འདས་པའི་དབྱིངས་ཀྱང ་མངོན་སུམ་དུ་མི་བྱེད་ལ། སེམས་ཅན་གྱི་ཁམས་ལ་ལྟ་བས། ཆོས་ཀྱི་དབྱིངས་ལ་ལྟ་བར་ཡང་མི་འགྱུར་བ་འདི་ནི་དེའི་ཐབས་ལ་མཁས་པའོ།། རིགས་ཀྱི་བུ་གཞན་ཡང་སྦྱིན་པ ་དག་པ་ནི། ཤེས་རབ་བོ།། ཡོངསུ་སྔོ་བ་དག་པ་ནི་ཐབ་སོ།། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དག་པ་ནི་ཤེས་རབོ།། ཡོངསུ་བསྔོ་བ་དག་པ་ནི ་ཐབ་སོ།། མདོར་བསྡུ་ན་དགེ་བའི་རྩ་བ་ཐམས་ཅད་དག་པ་ནི་ཤེས་རག།། ཡོངསུ་བསྔོ་བ་དག་པ་ནི་ཐབ་སོ།། བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེདེའི་དགེ་བའི ་རྩ་བ་ཡོང་སུ་དག་པ་ནི་གང་ལགས། ཡོངསུ་བསྔོ་བ་དག་པ་ནི་གང་ལགས། ཤེས་རབ་དག་པ་ནི་གང་ལགས། ཐབས་དག་པ་ནི་གང་ལགས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་བ། བློ་གྲོས་རྒྱ་མཚོ་དགེ་བའི་རྩ་བ་དག་པ་ནི་གང་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག ་ཏུ་ལྟ་བ་དང་བྲལར་དགེ་བའི་རྩ་བ་དེ་དག་སོགས་པའོ།། ཡོངསུ་བསྡེ་བ་དག་པ་ནི་གང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡོངསུ་འདྲིས་པར་དགེ་བའི་རྩ་བ་དེ་དག་བྱང་ཆུབ ་ཏུ་ཡོངསུ་བསྔོ་བའོ།། ཤེས་རབ་དག་པ་ནི་གང་སེམས་ཅན་ཐམ་ས་ཅད་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཤེས་པའི་ཤེསོ།། ཐབས་དག་པ་ནི་གང་སེམས་ཅན་ཐམས་ཅད ་ལ་སོ་སོ་ཅི་རིགས་པར་ཆོས་སྟོན་པ་ལ་མཁས་པའོ།། བློ་རྒ་ས་རྒྱ་མཚོ་གཞན་ཡང་དགེ་བའི་རྩ་བདག་པ་ནི་གང་སྲིད་པ་ར་འགྲོ་བའི་སྐྱེ་བ་ཐམས་ཅད་ལ་མི་གནས་པར་དགེ ་བའི་རྩ་བ་དེ་དག་ལ་སོགས་པའོ།། ཡོང་སུ་བསྔོ་བ་དག་པ་ནི་གང་། ཐེག་པ་ཐམས་ཅད་ལ་ཡང་དག་པར་གཞོལ་བས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡིད་ལ་བྱེད་པ་དང་བྲལ ་བར་དགེ་བའི་རྩ་བ་དེ་དག་ཐེག་པ་ཆེན་པོར་ཡོངསུ་སྔོ་བའོ།། ཤེས་རབ་དག་པ་ནིཿ། བག་ཆགས་ཀྱི་མཚམས་སྦྱོར་བར་གྱུར་པའི་ཉོན་མོངས་པ་ཐམས་ཅད་ཡང་དག་པར་འཇོམས་པའོ།། ཐབས་དག ་བ་ནི་སེམས་ཅན་གང་དག་པ་ཡོང་སུ་སྨིན་པར་བྱེད་པ་དེ་དག་དོན་འཐུན་པས་ཐེག་པ་ཆེན་པོ་ཡང་དག་པར་འཛིན་ཏུ་འཇུག་པའོ།། གཞན་ཡང་དགེ་བའི་རྩ་བ་དག་པ་ནི། འདི་ལྟ་སྟེ། ལོངས ་སྤྱོད་མི་ཟད་པ་དང་། ལུག་ན་རིན་པོ་ཆེའོ།། ཡོངསུ་བསྔོ་བ་དག་པ་ནི་གང་། སེམས་ཅན་ཐམས་ཅད་དང་། སློབ་པ་དང་། མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ཏུ་ཆུ་མམ་མ་མམ་ས ་ཇུག་ག་པ་གག་ཙུ་རྒྱ་ནས་ས་རྒྱས་ཀྱི་གསུངས་པ་ཀུན་ཏུ་འཛིན་ཅིང་ཆུད་མི་ཟ་བར་བྱེད་པའོ།། ཐབས་དག་པ་ནི་གང་། སྤོབས་པ་རྒྱུན་མི་འཆད་པ་དང་། སྤོབས་པོ་ཚོགས་པ་མེད་པ ་དང་། ཆོས་བསྟན་པ་དོན་ཡོད་པས་ལེགས་པར་བཤད་པས། སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་བྱེད་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་དག་པ་ནི་གང་། ཚེ་རབས་ཚེ་རབས ་ངག་ཏུ་བྱང་ཆུབ་ཀྱི་སེམས་དམི་བརྗེད་པའོ།། ཡོངསུ་བསྔོ་བ། དག་པ་ནི་གང་བྱང་ཆུབ་ཀྱི་སེམས་མ་བརྗེད་པར། དགེ་བའི་རྩ་བ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་ཡངས ་བསྔོའོ།། ཤེས་རབ་དག་པ་ནི་གང་། མི་གནས་པའི་དགེ་བའི་རྩ་བ་དེ་བྱང་ཆུབ་སེམསུ་ཤེས་པའོ།། ཐབས་པ་གབ་ནི་བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་ཕ་རོལ ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཡང་དག་པར་འཛིན་ཏུ་འཇུག་པའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་གསུངས ་བའི་དོན་ཇི་ལྟར་བདག་གི་འཚལ་བ་ལྟར་ན། བཅོམ་ལྡན་འདས་བདག་འདི་སྙམ་བགྱིད། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ ་དག་པ་རྣམས་ཀྱི་བྱང་ཆུབ་ནི་ཀུན་ཏུ་འགྲོ་བ་སྟེ། བཅོམ་ལྡན་འདས་དེ་དག་གི་བྱང་ཆུབ་མ་ལགས་པའི་ཆོས་གང་ཡང་མ་མཆིསོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆེས་ཐམས་ཅད ་མཉམ་པ་ཉིད་དུ་རྟོག་པ་ནི་བྱང་ཆུབོ། བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་བྱང་ཆུབ་ལ་རིང་བའི་འདུ་ཤེས་མི་བགྱིའོ།། ཡུལ་དྲུག་པོ་དག་གི ་ནང་ནས་ཆོས་གང་དེ་ལ་སྣང་བར་འགྱུར་བ་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པ་ནི་བྱང་ཆུབ།། བཅོམ་ལྡན་འདས་དེ་ལྟར་མོས་པའི་བྱང་ཆུབ་སེམས་དཔའ་ནི་ཐབས་མཁས་པ་དག ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པ་ཐོབ་པར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ལེགས་བྱན་ཏེ་ཞེས་བྱ་བ་བྱིན་ཏེ། བློ་གྲོས་རྒྱ ་མཚོ་ལེགས་ལེག་སོ།། དེ་དེ་བཞི་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ། ཡུལ་དྲུག་པོ་དག་གི་ནང་ནས་ཆོས་གང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཡོངསུ་དག་པ་རྣམས་ལ་སྣང་བར་འགྱུར་བ་དེ་ཉིད་ཡང་། དག་པ་ཇི་ལྟ་བ་བཞིན་དུ་རྟོག་པ་ནི། བྱང་ཆུབ་སྟེ།། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་དེ་ལྟར་རིག ་པར་བྱའོ།། བློ་གྲོས་རྒྱ་མཚོ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ཤིན་ཏུ་རྒྱས་པ་ཚད་མེད་པ། བསམ་གྱིས་མི་ཁྱབ་པ་མཚུངས ་བ་མེད་པ་གྱུར་པ། དེའི་ཚེ་དེའི་དུས་ན། སྐར་མདོག་གི་བསྐལ་པ་ལ་ཤིན་ཏུ་སྤྲུལ་པའི་འཇིག་རྟེན་གྱི་ཁམསུ་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་འོད་ཟེར་སྣང་བ་མཐའ་ཡས་ཤེས་བྱ་བ་རིག་པ་དང་ཞབསུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་། མི ་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་།། ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་འོད་ཟེར་སྣང་བ་མཐའ་ཡས་ཤེས་བྱ་ཞེ་ན། བཅོམ་ལྡན་འདས་དེ་ཐམས་ཅད ་མཁྱེན་པ་མ་ཐོབ་ཅིང་། བྱང་ཆུབ་སེམས་དཔར་གྱུར་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས། ལུས་ལས་འོད་འདི་ལྟ་བུ་ཕྱུང་སྟེ། འོད་རབ་ཏུ་བྱུང་བ་དེས་ཕྱོགས་བཅུའི་སངས ་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་འགྲང་བ་ལས་ཤིན་ཏུ་འདས་པ་དག་སྣང་བ་ཆེན་པོས་གསལ་བར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་དེ་དག་ན། བྱང་ཆུབ་སེམས་དཔའ་གང་དག་ཕྱིར་མི་ལྡོག་པ ་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་འཁོད་པ་དེ་དག་གི། ཉེས། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དེ་མཐོང་།། མཐོང་ནས་ཀྱང་བྱང་ཆུབ་སེམས་དཔའ ་དེ་ག་ལ་བདེ་ལོག་སུ་མེ་ཏོག་དག་གཏོར་ཏོ།། གཏོར་བ་དང་། སངས་རྒྱས་ཀྱི་མཐུས་འོངས་ནས། བྱང་ཆུབ་སེམས་དཔའ་དེའི་ལུས་ལ་བའོ།། མེ་ཏོག་དེ་དག་གིས་འཇིག་རྟེན་གྱི་ཁམས ་ཤིན་ཏུ་སྤྲུལ་པ་དེར་མི་བདུན་གྱི་འཕང་ཙམ་གྱི་མེ་ཏོག་བཀྲམ་པ་གཅིག་ཏུ་གནས་པར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་ན་དབང་ཆེ་བ། དབང་ཆེ་བར་གྲགས་པའི་ལྷ་གང་དག་དང་། ་བྱང་ཆུབ་སེམས་དཔའ་གང་དག་འཁོད་པ་དེ་དག་གིས། འོད་དེ་མཐོང་ནས། གང་འདི་ལྟ་བུ་རྣམ་པར་དག་པའི་འོད་བྱུང་བ་ལས་ན། ཀྱེ་མ་འདི་ནི་དེ་བཞིན་གཤེགས་པ་འོད་ཟེར་སྣང ་བོ་མཐའ་ཡསུ་འགྱུར་ཞེས། ཆེད་དུ་བརྗོད་པ་ཆེ་དུ་བརྗོད། དེ་ལྟར་ན། དེ་བཞིན་གཤེགས་པ་དེའི་མཚན་འོད་ཟེར་སྣང་བ་མཐའ་ཡས་འོད་ཟེར་སྣང་བ་མཐའ་ཡས་ཤེས་བྱ་བར་གྱུར ་ཏོང་ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཤིན་ཏུ་སྤྲུལ་པ་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་ཁམས་དེན་འཁོད་པའི་མི་དེ་དག་གི་ལོངས་སྤྱོད་དང་ཡོང་སུ་སྤྱད་བན། ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངསུ་སྤྱད་པ་ཅི་འདྲ་བ་དེ་འདྲ་བར་གྱུར་པས། དེའི་ཕྱིར་འཇིག་རྟེན་གྱི་ཁམསྡེ་ཤིན་ཏུ་སྤྲུལ་པ་ཞེས་བྱའོ།། ཅིའི་ཕྱིར ་བསྐལ་པ་དེ་སྐར་མདོག་ཅེས་བྱ་ཞེ་ན། བློ་གྲོས་རྒྱ་མཚོ་བསྐལ་པ་ཁྲི་འདས་ནས། བསྐལ་པ་དེ་ལ་སངས་རྒྱས་བྱུང་བར་གྱུར་ཏེ། དེ་བཞིན་གཤེགས་པ་སྐར་མ་ལ་དགའ་བ་ཞེས ་བྱ་བ་བྱུང་།། གང་གི་འོག་ཏུ་བཅོམ་ལྡན་འདས་དེ་བཞི་ན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེས་བྱང་ཆུབ་ཐོབ་བུའི་དེ་བཞིན་གཤེགས་པ་དེའི་མཚན་གྱིས། བསྐལ་པདེ ་སྐར་མདོག་ཅེས་བྱའོ།། བློ་གྲོས་རྒྱ་མཚོ་བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བཅུ་བཞི་བྱུང་།། བློ་ག། ས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་ཤིན་ཏུ་སྤྲུལ་པ་དེ་ནི ་འབྱོར་པ། རྒྱས་པ་ཞི་བ། ལོ་ལེགས་པ། ལྷ་དང་མིས་གང་པ་ཡངས་ཤིང་ཐ་གྲུ་ཆེ་བར་གྱུར་ཏེ། གླིང་བྱེ་བ་བརྒྱ་སྟོང་ཕྲག་དགུ་ཅུ་རྩ་དྲུག་ཡོད།། གླིང་རེ་རེའི་ཚད་ཀྱང་དཔག་ཚད་བརྒྱ་སྟོང ་ཕྲག་བརྒྱད་ཅུ་རྩ་བཞི་ཡོད།། དཔག་ཚད་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རེ་རེ་ལ་ཡང་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་ཡོང་བར་གྱུར་ཏོ།། གྲོང་ཁྱེར་རེ་རེ་ཡང་གྲོང་དང་། ཚོང་དུས་དང་། འོ ་གྱི་གྲོང་བརྒྱད་ཁྲི་བཞི་སྟོང་གིས་ཀུན་ནས་བསྐོར་བར་གྱུར་ཏོ།། གྲོང་ཁྱེར་དེ་དག་ཐམས་ཅད་ན་ཡང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་བཅུ་ཡོད་པར་གྱུར་ཏོ།། གྲོང་དང་། ་ཚོང་འདུས་དང་། འོར་གྱི་གྲོང་དེ་དག་ཐམས་ཅད་ན་ཡང་མིའི་སྐྱེ་དགུའི་སྲོག་ཆགས་བྱེ་བ་ཕྲག་བརྒྱད་བརྒྱད་གནས་པར་གྱུར་ཏོ།། དབང་ཆེ་བ་དབང་ཆེ་བར་གྲགས་པའི་མི་རྣམས་ལ་སྨོས ་ཀྱང་ཅི་དགོས་ཏེ། དེ་ལྟར་འཇིག་རྟེན་གྱི་ཁམས་དེ་རྒྱས་པར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་ནི་གསེར་དང་དངུལ་དང་། ཤེལ་དང་། བཻ་ཌཱུརྱ་དང་། རིན་པོ་ཆེ་སྣ་བཞི་ལས་གྲུབ་པར་གྱུར་ཏོ།། ་དེ་ན་གཟའ་བ་དང་། བཏུང་བ་དང་། གོས་དང་། རྒྱན་དང་། ཡོངསུ་སྤྱོད་པ་དག་བས་ཝ~ཾ་གྱིས་འབྱོར་ཏོ།། ལྷ་དང་མི་དེ་དག་ཀྱང་ངའི་བ་མེད་ཅིང་ཡོང་སུ་འཛིན་པ་མེད་པར་གྱུར་ཏོ།། བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅུ་ཐུབ་པར་གྱུར་ཏོ།། དེའི་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་ནི། ཉན་ཐོས་བྱེ་བ་བརྒྱ་སྟོང ་ཕྲག་སུམ་ཅུ་རྩ་དྲུག་ཡོད།། བྱང་ཆུབ་སེམས་དཔའི་འདུས་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲ་ག་བཅུ་གཉི་སུ་ཡོད།། རྒྱལ་པོ་ཕོ་བྲང་གྲོང་ཁྱེར ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་དེའི་སྐུ་སྐྱེ་བའི་སར་གྱུར་ཏོ།། བཅོམ་ལྡན་འདས་དེ་དེ་ནས་མངོན་པར་བྱུང་ནས། བཅོམ་ལྡན་འདས་དེ་གྲོང་ཁྱེར་ཆེན་པོ ་དགའ་བ་འབྱུང་བ་ཞེས་བྱ་བར་གནས་ཏེ་བཞུགས་སོ།། བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན། གྲོང་ཁྱེར་ཆེན་པོ་དགའ་བ་འབྱུང་བ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་ཤིན་ཏུ་རྣམ ་བར་དག་པ་ཞེས་བྱ་བ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་བྱུང་།། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། འདི་ལྟར་འཁོར་ལོ ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་བདུནོ།། ་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་དེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུར་ཏེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ། སེམས་ཅན་ཐམས་ཅད་ལ ་སེམས་ཞེ་འགྲས་པ་མེད་པའོ།། རྒྱ་ལེ་ཡུལ་ཤིན་ཏུ་རྣམ་པར་དག་པ་དེའི་བཙུན་མོའི་འཁོར་གྱི་བུད་མེད་ནི་བྱེ་བ་ཕྲག་བཞི་ཡོད། གཟུགས་བཟང་བ། མཛེས་པ་བལྟ་ན་སྡུག་པ། ལྷའི་བུ་མོའི་གཟུན ་དང་འདྲ་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དྲག་པར་ཞུགས་པ་ཤ་སྟ་གོ། དལ་བུ་སྟོང་ཡོད།། དཔའ་བ།། རྡུལ་པོད་པ། ཡན་ལག་བཟང་པོ་མཆོག་གི ་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ། སྲེ་ད་མེད་ཀྱི་བུའི་སྟོབས་ཀྱིས་ཤུགས་ཕྱེད་བདོག་པ། སྐྱེས་བུ་ཆེན་པོའི་མཚན་ཉི་ཤུ་རྩ་བརྒྱད་ཀྱིས་ཡན་ལག ་རྣམ་པར་སྨྲས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟག་གོ།། དེ་ལ་བུ་མོ་བརྒྱད་འབུམ་ཡོད། གཟུགས་བཟང་བ་མཛེས་པ། བལྟ་ན་སྡུག་པ ་ལྷའི་བུ་མོའི་གཟུགས་འདྲ་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟ་གོ། བློ་གྲོས་རྒྱ་མཚོ་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པས། བཅྡོཾ་ས ་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་པ་དེ་འཁོར་དང་བཅས་པ་ལ་བར་གྱི་བསྐལ་པ་གཉིས་ཀྱི་བར་དུ་རུང་བ་ཁ་ན་མ་ཐོ་བ་མེད་པ། དགེ་སྦྱོང་དང་འཐུན་པ་ཡིད་དུ་འོང་བའི་གོས་དང་། ་ཟས་དང་མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་སྤྱན་དྲངས་པར་གྱུར་ཏོ།། རྒྱལ་པོ་དེས་བཅོམ་ལྡན་འདས་དེ་ལ་མཆོད་པའི་ཕྱིར། འཁོར་གྱི་ཁྱམས་ཡངས་ཤིང ་ཐག་གྲུ་ཆེ་བ། ཆུ་ཞེང་དཔག་ཚད་ལྔ་འབུམ་ཡོད་པ། ས་ཕྱོགས་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱས་སྤྲས་པ། རིན་པོ་ཆེ་སྣ་བདུན་གྱི་ཕྱིར་བསྐོར་བ། ཙན་དན་དམར་པོ་དང་། ཙན་དན་སྦྲུལ་གྱི་སྙིང་པོ ་གཤིབས་ཏེ་སྦྱར་བ་སྣ་ཚོགས་བལྟ་ན་སྡུག་པ། ལྷའི་གཞལ་མེད་ཁང་འདྲ་བར་བྱས།། གཞན་ཡང་དགེ་སློང་གི་དགེ་འདུན་གྱིས་ཡོངསུ་སྤྱད་པའི་ཁང་པ་བརྩེགས་པ་ས་ཡ་བྱསོ།། བློ་གྲོས ་རྒྱ་མཚོ་དེ་ལྟར་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་ལས་གཞན་མི་བྱེད་པར་རྒྱུན་ཏུ་ཚངས་པར་སྤྱད་པ་ཡང་དག་པར་བླངས། བསླབ་པའི་གནས་ལྔ་ཡོངསུ་བཟུང་སྟེ། ་བཙུན་མོའི་འཁོར་དང་བཅས། རང་གི་སྐྱེ་བོ་དང་བཅས། གཡོ་ག་འཁོར་དང་བཅས་པས་བར་གྱི་བསྐལ་པ་གཉིསུ་བཅོམ་ལྡན་འདས་དེ་ལ་བསྙེན་བཀུར་བྱས་ནས། བར་གྱི ་བསྐལ་པ་དེ་གཉིས་འདས་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེ་ག་ལ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས ་ཕྱག་འཚལ་ཏེ། ལན་བདུན་དུ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འདུག། ཕྱོགས་གཅིག་ཏུ་འདུག་ནས་ཀྱང་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པས། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་ལགས། ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱད་པར་དུ་མཆི་ངས་དེ་ལ་མ་ཆགས་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་བློ་མི་གཡོ་མི་འགྱུར་ཞིང་ཤིན་ཏུ་བརྟན་པ་རྣམས་ལེགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཡོང་སུ་དག་པ་རྣམས་ལགས། བཅོམ་ལྡན་འདས་ཇི ་ལྟར་ན་བྱང་ཆུབ་སེམས་དཔའ་རྒྱང་རིང་དུ་ཡང་ལྟ་ལ་རྩ་བ་ཡང་མ་ཆད་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡུལ་ཡང་འབྱོར་ལ་བག་མཆིས་པ ་ཡང་མི་འདོར་བ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དོན་ཟབ་མོའི་ཚུལ་ལ་མི་སྐྲགས་པ་རྣམས་ལོགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ ་ལ་བྱང་ཆུབ་སེམས་དཔའ་ཡང་དག་པ་རྣམས་ཤེས་བགྱི། བློ་དགྲས་རྒྱ་མཚོས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་འོད་ཟེར་སྣང་བ་མཐའ་ཡས་དེས། རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ ་ཡིད་ལ་ཟུང་ཤིག་དང་བཤད།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཐེག་པ་ཆེན་པོ་ལ་གཞོན་གྱི་དྲིང་མི་འཇོག་པ་རྣམས་ཡིནོ།། བཞི་གང་ཞེ་ན། ་མོས་པ་ལས་ངེས་པར་བྱུང་བའི་དད་པ་འབགས་པ། འཇིག་རྟེན་ལས་འདས་པ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་འབར་བས་སེམས་ཅན་ཡོངསུ་སྨིན་པར་བྱ་བ་ལ་བརྩོན་པ་དང་། ཤིན ་ཏུ་རྣམ་པར་བརྟག་པའི་བློས། མངོན་པར་ཤེས་པའི་ཡེ་ཤེས་ཀྱི་རྣམ་པར་བརྩོན་པ།། སོ་སོ་རང་གིས་ཤེས་པ་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ངེས་པར་རྟོག་པའི ་མཚན་ཉིད། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་ལྡན་ན། ཐེག་པ་གཞན་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་ཡིནོ།། རྒྱལ་པོ ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཁྱད་པར་དུ་འགྲོ་བས་དེ་ལ་མ་ཆགས་པ་རྣམས་ཡིནོ།། བཞི་གང་ཞེ་ན། སེམས་ལ་སུ་རུང་བས་པས ་གཏན་ལས་ལྡོག་པ་ལ་མཁས་པ་རྣམས་ཡིན། གཞན་ལ་བདེ་བ་རབ་ཏུ་སྦྱིན་པས་བདག་བདེ་བ་ལ་མི་ཆགས་པ་རྣམས་ཡིན། སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས ་ཤིང་བྱམས་པ་ཆེན་པོ་ལ་གནས་པ་རྣམས་ཡིན། གོང་ནས་གོང་མའི་ཁྱད་པར་འདོད་པས་རྒྱ་ཆེན་པོ་ལ་མོས་པ་རྣམས་ཡིན་ཏེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཁྱད་པར་དུ་འགྲོ་བས་དེ་ལ་མ་ཆགས་པ་རྣམས་ཡིན།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། བློ ་མི་གཡོ་མི་འགྱུར་ཞིང་ཤིན་ཏུ་བརྟན་པ་རྣམས་ཡིནོ།། བཞི་གང་ཞེ་ན། སྒྱུ་དང་གཡོ་མེད་པའི་བསམ་པ་དང་། བསམ་པ་ཡོང་སུ་དག་པའི་སྦྱོར་བ་དང་། སྦྱོར་བ་ལས་མི་ལྡོག་པའི་བྱསམ ་བ་དང་། ལྷག་པའི་བསམ་པ་མ་བོར་བར་བསྒྲུབ་པ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བློ་མི་གཡོ་འགྱུར་ཞིང་ཤིན་ཏུ་བརྟན ་པ་རྣམས་ཡིན།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཐབས་དང་ཤེས་རབ་ཡོངསུ་དག་པ་རྣམས་ཡིནོ།། ་བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་བདག་མེད་པར་ཡང་མཐོང་ལ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ཀྱང་ཡོངསུ་སྨིན་པར་བྱེད་པ་དང་ཆོས་ཐམས་ཅད ་བརྗོད་མེད་པར་ཡང་རབ་ཏུ་ཤེས་ལ། ཡི་གེ་དང་ངེས་པའི་ཚིག་གིས་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཅིང་དམ་པའི་ཆོས་ཀྱང་ཡོང་སུ་འཛིན་པ་དང་། སངས་རྒྱས་ཐང ་ཆོས་ཀྱི་སྐུས་རབ་ཏུ་བྱེ་བར་ཡང་མོས་ལ། མཚན་དང་དཔེ་བྱང་བཟང་པོ་ཡོངསུ་བསྒྲུབ་པའི་ཕྱིར། བཙོན་འགྲུས་ཀྱང་ཉམས་པར་མི་བྱེད་པ་དང་། སངས་རྒྱས ་ཀྱི་ཞིང་ཐམས་ཅད་ལ་ན་མཁའི་ངོ་བོ་ཉིད་དུ་ཡང་རྟོགས་ལ། སངས་རྒྱས་ཀྱི་ཞིང་ཡོངསསུ་དག་པར་བྱ་བའི། ཕྱིར་བརྩལ་བའི་རྒྱུན་ཀྱང་མི་གཅོད་པ་ཏེ། རྒྱལ་པོ་ཆེན་པོ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཐབས་དང་ཤེས་རབ་ཡོང་སུ་དག་པ་རྣམས་ཡིནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། རྒྱང་རིང་དུ་ཡང་ལྟ་ལ། རྩ་བ་ཡང་མ་ཆད་པ་རྣམས་ཡིནོ།། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སྙིང་པོ་ལ་ཡང་ལྟ་ལ། བྱང་ཆུབ་ཀྱི་སེམས ་ཀྱང་མི་འདོར་བ་རྣམས་ཡིན། སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་ལྷ་ལ། རང་གི་ཤེས་པས་ཀྱང་ཞུམ་པ་མེད་པ་རྣམས་ཡིན། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ལ་ཡང་ལྟ་ལ། ཇི ་ལྟར་ཐོས་པའི་ཆོས་བསྟན་པས་ཀྱང་ཡོངསུ་མི་སྐྱོ་བ་རྣམས་ཡིན། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ཡང་ལྷ་ལ། ཚེ་དང་འཆི་འབོ་དང་སྐྱེ་བ་ལ་མི་སྨོད་པ་རྣམས་ཡིན་ཏེ། ་རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དྲི་དག་དང་ལྡན་ན། རྒྱང་རིང་དུ་ཡང་ལྟ་ཞིང་རྩ་བ་ཡང་མ་ཆད་པ་རྣམས་ཡིན།། རྒྱལ་པོ་ཆེན་པོ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཡུལ་ཡང་འབྱོར་ལ། བག་ཡོད་པ་ཡང་མི་འདོར་བ་རྣམས་ཡིནོ།། བཞི་གང་ཞེ་ན། མི་ཡོང་སུ་སྨིན་པར་བྱ་བ ་ཕྱིར། འཁོར་ལོས་སྒྱུར་བའི་རྒྱལ་པོར་ཡང་འགྱུར་ལ། འདུ་བྱེད་ལ་མི་རྟག་པར་སོ་སོར་རྟོག་པས་ཡུལ་འ་བྱོར་ཀྱང་བག་མེད་པར་མི་འགྱུར་བ་རྣམས་ཡིན། ལྷ ་ཡོངསུ་སྨིན་པར་བྱ་བའི་ཕྱིར། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དུ་ཡང་འགྱུར་ལ། འདུ་བྱེད་ལ་སྔ་ག་བསྔལ་བར་སོ་སོར་རྟོག་པས་ཡུལ་འབྱོར་ཀྱང་བག ་མེད་པར་མི་འགྱུར་བ་རྣམས་ཡིན། བདུད་ཀྱི་རིས་ཀྱི་ལྷ་ཡོངསུ་སྨིན་པར་བྱ་བའི་ཕྱིར། བདུད་ཉིད་ཉེ་བར་སྟོན་ལ། ཆོས་ལ་བདག་མེད་པར་སོ་སོར་རྟོག་པས། ཡུལ་འབྱོར ་ཀྱང་། བག་མེད་པར་མི་འགྱུར་བ་རྣམས་ཡིན། ཚངས་རིས་ཀྱི་ལྷ་ཡོངསུ་སྨིན་པར་བྱ་བའི་ཕྱིར། ཚངས་པ་དབང་སྒྱུར་དུ་ཡང་གྱུར་ལ། མྱ་ངན་ལས་འདས་པ་ལ་ཞི་བར ་རྟོག་པས། ཡུལ་འབྱོར་ཀྱང་། བདག་མེད་པར་མི་འགྱུར་བ་རྣམས་ཡིན་ཏེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཡུལ་ཡང ་འབྱོར་ལ། བག་ཡོད་པ་ཡང་མི་འདོར་བ་རྣམས་ཡིན།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། དོན་ཟབ་མ་འཚུལ ་མི་སྐྲག་པ་རྣམས་ཡིནོ།། བཞི་གང་ཞེ་ན། ཡང་དག་པའི་དགེ་བའི་བཤེས་གཉེན་གང་དག་ཕྱི་རོལ་དུ་མི་བྱེད་པར་རྒྱན་ཏུ་སངས་རྒྱས་ཀྱི་བྱང་ཆུབ་ཟབ་མོ་འདི་ཡང་དག་པར་རབ་ཏུ་སྟོན་པ་ལ ་སྟེན་པ་དང་། མདོ་སྡེ་ཟབ་མོ་ཚུལ་འདི་ལྟ་བུ་དེ་དག་མཉན་པའི་ཕྱིར། དཔག་ཚད་བརྒྱར་ཡང་འགྲོ་བ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་ལ་ཚུལ་བཞིན་དུ་དཔྱོད་པ་དང་། དོན་ལ་རྟོན་པ་ཡིན ་གྱི། ཚིག་འབྲུ་ལ་རྟོན་པ་མ་ཡིན་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། དོན་ཟབ་མོའི་ཚུལ་ལ་མི་སྐྲག་པ་རྣམས ་ཡིནོ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་ད་པའ་ཡང་དག་པ་རྣམས་ཤེས་བྱའོ།། བཞི་གང་ཞེ་ན། ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངསུ་ཚོལ་བ་ལ་བརྩོན་པའི་བརྩོན་འགྲུས་དང་། སེམས་ཅན་ཐམས་ཅད་ཡོངསུ་སྨིན་པར་བྱ་བ་ལ་བརྩོན་པའི་སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་ཐམས ་ཅད་ཡོངསུ་རྫོགས་པར་བྱེད་པ་ལ་བརྩོན་པའི་སྟོབས་ཀྱིས་རྣམ་པར་གནོན་པ་དང་། འཁོར་བ་དཔག་ཏུ་མེད་པ་ཡོངསུ་འཛིན་པ་ལ་ཡོངསུ་མི་སྐྱོ་བར་བརྩོན་པས་བསོད་ནམས་དང་། ཡེ་ཤེས་ཀྱི་ཆོགས ་སོགས་པ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡང་དག་པ་རྣམས་ཤེས་བྱའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་ན་བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་ངེས་བཞི་པ་བསྒྲུབ་པ་བསྟན་པ་འདི་བཤད་ན། སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་བཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི། ་བྱང་ཆུབ་ཏུ་སེམས་བསྐྱེད།། དགེ་སློང་བྱེ་བ་ཕྲག་བརྒྱད་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོ་ལོ།། རྒྱལ་པོ་གཞོན་ནུ་དེ་དག་དང་། རྒྱལ་པོའི་བུ་མོ་རྣམས་དང་། རྒྱལ་པོའི ་བཙུན་མོའི་འཁོར་ནི་ཆུ་ངུའི་རྗེ་སུ་འཐུན་པའི་ཆོས་ལ་བཟོད་པ་སྐྱེསོ།། རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་ནི་རྣོ་བའི་རྗེསུ་འཐུན་པའི་ཆོ་ས་ལ་བཟོད་པ་སྐྱེསོ།། དེ་ནས་རྒྱལ་པོ་ཡུལ་ཤིན་ཏུ ་རྣམ་པར་དག་པ་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་རྒྱ་སྲིད་ཐམས་ཅད་བཅོམ་ལྡན་འདས་དེ་ལ་ཡོངསུ་སྤྱད་པའི་ཕྱིར་ཕུའོ།། ་བམ་པོ་དགུ་པ། བློ་གྲོས་རྒྱ་མཚོ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཡོངསུ་སྤུང་བའི་ཕྱིར། རྒྱལ་སྲིད་ཐམས་ཅད་དེ་བཞིན་གཤེགས་པ་ལ་ཕུལ་ཟིན་ན། རྒྱལ་པོ་ཆེན་པོ་ཁྱེད་དད་པས་ལེགས ་པར་གསུངས་པའི་ཆོས་འདུལ་བ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཤིག། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ནི་དོན་ཆེ ་བ། ཕན་ཡོན་ཆེ་བ། རྒྱ་ཆེ་བའོ།། རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པའི་བྱང་ཆུབ་སེམས་དཔའི་ཐོབ་པ་ཆེན་པོ་ནི། ཉི་ཤུ་པོ་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་བླ་ན་མེད་པའི ་འཐོབ་པ་ཡོངསུ་རྫོགས་པར་འགྱུར་བ་དགོ། ཉི་ཤུ་པོ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་སྲིད་དང་། ལོངས་སྤྱོད་དང་། གཡོག་འཁོར་དང་། དབང་ཕྱུག་འདོར་བས ་ངའི་བ་མེད་ཅིང་ཡོང་སུ་འཛིན་པ་མེད་པ་འཐོབ་པ་དང་། ཁྱིམ་ནས་འབྱུང་བ་ལ་གཞོལ་བས་ཉོན་མོངས་པ་ལས་འབྱུང་བ་འཐོབ་པ་དང་། ངུར་སྨྲིག་འཛིན་པས་རྙོག་པ་མེད་པའི་སེམས ་འཐོབ་པ་དང་། འཕགས་པའི་རིགས་ཆོག་ཤེས་པས་དགང་སླ་བ་དང་། གསོ་སླ་བ་འཐོབ་པ་དང་། སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ཡང་དག་པར་ལེན་པས་འདོད་པ་ཆེ་བ་དང་། ་སྡིག་པ་འདོད་པ་སྤོང་བ་འཐོབ་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངསུ་དག་པས་ལྷ་དང་མིར་སྐྱེ་བ་འཐོབ་པ་དང་།། བྱང་ཆུབ་ཀྱི་སེམས་མི་འདོར་བས། ཕ་རོལ་ཏུ་ཕྱིན་པ ་དྲུག་འཐོབ་པ་དང་། དགོན་པ་དབེན་པ་ན་གནས་པས་འདུ་འཛི་དང་མི་འདྲེ་བ་འཐོབ་པ་དང་། གནོད་པ་མེད་པས། ཆོས་སེམས་པའི་བདེ་བ་འཐོབ་པ་དང་། བསམ་གཏན ་གྱི་ཡན་ལག་ཡང་དག་པར་བསྒྲུབ་པས། སེམས་ལ་སུ་རུང་བ་འཐོབ་པ་དང་། ཐོས་པ་ཡོངསུ་ཚོལ་བ་ཤེས་རབ་ཆེན་པོ་འཐོབ་པ་དང་། ང་རྒྱལ་མེད་པས་ཡེ་ཤེས་ཆེན་པོ ་འཐོབ་པ་དང་། དོན་ཉུང་ཞིང་བྱེད་པ་ཉུང་བས་ཆོས་རབ་ཏུ་རྣམ་པར་འབྱེད་པ་འཐོབ་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་པས་བྱམས་པ་ཆེན་པོ་འཐོབ་པ་དང་། སེམས ་ཅན་ཐམས་ཅད་རབ་ཏུ་ཐར་བྱེད་པའི་སེམས་ཀྱིས་སྙིང་རྗེ་ཆེན་པོ་འཐོབ་བ་དང་། ལུས་དང་སྲོག་ལ་མི་ལྟ་བས་དམ་པའི་ཆོས་ཡོང་སུ་འཛིན་པར་འཐོབ་པ་དང་། སེམས་རབ་ཏུ་སྦྱངས་པས་མངངོན་པར ་ཤེས་པ་ཆེན་པོ་འཐོབ་པ་དང་། སངས་རྒྱས་རྗེསུ་དྲན་པས། སངས་རྒྱས་མཐོང་བ་འཐོབ་པ་དང་། ཚུལ་བཞིན་གྱི་ཆོས་ལ་སོ་སོར་རྟོག་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ ་འཐོབ་པ་དང་། ཡོན་ཏན་ཐམས་ཅད་ཡང་དག་པར་འཛིན་པའི་སྤྱོད་པས་མྱུར་དུ་ཐམས་ཅད་མཁྱེན་པ་ཐོབ་པ་འཐོབ་པ་སྟེ། རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པའི་བྱང་ཆུབ ་སེམས་དཔའ་ལ་འཐོབ་པ་ཆེན་པོ་ཉི་ཤུ་པོ་འདི་དག་རྙེད་པར་དཀའ་བར་མི་འགྱུརརོ།། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཤིག། ་བློ་གྲོས་རྒྱ་མཚོ་དེ་ནས་བཅོམ་ལྡན་འདས་དེས། རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་རབ་ཏུ་འབྱུང་བ་ཡང་དག་པར་འཛིན་ཏུ་བཅུག་པས་རྒྱལ་སྲིད་ཐམས་ཅད་སྤངས། རྒྱལ་སྲིད་ཀྱི ་དཔལ་ཡང་སྤངས་ཏེ། ཁྱིམ་ན་གནས་པས། ཡིད་བྱུང་བས་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག། བགོས་ནས། བཅོམ་ལྡན་འདས་དེའི་བསྟན་པ་ལ་དང ་བས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་།། དེ་རབ་ཏུ་བྱུང་བར་རིག་ནས་རྒྱལ་པོའི་བཙུན་མོའི་འཁོར་ཀྱང་རབ་ཏུ་བྱུང་།། དེ་དག་རབ་ཏུ་བྱུང་བར་རིག་ནས་རྒྱལ་བུ་གཞོན་ནུ ་རྣམས་ཀྱང་རབ་ཏུ་བྱུང་།། དེ་དག་རབ་ཏུ་བྱུང་བར་རིག་ནས་རྒྱལ་པོའི་བུ་མོ་གནོན་ནུ་མ་རྣམས་ཀྱང་རབ་ཏུ་བྱུང་།། དེ་དག་རབ་ཏུ་བྱུང་བར་རིག་ནས། རྒྱལ་པོའི་ཡུལ་ན་གནས་པའི་སྲོག་ཆགས་བྱེ ་ཁྲག་ཁྲིག་བརྒྱ་སྙིང་ཕྲག་དགུ་བཅུ་རྩ་དགུ་ཡང་རབ་ཏུ་བྱུང་།། དེ་ལྟར་དེ་དག་རབ་ཏུ་བྱུང་ནས། དགེ་བའི་ཆོས་ཡོངསུ་ཚོལ་བ་ལ་བརྩོན་པས་བརྩོན་འགྲུས་བརྩམས་ཏེ་གནསོ།། བློ་གྲོས་རྒྱ་མཚོ ་སེམས་ཅན་བསོད་ནམས་བྱས་པ་ཐམས་ཅད་ཀྱི་གནསུ་གྱུར་པས་ཇི་ཙམ་དུ་བཅོམ་ལྡན་འདས་དེའི་གསུང་རབ་མཛེས་པར་གྱུར་པ་ལ་ལྟོས། བློ་གྲོས་རྒྱ་མཆོད་ནས་རྒྱལ་པོ ་ཡུལ་ཤིན་ཏུ་རྣམ་པར་དག་པ་དེ་ལྟར་རབ་ཏུ་བྱུང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེ་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་དེ་ལ་འདི་སྐད ་ཅེས་གསོལ་ཏེ། བཅོམ་ལྡན་འདས་བདག་གང་ལ་སྒྲུབ་པ་སྙིང་བར་བགྱིང་པར་གནས་ཤིང་དོ་ན་མཆིས་པར་ཡུལ་འཁོར་གྱི་བསོད་སྙོམས་སོང་སུ་འཆལ་བར་འགྱུར་བའི་གངམས་ངག་དང་རྗེསུ ་བསྟན་པ་བདག་ལ་སྤྲུལ་དུ་གསོལདུ་གྲོ་རྒྱ་མཚོས་དེསྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་དེས་དགེ་སློ། ང་ཡུལ་ཤིན་ཏུ་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ་དགེ་སློང་ཁྱོད་ཀྱི་མིང་ནི་ཡུལ་ཤིན་ཏུ་རྣམ་པར་དགཔ་ཞེས་བྱའོ།། ཁྱོད་སོང་ལ་རང་གི་ཡུལ་རྣམ་པར་དག་པར་བྱ་བའི་ཕྱིར་བརྩོན་པར་གྱིས་ཤིག། རང་གི་ཡུལ་ལ་ཚུལ ་བཞིན་གྱིས་སོ་སོར་རྟོགས་ཤིག། ཅི་ནས་ཀྱང་ཡུལ་དྲག་པོ་དེ་དག་གི་ནང་ནས་ཆོས་གང་ཁྱོད་ལ་སྣང་བར་འགྱུར་བ་དེ་ཉིད་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པར་ཁོང་དུ་ཆུད་པས ་བྱང་ཆུབ་མཐོང་བར་འགྱུར་བ་དེ་ལྟར་སོ་སོར་རྟོགས་ཤིག། བྱང་ཆུབ་ལ་རིང་བའི་འདུ་ཤེས་མ་བྱེད་ཅིག། ཉེ་བའི་འདུ་ཤེས་ཀྱང་མ་བྱེད་ཅིག། བློ་གྲོས་རྒྱ་མཚོ་དེ་ནས་བཅོམ་ལྡན་འདས ་དེས་དགེ་སློང་ཡུལ་ཤིན་ཏུ་རྣམ་པར་དག་པ་ལ་གདམས་ངག་འདིས་གདམས་པ་དང་། གཅིག་པུ་དབེན་པར་རྟུན་ཅིང་ཤེས་བཞིན་དང་ལྡན་ལ་བག་ཡོད་པར་གནས་ཏེ། རང་གི་ཡུལ་ལ ་ཡང་དག་པར་ཇི་ལྟ་བ་བཞིན་སོ་སོར་རྟོགོ། དེའི་ཚུལ་བཞིན་གྱིས་སོ་སོར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། མིག་གི་ཡུལ་ནི་སྟོང་པ་ཉིད་ཀྱི་ཡུལོ།། སྟོང་པ་ཉིད་ཀྱི་ཡུལ་ནི་སེམས་ཅན་ཐམས་ཅད ་ཀྱི་ཡུལོ།། སེམས་ཅན་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་ཡུལ་ཏེ། སངས་རྒྱས་ཀྱི་ཡུལོ།། རྣ་བའི་ཡུལ་ནི་སྟོང་པ་ཉིད་ཀྱི་ཡུལོ།། སྟོང་པ་ཉིད་ཀྱི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལོ།། སེམས་ཅན་ཐ ་ཀྱང་སྟོང་པ་ཉིད་ཀྱི་ཡུལ་ཏེ། སངས་རྒྱས་ཀྱི་ཡུལོ།། དེ་བཞིན་དུ་སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་ཡུལ་ནི་སྟོང་པ་ཉིད་ཀྱི་ཡུལོ།། སྟོང་པ་ཉིད་ཀྱི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལོ།། སེམས ་ཅན་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་ཡུལ་ཏེ། སངས་རྒྱས་ཀྱི་ཡུལ།། མིག་ཡུལ་ནི་མཚན་མ་མེད་པའི་ཡུལོ།། མཚན་མ་མེད་པའི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལོ།། སེམས་ཅན་ཐམ ་ཅད་ཀྱང་མཚན་མ་མེད་པའི་ཡུལ་ཏེ། སངས་རྒྱས་ཀྱི་ཡུ་ལོ།། ཡིད་ཀྱི་བར་གྱི་ཡུལ་ནི་མཚན་མ་མེད་པའི་ཡུལ།། ། མཚན་མ་མེད་པའི་ཡུལ་ནི། སེམས་ཅན་ཐམས་ཅད ་ཀྱི་ཡུལོ།། སེམས་ཅན་ཐམས་ཅད་ཀྱང་མཚན་མ་མེད་པའི་ཡུལ་ཏེ། སངས་རྒྱས་ཀྱི་ཡུལོ།། དེ་བཞིན་དུ་མིག་གི་ཡུལ་ནི་རྨད་མེད་པའི་ཡུལོ།། མངོན་པར་འདུ་བྱ་བ་མེད་པའི་ཡུལོ།། མ ་སྐྱེས་པ་དང་། མ་བྱུང་བའི་ཡུལོ།། མ་བྱུང་བའི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུའོ།། སེམས་ཅན་ཐམས་ཅད་ཀྱང་མ་བྱུང་བའི་ཡུལ་ཏེ། སངས་རྒྱས་ཀྱི་ཡུལོ།། དེ་བཞིན་དུ ་ཡིད་ཀྱི་བར་གྱི་ཡུལ་དང་སྦྱོར། བློ་གྲོས་རྒྱ་མཚོ་དེ་ལྟར་དགེ་སློང་ཡུལ་ཤིན་ཏུ་རྣམ་པར་དག་པ་ཡུལ་ལ་འཇུག་པ་འདིས། ལུས་དང་སེམས་ལ་སུ་རུང་སྟེ། འདུན་པ་དང་། བརྩོན ་འགྲུས་དང་། སེམས་དང་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམས་པས་རིང་པོ་མ་ཐོགས་པར་མངོན་པར་ཤེས་པ་ལྔ་བསྐྱེད་པར་གྱུར་ཏོ།། བག་ཡོད་པའི ་སྤྱོད་པ་དེས་ཀྱང་དོན་དང་ངེས་པ་ཚིག་ཐམས་ཅད་སྡུད་པ་ཞེས་བྱ་བའི་གཟུངས་རབ་ཏུ་ཐོག།། བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན། གང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འབྱེར་པ་སྤངས་ཏེ། བཅོམ ་ལྡན་འདས་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཡུལ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བའི་དགེ་སློང་དུ་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཡིད་གཉི་སུ་གྱུར་ཏམ། དེའི་ཚེ ་ཙོམ་ཟན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི།། ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན། དགེ་སློང་ཡུལ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བར་གྱུར་ཏོ།། ་བློ་གྲོས་རྒྱ་མཚོ་དེའི་དུས་ན་གང་དག་དགེ་སློང་རབ་ཏུ་བྱུང་བ་དེའི་རྗེསུ་རབ་ཏུ་བྱུང་བའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟེང་མང་པོར་གྱུར་པ་དེ་དག་གཞན་དག་ཅིག་ཡིན་སྙམ་དུ ་ཁྱེད་སེམས་ན་དེ་དེ་ལྟར་མོ་ལྟ་སྟེ། ཆོས་མཉན་པའི་ཕྱིར་གང་དག་ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་བྱང་ཆུབ་སེམས་དཔའ་འདི་དག་གོ།། བཅོམ་ལྡན་འདས་ཀྱིས་སྔོན་བྱུང་བའི་ལེའུ་འདི་བཤད་པ་ན། ་སྲོག་ཆགས་ཁྲི་བརྒྱད་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱོད།། བྱང་ཆུབ་སེམས་དཔའ་བརྒྱད་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐབ་པར་གྱུར་ཏོ།། ་སྔོན་བྱུང་བའི་ལེའུས་འཅུ་འོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྲེ་གྲོས་རྒྱ་མཚོལ་བག་འཕྲུལ་པ། བུ་གྲོས་རྒྱ་མཚོད་སྐ་པས་ན་ལྡན་མེད་པ་ཡང་ས ་རྫོགས་པའི་བྱང་ཆུབ་མྱུར་དུ་མངོན་པར་འཚང་རྒྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྐྱེས་བུ་དམ་པ་ཁྱོད་ཀྱི་རྗེསུ་བསླབ་པར་བྱ་སྟེ། བྱང་ཆུབ་སེམས་དཔས་ཚིག ་ཏུ་བྱས་ཤིང་ཚིག་ལྷུར་བླང་བར་མི་བྱའི། བྱང་ཆུབ་སེམས་དཔའ་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱ་བར་བྱའོ།། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ཡིན་ཞེ་ན། ་བློ་གྲོས་རྒྱ་མཚོ་སངས་རྒྱསུ་འགྱུར་བར་བྱའོ་ཞེས་བྱ་བའི་ཚིག་ནི་བརྗོད་པར་སླའི། དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒྲུབ་པ་ནི་དཀའོ་སྙམ་པའོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས ་དཔའ་གང་ལ་ལས་ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་ཏེ། ཁོ་བོས་སེམས་ཅན་ཁྱེད་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ་ཞེས་བྱས་ལ། མང་དུ་ཐོས་པ་དང་། དེ་ལས ་གཞན་པ་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆེས་རྣམ། ས་ལ་བརྩོན་པར་མི་བྱེད་ན། དེ་སེམས་ཅན་དེ་དག་ལ་སླུ་བ་ཡིན་ཏེ། དེ་སྐད་སྨྲས་པ་དེ་བཞིན་བྱེད་པ་མ་ཡིན།། བློ་གྲོས་རྒྱ ་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས་དཔས་ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་འགྲོན་ཏུ་གཉེར་ཏེ། ཁོ་བོས་སེམས་ཅན་ཁྱེད་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ།། ཞེས་བྱས ་ལ་མང་དུ་ཐོས་པ་དང་། དེ་ལས་གཞན་པ་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན།། ཟླ་གྲོས ་རྒྱམ་མ་འོངས་ཏེ།། དབ་ན། རྒྱལ་བ་ལས་རྒྱལ་པའི་བྱུན་པ་ཀྲེང་རྐྱེ་ཀྱི་སྐྱེབ་མས་ཅ་ས་རྐྱེན་ནཔའི་དྲེ་ཚུཔས་ལ་སལ་། རྐྱེན། ་དེས་སྐྱེ་བོའི་ཚོགས་ཐམས་ཅད་བསླུས་པ་ཡིན་ཏེ། དེ་དག་ཀྱང་གཟའ་བ་དང་བཏུང་བའི་ཟས་མ་ཐོབ་པས་འཕྱ་ཞིང་སླར་འདོར་བ་དེ་བཞིན་དུ་བློ་གྲོས་རྒྱ་མཚོ་བྱང་ཆུབ ་སེམས་དཔས་མ་རྒལ་བ་བསྒྲལ་བ་དང་། མ་གྲོལ་བ་དགྲོལ་བ་དང་། དབུགས་མ་བྱིན་པ་དབུགས་དབྱུང་བ་དང་། ཡོངསུ་མྱ་ངན་ལས་མ་འདས་པ་ཡོངསུ་མྱ་ངན་ལས་ཟླ་བའི་ཕྱིར། སེམས་ཅན་ཐམ ་ཅད་དབུགས་བྱུང་ལ་མང་དུ་ཐོས་པ་དང་། དེ་ལས་གཞན་པ་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་མི་བྱེད་ན། བྱང་ཆུབ་སེམས་དཔའ་དོ་ནི་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་མ་ཡིན ་ཏེ། ལྷ་དང་བཅས་པའི་འཇིག་རྟེན་ལ་སླུ་བ་ཡིན།། དེ་ལྟ་བུ་དེ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱི་མཐོང་མ། འཕྱ་ཞིང་།། གནོགས་འབྱས་བྱེད་ལ་རྣམ་པར་སློང་། གང་དག ་མཆོད་སྦྱིན་བྱ་བར་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པ་འི་མཆོད་སྦྱིན་གྱི་བདག་པོ་དེ་དག་ནི་དཀོནོ།། དེ་བས་ཀྱང་གང་དགེ་མཆོད་སྦྱིན་ཆེན་པོ་དེ་བརྩམས་ནས། བླ་ན་མེད་པའི་ཐག ་པ་ཆེན་པོ་ལ་ཡོངསུ་སྐྱོ་བར་མི་འགྱུར་བ་དག་ནི་ཆེས་དཀོནོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་གང་གིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་སླུ་བར་འགྱུར་བའི ་ཚིག་བརྗོད་པར་མི་བྱའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་གང་ལ་ཆོས་ཀྱི་དོན་བྱ་བ་གསོལ་བ་བཏབ་ལ། དེ་ལ་བྱང་ཆུབ་སེམས་དཔས་ཁོ་བོས་ཁྱོད་ཀྱི་ཆོས ་ཀྱི་དོན་འདི་ཡོངསུ་ཐོབ་པར་བྱའོ་ཞེས་ཚིག་སྨྲས་པར་གྱུར་ན། བྱང་ཆུབ་སེམས་དཔ་དེ་ལ་ལུས་ནི་ཡོངསུ་གཏང་བར་བྱའི། སེམས་ཅན་སླུ་བར་ནི་མི་བྱའོ།། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་རྣམ་གྲངས་འདིས ་ཀྱང་འདི་ལྟར་རིག་པར་བྱའོ།། བློ་གྲོས་རྒྱ་མཚོ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་དཔག་ཏུ་མེད་པར་གྱུར་པ་དེའི་ཚེ། དེའི་དུས་ན། སེངྒེའི་རྒྱལ་པོ་དང ་དཀར་ལྟ་བུའི་རལ་པ་ཅན་ཡན་ལག་མ་སྨད་པ་ཞེས་བྱ་བ་སེམས་ཅན་ཐམས་ཅད་ལ་བྱམས་པའི་རྗེ་སུ་ཞུགས་པ་རྩ་བ་དང་། ལོ་མ་དང་། མེ་ཏོག་དང་འབྲས་བུ་ལ་མོས་པ་ཞིག་རིའི་ཕུག་བགྲོད ་དཀའ་བ་དེ་ན་གན་སོ།། རིའི་ཕུག་འགྲོད་དཀའ་བ་དེ་ན་སྤྲེའུ་ཕོ་མོ་གཉིས་ཤིག་ཀྱང་གནསོ།། དེ་ནས་དུས་གཞན་ཞིག་མ་སྤྲེའུ་མོ་དེ་ལ་བུ་འབྲངས་ནས། དེ་ལས་ཕྲུག་གུ་གཉིས་བྱུང་།། དེ་ནས་སྤྲེའུ ་དང་། སྤྲེའུ་མོ་དེས། ཕྲུག་གུ་དེ་གཉིས་རི་དགས་ཀྱི་རྒྱལ་པོ་སེང་གེ་ལ་གཏམས་ཏེ་སྤྱད་ཡུལ་དུ་དོང་།། དེ་ནས་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་པ་ཞེས་བྱ་བ་སྟེང་གི་བར་སྣང་ལས་བབས་ཏེ། སྤྲེའུ་ཡཾ ་དྲུག་གུ་དེ་གཉིས་བླངས་ནས། སྟེང་གི་བར་སྣང་ལ་གནས་པར་གྱུར་པ་དང་། རི་དྭགས་ཀྱི་རྒྱལ་པོ་སེངྒེས་བྱ་རྒོད་ཀྱི་རྒྱལ་བོ་སྤུ་གྲིབས་སྤྲེའུ་དྲུག་གུ་དེ་གཉིས་ཁྱེར་བ་མཐོང་།། ་མཐོང་ནས་ཀྱང་ཚིགསུ་བཅད་སྨྲས་པ།། བྱ་རྒོད་རྒྱལ་པོ་ཁྱོད་ལ་བདག་གསོལ་པ།། བདག་གི་སྤྲེའུ་ཕྲུག་དེ་གཉིས་ཁྱོད་ཀྱིས་མཐོ་ངོ་།། བདག་ནི་དེ་དག་འཇིགས་མེད་བྱ་ཕྱིར་གནས།། ་སྐྱབསུ་དོང་བ་མ་བསད་ཁྱོད་ཀྱིས་མཐོང་།། དེ་ནས་བྱ་རྒོད་ཀྱི་རྒྱལ་པོས། རི་དགས་ཀྱི་རྒྱལ་པོ་སེང་གེ་དེ་ལ་ཚིག་སུ་བཅད་དེ་སྨྲས་པ།། རི་དགས་ཀྱི་རྒྱལ་པོ་གལ་ཏེ་ཁྱོད་ནི་བདག་འདོར་ན།། ་ལྟར་ན་ནི་འདི་གཉིས་མི་གསད་གཏང་བར་བྱ།། ཁོ་བོས་འདི་གཉིས་ཟོས་ནས་ཁོ་བོ་མཁའ་ལ་གནས།། ཁྱོད་ནི་ཁྲོས་པར་གྱུར་ཀྱང་བདག་ལ་ཅི་བྱར་ཡོད།། རི་དྭགས་ཀྱི་རྒྱལ་པོས་ཡང་སྨྲས་པ། ་བདག་ནི་གཏང་གིས་ཡོངསུ་བཟའ་བར་གྱིས།། བདག་གི་སྡེ་དྲུག་གཉིས་ནི་གཏང་བར་གསོལ།། བྱང་ཆུབ་ཞུགས་པ་དམ་བཅས་སྲུང་བར་བྱེད།། མཁས་པ་དག་ནི་བརྫུན ་དུ་སྨྲ་བ་མེད།། བདག་བརྫུན་གྱུར་ཏུ་འོང་སྟེ་ལྷག་བསམ་པས།། དེ་ནས་དྲང་སྲོང་ཆེན་པོ་ལུས་འདོར་ཏེ།། དེ་ནས་ལྷག་པའི་བསམ་པས་དགར་གྱུར་ནས།། སེམས་ཅན་རྣམས་ཀྱི་ཆེད་དུ་ལུས་བཏང ་དེ་ནས་བྱ་རྒོད་རྒྱལ་དེས་རྨད་དུ་བྱུང་མཐོང་ནས།། ན་མཁར་གནས་ཏེ་ཆེད་བརྗོད་ཆེད་དུ་བརྗོད།། གང་དག་གཞན་ཕྱིར་རང་གི་ལུས་འདོར་བ།། དེ་དག་འཚེ་བའི་འཇིག་རྟེན་འདིར་བདེར་འཚོ།། ཁོ་བོས ་སྤྲེའུ་དྲུག་འདི་གཉིས་གཏང་བར་བྱ།། ཁྱོད་ཀྱང་མཚེ་ཞིང་རིང་དུ་ཆོས་སྤྱོད་ཅིག། བློ་གྲོས་རྒྱ་མཚོ་དེའི་ཚེ། དེའི་དུས་ན། རི་དྲག་ས་ཀྱི་རྒྱལ་པོ་སེངྒེར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད ་སེམས་ན་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ང་ཉིད་དེའི་ཚེ། དེའི་དུས་ན། རི་དྭགས་ཀྱི་རྒྱལ་པོར་སེངྒེར་གྱུར་ཏོ།། འོད་སྲུང་ཆེན་པོ་ནི་སྤྲེའུ་རུ་གྱུར ་ཏོང་ར་སེར་སྐྱ་བཟང་མོ་ནི་སྤྲེའུ་མོར་གྱུར་ཏོ།། སྒྲ་གཅན་ཟིན་དང་ཀུན་དགའ་བོ་ནི་སྡེ་ཕྲུག་ཏུ་གྱུར་ཏོ།། དགེ་སློང་འཕྲེང་བ་བཟང་བ་ནི། དེའི་ཚེ་དེའི་དུས་ན། བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲྀ་པ་ཞེས་བྱ ་བར་གྱུར་ཏོ།། བློ་གྲོས་རྒྱ་མཚོ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུས་ནི་ཡོངསུ་བཏང་བར་བྱའི། སྐྱབསུ་དོང་བ་དག་ནི་ཡོངསུ་བཏང་བར་མི་བྱ་སྟེ། ཇི་སྐད་སྨྲས་པ་དེ ་བཞིན་དུ་བསྒྲུབ་པར་བྱའོ།། དེ་ལ་ཇི་སྐད་སྨྲས་པ། དེ་བཞིན་བྱེད་པ་གང་ཞེ་ན། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་བདོག་པ་ཐད་ཡོངསུ ་གཏོང་བར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། དེ་ལྟར་ན་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིནོ།། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་ཚུལ་ཁྲིམས་པ ་བསླབ་པ་དང་སྦྱངས་པའི་ཡོན་ཏན་ཐམས་ཅད་ཡང་དག་པར་འཛིན་ཅིང་སྤྱོད་པར་ཀུན་ཏུ་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། བྱང་ཆུབ་སེམས་དཔའ་བཟོད་པ་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། ་གང་གི་ཚེ་གནོད་སེམས་དང་ཐ་བ་དང་། ཞེ་སྡང་སྤོང་བར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་དགེ་བའི་ཆོས་ཐམས ་ཅད་ཡོངསུ་ཚོལ་བ་ལ་བརྩོན་པར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། བྱང་ཆུབ་སེམས་དཔའ་བསམ་གཏན་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་བསམ་གཏན་དང་། རྣམ་པར་ཐར་པ་དང་། ་ཏིང་འཛིན་དང་སྙོམས་པར་འཇུག་པ་རྣམས་ལ་སྣ་ང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། བྱང་ཆུབ་སེམས་དཔའ་ཤེས་རབ་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་ཚིག ་རབ་ཏུ་དབྱེ་བའི་སྤོབས་པ་རྣམ་པར་ངེས་པའི་ཡེ་ཤེས་ལ་མཁས་པར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། དེ་བཞིན་དུ་མི་དགེ་བའི་ཆོས་ཐམས་ཅད་ཀྱི་བར་དག་སྤང་བར་སྨྲ་བ་དང་། དགེ་བའི ་ཆོས་ཐམས་ཅད་ཡོང་སུ་རྫོགས་པར་བྱ་བ་སྨྲ་བ་ནི། བྱང་ཆུབ་སེམས་དཔའ་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངསུ ་ཚོལ་བ་ལ་བརྩོན་པར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། གཞན་ཡང་བསམ་པ་ནི་ཇི་སྐད་སྨྲ་བའོ།། གཡོ་མེད་ཅིང་སྒྱུ་མེད་པ་ནི་དེ་བཞིན་བྱེད་པའོ།། སྦྱོར་བ་ནི་ཇི་སྐད་སྨྲ་བའོ།། སྦྱོར་བ་ཉམས ་འོག་ཏུ་ཆུད་པར་བྱེད་པ་ནི་དེ་བཞིན་བྱེད་པའོ།། རྩོམ་པ་ནི་ཇི་སྐད་སྨྲ་བའོ།། རྩོས་པ་ལ་ཞུམ་པ་མེད་པ་ནི་དེ་བཞིན་བྱེད་པའོ།། ལྷག་པའི་བསམ་པ་ནི་ཇི་སྐད་སྨྲ་བའོ།། དེ་ལ་མ་ཆགས ་བར་ཁྱད་པར་དུ་འགྲོ་བ་ནི་དེ་བཞིན་བྱེད་པའོ།། དམ་བཅས་པ་ནི་ཇི་སྐད་སྨྲ་བའོ།། དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པ་ནི་དེ་བཞིན་བྱེད་པའོ།། ཐོས་པ་ཀུན་ཏུ་འཛིན་པ་ནི་ཇི་སྐད་སྨྲ་བའོ།། ཐོས་པ ་སྒྲུབ་པ་ནི་དེ་བཞིན་བྱེད་པའོ།། ཚིག་གིས་ཡང་དག་པར་བླང་བ་ནི་ཇི་སྐད་སྨྲ་བའོ།། ལུས་དང་སེམས་ཞུས་པ་མེད་པ་ནི་དེ་བཞིན་དུ་བྱེད་པའོ།། ང་རྒྱལ་མེད་པ་ནི་ཇི་སྐད་སྨྲ་བའོ།། ཡེ་ཤེས་ཡོངསུ་རྫོགས་པར ་བྱེད་པ་ནི་དེ་བཞིན་བྱེད་པའོ།། བསླབ་པ་ཡང་དག་བླངས་པ་ནི་ཇི་སྐད་སྨྲ་བའོ།། བསླབ་པ་མ་ཉམས་པ་ནི་དེ་བཞིན་བྱེད་པའོ།། སེམས་དྲང་པོ་བསྐྱེད་པ་ནི་ཇི་སྐད་སྨྲ་བའོ།། བྱང་ཆུབ་སེམས་དཔའི་སྦྱོང་བ ་བསྒྲུབ་པ་ནི་དེ་བཞིན་བྱེད་པའོ།། མི་སྐྱེ་བའི་ཆེས་ལ་བཟོད་པ་ནི་ཇི་སྐད་སྨྲ་བའོ།། ཕྱིར་མི་ལྡོག་པའི་ས་ནི་དབེན། ན་བྱེད་པའོ།། སྐྱེ་བ་གཅིག་གིས་ཐེགས་པ་ནི་ཇི་སྐད་སྨྲ ་བའོང་བྱང་ཆུབ་ཀྱི་སྡོང་པོར་འདུག་པ་ནི་དེ་བཞིན་བྱེད་པའོ།། ཡང་དག་པར་བླངས་པ་བརྟན་པ་ནི་ཇི་སྐད་སྨྲ་བའོ།། ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེ་བཞིན་བྱེད་པའོ།། ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ནི་ཇི་སྐད་སྨྲ་བའོ།། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱེད་པ་ནི་དེ་བཞིན་བྱེད་པའོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ང ་ལྟ་བུ་ནི་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡི་ནོ།། བཅོམ་ལྡན་འདས་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ལྔ་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ ་ཐོབ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨ་བཀོད་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་མ ་སྐད་སྨྲས་པ་དེ་བཞིན་བགྱིད་པས། སངས་རྒྱས་ཀྱི་ཆོས་འདི་ཐམས་ཅད་བསྟན་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གསུང་བསྒྲུབ་པ་འདི་ཡང ་རྗེས་སྨྲས་པ་དེ་བཞིན་བགྱིད་པ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་བསྒྲུབ་པ་ཤེས་སམ། གསོལ་པ། བཅོམ་ལྡན་འདས་འཚལ་ཏོ།། ཆས་ཐམས། ་མ་ལྡན་འས་བྱས་པ་ལརིགས་ཀྱི་བུ་ཉུད་བསྒྲུབ་པ་ལས་རྣམས་ལ་སྲབས་ན་གྱིས་ཤིག། གས་ལེག། བཅོམ་ལྡན་འདས་བསྒྲུ ་ཞེས་དགྱི་བ་ནི་གང་། ཆོས་ཐམས་ཅད་མཉམ་པ་ཉིད། ཀྱིས་མཉམ་པ་ཉིད་དུའི་ཚལ་ནས་ཡང་དག་པ་ཉིད་ཀྱི་ངེས་པར་གྱུར་པ་ལ་འཇུག་པ་ཤེས་པ་ལ་མཁས་ཀྱང་མངོན་སུམ་དུ། ་ཡང་མི་བགྱིད་པ་འདི་ནི། བྱང་ཆུབ་སེམས་དཔའི་བསྒྲུབ་པ་ཡང་དག་པའོ།། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རི་བང་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག ་ཀྱང་བསྒྲུབ་པ་ལས་བརྩམས་ཏེ་སྤོབས་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་སླེབས་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་བསྒྲུབ་པ་མ་མཆིསོ།། ་རྡོ་ཅན་ཕྱིར་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཐམས་ཅད་མ་དམིགས་ཏེ། གང་བསྒྲུབ་པ་དང་། གང་ལ་བསྒྲུབ་པའི་ཆོས་ཡང་དག་པར་རྗེ་སུ་མོ་མཐོང་བ་འཛིན ་དེའི་སྒྲུབ་པ་ཡང་དག་པ་ལག་སོ།། བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་རྒྱལ་པོ་སྣང་བས་གསོལ་པ། བཅོམ་ལྡན་འདས་གང་ལ་སེམས་ཀྱི་རྗེསུ་འབྲང་བའི་རྣམ་པར ་ཤེས་པ་འཇུག་པ་དེ་ལ་སྒྲུབ་པ་ག་ལ་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་ལ་རྣམ་པར་ཤེས་པ་མི་གནས་པ་དེ་ཆོས་གང་ལ་ཡང་མི་གནས་པ་ལགསོ།། ་གང་ཆོས་གང་ལ་ཡང་མི་གནས་པ་དེ་ཉིད་དེའི་སྒྲུབ་པ་ཡང་དག་པ་ལགསོ།། བྱང་ཆུབ་སེམས་དཔའ་ལྷུན་པོའི་སྒྲོན་མའི་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ལྟ་བ་ལ་མ་མཆིས་པ་ནི ་སྒྲུབ་པ་ལགས་ཏེ། ལྟ་བ་དང་བཅས་པ་ལ་སྒྲུབ་པ་མ་མཆིསོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་གདེག་པ་མ་མཆིས་པ་དང་གཞག་པ་མ་མཆིས་པས་ཆོས ་གང་ལ་ཡང་མི་ལྟ་བ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལག་སོ།། ། བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོས་གསོལ་པ། བཙོ། མ་ལྡན་འདས་གནས་པ་ནི་གཡོ་བ་ལགས་ཏེ། ་མི་གནས་པ་གཡོ་བ་མ་མཆིསོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གནས་པར་མི་བགྱིད་པ་དེ་མི་གཡོའོ།། གང་མེ་གཡོ་བ་དེ་ཆོས་ཐམས་ཅད་ཀྱིས་མི་འཁྲུག་སྟེ། འདི་ནི ་དེའི་སྒྲུབ་པ་ཡང་དག་པ་ལག་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གསོལ་བ། བཅོམ་ལྡན་འདས་འཇིག་རྟེན་ནི་སེམས་ཀྱིས་སྤྱོད།། བཅོམ་ལྡན་འདས་འཇིག་རྟེན་ནི་སེམས ་ཀྱིས་རྒྱུ་གོ།། རྗེ་སུ་རྒྱུ་གོ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཐམས་ཅད་སེམས་མ་མཆིས་པར་གྱུར་པ་དེ་མི་སེམས་མི་རྟོག་སྟེ། འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལག་སོ།། ་བྱང་ཆུབ་སེམས་དཔའ་མཐོང་དགས་གསོལ་པ། བཅོམ་ལྡན་འདས་ཚོར་བ་ཐམས་ཅད་ནི་དེ་བཞིན་གཤེགས་པས་སྡུག་བསྔལ་དུ་གསུངས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ ་གང་ཚོར་བ་ཐམས་ཅད་ཀྱི་རྒྱུན་ཀུན་ནས་ཚོར་བ་མ་མཆིས་ཤིང་ལེན་པ་མ་མཆིས་ཀྱང་། ཚོར་བ་འགོག་པ་ལ་ཡང་རེག་པར་མི་བགྱིད་ལ། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱང ་ཡོངསུ་མི་གཏོང་བ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལག་སོ།། བྱང་ཆུབ་སེམས་དཔའ་གླང་ཆེན་པོས་ཀྱི་བལ་གླང་གིས་གསོལ་པ། བཅོམ་ལྡན་འདས་བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཕུང་པོ་ལྔ ་ལ་ལྟ་བས་གླགས་པར་གྱུར་པས་ཁུར་གྱིས་ནོན་པ་ལགས། བྱང་ཆུབ་སེམས་དཔའ་གང་ཕུང་པོ་ལྔ་ཡོངསུ་འཚལ་བ་དང་ལྡན་ཏེ། ཁུར་མྱུར་དུ་འདོར་བ་དེ་བྱིས་པ་སོ་སོའི་སྐྱེ ་བོ་ཕུང་པོ་ལྔ་ལ་ལྟ་བས་གླགས་པར་གྱུར་པས་ཁུར་གྱིས་གནོན་པ་རྣམས་ཀྱི་ཁུར་སྤང་བའི་ཕྱིར་ཆོས་སྟོན་ཀྱང་། ཆོས་ཐམས་ཅད་མ་སྐྱེས་ཤིང་མངོན་པར་གྲུབ་པ ་མ་མཆིས་པས། ཆོས་གང་ལ་ཡང་ཡང་དག་པའི་འདུ་ཤེསུ་མི་འགྱུར་བ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལག་སོ།། བྱང་ཆུབ་སེམས་དཔའ་འགྲོ་བ་འཛིན་ཀྱིས་གསོལ་པ། བཅོམ་ལྡན ་འདས་ཡང་དག་པར་སྦྱོར་བའི་སྒྲུབ་པ་ལགས་ཀྱིས། ཡང་བའི་སྦྱོར་བའི་མ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཡང་དག་པའི་སྦྱོར་བ་ལ་བརྩོན་པར་བགྱིའོ།། ་དེ་ལ་ཡང་དག་པའི་སྦྱོར་བ་གང་ཞེ་ནི། འདི་ལྟ་སྟེ། ནམཁའ་དང་མཉམ་པ་ཉིད་པས་གང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཚལ་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལག་སོ།། བྱང་ཆུབ་སེམས། ་དཔའ་བློ་གྲོས་བརྟན་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་མ་སྐྱེས་པ་ལས་ཀྱང་སྐྱེས། མ ་བྱུང་བ་ལས་ཀྱང་འབྱུང་ཡང་། སྐྱེ་བ་དང་། འཇིག་པ་དང་། གནས་པ་ལ་མི་གནས་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལག་སོ།། བྱང་ཆུབ་སེམས་དཔའ་དཔལ་བརྩེགས་རྒྱལ་པོས ་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཅན་ཐམས་ཅད་རང་བཞིན་གྱིས་ཡོངསུ་མྱ་ངན་ལས་འདས་པར་མཐོང་ལ། སྙིང་རྗེ་ཆེན་པོའི་གོ་ཆ་ཡང་མི་འདོར ་ཞིང་རྩོལ་བ་ཡང་དོན་མཆིས་པར་མཐོང་བ་འདི། ནི་དེའི་སྒྲུབ་པ་ཡང་དག་པ་ལག་སོ།། བྱང་ཆུབ་སེམས་དང་། དའ་འོད་ཟེར་ཐོགས་པ་མེད་པས་གསོལ་པ། བཅོམ་ལྡན་འདས ་རྒྱུ་བའི་གནས་ཇི་ཙམ་པ་དེ་ཙམ་དུ་བདུད་ཀྱི་ལསོ།། ཇི་ཙམ་དུ་བདུད་ཀྱི་ལས་ལགས་པ་དེ་ཙམ་དུ་བསྒྲུབ་པ་མ་མཆིས་ཏེ། བཅོམ་ལྡན་འདས་རྒྱུ་བ་མ་མཆིས་པའི་གནས་ལ་གནས ་པ་ལ་ནི་བདུད་ཀྱིས་གླགས་མི་རྙེད། བདུད་ཀྱི་ལས་ཤིན་ཏུ་འདས་པའི་བྱང་ཆུབ་སེམས་དཔའ་ནི་བསྒྲུབ་པ་ཡང་དག་པ་ལ་གནས་པ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བརྩོན ་འགྲུས་འབར་གྱིས་གསོལ་པ། བཅོམ་ལྡན་འདས་གང་དག་ཆོལ་ཞིག་ཡོངསུ་འགྲུབ་པར་འཚལ་བ་དེ་དག་གི་ནི་འབད་པ་དོན་མ་མཆིས་པ་ལགསོ།། བཅོམ་ལྡན་འདས་ཆོས་ཐམས་ཅད ་ཡོངསུ་གྲུབ་པ་མ་མཆིས་པར་ཡང་འདིར་འཚལ་ལ་འཚལ་བ་གང་ལགས་པས་ཀྱང་རློམ་སེམ་སུ་མི་བགྱིད་པ་འདི་ནི་དེའི་བསྒྲུབ་པ་ཡང་དག་པ་ལགསོ།། བྱང་ཆུབ་སེམས་དཔའ་ངན་སོང་སྤོང ་གིས་གསོལ་པ། བཅོམ་ལྡན་འདས་གང་དག་འགྱུར་བ་དང་། རྣམ་པར་རྟོག་པ་ལ་སྤྱོད་པ་དེ་དག་ལ་བསྒྲུབ་པ་ག་ལ་མཆིས། བཅོམ་ལྡན་འདས་འགྱུར་བ་མ་མཆིས་པ་དང་། རྟོག ་པ་མ་མཆིས་པ་ནི་སྒྲུབ་པ་ཏེ། གང་འགྱུར་བ་མ་མཆིས་པ་དང་། རྣམ་པར་རྟོག་པ་མ་མཆིས་པ་ནི་སེམས་ཀྱི་རང་བཞིན་ལགསོ།། སེམས་ཀྱི་རང་བཞིན་ལག་སོ།། སེམས་ཀྱི་རང་བཞིན ་ཡོངསུ་འཚལ་བ་དང་ལྡན་པ་ནི་སྒྲུབ་པ་ཡང་དག་པ་ལ་གནས་པ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བསམ་པ་ལེགས་པར་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམ ་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེསུ་འཇུག་པའི་རྗེསུ་འཇུག་པར་བགྱི་སྟེ། གང་འདིར་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམས་ཀྱང་སེམས་མ་ལགས་པར་སེམས་འཚལ ་བ་ལ་འཇུག་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལག། སོ།། བྱང་ཆུབ་སེམས་དཔའ་ནི་བའི་བློ་གྲོས་ཀྱིས་གསོལ་པ།། བཅོམ་ལྡན་འདས་ཉེ་བར་ཞི་བ་ནི་སྒྲུབ་པ་ལགས་ཏེ། མ་ནི ་བ་ལ་ནི་སྒྲུབ་པ་མ་མཆིསོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཀྱི་དམིགས་པ་ཐམས་ཅད་ལས་ཞི་བ་དང་རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དེ་རྟོག་པ་དང་སྤོང་བར་མི་བགྱིད་དེ། ་རྟོག་པ་དང་སྤོང་བ་དང་བྲལ་བ་མཉམ་པ་ཉིད་དུ་རྟོག་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལག་སོ།། བྱང་ཆུབ་སེམས་དཔའ་དེད་དཔོན་བཟང་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ ་དགེ་བའི་རྩ་བས་བརྟན་པ་ནི་སྒྲུབ་པ་ཐོབ་པར་བགྱིད་པ་ལགས་ཏེ། དགེ་བའི་རྩ་བས་མ་བརྟན་པ་ནི་མ་ལགསོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་བསོད་ནམས་ཀྱི་ཚོགས་ཀྱིས ་ཀྱང་བརྟན་ཡེ་ཤེས་ཀྱི་ཚོགས་ཀྱིས་ཀྱང་བརྟན་ཏེ། བསོད་ནམས་མཉམ་པ་ཉིད་པ་ཡེ་ཤེས་མཉམ་པ་ཉིད་ཡེ་ཤེས་མཉམ་ཉིད་པ་བསོད་ནམས་མཉམ་པ་ཉིད། བསོད ་ནམས་དང་ཡེ་ཤེས་མཉམ་པ་ཉིད་པས། བྱང་ཆུབ་མཉམ་པ་ཉིད། བྱང་ཆུབ་མཉམ་པ་ཉིད་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཁོང་དུ་ཆུད་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགསོ།། ་བྱང་ཆུབ་སེམས་དཔའ་དུས་དཔོག་རྒྱལ་པོས་གསོལ་བ། བཅོམ་ལྡན་འདས་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ནི་སྒྲུབ་པ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངསུ་ཡང་དག་པར་འདུ་བར་འཚལ་ནས། ཆོས་གང་ཡང་འབྱེད་པར་ཡང་མི་འགྱིང་སྦྱོར་བར་ཡང་མི་བགྱིད་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལག་སོ།། བྱང་ཆུབ ་སེམས་དཔའ་དོན་ལེགས་སེམས་ཀྱིས་གསོལ་པ། ཅོམ་ལྡན་འདས་དོན་ལ་བརྟན་པ་ལགས་ཀྱི། ཚིག་འ་བྲུ་ལ་མ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེང ་གང་དོན་ཀྱི་རྗེ་སུ་ཞུགས་པའི་བློས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཀུནམ་ཏུ་འཛིན་པ་དང་། སྟོན་པ་བགྱིད་ཀྱང་ཡང་དག་པའི་དོན་བརྗོད་དུ་མ་མཆིས་པ་དེ་ལས་ཀྱང་མི་གཡོ་བོ་འདི་ནི་དེའི ་སྒྲུབ་པ་ཡང་དག་པ་ལག་སོ།། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་དག་པས་གསོལ་པ། བཅོམ་ལྡན་འདས་ལྷག་པའི་བསམ་པ་ནི་སྒྲུབ་པ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས ་གང་ལྷག་པའི་བསམ་པ་ལ་ཞུགས་པ་དེ་ནི་སྐད་དང་། ཚིག་དང་བརྗོད་པ་ལྷུར་ལེན་པ་མ་ལགས་ཀྱི། དེ་ནི་ཡང་དག་པའི་སྒྲུབ་པ་ཚོལ་ལགས་ཏེ། ཇི་ལྟར་འགྲོ་བ་དང་འོང་བ་ཡང་དག་པར་རྗེསུ ་མི་མཐོང་བ་དེ་ལྟར་ཚོལ་བ་འདི་ནི། དེའི་སྒྲུབ་པ་ཡང་དག་པ་ལག་སོ།། བྱང་ཆུབ་སེམས་དཔའ་ཤིན་ཏུ་དྲི་མེད་སེམས་དཔས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན། གོས ་དྲི་མ་ཅན་བཀྲུ་བར་བགྱིའོ།། དྲི་མ་མཆིས་པ་ནི་མ་ལག་སོ།། བཅོམ་ལྡན་འདས་དེ་བཞིན་དུ་སེམས་ཡོངསུ་མ་དག་པ་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པས་ཡོངས་སྦྱང་བར་བགྱིལ ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གི་སེམས་དང་ཡིད་ལ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་མི་འཇུག་པ་དེ་དག་པའོ།། དག་པ་གང་ལགས་པ་དེ་སྒྲུབ་པ ་ཡང་དག་པ་ལ་གནས་པ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་གྱིས་ཡོངསུ ་ཟིན་པ་ནི་ཚེགས་ཆུང་ངུས་སྒྲུབ་པ་ཡང་དག་པ་འཕགས་པ་འཐོབ་པར་འགྱུ་རོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལ་ལ་ངག་གནས ་ཤིང་བདུད་ཀྱི་ལྕགས་ཀྱུ་ལས་མི་འདའ་བ་དེ་དག་ཐམས་ཅད་ནི་སྡིག་པའི་གྲོགས་པས་ཡོངསུ་ཟིན་པ་ལག་སོ།། གང་དག་བདུད་ཀྱི་ལྕགས་ཀྱུ་ལས་ཤིན་ཏུ་འདའ་བ་དེ་དག་ཐམས་ཅད་ནི་དགེ་བའི ་གཉེན་གྱིས་ཡོངསུ་ཟིན་པ་ལགསོ།། བཅོམ་ལྡན་འདས་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བདུད་ཀྱི་ལྕགས་ཀྱུ་ལས་ཤིན་ཏུ་འདའ་བར་འཚལ་བས་དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་པར ་བགྱི་སྟེན་པར་བགྱི། བསྙེན་བཀུར་བགྱིད། དགེ་བའི་བཤེས་གཉེན་གྱིས་ཡོངསུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ཆགས་ཆུང་ངུས་སྒྲུབ་པ་ཡང་དག་པ་འཕགས་པ་ཐོབ་པར་འགྱུརརོ།། དེ་ནས་བརྩ ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བདུད་ཀྱི་ལྕགས་ཀྱུ་རྣམས་ཤེས་སམ། ་གསོལ་བ། བཅོམ་ལྡན་འདས་བདག་གིས་བདུད་ཀྱི་ལྕགས་ཀྱུ་རྣམས་འཚལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་གང་ཐོས་པས། བྱང་ཆུབ་སེམས་དཔ ་རྣམས་ཤིན་ཏུ་འདར་བར་འགྱུར་ཞིང་། བདུད་དང་ཕྱིར་རྒོལ་བ་ཆོམས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ཁྱོད ་བདུད་ཀྱི་ལྕགས་ཀྱུ་བསྟན་པ་ལ་རྩོམ་སྟེ། སྤོབས་པར་གྱིས་ཤིག། བློ་གྲོས་རྒྱ་མཚོས་གསོལ་བ། བཅོམ་ལྡན་འདས་འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་བདག་གིས་བདུད་ཀྱི་ལྕགས ་ཀླུ་བཤད་པར་བགྱིའོ།། བདུད་ཀྱི་ལྕགས་ཀྱུ་རྣམས་གང་ཞེ་ན། བཅོམ་ལྡན་འདས་བདུད་ཀྱི་ལྕགས་ཀྱུ་ནི་བཅུ་གཉིས་པོ་འདི་ད། དེ་སྟེ། བཅུ་གཉིས་གང་ཞེ་ན། བཅོམ ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོང་སོན་མི་ཕངས་པའི་དངོས་པོ་ཡོང་སུ་གཏང་བའི་སེམས་འཇུག། ཕངས་པའི་དངོས་པོ་ཡོངསུ་བཏང ་པའི་སེམས་མི་འཇུག་པ་དང་། སེམས་ཅན་གང་དག་དེ་ལ་དགའ་བར་གྱུར་པ་དེ་དག་ལ་ནི་སྦྱིན་པར་འབྱེད། སེམས་ཅན་གང་དག་དགའ་བར་མ་གྱུར་པ་དེ་དག་ལ་ནི་སྦྱི ་བགྱིད་ཅིང་དེ་མ་པ་ལ་དདུ་བྱེད། སེམས་པ་དུ་བྱེདད། བཅོམ་ལྡན་དི་བྱང་ཚུངསམས་དང་ཕྱིན་པ་ད་ལྡན་པའི་དུང་ཆགས་སུ་མེ་མ་མ་ན ་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལྡན་ཞིང་། དགེ་བའི་ཆོས་ཅན་དུ་གྱུར་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས ་ཁ་ན་མ་ཐོ་བ་ཕྲ་རགས་ལ་ཡང་འཇིགས་པར་ལྟ། འཚེ་བ་ཡོངསུ་དག། བསླབ་པའི་གནས་ཡང་དག་པར་བླངས་པ་རྣམས་ལ་སློབ་སྟེ། དེ་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ ་ལ་སྤེན་ཅིང་སྟེན་ལ་བསྙེན་བཀུར་བགྱིད། ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་ལ་ཁྲོ་བ་དང་སྡང་བ་དང་། ཞེ་འགྲས་པར་བགྱིད་ཅིང་། ཚུལ་ཁྲིམས་དེ་ཉིད་ཀྱིས་བདག་ལ་བསྟོད། ་གཞན་ལ་སྨོད་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམ་ས་དཔའི་ཚུལ་ཁྲིམས་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ། གཉིས་པའོ།། བཅོམ་ལྡན་འདས་གཞན་ཡང ་བྱང་ཆུབ་སེམས་དཔའ་བཟོད་པ་སྒྲུབ་སྟེ་དེ་ལུས་ཀྱི་ཀྱང་བཟོད། ངག་གིས་ཀྱང་བཟོད་ན་སེམས་ཀྱིས་གནོད་པ་འགྱིད། དེ་སེམས་ཅན་སྐབས་དང་ལྡན་པ་རྣམས་ལ་ནི་འཟོད། སེམས་ཅད ་ཞམས་ཆུང་བ་རྣམས་ལ་ནི་མི་བཟོད། སེམས་ཅན་སྟོབས་དང་ལྡན་པ་རྣམས་ལ་ནི་བཟོད་པའི་སྟོབས་ཉེ་བར་སྟོན་སེམས་ཅན་ཉམ་ཆུང་བ་རྣམས་ལ་ནི་གནོད་སེམས་ཀྱི་སྟོབས་ཉེ་བར་སྟོན་ཏེ། དེར ་ཤིག་ནི་བཟོད། རེ་ཤིག་ནི་མི་བཟོད། ཁ་ཅིག་ལ་ནི་བཟོད། ཁ་ཅིག་ལ་ནི་མི་བཟོད་ལ། དེ་གང་གི་ཚེ་བཟོད་པ་དེའི་ཚེ་བཟོད་པས་རྒྱགས་ཏེ། རློམ་སེམསུ་བགྱིད། གང་གི་ཚེ་མི་བཟོད་པ ་དེའི་ཚེ་ནི་མྱུར་དུས་སོར་མི་ཆགས་ན། བཅོམ་ལྡན་འདས་འཛིན་བྱང་ཆུབ་སེམས་དཔའི་བཟོད་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་གསུམ་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་དུ ་སེམས་དཔའ་བརྩོན་འགྲུས་བརྩམས་པར་གྱུར་ལ། དེ་བརྩོན་འགྲུས་བརྩམ་པར་གནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་ཅན་རྣམས ་ཡོངསུ་སྨིན་པར་བགྱིད་ཀྱི། ཐེག་པ་ཆེན་པོ་ལ་སེམས་ཅན་རྣམས་ཡེངསུ་སྨིན་པར་མི་བགྱིད། ཉན་ཐོས་དང་། རང་སངས་རྒྱས་ཀྱི་གཏམ་རྒྱུན་ཏུ་སྟོན་གྱི། ཐེག་པ་ཆེན་པོའི་གཏམ ་འཆལ་བར་བགྱིད། འཇིག་རྟེན་པའི་བགྱི་བ་ལ་ཞལ་ཏ་བགྱིད་པར་བརྩོམ་གྱི། འཇིག་རྟེན་ལས་འདས་པའི་ཆོས་ཡོངསུ་མི་ཚོལ། དེ་བཞིན་གཤེགས་པ་ལ་མཆོད་པས་དགའ ་བ་ཐོབ་སྟེ། འདི་ལྟར་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་པ་དང་། བྱུག་པ་དང་། བྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་ཁ་དན་རྣམས་ཀྱིས་དེ་བཞིན ་གཤེགས་པ་རྣམས་ལ་མཆོད་པར་བགྱིདདེ། དེ་ལ་གཞོལ་དེ་ལ་འབབ་དེ་ལ་བབ་པར་གྱུར་ཀྱང་ཐོས་པ་ཡོངསུ་བཙལ་བ་དང་། ཐོས་པ་བསྟན་པ་དང་། ཐོས་པ་ལ་སོ་སོར ་བརྟག་པ་དང་། ཐོས་པ་སྒྲུབ་པར་བརྩོན་འགྲུས་མི་རྩོམ་ན། བཅོམ་ལྡན་འདས་འདིས་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཞི་པའོ།། བཅོམ་ལྡན ་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་བསམ་གཏན་བཞི་སྐྱེད་གཟུགས་མ་མཆིས་པའི་སྣམས་པར་འཇུག་པ་བཞི་སྐྱེད་ཅིང་སྒྲུབ་སྟེ། དེ་དག་ལ་རྒྱུན་ཏུ་མང་དུ་གནས་པར་གྱུར་ལ། དེ་འི ་བའི་སྙོམས་པར་འཇུག་པ་དེ་དག་ལ་གནས་ཤིང་། སེམས་ཅན་ཡོངསུ་སྨིན་པར་བགྱི་བ་ལ་སྨོད། ཆོས་བསྟན་པ་ལ་སྨད། སེམས་ཅན་དང་འདྲེ་བ་ལ་སྨོད། བསོད་ནམས་ཀྱི་འདུ ་བྱེད་རྣམས་ལ་སྨོད་ཅིང་མི་གཡོ་བའི་འདུ་བྱེད་ཀྱི་རོ་མྱང་བར་བགྱིད། གཅིག་པུར་དགའ་བས་དགའ་བ་ཐོབ་སྟེ། འབད་པ་ཆུང་ངུར་གནས་པར་གྱུར་ནས། བསམ་གཏན་ལས་ལྡོག ་པར་ཡོངསུ་མི་ཚོལ་གྱི། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ལ་གསད་པར་འདུ་ཤེས་ཤིང་། གཟུགས་མ་མཆིས་པའི་ཁམས་ཀྱི་རོ་མྱང་བར་བགྱིད་ལ། དེ་ལུས་དམན ་བས་གཟུགས་མ་མཆིས་པའི་ཁམས་རྣམསུ་སྐྱེད་པར་བགྱིད་ཅིང་། ལྷ་ཚེ་རིང་པོ་རྣམས་དང་སྐལ་པ་མཉམ་པར་སྐྱེ་སྟེ། དེ་དེར་སྐྱེས་ནས་ཀྱང་གང་སངས་རྒྱས་མང་པོ་དང་། སངས ་རྒྱས་སྟོང་ཕྲག་མང་པོ་མཉེས་པར་མི་བགྱིད་པ་དེའི་ག་ནས་མཆི་སོ།། སངས་རྒྱས་མཐོང་བ་དང་། ཆོས་མཉན་པོ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་བྲལ་བར ་འགྱུར། སེམས་ཅན་ཡོངསུ་སྨིན་པར་བགྱིད་པ་དང་། དམ་པའི་ཆོས་ཡོངསུ་གཟུང་བ་དང་། བསོད་ནམས་ཀྱི་ཚེ་གས་སོགས་པ་དང་བྲལ་བར་འགྱུར། དེའི་དབང་པོ་རྣམས ་བླུན་ཞིང་རྟུལ་བའི་རང་བཞིན་ཅན་དུ་འགྱུར། དེ་ནས་ཤི་འཕོས་ནས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཡང་རྟུལ་བའི་རྒྱུད་ཅན་དུ་འགྱུར་ཞིང་རྨུགས་པ་དང་། གཉིད་ཆེ་བར་འགྱུར་བ་འང ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བསམ་གཏན་དུ་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་ལྔ་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ ་དང་ལྡན་པར་གྱུར་ཏེ། རྐྱེན་ཤིན་ཏུ་མཐོང་བའི་སླད་དུ་རྒྱུ་བ་ཡོངསསུ་ཤེས་པ་དང་ལྡན་པར་གྱུར། རྒྱུ་བ་མ་མཆིས་པ་དང་། རྒྱུ་བ་དང་བྲལ་བ་དང་། མངོན་པར་འདུ་བགྱིད་པ་མ་མཆིས་པར་གྱུར ་ཏེ། བསོད་ནམས་ཀྱི་འདུ་བྱེད་རྣམས་ལ་སྨོད། ཐབས་དང་བྲལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་མི་བགྱིད། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན ་འགྲུས་དང་། བསམ་གྲཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པར་མི་བགྱིད་ལ། དེ་འདི་སྙམ་དུ་སེམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཆོག། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ནི་ཁྱད་པར་དུ་འཕགས་པ་སྟེ། དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་དམན་པའོ་སྙམ་ན། དེའི་དབང་པོ་ཡོངསུ་མ་སྨིན་པ་བཏང་སྣོམ་སུ་ལྟུང་བ་སྟེ། བསྡུ ་དངོས་པོ་བཞིས་སེམས་ཅན་རྣམས་མི་བསྡུད་ཅིང་། སྤྲོས་པ་མ་མཆིས་པ་མངོན་པར་འདུ་བགྱི་བ་མ་མཆིས་པ་དེ་ཉིད་ཀྱི་རོ་མྱང་བར་བགྱིད་པ་འདི་ནི། བཅོམ་ལྡན ་འདས་བྱང་ཆུབ་སེམས་དཔའ་ཤེས་རབ་དང་རབ་ཏུ་ལྔ་ན་བའི་བདུད་ཀྱི་ལྕགས་ཀྱུ་སྟེ་དྲུག་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ། ་དགོན་པ་པར་གྱུར་ཏེ། བས་མཐའི་གནས་མལ་ལ་མངོན་པར་དགའ་ཞིང་འདོད་པ་ཆུབ་ལ་ཆོག་ཤེས་ཏེ། རབ་ཏུ་དབེན་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲ་ལ། དེ་དོན་ཉུང ་བ་དང་བགྱི་བ་ཉུང་བས། བདེ་བར་གནས་ཏེ་གཡོ་བ་གཅ་ལེ་ཛྭ་ར་མ་མཆིས་ཀྱང་མང་དུ་ཐོས་པ་ཡོངསུ་བཙལ་བ་དང་། སེམས་ཅན་ཡོངསུ་སྨིན་པར་བགྱི་བ་དང་། ཆོས་མཉན་པ་ལ་བརྩོན་པར་མི ་གནས་ཆོས་ཀྱི་འབྲེལ་བའི་དཀའ་མཆིང་དང་དོན་རྣམ་པར་ངེས་པའི་བཀའ་མཆིང་བགྱི་བ་ལ་རྒྱུན་དགུམ་པར་སེམས་ཏེ། ཡོངསུ་འདྲི་བའི་རང་བཞིན་ཅན་མ་ལགས། དགེ་བ་ཅི་ཞེས་ཚོལ་བ ་ལ་མི་བརྩོན་པདེ་དགོན་པ་ལ་གནས་པ་དང་། གཅིག་པུར་དགའ་བས་ཉོན་མོངས་པ་རྣམས་ཀུན་ཏུ་མི་རྒྱུ་སྟེ། དེ་ཀུན་ནས་ལྡང་བ་གནོད་པ་ཙམ་གྱིས་དགའ་བ་ཐེབ་ཅིང་བག་ལ་ཉལ་ཡང ་དག་པར་གཞོམ་པའི་སླང་དུ་ལས་སྒོམ་པར་མི་བགྱི་དེ་དེན་བདག་གི་དོན་དང་གཞན་གྱི་དོན་གྱི་སླད་དུ་བརྩོན་པར་མི་འགྱུར་བ་འདི་དག་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དབེན་པ་ལ ་གནས་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བདུན་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པར་གྱུར་ཏེ། ཆོས་ཀྱི་གཏམ་ཅན་ནི་ཚིག་མཉན་པར་འོངས་པ ་ཚིག་གཟུང་བར་འོས་པ། སྙན་པར་སྣ་ཚོགས་ཀྱི་གཏམ་ཅན་དང་། སྤོབས་པ་ཕུན་སུམ་ཚོགས་པར་གྱུར་ཀྱང་། དེ་ཟང་ཟིང་གི་སླང་དུ་ཆེས་སྟེན་ཏེ། ཟང་ཟིང་མ་མཆིས་པའི་སེམས་ཀྱིས་མ ་ལགས། གང་ལས་དེའི་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསེས་སྨན་དང་། ཡོ་བྱད་རྣམས་མཆི་བར་འགྱུར་བ་དེ་དག་ལ་ཆོས་སྟོན་གྱི། སེམས་ཅན་གང་དག་དད་པ་དང ་ལྡན་ཞིང་དང་བ་མང་བ་ལེགས་པར་བཤད་པའི་དོན་འཚལ་བར་ནུས་ཤིང་སྟོབས་དང་ལྡན་པ་ཟང་ཟིང་གིས་དེ་རྗེསུ་འཛིན་པར་མི་བགྱིད་པ་དེ་དག་ལ་ཆོས་མི་སྟོན་པ་དང་། གང་དག་དེ་ལ་བགེད་པར ་བགྱིད་པ་ནི་དམན་པ་ལ་དམན་པར་གྱུར་པ། གཏི་མུགི་རང་བཞིན་ཅན། ཆོས་རྒྱ་ཆེན་པོའི་སྣོད་དུ་མ་གྱུར་པ་དེ་དག་ལ་ཆོས་སྟོན་པ་དང་། དེ་ཟང་ཟིང་གིས་སྤགས་པའི་རྒྱུ་དེས། གང་དག ་ཆོས་བསྟན་པར་བགྱི་བ་མ་ལགས་པ། སྣོད་དུ་མ་གྱུར་པ་དེ་དག་ལ་ཆེས་སྟོན་པ་དང་། གང་དག་བསྟན་པར་བགྱི་བ་དེ་དག་ལ་མི་སྙན་པ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཆོས་བསྟན ་པ་དང་རབ་ཏུ་མི་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བརྒྱད་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་འཇིག་རྟེན་རྒྱང་པན་པ་ཡོངསུ་ཚོལ་ཏེ། དེ ་དེ་གཞན་དག་ལ་ཟབ་མོའི་བཀའ་མཆིད་ཀྱི་རྒྱུན་བཀུམ་ནས། འཇིག་རྟེན་རྒྱང་པན་པའི་བཀའ་མཆིང་སྣ་ཚོགས་སྟོན་ཏོ།། འཇིག་རྟེན་རྒྱང་པན་པའི་བཀའ་མཆིང་སྟོན་པས། འཇིག་རྟེན ་དགའ་ཞིང་མངོན་པར་དགའ་བའི་ཚིག་དང་། ལམ་གྱི་ཚིག་ལ་མཁས་པས་སེམས་ཅན་རྣམས་དགའ་བར་འགྱུར་ཏེ། དེ་ལ་ལེག་སོ་ལེགས་ཞེས་བགྱི་བ་ཡང་སྩོལ་བར་འགྱུར་ལ། ་དེས་ཀྱང་བྱང་ཆུབ་སེམས་དཔའ་ཡི་རངས་པར་འགྱུར་བ་དྲང་། ལྷའི་བུ་གང་དག་སྔོན་སངས་རྒྱས་མཐོང་བ། ཆོས་ཟབ་མོ་ལ་མེས་པ། ཆེས་མཉན་པའི་ཕྱིར་དེར་འདུས་པར་གྱུར་པ་དག ་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡི་མ་རངས་ན། ས་གང་འཇིག་རྟེན་གྱི་དགའ་བས་མངོན་པར་དགའ་བའི་ས།། མས་ཅན་དེ་དག་ལ་ཟབ་མོའི་གཏམ་གྱི་རྒྱུན་བཅད། འཇིག ་རྟེན་རྒྱང་ཕན་པའི་གཏམ་སྣ་ཚོགས་སྟོན་པའི་རིགས་ཀྱི་བུ་འདི་ནི་དམ་པའི་ཆོས་ནུབ་པར་བྱེད་པ་ཡིན་གྱི། དམ་པའི་ཆོས་ཡོངསུ་འཛིན་པ་མ་ཡིནོ།། དེའིའི་ཕྱིར་ཞེ་ན། དོན་ཟབ་མོའི་ཕྱིར ་སངས་རྒྱས་ཅོམ་ལྡན་འདས་རྣམས་འབྱུང་གི། འཇིག་རྟེན་རྒྱང་ཕན་པའི་གཏམ་སྣ་ཚོགས་ཀྱི་ཕྱིར་མ་ཡིན་ཞེས་མཆི་ཞིང་འཁོར་དེ་ནས་མཆི་བར་འགྱུར་བ་དེ་ལྟ་བུའི་ཚིག་སྨྲའོ།། བཅོམ་ལྡན ་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དང་འཇིག་རྟེན་རྒྱང་ཕན་པའི་བཀའ་མཆིད་སྣ་ཚོགས་བགྱིད་ཀྱི། ཟབ་མོའི་བཀའ་མཆིད་འཆབ་པ་དེ་ནི། སངས་རྒྱས་འབྱུང་བ་ནུབ་པར་བགྱི་བའི་སླད ་ཞུགས་པ་ལགས་ཏེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་དཀའ་མཆིད་ཟབ་མོ་འཆབ་ཅིང་འཇིག་རྟེན་རྒྱང་ཕན་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྡེ་དགུ་པའོ།། བཅོམ་ལྡན་འདས ་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལྟར་བཅོས་པ། སྡིག་པའི་ཐོགས་གང་དག་དེ་ལ་བསྡུ་བའི་དངོས་པོ་རྣམས་ལས་འདུན་པ་ཀློག་པ་དང་། སེམས་ཅན་ཡོངསུ་སྨིན་པར་བགྱི། ་པ་ལས་འདུན་པ་ཐེག་པ་དང་། དམ་པའི་ཆོས་ཡོངསུ་བཟུང་བ་ལས་འདུན་པ་རློག་པ་དང་། བསོད་ནམས་ཀྱི་ཚོགས་ལས་འདུན་པ་ཟློག་པ་དང་། རབ་ཏུ་དབེན་པ་ལ་སྦྱོར་བ་དང་། དོན་ཉུང་ཞིང་བགྱིད ་པཉུང་བ་ལ་སྦྱོར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་བཀའ་མཆིད་དེ་ལ་རྒྱུན་ཏུ་མང་དུ་སྟོན་པ་དང་། ཐེག་པ་ཆེན་པོ་དང་ལྡན་པའི་བཀའ་མཆིངད་དེ་ལ་མི་སྟོན་པ་དག་ལ་བསྙེན ་ཅིང་བསྟེན་ཏོ་བསྙེན་བཀུར་བགྱིད་པ་དང་། གང་གི།། ཚེ་བྱང་ཆུབ་སེམས་དཔའ་ད་ནན་ལ་ཐེག་པ་ཆེན་པོ་ལས་ལྡང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་གདོན་མི་ཟ་བར་ཞལ ་བྱེད་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་ཞལ་ཏ་བགྱིང་བའི་དྲི་མ་ལ་སྦྱོར། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཞལ་ཏ་འགྱིང་བའི་དྲི་མ་ལ་སྦྱོར་བ་དེའི་ཚེ། དབེན་པ་ལ་སྦྱོར་ཞིང་མཚན་མ ་དང་བཅས་པ་དང་། རྒྱུ་བ་དང་བཅས་པའི་བཟོད་པའི་ས་ཉེ་བར་སྟོན། བྱང་ཆུབ་སེམས་དཔའ་ལས་ཡང་དག་པ། ཡང་དག་ཕུལ་གང་ལགས་པ་དེ་དག་དེ་ལ་མི་སྟོན་ཏོ།། བྱང་ཆུབ ་སེམས་དཔའི་ལས་ཡང་དག་པ་ཡང་དག་ཕུལ་དེ་དག་གང་ལགས་ཤེ་ན། བཅོམ་ལྡན་འདས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལས་ཡང་དག་ཕུལ་ལགསོ།། བཅུ་པོ་དེ་དག་གང་ཞེ ་གན་འདི་ལྟ་སྟེ། དང་པའི་རྩ་བ་ལ་རབ་ཏུ་གནས་ཏེ། དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་ཅིང་བསྟེན་ཏེ། བསྙེན་བཀུར་བགྱིད་པ་དང་། མགོ་དང་གོས་ལ་ཞུགས་འབར ་བ་བཞིན་དུ་དགེ་བའི་ཆོས་ཅི་ཞེས་ཡོངསུ་ཚོལ་བ་དང་། དགེ་བའི་ཆོས་ལ་འདུན་པ་ལ་གནས་ཏེ། ཡང་དག་པའི་བརྩོན་པ་འདོར་བ་དང་། བག་མཆིས་པར་ལས་བགྱིས་པ་ཆུད་མི་གཟོན་པ་དང་། ་བདག་བདེ་བ་ལ་མི་ཆགས་པར་རྟག་པར་རྒྱུན་ཏུ་སེམས་ཅན་ཡོངསུ་སྨིན་པར་བགྱིད་པ་དང་། ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་སོངསུ་འཛིན་པ་དང་། མཚན་དང་དཔེ་བྱད་བཟང་པོ་དང་། ་སངས་རྒྱས་ཀྱི་ཞིང་ཡོངསུ་སྦྱངས་པའི་སླད་དུ་བསོད་ནམ་ས་ཀྱི་ཚོགས་ཡོངསུ་ཚོལ་བས་མི་ངོམས་པ་དང་། གཟུང་ས་དང་སླེབས་པ་རབ་ཏུ་ཐོབ་པར་བགྱི་བའི་སླད་དུ། ཡེ་ཤེས ་ཀྱི་ཚོགས་ཚོལ་བ་དང་། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་མི་གོས་པར་བགྱི་བའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང་། ཉན་ཐོས་དང་། རང་སངས ་རྒྱས་ཐམས་ཅད་ཀྱི་ས་ལས་ཤིན་ཏུ་བཟླ་བའི་སླད་དུ། ཐབས་ལ་མཁས་པ་ཡོངསུ་ཚོལ་བ་སྟེ། བཅོམ་ལྡན་འདས་བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའི་ལས་ཡང་དག་པ་ཡང་དག ་ཕུལ་ལགས་ཏེ། གང་དག་ལ་བྱང་ཆུབ་སེམས་དཔས་བསླབ་པར་བགྱི་བ་དེ་དག་དེ་ལ་མི་སྟོན་པ་དང་། དེ་ལ་འདི་སྐད་དུ་བྱང་ཆུབ་ནི། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པའི་ཡིན་གྱི། ་ལེ་ལོ་ཅན་གྱི་མ་ཡི་ནོ།། གལ་ཏེ་ཁྱོད་བསྐལ་པ་བརྒྱད་དམ་བཅུས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་མ་རྒྱས་ན། ཕྱིས་ཁྱོད་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུསོ།། ཞེས་མཆིལ། བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔའ་གང་སྒྱིད་ལུག་ནས་འབྲས་བུ་ཐོབ་པར་བགྱིད་བའི ་གནས་མཆིས་ནོ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ལྟར་བཅོས་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཅུ་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས ་དཔའ་ང་རྒྱལ་གྱིས་ཁེངས་ཤིང་ང་རྒྱལ་གྱིས་རེངས་པར་གྱུར་ཏེ། དེང་རྒྱལ་ངོས་བླ་མ་རྣམས་དང་། སྦྱིན་གནས་རྣམས་དང་། པ་མ་དང་སློབ་དཔོན་དང་། མཁན་པོ་རྣམས་དང་། དེ་ལས ་གཞན་པ་བླ་མ་ལྟ་བུའི་གང་ཟག་རྣམས་ལ་ཀུན་ཏུ་འདུད་པ་དང་། འདུད་པ་དང་། རབ་ཏུ་འདུད་པར་མི་བགྱིད་ཅིང་། དེ་ལ་རྫ་གུས་པར་གྱུར་པ་དང་། གང་དག་བྱང་ཆུབ་སེམས་དཔའི་སྤྱོད་པ ་རྣམས་ལ་མཁས་པ་ཁྱད་པར་ཐོབ་པ། གཟུངས་དང་། སྤོབས་པ་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའི། བགྱི་བ་ཐམས་ཅད་ཚར་ཕྱིན་པ་དེ་དག་གི་གན་ཏུ་མི་མཆི། མི ་བསྙེན་མི་སྟེན། བསྙེན་བཀུར་མི་བགྱིད། ཡོངསུ་མི་འདྲི། ཡོངསུ་འདྲི་བར་མི་སྩོལ་ཅིང་། དེ་མ་ཐོས་པའི་ཆོས་ཉན་པར་མི་བགྱིད། ཐོས་པའི་ཆོས་རྣམས་ཀྱང་ཡོངསུ་དཀར་བར་མི་བགྱིད། ་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་དག་བདུད་ཀྱི་ལྕགས་ཀྱུས་ཟིན་པ། ཆོས་ངན་པ་ལ་སྤྱོད་པ་དེ་དག་ལ་དགའ་བ་རྙེད་པ། དེ་དག་ཀྱང་དེ་བཞིན་དུ་དེའི་རྗེ་སུ་འཇུག ་བར་འགྱུར་བ་དང་། དེ་དམན་པ་ལ་སྟེན་ཅིང་ཁྱད་པར་དང་བྲལ་བ་འདི་ལྟ་སྟེ་ཞན་པའི་འགྲོ་བ། བླུན་པ། འོན་པ། ལྐུག་པའི་འགྲོ་བ། འགྲོ་བ་དམན་པ་ཉིད་དུ་མཆི་བར་འགྱུ་རོ།། བཅོམ་ལྡན་འདས་འདི ་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས་གྲམ་པའི་ས་ཕྱོགསུ་ཤིང་ཙམ་པ་ཀ་བསྐུམ་ལ། ཆབ་སོལ་བར་མི་བགྱིད་ཀྱི། གང་ནས་ཆབ་མཆི་བར་མཐོང་བའི་ཕྱོགས། ་དེ་ཡང་གོར་མ་དང་། གྱོ་མོག་དག་གིས་བཀུམ་ནས་བཅོམ་ལྡན་འདས་དེ་ལྟར་ན་ཞུགས་ཤིང་ཙམ་པ་ཀ་ཆབ་དང་བྲལ་བ་ཡལ་ཀ་དང་། ལོ་མ་དང་། ཡལ་ག་བྲེའུ་མ་ཆགས་པ་རྣམས་ཀྱང་ཆགས ་པར་མི་འགྱུར། ཡལ་ག་དང་། ལོ་མ་དང་། ཡལ་ག་ཕྲེའུ་ཆགས་པ་རྣམས་ཀྱང་སྐམ་སྟེ། ངོགས་ལ་ལྟུང་བར་འགྱུར་རོ།། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཀྱི་སེམས ་བསྐྱེད་ལ། ང་རྒྱལ་གྱིས་ཁེངས་ཤིང་ང་རྒྱལ་གྱིས་རེངས་པར་གྱུར་ན། དེ་དགེ་བའི་བཤེས་གཉེན་དང་། ཆོས་མཉན་པ་དང་བྲལ་ཏེ། མ་ཐོས་པའི་ཆོས་རྣམས་ཀྱང་མི་ཉན་ཐོས་པའི་ཆོས་རྣམས་ཀྱང ་ཡོངསུ་དཀར་བར་མི་བགྱིད།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། གང་གི་ཚེ་རྒྱ་མཚོ་ཆེན་པོ་མཆི་བར་གྱུར། པ་དེའི་ཚེ། གཞོལ་བའི་ཕྱོགས་ན་འཆི་བར་འགྱུར་རོ།། དེ་གཞོལ ་བའི་སླད་དུ། ཆུ་ཀླུང་ཐམས་ཅད་དང་། ཆབ་མིག་དང་། འབབ་ཆུ་ཐམས་ཅད་ཚེགས་ཆུང་ངུས་དེར་འབབ་བོ།། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ང་རྒྱལ་མ་མཆིས་པ་བླ་མ་དང་། ་སྦྱིན་གནས་ལ་གུས་པ་ཡང་ཚེགས་ཆུ་དུས་ཆོས་ཟབ་མོའི་སྒོ་རྣམས་རྣ་བའི་དབང་པོ་ལ་གྲགས་པར་འགྱུར་རོ།། དེ་དྲན་པ་ལ་ཡང་གནས་པར་འགྱུརརོ།། བཅོམ་ལྡན་འདས་དེ་ལྟ་བས་ན ་བྱང་ཆུབ་སེམས་དཔའ་ང་རྒྱལ་གྱི་ཁེངས། ང་རྒྱལ་གྱིས་རེངས་པར་གྱུར་ཏེ། བླ་མ་དང་སྦྱིན་གནས་ལ་ཀུན་ཏུ་མི་འདུད་ཅིང་། འདུད་པར་མི་བགྱིད་ལ་རབ་ཏུ་མི་འདུད་ན། བཅོམ་ལྡན་འདས་ཀྱི ་མའོ་བྱང་ཆུབ་སེམས་དཔའ་འདི་ནི་བདུད་ཀྱི་ལྕགས་ཀྱུས་ཟིན་པར་རིག་པར་བགྱི་སྟེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་ང་རྒྱལ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ། ་བཅུ་གཅིག་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་གཟུགས་བཟང་ཞིང་མཛེས་ལ་ཕྱུག་ཅིང་ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་ཞིང་ནོར་མང་ལ། མཛོད་དང་བང་བ ་མང་པོ་ཕུན་སུམ་ཚོགས་པར་གྱུར་ཏེ། གཟུགས་དང་ལོངས་སྤྱོད་དང་། རུས་དང་། རིགས་དང་། གཡོག་འཁོར་དང་བསོད་ནམས་ཀྱི་ཚོགས་ཀྱིས་བརྟན་པར་གྱུར། ཡེ་ཤེས ་ཀྱི་ཚོགས་ཡོངསུ་བཙལ་བ་ལ་མངོན་པར་བརྩོན་ཞིང་དེ་གཟུགས་དང་། ལོངས་སྤྱོད་དང་། གཡོག་འཁོར་དང་། དབང་ཕྱུག་གི་སྟོབས་ཀྱིས་རྒྱགས་ཤིང་བག་མ་མཆིས་པར ་གྱུར་ཏེ། བྱང་ཆུབ་སེམས་དཔའ་གང་དག་རབ་ཏུ་བྱུང་བར་གཏོགས་པ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ། ཡེ་ཤེས་ཀྱི་ཚེགས་ཡོངསུ་ཚོལ་བ་ལ་བརྩོན་པ། གདགས་དང ་གསེར་མས་ཤ་དང་ཁྲག་སྐམས་པ། སྐྱེས་པ་ཉམ་ཆུང་བ། ལུས་རྩས་ཡོག་པ། མགོ་དང་གོས་ལ་ཞུགས་འབར་བ་བཞིན་དུ་གདུགས་མཚན་དུ་བརྩོན་འགྲུས་བརྩམས་པ། དགེ་བའི་ཆོས ་ཡོངསུ་བཙལ་བ་ལ་རྟག་ཏུ་བརྩོན་པ་དང་ལྡན་པ་དེ་དག་ལ་སྙེམས་ཞིང་ཉམ་ཆུང་ལ། མདོག་ངན་ཅིང་མི་སྡུག་པར་རིག་ནས། བརྙས་པར་བྱའོ་སྙམ་དུ་སེམས་ཤིང་དེ་དག་ཉམ་ཆུང་ལ། མདོག ་ངན་ཅིང་མི་སྡུག་པར་རིག་ནས། བརྙས་པར་བྱའོ་སྙམ་དུ་སེམས་ཤིང་དེ་དག་ལས་ལེགས་པར་བཤད་པ་ཉན་མི་འཚལ་གྱི། དེ་དེ་བས་ཤས་ཆེར་དབེན་ཞིང་ཆེས་རྨུགས་པར་འགྱུར་བ་འདི་ནི། ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་རྒྱགས་པ་དང་། བག་མ་མཆིས་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ། བཅུ་གཉིས་པའོ།། བཅོམ་ལྡན་འདས། ་བཅུ་གཉིས་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལྕགས་ཀྱུ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ལས་ཤིན་ཏུ་མ་འདས་ན། ཐ་ན་རྗེ་སུ་འཐུན་པའི་བཟོད་པ་ཡང་མི་འཐོག ་ན་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ལྟ་སྨོས་ཀྱང་མི་འཚལ་ཏེ། དེ་ནི་གནས་མ་མཆིསོ།། བཅོམ་ལྡན་འདས་དེ་ལྟ་བས་ན། བྱང་ཆུབ་སེམས ་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། བདུད་ཀྱི་ལྕགས་ཀྱུ་འདི་དག་ལས་ཤིན་ཏུ་འདར་བར་བགྱིའོ།། ་བམ་པོ་བཅུ་བ་སྟེ་ཐ་མའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ལེགསོ་ཞེས་བྱ་བ་བྱིན་ཏེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལྕགས་ཀྱུ་འདི་དག་ལེགས་པར་བཤད་པ་ལེ་གསོ་ལེགསོ།། བློ་གྲོས་རྒྱ་མཚོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ ་སེམས་དཔའ་དག་གང་ལ་གནས་ན། བདུད་ཀྱི་ལྕགས་ཀྱུ་ཐམས་ཅད་ལས་ཤིན་ཏུ་འདའ་བར་འགྱུར་བ་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་ཁྱོད་ལ་བཤད།། བློ་གྲོས་རྒྱ་མཚོ ་བདུད་ཀྱི་ལྕགས་ཀྱུ་རག་ཏུ་གཅོད་པའི་ཆོས་ཀྱི་སྒོ་དེ་དག་གང་ཞེ་ན། བློ་གྲོས་རྒྱ་མཚོ་བཅུ་པོ་འདི་དག་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་སྒོ་ཡིན།། བཅུ་གང་ཞེ་ན། འདི་ལྟ་སྟེ། བློ ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་པས། སྟོང་པ་ཉིད་ཀྱི་རྣམ་པར་ཞུགས་ཀྱང་བདག་ཉིད་སྐྱབས་བྱེད་པས། སེམས་ཅན་ཐམས་ཅད་ལ་ཆེར་བྱམས་པ་འདི ་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དང་པོའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་པས། མཚན་མ་མེད་པའི་རྣམ་པར་ཞུགས་ཀྱང་ཡོངསུ ་ཐར་པར་བྱེད་པས། སེམས་ཅན་ཐམས་ཅད་འར་སྙིང་རྗེ་བ་འདི་ནི། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་གཉིས་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་། ་བཞིན་པས། སྨོན་པ་མེད་པའི་རྣམ་པར་ཞུགས་ཀྱང་། སེམ་ངས་ཅན་ཐམས་ཅད་ཡོངསུ་སྨིན་པར་བྱ་བའི་ཕྱིར། བསམ་ས་བཞིན་དུ་སྐྱེ་བ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ ་གཅོད་པའི་ཆོས་ཀྱི་སྒོ་གསུམ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་འདོད་ཆགས་དང་བྲལ་བའི་རང་བཞི་ན་པས། འདོད་ཆགས་དང་བྲལ་བའི་རྣམ་པར་ཞུགས ་ཀྱང་། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་ཡོངསུ་སྨིན་པར་བྱེད་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བཞི་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཞེ་སྡང་བྲལ ་བའི་རང་བཞིན་པས། ཞེ་སྡང་དང་བྲལ་བའི་རྣམ་པར་ཞུགས་ཀྱང་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་ཡོངསུ་སྨིན་པར་བྱེད་པ་འདི་ནི། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ ་ལྔ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གཏི་མུག་དང་བྲལ་བའི་རང་བཞིན་པས། གཏི་མུག་དང་བྲལ་བའི་རྣམ་པར་ཞུགས་ཀྱང་། གཏི་མུག་ལ་སྤྱོད་པའི་སེམས་ཅན་ཡོངསུ་སྨིན ་པར་བྱེད་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དྲུག་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་མེད་པའི་རང་བཞིན་པས། ཀུན ་ནས་ཉོན་མོངས་པ་མེད་པའི་རྣམ་པར་ཞུགས་ཀྱང་ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཅན་ཡོངསུ་སྨིན་པར་བྱེད་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བདུན་པའོ།། ་བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྐྱེ་བ་མེད་ཅིང་འབྱུང་བ་མེད་པའི་རང་བཞིན་པས་སྐྱེ་བ་མེད་ཅིང་འབྱུང་བ་མེད་པའི་རྣམ་པར་ཞུགས་ཀྱང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ ་སྤང་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་སྟོན་པ་འདི་ནི། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བརྒྱད་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་དང་མཉམ་ཞིང་བྱེ་བྲག ་མེད་པའི་རང་བཞིན་པས་དང་མཉམ་ཞིང་བྱེ་བྲག་མེད་པའི་རྣམ་པར་ཞུགས་ཀྱང་། ཐེག་པ་ཆེན་པོའི་བསམ་པ་ཡོད། སུ་མི་འདོར་བར་སེམས་ཅན་ལ་ཐེག་པ་གསུམ་རྣམ ་པར་དགོད་པའི་ཆོས་སྟོན་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དགུ་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་། རྣམ་པར ་ཤེས་པ་ལ་ཡང་གནས་ལ། བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད། བརྩོན་པ་ཐམས་ཅད་དང་ཡང་བྲེལ་ལ། སེམས་ཅན་རབ་ཏུ་ཐར་པར་བྱ་བའི་རྩོམ་པ་ཡང་མི་འདོར། སྤྱོད་པ་ཐམས ་ཅད་ལས་ཀྱང་ཤིན་ཏུ་འདས་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཀྱང་མི་ལྡོག་པ་འདི་ནི། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལྕགས་ཀྱུ ་། རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བཅུ་པའོ།། བློ་གྲོས་རྒྱ་མཚོ་བཅུ་པོ་འདི་དག་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ལ་རབ་ཏུ་སྦྱོར་ན། བདུད་ཀྱི ་ལྕགས་ཀྱུ་ཐམས་ཅད་ལས་ཤིན་ཏུ་འདས་པར་འགྱུརརོ།། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། བདུད་ཀྱི་གནས་ཐམས་ཅད་མོག་མེག་པོར་གྱུར ་ཏེ་རྣམ་པ་དྲུག་ཏུ་གཡོ་སོ།། འདི་ལྟ་སྟེ། དཔེར་ན། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའི་མཛོད་སྤུ་ནས་འོད་རབ་ཏུ་བྱུང་བས་བདུད་ཀྱི་གནས་ཐམས་ཅད་མོག་མོག་པར ་གྱུར་པ་དེ་བཞིན་དུ་ངའི་ཚེ། བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་གྱུར་ཏོ།། དེ་ནས་བདུད་སྡིག་ཅན་གྱིས་ལྟ་ས་རྒྱ་ཆེན་པོ་འདི་མཐོང་ནས་རིངས་ཤིང་མྱུར་བར་ལ་གོར་དུ ་དཔུང་གི་ཚོགས་ཡན་ལག་བཞི་པ་བསྡུས་ཏེ། བཀོད་པ་ཅི་འདྲ་བས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའི་གན་དུ་འགྲོ་བའི་བཀོད་པ་འདྲ་བས་དཔག་ཚད་སུམ་ཅ ་རྩ་དྲུག་ཚུན་ཆད་བདུད་ཀྱི་སྡེས་བཀང་ནས། བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ཁྱམས་ག་ལ་བ་དེར་དོང་བ་དང་། སངས་རྒྱས་ཀྱི་མཐུས་དེར་དེ་སྒྲིམས་པར་གྱུར་ཏེ། འོངས ་ཀྱང་དེ་བཞིན་གཤེགས་པ་དང་། གང་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། འཁོར་དེ་ལས་སེམས་ཅན་གང་དག་འདདུལ་བར་གྱུར་པ་རྣམས་དང་། གང་དག་སྲིད་པ ་ཀུན་ཏུ་སྦྱོར་བ་སྤངས་པའི་དགྲ་བཅོམ་པ་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་རྣམས་མ་གཏོག་པར་གང་གིས་ཀྱང་དེ་མ་མཐོང་།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཟླ ་གྲོས་རྒྱ་མཚོ་ལ་བཀའ་སྩལ་བ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བདུད་སྡིག་ཅན་བཀོད་པ་ཇི་ལྟ་བུ་དག་འོང་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལག་སོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་བདང་སྡིག་ཅན་འདི་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བའི་ཕྱིར་འོངས་ན་ནི་ཅི་ཞིག་བྱ། གསོལ་བ། བཅོམ་ལྡན་འདས ་དེང་འདིར་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམསུ་འཕང་བར་བགྱིའོ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས ་སྨྲསོ།། རིགས་ཀྱི་བུ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ནི་ག་ལ་ཡོད། དེ་ན་སྨོན་པའི་དེ་བཞིན་གཤེགས་པའི་མཚན་ནི་ཅི་ཞེས་བྱ།། བློ་གྲོས་རྒྱ་མཚོས ་སྨྲས་པ། བཙུན་པ་ཤཱ་རིའི་བུ་ཤར་ཕྱོགས་ལོགསུ་སངས་རྒྱས་ཀྱི་ཞིང་འདི་ནས་གངྒཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་བདེ་བ་ཐམས ་ཅད་ཀྱིས་བརྒྱན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རབ་ཏུ་འཇོམ་པ་ཞེས་བྱ་བ་ཆོས་སྟོན་ཏོ།། ཅིའི ་ཕྱིར་འཇིག་རྟེན་གྱི་ཁམས་དེ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་ཞེ་ན། བཙུན་པ་ཤཱ་ར་དྭ་ཏིའི་བུ། བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ན་བདེ་བའི་རྒྱུ་དང་ཡོན་ཏན་གྱི་རྒྱུ ་དང་། བཀོད་པའི་རྒྱུ་བསྐལ་པར་བརྗོད་ཀྱང་ཟད་པར་མི་ནུས་ཏེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རབ་ཏུ་འཇོམས་པ་དེས་བྱང་ཆུབ་ཐོབ་པ་དེའི་ཚེ། དེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ལུས་ལས ་བདུད་ཀུན་ཏུ་སྐུལ་བ་ཞེས་བྱ་བའི་འོད་ཟེར་བྱུང་ནས། འོད་ཟེར་ངེས་བསྐུལ་བས། འཇིག་རྟེན་གྱི་ཁམས་དེ་ན་བདུད་བྱེ་བ་ཕྲག་བརྒྱ་འཁོང་པ། བདུད་རེ་རེ་ཞིང་ཡང་གཡོག་འཁོར་བྱེ་བ་བརྒྱ་ཕྲག ་བཅུ་ཡོད་པ་དེ་དགེ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱ་བར་བསམས་པ། བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱེད་མ་ནུས ་ཏེ། དེ་དག་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འང་ས་དེའི་ཞབས་གཉིས་ལ་གཏུག་སོ།། དེས་ཀྱང་ཇི་ལྟར་དེ་ངག་བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་བདུད་དེ་དག་ལ་ཆོས་བསྟན་ནས། བཅོམ་ལྡན་འདས་དེ་ཕྱིས་བྱང་ཆུབ་ཐེབ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་དེ་བདུད་རབ ་ཏུ་འཇོམ་པ་ཞེས་བྱའོ།། དེ་བྱང་ཆུབ་ཐོབ་པའི་མཆོག་གི་ཕྲུགས་དང་། བཟང་པོའི་བླུགས་ཀྱང་བདུད་ལས་བཏུལ་བའི་བྱང་ཆུབ་སེམས་དཔའ་རྣམ་སོ།། རིམ་གྲོ་པ་ཡང་བདུད་ལས་བཏུལ ་བའི་བྱང་ཆུབ་སེམས་དཔའ་རྣམས།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་ད་ནི། བྱང་ཆུབ་སེམས་དཔའི་གཏམ་འབའ་ཤིག་ཡང་དག་པར་རབ་ཏུ་སྟོན་ཏེ། དེ་ན་ཐེག་པ ་གཞན་གྱི་མང་ཡང་མེད། བཙུན་པ་ཤཱ་རིའི་བུ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ནི་དེ་འདྲ་སྟེ། དེར་འཕངས་ན་ཕྱིས་བདུད་ཀྱི་ལས་བྱེད་པར་མི་འགྱུར་གྱི།། བདུད ་ལས་བཏུལ་བའི་བྱང་ཆུབ་སེམས་དཔའ་དེ་དག་དང་ལན་ཅིག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆེཆོས་རྣམས་ཡོངསུ་རྫོགས་པར་འགྱུརརོ།། ་དེ་ནས་བདུད་སྡིག་ཅན་སྔངས་སྐྲག་འཇིགས་ཏེ། སྤུ་ཟིང་ཞེས་བྱེད་ནས་འཁོར་དེ་ནས་འགྲོ་བར་འདོད་ན། འགྲོ་མ་ནུས་ཏེ། མི་སྣང་བར་མ་གྱུར་ན། དེ་དེ་བས་ཀྱང་ཆེར་སྔངས་ཤིང་སྐྲག་སྟེ། ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ།། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འཇིག་རྟེན་གྱི་ཁམས་དེར་འཕང་བར་མི་འགྱུར་བར། བཅོམ་ལྡན་འདས ་བདག་ལ་སྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བ་ངག་ལ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བ་དཀའ་སྩལ་པ། སྡིག་ཅན་མ་འཇིགས་ཤིག། སྐྱེས་བུ ་དམ་པ་འདི་ལྟ་བུ་དག་ནི། སེམས་ཅན་ལ་རྣམ་པར་བའི་ཕྱིར་གནས་པ་མ་ཡིནོ།། སྡིག་ཅན་ཁྱོད་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་འདི་ལ་བཟོད་པ་གསོལ་ཅིག་དང་། ་འདི་ཉིད་ཁྱོད་ལ་སྐྱོབ་པར་འགྱུར་རོ།། དེ་ནས་བདུད་སྡིག་ཅན་གྱིས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་སྨྲསོ།། སྐྱེས་བུ་དམ་པ་ཁྱོད ་བདག་ལ་བཟོད་པ་མཛད་དུ་གསོལ། བདག་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེར་མི་འཕང་བར་གསོལ། ཇི་ལྟར་གང་ན་སྐྱེས་བུ་དམ་པ་ཁོང་ལྟ་བུ་ཆོས་སྟོན་པར་འགྱུར། ་བའི་འཁོར་དེར་བར་ཆང་བགྱི་བའི་སླད་དུ། ལན་འགའ་ཡང་མཆི་བར་མི་འགྱུར་བ་དེ་ལྟར་བགྱིའོ།། བློ་གྲོས་རྒྱ་མཚོས་སྨྲས་པ། སྡིག་ཅན་ཁོ་བོ་ལྟ་བུ་དག་ལ་བཟོད་པ་གསོལ་མི ་དགོསོ།། བྱང་ཆུབ་སེམས་དཔའ་རྣམས་ནི། སེམས་ཅན་ཐམས་ཅད་ལ་ཤིན་ཏུ་བཟོད་པ་ཉིད།། སྡིག་ཅན་ཁྱོད་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེར་སོང་ལ། ་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་དེ་དག་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་ལ་ལྟོས་ཤིག་དང་། ཁྱོད་ལ་འཚེ་བར་མི་འགྱུརརོ།། དེ་ནས་བྱང་ཆུབ་སེང ་བློ་གྲོས་རྒྱ་མཚོས་ལག་པ་གཡས་པ་གསེར་གྱི་ཁ་དོག་ཅན་བརྐྱང་སྟེ། བདུད་སྡིག་ཅན་གྱི་སྤྱི་བོར་གཞག་ནས། བདེན་པའི་ཚིག་གང་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི ་སེར་སྣ་དང་། སློབ་དཔོན་ཆོས་ཀྱི་དཔེ་མ་ཁྱུད་མེད་པའི་བདེན་པ་དང་། བདེན་པའི་ཚིག་དེས་བདག་གིས་རྫུ་འཕྲུལ་གྱི་རྐང་པ་ཅི་འདྲ་བར་བདུད་སྡིག་ཅན་གྱི་ཡང་དེ་འདྲ་བར་གྱུར་ཅིག་ཅེས་དེ་ལྟ ་བུའི་བདེན་པའི་བྱིན་གྱིས་བརླབས་བྱསོ།། བྱང་ཆུབ་སེམ་ས་དཔའ་བློ་གྲོས་རྒྱ་མཚོས་ཚིག་སྐད་སྨྲས་མ་ཐག་ཏུ། དེ་ནས་བདུད་སྡིག་ཅན་རྫུ་འཕྲུལ་གྱི་སྟོབས་མཆོག་དང་ལྡན ་པར་གྱུར་ཏེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་པར་བྱས་ནས། སངས་རྒྱས་ཞིང་འདི་ནས་མི་སྣང་བར་གྱུར་ཏེ།། འདི་ལྟར་བྱང་ཆུབ་སེམས ་དཔའ་བློ་གྲོས་རྒྱ་མཚོའི་བྱིན་གྱི་རླབས་ཀྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེར་གནས་པར་གྱུར་ཏོ།། དེ་ནས་བདུད་སྡིག་ཅེན ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རབ་ཏུ་འཇོམ་པ་ག་ལ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས ་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེའི་སངས ་རྒྱས་ཀྱི་ཞིང་དེ་ན་བདུད་ལས་བཏུལ་བའི་བྱང་ཆུབ་སེམས་དཔའ་གང་དག་འཁོད་པ་དེ་དག་གིས་བདུད་སྡིག་ཅན་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ ་འཇོམ་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་དབང་ཆུང་ཞིང་མདོག་ངན་ལ་མི་སྡུག་པ་འདི་ལྟ་བུ་འདི་གང་ནས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། རིགས་ཀྱི་བུ་ནུང་ཕྱོགས་ལེག་སུ་སངས་རྒྱས་ཀྱི་ཞིང་འདི་ནས། གངྒཱའི་ཀྲུང་བཅུ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ནི། འཇིག་རྟེན་གྱི་ཁམས ་མི་མཇེད་ཅེས་བྱ་བ་ཡོད། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུག་སོ།། འཚེའོ།། གཞེསོ།། ་འདས་པ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་སྟོན་ཏོ།། ཡང་དག་པར་རབ་ཏུ་འཆང་།། དེར་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་ཅིང་བགྲང་བ་ལས་ཤིན་ཏུ ་འདས་པ་དག། ཆོས་ཀྱི་རྣམ་གྲངས་འདི་མཉན་པའི་ཕྱིར་འདུས།། བྱང་ཆུབ་སེམས་དཔའི་འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་གོ་ཆ ་བསམ་གྱིས་མི་ཁྱབ་པ་བགོས་པ། བཅོམ་ལྡན་འདས་དེ་ལ་ཡོངསུ་འདྲི་ཞིང་ཡོངསུ་འདྲིར་འཇུག་པ་ཡང་འདུས་པར་གྱུར་ཏོ།། ཆོས་ཀྱི་རྣམ་གྲངས་དེའི་ཐ་མ་བཤད་པའི་ཚེ་བདུད ་སྡིག་ཅན་མིག་གིས་མི་རྩོལ་བར་བྱ་བའི་ལས་ཀྱི་ཕྱིར་འོངས་པ་དང་། སྐྱེས་བུ་དམ་པ་དེས་འས་པའི་དབང་ཉེ་བར་གཟུང་སྟེ། བདུད་སྡིག་ཅན་དེ་འཇིག་རྟེན་གྱི་ཁམས་འདིར་འབང་སོ།། ་ནས་བདུད་ལས་བརྟུལ་བའི་བྱང་ཆུབ་སེམས་དཔའ་དེ་དག་གིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས།། ཁོ་བོ་ཅག་ཀྱང་ཁྱོད་ཀྱི་གྲོགས་ཡིན་གྱིས། སྡིག་ཅན་ཁྱོད་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། ཁོ་བོ་ཅག་ཀྱང་བདུད་དུ་གྱུར་ཏེ། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བའི་བར་ཆད་བྱ་བའི་ཕྱིར་ཞུགས་པ་ལས། ཁོ་བོ་ཅག ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད།། དེ་ལྟ་བས་ན་སྡིག་ཅན་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད ་ཅིག་དེ་ནས་བདུད་སྡིག་ཅན་གྱི་ལྷག་པའི་བསམ་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ནས། ཚིག་འདི་སྐད་ཅེས་བདག་གིས། བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད།། ཕྱིན་ཆད་བདུད་ཀྱི་ལས་མི་བྱའོ་ཞེས་སྨྲས།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བདུད་སྡིག་ཅན་རིན་པོ་ཆེ་བཀོད་པའི་སེང་གེའི ་ཁྲི་ལ་བཞག་སྟེ། དེ་ནས་འདས་པ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ་གྲངས་ཀྱི་གཏམ་རྒྱུད་ཅི་འདྲ་བ་ལ་རིགས་ཀྱི་བུ་ཁྱོད་སྤོབས་པར་གྱིས་ཤིག་ཅེས་གསོལ་བ་བཏའོ།། དེ་ནས་བྱང་ཆུབ ་སེམས་དཔའ་བློ་གྲོས་རྒྱ་མཚོས་གང་དུད་སྡིག་ཅན་སེང་གེའི་ཁྲི་ལ་འདུག་པའི་ཁའི་སྒོ་དང་། བ་སྤུའི་ཁུང་ཐམས་ཅད་ནས་ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། འདུས ་ཆེན་པོའོ་ལེའུ་རབ་ཏུ་བཤད་པ་ལྟ་བུའི་གཏམ་བྱུང་སྟེ། ཡི་གེ་དེ་དག་དང་ཚིག་དང་། ཡི་གེ་འི་བུ་དེ་དག་དང་མཉམ་ཉིང་མི་ཉུང་མི་མང་མ་ལྷག་པར་འགྱུར་བ་དེ་ལྟ་བུའི་བྱིན་གྱིས ་རླབས་བྱས།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བདུད་སྡིག་ཅན་དེ་ལས་འདུས་པ་ཆེན་པོའི་ལེའུ་གཏམ་ཐོས་ནས་ངོ་མཚར་དུ་འགྱུར་ཏེ། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་བདག་ཅག་འཇིག་རྟེན་གྱི་ཁམས་མི་མཇེད་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དེ་དང་། ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པས་མཛོད་སྤུ་ནས། གཟུགས ་ཐམས་ཅད་སྨོན་པ་ཞེས་བྱ་བའི་འོད་ཟེར་བྱུང་སྟེ། འོད་ཟེར། བྱུང་བ་དེས་སངས་རྒྱས་ཀྱི་ནིང་གངྒའི་ཀླུང་གཉིས་ཀྱི་བྱེ་མ་སྟེང་དག་ལས་འདས་ཏེ། འཇིག་རྟེན་གྱི་ཁམས་མི ་མཇེད་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། དེར་བྱང་ཆུབ་སེམས་དཔའ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་རིན་པོ་ཆེ་བཀོད་པ་འཁོར་གྱི་ཁྱམས་ན་བསྐལ་པ ་བརྒྱར་ཡང་བསྔགས་པའི་མཐར་མི་ཕྱིན་པའི་སངྒེའི་ཁྲི་ཆེན་པོ་ལ་བཞུགས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། འདས་པ་ཆེན་པོ ་ལེའུ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ཡང་མཐོང་།། འཇིག་རྟེན་གྱིས་མི་མཇེད་ཆུས་ཡོངསུ་གང་བའི་རྒྱ་མཚོ་གཅིག་ལྟ་བུར ་གནས་པར་འདི་ཡང་མཐོང་།། ངན་སྒྲིབ་པ་ཅི་ཡང་མེད་པར་མཐོང་།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྒྱང་གྲགས་ཀྱི་ཚད་ཙམ་གྱི་རིན་པོ་ཆེའི་པདྨ་དག་ལ ་འཁོད་ཅིང་ཆོས་ཉན་པ་དེ་དག་ཀྱང་མཐོང་།། མཐོང་ནས་ཀྱང་ཚིམ་ཞིང་མགུ་ལ་ཡིད་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེད་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ཤཱཀྱ་ཐུབ་པ་ག་ལ་བ་དེ་ལོག་སུ་མེ་ཏོག་གཏོར་ཏོ།། གཏོར་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་འོངས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱི་གཙུག་གི་མཚམ་སུ་མེ་ཏོག་གདུགས་ཆེན་པོར ་གྱུར་ཏོ།། དེར་ཐམས་ཅད་དང་ལྡན་པའི་འཁོར་དེས། མེ་ཏོག་གདུགས་དེ་མཐོང་ནས། ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདསྲ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་གང་མེ་ཏོག་གི་གདུགས་འདི་ལྟ་བུར་གྱུར་པའི་མེ་ཏོག་འདི་གང་ནས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ། པ། གྲོགས་པོ་དག་མེ་ཏོག་འདི་དག་ནི་བདེ་བ་ཐམས ་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ནས་འོངས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གིས་ང་ལ་མཆོད་པའི་ལས་ཀྱི་ཕྱིར་གཏོར་ཏོ།། གསོལ་པ། བཅོམ་ལྡན་འདས་བདག་ཅག་གིས་བདེ་བ ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་དང་། བདུད་སྡིག་ཅན་འཇིག་རྟེན་གྱི་ཁམས་དེ་ན་ཅི་བགྱིད ་པ་བལྟ་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ངེས་གསོལ་བ་བཏབ་པ་མཁྱེན་ནས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་བདེ ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཛེམ་པ་དེ་དང་། བདུད་སྡིག་ཅན་དེ་འཁོར་འདི་ལ་སྟོན་ཅིག། ་དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་སོར་མོ་བཅུ་ལས་འོད་ཟེར་སྟེང་བྲག་བཅུ་ཕྱུང་ནས། འོད་ཟེར་དེ་དག་གིས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་བཅུ ་གཉིས་ཀྱི་བྱེ་མ་སྙེད་པོ་དེ་དག་ལས་འདས་ནས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། དེར་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། བདེ་བ ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཛོམ་པ་དེ་དང་། བདུད་སྡིག་ཅན་ཆོས་ཀྱི་ཁྲི་ཆེན་པོ་ལ་འདུག་སྟེ། ་འདུས་པ་ཆེན་པོའི་ལེའུ་གཏམ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ཡང་མཐོང་།། མཐོང་ནས་ཀྱང་ཐམས་ཅད་དང་ལྡན་པ་འི་འཁོར་དེ་ངོ་མཚར་དུ་གྱུར་ནས། རང་རང་གི་པདྨའི ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་ལ་ཕྱག་འཚལ་ནས། དེ་དག་གིས་མུ་ཏིག་དང་མེ་ཏོག་གིས་གཏོར་ཏོ།། གཏོར་མ་ཐག་ཏུ ་སངས་རྒྱས་ཀྱི་མཐུས་འོངས་ནས། བཅོམ་ལྡན་འདས་ཀྱི་སྤྱི་གཙུག་གི་མཚམ་སུ་མེ་ཏོགི་ཁང་པ་བརྩེགས་པ་ཆེན་པོར་གནས་པར་ཀུན་ཏུ་སྣང་།། དེ་ནས་བདུད་སྡིག་ཅན་གྱིས་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམ་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གན་དུ་མཆིས ་བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དེ་འི་ལ་བབ་པར་ཤེས་ན་ཁྱོད་སོང་ཤིག། དེ་ནས་བདུད་སྡིག་ཅན་གྱིས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ་ལན་བདུན་བསྐོར་བ་བྱས་ནས། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་བྱིན་གྱི་རླབས་དང་། རྫུ་འཕྲུལ་གྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ ་ལས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་གནས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ ་ཏེ་ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག། དེ་ནས་ཚེ་དང་ལྡན་པ་ཤཱདིའི་བུས། བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲ་སོ།། གྲོགས ་བོ་ཁྱོད་ཀྱི་འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་ཀྱི་བརྒྱན་པ་དེ་མཐོང་ངམ། སྨྲས་པ། བཙུན་པ་ཤཱ་རཱ་ཏི་བུ་བདག་གིས་འཇིག་རྟེན་གྱི་ཁམས་ཇི་ཙམ་དུ་ཡོང་སུ་དག་པ་དེ ་མཐོང་སྟེ། ཇི་ལྟར་དག་ཅིང་དྲི་མ་མེད་པའི་སེམས་ཅན་མཆོག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་དེ་ངོ་མཚར་ཏོ།། བདག་གིས་མཐོང་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་སེམས་བསྐྱེད་དོ།། སྨྲས་པ། གྲོགས་པོ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་ཁྱོད་ཅི་ཡང་བདུད་ཀྱི་ལས་ལྷ་བྱེད་དམ། སྨྲས་པ། བཙུན་པ ་ཤཱ་རདྭ་ཏིའི་བུ་ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གང་གིས་ཀྱང་བདུད་ཀྱི་ལས་མི་ནུས།། དེ་ཅིའི་ཕྱིར་ཞེ་ན། ལྷག་པའི་བསམ་པ་ལ་ཡང་དག་པ ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཇི་ལྟ་ཇི་ལྟར་བདུད་ཀྱི་ལས་བྱེད་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཆེས་སྟོབས་དང་ལྡན་ཞིང་བརྩོན་འགྲུས ་རྩོམོ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བདུད་ཀྱི་ལས་བྱེད་པ་དེ་ཉིད། སངས་རྒྱས་ཀྱི་འཕྲིན་ལ་སུ་བརྗོད་ཀྱི། བདུད་ཀྱི ་ལས་མ་ཡིན་པ་དེ་ལྟར་རིག་པར་བྱའོ།། སངས་རྒྱས་ཀྱི་ཞིང་ཀུན་ཏུ་བསྟན་པ་དང་། བདུད་ཀྱི་ཆོ་འཕྲུལ་བསྟན་པ་འདི་བཤད་པ་ན། འཁོར་དེ་ལས་སྲོག་ཆགས་ཉི་ཁྲིས་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད།། བདུད་ཀྱི་འཁོར་དེ་ལས་ཀྱང་བདུད་ཀྱི་བུ་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། མགྲིན་གཅིག་ཏུ་བཅོམ ་ལྡན་འདས་བདག་འཇིག་རྟེན་གྱི་ཁམས་བདེ་བ་ཐམས། ཅད་ཀྱིས་བརྒྱན་པ་དེར་སྐྱེ་བར་གྱུར་ཅིག་ཅེས་ཚིག་དེ་སྐད་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་སངས ་ཀྱི་ཞིང་དེར་སྐྱེ་བར་ལུང་བསྟན་ཏོ།། སངས་རྒྱས་ཀྱི་ཞིང་ཀུམ་ཏུ་བསྟན་པའི་ལེའུ་སྟེ། བཅུ་གཅིག་པའོ།། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འདི་ནི་བར་ཆད་མང་བ། ཕྱི་རྒོལ་བ་མང་བ་ལགས་ན། གང་འདི་ལྟ་བུའི་མདོ་སྡེ ་འདི་དག་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ནུབ་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བ་དང་། གང་དག་འཛིན་པ་དང་། ཀློག་པ་དང་། སྟོན་པ་དེ་དག་ལ་ཡང་བདུད་དམ་བདུད་ཀྱིས་རེས། ་ཀྱི་ལྷ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་བ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པ་དང་། མདོ་སྡེ་འདི་ལྟ་བུ་འདི་དག་ཀྱང་ཀུན་ཏུ་བསྲུང་བ་དང་། སྦ་བ་དང་། ཡོངསུ་གཟུང་བའི ་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལེགས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་རྒྱ་མཚོ་སེམས་ཅན་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང་། སྟོན་པར་འགྱུར་ཞིང་འདོད་པ། བརྩོན་འགྲུས་བརྩམས་པ། དགེ་བའི་རྩ ་བ་བསྐྱེད་པ་དེ་དག་འདུལ་བའི་དབང་ཉེ་བར་བཟུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་ཟིན་ཏོ།། བློ་གྲོ། ས་རྒྱ་མཚོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང ་ཤིག་དང་། ཚིག་གང་དག་གིས་རྒྱལ་པོ་ཆེན་པོ་བཞིད་ག་བཀུག་ནས་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཏུ་བསྲུང་བ་དང་། ཆོས་སྨྲ་བ་དེ་དག་ཀྱང་ཡོངསུ་གཟུང་བའི་ཕྱིར་ནན་ཏན་བྱེད ་པར་འགྱུར་བར་རྒྱལ་པོ་ཆེན་པོ་བཞི་དགུག་པའི་ཚིག་རྣམས་བརྗོད་པར་བྱའོ།། བློ་གྲོས་རྒྱ་མཚོ་དགུག་པའི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། ས་མེ་ས་མ་སན་དྷི། ས་ར་ནེ། སརབ་ཏི ་དྷ་ནེ། དྷ་ན། བ་ཏི། དྷུ་དྷུ་མེ། དྷུདྷུ་མ་ཏི། ཨཱ་བ་ཏེ། ཨ་མ་ལེ། བི་མ་ལཽ། བི་ར་ཛེ། ཀ་ཀ་རེ། ཀཱ་རུ་ཎེ། ཧུ་ཧུ། ཧུ་ཧུ་བ་ཏི། ཧུ་ཧུ་སན་དྷི་ནི་རགྷཱ་ཏ་ནི། ཨ་བ་ཊེ། བཱི་བང་ཊེ། མ་དྷུ་མ་ཏི། མར ་ཛི་ཏེ། བི་ཤུདྡྷེ། བི་ཤུདྡྷ་བ་ཏི། མི་སི་ལེ། མ་ནོར་ཉེར། བློ་གྲོས་རྒྱ་མཚོ་འདི་དག་ནི།། དགུག་པའི་ཚིག་རྣམས་ཡིན་ཏེ། ཚིག་དེ་དག་གིས་རྒྱལ་པོ་ཆེན་པོ་བཞི་བཀུག་ནས། ཆོས་ཀྱི ་རྣམ་གྲངས་འདི་ཀུན་ཏུ་བསྲུང་བ་དང་། ཆོས་སྨྲ་བ་དེ་ཡང་ཡོངསུ་བཟུང་བའི་ཕྱིར་ནན་ཏན་བྱེད་པར་འགྱུར།། སྔགས་ཀྱི་ཚིག་འདི་རྣམས་ཆོས་སྨྲ་བ་ངེས་ལེགས་པ་གབཙ ་ཏུ་བྱས་ཏེ། ཕྱོགས་བཞིར་བྱམས་པས་ཁྱབ་པར་བྱས་ལ། རྒྱལ་པོ་ཆེན་པོ་བཞི་བསམ་ན། སྔགས་ཀྱི་ཚིག་འདི་དག་གིས། རྒྱལ་པོ་ཆེན་པོ་བཞི་བཀུག་ནས་འོང་བར་འགྱུ་རོ།། དེ ་ནས་རྒྱལ་པོ་ཆེན་པོ་བཞི་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེ་དག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཅག་ལྷན་ཅིག་ཏུ་འཐུན་པར་གང་ན་ཡང་དག་པ་དང་ལྡན་པའི་རྒྱུད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འཆང ་པར་འགྱུར་བ་དེར། ཆོས་ཀྱི་རྣམ་གྲངས་འདི་ཡང་ཀུན་ཏུ་བསྲུང་བ་དང་། ཆོས་སྨྲ་བ་དེ་ཡང་ཡོངསུ་གཟུང་བ་དང་།། ཅི་ནས་གང་གིས་ཀྱང་མ་སྒྲིབ་པ་འམ། གནོད་པ་བགྱིད ་པར་མི་འགྱུར་བར་བགྱི་བའི་སླད་དུ་མཆི་བར་བགྱིའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་བརྗོད་པར་བྱ་སྟེ། ཚིག་དེ་དག་གིས་ལྷའི་དབང་པོ་བརྒྱ། ་བྱིན་དགུག་པར་འགྱུརརོ།། ལྷའི་དབང་པོ་བརྒྱ་བྱིན་དགུག་པར་འགྱུར་བའི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། ཛ་ཡཾ། ཛ་ཡ་མ་ཏི། ཨད་ཏེ། མང་ཊེ། མང་ཀུ་རེ། སིདྡྷ་མ་ཏི། ཤུ་བྷེ། ་ལྡན་ཏི་ཀ་རེ། ནད་ནེ། ངན་ཏེ། དྲན་ཏམ་ཏི། ཏད་ཀ་ར། ཀྵ་ཡེ། ཀྵ་ཡ་མུ་ཁེ། མ་དཔང་དྲན། བི་ངད་རྔ་ནི། པའི་བ་ཊ་ནི། བ་ཚི་སྐྲྀ་ཏི། སྠི་ཏི་སན་དྷི། མཱ་གཙྪ་ཀ་རུ་ཤ~ཾ་ཀ། ནི་རྫི་ཏཱ། མ་རུཿ ་ཛ་ཡན་ཏི་དེ་ག། ས་མ་ཡ་སྟེ། ཨ་རབ་དྷོ། དྷརྨ་ནི་ཛི་ཏོ། ར་མ་ཧི། སྭ་སྨྱེ་ཡ་ནམ། བྷུ་ཏཱ་ནཱམ། ཨ་རཀྵ་དྷརྨ་ཙར་ནམ།། བློ་གྲོས་རྒྱ་མཚོ་འདི་དག་ནི་ལྷའི་དབང་པོ། ་བརྒྱ་བྱིན་དགུག་པའི་ཚིག་སྟེ་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་དགུག་པར་འགྱུརརོ།། དེར་ཆོས་སྨྲ་བ་དེས་སྔགས་ཀྱི་ཚིག་འདི་དག་ལེགས་པར་ཁ་ཏོན་དུ་བྱས་ལ་གཙང་བ་དང་། ་གཙང་སྦྲའི་ཚོ་གས་ཁྲུས་ལེགས་པར་བྱས་ཏེ། གོས་བཟང་པོ་བགོས་ལ་ཤར་ཕྱོགསུ་མེ་ཏོག་གཏོར་ཏེ། སངས་རྒྱས་ཐམས་ཅད་བསམས་པའི་དྲན་པ་དང་། སེམས་ཅན་ཐམས ་ཅད་ལ་སྙིང་རྗེ་ཆེན་པོ་དང་རབ་ཏུ་ལྡན་པས། སདྨོའི་ཁྲི་ལ་འདུག་སྟེ། ལྷའི་དབང་པོ་བརྒྱ་བྱིན་བསམས་ལ། ཀོཊཤི་ཀ་འཁོར་ལེགས་པར་ཡོང་སུ་གཞག་པའི་ཕྱིར་ཚུར་ཤོག། ་སྔགས་གྲུབ་པ་མངོན་སུམ་དུ་གྱིས། དེའི་བསམ་པ་ཤིན་ཏུ་རྣམ་པར་དག་ཅིང་ཡོངསུ་དག་ལ་ཚུལ་ཁྲིམས་ཡོངསུ་དག་པས་བསམས་མ་ཐག་ཏུ་ལྷའི་དབང་པོ་བརྒྱ ་བྱིན་འོངས་ནས། འཁོར་ཡོང་སུ་འཇོག་པར་འགྱུར། སྔགས་ཀྱི་གྲུབ་པ་ཡང་ཉེ་བར་སྒྲུབ་པར་འགྱུར།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་བ་དེས ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཡོངསུ་བཟུང་བ་དང་། ཡུན་རིང་དུ་གནས་པར་བགྱི་བའི་སླང་དུ་བདག་ཆོས་སྨྲ་དེའི་དྲུང ་དུ་མཆི་བར་བགྱི། ངོའི་འཁོར་ཡོངསུ་གཞག་པར་བགྱི། སྔགས་ཀྱི་གྲུབ་པ་ཡང་ཉེ་བར་སྒྲུབ་པར་བགྱིའོ།། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་སུམ་ཅུ་རྩ་གསུམ ་གྱི་ལྷ་རྣམས་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས ་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ལས་བསྟན་པའི་སླང་དུའོ།། བཅོམ་ལྡན་འདས་བདག་གིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱི་ཆོས་ལ་གུས་པར་བགྱིས་ཏེ། ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱི་ལྷའི་དབང་པོ་བརྒྱ་བྱིན་ལ ་ལེག་སོ།། ཞེས་བྱ་བ་བྱིན་ཏེ། ཀོ་ལུ་ཤི་ཀ་ཁྱོད་ཀྱིས་དམ་པའི་ཚེ་ས་ཡོངསུ་བཟུང་བའི་ཕྱིར། སེངྒེའི་སྒྲ་སྒྲགས་པ་ལེགསོ་ལེག་སོ།། དེ་ལྟ་བུ་ནི་ཁྱོད་ཀྱིས་བྱ་བའོ།། ལྷའི་དབང་པོ་ཁྱོད་ཀྱི ་ཆོས་ཀྱི་རྣམ་གྲངས་འདི་བསམས་ན། ལྷ་རྣམས་ནི་རྒྱལ་ཞི་ལྷ་མ་ཡིན་རྣམས་ནི་ཕམ་པར་འགྱུར་བར་ཤེས་པར་བྱ། འོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བདུད་དང་བདུད་ཀྱི ་རིས་ཀྱི་ལྷ་རྣམས་ཚར་གཅད་པའི་སྔགས་ཀྱི་ཚིག་འདི་རྣམས་བརྗོད་པར་བྱ་སྟེ། སྔགས་ཀྱི་ཚིག་དེ་དག་གིས་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཚར་གཅོད་པར་འགྱུར།། སྔགས་ཀྱི ་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། ཤ་མེ། ཤ་མ་བ་ཏི། ཤ་མི་ཏ་ཤ་ཏྲུ། ཨང་ཀུ་རེ། མང་ཀུ་རེ། མཱ་ར་ཛི་ཏཾ། ཀུཾ་ན་ཥེ་ཡུ། ཀེ་ཡུ་རེ། ཏེ་ཛེ་བ་ཏི། ཨོ་ལོ་ཡ་ནི། བི་ཤ་ཏྲ་ནི་རྨ་ལེ། མ་ལ ་བ་ན་ཡེ། ཁུ་ཁུ་རེ། ཁ་གེ་གྲ་སེ། གྲ་ས་ནེ། ཨོཾ་མུ་ཁི། བ་རཱ་མུ་ཁཱི། ཨཱ་མུ་ཁཱི། ཤ་མི་ཏི་ནི། སརྦ་གྲ་ཧ་བན་དྷཱ་ན་ནཱི། གྲྀ་ཧི་ཏཱ། སརྦ་མཱ་ར་པྲ་བཱ་རྡི་ནི། བི་མུག་ཏཱི་མཱ་ར་པཱ་ཤཱ་སཱི་བི་ཏ་བུདྡྷ་མུ་དྲ། ་ཨ་ནུད་ག་ཏི་ཏ་སརྦ་མཱ་རཾ། པུ་ཙ་རི་ཏ། པ་དང་རི་ཤུདྡྷ། བི་གཙྪན་ཏུ་སརྦ་མཱ་ར་ཀརྨ་ཎི།། བློ་གྲོས་རྒྱ་མཚོ་ཚིག་འདི་དག་ནི་བདུད་ཚར་གཙང་བའི་ཚིག། ཉོན་མོངས་པ་བསལ་བའི་ཚིག་སྟེ། དེ ་དག་ཆོས་སྨྲ་བ་དེས་ལེགས་པར་ཁ་ཏོན་ཏུ་བྱས་ལ། ཆོས་ཀྱི་ཁྲི་ལ་འདུག་སྟེ། བྱང་ཆུབ་ཀྱི་རྣམ་པས་མངོན་པར་བསྒྲུབས་པའི་བྱམས་པས། འཁོར་ཐམས་ཅད་ལ་ཁྱབ་པར་བྱས་ལ། བདག་ལ ་སྨན་པར་འདུ་ཤེས་བསྐྱེད། ཆོས་ལ་སྨན་གྱི་འདུ་ཤེས་དང་། ཆོས་ཉན་པ་ལ་ནང་པའི་འདུ་ཤེས་དང་། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་དང་། ཆོས་ཀྱི་ཚུལ ་ལ་ཡུན་རིང་དུ་གནས་པའི་འདུ་ཤེས་བསྐྱེད་ལ། སྔགས་ཀྱི་ཚིག་འདི་དག་མངོན་དུ་བྱས་ཏེ། ཆོས་ཀྱི་གཏམ་བྱེད་ན། དེའི་འཁོར་ཡུག་དཔག་བརྒྱ་ཚུན་ཆད་དུ་བདུད་དང་བདུད་ཀྱི་རིས ་ཀྱི་ལྷ་རྣམས་མིག་གིས་མི་རྩོལ་བར་བྱ་བའི་ལས་ཀྱི་ཕྱིར་འོ། ང་བར་མི་འགྱུརརོ།། གང་དག་འོང་བ་དེ་དག་ཀྱང་བར་ཆད་བྱེད་པར་མི་ནུསོ།། དེ་ནས་བཅོམ་ལྡན་འདས་ལ་བདུད ་སྡིག་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་བདག་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པར་འཕངས་པ་སྐྱེས ་བུ་ངམ་པ་དེ་དག་གི་བྱིན་གྱི་རླབས་དང་། རྫུ་འཕྲུལ་དང་ཆེ་འཕྲུལ་འདི་དག་ལ་མངོན་སུམ་དུ་གྱུར་ཏོ།། བཅོམ་ལྡན་འདས་བདག་དེང་སླན་ཆང་བདུད་ཀྱི་སུག་ལས་ཐམས་ཅད་འདོར།། གང་མཆོས་ཀྱི་རྣམ ་གྲངས་འདི་སྟོན་པ་དང་། ཡང་དག་པར་རབ་ཏུ་སྙན་པར་འགྱུར་བའི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། གཙུག་ལག་ཁང་དེར་ཆོས་མཉམ་པའི་སླད་དུ་བདག་ང་རྒྱལ་མ་མཆིས་པ་དང་། གུས་པ ་དང་བཅས་ཤིང་ཞེས་དང་བཅས་པས་མཆི་བར་དགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་ལེག་སོ་ལག་སོ།། ཁྱོད་ཆོས་ལ་གུས་པའི་རྣམ་པར ་སྨིན་པ་འདིས་རིམ་གྱིས་བདུད་ཀྱི་ལས་ཐམས་ཅད་ལས་ཤིན་ཏུ་འདས་ཏེ། གང་སྐྱེས་བུ་དམ་པ་དེ་དག་གིས་ཐོབ་པའི་ཆོས་དེ་དག་རྗེ་སུ་ཐོབ་པར་འགྱུར།། བློ་གྲོས་རྒྱ་མཆོ་ག་ཞན་ཡང་མ ་མཇེད་ཀྱི་བདག་པོ་ཚངས་པ་དགུག་པའི་སྔགས་ཀྱི་ཚིག་རྣམས་བརྗོད་པར་བྱ་སྟེ། དགུག་པའི་སྔགས་ཀྱི་ཚིག་དེ་དག་གིས་ཚངས་པ་བཀུག་ནས་ཆོས་སྨྲ་བའི་གན་དུ་འོང་བར་འགྱུརརོ།། སྔགས ་ཀྱི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། མེ་ཏྲེ་ཀ་རེ། ཀཱ་རུ་ཎཱ་ཀ་རེ། མུག་ཏེ་ཏ་ཀཱ་རེ། ཨུ་བེ་ག་ཀྵ་ཀཪྵེ། དྷཿཀ་རེ། སང་གཱ་ཀ་རེ། སུ་ཀྲྀ་ཏ་བི་ཛ་ཡེ། མ་ཧཱ་བི་ཏཱན། ་ནི་སྥ་རེ། དཱ་གྷེ་ཨོ་ཛེ་བ་ཏི། ཨོ་ཛེ་ག་མེ་དྷརྨ་ན་ང་ནེ། ས་ཏྱ་པྲི་ཏི་ཤྨ་ནེ། ཨུ་པ་བད་ཏི། བི་ཤུདྡྷེ། སྭ་ཙིང་ཏོ་བ་ཤ་མེ། བྱ་བ་ལོ་ཀ་ཡ་པྲ་མཱ་ན། བྱུང་ཏིཥྚ། ས་མི་དྷི། ཨ་བེ་ཀྵ་སཱ་དྷརྨ ་རྩ་རཱ་ཎཱ་ན། ཀུ་རུ་སད་དྷརྨ་པ་རི། གྲ་ཧ་ན། ཀྲི་ཏ་མ་ནུ་པཱ་ལ་ཡ། བུདྡྷ་ནེ། ཏྲི་མ་མེ་བྱ་བ་ཚེ། བ་སཱི། སྨཱ་ར་ཏ། དྷརྨ་ཙཀྲ་པྲ་བརྟྟ་ནཱན། ཀུ་རུ་ས་ཏཱ་བི་ཤོ་དྷ་ནཱན། པྲ་ཏི་གྲི་ཧཱན་དྷརྨ་ནཱམ། ་ག་ར་མཱ་ལ་ཏན། བུད་དྷ་ཨ་བྷིཉྫ་ན་མ་མཱ་བི་ཀོ་པ་ཡ།། བློ་གྲོས་རྒྱ་མི་མཛད་ཀྱི་བདག་པོ་ཚངས་པ་དགྲགས་པའི་ཚིག་འདི་དག་ཆོས་སྨྲ་བ་དེས་ལེགས་པར་ཁ་ཏོན་དུ་བྱས་ལ། ཚངས་པའི་ལམ། ་ལ་ཤིན་ཏུ་གནས་ཏེ། ཞེ་འགྲས་པ་མེད་པའི་སེམས་ཀྱི་རྒྱུད་དང་། དབང་པོ་ཤིན་ཏུ་སྦས་བ་དང་། ཤིན་ཏུ་བསྲུངས་པའི་དྲན་པ་དང་། ཤིན་ཏུ་དཀར་བའི་ཕྱག་རྒྱ་དང་། ཤིན་ཏུ་ཡོངསུ ་དག་པའི་ལུས་ཀྱི་ལས་དང་། ཤིན་ཏུ་བདེན་པས་ཟིན་པའི་ངག་གིས་ལས་དང་། ཤིན་ཏུ་བརྟན་པའི་བློ་དང་། ལེགས་པར་བྱས་པའི་བཟོད་པའི་ལས་དང་། ཤིན་ཏུ་ཡོངསུ་སྦྱངས་པའི་ཚུལ ་ཁྲིམས་ཀྱི་ཕུང་པོ་དང་། ལེགས་པར་བརྩམས་པའི་བརྩོན་འགྲུས་ཀྱི་སྟོབས་དང་། ཤིན་ཏུ་སྟེན་པའི་མང་དུ་ཐོས་པ་དང་། ཤིན་ཏུ་ཡོངསུ་བསྒོམས་པའི་སེམས་ལ་སུ་རུང་བ་དང་། ཤིན་ཏུ ་རྣོ་བའི་ཤེས་རབ་ཀྱི་དབང་པོ་དང་། ཤིན་ཏུ་བརྩོན་པའི་ཡང་དག་པའི་སྦྱོར་བ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ལེགས་པར་ཟིན་པ་དང་། ཤིན་ཏུ་ཡོངསུ་བསྒོམ་པའི་བྱམས་པ་དང་། ་ཤིན་ཏུ་བརྟན་པའི་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཡང་དག་པར་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཤིན་ཏུ་ཡོངསུ་དགྲེལ་བའི་ཕྱིར། སེང་གེའི ་ཁྲི་ལ་འདུག་སྟེ། མི་མཇེད་ཀྱི་བདག་པོ་ཚངས་པ་བསམ་ས་ལ། ཆོས་ཀྱི་གཏམ་ཡང་དག་པར་རབ་ཏུ་བརྗོད་ན། ངེས་བསམས་མ་ཐག་ཏུ་ཚངས་པ་ཚངས་རིས ་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་ཏུ་འོང་བར་འགྱུརརོ།། བློ་གྲོས་རྒྱ་མཚོ་དེ་ལ་ཚངས་པ་འོང་བར་འགྱུར་བའི་བལྟས་ནི་འདི་ལྟ་བུ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། འཁོར་ཐམས ་ཅད་བྱམས་པའི་སེམསུ་འགྱུར་བ་དང་། དབང་པོ་ཉམས་པ་མེད་པ་དང་། གཅིག་ལ་གཅིག་མི་གནོད་པར་གནས་པ་དང་། ཆོས་དང་ཆོས་སྨྲ་བ་ལ་སྟོན་པ་དང་། བླ་མ་ལྟར་ཕངས ་པར་སེམས་པ་དང་། ཐལ་མེ་སྦྱོར་བ་དང་སེམས་རྩེ་གཅིག་པ་དང་། མི་གཡེང་བར་ཡིད་ལ་བྱེད་པ་དང་། རུས་ཤིང་ལྟར་བྱེད་པ་དང་། ཡིད་ལ་བྱེད་པ་དང་། སེམས་ཐམས་ཅད་ཀྱིས་སེམས ་བ་དང་། རྣ་བ་བླགས་ཏེ་ཉན་པར་འགྱུར་བའོ།། ཆོས་སྨྲ་བ་དེ་ལ་ཡང་སྔོན་ལུང་མེ་མནོས་པ་དང་། སྔོན་མ་ཐོས་པའི་ཆོས་རྣམས་ཀྱང་མངོན་དུ་འགྱུར་ཏེ། འཁོར ་དེར་མི་མཇེད་ཀྱི་བདག་པོ་ཚངས་པ་འོངས་པར་རིག་པར་བྱའོ།། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་བདག་ཚངས་པའི་འཇིག་རྟེན་དུ་གནས་ཏེ། བསམ་གཏན་དང་། ཚད་མེད་པའི་བདེ་བ་ལ་གནས་པ་བོར་ལ། གང་ན་ཆོས་ཀྱི་རྣམ་གྲངས་འདི་སྟོན་པའི་འཁོར ་དེར་མཆི་བར་བགྱིའོ།། ཆོས་སྨྲ་བ་དེ་ལ་ཡང་ཆོས་བརྒྱད་བསླབ་པར་བགྱིའོ།། བརྒྱད་གང་ནེ་ན། ཇི་ལྟར་ཐོས་པའི་ཆོས་ར་མི་བསྐྱུད་པར་བགྱི་བའི་སླད་དུ། དེ་ལ་དྲན་པ་བསྒྲུབ་པར་བགྱི། ་ཆོས་ཟབ་མོ་རྟོག་པར་བགྱི་བའི་སླད་དུ་དེ་ལ་བློ་གྲོ། ས་བསྒྲུབ་པར་བགྱིའོ།། དོན་གྱི་རྣམ་པ་རྟོགས་པར་བགྱི་བའི་སླད་དུ། དེ་ལ་རྟོགས་པ་སྒྲུབ་པར་བགྱི། འཁོར་ཐམ ་ཅད་ཟིལ་གྱིས་མི་ནོན་པར་བགྱི་བའི་སླད་དུ། དེ་ལ་འདུལ་བར་བསྲུངས་པ་བསྒྲུབ་པར་བགྱི། མི་དམན་པར་ལུང་བསྟན་པར་བྱ་བའི་སླད་དུ། དེ་ལ་ཆོས་ཀྱི་སྣང་བ་སྒྲུབ་པར་བགྱི། ་དེ་བགྱིད་ཅིང་ཆོས་བསྒྲུབ་པའི་སླད་དུ། དེ་ལ་ངེས་པར་འབྱུང་བའི་སྒོ་བསྒྲུབ་པར་བགྱི་སྟེ། བཅོམ་ལྡན་འདས་ཆོས་སྨྲ་བ་དེ་ལ་ཆོས་བརྒྱད་པོ་འདི་དག་བསྒྲུབ་པར་བགྱིའོ།། ཆོས་སྨྲ་བ་དེ ་ལ་བསྲུང་ཞིང་སྦ་བ་དང་། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱི་བྱིན་གྱི་རླབས་ཀྱིས་ཇི་ལྟར་ཆོས་ཀྱི་རྣམ་གྲངས ་འདི་རྒྱས་པར་འགྱུར་བ་ལྟར་བདུད་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་གཙང་བར་བགྱིའོ།། དེ་ན་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ ་མཆོས་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་ཏེ། ཐ་མའི་དུས་ཀྱི་ཚེ་ཅི་ནས་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་རྣམས་ཀྱི་སྡུག་པར་མཆི་བ ་དང་། ཁོང་དུ་ཆུད་བ་དང་། གླེགས་བམ་དུ་འགྱུར་ཞིང་ནུབ་པར་མི་འགྱུར་བར་བཅོམ་ལྡན་འདས་ཉིད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱི་རླབས་དུ་གསོལ། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསེལ་བ་བཏབ་པ་མཁྱེན་ནས། མཛོད་སྤུ་ནས་འདི་ལྟ་བུའི་འོད་ཕྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁ་མས་འདི་ན། རྩཝ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ ་དང་རྡོ་དང་། གྱོ་མོ་དང་། གཟུགསུ་སྣང་བ་གང་དག་ཇི་སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་གཟུགསུ་སྣང་།། རིན་པོ་ཆེ་བཀོད་པའི་གཟུགསུ་སྣང་།། རིན་པོ་ཆེ་བཀོད ་པའི་འཁོར་གྱི་ཁྱམས་ན་མཆོད་པའི་ལས་བྱིན་གྱིས་བརླབ་པའི་གཟུགས་ཀྱི་རྣམ་པ་གང་དག་ཡོད་པ་དེ་དག་ཀྱང་། དེ་བཞིན་གཤེགས་པའི་གཟུགས་ཉིད་དུ་གནས་པར་ཀུན་ཏུ་སྣང་།། དེ ་བཞིན་གཤེགས་པའི་གཟུགས་དེ་དག་གིས་གསུང་གཅིག་ཏུ་ཀྱེ་མའི་ཆོས་ཀྱི་རྣམ་གྲངས་འདི་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབ་སོ།། གང་བཅོམ་ལྡན་འདས་ཀྱི་བྱིན ་ཀྱིས་བརླབས་པ་དེ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའོ།། གང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་བྱིན་གྱིས ་བརླབས་པ་དེ་ལ་བདུད་ཐམས་ཅད་ཀྱིས་བར་ཆད་བྱ་བར་མི་ནུསོ།། བཅོམ་ལྡན་འདས་གལ་ཏེ་གངྒཱའི་ཀླུང་བྱེ་མ་སྙེད་ཀྱི་བདུད་དཔུང་དང་བཅས། གཡོག་འཁོར་དང་བཅས་ཏེ་ཆོས་ཀྱི་རྣམ་གྲངས། ་འདི་ལ་བར་ཆད་བྱ་བར་བརྟུན་ཀྱང་། དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བར་མོ་ནུསོ།། དེ་ཅིའི་ཕྱིར་ཞེ་ན། ས་ནི་འགས་ཀྱང་སྲིད། རྒྱ་མཚོ་ཐམས་ཅད་ནི་སྐམ་ཡང ་སྲིང་རི་རབ་ཐམས་ཅད་ནི་རྣམ་པར་འཐོར་མང་སྲིད། རླུང་ནི་ནགས་པས་བཅིང་དུ་རུང་ཡང་སྲིད། ཉིམ་དང་ཟླ་བ་ནི་སའི་སྟེང་དུ་ལྷུང་ཡང་སྲོང་། ནམ་པ་ནི་གཟུགས་ཀྱི་རྣམ་པར ་བསྟན་ཏུ་རུང་ཡང་སྲིད། མེ་ནི་ཆུར་འགྱུར་ཡང་སྲིད། ཆུ། ནི་མེར་འགྱུར་ཡང་སྲིད། འབྱུང་བ་ཆེན་པོ་བཞི་ནི་གཞན་དུ་འགྱུར་ཡང་སྲིད། སེམས་ཅན་ཐམས་ཅད་ཀྱི ་སེམས་ནི་གཅིག་ཏུ་བྱར་རུང་ཡང་སྲིད། ན་མཁའ་དང་སེཾན་འབྱར་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ནི་སུས་ཀྱང་བསྐྱེད་པ་འམ། གཡོ་བ་འམ་འཁྲུགས་པར་བྱེད་མི ་ནུསོ་ཞེས་གསུངས།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སྤྱི་བོར་ཕྱག་བཞག་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ཁྱོད། ་ཀྱིས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་ཉེ་བར་བཟུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལ་ཡང་རྒྱ་ཆེར ་ཡང་དག་པར་རབ་ཏུ་སྟོན་ཅིག། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དོན་གྱི་དབང་གང་གཟིགས ་ན་དེ་ལྟ་མ་ལགས་པ། རྒྱ་མཚོ་དང་རྒྱ་མཚོ་ཆེན་པོ་ལྟར་གཏིང་དཔག་དཀའ་བའི་དྲན་པ་དང་། བློ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་གཞན་དག་མཆིས་བཞིན་དུ། དགེ་སློང་ཀུན ་དགའ་བོ་ཉི་ཚེ་བའི་འཚལ་བ་དང་ལྡན་པ་ལ། ཆོས་ཀྱི་ལེའུ་འདི་ལྟ་བུ་འདི་ཡོངསུ་གཏད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དགེ་སློང་ཀུན་དཀའ་བོ་རང་གི་བློའི་སྟོབས ་བསྐྱེད་པས། མདོ་སྡེ་འདི་ལྟ་བུ་འདི་འཛིན་པ་མ་ཡིན་གྱི། དེ་ཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་འཛིན་ཏོ།། བློ་གྲོས་རྒྱ་མཚོ་སེམས་ཅན་གང་དག་དགེ་སློང་ཀུན་དགའ་བོ་ལས་ཆོས ་ཀྱི་རྣམ་གྲངས་འདི་ཐོས་ན། དགའ་བ་དང་། དད་པ་དང་། མཆོག་ཏུ་དགའ་བ་ཐོབ་པར་འགྱུར་བ་ཡོད། དེ་དག་འདི་སྙམ་དུ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་བྱིན་གྱིས ་འདི་ལྟར་ཉན་ཐོས་ཀྱང་འདི་ལྟ་བུའི་མདོ་སྡེ་འདི་འཛིན་ཅིང་སྟོན་པ་ནི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཇི་ཙམ་དུ་བསམ་གྱིས་མི་ཁྱབ་པ་ངོ་མཚར་ཏོ་སྙམ་དུ་སེམས་པར་འགྱུརརོ།། དེ་ནས ་འཁོར་དེ་ནས་ལྷ་དང་མི་ཁ་ཅིག་འདི་སྙམ་དུ་སེམས་ཏེ། ཅི་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་འདི་དྲན་པ་དང་རབ་ཏུ་ལྡན་པ་ཡིན་གྱི། གང་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པའི་མཆོག ་ཏུ་བསྟན་པའི་ཚེ་དང་ལྡན་པ་ཀུན་དགའ་བོ་ནི་དེ་ལྷ་མ་ཡིན་སྙམ།། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འཁོར་དེའི་སེམས་ཀྱིས་རྣམ་པར་རྟོག་པ་སེམས་ཀྱིས་ཤེས་ནས། འཁོར་གྱི་སེམ ་ཅན་རྣམས་ལ་རྣམ་པར་བལྟས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་འདི་རབ་ཏུ་དྲན་པ་དང་། ་ལྡན་པ་ལགས་ཀྱི་གང་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ། ཚེ་དང་ལྡན་པ་ཀུན་དགའ་བོ་ནི་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་འོད་སྲུང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་དག་ན། སེམས་ཅན་ཇི་ཙམ་དུ་བསྡུ་བར་བསྡུས་པའི་སེམས་ཅན་གྱི་ཁམས་ནི་རབ་ཏུ་མང་གི། སའི་ཁམས་ནི་དེ་ལྟ་མ་ཡིནོ་ཞེས ་གང་དེ་སྐད་དུ་བྱ་བ་དེ་ལ་ཇི་སྙམ་དུ་སེམས། འོད་སྲུང་སེམས་ཅན་གྱི་ཁམས་དེ་མང་ངམ། འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་མང་ལགསོ།། བདེ་བར་གཤེགས་པ་ཚད་མ ་མཆི་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་། འོད་སྲུང་ཡོངསུ་བརྟག་པ་ཉེ་བར་བཟུང་སྟེ། སེམས་ཅན་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར ་གྱུར་ལ། དེ་བཞིན་དུ་ཇི་ལྟར་དགེ་སློང་ཀུན་དགའ་ངོ་ལྟར་དྲན་པ་དང་གཟུངས་ཀྱི་སྟོབས་དང་ཡང་ལྡན་པར་གྱུར་ཀྱང་། ཀུན་དགའ་བོ་འདི་ལྟ་བུའི་སེམས་ཅན་དེ་དག་གི་དྲན་པ་དང་གཟུངས ་ཀྱི་སྟོབས་དེ་ནི། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདྲིན་པ་དང་། གཟུངས་ཀྱི་སྟོབས་བསྐྱེད་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། དཔེའི་བར་དུ་ཡང་མི་བཟོད།། འོད ་སྲུང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ནི་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་འཛིན་ཏེ། དེ་བཞིན་གཤེགས་པ་གཅིག་གི་ཆོས ་བསྟན་པས། དེ་བཞིན་གཤེགས་པ་གཉིས་ཀྱི་ཆོས་བསྟན་པ་ལ་ཀུན་ནས་ལྡང་བའི་བྱ་བ་མི་བྱེའོ།། འོད་སྲུང་འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ཤིང་རྟའི་སྲོག་ཤིང ་ཙམ་གྱི་ཆར་པའི་རྒྱུན་འབབ་པའི་ཆུའི་རྒྱུན་གཅིག་གིས་ཆུའི་རྒྱུན་གཉིས་པ་ལ་སྒྲིབ་པ་འམ། ཀུན་ནས་ལྡང་བའི་བྱ་བ་ནི་བྱེད། ཆུའི་རྒྱུན་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོས་བླངས་ནས། དེ་ལ ་འགྲིབ་པ་འམ་གང་བ་ཡང་མདོ།། འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཆོས་བསྟན་པ་ཀུན་ཏུ་འཛིན་ཀྱང་། དེ་བཞིན་གཤེགས ་བ་གཅིག་གིས་ཆོས་བསྟན་པས། དེ་བཞིན་གཤེ་གས་པ་གཉིས་ཀྱི་ཆོས་བསྟན་པ་ལ་སྒྲིབ་པ་འམ། ཀུན་ན་ས་ལྡང་བའི་བྱ་བ་མི་བྱེད། དེའི་དྲན་པའི་སྟོབས་སྐྱེད་པ་ལ་བྲི་བ ་འམ་གང་བ་ཡང་མེདོ།། བསྟན་པ་འདི་བཤད་པ་ན།། སྲོག་ཆགས་བརྒྱད་སྟེང་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད། ཚིག་འདི་སྐད་ཅེས ་བདག་ཅག་ཀྱང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་དྲན་པའི་སྟོབས་བསྐྱེད་པ་ཅི་འདྲ་བ་དེ་འདྲ་བར་གྱུར་ཅིག་ཅེས་སྨྲསོ།། ཐམས་ཅད་དང་ལྡན་པའི་འཁོར་གྱིས་ལྷ་དང་། མིའི་མེ་ཏོག་གིས ་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་གཏོར། མངོན་པར་གཏོར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་པདྨ་བཀོད་པས་འདི་སྐད་ཅེ་གསོལ་ཏོ།། བཅོམ ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་སྒོའི་ལེའུ་འདི་ཐོས་ནས་མོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། འདོན་པ་དང་། རྟོག་པ་དང་། དེ་བཞིན ་ཉིད་དུ་ནན་ཏན་བགྱིས་པ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་པདྨ་བཀོད་པ་ལ་ཚིགསུ་བཅད་བཀའ ་སུལ་པ། སྟོང་ཆེན་པོ་ཡི་འཇིག་རྟེན་ཁམས་འདི་ནི། གསོར་གྱིས་བཀང་སྟེ་བདེ་གཤེགས་ཕུལ་བ་བས།། གང་གིས་ཆོས་ཀྱི་མཛོད་འདི་ཐོས་ནས་ནི།། མོས་པའི་བསོད་ནམས་འདི་ནི་ཁྱད ་པར་འཕགས།། གང་གིས་འཇིག་རྟེན་ཁམས་ཁྲི་རིན་ཆེན་བཀང་།། དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས།། གང་གིས་མདོ་སྡེ་འདི་ལ་འཇུག་བྱས་པ།། བསོད་ནམས་དེ་ལ་སྔ་མས་བསྐྱེད ་དུ་མེད།། གང་གིས་འཇིག་རྟེན་ཁམས་ནི་སྟོང་ཕྲག་བཅུ།། ། རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་བས།། གང་གིས་མད་འདི་བཏོན་ནས་སྟོན་པ་ཡི།། བསོད་ནམས་དེ་ཡི་ཆར་ནི་སྔ་མ ་མིན་ང་ཞིང་ནི་བྱེ་བ་ཁྲག་ཁྲིག་སྟོང་གི་རྣམས།། རིན་ནོ་ན་བཀང་སྟེ་འཇིག་རྟེན་སློབ་དཔོན་སྐྱོག། སངས་རྒྱས་རྣམ་ས་ལ་དབུལ་བར་ཕུལ་བ་བས།། གང་གིས་ཚུལ་འདིར་རབ་ཏུ ་སྦྱོར་བ་དང་། ཕྱོགས་བཅུ་རྣམ་སུ་གངྒའི་བྱེད་སྙེད་ཞིང་།། རིན་ཆེན་བཀང་སྟེ་རྒྱལ་བ་ཕུལ་བ་བས།། ཇི་ལྟར་བསྟན་པ་བཞིན་དུ་གང་གནས་པའི།། བསོད་ནམས་དེ་ལ་མཉམ་པ་ཡང་མ་ཡིན།། ་རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་།། ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་རྗེ་བ།། ཆོས་བཞི་འདི་དག་བསོད་ནམས་མཐའ་ཡས་ཏེ།། དེ་དག་མཐའ་ནི་བདེ་གཤེགས་མི་གསུ ་ན་མཁའི་ཁམས་དང་དེ་བཞིན་སེམས་ཅན་ཁམས།། སངས་རྒྱས་ཡེ་ཤེས་དང་ནི་བྱང་ཆུབ་སེམས།། ཆོས་བཞི་འདི་དག་དཔག་ཏུ་མེད་པ་སྟེ།། མཁས་པ་རྣམས་ཀྱི་དེ་ཐོས་དོགས་མི་བྱ།། ་དཀོན་མཆོག་ཆོས་འདི་རབ་ཏུ་བཤད་པ་ན།། ཕྱོགས་བཅུའི་ཞིང་ནི་བྱེ་བ་གཡོས་པར་གྱུར།། སྣང་བ་བྱུང་ཞིང་མེ་ཏོག་ཆར་ཀྱང་བབ།། སིལ་སྙན་བརྒྱ་དག་མ་དཀྲོལ་སྒྲ་ཡང་འབྱུང་།། བྱང་ཆུབ ་སེམས་དཔའི་མཁས་པ་དེ་དག་ཀུན།། མགུན་ཆེད་དུ་བརྗོད་པ་ཆེད་དུ་བརྗོད།། ཆོས་བསྟན་འདི་འདྲ་འདི་ཐོས་བདག་ཅག་རྣམས།། འཚེ་བ་དོན་ཡོང་རྙེད་པ་ལེགས་པར་རྙེད།། གང་དག ་འདི་འདྲ་འདི་ནི་ཐོས་གྱུར་པ།། སེམས་ཅན་དེ་དག་རྙེད་པ་ལེགས་པར་རྙེད།། བྱང་ཆུབ་སེམས་ནི་མི་བརྗེད་པ།། དེ་དག་དེ་བཞིན་གཤེགས་པས་ཤིན་ཏུ་བཟུང་།། ཕྱོགས་བཅུའི་སངས ་རྒྱས་སྟོང་ཕྲག་བྱེ་བ་རྣམས།། ཕྱག་ནི་གཡས་པ་རབ་ཏུ་བ་རྐྱང་མཛད།། ཡོན་ཏན་རྒྱ་མཚོའི་སྤྱི་བོར་བཞག་ནས་ནི།། ཤཱཀྱ་སེངྒེའི་བསྐུལ་བ་ལེགས་ཤེས་གསུང་།། ལྷ་དང་ཀླུ་དང་ལྷ་མིན ་མི་འམ་ཅི།། དྲི་ཟ་གནོད་སྦྱིན་མཁའ་ལྡིང་ལྟོ་འཕྱེ་འཚེ།། ། བརྒྱ་བྱིན་ཚངས་པ་འཇིག་རྟེན་སྐྱོང་བ་རྣམས།། ནམཁ་ར་གནས་ཏེ་ཆེད་དུ་བརྗོད་པ་བརྗོད།། ཤཱཀྱ་སེངྒེ་འདི་དང ་དགེ་འདུན་དང་།། མདོ་སྡེ་འདི་འདྲ་བ་ནི་འཛིན་བྱེད་པ།། བྱང་ཆུབ་སེམས་དཔའ་དཔའ་བོ་རིང་གནས་གྱུར།། ལེགས་གསུངས་ཆོས་ནི་གཞན་ཡང་ནུབ་མ་གྱུར།། གང་དག་ཆེས་ཀྱི་ཚུལ ་ནི་འདི་འཛིན་པ།། དེ་དག་ལ་ནི་བདག་ཅག་བསྙེན་བཀུར་བགྱི།། བདག་ཅག་ཐམས་ཅད་གུས་དང་བཅས་པར་ནི།། ཀུན་ཏུ་སྲུང་ཞིང་སྦ་བ་སྤྲོ་བར་བགྱི།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང ་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ།། བློ་གྲོས་རྒྱ་མཚོ་ཚེ་སྤྱི་ཚུལ་ཆོས་ཀྱི་ཕྱག་རྒྱ་ཆོས་བཏུས་པ།། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཆོས་རབ་ཏུ་དབྱེ་བ་འདི་ནི། འདས་པ་དང་། མ ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཤད་པ། འཆད་པ་འཆང་བར་འགྱུར་བ་ཏེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་དེ་ལ་གུས་པ་དང ་བཅས་པ་དང་། ཞེས་དང་བཅས་པ་དང་། སྒྲུབ་པ་སྙིང་པོར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་དང་། ་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་དང་། དགེ་སློང་གི་དགེ་འདུན་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན ་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད།། བྱིན་གྱི་རླབས་ཀྱི་ལེའུ་སྟེ། བཅུ་གཉིས་པའོ།། འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་ལས། འཕགས ་པབློ་གྲོས་རྒྱ་མཚོས་ཞུས་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པ།། རྫོགསོ།། ། རྒྱ་གར་གྱི་མཁན་བེ་ཛི་ན་མི་ཏྲ་དང་། དཱན་ཤཱི་ལ་དང་། བུད་དྷ་པྲ་བྷ་དང་། ཞུ་ཆེན་གྱི་ལོ ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་སར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ཨརྱ་སཱ་གར་ནཱ་ག་རཱ་ཛ་བ་རི་བྲིད་ཚ། ནཱ་མ་མ་ཧཱ་ཡཱ་ན ་