| Wylie | e-texts based on the Adarsha |
གཅེར་བུ་བོང་བུ་ཞོན་ཅིང་འགྲོ་བ་འདི་ན་རྒྱུ་བ་དེ་ནི་ལྷ་མོ་ཁྱོད་ཉིད་ཀྱིས། །བདག་ཉིད་མཛེས་པར་ཤེས་ཀྱི་གཞན་ལྟ་ཁྱོད་ཀྱི་སྤྱོད་པ་མཚོ་ཆེན་དོན་དག་སུ་ཞིག་ཤེས། །འཁོར་བ་འཇིག་པའི་ཚེ་ན་མི་རུས་དག་ལས་ཁྲག་དང་ཞག ་འཛག་དུད་པ་འཐུལ་བ་ན། །ལྷ་མོ་མཆེ་བ་མི་བཟད་ཁྱོད་ཀྱི་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་གྱིས་ཞུགས་པར་གྱུར། །ནག་མོ་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་སྤྱོད་ཡུལ་ཅན་ཏེ་དུར་ཁྲོད་དགྱེས། །ཁྱོད་ནི་གཡོ་ཅན ་མནན་ཞིང་ནད་དང་འཆི་བའི་འཇིགས་སེལ་ཞི་ལ་མི་བཟད་དྲིལ་ཡང་སྒྲོགས། །ཁྱོད་ནི་དཔའ་བོ་དག་གི་མགོ་བོ་ཅོད་པན་ལེགས་སྤྲས་གཡུལ་དུ་མཚོན་གྱིས་བཅད་པ་ཡི། །ཕྲེང་བ་ཐོགས་ཤིང་གར་བྱེད་ལག་པ་མཉེན་བརྐྱང་རྐུབ་ཚོས་ཆེ་ལ་ཀླུ ་དབང་གཤིགས་པ་ཡིས། །སྐ་རགས་འཆིང་ཞིང་ལག་ན་མདུང་དང་རལ་གྲི་ཐོགས་ལ་ཁྲག་གི་ཆང་གིས་མྱོས་གྱུར་པ། །མིག་རྩ་དམར་པོར་གྱུར་ཅིང་མཚན་མོ་དུར་ཁྲོད་འགྲོ་བ་འབྱུང་པོ་ཕལ་ཆེན་རྣམས་ཀྱིས་མཐོང་། །ཀོ་རློན་སར་པས ་དྲིལ་ཏེ་བརྒྱང་བའི་གོས་ཀྱིས་སྣམ་ཕྱི་ཕྱེད་གཡོགས་ཕྱེད་ནི་རེ་ལྡེས་དཀྲིས། །མི་ཡི་རྒྱུ་མ་སར་པའི་སྦུབས་ཀྱིས་ཞལ་གྱི་ཟླ་བ་བརྒྱན་ཅིང་དྲིལ་བུ་འགྲམ་པར་འདྲིལ། །ལུས་ནི་སྣུམ་གྱིས་གསར་དུ་བྱུགས་ཤིང་ཁྲག་དང་ཞག་མང་འཛག་པའི་ཐིག ་ལེས་ཚོམ་བུར་བྲིས། །མི་རོའི་ཤ་ལ་སོ་ཡིས་ཆེམ་ཆེམ་གཅོད་བྱེད་ཐོད་པ་ཅན་ནི་བདག་ལ་སྐྱོང་གྱུར་ཅིག་།དྲག་པའི་དྲག་མོ་མི་བཟད་མི་ཤ་ཁ་ན་ཐོགས་པ་སྔ་ན་མ་བྱུང་ཁྱོད་མཐོང་ན། །མ་མོ་རྣམས་ཀྱང་སྐྲག་ཅིང་རྟབས་ལ་རྔམ་པ་འཐོན ་ཅིང་མིག་རྩ་རིག་རིག་ཁྱོད་ལ་འདུད། །ནག་མོ་བཟང་མོ་ལུས་མདོག་གནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་ཀྱང་། །ཉིན་གཅིག་བཞིན་དུ་བསྟོད་པར་བྱེད་ཅིང་གཤིན་རྗེ་ཉིད་ཀྱང་འདར་བཞིན་རྟག་ཏུ་འདུད་པར་བྱེད། །མི་རྣམས ་དང་ནི་འགྲོ་བ་མ་ལུས་པ་དག་མཇུག་བཏུལ་བས་ནི་རྣ་བ་ཡ་གཅིག་ལ། །བྲང་གིས་འགྲོ་བའི་མགོ་བོས་གདེངས་ཀ་སྟོང་དང་ལྡན་པ་ཁྱབ་གནས་རྒྱན་ཏུ་བྱས། །ཡ་གཅིག་ལ་ནི་སེང་གེ་མཚུངས་མེད་ཐོགས་ཤིང་རྒྱ་མཚོས་བསྐོར་བའི་ས ་གཞི་ནོན། །སྟེང་ནས་རྒྱུ་བའི་ཉི་མའི་འོད་ཟེར་སྟོང་ལྡན་ཁྱོད་ཀྱིས་ལྟེ་བའི་ཕྱོགས་སུ་བཞག་།རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །ཆུ་རྣམས་སྐེམས་པར་ནུས་པ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐྲ་ཡི་ཕྱེད་དུ ་བཞུགས། །རྫོངས་དང་དཀའ་བཟློག་ནམ་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་པ། །མི་ནད་གང་ཡིན་ཁྱོད་ཀྱིས་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་པའི་ཁམས་ཀྱི་དབང་ཕྱུག ་མ། །ནད་དོ་ཅོག་གི་བདག་མོ་སྟེ། །ལྷ་མོ་ཆེན་མོ་ལ་བསྟོད་པ་བརྒྱད་པ། བྲམ་ཟེ་མཆོག་སྲེད་ཀྱིས་བྱས་པ་རྫོགས་སྷོ།། །། ལྷ་མོ་ནམ་གྲུ་ལ་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ ་ལོ། །འཕགས་པ་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ལྷ་མོ་ཆེན་མོ་རེ་མ་ཏི་ལ་ཕྱག་འཚལ་ལོ། །ནམ་གྲུ་དག་གི་ཆོ་འབྲང་དང་། །མཚན་ཉིད་དག་ནི་བཤད་བྱ་ན། །ནོར་བུའི་རང་བཞིན་ཁྱོད་ཀྱི་ལུས། །རྒྱབ་ནི ་འཛམ་བུ་ཆུ་བོའི་གསེར། །ཁྱོད་ཀྱི་གདོང་ནི་དངུལ་ཡིན་ཏེ། །ལྟོ་བའི་ངོས་ནི་རྡོ་རྗེས་བལྟམ། །མིང་པོ་མཛོད་དང་མཛོད་བདག་པོ། །ཁྱོད་ཀྱི་མ་ནི་ཀུན་འགྲོ་མ། །ཁྱོད་ཀྱི་ཕ་ནི་རླུང་ཞེས་བྱ། །སྐལ་ལྡན་ཤིང་རྟ་ཁྱོད་ཀྱི་རུས། ། ་ལྷ་ཡུལ་དག་ཏུ་གྲགས་པ་ཡིན། །ན་མོ་བཛྲ་པཱ་ཎི་སྱེ། ཙི་ལི་ཙི་ལི། བྷིན་དྷི་བྷིན་དྷི། མུན་ཙ་མུན་ཙ་མུན་ཙ་ཧི་བ་ལ་ཀ་ན་སྭཱ་ཧཱ། བཛྲ་པཱ་ཎི་རཱ་ཛྙཱ་པཱ་ཡ་ཏི་སྭཱ་ཧཱ། དེ་བ་ས་མཱ་ད་ཉ་པཱ་ཡ་ཏི་སྭཱ་ཧཱ། རི་ཥ་ཡ་ས་མཱ་ད ་ཉབཱ་ཡ་ཏི་སྭཱ་ཧཱ། ན་མོ་རད་ན་ཏྲ་ཡཱ་ཡ། ཏདྱ་ཐཱ། རུ་རུ་བྷི་ཏིཥྚ་བད་དྷོ་སི་སྭཱ་ཧཱ། འདོད་པ་ཁམས་ཀྱི་དབང་ཕྱུག་མ། བདུད་ཀྱི་ཡུམ་ཆེན་མོ། ལྷ་མོ་ཆེན་མོ་རེ་མ་ཏིའི་གཟུངས། རྫོགས་སྷོ།། །། ་དཔལ་ལྷ་མོ་སྒྲ་དབྱངས་ལ་བསྟོད་པ། ལམ་གང་གིས་ན་སངས་རྒྱས་འབྱུང་བ་དང་། །རྒྱལ་བ་སྲས་བཅས་ཆོས་ཀྱི་བླ་མར་གྱུར། །མཁྱེན་པའི་རིམ་པར་ས་རྣམས་བཀོད་པ་ཡི། །ཤེས་རབ ་