CLOSE WINDOW

J976: ye shes skar mda'i snying po
Wyliee-texts based on the Adarsha Input

ཡང་དཔག་ཏུ་མེད་པ་བྱས་པར་འགྱུར་རོ། །བསྐོར་བའི་གཟུངས་རྫོགས་སྷོ།། །། @། །རྒྱ་གར་སྐད་དུ། ཨཱརྱ་པྲ་དཀྵཱ་རད་ན་ཏྲ་ཡཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་དཀོན་མཆོག་གི་རྟེན་ལ་བསྐོར་བ་བྱ་བའི་གཟུངས ་ཤེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ོ~ཾ`་ན་མོ་ད་ཤ་དིག་ཏྲཱི་ཀཱ་ལ་སརྦ་རད་ན་ཏྲ་ཡཱ་ཡ། མ་མ་པྲ་དཀྵཱ་སུ་པྲ་དཀྵཱ། སརྦ་པཱ་པ་བི་ཤོ་དྷ་ནི་སྭཱ་ཧཱ། གཟུངས ་འདི་ལན་ཅིག་བརྗོད་པས་ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་བསྐོར་བ་བྱས་པར་འགྱུར་རོ། །ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཐམས་ཅད་དག་པར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་རོ། ། ་དགྲ་དང་བགེགས་ཀྱིས་གླགས་རྙེད་པར་མི་འགྱུར་རོ། །ནད་དང་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །བསྐོར་བའི་གཟུངས། རྫོགས་སྷོ།། །། ཨོཾ་ཛྙཱ་ནཱ་བི་ལོ་ཀེ་ཏེ་ས་མན་ཏ་སྥ་ར་ན་རཤྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛ་ལ ་ནི་ཧཱུ~ཾ། འབབ་ཆུ་འམ། མཚོའི་འགྲམ་དུ་འདུག་སྟེ། ལག་པ་གཡས་པའི་ཁྱོར་བར་ཆུ་བླུགས་ལ། ཡེ་ཤེས་སྐར་མདའི་སྙིང་པོ་འདི་ལན་བདུན་བཟླས་ཏེ། ཆུ་ཁྱོར་བ་བདུན་འབབ་ཆུ་འམ། ཆུར་གཏོར་ན། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི ་ཡི་དགས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལྷའི་ཁ་ཟས་ཀྱི་རོ་དང་། བཏུང་བའི་རོ་མཆོག་དང་ལྡན་པ་འཐོབ་ཅིང་ཡི་དགས་རེ་རེ་ལ་ཡང་ཁ་ཟས་དང་། བཏུང་བ་ཡུལ་མ་ག་དྷའི་བྲེ་བདུན་བདུན་གྱིས་ཚིམ་པར་བྱས་པར་འགྱུར་ཞིང་། ཆུ་དེ་འཐུངས་པ་ཙམ་གྱིས ་དེ་དག་ཐམས་ཅད་ཡི་དགས་ཀྱི་སྐྱེ་གནས་ལས་ཐར་ཅིང་། བདེ་འགྲོ་མཐོ་རིས་ཀྱི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ། །སྐྱེས་པ་འམ། བུད་མེད་དམ། ཁྱེའུ་འམ། བུ་མོ་འམ། གཞན་ཡང་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་རི་དགས་སམ། བྱ་འམ། ཆུ་ན ་གནས་པ་ལ་སོགས་པ་གང་གིས་ཆུ་དེ་འཐུངས་པ་དེ་དག་ཐམས་ཅད་སྡིག་པ་དང་། སྒྲིབ་པ་ཐམས་ཅད་བྱང་ཞིང་བདེ་འགྲོའི་ལམ་དུ་འགྲོ་བར་འགྱུར་རོ། །ཡེ་ཤེས་སྐར་མདའི་སྙིང་པོ། རྫོགས་སོ།། །། ་@། །རྒྱ་གར་སྐད་དུ། སུ་རཱུ་པ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། སུ་རཱུ་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ན་མཿསུ་རཱུ་པ་ཡཱ་ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏི་ས~ཾ་མྱག་ས~ཾ་བུད་དྷ་ཡ། ་ཏདྱ་ཐཱ། ཨོཾ་སུ་རུ་སུ་རུ། པྲ་སུ་རུ་པྲ་སུ་རུ། ཏ་ར་ཏ་ར། བྷ་ར་བྷ་ར། ས~ཾ་བྷ་ར་ས~ཾ་བྷ་ར། སྨ་ར་སྨ་ར། སན་ཏར་པ་ཡ། སན་ཏར་པ་ཡ། སརྦ་པྲེ་ཏཱ་ནཱ~ཾ་སྭཱ་ཧཱ། གཟུངས་འདིས་ཆུ་དང་བཅས་པའི་ཟན་ལ་ལན་བདུན་ཡོངས་སུ་བཟླས་ཏེ་ལག་པ་གཡོན་པས ་སེ་གོལ་གྱི་སྒྲ་ལན་གསུམ་དུ་བྱས་ནས་ཡི་དགས་ཐམས་ཅད་ལ་དབེན་པའི་ས་ཕྱོགས་སུ་སྦྱིན་པར་བྱ་ཞིང་། འདི་སྐད་ཀྱང་བརྗོད་པར་བྱ་སྟེ། སྐབས་ཚོལ་བ་དང་གླགས་ལྟ་བ་རྣམས་དེངས་ཤིག་།འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི ་ཡི་དགས་རྣམས་ལ་བཟའ་བ་འདི་བདག་གིས་སྦྱིན་པར་བགྱིའོ། །ཞེས་པའོ། །ཟས་མ་ཟོས་པའི་སྔོན་རོལ་ཉིད་དུ་སྦྱིན་པར་བྱའོ། །དེ་ལྟར་ན་ཡི་དགས་ཐམས་ཅད་ལ་འབྲས་བྲེ་བོ་ཆེ་རེ་རེའི་བཟའ་བ་སོ་སོར་བྱིན་པར་འགྱུར་རོ། །དེ་ལྟར་བྱས་ན་སྐྱེ་བ་ནས ་སྐྱེ་བར་ཡང་ཉམ་ཆུང་བར་མི་འགྱུར་རོ། །དབུལ་པོར་མི་འགྱུར་རོ། །སྟོབས་ཆེ་བ་དང་། མཛེས་པ་དང་། མཐོང་ན་དགའ་བ་དང་། ཕྱུག་ཅིང་ལོངས་སྤྱོད་ཆེ་བར་འགྱུར་རོ། །ཚེ་རིང་ཞིང་ནད་མེད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན ་པར་འཚང་རྒྱ་བར་འགྱུར་རོ། །ཤི་འཕོས་ནས་ཀྱང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །གཟུགས་ལེགས་ཤེས་བྱ་བའི་གཟུངས། རྫོགས་སྷོ།། །། ཡི་དགས་མོ་ཁ་འབར་མ་དབུགས་དབྱུང་བའི་གཏོར་མའི་ཆོ་ག ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཡུལ་སེར་སྐྱ་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་། སེམས་ཅན་གྱི་ཚོགས་ཆེན་པོ་དང་ཐབས་གཅིག་ཏུ ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཀུན་དགའ་བོ་དབེན་པར་འདུག་སྟེ། ནང་དུ་ཡང་དག་འཇོག་ཅིང་རྩེ་གཅིག་ཏུ་ཡིད་ལ་བྱེད་པས་ཆོས་མངོན་སུམ་དུ་བྱེད་པ་ན། མཚན་མོ་ནམ་གྱི་ཆ་སྨད་ལ་དེའི་མདུན་དུ་ཡི་དགས་མོ་ཁ་འབར་མ་འདུག་ནས་སྨྲས་པ། ་