CLOSE WINDOW

J970: mchod pa byin gyis brlab pa'i gzungs
Wyliee-texts based on the Adarsha Input

བཀླགས་སམ། ཁ་ཏོན་དུ་བཏོན་ན། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །ཆོས་ཀྱི་མདོ་འདི་བཤད་པའི་ཚེ་དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་དང་། མི་དྲུག་ཁྲི་དྲུག་སྟོང་གིས་ཆོས་ཟག་པ་མེད་པའི ་གཟུངས་ཐོབ་བོ། །ས་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །གྲངས་མེད་པའི་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། མི་དང་མི་མ་ཡིན་པ་ལ་སོགས་ཏེ། ཆོས་ཀྱི་མིག་གཙང་མ་ཐོབ་བོ། །བྱང་ཆུབ་སེམས་དཔའི ་ཆོས་བྱེད་དོ། །སེམས་ཅན་ཕལ་པ་བརྒྱད་ཁྲི་ཆིག་སྟོང་གིས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ལ་སོགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས ་སུ་ཡི་རང་ཏེ་མངོན་པར་བསྟོད་དོ། །འཕགས་པ་སྣང་བརྒྱད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། །རྫོགས་སྷོ།། །། རྒྱ་གར་སྐད་དུ། པཱུ་ཛ་མེ་གྷ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། མཆོད་པའི་སྤྲིན་ཞེས་བྱ་བའི་གཟུངས། དཀོན་མཆོག ་གསུམ་ལ་ཕྱག་འཚལ་ལོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། བཛྲ་ས་ར་པྲ་མར་ཏ་ནི། ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ་ས~ཾ་མྱག་ས~ཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཙ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མན་ཏོ ་པ་ས~ཾ་ཀྲ་མན་བཛྲེ། སརྦ་ཀརྨཱ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། གཟུངས་སྔགས་འདིའི་ཆོ་ག་ནི་འདི་ཡིན་ཏེ། དྲན་པ་ཙམ་གྱི་མོད་ལ་ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མའི་རྡུལ་ཕྲ་རབ་སྙེད་ལ་མཆོད་པ་བྱས་པར ་འགྱུར་ཞིང་ཞབས་ལ་ཕྱག་བྱས་པར་འགྱུར་རོ། །མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཐམས་ཅད་དང་། གདན་དང་། གདིང་བ་དང་། ན་བཟའ་དང་། སྤྱན ་གཟིགས་དང་། བཤོས་གཙང་ལ་སོགས་པ་དང་། རྒྱན་དང་། ལྷབ་ལྷུབ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་ཞིང་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པར་འགྱུར་རོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐ ་ཐམས་ཅད་མཐོང་བས་ཡང་དག་པར་དབུགས་འབྱིན་པར་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་། ལག་ན་རྡོ་རྗེ་ལ་སོགས་པ་གསང་བ་པའི་བདག་པོ་དང་བཅས ་པ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་པོ་རྣམས་ཕྱི་བཞིན་ཡང་དག་པར་འབྲང་ཞིང་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་དོ། །འདི་ནས་ཤི་འཕོས་ན་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། ཡོན་ཏན་གྱི་ཁྱད་པར་འདི་དག་ནི་མ་བསྒྲུབས ་པར་ལན་ཅིག་དྲན་པ་ཙམ་གྱིས་ཐོབ་པར་འགྱུར་རོ། །མཆོད་པའི་སྤྲིན་ཞེས་བྱ་བའི་གཟུངས། །རྫོགས་སྷོ།། །། ཨོཾ་ན་མོ་བྷ་ག་བ་ཏེ་རད་ན་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ་ས~ཾ་མྱག་སམ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་རད་ནེ་རད་ནེ་མ་ཧཱ་རད་ནེ་རད་ན་བི ་ཛ་ཡེ་སྭཱ་ཧཱ། ཞེས་ལན་བརྒྱད་བརྗོད་པས་ཕྱག་བྱའོ།། །། ན་མཿསརྦ་བུད་དྷ་བོ་དྷི་སཏྭཱ་ནཱ~ཾ། སརྦ་ཏྲ་ས~ཾ་ཀུ་སུ་མི་ཏཱ་ཨ་བྷི་ཛྙཱ་རཱ་སི་ནི་ན་མོསྟུ་ཏེ་སྭཱ་ཧཱ། ཞེས་ལན་བརྒྱད་བརྗོད་པས་བསྟོད་པའོ།། །། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཛ་མེ་གྷ་པྲ་ས་ར་ས་མཱུ་ཧེ་སྥ་ར ་ཧི་མ~ཾ་ག་ག་ན་ཀ~ཾ`་ཧཱུ~ཾ་ཞེས་པས་མཆོད་པ་བྱིན་གྱིས་བརླབ་བོ། ། །། ན་མཿསརྦ་བུད་དྷ་བོ་དྷི་ས་ཏྭཱ་ནཱ~ཾ། སརྦ་ཐ་ཨུད་ག་ཏེ་སྥ་ར་ཧི་མ~ཾ་ག་ག་ན་ཀ~ཾ་ས་མན་ཏ་ཏ་སྭཱ་ཧཱ་ཞེས་ལན་བརྒྱད་བརྗོད་པས་མཆོད་པའི་སྤྲིན་འབྱུང་ངོ་།། །། ན་མཿསརྦ་བུད་དྷ་བོ་དྷི་ས་ཏྭེ་བྷྱཿསརྦ་བི་ཏ་པཱུ་ར ་པཱུ་ར། ཨ་བར་ཏཱ་ཨ་བྷ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་ཉེ་གནས་དང་ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ།། །། ཨོཾ་སྨ་ར་སྨ་ར། བིསྨ་ན་སྐ་ར་མ་ཧཱ་ཛ་པ་ཧཱུ~ཾ་ཞེས་བརྗོད་ཅིང་རིན་པོ་ཆེ་བདར་བས་རིན་པོ་ཆེའི ་གདུགས་དང་རྒྱལ་མཚན་ལ་སོགས་པའི་ཆར་དཔག་ཏུ་མེད་པ་ནམ་མཁའི་ཁམས་གང་བར་བསམས་ལ་དབུལ་ལོ། །རིན་པོ་ཆེ་བདར་བའི་གཟུངས། རྫོགས་སྷོ།། །། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་བ་ཏེ་རད་ན་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏི་སམྱག་ས~ཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོ~ཾ`་རད་ནེ་རད་ནེ་མ་ཧཱ་རད་ནེ་རད་ན་བི་ར་ཡེ་སྭཱ་ཧཱ། འདི་བརྗོད་ཅིང་བསྐོར་བ་གཅིག་བྱས་པ ་