| Wylie | e-texts based on the Adarsha |
མདུད་པ་ཉི་ཤུ་རྩ་གཅིག་དོར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དེ་དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རིམས་ནད ་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨི་ལི་མི་ཏི་མེ་ལི། ཧ་ནེ་སུ་ཧ་ནེ། ཆེ་གེ་མོ་ཞིག་ཛྭ་ལ་བན་དྷ་མི། ཨེ་ཀ་ཧི་ཀ་ན། ཏྲི་ཧི་ཀ~ཾ། ཙ་ཏུ་ཤྩ་ཀ~ཾ་། ་སྣི་ཏྱ་ཛྭ་ར~ཾ་སྭཱ་ཧཱ། ཆོ་ག་ནི་འདི་བྲིས་ཏེ་མགུལ་དུ་བཏགས་ན་རིམས་མེད་པར་བྱེད་དོ། །རིམས་ནད་ཞི་བའི་གཟུངས། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ཨཀྵི་རོ་ག་པྲ་ཤ་མ་ནི་སུ་ཏྲ། བོད་སྐད་དུ། འཕགས་པ ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི ་རི་ལ་བཞུགས་ཏེ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནག་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ ་འདིར་མིག་ནད་དག་བྱུང་ན་དེ་དག་ལ་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནག་པོ་མིག་ནད་ཀྱི་སྔགས་ཀྱི་ཚིག་འདི་དག་ཡོད་དེ། ཏདྱ་ཐཱ། རུ་དྷི་རེ་ཕུ། རུ་དྷི་ར་ཨཀྵི་ཕུ། རུ་དྷ་རི་བི་ག་ལེ་ཕུ། ་བཱ་ཏེ་ཕུ། བ་ཏེ་ལེ་ཕུ། ཧན་ཏེ་ཕུ། མཱ~ཾ་ས་དུན་དུ་བྷི་ཕུ། པད་མ་ཨཀྵི་ཕུ། པད་མ་དཎྚ་ཊ་ཧ་ར་ཎཱི་ཡེ་ཕུ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནག་པོ་ཡི་རངས་ཏེ། ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཆོ་ག་ནི་འདི་ཡིན་ཏེ། སྲད་བུ་དཀར་པོ་ལ་ལན་བདུན་བཟླས་པ་བྱས་ཏེ་མདུད་པ་བདུན་དོར་རོ། །ཆུ་ལ་ལན་བདུན་བཟླས་པ་བྱས་ལ་ལག་པས་བྱབས་ན་མིག་ནད་ཞི་བར ་འགྱུར་རོ། །འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ། རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཧེ་བྷ་ག་བན་མཉྫུ་ཤྲཱི་ཀུ་མཱ་ར། སརྦ་ཏ་ཐཱ་ག་ཏཱ། བ་ལ་བི་དྷི་ཛྙ། སརྦ་ཏ་ཐཱ་ག་ཏཱ་ནཱ~ཾ། ན་གེ་སྟི་སྟི་ཥ ་སརྦ་སཏྭ་ནཱ~ཾ་སྭཱ་ཧཱ། འབྲུམ་བུའི་ནད་ཞི་བར་བྱེད་པའི་གཟུངས། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ཨཪྴ་པྲ་ཤ་མ་ནི་སཱུ་ཏྲ། བོད་སྐད་དུ། འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ། སངས་རྒྱས ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་ཚལ་ན་དགེ་སློང་ལྔ་བརྒྱ་ཙམ ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་བཅཝ་ལྔའི་གསོ་སྦྱོང་ཟླ་བ་ཉ་བ་དེ་ཉིད་ཀྱི་ཚེ་དགེ་འདུན་གྱི་མདུན་དུ་གདན་བཤམས་པ་ལ་བཞུགས་སོ། །དེའི་ཚེ་དང་ལྡན་པ ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་རྔ་ཡབ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ ་བཙུག་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་འདི་ན་དགེ་སློང་གཞང་འབྲུམ་ཅན་མང་པོ་དག་གཞང་འབྲུམ་གྱི ་བྲོ་ནད་ཀྱིས་གཟིར་ཏེ། སྡུག་བསྔལ་མི་བཟད་པ་དྲག་པོ་མི་བདེ་བ་ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་གྱུར་ན། བཙུན་པ་བཅོམ་ལྡན་འདས་དེ་དག་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས ་